Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
 
 
 
  
15   
 
10   
 
 
 
 
གཏེར་སྟོན་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།
expand section
  
 
 
  
 
26   
 
 
29   
 
 
 
  


137 occurrences of བརྒྱུད་གསུམ་
[Clear Hits]

 
previousགཏེར་སྟོན་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next

གཏེར་སྟོན་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།


GLG004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་དཔལ་བཀྲ་ཤིས་སྟོབས་རྒྱལ་ནི། རཏྣའི་བསྟན་པ་སྤྱི་ལུང་ལས། ངོ་མཚར་མཆོག་གི་གཏེར་སྟོན་ཉེར་ལྔ་འབྱུང་༔ གསང་གཏེར་ཉེར་ལྔས་བོད་ཡུལ་འགེང་བར་འགྱུར༔ ཐུགས་གཏེར་ལྔ་པོ་མངའ་བདག་སྤྲུལ་བས་གདོན་༔


GLG004_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མངའ་བདག་གི་སྐུ་སྤྲུལ་ཉང་། གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག །ཐུགས་སྤྲུལ་མངའ་རིས་པཎ་ཆེན་གསུམ་གྱི་རྗེས་སུ། རང་གཏེར་ཨཱཪྻ་པ་གླིང་ནས་དམ་རྫས་མྱོང་གྲོལ་དང་ལྷན་ཅིག་སྤྱན་དྲངས་པའི་ལུང་བསྟན་ལས། ཉི་ཤུ་རྩ་ལྔ་ཁྱད་པར་ཐུགས་གཏེར་ལྔ༔ ད་ལྟ་མགོ་ནག་སྤྱི་ཡི་རྒྱལ་པོ་ཁྱོད༔ སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་གདོན༔ དམ་རྫས་འདི་དང་ཕྲད་པའི་སྐྱེས་བུ་དེ༔ སྐྱེ་བ་དུ་མར་ཟབ་གཏེར་ལ་སྤྱད་པས༔ སྐུ་ཡི་གཟི་བརྗིད་མཚན་རྟགས་བཅུ་གསུམ་ལྡན༔ བདེན་པའི་ངག་འགྲུབ་སྒྲ་དབྱངས་ཚངས་པའི་གསུང་༔ ཐུགས་ཀྱི་བྱིན་རླབས་དགོངས་པའི་གཏིང་དཔག་དཀའ༔ བདག་དང་རྒྱལ་པོའི་ཡོན་ཏན་སྤྲུལ་པ་སྟེ༔ འཕྲིན་ལས་རྣམ་པ་ལྔ་ལ་རང་དབང་སྤྱོད༔ ཅེས་མངའ་བདག་གི་ཡོན་ཏན་གྱི་སྤྲུལ་པར་བསྟན་ཞིང་རིགས་དང་ཡུལ་ཕྱོགས་ཀྱང་། ད་ལྟའི་བཙུན་མོ་བདུད་བློན་དམ་སེལ་གྱི༔ བར་གཅོད་ལོག་པའི་དབང་དུ་མ་ཤོར་ན༔ འདི་ནས་ནུབ་ཕྱོགས་མི་ཉག་ཙ་ཤིང་གི༔ རྒྱལ་རིགས་ཁྱིའམ་འབྲུག་གི་ལོ་བར་སྐྱེ༔ ཞེས་རྟེན་འབྲེལ་འགྲིག་ན་བསམ་ཡས་ནས་བརྩིས་པའི་ནུབ་ལ་སྟོད་བྱང་དུ་མི་ཉག་སྟོང་འཁུན་རྒྱལ་པོ་ཙ་མའི་རིགས་སུ་འཁྲུངས་པ་དང་། དགུང་སྙིང་ཁྱི་ལོ་པ་སོགས་གསལ་བར་བསྟན་ཞིང་སྐུ་གཟུགས་རིགས་བསྡུས་ཀྱི་ཚེའི་དོན་དབང་གི་གཏད་རྒྱའི་སྐབས་ལས། མངའ་བདག་རྒྱལ་པོའི་སྐྱེ་བ་བཅུ་བདུན་ཚེ༔ རྒྱལ་པོས་བཞེངས་པའི་གཙུག་ལག་གཉིས་ཀྱི་མཚམས༔ རོང་མདོ་ཆུ་བོ་ཆེན་པོ་རྒྱུག་པའི་འགྲམ༔ ས་ཁམས་ཁྱི་འབྲུག་ལོ་པ་སྙིང་རྗེ་ཅན༔ དྲག་ཤུལ་ཚོ་རོལ་སྤྱོད་པའི་རིགས་བཞིའི་རྟགས༔ དཀར་དམར་སྨེ་བ་སྦྲུལ་གྱི་མགོ་བོ་ཅན༔ ལག་གཡས་


GLG004_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་མཚོན་ཆའི་རི་མོ་གསལ༔ ལྟེ་བ་བུམ་པའི་དབྱིབས་ལ་སྨེ་བས་མཚན༔ མཁའ་འགྲོ་དབང་སྡུད་བརླ་གཡོན་སྨེ་བའི་སྤྱན༔ ཞི་འགྲུབ་རྐང་གཡོན་རི་མོ་པདྨའི་ཚུལ༔ རྟགས་དང་ལྡན་པའི་སྐྱེས་བུ་དེ་དང་ཕྲད༔ ཅེས་སོགས་དང་གཞན་ཡང་ཆོས་དབང་གི་དུས་མཐའ་མའི་གསུང་དང་མངའ་རིས་པཎ་ཆེན་གྱི་ཞལ་ཆེམས་སོགས་ལ་དཔག་ན་གཙང་ཐག་ལ་འཕྲད་ནས་བླ་རྫོགས་ཐུགས་གསུམ་གྱི་ཟབ་གཏེར་རྒྱ་ཆེར་བཞེས་རྒྱུ་ཡོད་འདུག་ཀྱང་ཞིང་ཤག་པ་སོགས་ཀྱི་སྡེ་རིགས་སུ་བཅས་པས་རྟེན་འབྲེལ་འཕྱུགས་ནའང་དངོས་བསྟན་གང་བཞེས་མཐའ་དག་བསྲེ་བསླད་རང་བཟོ་སོགས་ཀྱི་དྲིས་མ་གོས་པ་གཏེར་ཁ་གོང་འོག་དང་དབྱིབས་འདྲ་བ་ཤ་སྟག་སྣང་བའི་སྐོར་ལས། སྙིང་པོ་དོན་གསུམ་ནི། ལོ་རྒྱུས་ལུང་བསྟན་དུ། དེ་རིང་དུས་བཟང་ཚེས་བཅུ་ལ༔ ཡིད་འོང་གནས་སུ་སྐལ་པ་བཟང་༔ ཡང་ཏིག་སྙིང་པོ་དོན་གསུམ་ཡང་༔ ད་ལྟ་དུས་བཟང་སྤྱོད་པ་བཟང་༔ ཁྱོད་ཀྱིས་ཉམས་ལེན་མཐར་ཐོན་ལ༔ མ་འོངས་དོན་དུ་གཏེར་དུ་ཟབ༔ ཅེས་པའི་མ་རྒྱུད་ཁྲག་བརླང་སྙིང་པོ་དོན་གསུམ་གྱི་གཏེར་གནས་ཀྱང་། གསང་གཏེར་ཟབ་པ་གནས་ཀྱི་རྒྱ༔ མི་འགྱུར་རྡོ་རྗེ་གཏམས་པའི་བྲག༔ གངས་དཀར་ལྷ་ཡི་གཙུག་ཏོར་རྩེ༔ སྲིན་མོ་སྦར་རྗེས་ཅན་གྱི་བྲག༔ དབུས་ན་ཌཱ་ཀི་སྦས་པའི་ཕུག༔ མཁའ་འགྲོས་སྤྱན་དྲངས་ཤེལ་དཀར་གྱི༔ མཆོད་རྟེན་སྙིང་པོ་ཅན་ལ་ཟབ༔ ཅེས་པ་ལྟར་མངའ་བདག་གི་ཡོན་ཏན་གྱི་སྤྲུལ་པ་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེའམ་གསང་མཚན་མཁའ་འགྲོ་འཕྲིན་ལས་ཡོངས་གྲུབ་རྩལ་དུ་གྲགས་པས་ལྷོ་བྲག་གཏམ་ཤུལ་བཙན་འགྲོའི་ལུང་ཕྲན་གྱི་བྱེ་བྲག་


