Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
 
 
 
  
15   
 
10   
 
 
 
གཏེར་སྟོན་ཤེས་རབ་འོད་ཟེར་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།
 
expand section
  
 
 
  
 
26   
 
 
29   
 
 
 
  


137 occurrences of བརྒྱུད་གསུམ་
[Clear Hits]

 
previousགཏེར་སྟོན་ཤེས་རབ་འོད་ཟེར་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next

གཏེར་སྟོན་ཤེས་རབ་འོད་ཟེར་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།


GLG004_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལས། མཐའ་ཡས་ཤེས་བྱའི་དོན་ལ་བློ་གྲོས་ཀྱིས། འཇུག་པར་རབ་བརྩོོན་སྐལ་བར་ལྡན་པའི་ཆེད། མཚན་སྡོམ་ཐུགས་རྗེའི་ཉིན་བྱེད་འོད་ཟེར་འདིས། མཚོ་སྐྱེས་བསྟན་པའི་པད་ཚལ་རྒྱས་གྱུར་ཅིག །ཅེས་པའི་འཕྲང་འགོ་གཏེར་སྟོན་ཤེས་རབ་འོད་ཟེར་ནི། ཁ་བྱང་གི་ལིང་ཚེ་དང་པོ་ལས། བཻ་རོ་ཁྱོད་ཀྱང་སྐྱེ་ཚུལ་གསུམ་བཟུང་ནས༔ ང་ཡི་ཟབ་གཏེར་གནད་ཀྱི་སྒོ་འབྱེད་ཅིང་༔ རིགས་སྤྲུལ་ས་ཕོ་སྟག་ལོའི་འོད་ཟེར་མིང་༔ བདུད་དབང་བར་གཅོད་རྐྱེན་དུ་མ་སོང་ན༔


GLG004_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་རྟེན་རྩ་གསུམ་ཞལ་གདམས་དང་༔ ཆོས་རྒྱལ་དབུ་སྐྲ་དྲི་མེད་སྐུ་ཤ་སྟེ༔ བྱང་སེམས་དཀར་དམར་རིན་ཅེན་སྣོད་བཅས་སོགས༔ མེ་མོ་ལུག་ལ་གཏེར་སྒོ་དང་པོ་འབྱེད༔ ཅེས་དང་། ཐུགས་རྗེ་ཆེན་པོ་པདྨ་དབང་ཕྱུག་གི་ལུང་བསྟན་ལས། ལན་ཅིག་དུས་ཀྱི་མཐའ་མ་ལ༔ པདྨ་ང་ཡི་ཐུགས་ཀྱི་སྲས༔ འོད་ཟེར་མིང་འཛིན་འབྱུང་བས་ན༔ དུས་གནད་རྟེན་འབྲེལ་མ་འཕྱུགས་ཚེ༔ གདམས་པ་འདི་ཡི་བཀའ་རྒྱ་སྤེལ༔ ཞེས་དང་། ཆོས་བདག་སྤྱི་གཏེར་གྱི་ལུང་བསྟན་ལས། མ་འོངས་དུས་སུ་འགྲོ་བའི་དོན་ཉིད་དུ༔ ཟབ་མོའི་གཏེར་ཤོག་ཟུང་དུ་འབྲེལ་བ་གཉིས༔ སྟེང་ཁང་སྙིང་སྒྲོམ་དབུས་སུ་རྒྱ་ཡིས་བསྡམས༔ ཕྱི་མའང་ཆོས་རྒྱལ་སྟོབས་ལྡན་བརྟུལ་ཞུགས་ཅན༔ གནོད་སྦྱིན་དྲག་པོ་ཤིང་བྱ་ཅན་གྱིས་ཀྱང་༔ དེ་ཡི་བཀའ་ལས་འདའ་བར་མི་ནུས་པའི༔ པདྨ་དབང་རྒྱལ་རོལ་པ་རྩལ་གྱིས་ཀྱང་༔ ལོ་ཀེ་ཤྭ་རའི་ཕོ་བྲང་དང་ཉེ་བའི༔ རྣམ་ཤེས་མཚོན་པའི་ཕུག་པར་དག་པར་ཕབ༔ དེས་མཚུངས་བཻ་རོ་འོད་ཟེར་མིང་ཅན་ཀྱང་༔ ས་གཞི་སྒྲ་སྙན་གཟུགས་འདྲ་ཕན་ཚུན་རི༔ བཀྲ་ཤིས་རྟགས་ལྡན་མཚོན་ཆ་གཟིངས་འདྲའི་སར༔ ཆོས་སྒོ་འབྱེད་ཅིང་གསང་བའི་ལུང་བསྟན་སྤེལ༔ ཞེས་པ་ལྟར་ལོ་ཆེན་བཻ་རོ་ཙ་ནའི་ཐུགས་ཀྱི་སྤྲུལ་པ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་སྤྱན་དྲངས་པའི་གཏེར་ཆོས་ནི། གྲོལ་ཐིག་རྫོགས་རིམ་ལས། བཻ་རོ་ཆོས་རྒྱལ་ཉིད་ལ་སྙིང་ཁྲག་ཕོ༔ ད་ལྟ་ཉམས་ལོང་གསང་བའི་ཤོག་དྲིལ་རྣམས༔ སྙིང་མཛོད་སྨུག་པོའི་ནང་དུ་གཏེར་དུ་སྦེད༔ འདི་དང་སུ་ཕྲད་མངོན་འཚང་རྒྱ་བར་ངེས༔ ང་དང་དགོངས་པ་མཉམ་པ་བཻ་རོ་ཡིན༔ མ་འོངས་བཞི་བཅུ་ཁ་རལ་དུས་ཀྱི་ཚེ༔ ལམ་ཟབ་བསྟན་པའི་སྙིང་པོ་


GLG004_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་གྱི༔ ལམ་གྱི་གནད་བྲལ་མུ་ཅོར་སྟོན་པའི་དུས༔ ལས་ལྡན་སྐྱེས་བུ་གཉིས་དང་ཕྲད་པར་འགྱུར༔ གསང་བའི་ལུང་བསྟན་མ་གཏོགས་ཞུས་དག་ཕེར༔ གཅིག་ལ་གཅིག་ཡིད་ཆེས་པས་འཁྲུལ་པ་བྲལ༔ ཞེས་ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་ཟབ་གནད་མཐར་ཐུག་པ་ཆོས་རྒྱལ་དང་བཻ་རོ་གཉིས་ལ་གནང་བའི་ཆོས་རྒྱལ་གྱི་གཏེར་སྐལ་རྣམས་མངའ་རིས་པཎ་ཆེན་དང་བཻ་རོའི་གཏེར་སྐལ་གཏེར་སྟོན་འདི་ཉིད་ཀྱིས་སྤྱན་འདྲེན་པར་གསུངས་ཤིང་། ཐུགས་རྗེ་ཆེན་པོའི་ལུང་བསྟན་ལས། དེ་དུས་ཆོས་བྱེད་སྐྱོབ་པའི་ཐབས༔ འདུས་པ་སྐོར་དགུ་སྙིང་པོའི་ལམ༔ བླ་རྫོགས་ཐུགས་གསུམ་སྙིང་གི་ཁྲག༔ རྩ་གསུམ་མཐོང་བ་རང་གྲོལ་གྱི༔ ཆོས་རྣམས་ཀུན་གྱི་སྙིང་པོ་བསྡུས༔ ཞེས་པའི་གཏེར་གནས་ཀྱང་ཐེམས་བྱང་གནད་ཐེམས་གསལ་བ་ལས། འདི་རྣམས་གཏེར་གནས་མི་གཅིག་སོ་སོར་སྦ༔ རིན་ཅེན་སྤུངས་པ་ཀླུ་བདུད་ནག་པོའི་འཕྲང་༔ ཁྱུང་འདྲའི་བྲག་དང་ཞམ་པའི་གཙུག་ལག་ཁང་༔ དཔལ་གྱི་བསམ་ཡས་ལྷ་ས་དྲུག་ཡིན་ནོ༔ ཞེས་པ་ལྟར་གྲོག་རི་རིན་ཅེན་སྤུངས་པ། ཀླུ་བདུད་ནག་པོའི་འཕྲང་། ཞམ་པའི་གཙུག་ལག་ཁང་། བསམ་ཡས་རྣམ་སྣང་སྙིང་མཛོད་བ་གམ་སྨུག་པོ། བུ་ཚལ་གསེར་ཁང་། བདུད་འདུལ་སྔགས་པ་གླིང་། བསམ་ཡས་འོག་ཁང་། ཁྲ་འབྲུག །ཟབ་ཕུ་ལུང་སོགས་ནས་སྤྱན་དྲངས་པའི་བླ་རྫོགས་ཐུགས་གསུམ་གཅིག་ཏུ་དྲིལ་བའི་གདམས་པ་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་ལམ་རྒྱས་པའི་སྨིན་བྱེད་ལྷན་ཐབས་ཀྱི་ཡི་གེའི་སྟེང་ནས་སྟ་གོན་དང་། དབང་དོན་དེ་ཉིད་གསལ་བའི་སྟེང་ནས་འཇུག་པ་སྔོན་དུ་འགྲོ་བའི་བུམ་པ། དབུ་རྒྱན། རྡོར་དྲིལ། དར་དཔྱངས་ཀྱིས་རིག་


