Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
 
 
 
  
15   
 
10   
 
 
 
 
expand section
  
 
 
  
 
འཁོར་ལོ་གསུམ་པོའི་སྡེ་ཚན་ཅི་རིགས་པར་གཏོགས་པའི་མདོ་མང་གི་སྐོར།
26   
 
 
29   
 
 
 
  


137 occurrences of བརྒྱུད་གསུམ་
[Clear Hits]

 
previousའཁོར་ལོ་གསུམ་པོའི་སྡེ་ཚན་ཅི་རིགས་པར་གཏོགས་པའི་མདོ་མང་གི་སྐོར།next

འཁོར་ལོ་གསུམ་པོའི་སྡེ་ཚན་ཅི་རིགས་པར་གཏོགས་པའི་མདོ་མང་གི་སྐོར།


GLG004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་འཁོར་ལོ་གསུམ་པོ་ཅི་རིགས་པར་གཏོགས་པ་སྡེ་ཚན་ཕྱོགས་གཅིག་བསྒྲིགས་པ་མདོ་མང་ལ། དེའང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་འཁོར་ལོ་གསུམ་པོ་ནི། མངོན་པ་མཛོད་དུ། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གདུལ་བྱ་རིགས་ཅན་གསུམ་རྗེས་སུ་འཛིན་པའི་ཆེད་དུ་སོ་སོའི་དབང་པོ་དང་འཚམ་པར་བསྟན་པ་ལས། ལ་ལ་དག་ཡང་དག་པ་དང་། འགའ་ཞིག་དེའི་ལྡོག་ཕྱོགས་སུ་བཟུང་སྟེ་དྲང་དོན་མཐའ་དག་བརྫུན་པར་བྱས་ན་ལས་དང་འབྲས་བུ་སོགས་ཀྱང་མེད་པའི་ཆད་པའི་མཐར་ལྷུང་ཞིང་དེ་བཞིན་གཤེགས་པ་ལའང་སྐུར་བ་བཏབ་པར་འགྱུར་བས། འཕགས་པ་རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས། མ་ཕམ་པ་གང་གི་ནུབ་མོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་དེ་བཞིན་གཤེགས་པ་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ། དེ་བཞིན་གཤེགས་པས་གང་ཅི་གསུངས་པ་དེ་དག་ཐམས་ཅད་ནི་ཡང་དག་པ་དེ་ཁོ་ན་བཞིན་མ་ནོར་བ་དེ་བཞིན་ཏེ། གཞན་དུ་མ་ཡིན་ན་འདི་ལ་མི་བླུན་པོ་ཁ་ཅིག་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་མི་ཤེས་ཤིང་ཁོང་དུ་མི་ཆུད་པར་ངའི་ལྡེམ་པོའི་ངག་ལ་འདི་སྐད་དུ། འདི་ནི་རུང་ངོ་འདི་ནི་མི་རུང་ངོ་ཞེས་ཟེར་ཏེ། དེ་ལྟ་བུ་དེ་དག་ནི་དམ་པའི་ཆོས་སྤོང་བ་ཡིན། དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་ཡིན་ཏེ། རྒྱུ་དེས་ན་དེ་དག་ནི་སེམས་ཅན་དམྱལ་བ་ཞེས་ང་འཆད་དོ། །ཞེས་ཆོས་སྤོང་བའི་སྒྲིབ་པའི་སྒོ་འདི་ཤིན་ཏུ་འབྱུང་ཉེ་ཞིང་ཉེས་དམིགས་ཆེ་བར་


GLG004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གདམས་རིན་པོ་ཆེའི་བསྟན་རིམ་དང་ལམ་རིམ་ཆེ་ཆུང་སོགས་སུ་ཤིན་ཏུ་རྒྱས་པར་གསུངས་ནའང་སྒོམ་ཆེན་པར་རློམ་པ་མང་དག་ཅིག་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པའི་སྐོར་རགས་པ་ཙམ་ཡང་མ་ཐོས་པར་ཆོས་སྒོར་ཞུགས་མ་ཐག་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ་ཞེས་པའི་ཆད་ལྟ་ཧད་པོ་ཞིག་ངག་ཏུ་ཁྱེར་ནས་ལས་འབྲས་སོགས་ལ་ཇི་མི་སྙམ་པར་བྱེད་པ་དག་ནི་རྨོོངས་པའི་མུན་པས་བསྒྲིབས་པས་དེ་ལས་འོས་མེད་ཅིང་མང་པོར་ཐོས་པ་ལ་ལའང་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཀྱི་གསུང་རབ་རྣམས་ཚ་གྲང་ལྟར་འགལ་བ་ཁོ་ནར་བཟུང་ནས་ཚུལ་བཞིན་ཉམས་སུ་མི་ཤེས་པ་ནི། རྗེ་བླ་མ་བཙོང་ཁ་པ་ཆེན་པོས་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ་ནི། །གསུང་རབ་གདམས་པར་འཆར་བ་མེད་པས་ནོངས། །ཞེས་པའི་དོན་ཁོ་ན་ཐོག་ཏུ་བབས་པའི་ཚུལ་དེ་ལྟ་བུར་མ་སོང་བ་དགོས་པས། ཇི་སྐད་དུ། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་ཤར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་། །ཞེས་བཀའ་སྩལ་པའི་དོན་ལག་ལེན་དུ་ཐེབས་པ་ཞིག་ངེས་པར་གལ་ཆེ་ཞིང་། དེའང་ལ་ལ་དག་བཀའ་བར་པར་མ་བསྟན་པའི་དེ་ལས་ཀྱང་ཆེས་ཟབ་པ་ཞིག་འཁོར་ལོ་མཐའ་མར་ཡོད་པ་སྐད་དུ་སྨྲ་ནའང་། བཀའ་བར་པ་ལས་ཆོས་ཟབ་པ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལ་མེད་ཅིང་འཁོར་ལོ་དང་པོར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཡོད་པར་བསྟན་པ་དང་། བར་པར་མེད་པར་བསྟན་པའི་ཚིག་ལ་དངོས་སུ་འགལ་ཡང་། དོན་གྱི་ཆར་དགོངས་པ་འགྲེལ་


GLG004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དགོས་པས་ཆོས་ཐམས་ཅད་ཀྱི་དྲང་ངེས་དང་། སྒྲ་ཇི་བཞིན་པ་ཡིན་མིན་དང་། དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ་སོགས་ཀྱི་རྣམ་གཞག་གཏན་ལ་འབེབས་པར་མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་བ་ཡིན་ལ། དེའང་མདོ་མང་དུ་མདོ་སྡེ་དགོངས་པ་ངེས་འགྲེལ། ཏིང་འཛིན་རྒྱལ་པོ་བློ་གྲོས་མི་ཟད་པ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་སོགས་ཐེག་ཆེན་དང་། རྒྱ་རོལ་ལས་རྒྱ་སོགས་ཐེག་པ་འོག་མ་སྣ་ཚོགས་ཡོད་པས་འཁོར་ལོ་གསུམ་པོ་གཅིག་ཏུ་ངོས་འཛིན་དཀའ་ཞིང་། དགོངས་པ་ངེས་འགྲེལ་གྱིས་མཚོན་པའི་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་བརྗོད་བྱའི་གཙོ་བོར་བྱེད་པའི་མདོ་རྣམས་ས་བཅད་གསུམ་པའི་ཁོངས་སུ་སྡུད་པ་མཐད་ཀྱང་མཁས་པ་རྣམས་ཀྱིས་མདོ་སྡེ་སྣ་ཚོགས་ཕྱོགས་གཅིག་ཏུ་དཀར་ཆག་མཛད་པ་དང་མི་མཐུན་པའི་རྗེས་སུ་ཐོབ་ཡིག་དང་གླེགས་བམ་གོ་བསྡུར་མགོ་རྨོངས་པ་སོགས་ཀྱི་སྐྱོན་ནས་དཀར་ཆག་དང་གསན་ཡིག་རྙིང་པ་རྣམས་ཀྱི་རྗེས་སུ་འབྲངས་པ་ཡིན་ལ། མདོ་མང་གི་སྐོར་དབུས་འགྱུར་འཆང་སོགས་འཕགས་པའི་ཡུལ་དུའང་ལུང་ཆ་ཚང་བ་ཕྱོགས་གཅིག་ཏུ་འཆད་པ་ཤིན་ཏུ་དཀོན་པར་གྲགས་ཤིང་། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད་པའི་དཔལ་ལ་མདོ་སྣ་ཉིས་བརྒྱ་ལྷག་བཅས་ཀྱི་ལུང་རྒྱུན་ཁུངས་བཙུན་བཞུགས་པ་མ་བྱོན་སངས་རྒྱས་བདུན་པ་རབ་གསལ་གྱི་རྣམ་པར་སྤྲུལ་པ་ཀ་སྨི་ར་བའི་བསོད་སྙོམས་པ་ཆེན་པོ་པཎ་ཆེན་ཤཱཀྱ་ཤྲཱིས་ལེགས་པར་གསན། དེས་བོད་དུ་དཔྱལ་ཆོས་བཟང་། ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ། ལྷོ་པ་ཐམས་ཅད་མཁྱེན་པ་གསུམ་ལ་གནང་ནས་དར། དགེ་བའི་བཤེས་གཉེན་ཆེན་པོ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་སྟེང་