GLG004_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

འཇོད་པ་གསེར་གངས་རིའི་མཁའ་འགྲོ་གསང་ཕུག་དྲི་མེད་ཤེལ་གྱི་མཆོད་རྟེན་དཀར་ཆུང་གི་གསང་གཏེར་ནས་སྤྱན་དྲངས་པའི་བླ་མ་ཡི་དམ་མཁའ་འགྲོའི་གསང་ཆེན་ཐུགས་ཀྱི་ཁྲག་རླང་དང་མ་མ་རྒྱུད་སྙིང་པོ་དོན་གསུམ་གྱི་སྐོར་ལ། རྒྱ་མདུད་ཨེ་ཁྲམ་ཟླ་གམ་སྒོ་གཅིག་གི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་ཐོག་མར་བླ་མའི་དབང་ལ་གཏོར་མ་བཟླས་ལུང་གསང་རྫས་ཀྱི་སྐུ་གསུང་ཐུགས་དབང་ཡི་དམ་གྱི་དབང་ནི་ཕུར་པ་ལ་བརྟེན་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་། བདུག་པ་རྫས་ཀྱི་གཟི་མདངས་སྐྱེད་པའི་དབང་། སྔགས་དབང་བྱུགས་རྫས་ཀྱིས་མ་ཚོགས་སྡུད་པའི་དབང་། བྲབ་རྫས་ཀྱིས་འདོན་བགེགས་ཐལ་བར་རློག་པའི་དབང་། དྲག་པོ་སྒྲོལ་དབང་། མཁའ་འགྲོའི་དབང་ལ། ཐོད་སྐུ་འཕྲེང་བས་སྣང་བ་སྐུའི་དབང་བཟླས་ལུང་གིས་གྲགས་པ་གསུང་དབང་། མེ་ལོང་གིས་རང་རིག་ཐུགས་དབང་། མཐའ་རྟེན་དོན་དབང་སྨོན་ལམ་དང་བཅས་པ་ལེགས་པ་མནོས་ནས། ལུང་ལ། ངེས་ཤེས་སྐྱེས་པ་ལོ་རྒྱུས་ལུང་བྱང་སྐོར། སྒྲུབ་འཕྲེང་དབང་གི་སྐོར། གསང་བ་རྫོགས་རིམ་སྐོར་དང་གསུམ། དང་པོ་ལ། ལྷོ་བྲག་གཏམ་ཤུལ་བཙན་འགྲོའི་ལུང་བསྟན་འཇོད་པ་གསེར་གངས་རིའི་འདབ་སྦས་ཕུག་མཁའ་འགྲོ་མཆོད་རྟེན་དཀར་ཆུང་ནས་གཏེར་བཞེས་ཚུལ་དང་བར་ཁམས་ཀྱི་དམ་པ་སྒང་དུ་ཕྱུགས་རྫི་ཡིན་ཁུལ་ཞིག་གིས་དཔའ་བོའི་ཐོད་པ་རིན་ཅེན་འབྱུང་གནས་ཕུལ་བའི་དུས་གནད་རྟེན་འབྲེལ་ལ་བརྟེན་ནས་ཆོས་སྒོ་ཕྱེ་ཚུལ་སོགས་ཀྱི་གཏེར་བྱུང་གཏེར་སྟོན་གྱིས་མཛད་པ། ཨོ་རྒྱན་ཡབ་ཡུམ་བསམ་ཡས་མཆིམས་ཕུ་ནས་མོན་ཁ་ནེ་རིང་སེང་གེ་རྫོང་དུ་བྱ་འཕུར་བ་བཞིན་དུ་


GLG004_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་ཚེ་ཇོ་མོས་ཟབ་ཆོས་གནང་བར་གསོལ་བ་བཏབ་ཅིང་སླར་མཆིམས་ཕུར་མངའ་བདག །ཇོ་མོ། རྡོ་རྗེ་སྤྲེ་ཆུང་གསུམ་ལ་གདམས་པ་གནང་ཞིང་གཏེར་དུ་སྦས་ཚུལ་བཅས་བསྟན་པ་རྩ་བའི་ལོ་རྒྱུས། སྤུ་རྒྱལ་བོད་ཀྱི་སྟོད་སྨད་ཀུན་ཏུ་བྱིན་གྱིས་བརླབས་པའི་གནས་དང་མཆོད་རྟེན་མང་དུ་ཡོད་པའི་ནང་ནས་ཟབ་ཆོས་འདི་ཉིད་ཀྱི་བླ་མའི་སྒྲུབ་གནས་མཆིམས་ཕུ། ཡི་དམ་གྱི་སྒྲུབ་གནས་སེང་གེ་རྫོང་། མཁའ་འགྲོའི་སྒྲུབ་གནས་གཏེར་སྒྲོམ་གྱི་བྲག་གསུམ་ཡིན་ཚུལ་སྟོན་པ་རྟེན་འབྲེལ་གནད་ཀྱི་ལུང་ངམ་རྟེན་འབྲེལ་ས་གནད་ཐེམས་ཚིགས་རྣམས། གཉིས་པ་སྒྲུབ་འཕྲིན་དབང་གི་སྐོར་ལ། གཏེར་སྟོན་གྱིས་མཛད་པའི་གསོལ་འདེབས་ཀུན་བཟང་རྡོར་སེམས་མ། བླ་མ་ཕྱི་ལྟར་གསོལ་འདེབས་ཀྱི་བསྙེན་པ། བླ་མ་ནང་ལྟར་ཕྱག་གི་སྒོ་ནས་ཉེ་བར་བསྙེན་པ། བླ་མ་གསང་བ་ལྟར་འཛབ་ཀྱི་སྒོ་ནས་སྒྲུབ་པ། བླ་མ་དེ་ཁོ་ན་ཉིད་དུ་ཡོངས་རྫོགས་ཆིག་དྲིལ་དུ་སྒྲུབ་པ་རྣམས་ལ་ཁྲག་རླུང་མེ་རི་འབར་བའི་རྒྱ་ཅན། སྤོ་བོ་བཀའ་ནམ་དུ་བཀོད་པའི་ཚེ་འཛིན་དག་སྣང་། འཕྲིན་ལས་མཆོད་པ་བསྐང་བསྟོད་ལས་ཀྱི་རིམ་པ་ཟབ་མོ། སྨིན་བྱེད་བྱིན་རླབས་སྙིང་གི་ཁྲག་རླུང་དབང་བསྐུར་དང་མ་ཐིག་ལེའི་རྒྱ་ཅན། ཤིན་ཏུ་གཅེས་པར་བཟུང་བ་དབང་དང་ལས་ཁྲིགས་ཀྱི་ཕྲ་ཡིག །དབང་ཆོག་མཐོང་བ་དོན་ལྡན་ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གྱིས་མཛད་པ་རྣམས། གསུམ་པ་གསང་བ་རྫོགས་རིམ་སྐོར་ལ། དྲན་ཆོག་གནད་ཀྱི་གདམས་པ་ཀ་དག་གི་ངོ་སྤྲོད། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་བཏགས་གྲོལ་གསང་ཡིག་ལྔ་པ། བཅུད་ལེན་ཚེ་སྟོབས་འཕེལ་བ་མཁའ་འགྲོའི་གསང་རྫས། སྡིག་ཅན་བཙན་ཐབས་


