Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
 
 
 
  
15   
 
10   
 
 
 
 
expand section
  
 
བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་ཤེར་ཕྱིན་སྣ་ཚོགས་པའི་སྐོར།
 
  
 
26   
 
 
29   
 
 
 
  


137 occurrences of བརྒྱུད་གསུམ་
[Clear Hits]

 
previousབཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་ཤེར་ཕྱིན་སྣ་ཚོགས་པའི་སྐོར།next

བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་ཤེར་ཕྱིན་སྣ་ཚོགས་པའི་སྐོར།


GLG004_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་བྱུང་བ་ཤེར་ཕྱོགས་ལ། ཡུམ་རྒྱས་པ་འབུམ་ནི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱིས་ཀླུའི་ཡུལ་ནས་སྤྱན་དྲངས་པའི་ཚེ་བྱམས་ཞུས། ཆོས་འཕགས། རྟག་ཏུ་ངུ་། ཡོངས་གཏད་དེ་ལེའུ་བཞི་གདེངས་ཅན་རྣམས་ཀྱི་མཆོད་གནས་སུ་བཞག་པས་མིའི་ཡུལ་དུ་མ་འདྲོངས། དེང་སང་བྱམས་ཞུས་དང་ཆོས་འཕགས་བསྡོམས་པའི་ལེའུ། རྟག་ཏུ་ངུའི་ལེའུ། ཡོངས་གཏད་དེ་ལེའུ་གསུམ་དུ་སྣང་བ་ཉི་ཁྲི་དང་བརྒྱད་སྟོང་པ་ནས་ཁ་བསྐངས་པ་འགོས་ཆོས་གྲུབ་ཀྱིས་རྒྱ་ནག་ནས་བསྒྱུར་པ་ཡོད་པས་དངོས་བསྟན་དུ་འཁྲུལ་གཞི་མི་བྱ་ཞིང་། དེའང་ལྷ་བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་རླངས་ཁམས་པ་གོ་ཆས་འབུམ་ཐུགས་ལ་བཟུང་ནས་བསྒྱུར་བས་རླངས་ཀྱི་ཐུགས་འགྱུར་མ། རྗེ་བཙད་པོའི་མཚལ་ཁྲག་དང་ར་དཀར་གྱི་འོ་མ་སྦྱར་ནས་བྲིས་པའི་དུམ་པ་བཞི་པ་ལ་རེག་ཟིག་དམར་པོ་ལྷ་ས་གོང་གི་སོ་ཕག་མཆོད་རྟེན་གྱི་ནང་བཞུགས་ལ་ཡོད་པར་གྲགས། ལ་ལ་ཀོང་པོ་བུ་ཆུར་ཡོད་ཟེར་བ་ནི་མཁན་སློབ་འཚོ་གསུམ་གྱི་ཤངས་མཚལ་གྱི་འབུམ་དམར་སྤྲུལ་སྐུ་དྲི་མེད་ལྷུན་པོས་གཏེར་ནས་སྤྱན་


GLG004_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པ་དེ་དང་ནོར་གཞི་བྱུང་བར་མངོན། སྦས་མཉྫཱུ་ཤྲཱི་དང་ཉང་ཨིནྡྲི་ཝ་རོ་གཉིས་ཀྱིས་བླངས་པའི་རྒྱ་དཔེའི་སྟེང་ནས་ཡོ་བྱད་རྣམས་མངའ་འབངས་ལ་དཔྱ་ཁྲལ་བསྡུས་ནས་དཔྱ་འབུམ་དུ་གྲགས་པ། རྗེའི་དབུ་སྐྲའི་གཞོབ་རམས་ལ་བསྲེས་ཏེ་ར་དཀར་གྱི་འོ་མ་དང་སྦྱར་ནས་བྲིས་པའི་རེག་ཟིག་སྔོན་པོ་དུམ་པ་བཞི་པ་དེ་ལ་ལྕགས་ཐུར་བརྒྱུས་པས་ལྕགས་ཐུར་ཅན་དུ་གྲགས་པ་བསམ་ཡས་སུ་བཞུགས་ཀྱང་དེང་སང་འདི་ན་ཡོད་མི་གསལ། རེག་ཟིག་སྔོ་དམར་གཉིས་རྫུ་འཕྲུལ་གྱིས་ཡབ་ཡོབ་ཏུ་བསྒྱུར་བས་དེའི་མིང་དུ་ཐོགས་ཤིང་བླ་འགྱུར་ཆུང་བར་ཡང་ངོས་འཛིན། རེག་ཟིག་ཅེས་པ་བཀས་བཅད་ཀྱི་བརྡ་རྙིང་དུ་དབུས་པ་བློ་གསལ་བཞེད་པ་བརྡ་གསར་རྙིང་གི་ཁྱད་པར་ཕྱེ་བའི་རྙིང་པར་དགོངས་པ་དོན་དུ་ཟིན་བྲིས་ཀྱི་མིང་ཡིན་པ་གླེགས་བམ་འདི་རྣམས་ཧ་ཅང་བསྡུས་པའི་ཟིན་བྲིས་ལྟ་བུར་སོང་བས་སླར་འཇིག་རྟེན་གྱི་མིག་གཅིག་པུ་བཻ་རོ་ཙ་ནས་རྒྱ་དཔེ་དང་བསྟུན་ནས་ཞུ་ཆེན་དུ་མཛད་པར་དུམ་བུ་དྲུག་པ་གླེགས་ཤིང་ལ་གྲས་ནས་པར་བཀབ་ཅན་དང་། གསུང་རབ་ཀྱི་བར་དུ་ཕ་ཝང་གི་ཚང་བཅས་པས་ཕ་ཝང་ཅན་དུའང་བརྗོད་པ་བླ་འགྱུར་འབྲིང་པོ། འབྲོམ་གཟའ་བྱང་ཆུབ་སྨན་གྱིས་ཀེ་ཏུ་གླིང་དུ་གཡོས་མལ་བཅས་ནས་ཟན་སྣ་བཅུ་གསུམ་རེས་སད་མི་མི་བདུན་སོགས་རབ་བྱུང་སུམ་བརྒྱ་ལ་བསྙེན་བཀུར་ཏེ་ཡུམ་རྒྱས་པ་བམ་པོ་རེ་ལ་ཤོག་དྲིལ་རེ་བྱས་པའི་སྟེང་ནས་གདུགས་ཚོད་ཐོན་པ་དང་ཚར་རེ་སྒྲོགས་པའི་ཤོག་དྲིལ་རྣམས་ཀྱི་སྣོད་ཤ་སྒྲོ་ཞིག་ཡོད་པས་དེར་ཐོགས་ཤིང་མཆིམས་ཕུ་ན་བཞུགས་པར་གྲགས། མངའ་བདག་ཁྲི་ལྡེ་སྲོང་བཙན་གྱི་དུས་ལོ་པཎ་རྣམས་ཀྱིས་འཕན་ཡུལ་གྱི་སྨད་ཀ་བ་ན་མོ་ཆེར་འགྱུར་བཅོས་ཀྱི་ཞུ་ཆེན་ལ་བརྟེན་དུམ་བུ་