GLG004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་ལ་བྱེ་བྲག་བཤད་མཛོད་དང་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་གཉིས་བསྒྱུར་བ་དང་། མདོ་མང་གི་ལུང་རྒྱུན་དག་པ་ཞིག་ཚོལ་ཞེས་སླར་རྒྱ་གར་དུ་བརྫངས་པར་རྟོགས་བརྗོད་རིན་པོ་ཆེ་ནི་ཤིན་ཏུ་བསྒྱུར་དཀའ་བས་མ་འགྱུར་བར་འཇམ་དཔལ་དབྱངས་ས་སྐྱ་པཎ་ཆེན་གྱིས་བསྒྱུར་བར་བཞེད་པ་རྒྱ་ནག་ཏུ་ཕེབས་པ་སོགས་ཀྱིས་མ་འགྲུབ་པའི་ཐུགས་ཀྱི་ལྷག་མ་ལུས་པའི་ཞལ་ཆེམས་བཞིན་འཕགས་པ་རིན་པོ་ཆེ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་བཀའ་གནང་བའི་འགྱུར་གཅིག་པུ་འདི་ག་ཡིན་ལ། མདོ་མང་གི་ལུང་བཙལ་བས་རྡོ་རྗེ་གདན་པ་ཆུང་བའི་སློབ་མ་པཎྜི་ཏ་ཛྙཱ་ན་ཤྲཱི་དང་པུཎྱ་ཤྲཱི་གཉིས་ཀྱིས་རྡོ་རྗེ་གདན་པ་དང་དེ་ལས་མ་བྱུང་བ་ཕྱོགས་གཞན་མང་པོ་ནས་བཙལ་བའི་མདོ་སུམ་བརྒྱ་རྩ་དགུའི་ལུང་ཡོད། དེའང་པུཎྱ་ཤྲཱི་དག་ཅིང་རྒྱ་ཆེ་ཞེས་གླེང་བ་ལྟར་དེ་ལ་མདོ་སྣ་སུམ་བརྒྱ་ཉེར་གསུམ་གསན་ནས་བྱོན་པས་བོད་དུ་མཁས་གྲུབ་མང་པོས་ཉེ་བར་བཏུད་ཅིང་སོ་ཐམས་ཅད་མཁྱེན་པ་སོགས་ལ་གནང་ནས་དར། པཎ་ཆེན་དེ་གཉིས་ཀྱི་སློབ་མ་སུ་མ་ཏི་ཀཱིརྟི་ཞེས་ལེགས་པའི་བློ་གྲོས་གྲགས་པར་འབོད་པའི་གསུང་ལས་ཤྲཱི་རྣམ་གཉིས་ཀྱིས་དྷརྨཱ་ཨཱ་ཀ་ར་ཨཱ་ཀ་ར་ཤཱནྟི་པར་མདོ་མང་གསན། དེ་གཉིས་ལས་བརྒྱུད་པ་གྱེས་པ་མང་བ་ཡིན་ཞེས་འཕགས་ཡུལ་གྱི་དག་པར་སྨྲ་བ་རྣམས་ཞལ་འཆམ་གསུང་བས་རྡོ་རྗེ་གདན་པ་ལས་ཀྱང་ཤཱནྟི་པ་གཙོ་ཆེ་བར་མངོན། གང་ལྟར་སུ་མ་ཏི་ཀཱིརྟིས་པཎྜི་ཏ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ལ་གནང་། དེ་ལ་མཉམ་མེད་དཱི་པཾ་ཀ་རས་གྲུབ་ཆེན་ནག་པོ་སྤྱོད་པའི་སྐྱེ་བར་ལུང་བསྟན་པའི་རོང་ཟོམ་ལོ་ཙཱ་བ་ཆོས་བཟང་ཞེས་པ་གོས་དཀར་ལྕང་ལོའི་འཕྲེང་བ་ཅན་སྔགས་རྙིང་


GLG004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རིག་པ་འཛིན་པ་ཆེན་པོ་དེས་ཞུས་ནས་མངའ་བདག་ཉང་ཡབ་སྲས་གནང་བ་སོགས་པཎ་གྲུབ་དེ་དག་ལས་འཕེལ་བའི་དར་རྒྱས་ཆེ་ཞིང་། དེ་ནས་རིང་ཞིག་ན་བསྟན་པའི་སྲོག་འཐུད་པ་ལྟ་བུ་ནི་ཤབ་པ་བག་སྟོན་གཞོན་ནུ་ཚུལ་ཁྲིམས་ཡིན་ལ། དེས་ཤབ་སྟོད་ཀྱི་གཡུ་དགའ་ལྡན་དུ་རོང་བ་ཤེར་སེང་ལ་དཔྱལ་ནས་བརྒྱུད་པ་ཚར་གཅིག་གསན་ཡང་སླར་ཞིབ་དཔྱད་པས་དཔྱལ་པདྨ་ཅན་དང་མཁན་པོ་གཞོན་ཡེའི་བར་དུ་ཧོལ་ཁོངས་གཅིག་དང་། གཞོན་ཡེ་དང་རོང་པ་ཤེར་སེང་གི་བར་དུ་ཧོལ་ཁོངས་ཡོད་འདྲ་ཟེར་བར་བརྟེན། སླར་ཡང་ས་སྐྱ་ཡང་དགོན་པ་བླ་མ་ཞང་ཀུན་དགའ་འོད་ཟེར་ལ་ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་ལུང་ཡོད་ཟེར་བ་ལྟར་གསན་པས། འདི་པའི་བརྒྱུད་ཡིག་ཏུ་པཎ་ཆེན་ཡན་ཆད་ངེས་པ་མི་འདུག་ཅིང་པཎ་ཆེན་ལ་དཔྱལ་ཆོས་བཟང་གིས་ཁྲོ་ཕུར་གསན་དུས་ལྷོ་པས་ཀྱང་གསན་པ་ཡིན་ནམ་ཟེར་བ་ལས་ངེས་ཏིག་མ་བྱུང་བར་བརྟེན་སླར་མདོ་མང་གི་བརྒྱུད་པ་སྤྱི་དང་། བྱེ་བྲག་སོ་སོའི་སྒོས་བརྒྱུད་དོགས་གནས་མེད་པ་ཤིན་ཏུ་དག་པས་གསན་པ་ནི་བླ་མ་ཆོས་ཀྱི་རྒྱལ་པོ་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེས་སྤྱིལ་བུ་བ་སྟག་སྟོན་ཤེས་རབ་འོད་ཟེར་ལ་མདོ་མང་གི་ལུང་དག་པ་ཞིག་ཚོལ་ཞིག་པའི་བཀའ་གནང་བར་བརྟེན་རྩད་བཅད་པས་ཤངས་པ་གྲགས་སེང་ལ་མངའ་བདག་ཉང་ནས་བརྒྱུད་པའི་ལུང་དག་པོ་ཞིག་ས་སྐྱ་ཡང་དགོན་པ་བླ་ཆེན་སངས་རྒྱས་སྲས་ཀྱིས་ཞུས་ནས་ཡོད་ཟེར་བའི་ཁུངས་ཆོད་དེ་བློ་ཆེན་པར་ལོ་previous hit གསུམ་དུ་རྫོགས་པར་གསན། སྟེང་པ་ལོ་ཙཱ་བར་ལྷོ་པ་ཐམས་ཅད་མཁྱེན་པས་ཞུས་པའི་བརྒྱུད next hit་པ་ཁུངས་བཙུན་སྲང་ཕག་ཁུར་བར་ཡོད་ཅེས་གླེང་བ་བཞིན་ཚར་གཅིག་སྟེ་མདོ་མང་ཡོངས་རྫོགས་ཀྱི་


GLG004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཚར་བཞི། བྱེ་བྲག་པ་སྣུར་ཡེ་རྒྱན། ར་ས་བ་སྟོན་ཤཱཀ བྱང་ཆེན་པ་དགེ་སློང་ཀུན་དགའ་ཉི་མ། ལོ་མཆོག་པ་སོགས་ལ་གསན་པའི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དེ་ལྟར་ཆོས་ཕྱིར་དུ་དཀའ་བ་སྤྱད་པའི་རྣམ་ཐར་ལ་རྗེས་སུ་ཡི་རང་བ་དང་། ད་ལྟའི་བར་དུ་དམ་པའི་ཆོས་ཀྱི་རྒྱུན་མ་ནུབ་པའི་བཀའ་དྲིན་དྲན་པའི་གུས་པ་ནི་གཟུར་གནས་ཀྱི་དཔྱོད་ལྡན་རྣམས་ལ་ཕན་ཚུན་འགྲན་བཞིན་དུ་འོང་བར་གོར་མ་ཆག །དེ་ནས་ཀྱང་བཀའ་འགྱུར་བ་ཆེན་པོ་ཤཱཀྱ་རྒྱལ་མཚན་སོགས་ཀྱིས་རྒྱུན་མ་ཉམས་པར་བཟུང་བ་། ཐུ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་གྱིས་བསྟན་པ་རིན་པོ་ཆེ་ཁོ་ན་ཐུགས་ལ་བཅངས་པའི་སྙིང་སྟོབས་ཀྱི་ཁུར་ཆེན་པོས་འབད་པས་གསན་ཅིང་རྒྱ་ཆེར་སྤེལ་ནའང་དུས་དབང་གིས་མཆོག་དམན་མཐའ་དག་གལ་ཆུང་ཆོས་ལ་བྱེད་པའི་ལྔ་བརྒྱའི་རང་མཚང་གིས་ཇེ་ཕྲར་གྱུར་པའི་སྐབས་སྙན་བརྒྱུད་ཚད་མ་བཞི་ལྡན་གསང་ཆེན་སློབ་བཤད་ཀྱི་བསྟན་པ་འཛིན་པར་ཁ་ཆེ་དྷརྨ་པཱ་ལ་བསམས་བཞིན་སྤྲུལ་པའི་ཟློས་གར་གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་མཁས་བཙུན་གྲུབ་པའི་དབང་ཕྱུག་ཉང་སྟོན་སྨན་ལུང་པ་ཆེན་པོ་བློ་གྲོས་མཆོག་གི་རྡོ་རྗེ་ལ་གཡུ་པད་ལེགས་པ་སོགས་དངོས་པོ་གྱ་ནོམ་པའི་མཐུན་རྐྱེན་དང་བཅས་ཤེར་ཕྱོགས་མདོ་མང་གི་ལུང་རྒྱུན་རྣམས་ཆེད་དུ་འཚོལ་བར་མངའ་གསོལ་བའི་བཀའ་དྲིན་ལས་ཇི་ལྟར་མནོས་པ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་། ཀུན་མཁྱེན་རྡོ་རྗེ་གདན་པའི་གསན་ཡིག །ཚལ་པ་བཀའ་འགྱུར་གྱི་དཀར་ཆག་གསུམ་གོ་རིམ་ཅུང་ཟད་མི་མཐུན་པ་གང་གི་རྗེས་སུ་འབྲངས་ཀྱང་ཁུངས་མི་བཙུན་