GLG004_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་། སྨན་རཀ་གཏོར་གསུམ་གྱིས་ལྷ་དང་མཁའ་འགྲོའི་རྟེན་དབང་། ཞི་ཁྲོའི་ལྷ་དབང་། བྱང་སེམས་ཀྱིས་གསང་དབང་། ཕྱག་རྒྱས་ཤེར་དབང་། ཤེལ་རྡོར་དང་བླ་མའི་སྐུ་འབག་གིས་ཞི་བའི་དབང་། བསྒྲལ་དབང་། བཀའ་རབ་འབྱམས་ཀྱི་དབང་། ལམ་འབྲིང་པོའི་སྨིན་བྱེད་བསྙེན་སྒྲུབ་རྣམ་གསུམ་གྱི་རྩ་དབང་གི་ཡི་གེའི་སྟེང་ནས་འཇུག་པ་སྔོན་དུ་འགྲོ་བའི་བུམ་པ། ཐོད་པ། མེ་ལོང་། གཏོར་མ། སྐུ་འབག་ལ་བརྟེན་པའི་ཟླུམ་པོ་བཞིའི་དབང་། ལམ་བསྡུས་པའི་སྨིན་བྱེད་སྐུ་གསུམ་རིགས་བསྡུས་ཀྱི་བརྡ་དབང་གི་ཡི་གེའི་སྟེང་ནས་གཏོར་མ་བདུད་རྩི། མེ་ལོང་། སྐུ་འབག་གིས་འདིའི་དུས་དབང་འདི་ག་དང་འབྲེལ་བའི་པདྨ་གུ་རུའི་སྐུ་ཁྲ་འབྲུག་ནས་སྤྱན་དྲངས་པ་དེ་གས་དབང་བརྟེན་གནང་བ་ཡིན་ནོ། །དོན་གྱི་དབང་བཞི་བཟླས་ལུང་དང་བཅས་པ། ཚེ་དཔག་མེད་འཆི་མེད་སྐུ་གསུམ་འདུས་པའི་སྨིན་བྱེད་གསོལ་བཏབ་བྱིན་འབེབས་སྔོན་དུ་འགྲོ་བའི་བུམ་དབང་། སྒོ་གསུམ་བརླབ་པ་སྐུའི་རྗེས་གནང་། བཟླས་ལུང་གསུང་གི་རྗེས་གནང་། ཚེ་གཏོར་གྱི་ལྷ་བསྟིམ་པ་ཐུགས་ཀྱི་རྗེས་གནང་། བྱང་ཆུབ་སེམས་དབང་། རྒྱས་གདབ། ཚེ་སྦ། མཐའ་རྟེན་དང་བཅས་པ། ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་སྨིན་བྱེད་པད་འདབ་མུ་ཁྱུད་འོད་ལྔ་རྡོར་རའི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་བུམ་པས་རིགས་ལྔའི་དབང་། བདུད་རྩིས་གསང་དབང་། སིནྡྷུ་རས་ཤེར་དབང་། ཤེལ་རྡོས་ཚིག་དབང་། བཟླས་ལུང་། དབུགས་དབྱུང་བཅས་པ། དབང་ཆེན་དྲེགས་པ་ཀུན་འདུལ་གྱི་སྨིན་བྱེད་དབང་ཆོས་བསྡུས་པའི་སྟེང་ནས་བུམ་པ། བདུད་རྩི། མེ་ལོང་། ངོ་སྤྲོད། ལྕགས་ཕུར་ལ་བརྟེན་ནས་དབང་བཞི་བསྒྲལ་དབང་བཅས་པ་དང་། དབང་ཆོག་གསང་


GLG004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཅིག་གྲུབ་ཀྱི་སྟེང་ནས་དུར་ཁྲོད་ཆས་དབང་དང་བཅས་ཏེ་འཇུག་པ་སྔོན་དུ་འགྲོ་བའི་བུམ་དབང་། གཏོར་མས་སྐུ་དབང་། བགྲང་འཕྲེང་གིས་གསུང་དབང་། ཕུར་པས་ཐུགས་དབང་། དྲག་པོ་སྒྲོལ་དབང་བཟླས་ལུང་དང་བཅས་པ། སྔགས་སྲུང་རྡོ་རྗེ་གཤོག་རྒོད་མའི་སྲོག་དབང་ལ་གསོལ་གདབ་བྱིན་འབེབས་སྔོན་དུ་འགྲོ་བའི་སྐུ་གསུང་ཐུགས་ཀྱི་རིགས་གཏད། ཞལ་ཟས་ཚོགས་དབང་། གཏོར་དབང་། སྒྲུབ་རྫས་ཀྱི་དབང་། སྲོག་ཡིག་གི་དབང་། བླ་རྡོའི་དབང་དང་བཅས་ལེགས་པར་མནོས་ནས། རྒྱབ་རྟེན་ལུང་ལ། གཏེར་སྟོན་པྲ་ཛྙ་ར་སྨིས་མཛད་པའི་རྩ་གསུམ་མཐོང་བ་རང་གྲོལ་གྱི་ཆོས་ཀྱི་༼ཟུར༽རྐང་གྲངས་གོ་རིམ་གསལ་བར་བཀོད་པ་ཆོས་ཀྱི་མིག་འབྱེད། དེས་མཛད་པའི་རྣམ་ཐར་ལས་སྣང་གསལ་བར་བཀོད་པའམ་སྐྱོན་ཚོགས་རྒྱ་མཚོ་མར་༼ཟུར༽༼༽གྲགས་པ་སྡེ་པ་འཕྲང་འགོ་བས་བསྐུལ་བ། དེས་མཛད་པའི་སྐྱེས་རབས་༼ཟུར༽༼༽གྲགས་པ་སྡེ་པ་འཕྲང་འགོ་བས་བསྐུལ་བ། དེས་མཛད་པའི་སྐྱེས་རབས་༼ཟུར༽༼༽གསོལ་འདེབས། དེས་མཛད་པའི་གསོལ་འདེབས་༼ཟུར༽༼༽སྣ་ཚོགས་མ། དེས་མཛད་པའི་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་བརྒྱུད་འདེབས་༼ཟུར༽བྱིན་རླབས་སྤྲིན་ཕུང་རྒྱ་མཚོ་སྡེ་པ་འཕྲང་འགོ་བ་དང་རྣལ་འབྱོར་པ་སངས་རྒྱས་རྡོ་རྗེ་སོགས་ཀྱིས་བསྐུལ་བ། དེས་མཛད་པའི་previous hit བརྒྱུད་འདེབས་༼ཟུར༽གཉིས་མེད་བརྗོད་མེད་མ་ཝཱ་གིནྡྲས་བསྐུལ་བ། རྒྱུད་རྒྱལ་འབུམ་ཕྲག་དྲུག་ཅུའི་གནད་བསྡུས་རྩ་གསུམ next hit་སྙིང་པོ་མཐོང་བ་རང་གྲོལ་གྱི་ཐེམས་བྱང་གནད་ཐེམས་གསལ་བ་༼ཟུར༽བཀྲ་ཤིས་ལྟར་འགོར་ཤོག་སེར་ལས་ཕབ་པ། འདི་ཉིད་དང་དཀར་ཆག་ཆོས་ཀྱི་མིག་འབྱེད་གཉིས་གོ་རིམ་མཐུན་པས་བསྒྲིག་མི་ཐུབ་འདུག་ཅིང་། དེར་རགས་པ་ཙམ་ལས་མི་འདུག་པས་ཆོས་ཀྱི་མིག་འབྱེད་སོར་གནས་བཞིན་