GLG004_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་ཏུ་བཞེངས། འཇུག་སྣོད་ལས་གྲས་ཏེ་ཤ་སྒྲོ་ཅན་དུ་བཏགས་པ་བླ་འགྱུར་ཆེན་མོ། འདི་སྔོན་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་དུས་བྱུང་བའི་ཤ་སྒྲོ་ཅན་དང་མི་གཅིག །གཞན་ཡང་ཉང་དང་ལྕེ་ཁྱི་འབྲུག་སོགས་ལོ་ཙཱ་བ་ཁྱོན་སྡོམས་དྲུག་གི་འགྱུར་བྱང་ཡོད་པར་གྲགས། དེའང་ཡུམ་ཆེན་མོ་བཞེང་བ་རྗེ་མ་གཏོགས་འབངས་ཀྱིས་བཞེང་མི་ནུས་པས་ཁྲི་ལྡེ་གཙུག་གི་བླ་འབུམ་སྐྱ་བོ། མཇིང་ཡོན་གྱི་སྤུག་འབུམ། གཙང་མའི་བྱེ་འབུམ། རལ་པ་ཅན་གྱི་དྲུག་འབུམ། གནམ་ལྡེ་ལྷའི་ཞལ་དམར་ཅན། དར་མའི་ཤོག་སེར་ཅན་ཙམ་ལས་མ་འཕེལ་བ་རྗེས་སུ་འབངས་ཀྱིས་བཞེངས་པའི་འབུམ་ཚར་བཅུ་དགུ་ཙམ་བྱུང་། དེ་ནས་མི་རིང་བར་རུ་མཚམས་ཀྱི་ལྕང་རྡོ་རྗེ་ཚུལ་ཁྲིམས་ཀྱིས་འབུམ་བཅུ་དགུ་པ་ཐམས་ཅད་ལ་གཏུགས་ནས་དེ་བཞེངས་པས་ཤིན་ཏུ་དག་ཅིང་། དེ་ལས་མཆེད་པ་འབུམ་ཚར་དྲུག་ཅུ་སྐོར་དང་། དེའི་རྒྱུན་ལས་ཡར་ཀླུངས་ཇོ་བོས་བཞེངས་པའི་འབུམ་ལ་མ་ཕྱི་བྱས་ནས་དུམ་བུ་བཅུ་གཉིས་བམ་པོ་སུམ་བརྒྱ་དང་གསུམ་ལེའུ་བདུན་ཅུ་དོན་ལྔ། ཤློ་ཀ་འབུམ་དང་ཆིག་སྟོང་ཡོད་པ། མངའ་བདག་ཁྲི་རལ་གྱི་དུས་གཏན་ལ་ཕབ་པ་ལས་རྙེད་པར་གྲགས་པའི་དཔེ་རྒྱུན་ཞིག་ཀྱང་འདུག་ཅིང་། བལ་ཡུལ་ཕམ་མཐིང་གི་གཙུག་ཁང་གི་འབུམ་ལ་ཤེས་རབ་སྒྲོན་མ། སྣང་བ་གསལ་བ། ཟླ་བའི་སྒྲོན་མེ་གསུམ་ལྷག་པོར་ཡོད་པ་རྔོག་ལོས་གསེར་ཞོ་གསུམ་གྱི་རྔན་པ་བྱིན་ནས་བསྣན་པས་སྔོན་མ་རྣམས་ལ་ཏིང་ངེ་འཛིན་བརྒྱ་བཅུ་དགུ་ལས་མེད་པར་བརྒྱ་ཉེར་གཅིག་ཏུ་མཛད། སྒོ་གསུམ། རྣམ་གྲངས་བཅུ་གཅིག །ཞུས་ལན་བརྒྱ་དང་ཉི་ཤུ། འགྲེས་རིང་བརྒྱ་ལྔ་བཅུ། ཕྱོགས་སྐོར་བདུན་ཅུ་རྩ་བཞི། མཚོན་བྱེད་ཀྱི་ཆོས་བདུན་ཅུ་འགྲེས་