GLG004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ནའང་ཚལ་པ་བཀའ་འགྱུར་གྱི་ཐོག་ནས་ལུང་མནོས་པས་དེའི་རྗེས་སུ་འབྲངས་པའི་སྒྲིག་ཚོམ་འདི་ལ་གསུངས་པའི་དུས་སྔ་ཕྱི་སོགས་དང་བསྟུན་པའི་གོ་རིམ་རྟོགས་དཀའ་བའི་དབང་དུ་མཛད་ནས་བཏང་སྙོམས་སུ་བཞག་སྟེ་བརྗོད་བྱ་དང་མཚན་མཐུན་པ་སོགས་ཕྱོགས་གཅིག་བསྡེབས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ། དེ་ལས་བརྩམས་ཏེ་ཕ་རོལ་ཏུ་ཕྱིན་པ་བརྒྱད་ཁྲི་བཞི་སྟོང་གི་ཚུལ། དེ་རྫོགས་ནས་སངས་རྒྱས་པའི་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་རྒྱས་བཤད། དེ་དག་གི་ཐུགས་བསྐྱེད་པའི་ཡུལ་གྱི་སངས་རྒྱས་ཀྱི་མཚན་དང་ཐུགས་བསྐྱེད་ཚུལ་སོགས་བརྗོད་བྱ་ཟབ་ལ་ཚིག་བཀྲ་ལེགས་པས་ཐོག་མར་བཀོད། དེ་ནས་བྱེ་བྲག་འོ་སྐོལ་གྱི་སྟོན་པ་འདི་ཉིད་ཀྱིས་མཛད་པའི་རྣམ་གཞག་རྒྱས་པར་སྟོན་པ་རྒྱ་ཆེ་རོལ་པ། མཚན་དང་བརྗོད་བྱའི་རིམ་པས་འཇམ་དཔལ་གྱི་མཚན་ལྔ་སྟོང་པ་སོགས། སངས་རྒྱས་ཀྱི་ཡོན་ཏན་དང་ཡེ་ཤེས་སོགས་བསྟན་པར་མཐུན་པའི་སྒོ་ནས་ཡེ་ཤེས་རྒྱས་པ་སོགས། ཀུན་གཞི་སེམས་ཀྱི་ངོ་བོ་རྒྱས་པར་སྟོན་པའི་སྒོ་ནས་དགོངས་འགྲེལ། ལང་ཀར་གཤེགས་པ། རྒྱན་སྟུག་པོ་བཀོད་པ་སོགས། བརྗོད་བྱའི་ཁྱད་པར་དང་མཚན་ལ་བརྟེན་ནས་པདྨ་དཀར་པོར་མཐུན་པས་པད་དཀར་རྣམ་གསུམ། ཤིན་ཏུ་རྣམ་པར་ངེས་པའི་ཆོས་འཁོར་མཐར་ཐུག་པ་མྱང་འདས་སྐོར། ཏིང་འཛིན་རྒྱལ་པོ་སོགས་ཏིང་ངེ་འཛིན་བསྟན་པའི་མདོ་སྐོར། རིན་པོ་ཆེའི་ཏོག་སོགས་གཟུངས་ཀྱི་སྐོར། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་ནམ་མཁའ་མཛོད་ཀྱིས་ཞུས་པ་སོགས་ཞུས་པའི་སྐོར། འཇམ་དཔལ་གྱིས་དྲིས་པ་སོགས་དྲིས་པའི་སྐོར། དྲི་མ་མེད་པ་


GLG004_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པས་བསྟན་པ་སོགས་བསྟན་པའི་སྐོར། མར་མེ་མཛད་ཀྱིས་ལུང་བསྟན་པ་སོགས་ལུང་བསྟན་པའི་སྐོར། བྱམས་པ་འཇུག་པ་སོགས་འཇུག་པའི་སྐོར། དཀོན་ཅོག་སྤྲིན་སོགས་སྤྲིན་ལས་གྲས་པའི་སྐོར། གཞན་ཡང་མདོ་ཐུང་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་འགའ་ཞིག་གླེང་གཞི་དང་བརྗོད་བྱ་ཁྱད་པར་བ་མཐུན་པ་སོགས་གོ་རིམ་ལེགས་པར་བསྒྲིགས་ནས་གླེགས་བམ་སོ་གཉིས་བཞུགས་པའི་ཀ་པ་ལ་འཕགས་པ་བསྐལ་པ་བཟང་པོའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་ཉེར་དྲུག་པ་པཎྜི་ཏ་བིདྱཱ་ཀ་ར་སིངྷ་དང་ལོ་ཙཱ་བ་དཔལ་གྱི་དབྱངས་ཀྱིས་བསྒྱུར་བ་སླར་ཡང་སྐ་བ་དཔལ་བརྩེགས་ཀྱིས་ཞུས་པ། ཁ་པ་ལ་འཕགས་པ་རྒྱ་ཆེ་རོལ་པའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་བཅོ་བརྒྱད་དང་ལེའུ་ཉེར་བདུན་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། མུ་ན་དཱ་ཝརྨ། ལོ་ཙཱ་བ་ཡེ་ཤེས་སྡེ་བཞིའི་འགྱུར། མདོ་འདི་ཉིད་ལས་ཡང་དག་པའི་དྲན་པ་ནི་ཆོས་སྣང་བའི་སྒོ་སྟེ་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པའི་ཕྱིར་ཞེས་སོགས་རྒྱས་པར་གསུངས་སོ། །འཕགས་པ་འཇམ་དཔལ་རྣམ་པར་རོལ་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽བམ་པོ་གཉིས་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར། འདི་ཉིད་ལས། བུ་མོ་གསེར་མཆོག་འོད་དཔལ་དང་ཚོང་དཔོན་གྱི་བུ་འཇིགས་སྦྱིན་བཏུལ་ཚུལ་རྒྱས་པར་སྣང་ངོ་། །འཕགས་པ་འཇམ་དཔལ་རྣམ་པར་འཁྲུལ་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽ལེའུ་བདུན་པ་བམ་པོ་གཅིག་དང་ཤློ་ཀ་གོ་གཅིག་པ་པཎྜི་ཏ་ཤཱི་ལེནྡྲ་བོ་དྷི། ཛི་ན་མི་ཏྲ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། འདི་ཉིད་ལས། བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་འཚོལ་གྱི་འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་འཛིན་པའང་བདུད་ཀྱི་ལས་སོ། །མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱི་དོགས་


GLG004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཆོས་ལ་སློབ་དཔོན་དཔེ་མཁྱུད་བྱེད་པའང་བདུད་ཀྱི་ལས་སོ། །འཇིག་རྟེན་པའི་དགོས་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་འཚོལ་བའང་བདུད་ཀྱི་ལས་སོ། །ཞེས་སོགས་ཉི་ཤུ་གསུངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་སེམས་ཅན་ཐམས་ཅད་ལ་༼སོ༽གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་བམ་པོ་གཉིས་པ་ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི། ལོ་ཙཱ་བ་ཡེ་ཤེས་སྡེ་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར། ག་པ་ལ་ཡེ་ཤེས་རྒྱས་པའི་མདོ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་ཉི་ཤུ་རྩ་ལྔ་པ་པཎྜི་ཏ་པྲཛྙཱ་ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་བ་སླད་ཀྱི་པཎྜི་ཏ་བི་ཤུདྡྷ་སིངྷ། སརྦ་ཛྙཱ་དེ་ཝ། ལོ་ཙཱ་བ་དཔལ་བརྩེགས་གསུམ་གྱིས་ཞུས་པ། འདི་ཉིད་ལས། བུད་མེད་ཚེ་དེར་འཁོར་ལོས་སྒྱུར་བ་དང་སངས་རྒྱས་སུ་མི་འགྱུར་བ་གང་ཟག་ལྟ་བ་ཕུན་སུམ་ཚོགས་པས་མིའི་སྲིད་པ་བརྒྱད་པ་མི་འགྲུབ་ཅིང་རྣམ་ཤེས་ཀྱི་ཚོགས་དྲུག་པོ་འགག་མ་ཐག་པའི་རྣམ་ཤེས་ཡིད་དབང་དུ་འགྱུར་བར་བཤད་དོ། །འཕཌ་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽༼ཅ༽བམ་པོ་གསུམ་དང་ཤློ་ཀ་ལྔ་བཅུ་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ང་པ་ལ་འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་བཅོ་བརྒྱད་དང་ལེའུ་བཅོ་ལྔ་པ་པཎྜི་ཏ་པྲཛྙ་ཝརྨ་དང་ལོ་ཙཱ་བ་ལེགས་པའི་སྡེས་བསྒྱུར་བ་སླད་ཀྱི་པཎྜི་ཏ་པྲཛྙ་ཝརྨ། ཛྙཱ་ན་གརྦྷ། ཡེ་ཤེས་སྡེས་གཏན་ལ་ཕབ་པ། འདི་ཉིད་ལས། གང་ཞིག་ལམ་གྱི་གཞི་མདོ་ནི། །འཇིག་རྟེན་མཆོད་པའི་མཆོད་རྟེན་བྱེད། །དེ་ཡིས་གྲགས་པ་འཕེལ་བར་འགྱུར། །ཤི་འཕོས་ཚངས་པའི་འཇིག་རྟེན་


GLG004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་། །དེ་ནི་སྐྱེ་བ་སྒྲུབ་པར་བྱེད། །ཅེས་དང་། ཁ་ཅིག་ང་ཡི་སྐུ་ཚེ་བསྐལ་བར་སེམས། ཁ་ཅིག་ཀྱང་ནི་བསྐལ་བ་ཕྱེད་དུ་སེམས། །འཛམ་བུའི་གླིང་འདིར་ང་ཡི་སྐུ་ཚེ་ནི། །ལོ་གྲངས་བརྒྱད་ཅུ་ཡིན་པར་མི་རྣམས་ཤེས། །ཞེས་དང་། གཞན་ཡང་བདུད་བརྗེད་ངེས་དང་གཞོན་ནུ་དྲན་པ་རྙེད་པའི་དྲི་ལན་སོགས་རྒྱས་པར་སྣང་། འཕགས་པ་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་བཞི་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། ཀླུ་མེས་དབང་ཕྱུག་གྲགས་ཀྱིས་བཀའ་མིན་པར་མཛད་ཀྱང་དབུས་པ་བློ་གསལ་དང་ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱིས་ཚད་མར་བཟུང་བས་ཐེ་ཚོམ་མི་བྱའོ། །འཕགས་པ་ཁྱིའུ་སྣང་བ་བསམ་གྱིས་མི་ཁྱབ་པས་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བསྟན་པའི་ཆོས་ཀྱི་རྣམ་གྲངས་ཤློ་ཀ་ཉིས་བརྒྱ་བདུན་ཅུ་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པའི་ཆོས་༼༽ཀྱི་རྣམ་གྲངས་ཕལ་ཆེན་ནས་ཟུར་དུ་བཀོལ་བས་ཤློ་ཀའི་གྲངས་དང་འགྱུར་བྱང་མི་གསལ་ལོ། །འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་༼སོ༽ཆོས་ཀྱི་རྣམ་གྲངས་ཤློ་ཀ་དྲུག་ཅུ་པ་སེ་རེནྡྲ་དང་ཡེ་ཤེས་སྡེའི་འགྱུར། འདི་རྒྱུད་འབུམ་གྱི་དཀར་ཆག་ཏུ་སྣང་ངོ་། །ཅ་པ་ལ་འཕགས་པ་དགོངས་པ་ངེས་པར་འགྲེལ་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་བཞི་དང་གོང་དཀར་བའི་གསན་ཡིག་ན་ལེའུ་དགུ་སྣང་། ལེའུ་བཅུ་པ་སྐད་གསར་བཅད་ཀྱིས་བཅོས་པ། ལངྐར་གཤེགས་པའི་མདོ་རྒྱ་གར་ནས་འགྱུར་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བ་བམ་པོ་དགུ་དང་ལེའུ་ཉེར་བརྒྱད་པ། ཚལ་པར་མར་འདི་ལྟར་བྱུང་ཡང་རྡོ་རྗེ་གདན་པ་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ཏུ་དྲུག་ཅེས་སྣང་། འདི་ཉིད་ལས། ཤ་ཟ་བའི་ཉེས་དམིགས་རྒྱས་པར་གསུངས། འཕགས་པ་