GLG004_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ལ། ཤོག་དྲིལ་དང་པོ་ཁ་བྱང་གི་སྐོར་ལས་ལིང་ཚེ་དང་པོ་༼ཟུར༽གཏེར་སྟོན་གྱིས་གཏེར་སྒོ་དང་པོ་འབྱེད་པའི་ལུང་བསྟན། གསང་བ་སྤྱི་རྒྱུད་ལས་གསུངས་པའི་བསྙེན་གནས་གསོ་སྦྱོང་བླང་བ། མཆིམས་ཕུའི་གཏེར། བླ་སྒྲུབ་གདུང་བ་༼ཟུར༽ཞི་བྱེད། དེའི་ལས་མཐའ་དབང་སྡུད་༼ཟུར༽ཟིལ་གནོན་གྱི་གདམས་པ། ལམ་འབྲིང་པོའི་སྨིན་བྱེད་བསྙེན་སྒྲུབ་རྣམ་པ་༼ཟུར༽གསུམ་གྱི་རྩ་བའི་དབང་ཆོག །ཚེ་སྒྲུབ་བརྟན་བཞུགས་འཆི་བདག་འཇོམས་པ་ནས་ཁོལ་དུ་༼ཟུར༽ཕྱུང་བ། ཚེ་སྒྲུབ་པདྨའི་འཛབ་བཟླས་སམ་༼ཟུར༽རྒྱུན་འཁྱེར་པད་འབྱུང་སྒྲུབ་ཐབས། པདྨའི་འཛབ་བཟླས་ཀྱི་གསང་བའི་སྙིང་བྱང་སྔགས་སྲུང་ཆེན་མོར་དམ་དུ་གཉེར་བ། གཏེར་སྟོན་གྱིས་མཛད་པའི་འཁྲིད་ལུང་གི་༼ཟུར༽༼༽ཆོས་བཤད་ཚངས་པའི་རྔ་ཆེན། བླ་མའི་རྫོགས་རིམ་ལམ་༼ཟུར༽འབྲིང་པོའི་འཁྲིད་ཡིག་སྤྲ་ཁྲིད་ཉེ་བར་བསྡུས་པ། ལས་བྱང་ལྷན་ཐབས་ངག་བསྒྲིགས་༼ཟུར༽ཐུན་མོང་བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག་གི་མཐའ་ཅན། གཏེར་སྟོན་གྱིས་མཛད་པའི་༼ཟུར༽༼༽སྟ་གོན་གྱི་ཡི་གེ །ལམ་རྒྱས་པའི་སྨིན་བྱེད་བླ་མ་རིག་འཛིན་ཀུན་འདུས་ཀྱི་བདག་མདུན་དབང་དོན་དེ་ཉིད་གསལ་བ་གཏེར་བྱོན་ལས་ཆོག་བསྒྲིགས་འཁྱེར་བདེ་བར་༼ཟུར༽རྒྱལ་སྲས་ཀྱི་བཞེད་པ་ལྟར་གཏེར་སྟོན་གྱིས་མཛད་པ། གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ཀ་དག་ལས་༼ཟུར༽རྣམ་སྣང་ཐུགས་སྤྲུལ་ལ་དུས་ལ་བབས་ཚེ་སྤྲོད་ཅིག་པའི་མཐའ་ཅན། བླ་མའི་རྫོགས་རིམ་གྲོལ་ཐིག་དགོངས་པ་རང་གྲོལ་ཞེས་པ་༼ཟུར༽ལམ་རྒྱས་པ་རྒྱལ་བ་ཀུན་གྱི་དགོངས་པའི་བཅུད་བསྡུས་པ། བསམ་ཡས་སྟེང་ཁང་སྙིང་མཛོད་སྨུག་པོའི་གཏེར། དེའི་འཁྲིད་གཞུང་དངོས་གསང་བ་ལས་ཀྱང་ཆེས་ཆེར་གསང་བ་རྨད་དུ་བྱུང་བའི་


GLG004_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལག་རྗེས་ཙིཏྟ་དམར་པོ་༼ཟུར༽ཞེས་པ་དཀར་ཆེན་སྤྲུལ་སྐུས་བསྐུལ་ནས་གཏེར་སྟོན་གྱིས་མཛད་པ། གཉིས་སྦྱོར་གནད་ཀྱི་༼ཟུར༽ཡིག་ཆུང་། གཟེར་དྲུག་གནད་ཀྱི་༼ཟུར༽ཡིག་ཆུང་། རླུང་སེམས་གནད་ཀྱི་༼ཟུར༽ལྡེ་མིག །ཡང་གསང་རྨད་བྱུང་རྩ་རླུང་བུམ་ཆེན་༼ཟུར༽ཉེར་ལྔའི་གདམས་པ་གསང་བའི་ཡིག་བུ་ཆུང་ཞར་བྱུང་ལུས་ཀྱི་སྟོབས་ཞན་ན་བསྐྱེད་ཐབས། རིགས་བརྗོད་བྱ་ལ་རིགས་ལྔ་ག་བགྲངས་འདུག་གོ །བཞི་སྦས་པ་མངོན་པར་གསལ་བའི་ཡིག་ཆུང་། ཀུནྡ་ཕྱིར་གཏོང་། སྙིང་རླུང་སེལ་བ། ཕྱག་རྒྱ་བརྟག་པ་གསུམ་སྟོན་པའི་གསང་བའི་ཡིག་བུ་ཆུང་དང་བཅས་པ། འདའ་ཀ་མ་༼ཟུར༽འོད་ཀྱི་འཕོ་བ། མཆིམས་ཕུར་གུ་རུ་ལ་ཆོས་རྒྱལ་དང་བཻ་རོས་ཞུས་པའི་ཆོས་བདག་༼ཟུར༽སྤྱི་གཏེར་གྱི་ལུང་བསྟན། སྐུ་གསུམ་རིགས་བསྡུས་པདྨ་གུ་རུའི་སྒྲུབ་ཐབས་༼ཟུར༽ཐུགས་ཀྱི་སྙིང་པོ། སྐུ་གསུམ་རིགས་བསྡུས་༼ཟུར༽ངག་རྒྱུན་ལྟར་ཉམས་སུ་བླང་བའི་གསལ་བྱེད་ཀརྨ་རྒྱལ་སྲས་དང་སྲས་མོ་འོད་ཟེར་རྒྱལ་མོ་གཉིས་ཀྱིས་བསྐུལ་ནས་གཏེར་སྟོན་གྱིས་མཛད་པ། ལམ་བསྡུས་པའི་སྨིན་བྱེད་རིགས་བསྡུས་༼ཟུར༽བརྡ་དབང་ལྔ་པ། ལམ་བསྡུས་པའི་རྫོགས་རིམ་མིང་དང་བྲལ་བའི་སྙན་previous hit བརྒྱུད་༼ཟུར༽ཆོས་བདག་ཡབ་ཡུམ་སྲས་གསུམ next hit་ཐུབ་པར་སྲུངས་ཀྱི་མཐའ་ཅན། མིང་དང་བྲལ་བའི་རྫོགས་རིམ་གྱི་དམིགས་རིམ་འཕྱུགས་མེད་གསལ་བྱེད་མཇུག་ན་སྤྱི་ཆིངས་གསང་བའི་ལུང་བསྟན་གྱི་ཁོལ་བུ་ཡོད་པ་རང་འདོད་སྤངས་པའི་སྨོན་ལམ་གང་བཏབ་འགྲུབ་པའི་མཐའ་ཅན། ལམ་བསྡུས་པའི་ཁྲིད་ཡིག་དངོས་གཞི་སྙན་བརྒྱུད་འཁྲིད་དམིགས་སྦས་དོན་གསལ་བ་རྒྱབ་ཡིག་དང་བཅས་པ་གཏེར་སྟོན་གྱིས་མཛད་པ། ཡི་གེ་མེད་པའི་སྙན་བརྒྱུད་ལུས་རྒྱའི་ནང་གི་