GLG004_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བདུན་བརྒྱ་དང་བཅུ་གཅིག །འགྲེས་ཐུང་བསྣན་པའི་འགྲེས་རྩ་ཁྲི་དང་བཞི་བརྒྱ་ཉེར་དགུ། བམ་པོ་སུམ་བརྒྱ་དང་ལེའུ་དོན་གཉིས་བྱུང་ཞིང་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་གསན་ཡིག་ཏུའང་རྔོག་འགྱུར་གྱི་ལེའུ་དང་བམ་གྲངས་ཀྱི་རྗེས་སུ་འབྲངས་འདུག་པས་གཙོ་ཆེ་བར་མངོན་ནོ། །དེ་ལྟར་ཡུམ་རྒྱས་པའི་ལུང་ལེགས་པར་མནོས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། མཁས་པ་བློ་གྲོས་བསྟན་པ། པཎ་ཆེན་རིག་པའི་ཁུ་བྱུག །འགྲེལ་མཛད་མཆེ་བའི་སྡེ། ཁ་ཆེ་བཟང་པོའི་ཞབས། མར་མེ་མཛད་བཟང་པོ། ཁ་ཆེ་གཾ་གཱ་དྷ་ར། པཎྜི་ཏ་ཀ་ན་ཀ་ཤྲཱི། པཎྜི་ཏ་པུ་ཎྱ་ཤྲཱི་མི་ཏྲ། ཁ་ཆེ་དགོན་པ་བ་སྤྱན་གཅིག །ཁ་ཆེ་དྷརྨྨ་ཤྲཱི། རྡོ་རྗེ་གདན་པའི་གསན་ཡིག་ན་རྒྱ་མཚོ་དང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་དཀྱུས་ལྟར་བྱུང་བས་དཔའ་བོའི་གསན་ཡིག་ན་འདི་གཉིས་གཅིག་ཏུ་བྱས་པ་ཡིག་སྐྱོན་ནོ། །བ་རེག་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན། དེ་སྲས་བ་རེག་བསྟན་སྐྱབས། དགེ་བསྙེན་དགའ་བ་རཱ་ཛ། དཔའ་བོ་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་དགེ་བཤེས་ཟེར་འདུག་ཀྱང་རྡོ་རྗེ་གདན་པའི་གསན་ཡིག་ན་དཀྱུས་ལྟར་སྣང་བས་ཡིག་སྐྱོན་ཤོར་བ་འདྲ། བླ་མ་བཀྲ་ཤིས་རྡོ་རྗེ། བླ་མ་འོད་ཟེར་ཤེས་རབ། སྟག་སྟོན་སྤྱིལ་ཕུ་བ། བླ་མ་དར་མ་འོད་སེར། ཞང་ཆོས་ཀྱི་བླ་མ། སློབ་དཔོན་ཇོ་བཙུན། སློབ་དཔོན་བསམ་གཏན་གྲུབ། འདུལ་འཛིན་སེའུ་བ་བློ་གྲོས་བཟང་པོ། མཉྫུ་གྷོ་ཥ་རཏྣ། འདུལ་འཛིན་སྟན་གཅིག་པ་བློ་གྲོས་བྱང་ཆུབ། སློབ་དཔོན་ཤཱི་ལ་བྷ་དྲ། སློབ་དཔོན་བསོད་ནམས་སེང་གེ །ཚལ་རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཅེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཐུ་


GLG004_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་ཀུན་དགའ་རྒྱལ་པོ། འབུམ་རབ་འབྱམས་པ་རིན་ཅེན་ཆོས་དབང་། རབ་འབྱམས་ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག །མང་ཐོས་ཆོས་རྒྱལ་དོན་གྲུབ། སྤྱན་སྔ་དཀོན་ཅོག་འབངས། དྲུང་པ་གྲགས་པ་དོན་གྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། དྷཱི་ཚ་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག །གསུང་རབ་རྒྱ་མཚོའི་མངའ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡུམ་འབྲིང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། གོང་དཀར་བའི་གསན་ཡིག་ན་འདི་ལྟར་སྣང་ཚལ་པ་བཀའ་འགྱུར་དཀར་ཆག་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ཏུ་བམ་པོ་བདུན་ཅུ་དོན་བརྒྱད་ཅེས་འདུག །བམ་པོ་བརྒྱད་ཅུ་རྩ་previous hit གསུམ་ཤློ་ཀ་བརྒྱ་ལེའུ་བདུན་ཅུ་དོན་དྲུག་པ་ཐོབ་པའི་བརྒྱུད next hit་པ་ནི། སློབ་དཔོན་དབྱིག་གཉེན་ཡན་གོང་ལྟར་ལ། དེ་ནས་འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། མཁན་པོ་རྣམ་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། གུ་ཎ་མིརྟ། རཏྣ་པཪྤ་ཐ། སློབ་དཔོན་ཤནྟི་པ། པཎྜི་ཏ་འབུམ་ཕྲག་གསུམ་པ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་ཤེས་རབ་བརྩོན་འགྲུས། སློབ་དཔོན་དཀར་ཆུང་རིང་མོ། ཞང་ཡེ་བ་ཆེན་པོ། གཉལ་ཞིག་འཇམ་རྡོར། རྒྱ་ཤེས་རབ་དབང་ཕྱུག །ཆུ་མིག་པ་སེང་གེ་དཔལ་བཤེས་གཉེན་ལྷོ་བྲག་པ། མཁས་པ་དབེན་དགེ་བ། རྒྱུད་བླ་མ་རྡོ་རྗེ་རིན་ཅེན། མཐར་རྩེའི་སློབ་དཔོན། ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ། རྗེ་བསོད་ནམས་སེང་གེ །ཚལ་རིན་པོ་ཆེ་གྲགས་དོན་པ་ལ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྗེ་རིན་ཅེན་ཟླ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ། ཉི་ཁྲི་མ་གཏོགས་བཀའ་འགྱུར་ཡོངས་