GLG004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལངྐར་གཤེགས་པ་རིན་པོ་ཆེའི་མདོ་༼ཏ༽སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་བམ་པོ་བརྒྱད་པ་ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་སློབ་དཔོན་ཝན་ཧའི་འགྲེལ་པ་དང་སྦྱར་ཏེ་རྒྱ་ནག་ནས་བསྒྱུར་བ། འཕགས་པ་ག་ཡ་གོ་རིའི་ག་ཡ་གོ་རིའི་མཆོད་རྟེན་ཞེས་གྲགས། ༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽མདོ་ཤློ་ཀ་བརྒྱ་བརྒྱད་ཅུ་རྩ་བརྒྱད་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཆ་པ་ལ་འཕགས་པ་རྒྱན་སྟུག་པོ་བཀོད་པ་ཇི་སྙེད་པའི་མདོ། ༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་བཞི་ལེའུ་གོང་དཀར་བའི་གསན་ཡིག་ན་བརྒྱད་ཅེས་སྣང་། དགུ་པ་ཛི་ན་མི་ཏྲ། ཤི་ལེནྡྲ་བོ་དྷི། ཡེ་ཤེས་སྡེ་གསུམ་གྱི་འགྱུར། འདི་ཉིད་ལས། ཇི་ལྟར་ཁབ་ལེན་མཐོང་བ་དང་། །ལྕགས་ནི་མྱུར་བར་ཀུན་ཏུ་འཁོར། །འོན་ཀྱང་དེ་ལ་སེམས་པ་མེད། །སེམས་ལྡན་བཞིན་དུའང་རབ་ཏུ་སྣང་། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །སེམས་མེད་སེམས་ཅན་ཇི་བཞིན་དུ། །འགྲོ་དང་འོང་བར་གཡོ་བ་སྟེ། །ས་རྣམས་འབྲི་བར་རབ་ཏུ་བྱེད། །ཇི་ལྟར་རྒྱ་མཚོའི་ཛ་རུ་ནི། །སྲོག་མེད་པ་ཡང་གཡོ་འགུལ་ཏེ། །དེ་བཞིན་ཀུན་གཞི་རྣམ་ཤེས་པ། །ལུས་ལ་གནས་ཤིང་གཡོ་བར་འགྱུར། །ཞེས་སོགས་སྣང་ངོ་། །འཕགས་པ་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བམ་པོ་དྲུག་དང་ལེའུ་བཅུ་གསུམ་པ་འགྱུར་བྱང་གོང་དང་འདྲ་བ། འདི་ཉིད་ལས། ཀུན་དགའ་བོ། ང་མྱ་ངན་ལས་འདས་ནས་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་འབྱུང་སྟེ་བསྐལ་པ་བཟང་པོ་འདི་ལ་འཁོར་བ་འཇིག་ཚུན་ཆད་ད་ལྟ་ང་དང་བཞིའོ། །ཞེས་བསྐལ་བཟང་གི་སངས་རྒྱས་སྟོང་བཤད་ཅིང་། ཉི་མ་གུང་པ། ཉེར་སྦས། རྟ་སྦས། རལ་པ་ཅན་རྣམས་ཀྱི་ལུང་བསྟན་པ་ཡང་ཡོད་དོ། །འཕགས་པ་སྙིང་རྗེ་པདྨ་དཀར་པོ་ཞེས་བྱ་བ་


GLG004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽དེ་བཞིན་གཤེགས་པ་འདའ་ཁའི་ཞལ་ཆེམས་བམ་པོ་བཅོ་ལྔ་དང་ལེའུ་དྲུག་པ་པཎྜི་ཏ་ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི། པྲཛྙཱ་ཝརྨ། ཡེ་ཤེས་སྡེ་སྟེ་བཞིའི་འགྱུར། འདི་ཉིད་ལས། སྐར་མ་སྐྱོང་ལ་སོགས་པ་བྲམ་ཟེའི་ཁྱེའུ་རིག་བྱེད་ཀློག་པ་སྟོང་རྩ་བཞི་བསྐལ་པ་བཟང་པོར་ལུང་བསྟན་པ་དང་། སྐྱེ་རྒུའི་ཚེ་ལོ་བརྒྱ་ཉི་ཤུ་པ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པར་འགྱུར་བ་དང་དམ་པའི་ཆོས་ལོ་སྟོང་ལྷག་པ་གནས་པར་འགྱུར་བ། འཇིག་རྟེན་གྱི་ཁམས་མཐེ་བོང་ཅན་སངས་རྒྱས་སྐར་མ་ལ་དགའ་བ་ཁྲུ་གང་པའི་སྐུ་ཚད་ཀྱིས་ཆོས་སྟོན་པ་སོགས་རྒྱས་པར་བཤད་དོ། །ཇ་པ་ལ་འཕགས་པ་དམ་ཆོས་པདྨ་དཀར་པོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བམ་པོ་བཅུ་གསུམ་དང་ལེའུ་ཉེར་བདུན་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་ཉིད་ལས། དྲང་སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱི་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །བསྟི་བའི་དོན་དུ་ཐེག་པ་གཉིས་བསྟན་ཏོ། །ཞེས་སོགས་ཀུན་དགའ་བོ་དང་ཉན་ཐོས་ཉིས་སྟོང་ལུང་བསྟན་པ། འཇིག་རྟེན་གྱི་ཁམས་ལྷའི་ཐེམ་སྐས་ན་ལྷས་བྱིན་སངས་རྒྱས་ལྷའི་རྒྱལ་པོ་དང་། སུ་སྐྱེ་རྒུའི་བདག་མོ་སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི་མཐོང་ན་དགའ་ཞེས་པར་འགྱུར་བ། མིག་སྣ་ལུས་གསུམ་ལ་ཡོན་ཏན་བརྒྱད་བརྒྱ་དང་། སྣ་ལྕེ་ཡིད་གསུམ་ལ་ལ་ཡོན་ཏན་སྟོང་ཉིས་བརྒྱ་བཤད་དོ། །འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་༼སོ༽པའི་རྒྱལ་པོ་ཤློ་ཀ་བཞི་བརྒྱ་པ་པཎྜི་པྲཛྙཱ་ཝརྨ། སུ་རེནྡྲ་བོ་དྷི། ཡེ་ཤེས་སྡེ་གསུམ་གྱི་འགྱུར། ཐམས་ཅད་མཁྱེན་པ་བུའི་དཀར་ཆག་ཏུ་བམ་པོ་དྲུག་ཅེས་པ་འདུག །འཕགས་པ་བདེ་བ་ཅན་གྱི་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽


GLG004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ཤློ་ཀ་སུམ་བུ་སྟོན་ཆོས་འབྱུང་དུ་བརྒྱ་སུམ་ཅུ་དང་སྨན་ལུང་ནས་ཀྱི་གསན་ཡིག་ཏུ་བརྒྱ་ལྷག་ཙམ་ཞེས་པ་སྣང་། ཅུ་པ་འགྱུར་གོང་དང་འདྲ་བ། འཕགས་པ་ཟ་མ་ཏོག་བཀོད་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་ཕྱེད་ལྔ་དང་གོང་དཀར་བའི་གསན་ཡིག་ན་བམ་པོ་བཞི་ཞེས་སྣང་། ལེའུ་གཉིས་པ། འཕགས་པ་དཀོན་ཅོག་གི་ཟ་མ་ཏོག་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བམ་པོ་བཞི་པ་རཏྣ་རཀྴི་ཏས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་རིན་པོ་ཆེའི་མཐའ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽ཤློ་ཀ་ཉིས་བརྒྱ་བཅུ་རྗེ་སྨན་ལུང་པའི་གསན་ཡིག་ན་ཉིས་བརྒྱ་བརྒྱད་ཅུ་འདུག །པ་པཎྜི་ཏ་ཛི་ན་མི་ཏྲ། པྲ་ཛྙཱ་ཝརྨ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། ཉ་པ་ལ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་༼ཏ༽བམ་པོ་ལྔ་བཅུ་རྩ་དྲུག་དང་ལེའུ་བཅོ་ལྔ་པ་ལས་བམ་པོ་ཉེར་བརྒྱད་དང་ལེའུ་དགུ་པ་ཡན། ཏ་པ་ལ་དེའི་འཕྲོས་ཡོངས་སུ་རྫོགས་པ་མུ་སྟེགས་ཀྱི་རྒྱལ་པོ་པ་ལ་ཤས་གདུང་མ་ཐོབ་པ་ཡན་རྒྱ་ནག་གི་མཁན་པོ་ཝང་ཕབ་ཞུན་དང་དྷརྨའི་གཞི་འཛིན་དགེ་བའི་བློ་གྲོས། ལོ་ཙཱ་བ་རྒྱ་མཚོའི་སྡེས་བསྒྱུར། ཐ་པ་ལ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལེའུ་ཉི་ཚལ་པ་དཀར་ཆག་ན་ཁྲི་ཟེར་བ་ལས་མི་སྣང་བ་བརྟག །ཁྲི་ལྔ་སྟོང་ལས་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽ལྷ་དང་མི་ལ་སོགས་པས་ཞུས་པའི་ལེའུ་ཞེས་བྱ་བམ་པོ་བཅུ་གསུམ་དང་ལེའུ་ལྔ་པ་པཎྞི་ཏ་ཛི་ན་མི་ཏྲ། ཛྙཱ་ན་གརྦྷ། ལོ་ཙཱ་བ་དེ་ཝ་ཙནྡྲའི་འགྱུར། འདི་ཉིད་ལས། ཡུལ་ཀཽ་ཤ་བྷིར་དགྲ་བཅོམ་པ་དང་ཚུལ་ཁྲིམས་ཞིག་པ། འཁོར་ལྔ་བརྒྱ་ལྔ་བརྒྱ་ཡོད་པ་གཉིས་བྱུང་བའི་དུས་སུ་དམ་པའི་ཆོས་ནུབ་སྟེ་འཛམ་བུ་གླིང་དུ་དགེ་སློང་ནི་གཅིག་ཀྱང་མེད། བདུད་ཀྱི་མེ་བོ་ཆེ་སྦར་ནས་མདོ་སྡེ་ཐམས་ཅད་སྲེག་པར་བཤད་པ་སོགས་འདུག །མྱ་ངན་ལས་འདས་པའི་མདོ་ཆུང་བ་ཤློ་ཀ་དྲུག་ཅུའི་ཚོད་ཙམ་པ་