GLG004_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོ་ལྟ་བུ་སྤྱི་ཆིངས་༼ཟུར༽བསྡུས་པ་གནད་ཀྱི་དོན། མིང་དང་བྲལ་བའི་སྙན་བརྒྱུད་༼ཟུར༽ཀྱི་ཚིག་འགྲེལ་ཐར་པའི་འཇུག་ངོགས་པདྨ་འབྱུང་གནས་དྲི་མེད་མཁྱེན་བརྩེའི་སྨོན་ལམ་དབང་གིས་གཏེར་སྟོན་གྱིས་སྦྱར་བ། རྫོགས་རིམ་གསུམ་གའི་སྙིང་པོ་རྩ་གསུམ་པདྨ་རཱ་ག་ཞེས་ཐུགས་སྒྲུབ་ཡང་གསང་བླ་མེད་བདུད་འདུལ་སྔགས་པ་གླིང་གི་གཏེར་མ། previous hit གསུམ་འདུས་པའི་བསྐྱེད་རྫོགས་༼ཟུར༽སྙན་བརྒྱུད next hit་ཡི་གེ་མེད་པ་ལྷུན་གྲུབ་དབང་གི་འཕྲེང་བའམ་རང་ཆས་རང་ངོ་ཤེས་ཕྱིར་ཐུགས་སྒྲུབ་གསང་བ་ཀུན་འདུས་ཡང་ཏིག་སྐུ་གསུམ་ཡེ་ཤེས། ཐུགས་སྒྲུབ་རྩ་གསུམ་འདུས་པའི་༼ཟུར༽བུ་ཡིག་ཡེ་ཤེས་གསལ་སྒྲོན། ཐུགས་སྒྲུབ་ཡང་གསང་བླ་མེད་ལྷུན་གྲུབ་དབང་གི་འཕྲེང་བ་༼ཟུར༽ཆོས་མཆོག་པདྨ་རཱ་གའི་སྤྱི་ཆིངས་གནས་ཀྱི་ཡི་གེ་གབ་པ་མངོན་ཕྱུང་། པདྨ་རཱ་གའི་ཡང་གསང་བཀའ་སྲུང་དྲེགས་པ་གསུམ་དྲིལ་ཞེས་པ་༼ཟུར༽མ་གཟའ་རྡོར་གསུམ་གྱི་བསྐང་བ་ཡེ་ཤེས་ཆེན་པོའི་རོལ་པ། ཐུགས་སྒྲུབ་ཡང་གསང་བླ་མེད་པདྨ་རཱ་གའི་དམིགས་རིམ་འཕྱུགས་མེད་གསལ་བྱེད་ཅེས་པའི་འཁྲིད་ཡིག་༼ཟུར༽དངོས་གཞི་འཕྲང་འགོ་སྡེ་བ་ཐུབ་དབང་གིས་བསྐུལ་ནས་གཏེར་སྟོན་གྱིས་མཛད་པ། དེ་མཛད་པའི་པདྨ་རཱ་གའི་ལམ་དབང་རིགས་གཏད་ཀྱི་ཞལ་གདམས་མདོར་བསྡུས། དྲག་སྒྲུབ་ཐམས་ཅད་ཀྱི་མཐར་ཐུག་གུ་རུ་༼ཟུར༽དྲག་པོ་ཡེ་ཤེས་གསང་བའི་སྒྲུབ་ཐབས་རྡོ་རྗེའི་སྒོམ་བཟླས་གནམ་ལྕགས་མེ་འབར་གདུག་པ་ཀུན་འཇོམས། བསམ་ཡས་རྣམ་སྣང་གསང་སྒྲོམ་གྱི་གཏེར། དེའི་དཔེ་རིས། གཤིན་རྗེ། བླ་མ་ཡང་དག་གསུམ་ལ་བརྟེན་པའི་ཐུགས་སྒྲུབ་༼ཟུར༽གསུམ་དྲིལ་ཡང་གསང་སྙིང་པོ། དེའི་ཡིག་ཆུང་གསང་བ་༼ཟུར༽


GLG004_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མུ་དྲ་མྱུར་འགུགས། དཔལ་ཆེན་པོའི་ཐུགས་དབྱུང་བ་ཡང་གསང་ཐིག་ལེ་གཅིག་མ། ཟབ་ལུང་གི་གཏེར། ཞི་ཁྲོའི་བསྐྱེད་རྫོགས་༼ཟུར༽ལམ་འབྲས་སྙིང་པོ། སྡོ་འཕྲང་ཀླུ་བདུད་མཁར་གྱི་གཏེར། པདྨའི་སྙིང་ཕྱུང་༼ཟུར༽ཆོས་ཉིད་གློང་བཤགས། དམ་གྲིབ་ཉེས་པ་༼ཟུར༽ཀུན་སེལ། མལ་དྲོ་ཞམ་པའི་གཏེར། དེའི་ལྷན་ཐབས་༼ཟུར༽༼༽གཏེར་སྟོན་གྱིས་མཛད་པ། ཕན་བྱའི་གདམས་པ་༼ཟུར༽ས་བདག་ཉེས་པ་ཀུན་སེལ། བྲག་དམར་གཡའ་མ་ལུང་དུ་ལོ་ཙཱ་བ་བཻ་རོ་ཙཱ་ན་དང་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་གྱིས་ཞུས་པའི་༼ཟུར༽ཚེ་དཔག་མེད་འཆི་མེད་སྐུ་གསུམ་འདུས་པ། དེའི་མངོན་རྟོགས་ཀྱི་ལྷན་ཐབས་ཆོས་སྐུ་སྤྲོས་བྲལ་མ། འཆི་མེད་སྐུ་གསུམ་འདུས་པའི་མངོན་རྟོགས་༼ཟུར༽༼༽ངག་སྒྲིབ་རྒྱུན་འཁྱེར་། འཆི་མེད་སྐུ་གསུམ་འདུས་པའི་དབང་ཆོག་༼ཟུར༽དོན་ཚན་བཅུ་གཉིས་པ། ཚེ་སྒྲུབ་ཨ་ཧཾ་མི་ཤིགས་༼ཟུར༽གསུམ་ལྡན། ཁྲ་འབྲུག་གི་གཏེར། འཆི་མེད་འཕོ་བ་ཆེན་པོར་སྒྲུབ་པའི་ཞལ་གདམས་གཏེར་སྟོན་གྱིས་༼ཟུར༽མཛད་པ། ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་སྐོར་གྱི་ལོ་རྒྱུས་ཕྱི་ནང་༼ཟུར༽གསང་བ། བུ་ཚལ་གྱི་གཏེར། པདྨའི་དབང་ཕྱུག་གི་སྔོན་འགྲོའི་༼ཟུར༽གཏོར་མའི་རིམ་པ། སྒྲུབ་ཐབས་༼ཟུར༽གསང་བ་ཡེ་ཤེས་གཅིག་སྒྲུབ། པདྨའི་དབང་ཕྱུག་གི་སྨིན་བྱེད་༼ཟུར༽དབང་གི་དགའ་སྟོན། ཡང་སྙིང་མཐར་ཐུག་དོན་གྱི་ཆོས་རྫོགས་རིམ་༼ཟུར༽ཡེ་ཤེས་གསང་ཐག །ཡེ་ཤེས་གསང་ཏིག་གི་དཔེ་རྒྱུད་ཉེ་བར་གསལ་བྱེད་ཅེས་པ་འཁྲིད་གཞུང་༼ཟུར༽དངོས་གཞི་སྡེ་པ་ཐུབ་བསྟན་རྒྱལ་མཚན་པས་བསྐུལ་བ་ནས་གཏེར་སྟོན་གྱིས་མཛད་པ། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དབང་ཆེན་དྲེགས་པ་ཀུན་འདུལ་གྱི་བསྐྱེད་རྫོགས་༼ཟུར༽འཁྲུལ་མེད་ཙིཏྟ་དམར་པོ་ཞེས་པ་ལུང་བསྟན་དང་