GLG004_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་གསན་འཚམས་རྗེ་ཤཱཀྱ་རྒྱལ་མཚན་ཞིང་བརྗེས་པས་མནལ་ལམ་དུ་བཀའ་འགྱུར་བ་ཕེབས་ནས་ཉི་ཁྲི་ཚར་གཅིག་གསུངས་པས་དེ་གོ་ཆོད་མཛད་ནས་གསན་ཡིག་རྒྱ་མཚོ་ཕྱག་བྲིས་མར་ཉེ་གནས་མི་འདུག་རུང་སླར་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྒྲོ་སྐུར་སྤངས་ཕྱིར་བཀའ་འགྱུར་བའི་ཉེ་གནས་རིན་ཅེན་ཟླ་བས་བཀླག་ལུང་གསན་པ་ཡིན་ཞེས་ཁྱབ་བདག་ཁྲ་ཚང་པ་ཆེན་པོ་གསུངས་ངོ་། །གདན་པ་མན་གོང་དང་འདྲ། ཡང་ན་སློབ་དཔོན་སངས་རྒྱས་ཡེ་ཤེས་ནས། སློབ་དཔོན་དཔལ་སྦས། སློབ་དཔོན་རཏྣ་ཀཱ་ར་ཤཱནྟི། སློབ་དཔོན་ཝ་ལ་ཙནྡྲ། པཎ་ཆེན་དྷཱི་ར་པཱ་ལ། རྔོག་ལོ་མན་འདྲ། །ཡུམ་བསྡུས་པ་འདི་སྔོན་ལ་བྱེད་པ་རྡོ་རྗེ་གདན་པའི་གསན་ཡིག་གི་རྗེས་སུ་འབྲངས་པ་ཡིན་ཚལ་པ་བཀའ་འགྱུར་དུ་ཤེས་རབ་ཁྲི་པའི་འོག་ཏུ་འདུག་གོ །བརྒྱད་སྟོང་པ་ལ་འཕྲེང་བ་ཅན་དང་བཟོ་སྦྱངས་དང་སྡེ་ཅན་ཏེ་གསུམ་དུ་བྱུང་བ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇིག་རྟེན་གྱི་མིག་གཅིག་པུ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་རྒྱ་དཔེ་ཐ་དད་པ་གསུམ་པོ་དེ་སེ་ནིཥྐ་ཞེས་བྱུང་བའི་ཚེ་སྡེ་ཅན་པྲཀྞིཥྐ་ཞེས་པའི་ཚེ་འཕྲེང་ཅན། ཤ་ནིཥྐ་ཞེས་བྱུང་ཚེ་བཟོ་སྦྱངས་སུ་བསྒྱུར་བ་ཡིན་ལ། མདོར་མིང་མི་གཅིག་པ་གསུངས་པ་གང་ཟག་གཅིག་ལ་མིང་མི་གཅིག་པ་སྣ་ཚོགས་འོང་བ་ལྟ་བུ་ལས་ཐ་དད་པ་མིན་ཞིང་། འཕྲེང་བ་ཅན་ལ་ལྷའི་མེ་ཏོག །ལྷའི་བདུག་སྤོས་ཞེས་པ་བཞིན་འགྱུར་རྒྱས་པ་དང་། གཞན་གཉིས་ལ་ལྷའི་མེ་ཏོག་དང་བདུག་པ་དང་ཞེས་ཚིག་ཉུང་བར་གྲགས་གསུང་པ་ནི་ཁུངས་ཤིན་ཏུ་བཙུན་པར་སྣང་ཡུམ་རྒྱས་འབྲིང་གཉིས་ལ་འཕྲེང་ཅན་དང་། ཁྲི་བརྒྱད་སྟོང་པ་དང་སྡུད་པ་གཟོ་སྦྱངས་སུ་བསྒྱུར་བ་སོགས་ནས་ཤེར་ཕྱོགས་ཕལ་ཆེར་ལ་ལུས་གསུམ་པོ་འདིའི་རྣམ་གཞག་དོན་གྱི་ཐོབ་པ་ཞིག་ཡོད་འདྲའོ། །དེ་ལྟར་ཡུམ་བསྡུས་པ་པཎྜི་