GLG004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མ་ལ་གུཔྟ་དང་ལོ་ཆེན་རིན་བཟང་གི་འགྱུར། འདི་གོང་དཀར་བའི་གསན་ཡིག་ན་མི་འདུག་པས་ལུང་རྒྱུན་མེད་པ་འདྲའོ། །འཕགས་པ་འདའ་ཀ་ཡེ་ཤེས་ཤློ་ཀ་བཅུ་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽རྒྱ་ནག་ལས་འགྱུར་བར་དཀར་ཆག་ལྡན་དཀར་མར་གསལ་ལ། འཕགས་པ་སངས་རྒྱས་ཀྱི་ཆོས་ཀྱི་མཛོད་༼ཉང༽༼སོ༽ཅེས་བྱ་བ་བམ་པོ་བཞི་ལེའུ་བཅུ་གཅིག་པ་རྒྱ་ནག་ལས་འགྱུར་བ། རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་ལེའུ་བཅུ་འདུག །དཀར་ཆག་ཆེན་མོ་གསུམ་ལ་ཚད་མར་ངོས་བཟུང་། གོང་དཀར་བའི་གསན་ཡིག་ཏུ་དཔྱད་གཞི་ཅན་དུ་འདུག་ཀྱང་ལུང་ནི་ཉན་ཞེས་སྣང་། འཕགས་པ་དཀོན་ཅོག་འབྱུང་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽གནས་ཞེས་བྱ་བ་བམ་པོ་བདུན་པ་ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི། ཡེ་ཤེས་སྡེའི་འགྱུར། འཕགས་པ་གསེར་གྱི་མདོ་གོང་དཀར་བའི་གསན་ཡིག་ན་གསེར་གྱི་མདོ་ཞེས་པ་མི་འདུག་ཅིང་ལུང་གནང་སྐབས་ཀྱང་ངོ་མ་འཕྲོད་པས་གསེར་གྱི་བྱེ་མ་ལ་ཤློ་ཀ་བརྒྱད་ཅུ་ཡོད་ན་གསེར་གྱི་མདོ་ཡང་དེའི་ཁོངས་སུ་ཚང་བ་ཡིན་ནམ་བརྟག །མདོ་དང་གསེར་གྱི་བྱེ་མ་ལྟ་བུའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽ཤློ་ཀ་བརྒྱད་ཅུ་པ་པཎྜི་ཏ་སུ་རེནྡྲ་བོ་དྷི། པྲ་ཛྙཱ་ཝརྨ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། ད་པ་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཀ༽ཏིང་ངེ་འཛིན་གྱི་རྒྱལ་པོ་བམ་པོ་བཅོ་ལྔ་དང་ལེའུ་དགུ་པ་པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང་ལོ་ཙ་བ་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། ཟླ་བ་སྒྲོན་མའི་མདོ་ཞེས་པ་མིང་ཙམ་ལས་དཔེ་མ་རྙེད་པར་གྲགས་ཀྱང་། དེ་ལ་ལུང་དྲངས་པ་རྣམས་འདིར་འབྱུང་བས་ཟླ་འོད་གཞོན་ནུས་ཞུས་པར་དོན་གྱིས་བསྒྱུར་བས་མདོ་འདི་གའི་རྣམ་གྲངས་སུ་བླ་མ་སྔོན་མ་མང་པོས་མཛད་སྐད་དོ། །འདི་ཉིད་ལས། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །སངས་རྒྱས་སྲས་གང་རྟག་ཏུ་བག་ཡོད་པ། དེ་དག་ཏིང་འཛིན་འདི་ནི་རྙེད་མི་དཀའ། །འཇིགས་པ་མེད་པ་འཁོར་གྱི་ནང་དུ་འགྲོ །ཕྱོགས་སུ་རྒྱ་ཆེར་དེ་ཡི་སྒྲ་ཡང་གྲགས། །


GLG004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་རྐང་ལག་རྟག་ཏུ་འཇམ་པར་འགྱུར། །སེར་སྣ་མེད་པའི་ཕན་ཡོན་འདི་དག་ཡིན། །རབ་ཏུ་དགའ་དང་དྲི་མེད་འོད་བྱེད་དང་། །འོད་འཕྲོ་ཤིན་ཏུ་སྦྱངས་དཀའ་མངོན་གྱུར་དང་། །རིང་དུ་སོང་དང་མི་གཡོ་ལེགས་པའི་བློ། །ཆོས་སྤྲིན་ས་བཅུ་པོ་ཡང་ཐོབ་པར་འགྱུར། །ཚེ་དང་ལས་དང་ཡོ་བྱད་མོས་པ་དང་། །སྨོན་ལམ་རྫུ་འཕྲུལ་སྐྱེ་བའི་སྟོབས་རྣམས་དང་། །ཆོས་དང་སེམས་དང་དེ་བཞིན་ཡེ་ཤེས་ཆེ། །དབང་བཅུ་འདི་དག་དཔའ་བོས་ཐོབ་པར་འགྱུར། །ཞེས་སོགས་ངོ་མཚར་བ་མང་དུ་སྣང་ངོ་། །ཆོས་ཉིད་རང་གི་ངོ་བོ་ཉིད་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་ལ་༼སོ༽སྣང་བའི་མདོ་གོང་དཀར་བའི་གསན་ཡིག་ན་བམ་པོ་གསུམ་ཞེས་སྣང་། ཤློ་ཀ་དགུ་བཅུ་པ་པཎྜི་ཏ་དཱ་ན་ཤཱི་ལ་དང་ཡེ་ཤེས་སྡེའི་འགྱུར། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གསུམ་དང་ལེའུ་སོ་བརྒྱད་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེ་གསུམ་གྱི་འགྱུར། འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བམ་པོ་ཕྱེད་དང་གཉིས་དང་ལེའུ་དགུ་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར། འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཕྱག་རྒྱའི་ཏིང་ངེ་འཛིན་བམ་པོ་སོ་གཉིས་ཚལ་པ་དཀར་ཆག་ན་ཤློ་ཀ་དྲུག་ཅུས་ལྷག་པ་སྣང་། པ་འགྱུར་གོང་དང་འདྲ་བ། འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽༼ཆ༽བམ་པོ་ལྔ་དང་ལེའུ་བཅུ་དགུ་པ་པཎྜི་ཏ་ཤཱཀྱ་པྲ་བྷ་དང་ལོ་ཙཱ་བ་རཏྣ་རཀྵི་ཏའི་འགྱུར་སྐད་གསར་བཅད་ཀྱིས་བཅོས་པ། མདོ་འདི་འཆད་པ་ལ་བདུད་ཀྱིས་མཐོ་འཚམས་པར་འོངས་པ་བཅིང་བ་ལྔས་བཅིངས་པའི་ཚེ་བྱང་སེམས་བློ་གྲོས་བརྟན་པས་སེམས་བསྐྱེད་ན་གྲོལ་བར་འགྱུར་


GLG004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲས་པས། གཡོ་སྒྱུ་སེམས་བསྐྱེད། བྱང་ཆུབ་ཏུ་ལུང་བསྟན་པའི་བཞི་ནི། སེམས་མ་བསྐྱེད་པར་ལུང་སྟོན་པ། སྐྱེས་མ་ཐག་ཏུ་སྟོན་པ། གསང་སྟེ་སྟོན་པ། བཟོད་པ་ཐོབ་ནས་སྟོན་པ་བཞི་འཇམ་དཔལ་གྱི་བྱང་སེམས་དཔའ་ཞུམ་པ་ཉིས་བརྒྱ་འདུལ་བའི་ཕྱིར་བསྐལ་པ་རྣམ་པར་སྣང་བ་ལ་ལན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུ་དྲུག་ཏུ་རང་རྒྱལ་གྱི་ཐེག་པས་མྱ་ངན་ལས་འདས་པར་བཤད། བསྐལ་པ་གྲངས་མེད་པའི་སྔོན་རོལ་ཏུ་འཇམ་དཔལ་སངས་རྒྱས་ཀླུའི་རིགས་མཆོག་ཏུ་གྱུར་པ་དང་། སངས་རྒྱས་རྣམ་པར་འཕྲུལ་པའི་རྒྱལ་པོ་འོ་སྐོལ་གྱི་སྟོན་པ་ཡིན་པར་བཤད་པ་སོགས་སྣང་ངོ་། །ན་པ་ལ་འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བཞུགས་པའི་ཏིང་ངེ་འཛིན་བམ་པོ་བདུན་དང་ལེའུ་ཉེར་ལྔ་པ་ཚལ་པ་དཀར་ཆག་ན་ཉེར་དྲུག་སྣང་། འགྱུར་གོང་དང་འདྲ་བ། འདི་ཉིད་ལས། དགེ་སློང་བརྒྱ་དང་དེ་བཞིན་བྱང་ཕྱོགས་སུ། །ཡོངས་སུ་ལེན་ཞིང་ཆོས་འཛིན་དགའ་བ་དག །ཆོས་འདོད་འཇིག་རྟེན་ཕན་ཞིང་བརྩེ་བ་དག །ལེན་པའི་ཚེ་ནི་མང་པོར་འབྱུང་བར་འགྱུར། །ཞེས་སོགས་སྣང་ངོ་། །འཕགས་པ་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་གྱི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་བཞི་དང་ལེའུ་ལྔ་བཅུ་པ་པཎྜི་ཏ་པྲ་ཛྙཱ་ཝརྨ། ཤྲཱི་ལེནྡྲ་བོདྷི། ལོ་ཙཱ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། ཚལ་པ་དཀར་ཆག་ན་ལེའུ་གཉིས་ཞེས་པ་ཡིག་སྐྱོན་ཡིན་འདྲ། འཕགས་པ་ཁྱེའུ་བཞིའི་ཏིང་ངེ་འཛིན་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་གསུམ་པ་པཎྜི་ཏ་ཛི་ན་མི་ཏྲ། པྲཛྙཱ་ཝརྨ། ཡེ་ཤེས་སྡེའི་འགྱུར། བར་འདིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཟེར་བ་ཞིག་ཚལ་པ་དཀར་ཆག་དང་དཔའ་བོའི་གསན་ཡིག་ན་འདུག་ཀྱང་གོང་དཀར་བའི་གསན་ཡིག་བླ་མ་གོང་མའི་གསན་ཡིག་ན་མེད་པའི་རྫུན་མ་ཡིན་པས་བོར་ཞེས་སྣང་བས་