GLG004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་ཟུང་འབྲེལ་དུ་བསྟན་པ། དབྱངས་གསལ་གྱི་མཆོད་རྟེན་སྒོམ་པ་སོགས་ཤིན་ཏུ་ཟབ་པ་༼ཟུར༽བསྲུང་བའི་འཁོར་ལོ་གུད་དུ་ཕྱུང་བ་མདུན་བསྐྱེད་ཉེ་བར་༼ཟུར༽སྒྲུབ་པ། བསྙེན་པའི་སྣོད་དུ་བྱ་ཕྱིར་༼ཟུར༽༼༽དབང་གི་རྩ་ཐོ། བདག་མདུན་ངག་བསྒྲིགས་འདོད་འཇོའི་སྣང་བ་ཞེས་པ་བདེ་སྟེང་ཆོས་རྗེ་ཀུན་བཟང་པས་བསྐུལ་བའི་ངོར་གཏེར་སྟོན་གྱིས་མཛད་པ། དེའི་ཚོགས་༼ཟུར༽མཆོད། དབང་ཆོག་༼ཟུར༽༼༽བསྡུས་པ། དབང་ཆོག་གསང་བ་༼ཟུར༽བསྡུས་པ། དབང་ཆོག་གསང་བ་༼ཟུར༽གཅིག་གྲུབ། གཏེར་སྟོན་གྱིས་མཛད་པའི་བསྙེན་དབང་རྩ་ཐོ་༼ཟུར༽གསལ་བྱེད་ངག་ཁྲིགས་ཉེ་བར་བཀོད་པ། ལོག་འཚོ་ཀུན་ལས་གྲོལ་བ་༼ཟུར༽རང་ལུས་ཨ་ནུའི་ཚོགས་མཆོད། བསྐྱེད་རིམ་༼ཟུར༽ཉམས་སྒྲིབ་སེལ་བྱེད། རླུང་ཞགས་ཡང་སྙིང་དབང་སྡུད་༼ཟུར༽ཚངས་པ་ཆེན་པོ། ལུས་སྦྱིན་ཟབ་མོ་༼ཟུར༽སྤྱོད་ཀྱི་དོན་ཉམས་སུ་ལེན་པ། ནད་པ་གསོ་ཐབས་གླུད་གཏོར་གྱི་རྔན་བྱིན་༼ཟུར༽བར་གཅོད་ཀུན་སེལ། རྔན་བྱིན་བར་གཅོད་ཀུན་སེལ་གྱི་ལྷན་ཐབས་༼ཟུར༽འདས་དང་མ་བྱོན་པ། རྔན་བྱིན་ལྷན་ཐབས་གླུད་རབས་༼ཟུར༽སྲིད་གསུམ་འཁོར་བ་མ། རྒྱལ་བསེན་བརླག་བྱེད་༼ཟུར༽མདུད་མཆོག་མེའི་འཁོར་ལོ། རྒྱལ་བསེན་བརླག་བྱེད་ཀྱི་༼ཟུར༽སྒྲིབ་ཤིང་འཁོར་ལོ། ལས་མཐའ་སྨ་འབེབས་ཀྱི་མན་ངག །སྔགས་རྫས་ལ་བརྟེན་པའི་དབང་སྡུད་ཉིན་ཆོག་མ། ཕུང་བཤིག་ནག་པོ་འཇིག་རྟེན་གཏན་བརླག་ཏུ་གཏོང་བའི་མན་ངག །སྨུག་ཅགས་འགོམ་ཆོག་ཟབ་མོ། ཚྭ་ལ་བརྟེན་པའི་བསྐྲད་འཁོར་ཟབ་མོ། སཱཙྪ་ལ་བརྟེན་པའི་ཕུང་ཤིག །ལུག་གྲོད་ལ་བརྟེན་པའི་གྲོད་པ་ཕུ་འདེབས། བྱེ་མ་དང་ལྷམ་སྒྲོག་༼ཟུར༽ལ་བརྟེན་པའི་ཇག་འཆིང་། ཡུགས་


GLG004_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་ལ་བརྟེན་པའི་༼ཟུར༽ཇག་འཆིང་། རྫས་མཐུ་ཕུང་བྱེད་ནག་པོ་ཐོད་པའི་ཁ་བསྒྱུར་ཅན། རྫས་བསྲུང་ནག་པོ་ཀུན་ཐུབ། མཚོན་བསྲུང་རྡོ་རྗེའི་༼ཟུར༽གོ་ཁྲབ། ཕ་རོལ་གྱི་བསམ་སྦྱོར་དང་མདུན་གྲོལ་བསྒྱུར་བ་༼ཟུར༽ནག་པོ་བཟློག་མེད་དཔེ་རིས་དང་བཅས་པ། སྲིད་པ་གསུམ་ན་དཀོན་པའི་སྒྲིབ་ཤིང་༼ཟུར༽མུན་པ་ནག་པོ། གངས་ཐིགས་སོགས་ལ་༼ཟུར༽བརྟེན་པའི་ཟབ་མོ་རྫས་ཀྱི་སྒྲིབ་ཤིང་། སོ་མ་ར་ཙ་སོགས་ཀྱི་སྟོབས་བསྐྱེད་དང་མགྲོན་བུར་བརྟེན་པའི་སྲི་གཅོད། ངན་སྔགས་ཉེ་འབྱེད་སྤུ་གྲི་ཕུང་སྲི། ཁྲ་འབྲུག་གི་གཏེར། ནག་མོའི་ལས་མཐའ་༼ཟུར༽དཔེ་རིས་དང་བཅས་པ། བསྟན་པ་གཉན་པོ་སྲུང་ཕྱིར་དྲག་པོ་རྫས་ཀྱི་ཐོག་འབེབས་གང་ལ་བྱ་བའི་ཁ་བསྒྱུར་དང་བཅས་པ། རྫས་སྣ་བཅུ་གསུམ་ཚང་དགོས་ཚུལ་སོགས་ཐོག་འབེབས་༼ཟུར༽ཀྱི་ལག་ལེན། ཇོ་མོས་ཞུས་པའི་མི་བརྗེད་གཟུངས་ཐོབ་པའི་ཤེས་རབ་བློ་འཕེལ་༼ཟུར༽གྱི་གདམས་པ། ཟབ་ཕུའི་གཏེར། གཤིན་རྗེ་ཀུན་གྱི་སྙིང་པོ་༼ཟུར༽ཕུང་ལོག་ནག་པོ་བཟློག་མེད། གཤིན་རྗེ་༼ཟུར༽ཡང་བཟློག་སྤུ་གྲི་རེག་གཅོད། ཡང་ཟློག་གསེར་གྱི་སྤུ་གྲི་འབྲུ་གཅིག་མའི་བསྲུང་བ་སྲོག་གི་སྤུ་གྲི་དཔེ་རིས་དང་བཅས་པ། ཤ་ཟ་ཌཱ་ཀིའི་ལས་ཚོགས་སེལ་ནག་གནམ་ལྕགས་འབར་བ། ཟ་ཡིག་ནམ་མཁའ་རྡོ་རྗེའི་ཕ་ལམ་ཞེས་པ་བསྲུང་བ་ནམ་མཁའི་གོ་ཆ། བཟློག་པ་བར་སྣང་སྒྱོགས་ཆེན། གསད་པ་ལས་ཀྱི་ཐོག་མདའ། ཟབ་མོ་ཁྱད་པར་ཅན་གྱི་གདམས་པ་༼ཟུར༽ཡང་གསང་ཟུང་གཅིག །ལྷ་ལྕམ་གྱི་མཆོད་གནས་སྐུ་ཚབ་མཐོང་བ་དོན་ལྡན་གྱི་ལོ་རྒྱུས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་ཚབ་ཀྱི་ལོ་རྒྱུས། མཆོད་རྟེན་ཐུགས་རྗེ་རང་བྱུང་དང་བྱང་ཆུབ་ཆེན་པོའི་དཀར་ཆག་