GLG004_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་བ་འཕོ་བ་མངོན་སུམ་ཚད་འབེབས་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། འགྲོ་འདུལ་ཨོ་རྒྱན་ཆེན་པོ། བཀའ་ཡི་བསྡུ་བ་པོ་ཡེ་ཤེས་འཚོ་རྒྱལ། རྩ་གསུམ་གྲུབ་བརྙེས་ཁྲི་སྲོང་ལྡེ་བཙན། སྤྲུལ་པའི་གཏེར་སྟོན་མཁའ་འགྲོ་འཕྲིན་ལས་ཡོངས་གྲུབ་རྩལ། ཐུགས་སྲས་རིག་འཛིན་ངག་གི་དབང་པོ་ཐུགས་རྗེ་དབང་གྲུབ་རྩལ། གྲུ་གུའི་སྔགས་འཆང་དོན་གྲུབ་བཀྲ་ཤིས། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །བླ་མ་མཚོ་སྐྱེས་རྡོ་རྗེ་ལ་རིམ་པ་གསུམ་དུ་ཡོད་པ་ལས། དང་པོ་སྲིན་མོ་སྦར་རྗེས་བྲག་ནས་ཉང་རིན་པོ་ཆེས་སྤྱན་དྲངས། གཉིས་པ་དྭགས་པོ་གྱེར་བྱེ་མ་དཀར་པོ་ནས་སངས་རྒྱས་གླིང་པས་སྤྱན་དྲངས། གསུམ་པ་འདི་གུ་རུ་ཆོས་དབང་གི་གཏེར་ཞབས་དབང་པོའི་སྡེ་སྐལ་བར་བྱོན་པ་སྟེ། དེ་ཡང་མཚམས་ཕུག་སྒྲུབ་པའི་གནས་བྱང་ལས། སྤུར་རྒྱལ་བོད་ཡུལ་བྲག་དམར་གཡའ་མ་ལུང་༔ རང་བྱུང་གསང་བའི་ཕུག་པར་ཚེའི་ལྷ་ཚོགས༔ ཞལ་བསྟན་དཀྱིལ་འཁོར་བཀྲག་ལྡན་ཚེ་ཆུ་ཁོལ༔ འོད་མདངས་གསང་བ་ཚེ་ཡི་དཀྱིལ་འཁོར་གསལ༔ ཞེས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་མི་ཡུལ་དུ་ལོ་སུམ་སྟོང་བཞུགས་པའི་ཚེ་ཆུ་བསྒྲུབ་པར། རྒྱལ་པོ་གནས་འདིར་འབྱོན་དུ་ཆས་ལགས་ཀྱང་༔ དམར་རྒྱན་ཀླུ་དཔལ་ལོག་པའི་བཤོལ་འདེབས་བཙན༔ རྒྱལ་པོས་དད་པས་སྤྱན་དྲངས་སྟེང་ཁང་དུ༔ ཡང་ཏིག་ཐུགས་ཀྱི་གསང་གནད་རྫོགས་པར་གནང་༔ ཁྱད་པར་གུ་རུ་མཚོ་སྐྱེས་རྡོ་རྗེ་ཡི༔ སྒྲུབ་ཐབས་ཆིག་དྲིལ་རྗེ་འབངས་གསུམ་ལ་གདམས༔ ཞེས་གཙང་རོང་གདགས་


GLG004_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྲག་ལྷང་ལྷང་མར་གྲགས་པ་སྔོན་ཚེ་ཨོ་རྒྱན་ཆེན་པོས་བདུད་རིགས་དམ་ལ་བཏགས་པའི་མཚམས་ཕུག་དགེ་བའི་གཏེར་གནས་ནས་ལྕགས་སྦྲུལ་ཧོར་ཟླ་ལྔ་པའི་ཚེས་བཅུའི་ཉིན་སྤྲུལ་པའི་གཏེར་སྟོན་དཔལ་བཀྲ་ཤིས་སྟོབས་རྒྱལ་བསོད་ནམས་རྒྱ་མཚོའི་སྡེས་གཏེར་གཡོག་ཀུན་གྱིས་མཐོང་སར་རང་གཏེར་གྱི་སྐལ་བར་སྤྱན་དྲངས་པའི་གུ་རུ་མཚོ་སྐྱེས་རྡོ་རྗེ་སྐུ་གསུམ་རིགས་འདུས་སམ་ཚེ་སྒྲུབ་ཨཱ་ཡུར་མདའ་སྐྱེས་ཀྱི་སྐོར་ལ། གསོལ་བཏབ། སྐྱབས་སེམས། བྱིན་འབེབས། ལྷ་བསྐྱེད་སྔོན་དུ་འགྲོ་བའི་ཚེ་བུམ་རྟ་ཞལ་གྱི་བུམ་པས་སྐུའི་དབང་། མེ་ལོང་ཡིག་འབྲུས་གསང་བ་གསུང་དབང་། ཐབས་ཤེས་ཉི་ཟླ་བདུད་རྩིས་ཤེས་རབ་ཡེ་ཤེས་ཐུགས་དབང་། རྡོ་རྗེ་བདུད་རྩི་བརྡ་ཐབས་ཀྱིས་རིག་པ་རྩལ་གྱི་དབང་། ཡོངས་རྫོགས་མཐའ་རྟེན་ཚེའི་དབང་རྣམས་ལེགས་པར་མནོས་ནས། ལུང་ལ། གནུབས་ཀྱི་བནྡེ་སངས་རྒྱས་ཡེ་ཤེས་ལ་བསྟན་པའི་སྐྱེ་བརྒྱུད་ལུང་བསྟན་སྒྲུབ་པའི་གནས་ཡིག །བླ་མ་རྒྱལ་བ་ཕུན་ཚོགས་ཀྱིས་བསྐུལ་བར་བརྟེན་ནས་གཏེར་སྟོན་གྱིས་འབྲི་གུང་བརྩེ་བ་གཞིས་ཀར་མཛད་པའི་བཀའ་བབས་གཏེར་བརྒྱུད་གསོལ་འདེབས་དངོས་གྲུབ་ཀུན་འབྱུང་། བཤོལ་འདེབས་ཀྱིས་ཚེ་ཆུའི་དངོས་གྲུབ་མ་བྱུང་བར་མངའ་བདག་ཐུགས་འགྱོད་ནས་བསམ་ཡས་སྟེང་ཁང་དུ་རྗེ་འབངས་གྲོགས་གསུམ་གྱིས་གསོལ་བ་བཏབ་པའི་ཚེ་སྐུ་གསུམ་ལྷ་ཚོགས་དངོས་སུ་བསྟན་པའི་ལོ་རྒྱུས་ལས་འཕྲོས་པའི་མཚོ་སྐྱེས་རྡོ་རྗེའི་སྒྲུབ་ཐབས། སྐུ་གསུམ་རིགས་འདུས་ཀྱི་གསང་བ་ཚེའི་འཕྲིན་ལས། འཆི་མེད་ཚེའི་རིག་པ་རྩལ་གྱི་དོན་དབང་ཟབ་མོ་བསྐུར་བའི་ཆོ་ག །སྤྱི་ལུང་གསང་བའི་གལ་ཐོ་ལས་དྲག་པོའི་སྐབས་དང་འབྲེལ་བའི་ལུང་བསྟན་


GLG004_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ་བུར་འུ་ཡུག་གླིང་དཀར་རྫོང་དུ་ཕབ་པ་རྣམས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། མཚོ་སྐྱེས་རྡོ་རྗེ་དང་ལྷ་མོ་ཙནྜ་ལི་ཆོས་སྐུ་ཚེ་དཔག་མེད་ཡབ་ཡུམ། པདྨ་འབྱུང་གནས་དང་ལྷ་ལྕམ་མནྡ་ར་བ་ལོངས་སྐུ་ཚེ་བདག་ཡབ་ཡུམ། པདྨ་ཚེ་དབང་རྩལ་དང་ཇོ་མོ་ཡེ་ཤེས་འཚོ་རྒྱལ་སྤྲུལ་སྐུ་ཚེ་བདག་ཡབ་ཡུམ་གནུབས་ཆེན་སངས་རྒྱས་ཡེ་ཤེས། མངའ་བདག་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་རྒྱ་ཞང་ཁྲོམ། གུ་རུ་ཆོས་ཀྱི་དབང་ཕྱུག །གཏེར་སྟོན་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ཆེ་མཆོག་འདུས་པ་རྩལ། སྣ་ནམ་ཟློར་གར་རིག་འཛིན་ངག་གི་དབང་པོ་ཐུགས་རྗེ་དབང་གྲུབ་རྩལ། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ། ཟུར་ཁྱབ་བདག་ཆོས་དབྱིངས་རང་གྲོལ་། དེས་བདག་ཟ་ཧོར་བནྡེའི་མནོག་ཆོས་སུ་སྩལ་ཞིང་རང་གིས་མནོས་པ་དང་གཞན་ལ་བསྐུལ་བ་མཐའ་དག་གི་སྐབས་སུ་ཚེ་མདའ་འཕེལ་འགྲིབ་གྱི་ལྟས་ངོ་མཚར་བ་དངོས་སུ་བྱུང་ངོ་། །མངའ་བདག་སྤྲུལ་པ་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས་གཙང་རོང་སྦས་ཡུལ་ཁམས་བུ་ལུང་གི་ཕུག་པ་ནས་གདན་དྲངས་པའི་བླ་མ་དྲག་པོ་ཀརྨ་གུ་རུའི་སྐོར་ལ། སྐྱབས་སེམས། གསོལ་བཏབ། བྱིན་འབེབས་སྔོན་དུ་འགྲོ་བའི་ཕྱག་མཚན་གྱིས་བདུད་བཞི་འཇོམས་པ་དང་འཕྲིན་ལས་ཡོངས་སྒྲོལ་གྱི་དབང་། གཏོར་མས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་། སྲོག་དབང་དྲག་པོ་སྒྲོལ་དབང་། གུ་ལང་གི་ཟོར་དབང་བཅས་མནོས་ནས། ལུང་ལ། རྩ་བའི་སྒྲུབ་པ་སྦྲུལ་ལོ་གཙང་ཐོབ་རྒྱལ་དུ་ཤོག་སེར་ལས་ཕབ་པ། འཕྲིན་ལས་རྒྱུན་ཁྱེར་གྱི་རིམ་པ་རིག་འཛིན་ངག་གི་དབང་པོའི་ལྗགས་བསྒྲིགས། དེས་མཛད་པའི་སྒྲུབ་