GLG004_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་རྡོ་རྗེ་གདན་པ་ལས་བརྒྱུད་དགོས་ཕྱིན་ལུང་བྱ་བ་ནི་བུམ་སྟོང་གཅིག་ནས་གཅིག་ཏུ་འབྱོ་བའི་རྣམ་ཐར་ཡིན་པས་ཆོས་རྗེ་དཔའ་བོ་སོགས་ཀྱིས་ལུང་མཛད་འདུག་པ་ཐུགས་རྟོག་རྩིངས་པར་མངོན་ནོ། །འཕགས་པ་ཏིང་ངེ་འཛིན་༼ཉང༽༼སོ༽༼ཅ༽མཆོག་དམ་པ་བམ་པོ་གཅིག་པ། འཕགས་པ་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་༼ཇ༽བམ་པོ་བརྒྱད་པ་ལེའུ་བཅུ་གསུམ་གོང་དཀར་བའི་གསན་ཡིག་ན་བཅུ་གཅིག་ཟེར་བ་འདུག །པ་པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར། རྡོ་རྗེ་སྙིང་པོ་ཞེས་བྱ་བའི་གཟུངས་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་གཅིག་པ་འགྱུར་གོང་དང་འདྲ་བ། འཕགས་པ་སྒོ་མཐའ་ཡས་པར་སྒྲུབ་པ་༼སོ༽ཞེས་བྱ་བའི་གཟུངས་ཤློ་ཀ་ཉིས་བརྒྱ་དང་བཅུ་པ་གསན་ཡིག་རྒྱ་མཚོར་འདི་གཉིས་ཆོས་ཚན་ལ་སྣང་ཡང་བརྒྱུད་པར་མི་གསལ། སྒོ་དྲུག་པ་ཞེས་བྱ་བའི་༼སོ༽༼སྒོ༽གཟུངས་ཤློ་ཀ་བཅོ་བརྒྱད་པ། རྒྱུད་འབུམ་ཁྲོད་དུ་འདུག་ཀྱང་མཁས་པ་དབྱིག་གཉེན་གྱི་མདོར་བཀྲལ་བར་གྲགས། པ་པ་ལ་རྣམ་པར་མི་རྟོག་པ་འཇུག་པ་༼ཉང༽༼སོ༽ཞེས་བྱ་བའི་གཟུངས་ཤློ་ཀ་བརྒྱ་ཉི་ཤུ་པ་མཁས་པ་པདྨའི་ངང་ཚུལ་གྱིས་མདོར་བཀྲལ་སྐད་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་ཉེར་གཅིག་སྣང་། པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་འགྱུར། འཕགས་པ་ཚིགས་སུ་བཅད་པ་༼སོ༽གཉིས་པའི་གཟུངས། རྒྱུད་འབུམ་ན་ཡོད་ཅིང་ཏོག་དང་རྡོ་རྗེ་སྙིང་པོ་སོགས་ཕང་ཐང་མ། ལྡན་དཀར་མ། མཆིམས་ཕུ་མ་སྟེ་སྔོན་གྱི་དཀར་ཆག་ཆེན་མོ་རྣམས་སུ་མདོར་བགྲངས་ཞེས་ཐམས་ཅད་མཁྱེན་པ་བུ་སྟོན་གསུང་། གོང་དཀར་བའི་གསན་ཡིག་ན་བརྒྱད་པ་མི་གསལ། ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་བསྒོམ་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་གཉིས་དང་ལེའུ་བཞི་པ་གོང་དཀར་བའི་གསན་ཡིག་ན་གསུམ་དང་ཚལ་པ་དཀར་ཆག་ན་ལེའུའི་སྟེང་དུ་ཤློ་ཀ་དགུ་བཅུའང་སྣང་། པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། བྱང་ཆུབ་སེམས་དཔའི་


GLG004_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡུལ་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲལ་པ་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་ལྔ་དང་ལེའུ་བཅུ་པ་པཎྜི་ཏ་པྲ་ཛྙཱ་ན་ཝརྨ་དང་ཡེ་ཤེས་སྡེའི་འགྱུར། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་བམ་པོ་སོ་བདུན་པ་པཎྜི་ཏ་ཤཱི་ལེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འབུམ་རམ་པ་རིན་ཅེན་ཆོས་དབང་གིས་བྱང་སེམས་བཅུ་འདུས་ནས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་བསྟན་པའི་སྐབས་བྱང་སེམས་ཀུན་ཏུ་སྣང་བའི་མཚན་ཆད་འདུག་ཅེས་གསུངས། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽༼ཆ༽བམ་པོ་བརྒྱད་པ་པཎྜི་ཏ་བི་ཛ་ཡ་ཤཱི་ལ། ཤཱི་ལེནྡྲ་བོ་དྷི། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། འཕགས་པ་བྱམས་པས་ཞུས་པའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽༼རཏྣ༽ཤློ་ཀ་བདུན་ཅུ་པ་དཔའ་བོའི་གསན་ཡིག་ན་ཆུང་བའི་དཔེ་མ་རྙེད་ཅེས་རྙེད་པ་ཤློ་ཀ་བདུན་ཅུ་པ་འདི་ལ་ངོས་བཟུང་། ཚལ་པ་དཀར་ཆག་ན་ཆུང་ངུ་ལས་ཅིག་ཤོས་ཀྱི་སྒྲོས་མི་འདུག་པས་ལུང་རྒྱུན་གང་ལ་ཡོད་བརྟག་གོ །སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་༼ཉང༽༼སོ༽པ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽བམ་པོ་གཅིག་གོང་དཀར་བའི་གསན་ཡིག་ན་བཞི་ཞེས་སྣང་། པ་པཎྜི་ཏ་པྲ་ཛྙཱ་ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་ཉིད་དུ། འཇིག་རྟེན་ནག་པོ་འབྱུང་བའི་ཕྱིར། །ཡིད་ནི་དུག་གི་རྩ་བ་ཡིན། །ཉེས་པར་སྨྲ་རྣམས་འབྱུང་བའི་ཕྱིར། ཁ་ནི་སྡིག་པའི་སྒོ་ཡིན་ནོ། །ཞེས་སོགས་སྣང་ངོ་། །ཕ་པ་ལ་འཕགས་པ་བློ་གྲོས་རྒྱ་མཚོ་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་བཅུ་དང་ལེའུ་བཅུ་གཉིས་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། བུདྡྷ་པྲ་བྷ་ཝ། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་ཉིད་ལས། ལུས་དང་ངག་རྣམས་


GLG004_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་ཡིད་སྡོམ་ཞིང་། །རྣམ་པར་དག་པའི་ལས་ལམ་བཅུ་ལ་བསླབ། །བྱམས་པས་སེམས་ཅན་ཀུན་ལ་ཡང་དག་བལྟ། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །ཞེས་དང་། བློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་གཅིག་སྟེ། ཆོས་གཅིག་པུ་གང་ཞེ་ན། བྱང་ཆུབ་ཀྱི་སེམས་བརྗེད་པ་མེད་ཅིང་བག་ཡོད་པའོ། །ཞེས་བྱང་ཆུབ་སེམས་དཔའ་ལ་སེམས་དང་པོ་བསྐྱེད་པ། སྤྱོད་པ་ལ་ཞུགས་པ། ཕྱིར་མི་ལྡོག་པ། སྐྱེ་བ་གཅིག་གིས་ཐོགས་པ་སྟེ་བཞིར་བཤད་དོ། །ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེ་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་བདུན་དང་ལེའུ་བཅུ་གོང་དཀར་བའི་གསན་ཐོར་དགུ་འདུག །པ་ཛི་ན་མི་ཏྲ། པྲཛྙཱ་ཝརྨ། ཡེ་ཤེས་སྡེའི་འགྱུར། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་འབྲིང་༼པྲ༽༼ལྷོ༽༼ཉང༽༼སོ༽འདི་རྡོ་རྗེ་གདན་པའི་གསན་ཡིག་གི་དཀྱུས་ལ་མི་སྣང་ཡང་སྡོམས་ན་གསལ་ལོ། །པོ་དགེ་བ་བཅུ་བསྟན་པ་ཤློ་ཀ་ཉིས་བརྒྱ་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང་ངུ་༼ཆ༽ཤློ་ཀ་བཅུ་གཉིས་པ་འགྱུར་གོང་དང་འདྲ་བ། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་བཞི་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་དང་ཡི་གེ་པ་དགོན་གླིང་པ་རྣམས་ཀྱི་འགྱུར། འདི་ཉིད་ལས། འོད་གསལ་བ་དེ་ནི་སེམས་ཀྱི་རང་བཞིན་ནོ། །བཙུན་པ་རབ་འབྱོར་གལ་ཏེ་སེམས་ཀྱི་རང་བཞིན་ཉོན་མོངས་པ་ཡིན་དུ་ཟིན་ན་ནི་གང་ཡང་ཤིན་ཏུ་རྣམ་པར་དག་པ་མི་འགྱུར་བ་ཞིག་ན། ཞེས་དང་། ཀླུ་སངས་རྒྱས་མ་དྲོས་པ་འཚང་རྒྱ་བ་སོགས་བཤད་དོ། །མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་ལྔ་པ་པཎྜི་ཏ་དཔལ་གྱི་ལྷུན་པོ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་འགྱུར། བ་པ་ལ་ཚངས་པས་