GLG004_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་སེ་ན་དང་ཛྙཱ་ན་སིདྡྷི། ལོ་ཙཱ་བ་དྷརྨ་ཏཱ་ཤཱི་ལས་བསྒྱུར་བ་ལས། སླད་ཀྱི་པཎྜི་ཏ་སུ་བྷ་ཥི་ཏ་དང་ལོ་ཙ་བ་རིན་ཅེན་བཟང་པོས་འགྲེལ་པ་དང་མཐུན་པར་བསྒྱུར། ཡང་དཔལ་མར་མེ་མཛད་དང་ལོ་ཆེན་རིན་བཟང་གིས་ཡུལ་དབུས་ཀྱི་འགྲེལ་པ་ལ་གཏུགས་ནས་བཅོས་ཤིང་། སྐྱིད་ཤོད་སྙེ་ཐང་ན་མོ་ཆེར་ཇོ་འབྲོམ་ཡབ་སྲས་ཀྱིས་བརྒྱད་སྟོང་པ་གསུངས་པའི་ཚེ་ཆེ་ལོང་ཞིག་གཏན་ལ་ཕབ། སླར་ཡང་བྱང་རྭ་སྒྲེང་དུ་འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་རྒྱ་དཔེ་གསུམ་ལ་གཏུགས་ནས་ལན་གཉིས་སུ་ཞུས་དག་ཅིང་། དེ་རྗེས་རྔོག་ལོ་ཙཱ་བ་ཆེན་པོས་ཁ་ཆེའི་དཔེ་དང་ཡུལ་དབུས་ཀྱི་རྒྱ་དཔེ་དུ་མ་བསགས་ནས་ཞུས་ཆེན་དུ་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་བམ་པོ་ཉི་ཤུ་རྩ་བཞི་ལེའུ་སོ་གཉིས་པ་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་སེང་གེ་བཟང་པོ་ཡན་ཉི་ཁྲི་ལྟར། དེ་ནས་ཡོན་ཏན་བཤེས་གཉེན། རིན་པོ་ཆེའི་རི་བོ། པཎྜི་ཏ་ཟླ་བ་བཟང་པོ། པཎ་ཆེན་འབུམ་ཕྲག་གསུམ་པ་ནས་བཟུང་ཆོས་རྗེ་བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་གྱི་བར་ཡང་ཉི་ཁྲི་ལྟར་ལས། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། ཡངས་པ་ཅན་པ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ། མཁྱེན་བརྩེའི་དབོན་པོ་ཚེ་དབང་ཀུན་མཁྱེན། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། རྡོ་རྗེ་འཆང་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་མཁས་གྲུབ་བློ་མཆོག་རིག་པའི་རྡོ་རྗེ། དེས་བདག་ལའོ། །མཁས་གྲུབ་སྨན་ལུང་པས་བཀྲ་ཤིས་ཆོས་སྡེར་རྗེ་བཙུན་བཀའ་འགྱུར་བ་ཆེན་པོ་ལ་ལུང་གསན་ཟིན་པ་དང་རྗེས་སུ་ལྷོ་བྲག་ཉི་ལྡེར་དྷཱི་ཚ་སྤྲུལ་སྐུ་ལ་ཤེར་ཕྱོགས་གསན་སྐབས་སྤྲུལ་སྐུ་སྤྱན་བསྙུན་པའི་


GLG004_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འོ་བརྒྱལ་བ་བྱུང་བར་བརྟེན་བརྒྱད་སྟོང་པ་སྔར་གྱི་དེ་གས་གོ་བཅད་པའི་བསྐྱར་ནས་མ་གསན་འདུག །ཡང་འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་ལ་ཚར་གཅིག་ཐོབ་པ་སྤག་ཤོད་ཆོས་རྗེ་རིན་ཅེན་རྒྱ་མཚོར་གསན་གསུང་བ་ལས་བརྒྱུད་པ་མ་བྱུང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ་ལེའུ་བརྒྱད་ཅུ་རྩ་གཉིས་པ་གོང་དཀར་བ་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་འདི་བཞིན་བྱུང་ཡང་ཚལ་པ་བཀའ་འགྱུར་ན་རྩ་བདུན་ཟེར་བ་སྣང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་བ་ཐོབ་པའི་བརྒྱུད་པ་ནི། ཤཱནྟི་པ་ཡན་ཉི་ཁྲི་ལྟར་ལ། དེ་ནས་ཛྙཱ་ན་ཀཱིརྟི། རོང་ཟོམ་ཆོས་བཟང་། གསང་སྔགས་རྙིང་མ་པ་དཀར་ཆས་ཅན། མངའ་རིས་པ་ཚུལ་དབང་ཤེས་རབ། ལ་སྟོད་པ་དབང་རིན། བླ་མ་བཀྲ་ཤིས་རྡོ་རྗེ། སྤོང་ཁྲོད་འདུལ་འཛིན་པ་ཆེན་པོ། འཇད་ར་སྔ་བ་ཤེས་རབ་འཚོ། བླ་མ་དར་མ་འོད། བླ་མ་བློ་གྲོས་རྒྱལ་མཚན། མཁས་པ་བྱང་ཆུབ་འབུམ། མཚོ་དཀར་བ་ཁམས་པ་བྱང་རྒྱལ། བླ་མ་ཡར་ཀླུངས་པ་བསོད་ནམས་ཤེས་རབ། མཐར་རྩའི་བླ་མ་གཞོན་ནུ་དང་། རིན་པོ་ཆེ་གྲགས་དོན་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གདན་པ་མན་ཡུམ་རྒྱས་པ་དང་འདྲ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་བམ་པོ་སུམ་ཅུ་དང་ཤློ་ཀ་ཚལ་པ་བཀའ་འགྱུར་ན་བམ་པོ་སུམ་ཅུ་རྩ་བཞི་ཞེས་པ་ལས་ཤློ་ཀ་བརྒྱའི་སྒྲོས་མི་འདུག །བརྒྱ་ལེའུ་སུམ་ཅུ་སོ་གསུམ་པ་པཎྜི་ཏ་ཛི་ན་མི་ཏྲ། པྲཛྙཱ་ཝརྨ། ལོ་ཙཱ་བ་ཡེ་ཤེས་སྡེ་previous hit གསུམ་གྱིས་བསྒྱུར་བ་ཐོབ་པའི་བརྒྱུད next hit་པ་ནི། སློབ་དཔོན་སེང་གེ་བཟང་པོ་ཡན་ཉི་ཁྲི་ལྟར་ལ་དེ་ནས་ཀུ་ས་ལི་ཆེ་ཆུང་། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་ཨ་ཏི་ཤ །དགེ་བཤེས་འབྲོམ་སྟོན་པ། ནམ་མཁའ་གོ་ཆ། ཆག་དབང་ཕྱུག་རྒྱལ་མཚན། ལ་སྟོན་པ་དཀོན་ཅོག་འབར། བླ་