GLG004_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་རིམ་ཁ་སྐོང་བའི་འདོད་ཡོན་ཚོགས་ཀྱི་ཆོ་ག །འཕྲིན་ལས་དྲག་པོའི་སྲོག་གཏད་མཇུག་ཏུ་ཆོས་སྤེལ་བའི་དུས་རྟགས་ཀྱི་ལུང་བསྟན་དང་བཅས་པ་སྤྲེལ་ལོ་ཧོར་ཟླ་བཅུ་གཉིས་པའི་ཉེར་དགུ་ལ་འབྲི་གུང་རྩེ་བར་ལྟས་ངོ་མཚར་བ་བྱུང་བར་བརྟེན་ཤོག་སེར་ལས་ཕབ་པ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་བཀས་བསྐུལ་བར་བརྟེན་ཟུར་ཀུན་མཁྱེན་ཆེན་པོས་མཛད་པའི་སྲོག་གཏང་སྦྱིན་པའི་ལག་ལེན། གཏོར་ནག་ལས་ཀྱི་མདེའུ་ཐུང་། གསང་བ་མུ་སྟེགས་གཏོར་ནག་སྦྲུལ་ལོ་གཙང་ཐོབ་རྒྱལ་དུ་ཤོག་སེར་ལས་ཕབ་པ། རིག་འཛིན་ངག་གི་དབང་པོས་སྦྲགས་ཡང་རྫོང་ཚོགས་ཁང་དུ་མཛད་པའི་གཏོར་ནག་གི་ཡི་གེ །དེར་མི་གསལ་བའི་གཏོར་ནག་གི་ལག་ལེན་གསལ་བྱེད་ཟུར་ཐམས་ཅད་མཁྱེན་པས་ཁྱབ་བདག་བཀའ་འགྱུར་བའི་བཞེད་པ་སྐོང་ཕྱིར་མཛད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཀརྨ་ཧེ་རུ་ཀ །འཕྲིན་ལས་ཀྱི་རིག་འཛིན་པྲ་བྷ་ཧསྟི། གུ་རུ་རྡོ་རྗེ་ཐོད་འཕྲེང་རྩལ། ཇོ་མོ་མཁར་ཆེན་བཟའ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གཏེར་སྟོན་མཁའ་འགྲོ་འཕྲིན་ལས་ཡོངས་གྲུབ་རྩལ། ཆོས་བདག་དཔྲལ་བར་སྨེ་བ་ཅན་ཐུགས་རྗེ་དབང་གྲུབ་རྩལ། རིགས་སྔགས་འཆང་བའི་འཁོར་ལོས་སྒྱུར་བ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེའི་ཟབ་ཆོས་སུ་སྩལ་བ་བཀའ་དྲིན་གཞལ་དུ་མེད་པའོ། །དེ་ཡང་ལུང་བསྟན་དུ། གནས་ཆེན་དྲག་པོར་ཟབ་གཏེར་སྤེལ༔ དུས་རྟགས་མ་ནོར་གནད་སྟེམ་ང་༔ སྤྱི་ལུང་གསང་བའི་གལ་མདོར་ལྟོས༔ ཞེས་པའི་གནས་ཆེན་དྲག་པོ་ནི་སྒྲགས་ཀྱི་ཡང་རྫོང་ཡིན་པས་རྗེ་བླ་མ་ཟུར་ཆེན་གྱིས་གཤེད་སྐོར་


GLG004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ཕེབས་སྐབས་རིག་འཛིན་ངག་གི་དབང་པོ་ཡང་རྫོང་དུ་བཞུགས་པ་དང་འགྲིག་པའི་ད་ལམ་གཤིན་རྗེའི་དབང་ལུང་བགྱི་བའི་གནས་དང་ཁྱད་པར་གཏེར་གསལ་འདི་སྐོར་བྱེད་པ་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་ཞེས་དགྱེས་བཞིན་དུ་གནང་བའི་ལོ་རྒྱུས་ངོ་མཚར་བ་འདུག་གོ །ཆོས་རྒྱལ་དབང་པོའི་སྡེའི་གཏེར་ཕྲན་ཆར་འབེབས་གླ་བ་ཆུ་འཐུང་མ། ཕྱག་རྒྱ་མཚན་ལྡན་འགུགས་པ་དབང་དུས་མེད་དང་འདྲ་བ་གཉིས་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། སྤྱན་རས་གཟིགས། ཨོ་རྒྱན་ཆེན་པོ། ཇོ་མོ་འཚོ་རྒྱལ། རྗེ་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་མཁའ་འགྲོ་ཡོངས་གྲུབ་རྩལ། རིག་འཛིན་ཆེན་པོ་ངག་གི་དབང་པོ། སྔགས་འཆང་ཀུན་བཟང་དབང་པོ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །མི་ཟད་པ་མེ་ཕོ་ཁྱི་ལོ་ཟླ་བ་བཞི་པའི་ཚེས་གསུམ་གྱི་ཐོ་རེངས་ཀྱི་ཆར་ཆོས་རྒྱལ་དབང་པོའི་སྡེའི་འོད་གསལ་དག་སྣང་གི་ཚུལ་དུ་བྱུང་བའི་གཙུག་ལག་སྣང་སྲིད་སྤྱི་སྐོང་གི་མདོས་ཆོག་ཅེས་པ་ལོ་རྒྱུས་བཅའ་གཞི་གྱེར་གཞུང་དང་བཅས་པ་ཆོས་ཚན་གཅིག་ཏུ་ཚང་བའི་ལུང་མནོས་པའི་བརྒྱུད་པ་ནི། དྲེགས་འདུལ་གསང་བའི་བདག་པོ། ཨོ་རྒྱན་སངས་རྒྱས་གཉིས་པ། གཡུང་དྲུང་གི་བོན་པོ་སུམ་སྟོན་ཉི་མ་འོད་ཟེར། རང་བྱུང་གི་བོན་པོ་སྤང་སྟོན་ཆོས་ཀྱི་དབང་ཕྱུག །རིག་སྔགས་འཆང་བའི་འཁོར་ལོ་སྒྱུར་རྒྱལ་བཀྲ་ཤིས་སྟོབས་རྒྱལ། ཐུགས་སྲས་རིག་འཛིན་ངག་གི་དབང་པོ། མཁས་གྲུབ་ཤ་གཟུགས་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ། མཁས་གྲུབ་ཆེན་པོ་དཀོན་ཅོག་དཔལ་འབྱོར། རིག་འཛིན་སྤྲུལ་སྐུ་པདྨ་འཕྲིན་ལས། ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །ཆོས་རྒྱལ་མངྒའི་མཚན་