GLG004_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་ཉིས་བརྒྱ་པ་པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་ཉིད་དུ། ཆོས་གཅིག་དང་ལྡན་ན་མྱུར་དུ་འཚང་རྒྱའོ། །དེ་གང་ཞེ་ན་ལུས་ཀྱི་རྗེས་སུ་སོང་བའི་དྲན་པའོ། །ཞེས་སྣང་ངོ་། །ཚངས་པས་བྱིན་གྱིས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽བམ་པོ་གཅིག་པ་པཎྜི་ཏ་སུ་རེནྡྲ་བོ་དྷི། པྲཛྙཱ་ཝརྨ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། ཚངས་པ་ཁྱད་པར་ཅན་སེམས་ཀྱིས་ཞུས་པ་བམ་པོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽དྲུག་པ་ཐམས་ཅད་མཁྱེན་པ་བུ་སྟོན་གྱིས་བམ་པོ་བདུན་དུ་མཛད། པཎྜི་ཏ་ཤཱཀྱ་པྲབྷ། དྷརྨ་པཱ་ལ། ཛི་ན་མི་ཏྲ། ལོ་ཙཱ་བ་དྷརྨ་ཏཱ་ཤཱི་ལ། དེ་ཝེནྡྲ་རཀྵི་ཏ། ཀུ་མཱ་ར་རཀྵི་ཏ་སོགས་ཀྱི་འགྱུར། འདི་ཉིད་དུ། དེ་བཞིན་གཤེགས་པ་ཟླ་འོད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཞིང་འདིར་བསྐལ་པ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པར་གནས་པ་ལས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་གང་སྔ་དྲོའི་དུས་གཅིག་སེམས་ཞེ་སྡང་མེད་པར་གནས་ན་དེ་བས་འདི་ཤིན་ཏུ་མཆོག་གོ །ཞེས་སོགས་ཡོད་དོ། །ལྷའི་བུ་རབ་གསལ་སེམས་ཀྱིས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽བམ་པོ་གསུམ་པ་པཎྜི་ཏ་པྲཛྙཱ་ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་དཔལ་དབྱིག་གིས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་བརྒྱ་དང་བཅོ་ལྔ་པ་འགྱུར་བྱང་གོང་དང་འདྲ་བ། འཕགས་པ་རིན་ཅེན་དྲ་བ་ཅན་གྱིས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་པ་པཎྜི་ཏ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་ཡེ་ཤེས་སྙིང་གསན་ཡིག་དང་དཀར་ཆག་ན་དཀྱུས་ལྟར་བྱུང་ཡང་ཡེ་ཤེས་སྡེ་ཡིན་ནམ་བརྟག །པོས་བསྒྱུར་བ་ལས་སླད་ཀྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་གཏན་ལ་ཕབ་པ། འདི་ཉིད་དུ། ཕྱི་མའི་དུས་སུ་དེ་ཚེ་ཁྱོད་ཀྱིས་ནི། །བག་མེད་གནས་ལ་འདུག་པར་མ་བྱེད་ཅིག །ཕྱི་མའི་དུས་ཀྱི་ཚེ་རུ་གྱུར་པ་ན། །


GLG004_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་སྐྱོན་མེད་རྟག་ཏུ་བག་བྱོས་དང་། །དེ་ནས་ཁྱོད་ནི་འཆི་བའི་དུས་བྱས་ནས། །རྒྱལ་བ་འོད་ཟེར་མཐའ་ཡས་ཅན་གྱི་ཞིང་། །རིན་ཅེན་ལྡན་ཞེས་བྱ་བའི་འཇིག་རྟེན་ཁམས། །སྟེང་གི་འཇིག་རྟེན་ཁམས་སུ་འགྲོ་བར་འགྱུར། །དེ་ནས་ཁྱོད་ནི་འཆི་བའི་དུས་བྱས་ནས། མྱུར་བ་ཉིད་དུ་སངས་རྒྱས་བྱམས་པ་མཐོང་། །ཞེས་པ་སྣང་ངོ་། །རིན་ཅེན་ཟླ་བས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽ཤློ་ཀ་ཉིས་བརྒྱ་ཉེར་བདུན་པ་པཎྜི་ཏ་བི་ཤུདྡྷ་སིངྷ་དང་ལོ་ཙཱ་བ་དགེ་བའི་དཔལ་གྱིས་བསྒྱུར་བ་ལས་སླད་ཀྱི་བིདྱཱ་ཀ་ར་སིངྷ་དང་ལོཙཱ་བ་དེ་ཝ་ཙནྡྲས་ཞུས་པ། འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ཤློ་ཀ་༼པྲ༽༼ལྷོ༽༼ཉང༽༼སོ༽བརྒྱད་ཅུ་པ་པཎྜི་ཏ་པྲཛྙཱ་ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་བདུན་ཅུ་རྩ་གསུམ་པ། འདི་ཡུལ་འཁོར་སྐྱོངས་གིས་ཞུས་པ་ཆུང་བ་ཡིན། ཆེ་བ་ནི་དཀོན་བརྩེགས་ཀྱི་ལེའུ་བཅོ་བརྒྱད་པར་ངོས་འཛིན་ནོ། །འཕགས་པ་རྣམ་པར་འཕྲུལ་བའི་རྒྱལ་པོས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བམ་པོ་གསུམ་པ་པྲ་ཛྙཱ་ཝརྨ་དང་ཡེ་ཤེས་སྡེའི་འགྱུར། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བམ་པོ་བཞི་པ། དཀར་ཆག་སྔོན་མ་ལ་ལར་བམ་པོ་དྲུག་ཏུ་བྱས་པའང་སྣང་ཞིང་འདི་དྲི་མ་མེད་པའི་འོད་ལུང་བསྟན་པ་དང་། ལི་ཡུལ་ལུང་བསྟན་ཡང་ཟེར། འཕགས་པ་ཐེག་པ་ཆེན་པོའི་མན་ངག་གི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽༼ཅ༽བུ་མོ་རིན་ཅེན་གིས་ཞུས་པ་བམ་པོ་བཞི་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེའི་འགྱུར། བྲམ་ཟེ་མོ་དཔལ་ལྡན་གྱིས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽ཤློ་ཀ་དགུ་བཅུ་པ། འཕགས་པ་བགྲེས་མོས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཤློ་ཀ་བརྒྱ་དང་བཅུ་པ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེའི་འགྱུར། མ་པ་ལ་འཕགས་པ་འཇམ་དཔལ་གྱིས་དྲིས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽ཤློ་ཀ་དགུ་


GLG004_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་དང་སྨན་ལུང་ནས་ཀྱི་གསན་ཡིག་ན་ཤློ་ཀ་བཅུ་དགུ་ཞེས་སྣང་བ་ཡིག་སྐྱོན་བྱུང་ངམ་བརྟག །བཅུ་བམ་པོ་གཅིག་པ། འདི་ཉིད་ལས། དེ་བཞིན་གཤེགས་པའི་ཕྱག་ཞབས་ཀྱི་མཐིལ་ལ་རྒྱལ་མཚན་དང་དཔལ་བེའུས་མཚན་པ་སོགས་བརྒྱད་ཅུ་ཡོད་པར་བཤད། འཕགས་པ་བདག་མེད་པ་དྲིས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽པཎྜི་ཏ་ཀ་མ་ལ་གུཔྟ་དང་ལོ་ཙཱ་བ་རིན་ཅེན་བཟང་པོའི་འགྱུར། ཀླུ་མེས་ཀྱིས་བཀའ་མིན་པར་འཆད་ཀྱང་ལོ་ཆེན་རིན་བཟང་གི་འགྱུར་ཡོད་པས་ཐེ་ཚོམ་མི་བྱའོ། །འདི་ཉིད་དུ། ཀུན་རྫོབ་དང་ནི་དོན་དམ་སྟེ། །དབྱེ་བ་གཉིས་སུ་ཡང་དག་བཤད། །ཀུན་རྫོབ་འཇིག་རྟེན་པ་ཡི་ཆོས། །དོན་དམ་འཇིག་རྟེན་འདས་པའོ། །ཞེས་སོགས་ཡོད་དོ། །འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པ། ༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽བམ་པོ་བཞི་དང་ལེའུ་བཅུ་གཉིས་པ། གོང་དཀར་བའི་གསན་ཡིག་ན་བཅུ་གཅིག་ཅེས་སྣང་། འཕགས་པ་བློ་གྲོས་མི་ཟད་པར་བསྟན་པ། ༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་གོང་དཀར་བའི་གསན་ཐོར་དྲུག་སྣང་། བདུན་པ་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། འདི་ཉིད་དུ། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་མི་འཛུམ་པ་ན་སངས་རྒྱས་ཀུན་ཏུ་བཟང་པོའི་དྲུང་ནས་བྱང་སེམས་བློ་གྲོས་མི་ཟད་པ་ཞིང་འདིར་བྱོན་ཏེ་མི་ཟད་པ་བརྒྱད་ཅུ་དང་དྲང་ངེས་སོགས་སྟོན་པས་བཀའ་སྩལ་ཚུལ་རྒྱས་པར་ཡོད། འཕགས་པ་ལི་ཙཱ་བཱི་དྲི་མ་མེད་པ་གྲགས་པས་བསྟན་པ། ༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽བམ་པོ་དྲུག་དང་ལེའུ་བཅུ་གཉིས་པ་འགྱུར་གོང་དང་འདྲ་བ། འཕགས་པ་འཇམ་དཔལ་གྱིས་བསྟན་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽པ་ཤློ་ཀ་ཕྱེད་དང་བཅོ་ལྔ་པ། ཚལ་པ་དཀར་ཆག་ཏུ་ཤློ་ཀ་ཕྱེད་བཅོ་ལྔ་པ་དང་སུམ་ཅུ་གདམ་པར་མཛད། ཆོས་རྗེ་དཔའ་བོའི་གསན་ཡིག་ན་སུམ་ཅུ་པ་ཟུར་དུ་བྲིས་འདུག་ཀྱང་གོང་དཀར་བའི་གསན་ཐོར་མི་གསལ་བས་སུམ་ཅུ་པར་ལུང་རྒྱུན་མེད་འདྲའོ། །འཕགས་པ་བྱང་ཆུབ་ཀྱི་ཕྱོགས་བསྟན་པ་