GLG004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་དབང་ཕྱུག་པདྨ་དཀར་པོའི་ཐུགས་ཀྱི་ཤ་རིལ་༼ཟུར༽མྱོང་གྲོལ་འཁོར་བ་དོང་སྤྲུག་གི་དཀར་ཆག །བྲམ་ཟེ་སྐྱེ་བ་བདུན་པ་དུང་གི་རྣ་ཆ་སོགས་ཤ་རིལ་༼ཟུར༽མྱོང་གྲོལ་གྱི་དཀར་ཆག །འཇམ་དཔལ་ལ་གསུངས་པའི་དམ་རྫས་ཕན་ཡོན། ཡིད་བཞིན་ནོར་བུ་སྟག་ཤ་རྡེ་བའི་ལོ་རྒྱུས། གབ་རྒྱ་ཅན་ནས་ཁོལ་དུ་ཕྱུང་བའི་༼ཟུར༽འབྲི་གུང་ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས། སྣང་གསལ་བ་རིན་པོ་ཆེ་ཀུན་དགའ་ཚེ་མཆོག །བན་གྲོང་ཕུར་པ་བཀྲ་ཤིས། ཡར་རྒྱབ་སྐུ་འབྲིང་པ་ཀུན་དགའ་ཚེ་འཕེལ། འབྲུག་པ་སྤྲུལ་སྐུ་ངག་དབང་ནོར་བུ། ས་སྐྱ་བདག་ཆེན་སྔགས་འཆང་ཆེན་མོ། འཕྱོང་རྒྱས་ཞབས་དྲུང་ཧོར་བསོད་པ་བསྟན་པ་དར་གུད་ཀྱི་སྐབས་ཤིག་སྡེ་བ་འཕྲང་གོ་བར་བདུད་སྤྲུལ་གྱི་བར་གཅོད་དང་། ཕན་པ་བསྒྲུབ་པའི་མི་བདུན་འབྱུང་ཚུལ་རྗེ་རིན་ཅེན་ཕུན་ཚོགས་དང་གཏེར་སྟོན་རང་ཟུར་ཙམ་བསྟན་པ་རྣམས། ཤོག་སེར་ཀློག་འབེབས་དང་དབང་འཁྲིད་སོགས་ཀྱི་དུས་མཁོ་བའི་གཏེར་བདག་སྤྱི་གསོལ། སྙིང་ཏིག་གཉན་པོའི་བཀའ་སྲུང་མཆེད་བཞིའི་གསོལ་མཆོད་སྐྱེ་མེད་ཆོས་དབྱིངས་མ། སྔགས་བསྲུང་རྡོ་རྗེའི་གཤོག་རྒོད་༼ཟུར༽མའི་སྲོག་དབང་གི་ཡི་གེ །གཏེར་སྲུང་ཆེན་མོ་རྡོ་རྗེ་གཤོག་རྒོད་མའི་གསོལ་མཆོད་ཀྱི་རིམ་པ་རྒྱས་པ། ས་སྐྱོང་ཧོར་བསོད་པས་བསྐུལ་ནས་གཏེར་སྟོན་གྱིས་མཛད་པའི་གཏེར་སྲུང་གི་གཏོར་བསྔོ་སྔོན་ཚེ་པད་འབྱུང་མ། གཤོག་རྒོད་མའི་བསྙེན་སྒྲུབ་༼ཟུར༽༼༽ལས་རྣམས་ཀྱི་དམིགས་པའི་འཁྲུལ་འཁོར་དཔེ་རིས་སྐོར་༼ཟུར༽ལ། ཕོ་འཁྲིད་ཀྱི་འཁྲུལ་འཁོར། མོ་འཁྲིད་ཀྱི་འཁྲུལ་འཁོར། ལམ་རྒྱས་འབྲིང་བསྡུས་གསུམ་གྱི་རྩ་འཁོར། ལམ་རྒྱས་འབྲིང་བསྡུས་གསུམ་གྱི་དབང་


GLG004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར། ཚེ་དཔག །རྟ་མགྲིན། བསྟན་སྐྱོང་གི་གཏོར་མའི་ཤོག་ཁྲ་བཅས་པ་རྫོགས་པར་ཐོབ་པ་ལས་རྟ་མགྲིན་གྱི་དབང་རྒྱས་པ་མ་གཏོགས་པའི་དབང་དང་ཟུར་གྱི་རྟགས་ཡོད་པ་རྣམས་ཀྱི་ལུང་གི་བརྒྱུད་པ་ལ་སྤྱི་བྱེ་བྲག་གཉིས་ལས། དང་པོ་ནི་ཐོག་མའི་མགོན་པོ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། ཨོ་རྒྱན་སངས་རྒྱས་གཉིས་པ། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། ལོ་ཆེན་བེ་རོ་ཙཱ་ན། གཏེར་སྟོན་ཤེས་རབ་འོད་ཟེར། ཀརྨ་རྒྱལ་སྲས་ཀུན་བཟང་། ཐུགས་སྲས་དཀོན་ཅོག་ཆོས་དབང་གྲགས་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །བྱེ་བྲག་འཆི་མེད་སྐུ་previous hit གསུམ་འདུས་པ་དང་ཐུགས་རྗེ་ཆེན་པོ་པདྨ་དབང་ཕྱུག་གི་བརྒྱུད next hit་པ་ནི། ཆོས་སྐུ་ཚེ་དཔག་མེད་མགོན། ལོངས་སྐུ་སྤྱན་རས་གཟིགས་དབང་། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་མན་སྔར་ལྟར་ལ། དབང་ཆེན་དྲེགས་པ་ཀུན་འདུལ་གྱི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་རྟ་མཆོག་རོལ་པ། སྤྲུལ་སྐུ་པདྨ་ཐོད་འཕྲེང་མན་སྔར་ལྟར། གཤིན་རྗེའི་ཡང་བཟློག་སྤུ་གྲི་རེག་གཅོད་དང་ནག་པོ་བཟློག་མེད་གཉིས་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། གཤིན་རྗེ་གཤེད་པོ། ལག་ན་རྡོ་རྗེ། ཤིནྟཾ་གརྦྷ། ཨོ་རྒྱན་ཆེན་པོ་མན་གོང་བཞིན་ནོ། །གཡུང་དྲུང་གི་རྟགས་ཡོད་པ་མ་གཏོགས་པའི་ལུང་ཡོངས་རྫོགས་དང་རྟ་མགྲིན་གསང་བ་གཅིག་གྲུབ་ཀྱི་དབང་བརྒྱུད་ནི། ཀརྨ་རྒྱལ་སྲས་ཀུན་བཟང་ནས། སློབ་དཔོན་བསོད་ནམས་རིན་ཅེན། སྤྲུལ་སྐུ་ངག་དབང་པདྨ་འཕྲིན་ལས། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །བཻ་རོའི་