GLG004_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དགོངས་གཏེར་བསྟན་བཅོས་སྐོར་གྱི་ལུང་ནོས་པ་ལ། བརྡ་དོན་ལམ་ཟབ་པདྨའི་སྙིང་གཏམ་ཞེས་པ་བླ་མའི་རྣལ་འབྱོར་ཆེ་བ་ལམ་ཟབ་འབྲིང་པོ། ལམ་ཟབ་རབ་ཏུ་བསྡུས་པ། ཨོ་རྒྱན་རིན་པོ་ཆེའི་རྣལ་འབྱོར་སྣོད་བཅུད་༼ས༽དངོས་འཛིན་མ། ཡང་སྙིང་བླ་མ་རྡོ་རྗེ་འཆང་༼ས༽ཡབ་ཡུམ་གྱི་ཟབ་དབང་། ཐུན་དྲུག་གསོལ་འདེབས་རྟེན་བསྐྱེད་རང་ལུས་འཛིན་མེད་མ། ལེའུ་བདུན་བརྒྱུད་འདེབས་རྒྱས་པ་པདྨའི་འོད་ཀྱི་གཞལ་ཡས་མ་གཏེར་སྟོན་ཡན་རིག་འཛིན་རྒོད་ལྡེམ་གྱིས་མཛད་པའི་ཁ་སྐོང་དང་བཅས་པ་བྱིན་རླབས་དབང་གི་ཆུ་རྒྱུན། previous hit བརྒྱུད་འདེབས་འབྲིང་པོ་རྣམ་དག་སྐུ་གསུམ next hit་མ། པདྨའི་ལས་རིམ་གསོལ་འདེབས་བསྡུས་པ་༼ས༽ཆོས་དབྱིངས་ཟབ་གསལ་མ། རྗེ་འབངས་ཉེར་ལྔའི་གསོལ་འདེབས་རྣམ་དག་དབང་གི་ཆུ་རྒྱུན། སྤྲུལ་སྐུ་གཏེར་སྟོན་གྲངས་ངེས་ཀྱི་མཚན་སྡོམ། གསོལ་འདེབས་ཐུགས་རྗེའི་ཉིན་འབྱེད་མ། སྙིང་པོ་དོན་previous hit གསུམ་གྱི་བརྒྱུད next hit་འདེབས་ཀུན་བཟང་༼ཨ༽རྡོར་སེམས་མ། མཚོ་སྐྱེས་རྡོ་རྗེ་སྐུ་previous hit གསུམ་རིག་འདུས་ཀྱི་བཀའ་བབས་གཏེར་བརྒྱུད next hit་༼མ༽གསོལ་འདེབས་དངོས་གྲུབ་ཀུན་འབྱུང་། འཇམ་དཔལ་རྫོགས་ཆེན་གྱི་བརྒྱུད་འདེབས་ཆོས་སྐུ་འདུས་པ། ཚེ་བདག་གཏེར་བརྒྱུད་ཀྱི་གསོལ་འདེབས་ཀུན་ཁྱབ་ཡེ་ཤེས་མ། ཕྱིར་བཟློག་འཁོར་ལོ་འབར་བའི་previous hit བརྒྱུད་འདེབས་སྲིད་གསུམ next hit་འགྲོ་འདྲེན་མ། གཤིན་རྗེ་ཉི་ཟླ་ནག་པོའི་༼མ༽བརྒྱུད་འདེབས་འགྲོ་བའི་ཉི་མ། ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ཀྱི་བསྟོད་པ་༼ས༽རྡོར་གདན་བྱང་ཕྱོགས་མ། མཁས་སྒྲུབ་ཀློང་ཆེན་རབ་འབྱམས་ཀྱི་གསོལ་འདེབས་༼ས༽ཀུན་མཁྱེན་རྒྱལ་བསྟན་མ། གཏེར་སྟོན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་རྣམ་ཐར་གསོལ་འདེབས་


GLG004_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༼ས༽བླ་མ་རིག་འཛིན་མ། མཉམ་མེད་བསམ་གཏན་གླིང་པའི་གསོལ་འདེབས་༼ས༽བཀའ་བབས་མ། རིགས་ལྡན་ཆེན་པོ་རྣམ་རྒྱལ་གྲགས་པའི་གསོལ་འདེབས་༼ས༽རྣམ་ཀུན་མཆོག་ལྡན་མ། མངའ་རིས་རིག་འཛིན་ཆེན་པོའི་གསོལ་འདེབས་༼ས༽རབ་འབྱམས་རྒྱལ་བ་མ། ཡོངས་འཛིན་བཅུ་ཕྲག་བཞིའི་གསོལ་འདེབས་༼ས༽སྐྱབས་མཆོག་གསང་འདུས་མ། ཐུགས་སྲས་ཟླ་བ་རྒྱལ་མཚན་གྱི་གསོལ་འདེབས་༼ས༽ཡན་ལག་བདུན་པ་སྐབས་ཐོག་ཏུ་བསྒྱུར་ཆོག་པ་པདྨའི་གདུང་འཚོབ་མ། རྒྱལ་སྲས་བསྟན་པའི་འབྱུང་གནས་ཀྱི་གསོལ་འདེབས་༼ས༽རྒྱལ་ཀུན་བྱིན་བརླབས་མ། འཇམ་དབྱངས་གདུང་བརྒྱུད་དྲི་མ་མེད་པ་ཀུན་དགའ་བློ་གྲོས་གྱི་གསོལ་འདེབས་༼ས༽ནམ་མཁའི་མཐའ་མཉམ་མ། སྐུ་དྲུང་བསོད་ནམས་རྒྱལ་མཚན་གྱི་གསོལ་འདེབས་སྐལ་༼ས༽བཟང་འགྲོ་ཀུན་མ། རྡོ་རིང་དབོན་པོ་ཀུན་དགའ་རྒྱལ་མཚན་གྱི་གསོལ་འདེབས་༼ས༽ཀུན་བཟང་འཇམ་མགོན་མ། རང་བསྟོད་རྣམ་མང་༼ས༽སྐྱེ་བ་མ། དེའི་འགྲེལ་པ་༼ས༽རྩེ་ཆེན་ཕོ་བྲང་དུ་མཛད་པ། ཡང་རང་བསྟོད་༼ས༽དཔལ་འབྱོར་ཕུན་ཚོགས་མ། རྒྱལ་སྲས་པདྨ་ཆོས་རྒྱལ་གྱི་བརྟན་བཞུགས་༼ས༽འོད་གསལ་ལྷ་བརྒྱུད་མ། ཀ་ཐོག་དྲུང་པའི་བརྟན་བཞུགས་༼ས༽པདྨའི་རྒྱལ་ཚབ་མ། རིག་འཛིན་རྗེའི་མཚན་སྤེལ་གྱི་༼ས༽ཇ་མཆོད་ལེགས་པའི་ལམ་སྟོན་མ། ཚེ་གུར་སྦྲགས་མའི་དབང་ཆོག་འགྲོ་མགོན་ཡིད་བཞིན་ནོར་བུ། དེའི་ཕྱག་ལེན་དྲན་པའི་གསལ་འདེབས། ཚེ་སྒྲུབ་ལྕགས་སྡོང་མའི་མངོན་པར་དབང་བསྐུར་བ་ཇི་ལྟ་འཆད་ཐབས། འཇམ་དཔལ་རྫོགས་ཆེན་གྱི་གནས་ཡིག་༼ས༽ཤེས་རབ་རལ་གྲིའི་རྒྱ་ཅན། འཇམ་དཔལ་རྫོགས་ཆེན་འཆད་