GLG004_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཀྲ་ཤིས་རྡོ་རྗེ། སྤོང་ཁྲོད་འདུལ་འཛིན། རྟ་ནག་པ་སྒོམ་ཤེ །བླ་མ་དར་མ་འོད་ཟེར་མན་ཁྲི་བརྒྱད་སྟོང་པ་དང་གཅིག་གོ །ཤེར་ཕྱིན་སྣ་ཚོགས་པའི་སྐོར་ལ། ཤེར་སྙིང་མ་གཏོགས་ཚལ་པ་བཀའ་འགྱུར་སོར་བཞག་བྲིས་པ་ཡིན་རྡོ་རྗེ་གདན་པ་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་ཚུལ་བརྒྱ་ལྔ་བཅུ་སོགས་ཁ་ཤས་འདུག་ཀྱང་མ་ཐོབ་པས་མ་བྲིས། སྡུད་པ་ཚིགས་སུ་བཅད་པ་བམ་པོ་གཅིག་པ་བརྒྱད་སྟོང་པའི་ལེའུ་མཐའ་མའོ། །བིདྱཱ་ཀ་ར་སིངྷ་དང་དཔལ་བརྩེགས་ཀྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱི་རྣམ་པར་གནོན་པས་ཞུས་པ་བམ་པོ་བདུན་དང་ཤློ་ཀ་དྲུག་ཅུ་ཤཱི་ལེནྡྲ་བོ་དྷི་དང་ཛི་ན་མི་ཏྲ། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་གསར་བཅད་ཀྱིས་བཅོས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དཀོན་བརྩེགས་ཀྱི་འདུས་པ་ཞེ་དྲུག་པ་ལས་བྱུང་བ། བདུན་བརྒྱ་པ་གསར་བཅད་ཀྱིས་བཅོས་པ་འགྱུར་གོང་འདྲ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་སྐད་གསར་བཅད་ཀྱིས་བཅོས་པ་འགྱུར་གོང་འདྲ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སུམ་བརྒྱ་པ་རྡོར་གཅོད། སྐད་གསར་བཅད་ཀྱིས་བཅོས་པ་ཤཱི་ལེནྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར། ཤེར་ཕྱིན་ལྔ་བཅུ་པ། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ། འདི་གཉིས་རྒྱུད་འབུམ་ནང་ན་བཞུགས། ཤེར་ཕྱིན་སྒོ་ཉི་ཤུ་རྩ་ལྔ་པ། ཤེར་ཕྱིན་ཡི་གེ་གཅིག་མ། ཤེས་རབ་སྙིང་པོ་ཤློ་ཀ་ཉེར་སློབ་དཔོན་བི་མཱ་ལས་དག་པར་མཛད་ནས་བསམ་ཡས་དགེ་རྒྱས་ཀྱི་སྐོར་ཁང་གི་གདོང་ཡར་བལྟ་ལ་གླེང་གཞིའི་བཀོད་པ་དང་བཅས་བྲིས་ཤིང་ཚལ་པ་བཀའ་འགྱུར་དུ་འདིའི་གྲས་སུ་མེད་པར་རྒྱུད་འབུམ་གྲས་སུ་བཅུག་འདུག་གོ །ལྔ་པ་པཎྜི་ཏ་བི་མཱ་ལ་དང་ལོ་ཙཱ་བ་རིན་ཅེན་སྡེའི་འགྱུར། ཤེར་ཕྱིན་ཉི་མའི་སྙིང་པོ། ཤེར་ཕྱིན་ཟླ་བའི་སྙིང་པོ། ཤེར་ཕྱིན་ཀུན་ཏུ་བཟང་པོ། ཤེར་ཕྱིན་ལག་ན་རྡོ་རྗེ། ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན་རྣམས་