GLG004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་གཏེར་སྟོན་སྣ་ཚོགས་རང་གྲོལ་གྱིས་བསམ་ཡས་སྟེང་ཁང་སྙིང་མཛོད་བ་གམ་སྨུག་པོ་མུན་པའི་དཀྱིལ་འཁོར་ནས་སྤྱན་དྲངས་པའི་འཇམ་དཔལ་གཤིན་རྗེ་ནག་པོ་གསུམ་དྲིལ་གྱི་སྐོར་ལ། དུག་རི་ནག་པོ་གསུམ་དྲིལ་ནང་གཅོད་དབང་གི་བཀའ་དང་དེའི་དོན་གསལ་བྱེད་ཀྱི་སྟེང་ནས་འཇུག་པ། དཔུང་སྐུད། དུར་ཁྲོད་ཆས་དབང་སྔོན་དུ་འགྲོ་བའི་བུམ་པས་རིགས་ལྔའི་དབང་། གཏོར་མས་སྐུ་དབང་། བཟླས་པས་གསུང་དབང་། ཕྱག་མཚན་གྱིས་ཐུགས་དབང་། སྨན་རག་གཏོར་མའི་དབང་། བདུད་རྩིས་གསང་དབང་། ཕྱག་རྒྱས་ཤེར་དབང་། ངོ་སྤྲོད་ཀྱིས་ཚིག་དབང་། ལས་གཤིན་གྱི་གཏོར་མ་སྐུ་འབག་གི་ཆོས་དབྱིངས་ཡེ་ཤེས་ཀྱི་དམ་ཚིག །བགྲང་འཕྲེང་སྲོག་སྔགས་ཀྱིས་སོར་རྟོག་ཡེ་ཤེས་ཀྱི་དམ་ཚིག །ཕྱག་མཚན་གྱིས་མེ་ལོང་ཡེ་ཤེས་ཀྱི་དམ་ཚིག །གླེགས་བམ་གྱིས་མཉམ་ཉིད་ཡེ་ཤེས་ཀྱི་དམ་ཚིག །སྲོག་འཁོར་གྱིས་བྱ་གྲུབ་ཡེ་ཤེས་ཀྱི་དམ་ཚིག་བཅས་པའི་དབང་རྣམས་མནོས་ནས། ལུང་ལ། གླེང་གཞི། བྱང་ཁོག་ལུས། ཙིཏྟ་སྙིང་། ལས་ཅན་སྨིན་ལམ་བོད་ཁམས་བདེ་ལ་དགོད་ཐབས་དང་ལྔ། དང་པོ་ནི། དང་པོ་སྔོན་བྱུང་གླེང་ནག་པོ་གསུམ་དྲིལ་འདི་ལ་རྙིང་མ་ནང་ཁུལ་དུའང་ལྷད་ཅན་གྱི་དོགས་གནས་མཛད་མཁན་མང་ཞིང་དེ་ག་འདྲ་བ་ཞིག་འདུག་ཀྱང་ཐེམས་བྱང་གཏེར་ནས་བརྐུས་པ་ལྟ་བུའི་ཐབས་ཟད་པ་འདྲ་བ་འདི་ལ་དཔགས་ན་ཡིད་ཆེས་སུ་འགྲོ་བ་འདྲའོ། །གཞིའི་ཁུངས༔ གསལ་བར་བྱ་ཕྱིར་ལོ་རྒྱུས་ཡོད༔ ཅེས་གླེང་གཞི་གསལ་བར་བྱ་ཕྱིར་ལོ་རྒྱུས་ལ་ནང་གསེས་ཀྱི་མ་འོངས་ལུང་བསྟན་ས་གནད་གསོ་བ། བསམ་ཡས་སུ་སློབ་དཔོན་ཆེན་པོ་ལ་རྒྱལ་པོ། བཻ་རོ། གནུབས་ཆེན་གསུམ་གྱིས་ནག་པོ་


GLG004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དྲིལ་གྱི་སྐོར་ཞུས་ཚུལ་ཐེམས་དང་བཅས་པ། གཉིས་པ་བྱང་ཁོག་ལུས་ནི། བྱང་ཁོག་ལུས་དང་དཔེ་མཐུན་པའི༔ དུས་གནད་སྒོམ་བཟླས་བསྲུང་བ་དང་༔ གསུམ་དྲིལ་གནད་ཀྱི་མན་ངག་དང་༔ ཏིང་འཛིན་སྟོབས་ཀྱིས་ངར་འདོགས་ཡོད༔ ཅེས་གོང་གནོན་ཞི་བར་བསྙེན་པ་འཇམ་དཔལ་ཆོས་དབྱིངས་ཡེ་ཤེས་སེམས་པའི་སྒྲུབ་པ། ཐེམས་མེད། ཡང་སྙིང་བཅུད་ཀྱི་དུམ་བུ་རྩ་བ་རྡོ་རྗེའི་མཁར་རྫོང་ཞེས་པ་ཐོ་རེངས་གུང་སྲོད་སོགས་ཀྱི་དུས། སྒྲུབ་པའི་གནས་ཀྱི་མཚན་ཉིད་སྒྲུབ་པའི་སྔོན་འགྲོའི་མན་ངག་རྣོ་ལ་ངར་འདོགས་པའི་སྒྲུབ་པ་མདོར་བསྡུས། ཕན་ཡོན་བཅུ་གསུམ་དང་ལྡན་པའི་འཁོར་ལོའི་བྲི་ཡིག་རྣམས། གསུམ་པ་ཙིཏྟ་སྙིང་ནི། ཙིཏ་སྙིང་དང་དཔེ་མཐུན་པའི༔ ནག་པོ་གསུམ་དྲིལ་བཅུད་དུམ་དང་༔ ཡང་གསང་དྲག་པོའི་སྒྲུབ་པ་དང་༔ ནང་གཅོད་གནད་ཀྱི་མིག་ཚགས་དང་༔ ཡང་ཏིག་རྫོགས་རིམ་རྣམ་གསུམ་དང་༔ ཐུན་འཚམས་བསྲུང་འཁོར་རྣམ་གཞག་ཡོད༔ ཅེས་ཚེ་ཆི་ཨུ་ཥ་གསུམ་དྲིལ་བའི་ཡང་གསང་སྙིང་གི་བཅུད་དུམ་ཞེས་པ་མངོན་རྟོགས་མཆོད་པ། བསྐུལ། བསྟོད་པ་དང་བཅས་པ། དཔལ་ཆེན་འཇིགས་བྱེད་སྦྲགས་སྒྲུབ། ཐེམས་མེད། མན་ངག་མུན་སེལ་སྒྲོན་མེ། ཐེམས་མེད། ནང་གཅོད་གནད་ཀྱི་མིག་ཚགས་སྙིང་དུམ་གསང་བ་ཞེས་པ་གཏོར་མ། ཚོགས་ཐོག་མཐའ་བར་གསུམ། ལྷག་མ། ཆད་ཐོ། ཟོར། བསྟན་སྐྱོང་། བྲོ་བརྡུང་། གདུག་རྩུབ་སྲེག་པོའི་སྦྱོར་བ་རྒྱལ་པོ་ཀུན་སྐྱོང་གི་གཞུང་བཞི་བཀོད་པ། མ་ཧ་ཀཱ་ལ་ལྕམ་དྲལ་སོགས་བཀའ་སྲུང་གི་འཕྲིན་ལས། རང་བྱུང་བཞིའི་འཁོར་ལོ། གསང་བ་སྲོག་གི་འཁོར་ལོ། གནས་པ་རྩའི་འཁོར་ལོ། གཡོ་བ་རླུང་གི་འཁོར་