GLG004_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་༼ས༽ལག་ལེན་དྲན་པའི་གསལ་འདེབས། ཆོས་འདི་སྐོར་ནོས་ཚུལ་༼ས༽བྱང་སེམས་ཨུཏྤ་ལའི་རྒྱ་ཅན། ཞབས་དྲུང་བསོད་ནམས་རྒྱལ་མཚན་གྱིས་བསྐུལ་བར་བརྟེན་གསང་བ་རིན་ཅེན་འདུས་པའི་ལྗགས་བསྒྲིགས་མཁའ་འགྲོའི་སྲོག་སྙིང་། སློབ་དཔོན་པདྨའི་ཕྱག་མཚན་གནམ་ལྕགས་རྡོ་རྗེའི་བཀའ་འགྲོལ་༼ས༽བྱིན་རླབས་རབ་གནས་མངའ་གསོལ་སྨོན་ལམ་དང་བཅས་པ་ཀུན་བཟང་དགོངས་བཅུད། བཀའ་བརྒྱད་བདེ་འདུས་བསྙེན་པའི་མན་ངག་༼ས༽ཀུན་གྱིས་ཡི་དམ་འགྲུབ་པར་ཤོག་གི་མཐའ་ཅན། ཁྲོ་བོ་རོལ་པའི་གཏོར་བཟློག་གི་ལག་ལེན་ཉུང་བསྡུས་༼ས༽མཐུ་ལྡན་དབང་པོས་བྲིས་པ། བདུད་རྩི་བུམ་པའི་ལྷ་སྒོམ་ཁ་རྒྱན་དཔག་བསམ་ལྗོན་ཤིང་། འཛབ་དགོངས་མགུལ་རྒྱན་པཉྩ་ལི་ཀ །སྦྱིན་སྲེག་ཁ་རྒྱན་རྨ་བྱའི་མདོངས། གང་ཟག་དང་སྤྲུལ་རྫས་འཁོར་གྱིས་བསྲུང་བ་དང་གཏེར་སྟོན་བྱུང་ཚུལ་བྱམས་སྤྲིན་ཤོག་དྲིལ་གྱི་དོན་གཅེས་པ་བཅོ་བརྒྱད་ནས་ཕྱུང་བ། བཤད་རྒྱུད་དང་འཁོར་ལོའི་གྱད་སོགས་ཀྱི་ཞལ་ཤེས་གསལ་སྒྲོན། ཆིག་སྐྱ་ཐུབ་པ་འཁོར་ལོ། ཁྱུང་གསུམ་མའི་ཕྱག་ལེན། འཕྲུལ་གསང་སྔགས་བྱང་མཐོང་ཆོག །རྣམ་དག་དབང་གི་ཆུ་རྒྱུན། བདུད་རྩི་བུམ་པའི་གསན་ཡིག་ཁོག་འབུབས་༼ས༽ལྡེ་མིག །ཟིལ་གནོན་ལས་བྱང་གི་སྔོན་འགྲོ་ཁ་སྐོང་གསོལ་འདེབས་དང་བཅས་པ། རྣམ་ངེས་རིན་ཅེན་སྒྲོན་མའི་གསུང་རྒྱུན་གྱི་ལས་བྱང་ཟུར་འདེབས། གཤིན་རྗེ་ཀིང་ཀང་དམར་ཆུང་རླུང་སྒྲུབ་ཀྱི་ལས་བྱང་། ཟབ་པ་གཏེར་དང་རྣམ་དག་བཀའ་མའི་རྒྱུན་གྱི་ཡང་བཟློག་ཧྲཱིཿདམར་སེར་གྱི་འབྲུ་གཅིག་ཁྲིགས་སྡེབས་ཧྲཱིཿདམར་གྱི་བསྲུང་བཟློག་གསད་གསུམ་རྗེའི་ལུགས། བསྲུང་


GLG004_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་གསད་བསྲེག་མནན་པའི་ཞལ་ཤེས་གབ་པ་མངོན་ཕྱུང་རྒྱན་གྱི་རྣལ་འབྱོར། གཤིན་རྗེ་མཐུ་སྟོབས་དྲེགས་པའི་རྒྱལ་པོ་ཐིག་འདེབས་ཞལ་ཤེས་དམར་འཁྲིད་བསྲུང་བཟློག་གསད་མནན་གྱི་འཁོར་ལོའི་བྲི་ཡིག །བསྲུང་བཟློག་གསད་མནན་གྱི་ཉམས་ལེན་རྒྱུན་འཁྱེར། བུམ་ལྕགས་ཐུན་མོང་རྫས་རྒོད་ཀྱི་རྗེས་གནང་༼ཨ༽གསལ་བྱེད། ཐོབ་ཡིག་རིན་ཅེན་གཏེར་མཛོད་༼ཨ༽བུམ་སྡོང་གི་རྒྱན་ཅན། ཞལ་གདམས་བདུད་རྩིའི་ཐིགས་པ་ཆུ་སྲིན་གྱི་རྒྱ་ཅན། འཇོམས་བྱེད་ཉི་ཟླ་ནག་པོའི་༼མ༽གསན་ཡིག་ཉི་ཟླ་འོད་ཟེར། སྒོམ་ལུང་འབོག་ཆོག་༼མ༽ཚ་གྲང་ཉི་ཟླའི་གདུང་སེལ། གདམས་གཏད་སྙན་བརྒྱུད་ཕྱག་ལེན་༼མ༽གསལ་བའི་ལྡེ་མིག །རྩ་སྡོམ་༼མ༽ཞལ་གདམས། གཤིན་རྗེའི་རཀྴའི་ལས་བྱང་༼མ༽ཚ་ཟེར་ནག་པོ་གདུང་བྱེད། སྨད་ལས་ཟངས་ལྕགས་༼མ༽ངར་མའི་དབལ་ཐོག །མ་ཧཱ་དེ་ཝའི་ལས་བྱང་༼མ༽ཟླ་བ་ནག་པོའི་སྤུ་གྲི །དུག་དབང་རྡོ་རྗེའི་ཕ་ལམ་གྱི་ལག་ལེན་༼མ༽གོ་བདེ་བར་བསྒྲིགས་པ། ཕར་ཕྱིན་རྒྱལ་བའི་བཀའ་མཐུའི་གཏེར་ཟུང་འཇུག་གི་སྒོམ་དོན། དྲེགས་པ་ཉི་ཤུའི་༼ཝ༽འཁྲུལ་སེལ། དེའི་ལག་༼ཝ༽ལེན། ཉང་གི་གཏེར་མའི་ཐུགས་རྗེ་ཆེན་པོའི་སྒོ་ནས་མིག་འབྱེད་པའི་༼དྷཱི༽རྒྱུན་འཁྱེར་བྱམས་པ་གླིང་དུ་མཛད་པ། མིག་འབྱེད་ཀྱི་ཉམས་ལེན་སྐབས་༼དྷཱི༽དོན་གསུམ་གསལ། གཏེར་ཁའི་འོག་མའི་ཁ་འབར་མ་དཀར་མོའི་འཆི་བླུའི་ལག་ལེན། སྙིང་བུ་ཆོས་སྡིངས་པའི་ཞུ་ལན་རུས་ཀྱི་ངོས་༼ས༽འཛིན། ལས་གཤིན་གྱི་༼ས༽འཁྲུལ་སེལ། ཁྱབ་འཇུག་དམ་ཤིང་གི་འཁྲུལ་སེལ་མིག་གི་མཛེས་རྒྱན། མདའ་རྡོ་མཚོན་གསུམ་གྱི་ཁ་འཆིང་༼ས༽དང་མཚོན་བསྲུང་སྐོར། དམག་བཟློག་༼ས༽སྐོར། ཤྲཱི་སིངྷའི་༼ས༽ལོ་རྒྱུས།


GLG004_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་ནས་༼ས༽སངས་རྒྱས་བླ་མ། སངས་རྒྱས་༼ས༽མགར། རྡོར་འབུམ་༼ས༽ཆོས་གྲགས། ལྷ་བཙུན་༼ས༽སྔོན་མོ། སེ་སྟོན་༼ས༽རིང་མོ། རྡོ་རྗེ་འོད་༼ས༽འབར། རྒྱ་ཞང་༼ས༽ཁྲོམ། ཚེ་བརྟན་༼ས༽རྒྱལ་མཚན། རིན་ཅེན་༼ས༽གླིང་པ། བཛྲ་༼ས༽མ་ཏི་རྣམས་ཀྱི་གཏེར་བྱུང་ལོ་རྒྱུས། ཉང་གི་གཏེར་བྱུང་མངའ་བདག་ཀུན་དགའ་ལྷུན་གྲུབ་ཀྱི་༼ས༽གསུང་རྒྱུན་ཟིན་བྲིས། གུ་རུ་ཆོས་དབང་གི་༼ས༽གདུང་རབས། བཀྲ་བཟང་གཏེར་འབྱུང་དངོས་གྲུབ་སྒོ་འབྱེད། རྗེ་བཙུན་རྡོ་རིང་པར་གུར་མགོན་ཕུར་ཞབས་མའི་བཀའ་བབས་༼ས༽ཚུལ་རྣམ་ཐར་ལས་ཁོལ་དུ་ཕྱུང་བ། བཀྲ་བཟང་ན་བཞུགས་པའི་སྐུ་རྟེན་༼ས༽བསོད་ནམས་དཔལ་འབར་གྱི་དཀར་ཆག །ཇོ་མོ་སྡེ་ལྔའི་༼ས༽ངོས་འཛིན། སྒོམ་ཆེན་གཉན་དྭགས་མ་མོ་སྙིང་ཐུན་༼ས༽བཏོན་པའི་ལོ་རྒྱུས། ཌཱ་ཀིའི་གཙོ་མོ་གྲུབ་ཆེན་མ་བརྩོན་འགྲུས་བཟང་མོའི་རྣམ་ཐར་༼ས༽ངོ་མཚར་རྟོགས་བརྗོད་ལྔ་པ། ཆུ་ཤུར་སོ་སྟོན་ལེགས་ལྡན་རྡོ་རྗེ་ལ་བསམ་གཏན་གླིང་པའི་ཨ་ཏི་༼ས༽གསན་ཚུལ་གྱི་ལོ་རྒྱུས། རང་ཉིད་ཀྱི་རྟོགས་བརྗོད་ཚིགས་བཅད་རྡོར་གདན་བྱང་ཕྱོགས་གངས་ཁྲོད་མ་མཇུག་༼ས༽ཏུ་གཏེར་ཁ་ཁུངས་བཙུན་གྱི་ལུང་གིས་ཟིན་ཚུལ་དང་བཅས་པ། རང་ཉིད་ཀྱི་མཚན་གྱི་དབྱེ་བ་༼ས༽བརྒྱད་ཀྱི་རྒྱུ་མཚན། ཤིང་རྟ་ཧོར་ཟླ་བཅུ་པའི་ཚེས་དགུ་ལ་༼ས༽རྩར་རྟ་གཅིག་རྐང་པ་ཆག་ནས་ཤི་བའི་ངེས་འབྱུང་རྐྱེན་བསྐུལ་གྱིས་ལ་ཕར་ནང་དུ་ཕེབས་པའི་ཐོ་རངས་ཀྱི་ཆར་ངོ་མཚར་གཟིགས་སྣང་ཞིང་ཁམས་གསལ་བ། ཡང་ཚེས་བདུན་གྱི་ཐོ་རེངས་དང་དེ་ནས་གུང་ལ་ཡ་མཚན་པའི་གཟིགས་སྣང་༼ས༽འཁྲུལ་མེད་དྲན་པའི་གསལ་འདེབས། སྦྲུལ་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཀྱི་ཐོ་རེངས་ཀྱི་༼ས༽