GLG004_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ལས་ཤེས་རབ་སྙིང་པོ་མ་གཏོགས་པའི་བརྒྱུད་པ་ནི། ཁ་ཆེ་ཛྙཱ་ན་ཤྲཱི། སུ་མ་ཏི་ཛྙཱ་ཀཱིརྟི། སྨྲྀ་ཏི་ཛྙཱ་ན་ཀཱིརྟི། རོང་ཟོམ་ཆོས་བཟང་། ཉང་ཏིང་འཛིན་བཟང་པོ། མངའ་བདག་ཉང་གི་ཡབ་ཉང་སྟོན་ཆོས་འཁོར་གྱི་མཚན་གྱི་རྣམ་གྲངས་ལས་བི་མཱ་ལའི་སློབ་མ་ཉང་ཏིང་འཛིན་བཟང་པོ་ནི་མིན་ནོ། །ལྷོ་པ་ཐམས་ཅད་མཁྱེན་པ། འདི་རྗེ་བཙུན་ས་པཎ་གྱི་དངོས་སློབ་ཡིན་ཅིང་སྨྲྀ་ཏི་ཇོ་བོ་རྗེ་དང་དུས་མཚུངས་པས་ཏིང་འཛིན་བཟང་པོ་དེ་དགུང་ལོ་བརྒྱ་ལྷག་ཙམ་བཞུགས་ན་མ་གཏོགས་བར་འདིར་བླ་མ་གཅིག་གཉིས་ཤིག་ཆད་དམ་ཡང་ན་ལྷོ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་ལ་ལྷོ་པ་ཐམས་ཅད་མཁྱེན་པར་གྲགས་པས་དེ་ཡིན་ན་དུས་འགྲིག་པ་འདྲའོ་ཞེས་དཔའ་བོའི་གསན་ཡིག་ཏུ་བྲིས་འདུག་པ་དཀོན་བརྩེགས་ཀྱི་བརྒྱུད་པར་རྡོ་རྗེ་གདན་པ་ཆུང་བ་དང་ལྷོ་པ་ཀུན་མཁྱེན་གྱི་བར་ན་བླ་མ་བཞི་ཙམ་འདུག་པས་ཧོལ་ཁོངས་ཤིག་བྱུང་བ་འདྲའོ། །བླ་མ་གྲགས་པ་སེང་གེ །སྤྱིལ་བུ་བ་འོད་ཟེར་ཤེས་རབ། བླ་མ་དར་མ་འོད་ཟེར། བླ་ཞིག་བྱང་ཆུབ་རྡོ་རྗེ། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བདེ་བ་ཅན་པ་ཡེ་ཤེས་རྒྱལ་མཚན། གར་ཐིག་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེང་གེ །ཚལ་རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཅེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཐུ་བཙུན་འཇིགས་མེད་དཔའ་བོ་མན་འབུམ་གྱི་བརྒྱུད་པ་བཞིན་ནོ། །ཤེས་རབ་སྙིང་པོའི་བརྒྱུད་པ་ནི། མཁས་གྲུབ་སྨན་ལུང་པ་ཡན་གོང་ལྟར་ལ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དཔོན་སློབ་གཉིས་ཀས་བདག་ལའོ། །ཡང་ན་ཐུབ་དབང་། ཀུན་དགའ་བོ། ཀྲྀཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མ་གུང་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། ཤཱནྟི་པ། རྡོ་རྗེ་གདན་པ་གསུམ། ཁ་ཆེ་པཎ་ཆེན། དཔྱལ་ཆོས་བཟང་


GLG004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱལ་པདྨ་ཅན། གཞོན་ནུ་ཡེ་ཤེས། རོང་པ་ཤེར་སེང་། བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། སྤུག་ཏོན་བསོད་རྒྱན། མཁན་ཤེར་རྡོར། ཆོས་སྒོ་བ་ཆོས་ཤེ །སློབ་དཔོན་བསོད་སེང་། ཚལ་གྲགས་དོན་པ། རིན་ཅེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ། ཆེན་པོ་བློ་གྲོས་རྒྱལ་མཚན། འབུམ་རམས་པ་མན་གོང་ལྟར་ལས། བླ་མ་ཚོགས་གཉིས་དཔལ་གྲུབ་དག་དྷཱི་ཚ་གཉིས་ཀ་ལ་རིན་པོ་ཆེ་སྨན་ལུང་པས་གསན་པ་སོགས་གོང་བཞིན་ནོ། །ཡང་ན་ཚལ་གྲགས་དོན་པ་ནས། རྔོག་བྱང་ཆུབ་དཔལ། མཁན་ཆེན་ཀུན་རྒྱན་པ། སྨན་རྒྱལ་ནམ་མཁའ་དབང་ཕྱུག །འབུམ་རམ་པ་མན་གོང་དང་འདྲ། ཡང་ན་སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། ཤཱནྟི་པ། སེའུ་རི་པ། ཨ་བྷ་ཡཱ་ཀ་ར་དགེ་བའི་འབྱུང་གནས། རྡོ་རྗེ་གདན་པ་གསུམ། པུཎྱ་ཤྲཱི། སྟེང་པ་ལོ་ཙཱ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། ཀོ་ནག་པ། ཤངས་པ་གྲགས་སེང་། ཞང་ཀུན་འབུམ། ཕག་ཁུར་བ་དཀོན་ཡེ། བག་སྟོན་གཞོན་ཚུལ་མན་གོང་ལྟར་རོ། །ཡང་ན་ཤངས་པ་གྲགས་སེང་ནས། རིན་ཅེན་འབུམ། དཀོན་ཅོག་ཡེ་ཤེས། ཡེ་ཤེས་མགོན་པོ། དར་མ་བཟང་པོ། རྡོ་རི་པ། རྗེ་རི་པ། ཚལ་གྲགས་དོན་པ། རྔོག་བྱང་ཆུབ་དཔལ་མན་འདྲ། ཡང་ན་སངས་རྒྱས། ཕྱག་རྡོར། ཛེ་ཏཱ་རི། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། ས་ཆེན་ཡབ་སྲས་གསུམ། ཆོས་རྗེ་ཁུ་དབོན་གཉིས། རྒྭ་ལོ་ཡབ་སྲས་གཉིས། བག་སྟོན་མན་འདྲ། ཡང་ན་བག་སྟོན་ནས་རྡོ་རྗེ་གདན་པའི་བར་གོང་བཞིན་ལས། མཁས་གྲུབ་རིག་པའི་གློག་འཕྲེང་། རྡོར་འཛིན་བསྟན་པ་རྒྱ་མཚོ། རྗེ་ངག་དབང་ཆོས་