GLG004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཐེམས་མེད། བཞི་སྟོན་པའི་ཐེམས། རྫོགས་རིམ་དང་པོ་ལྷ་ལ་སེམས་བཟུང་བ། གཉིས་པ་གཏུམ་མོ་ལམ་གྱི་རྫོགས་རིམ། གསུམ་པ་རིག་པ་མངོན་སུམ་སྟོན་པའི་རྫོགས་རིམ། སྒྱུ་ལུས་འོད་གསལ་སྟོན་པའི་ཡང་ཏིག་གཅེས་སྒྲོན། ཐེམས་མེད། ལྡང་ཁྲུས་ཉལ་བའི་རྣལ་འབྱོར་རྣམ་གསུམ། སྦ་བ་ཐུན་འཚམས་བསྲུང་འཁོར་གྱི་རྣོན་པོ་ནང་གཅོད། ཉི་མ་བཞི་པའི་ཐེམས་མེད། སྦྱོར་བ་རྣམས། བཞི་པ་ལས་ཅན་སྨིན་ལམ་ནི། ལས་ཅན་སྨིན་ལམ་བསྟན་པའི་ཕྱིར༔ དབང་དང་མན་ངག་རྒྱབ་རྟེན་ལུང་༔ བསྙེན་སྒྲུབ་བརྟོད་བསྐུལ་ཁ་སྐོང་གནད༔ དྲག་པོ་ཧཱུཾ་གིས་འཕྲིན་ལས་དང་༔ གང་དགོས་སྔགས་ཀྱི་ལས་རིམ་ཡོད། ཅེས་དུག་རི་ནག་པོ་གསུམ་དྲིལ་ནང་གཅོད་དབང་གི་བཀའ་ཞར་བྱུང་དངོས་གྲུབ་བླང་བ་དང་བཅས་པ། རྣོན་པོ་ནང་གཅོད་ཀྱི་དབང་གི་དེ་ཉིད་བཤད་པ་དོན་གསལ་དུ་གྲགས་པ་དབང་དངོས། སྒྲོན་མ་གསལ་བ་ལས་བསྐྱེད་རྫོགས་གཉིས་ཀྱི་དགོངས་པ་བསྟེན་པ་ལྟ་སྒོམ་སྤྱོད་པའི་རྒྱབ་རྟེན་ལུང་གི་དུམ་བུ། གནས་གདགས་དོན་གསུམ་གྱི་གཤིན་རྗེ་སྤྱིའི་ཁོག་འབུབས་བྱད་མ་རང་གཤེད་གསད་ཕྱིར་ཡང་གསང་དྲག་པོ་ནག་པོ་གསུམ་དྲིལ་སྒྲུབ་པ། ཐེམས་མེད། འཕྲིན་ལས་ཀྱི་སྔོན་འགྲོའི་རིམ་པ་བདུན། ཐེམས་མེད། སྒྲུབ་པ་ལས་བྱང་གི་སྡོམ་གྱི་ཡི་གེ །བསྙེན་པ་དང་ཉེ་བར་བསྙེན་པ་སྒྲུབ་པ་འབྲིང་པོའི་ཚུལ་གྱི་ངག་བསྒྲིགས་གཏེར་སྟོན་གྱིས་མཛད་པ། བསྲུང་བཟློག་གསད་མནན་གྱི་ཁ་བསྒྱུར། ནག་པོ་སྙིང་གི་དུམ་བུ་གསུམ་གྱི་སྲུང་ཟློག་འཁོར་ལོ་རྫས་ཀྱི་གོ་ཆ་ཤེར་ཤིང་ལྕགས་སེང་ལྡེང་གི་ཕུར་པའི་ལས་མཐའ། གཤིན་རྗེ་ནག་པོའི་ཟ་ཡིག་


GLG004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་དུག་རི་ནག་པོའི་ལས་ཀྱི་ཚེ་བདག་སྐྱིད་ལྡང་སེམས་ཅན་སྲོག་གི་བཤན་པ། སྲི་མནན་གྱི་ཆོ་ག་སེམས་ཅན་ལས་ངན་སྡིག་ཅན་མ། གཟུང་དཔང་མ་གཡེལ་མ། ཐེམས་མེད། ཕུར་བསྐུལ་ཧཱུཾ་ལས་མ། ཐེམས་མེད། བཅུད་དུམ་གནད་ཀྱི་ཡིག་ཆུང་ཞེས་པ་ལ་ནང་གསེས་ཀྱི་བསྲུང་འཁོར་ཡིག་ཆུང་། ཡེ་ཤེས་སེམས་དཔའི་ཕྱིར་བཟློག །ངར་བཏགས་བཟློག་པ་རྣམ་གསུམ། བཟློག་པ་གོ་ལོག་རྣམ་གསུམ། བྱས་པ་བཤིག་པའི་མན་ངག །རྒྱས་གདབ་བཀའ་བསྒོ་བྱ་བ། འབྱུང་བཟློག་དབབ་པ་རྣམ་གསུམ། འཁོར་གནས་འཇུག་གསུམ་དང་བཅས་པ། མནན་པའི་ལིང་གའི་ཞལ་གདམས། ཐེམས་མེད། ཐུན་གྱི་ཞལ་གདམས། ཐེམས་མེད། ཐུན་བསྐལ་ང་ནི་དཔལ་ཆེན་མ། ཐེམས་མེད། སྲོག་མཐུ་ཡུད་ཙམ་མ། ཁྲོམ་དཀྲུག་པ། བྷོ་ལའི་ངན་གཏད་རྟའི་རྩིབས་མའི་སེལ་ནག །གཤིན་རྗེའི་གཏད་རྒྱུད་ནག་པོ་ལས་བྱུང་བའི་ལས་གཤིན་གྱི་མངོན་རྟོགས་སྤྱན་འདྲེན་གཏོར་བཀང་། བསྟོད་པ་འཕྲིན་བཅོལ་དང་བཅས་པ། ལས་བཅོལ་བཅོམ་ལྡན་གཤིན་རྗེ་མ། ལས་གཤིན་ནག་པོའི་མངོན་རྟོགས་འཆི་བདག་མ། ལས་གཤིན་ནག་པོའི་རྗེས་གནང་གྱི་ཡི་གེ་རྣམས། ལྔ་པ་བོད་ཁམས་བདེ་ལ་དགོད་ཐབས་སྐོར་ནི། འགོང་པོ་ཨར་ལ་གཏོད་པ་དང་༔ སྡེ་དཔོན་ནང་འཐབ་ཞི་བ་དང་༔ དེ་བཞིན་ནང་དམེ་བསྲུང་བ་སོགས༔ ཞེས་འགོང་པོ་ཐམས་ཅད་ཁ་འཆིང་བར་བྱེད་པའི་ཐབས་སོ། །གཤིན་རྗེ། ལས་གཤིན་མ་མགོན་ལྕམ་དྲལ། ཞིང་སྐྱོང་། ཕྱོགས་སྐྱོང་། བསྟན་མ། ལམ་གཏོར་གྱི་དཔེ་རིས། དེ་ཡང་ཐེམས་ཀྱི་དབང་དུ་སོང་ན་ད་དུང་ཆོས་ཚན་མ་ཚང་ཞིང་བཅུད་དུམ་དང་དམིགས་ཆགས་སོགས་བསྙེན་སྒྲུབ་གྱི་སྐབས་དགོས་པ་འདྲ་བའི་དོགས་
གནས་འགའ་ཞིག་འདུག་ནའང་ཕྱོགས་འདི་ལ་འབད་པས་སྦྱངས་པའི་བློ་མིག་དང་མི་ལྡན་པས་བཏང་སྙོམས་སུ་བཞག་གོ །དེ་ལྟར་མནོས་པའི་དབང་གི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། འཕགས་པ་འཇམ་དཔལ། ལག་ན་རྡོ་རྗེ། ལྷའི་རིག་འཛིན་གནོད་འདུལ་མཆོག །སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་པདྨ་ཐོད་འཕྲེང་། གནུབས་ཆེན་སངས་རྒྱས་ཡེ་ཤེས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ལོ་ཆེན་བཻ་རོ་ཙ་ན། གཏེར་སྟོན་པྲཛྙཱ་རསྨི། ཀརྨ་རྒྱལ་སྲས་ཀུན་བཟང་། རྒྱལ་སྲས་ཆོས་དབང་གྲགས་པ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་བརྒྱུད་ནི། ཀརྨ་རྒྱལ་སྲས་ཀུན་བཟང་ནས། སློབ་དཔོན་བསོད་ནམས་རིན་ཅེན། སྤྲུལ་སྐུ་ངག་དབང་པདྨ་འཕྲིན་ལས། ཁྱབ་དབང་ཁྲ་ཚང་པ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ལའོ། །འཕྲང་འགོ་སྡེ་པ་ཐུབ་དབང་རྒྱལ་མཚན་གྱིས་བསྐུལ་ནས་གཏེར་སྟོན་གྱིས་མཛད་པའི་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་བློ་གྲོས་ཀྱི་སྣང་བ་གསལ་བྱེད། བཅན་པ་རྫོང་པ་ཨའོ་ཀུན་ལེགས་ཀྱིས་བསྐུལ་བ་ལྟར་མཛད་པའི་བླ་མའི་རྣལ་འབྱོར་ངག་བསྒྲིགས། འཕྱོང་རྒྱས་ཀྱི་སྡེ་བ་སྐུ་བགྲེས་པར་གནང་བའི་རྒྱུན་འཁྱེར་ཚེ་སྒྲུབ། ཞལ་ལུང་སྒྲོན་གསལ་རྣམས་ཀྱང་ཁྱབ་བདག་ཆོས་དབྱིངས་རང་གྲོལ་ལ་མནོས་པ་སྟེ་བརྒྱུད་པ་གོང་བཞིན་ནོ། །


previousགཏེར་སྟོན་ཤེས་རབ་འོད་ཟེར་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next