GLG004_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་སྣང་བར་གཅོད་ལས་རྒྱལ་བ། ཞག་ལྔ་ཐོག་ལ་བྱུང་བའི་གཟིགས་སྣང་༼ས༽རྟེན་འབྲེལ་ལྷུན་གྲུབ། འཕྱོང་རྒྱས་སྟག་རྩེའི་གཟིམ་ཆུང་ཚེ་རིང་ཕོ་བྲང་དུ་བྱུང་བའི་གཟིགས་སྣང་༼ས༽བརྡ་དོན་གསལ་བ། སྲིད་པ་སྤྱི་ལུགས་ཀྱི་ཞྭའི་དེ་ཉིད་བརྡ་བརྒྱུད་ངེས་གསང་ཡ་མཚན་ཅན་གྱི་གཏམ། དད་ལྡན་འཕྲིན་ལས་དབང་པོ་ལ་གསུངས་པའི་ཞལ་གདམས་བསམ་༼ས༽གྲུབ་ལོ་བདེ། ཞིང་ཤག་པ་གནམ་ཟེར་གྱིས་གློ་བུར་དུ་ཚེའི་དུས་བྱས་པའི་གནས་ཚུལ་གྱི་ཞུ་ཡིག་རྒྱལ་སྲས་རིན་པོ་ཆེར་༼ས༽ཕུལ་བ། ཡང་དེ་ཉིད་ལ་ཕུལ་བའི་ཁམས་ཕྱོགས་སུ་རིག་འཛིན་རྗེའི་བསྟན་པ་༼ས༽སྤེལ་ཚུལ་གྱི་ཞུ་ཡིག །ནུབ་དགོན་འདུས་སྡེ་གནང་བའི་༼ས༽ཆབ་ཤོག་རྒྱལ་བཀའ་མ། རིགས་ཀྱི་སྲས་མོ་དོན་ཡོད་ཆོས་སྐྱོང་རྒྱལ་མོ་ལ་གནང་བའི་༼ས༽ཆབ་ཤོག་རིང་གནས་བརྩེ་སེམས་མ། སྔགས་འཆང་འཕྲིན་ལས་དབང་པོ་གཏེར་ཁ་བརྒྱ་རྩའི་ཆོས་རྣམས་ནོས་ནས་༼ས༽རང་ཡུལ་ལྡོག་པའི་ལམ་ཡིག །ལྕགས་ཡོས་ཧོར་ཟླ་བཅུ་གཅིག་པའི་ནང་དུ་ལྷ་སྲིན་སྡེ་བརྒྱད་ལ་༼ས༽བཏང་བའི་སྤྲིངས་ཡིག །འཕྱོང་རྒྱས་ཞབས་དྲུང་མི་དབང་གི་ཐུགས་དམ་དུ་གནང་བའི་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག །ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་༼ས༽ཉི་མོའི་སྣང་བ། ཧེ་རུ་ཀ་དཔལ་བསོད་ནམས་རྩེ་མོས་དཔལ་དུར་ཁྲོད་བདག་པོའི་ཆོས་སྐོར་གནང་ཚུལ་རྟེན་ཐང་དང་ཆོས་སྲུང་གཉན་པོའི་༼ས༽ལོ་རྒྱུས་དུང་སྒྲ་ཆེན་པོ་སྲིད་གསུམ་གང་བ་མངོན་པར་དོན་ལྡན་ཉིད་དུ་སྒྲོགས་པ། དུར་ཁྲོད་བདག་པོའི་བསྙེན་སྒྲུབ་༼ར༽ཀུན་གྱི་རྩ་བ་འཕྲིན་ལས་རྣམ་བཞི་ལྷུན་གྲུབ། མཎྜལ་དཀྱིལ་འཁོར་གྱི་དོན་ཇི་ལྟ་བའི་༼ར༽རྣམ་བཤད་ཉིན་བྱེད་འཁོར་ལོ། སྲོག་ཏིག་བླ་རྡོ་བཅིང་བའི་


GLG004_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་༼ར༽གསལ་བྱེད་ཁྱད་པར་ཅན་གྱི་རྟེན་ཉི་ཟླ་སྐར་previous hit གསུམ། ཡོན་ཏན་རིན་ཅེན་རྟེན་གྱི་འཁོར་ལོའི་གནད་གདམས་སྐལ་ལྡན་༼ར༽སྙིང་གི་བུར་ཆིག་བརྒྱུད next hit་མ། གསང་རྟེན་སྐུ་འབག་བཞེངས་པའི་རྒྱུ་དུས་བཞེངས་ཚུལ་རབ་གནས་དེ་དང་འབྲེལ་བའི་བཟློག་གསང་སྦྲགས་མར་བསྟན་པ་༼ར༽སྣ་ཚོགས་བྱེད་པོའི་ཉམས་ཡིག །གཏོར་མའི་ཡིག་ཆུང་༼ར༽འདོད་ཡོན་སྤྲིན་ཕུང་། འབྲུ་འཕེལ་བ་༼ར༽མ་རྨོས་ལོ་ཏོག །དཀར་འཕེལ་བ་དངོས་གྲུབ་༼ར༽འདོད་འཇོའི་བ་མོ། ལོ་ལེགས་པ་༼ར༽འབྱོར་པའི་བང་མཛོད། ཐབ་༼ར༽གཏེར་མན་ངག་རིན་ཅེན་འབར་བ། ཆོམ་རྐུན་འཆིང་༼ར༽གསུམ་དོན་ཡོད་ཞགས་པ། སྲོག་སྙིང་བཟླས་པས་ལུས་དང་གྲིབ་བཞིན་འགྲོགས་པ་༼ར༽ངོ་མཚར་སྤྲོ་བའི་རྦ་རླབས། གཏོར་ཆོག་གི་ངེས་དོན་གསལ་བར་བྱེད་པ་འདོད་༼ར༽ཡོན་གངྒཱའི་ཆུ་རྒྱུན། ཡམས་རིམས་༼ར༽བསྲུང་བ་སྟོབས་ལྡན་དཔའ་བོའི་སྒོ་སྲུངས། འཛུལ་ཆོག་༼ར༽ཡིད་བཞིན་ཚེའི་འཁོར་ལོ། སྲིད་འཕེལ་༼ར༽ཟླ་བའི་ཆུ་རྒྱུན། སྡེ་དང་ཆོས་འཕེལ་བ་༼ར༽འདུ་བྱེད་ཆོས་ཀྱི་དུང་སྒྲ། གཅན་གཟན་ཁ་འཆིང་༼ར༽གསེར་གྱི་འཁོར་ལོ། ཚོགས་བདག་དཀར་པོའི་སྒྲུབ་ཐབས་༼ས༽དཔག་བསམ་ལྗོན་ཤིང་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་རྒྱལ་མངྒའི་མཚན་ཅན་ཡན་སོ་སོའི་སྐབས་ཐོབ་ཀྱིས་ཤེས་ལ། དེ་ནས་རྟགས་མེད་པ་རྣམས་ནི་རིག་འཛིན་ངག་གི་དབང་པོ་ལ་ཟུར་རྩ་བའི་བླ་མས་གསན། མའི་རྟགས་ཅན་ནི་ངག་གི་དབང་པོ་ནས། ཡོལ་མོ་སྤྲུལ་སྐུ་སྟོབས་ལྡན་དཔའ་བོ། དེ་ལ་ཟུར་ཆེན་གྱིས་གསན། ཨའི་རྟགས་ཡོད་པ་ནི་ངག་གི་དབང་པོ་ནས། སྔགས་འཆང་དོན་གྲུབ་བཀྲ་ཤིས། དེ་ལ་ཟུར་ཆེན་གྱིས་གསན། སའི་རྟགས་ཡོད་པ་ནི་