GLG004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ། གཅུང་ངག་གི་དབང་ཕྱུག །མཁས་པ་ངག་དབང་ནོར་བུ། གྲུབ་ཆེན་ངག་དབང་བཟང་པོ། བླ་མ་ཀུན་དགའ་བློ་གྲོས། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། རྡོ་རྗེ་འཆང་གནས་གསར་བ་ཆེན་པོ། དེས་བདག་ལའོ། །ཡང་ན་ཚལ་གྲགས་དོན་པ་ནས། རྔོག་བྱང་ཆུབ་དཔལ། མཁན་ཆེན་ཀུན་དགའ་རྒྱལ་མཚན། སྨན་རྒྱལ་ནམ་མཁའ་དབང་ཕྱུག །འབུམ་རམ་པ། བླ་མ་བསྟན་པ་རྒྱ་མཚོ་མན་འདྲ། ཤེར་ཕྱིན་ཟླ་བའི་སྙིང་པོ། ཉི་མའི་སྙིང་པོ། ཀུན་ཏུ་བཟང་པོ། ཕྱག་ན་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་ཏེ་མདོ་ལྔའི་བརྒྱུད་ལུགས་གཅིག་ནི། སངས་རྒྱས་འཇམ་དབྱངས་ནས། དྲིན་ཅན་བློ་མཆོག་རྡོ་རྗེའི་བར་ཤེར་སྙིང་གི་previous hit བརྒྱུད་པ་གསུམ next hit་པ་སོར་གནས་ལ། དེ་ལ་བདག་གིས་མནོས་སོ། །ཤེར་ཕྱིན་བདུན་བརྒྱ་པའི་བརྒྱུད་ལུགས་གཅིག་ནི། སེའུ་རི་པ་ཡན་ཤེར་སྙིང་གི་previous hit བརྒྱུད་པ་གསུམ next hit་པ་ལྟར་ལ། དེ་ནས་རྡོ་རྗེ་གདན་པ་ཆུང་བ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང་། རྗེ་ས་ཆེན། ལྷོ་པ་ཁྱུང་སྟོན། སྤུ་སྟོན་པ། ཀོ་ནག་པ། གྲགས་སེང་པ། ཤངས་ཚུལ་པ། ཡོན་ཏན་དཔལ། སྙེ་མདོ་ཀུན་དགའ་དོན་གྲུབ། རང་བྱུང་རྡོ་རྗེ། རྒྱལ་བ་དཔལ། བརྩོན་འགྲུས་སེང་གེ །བློ་གྲོས་སེང་གེ །འཇམ་དཔལ་ཆོས་རྡོར། ཚལ་གྲགས་དོན་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ་ནས་བླ་མ་ཚོགས་གཉིས་དཔལ་གྲུབ་ཀྱི་བར་གོང་ལྟར་ལ། དེ་ནས་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ལྷོ་པ་ཁྱུང་སྟོན་ནས། གཙང་པ་སྟོན་གྲགས། གཡོར་པོ་ཟུག །ཉང་བསོད་དབང་། དྷརྨཱ་ཤྲཱི། དཀོན་ཅོག་དཔལ། གྲགས་པ་སེང་གེ །སྟག་སྟོན་པ། ལོ་མཆོག་པ། བག་སྟོན་པ། མགོན་པོ་འབུམ། སྤུ་སྟོན་པ། ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། བསོད་
ནམས་སེང་གེ །གྲགས་དོན་པ་མན་འདྲ། ཡང་ན་སངས་རྒྱས། བྱམས་པ། ཐོགས་མེད་སྐུ་མཆེད། བློ་བརྟན། རིག་པའི་ཁུ་བྱུག །ཁ་ཆེ་དགོན་པ་པ། བཱི་ར་སེ་ན། མར་མེ་མཛད་བཟང་པོ། བི་མཱ་ལ་གུཔྟ། རིན་ཅེན་རྡོ་རྗེ། ཤཱནྟི་པ། སུ་མ་ཏི། སྨྲྀ་ཏི། རོང་ཟོམ་ཆོས་བཟང་། ཏིང་འཛིན་བཟང་པོ། ལྷོ་པ་ཀུན་མཁྱེན། དཀོན་ཅོག་དཔལ། གྲགས་རྒྱན་པ། གྲགས་བསོད་པ། སྟག་སྟོན་པ་མན་འདྲ། ཡང་ན་སངས་རྒྱས། རྡོ་རྗེ་གདན་པ་གསུམ། པུཎྱ་ཤྲཱི། སྟེང་ལོ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཀུན་མཁྱེན། ཀོ་ནག་རལ་གྲི་མན་འདྲ།


previousབཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་ཤེར་ཕྱིན་སྣ་ཚོགས་པའི་སྐོར།next