GLG004_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་དབང་པོ་ནས། རིག་འཛིན་ཀུན་བཟང་དབང་པོ། དེ་ལ་ཟུར་ཆེན་གྱིས་གསན། དེས་བདག་ཟ་ཧོར་བནྡེ་ལའོ། །དྷཱིའི་རྟགས་ཡོད་པ་ནི་ངག་གི་དབང་པོ་ལ་ཁྲ་ཚང་པ་ཆེན་པོས་གསན་ནོ། །ཝའི་རྟགས་ཅན་ནི་ངག་གི་དབང་པོ་ནས། སྔགས་འཆང་ངག་དབང་དོན་གྲུབ་རྒྱལ་མཚན། དེ་ལ་ཁྲ་ཚང་པ་ཆེན་པོས་གསན། རའི་རྟགས་ཡོད་པ་ནི་ངག་གི་དབང་པོ་ནས། ཤ་གཟུག་པ་ངག་དབང་བཀྲ་ཤིས་རྣམ་རྒྱལ། གླིང་སྟོད་ཆོས་རྗེ་དཀོན་ཅོག་དཔལ་འབྱོར། ཁྲ་ཚང་པ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ལའོ། །ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་བུ་དཔལ་འབར་དུ་རིག་འཛིན་གདུང་སྒྲུབ་ཀྱི་བསྙེན་པ་མཛད་པའི་སྐབས་མཁའ་འགྲོ་མ་ཞིག་གིས་ཤོག་དྲིལ་གཅིག་གཏད་པའི་ནང་དུ། ད་ནི་ཉོན་དང་སྟོབས་ལྡན་ཤུགས་འཆང་རྩལ༔ འདི་ནས་བྱང་ཤར་འབར་བའི་ཕུག་པ་རུ༔ ལས་ཅན་བུ་ལ་བཀའ་འདི་གཏོད་ཅིག་ཅེས༔ བུ་མོ་བདག་ནི་རཀྴའི་གླིང་ནས་འོངས༔ ཞེས་སོགས་མང་དུ་བྲིས་པའི་མཐར་མཚལ་ཐམ་གྱི་ཁ་ཡིག་ལ་ཨོཾ་ཨཱཿཧཱུཾ་ས་མཱ་ཡ་སིདྡྷི་ཧཱུཾ་ཟེར་བ་ཡོད་པ་ཞིག་བྱུང་བ་སོགས་ལ་བརྟེན། རྒྱང་ཡོན་བུ་ལུང་ནས་གཏེར་སྟོན་སྒོམ་ཀྱི་ཉམས་བཞེས་སྒྲུབ་སྐོར་ལྡེ་ཐུང་ཤོག་དྲིལ་རྣམ་གསུམ་ལུང་བསྟན་དང་བཅས་ཆོས་ཚན་བཞི་ཛཿཧཱུཾ་བཾ་ཧོའི་རྟགས་ཡོད་པ་དང་རི་བོ་དཔལ་འབར་གྱི་གཏེར་བྱང་ཆོས་བདག་ལུང་བསྟན་བཅས་སྤྱན་དྲངས་པ་ཕྱི་མ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། པདྨ་ཐོད་འཕྲེང་རྩལ། ཇོ་མོ་འཚོ་རྒྱལ། ཆོས་བློན་འགོས་པདྨ་གུང་བཙན། ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་བུ་སྟོབས་ལྡན་ཤུགས་འཆང་རྩལ། ཟུར་ཀུན་མཁྱེན་ཆོས་


GLG004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རང་གྲོལ། དེས་བདག་ལའོ། །རྟ་ནག་སྒྲོལ་མ་ཕུག་ཏུ་རིག་འཛིན་ཡོལ་མོ་བ་ཆེན་པོར་དག་སྣང་གི་ཚུལ་དུ་བྱུང་བའི་ཡེ་ཤེས་མཁའ་འགྲོའི་དབང་ལ་སིནྡྷུ་རའི་དཀྱིལ་འཁོར། བུམ་པ། གསང་རྫས། མཁའ་འགྲོའི་ཙཀ་ལི། གཏོར་མ་རྣམས་ལ་བརྟེན་ནས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་དབང་ཆོག་བདེ་ཆེན་འདོད་འཇོའི་སྟེང་ནས་ནོས། རིག་འཛིན་ཆེན་པོ་ཉིད་ཀྱིས་ཕོ་བྲང་གོང་རི་དཀར་པོར་མཛད་པའི་དབང་གི་ཆོ་ག་བདེ་ཆེན་འདོད་འཇོ། དེའི་འཕྲོས་ལས་ལོ་རྒྱུས་ཚིགས་བཅད་མ་ཡིད་ཆེས་ཀྱི་ངེས་པ་འདི་ག་ཙམ་གྱི་མཐའ་ཅན། ཆ་ལག་ཏུ་གཏོགས་པ་རྨི་ལམ་གྱི་སྣང་བ་ཞིག་གིས་བསྐུལ་ནས་ཚོགས་མཆོད་མཁའ་འགྲོའི་དུས་སྟོན་རྣལ་འབྱོར་དགྱེས་པའི་མཆོད་སྤྲིན་ནམ་མཚན་ལྡན་སྤྲུལ་པ་མར་གྲགས་པའི་ལུང་རྣམས་ཐོབ་པའི་previous hit བརྒྱུད་པ་ནི། ཆོས་བདག་ཡེ་ཤེས་ཀྱི་མཁའ་འགྲོ་མ། གཏེར་སྟོན་ཡོལ་མོ་པ་གསུམ next hit་པ་བསྟན་འཛིན་ནོར་བུ། གཅུང་སྤྲུལ་སྐུ་ཕྱག་རྡོར་ནོར་བུ། གྲུབ་པའི་ཁྱུ་མཆོག་རང་རིག་རས་པ། སྤྲུལ་པའི་སྐུ་མཆོག་པདྨ་འཕྲིན་ལས། ཆོས་རྒྱལ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །རིག་འཛིན་ཡོལ་མོ་བ་ཉིད་ཀྱིས་མཛད་པའི་རང་གི་རྟོགས་པ་བརྗོད་པ་རྡོ་རྗེ་རྒྱུད་མའི་སྒྲ་དབྱངས་ཀྱི་ལུང་བརྒྱུད་ཀྱང་གོང་བཞིན་ནོ། །སྤྲུལ་པའི་སྐུ་མཆོག་གཏེར་སྟོན་བསྟན་འཛིན་ནོར་བུས་མཛད་པའི་རིག་འཛིན་ངག་གི་དབང་པོའི་རྣམ་ཐར་གསོལ་འདེབས་རྣམ་གྲོལ་ཆོས་དབྱིངས་མ་དང་། གསོལ་འདེབས་ཆུང་བ་དྲི་མེད་པད་དཀར་བཞད་པའི་ཕྲེང་བའམ་ཤིན་ཏུ་རྒྱ་ཆེ་བ་གཉིས་ཀྱི་ལུང་ནི་མཛད་
པ་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེ་བདག་ལའོ། །


previousགཏེར་སྟོན་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next