GLG004_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

༼ཉང༽༼སོ༽ཤློ་ཀ་དགུ་བཅུ་རྩ་གཉིས་པ་པཎྜི་ཏ་ཛི་ན་མི་ཏྲ། ཛྙཱ་ན་སིདྡྷི། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽བམ་པོ་གཉིས་པཎྜི་ཏ་ཤཱཀྱ་པྲ་བྷ། ཛི་ན་མི་ཏྲ། ལོ་ཙཱ་བ་དྷརྨ་ཏཱ་ཤཱི་ལའི་འགྱུར། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་གསུམ་པ་རིན་ཅེན་འཚོའི་འགྱུར། ཙ་པ་ལ་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ལྔ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བསྟན་པའི་སྦྱིན་པའི་ལེའུ་དགུ། ཚུལ་ཁྲིམས་ཀྱི་ལེའུ་བདུན། བཟོད་པའི་ལེའུ་གསུམ། བརྩོན་འགྲུས་ཀྱི་ལེའུ་གཅིག །བསམ་གཏན་གྱི་ལེའུ་བཞི་སྟེ་རེ་རེ་ལ་རྫོགས་སོ་ཡོད་པ་བམ་པོ་དྲུག་དང་ལེའི་ཉེར་བཞི་པ་པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། །འཕགས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་གཉིས་དང་ལེའུ་བཞི་པ་པཎྜི་ཏ་པྲཛྙཱ་ཝརྨ་དང་ལོ་ཙ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽༼ཆ༽ཤློ་ཆོས་རྣམས་གྱི་རྒྱན་བཀོད་སྤུངས་པ་ལྷབ་ལྷུབ་བཀོད་པའི་མདོའི་ལེའུ་བཅུ་པ་དང་བཅུ་གཅིག་པ་ཁོལ་དུ་བྱུང་བམ་གྲངས་མི་གསལ། ཀ་སུམ་ཅུ་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱང་ཆུབ་སེམས་པའི་སྤྱོད་པ་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཤློ་ཀ་ཚལ་པ་དཀར་ཆག་ན་ཉིས་བརྒྱ་ཉི་ཤུ་ཞེས་སྣང་། བརྒྱ་ཉི་ཤུ་པ་པཎྜི་ཛི་ན་མི་ཏྲ། པྲཛྙཱ་ཝརྨ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽ཡུལ་ལ་འཇུག་པ་བསྟན་པ་བམ་པོ་གསུམ་པཎྜི་ཏ་ཛྙཱ་ན་གརྦྷ་དང་ཡེ་ཤེས་སྡེའི་འགྱུར། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་༼ཉང༽༼སོ༽ཆོ་འཕྲུལ་རྣམ་པར་འཕྲུལ་པ་


GLG004_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བམ་པོ་གཅིག་པ། ཚལ་པ་དཀར་ཆག་ཏུ་བམ་སྟེང་ཤློ་ཀ་ལྔ་བཅུའང་སྣང་། སྙན་གྱི་གོང་རྒྱན་རྒྱས་པ་ཆེན་པོའི་མདོ་ལེའུ་འབུམ་པ་ལས་ཉེར་དགུ་༼༽སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པའི་ལེའུ་བམ་པོ་གསུམ་པ། ཕལ་ཆེར་གྱི་དུམ་བུ་ཡིན་པ་འདྲ། འཕགས་པ་མར་མེ་མཛད་ཀྱིས་ལུང་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཤློ་ཀ་ཉིས་བརྒྱ་དང་བཅུ་པ་པཎྜི་ཏ་བི་ཤུདྡྷ་སིངྷ་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར་ལ་སླར་ཡང་ཛྙཱ་ན་གརྦྷ་དང་ཀླུའི་རྒྱལ་མཚན་གྱིས་བཅོས་པ། འཕགས་པ་ཚངས་པའི་དཔལ་ལུང་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཤློ་ཀ་བཞི་བཅུ་པ་འགྱུར་བྱང་གོང་བཞིན་ལ་བིདྱཱ་ཀ་ར་སིངྷ་དང་དེ་ཝ་ཙནྡྲས་བཅས་པ། འཕགས་པ་བུད་མེད་གྱུར་པ་ལུང་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་གཉིས་པ་ཛི་ན་མི་ཏྲ་དང་ཡེ་ཤེས་སྡེའི་འགྱུར། འཕགས་པ་བུ་མོ་ཟླ་བ་མཆོག་ལུང་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་གཉིས་པ་འགྱུར་གོང་དང་འདྲ་བ། འཕགས་མ་བདེ་ལྡན་མ་ལུང་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽ཤློ་ཀ་བདུན་ཅུ་པ་རྒྱུད་འབུམ་ནའང་ཡོད། འཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ་༼སོ༽ཤློ་ཀ་བརྒྱ་པ། འཕགས་པ་རྒྱལ་བའི་བློ་གྲོས་ཞེས་པ༼ཉང༽༼སོ༽ཤློ་ཀ་བཅུ་གཅིག་པ། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་ཚལ་པ་དཀར་ཆག་ཏུ་བམ་སྟེང་ཤློ་ཀ་དྲུག་ཅུ་ཡང་སྣང་ངོ་། །གཅིག་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། འཕགས་པ་འཇམ་དཔལ་གནས་པ་ཞེས་པ་༼པྲ༽༼ལྷོ༽༼ཉང༽༼སོོ༽༼ང་༽ཤློ་ཀ་བརྒྱ་བཞི་བཅུ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱམས་པ་བདུད་རྩི་བརྗོད་པ་༼པྲ༽༼ལྷོ༽༼ཉང༽༼སོ༽ཤློ་ཀ་བརྒྱད་ཅུ་པ། འཕགས་པ་བྱམས་པ་འཇུག་པ་༼པྲ༽༼ལྷོ༽༼ཉང༽༼སོ༽ཞེས་བྱ་བ་བམ་པོ་གཉིས་པ་པཎྜི་ཏ་པྲ་ཛྙཱ་ཝརྨ། ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི། ལོ་


GLG004_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཙཱ་བ་ཡེ་ཤེས་སྡེ་བཞིའི་འགྱུར། འདི་ཉིད་ལས། རྒྱལ་པོ་གསེར་མདོག་དང་དགེ་སློང་བློ་གྲོས་བརྟན་པའི་རྟོགས་བརྗོད་བསྟན་པ། འཕགས་པ་ཆོས་ཀྱི་རྗེས་སུ་མཐུན་པར་འཇུག་པའི་འཇིག་རྟེན་གྱི་རྗེས་སུ་མཐུན་པར་འཇུག་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽པ་ཤློ་ཀ་བརྒྱ་བཅུ་གཅིག་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། ཚ་པ་ལ་འཕགས་པ་ལ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཕྱག་རྒྱའི་མདོ་བམ་པོ་ལྔ་པ་ཚལ་པ་དཀར་ཆག་ཏུ་བམ་པོ་སྟོང་ཤླཽ་ཀ་བདུན་ཅུའང་འདུག །པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་ཉིད་དུ། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཕྲོགས་པ་དང་མཆོད་རྟེན་ཐམས་ཅད་བཤིག་པ་ལས་བྱང་ཆུབ་སེམས་དཔའ་གཅིག་སྨད་པ་ཉེས་དམིགས་ཆེ། བྱང་ཆུབ་སེམས་དཔའ་ལ་རྐྱེན་ཅི་ཡང་རུང་བས་བརྙས་པ་བསྐྱེད་དེ་སྤྱོས་ན་དམྱལ་བ་ངུ་འབོད་དུ་ལུས་དཔག་ཚད་ལྔ་བརྒྱ་པར་མགོ་ཁ་ལྕེ་རྣམས་ལྔ་བརྒྱ་རེ་བྱས་པའི་ལྕེ་རེ་ལ་གཤོལ་ལྔ་བརྒྱ་ལྔ་བརྒྱས་རྨོད་པ་སོགས་སྣང་ངོ་། །འཕགས་པ་ངེས་པ་དང་མ་ངེས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽ཕྱག་རྒྱ་ལ་འཇུག་པ་བམ་པོ་གཅིག་པ་པནྜི་ཏ་པྲཛྙ་ཝརྨ། སུ་རེནྡྲ་བོ་དྷིི། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར་རོ། །འདི་ཉིད་ལས། ཕྱུགས་ཀྱི་ཤིང་རྟ། གླང་པོ། ཉི་ཟླ། ཉན་ཐོས། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི་བྱང་སེམས་ལྔའི་དང་པོ་གཉིས་ཉན་ཐོས་ཀྱི་ཐེག་པ་སྟོན་པས་ཕྱིར་ལྡོག་པས་མ་ངེས། གཞན་རྣམས་མི་ལྡོག་པས་ངེས་པ་དང་། གསུམ་པའི་སྐབས་བཞིན་འཛུམ། གསོང་པོ་སྨྲ། མི་གཏུམ། མི་བརླང་། མི་རྩུབ་ཅེས་བཤད་དོ། །འཕགས་པ་ཆོས་ཀྱི་ཕྱག་རྒྱ་༼པྲ༽༼ལྷོ༽༼ཉང༽༼ཆ༽ཤློ་ཀ་བརྒྱད་བཅུ་པ་པཎྜི་ཏ་པྲཛྙ་ཝརྨ་དང་ལོ་ཙཱ་བ་ཡེ་


GLG004_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྡེའི་འགྱུར། འཕགས་པ་མར་མེ་འབུལ་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་གཅིག་པ་འགྱུར་གོང་དང་འདྲ་བ། འཕགས་པ་གྲོང་ཁྱེར་གྱི་འཚེ་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་བརྒྱ་པ་པཎྜི་ཏ་ཛྙ་ན་གརྦྷ་དང་ལོ་ཙཱ་བ་ཀླུའི་དབང་པོས་བསྒྱུར་བ་སླར་ཡང་བི་དྱཱ་ཀ་ར་སིངྷ་དང་དཱེ་ཝ་ཙནྡྲས་བཅོས་པ། འཕགས་པ་ཟས་ཀྱི་འཚོ་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽རྣམ་པར་དག་པ་ཤློ་ཀ་སུམ་ཅུ་རྩ་བརྒྱད་པ། འཕགས་པ་གླང་པོའི་རྩལ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ལྟ་བུའི་མདོ་བམ་པོ་གཅིག་པ། ཚལ་པ་དཀར་ཆག་ན་འདི་སྟེང་ཤློ་ཀ་དྲུག་ཅུའང་འདུག །འཕགས་པ་སྒྲ་ཆེན་པོ་ཞེས་པ་ཤློ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽ཀ་རེ་བཞི་པ་པཎྜི་ཏ་བི་ཤུདྡྷ་སིངྷ་དང་ལོ་ཙཱ་བ་དགེ་བའི་དཔལ་གྱིས་བསྒྱུར་བ་ལ་སླར་ཡང་བི་དྱ་ཀ་ར་སིངྷ་དང་དེ་ཝ་ཙནྡྲས་ཞུས་པ། འདི་ཉིད་ལས། འཛམ་བུ་གླིང་དུ་ཞེང་དཔག་ཚད་བདུན་སྟོང་དུ་ཡོད་པ་དགྲ་བཅོམ་སོགས་ཀྱིས་གང་བ་ལ་ཇི་སྲིད་འཚོའི་བར་བསྙེན་བཀུར་བགྱིས་པ་ལས། དེ་བཞིན་གཤེགས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་དམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་པ་ཞིག་བྱེད་ན་བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བར་གསུངས་སོ། །འཕགས་པ་སེང་གེའི་སྒྲ་བསྒྲགས་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽པ་ཚལ་པ་དཀར་ཆག་ན་བམ་པོའི་སུམ་ཆ་གཅིག་ཙམ་ལས་མི་སྣང་བས་དཔྱད་ཅེས་པའང་སྣང་། བམ་པོ་གཅིག་པཎྜི་ཏ་བིདྱཱ་ཀ་ར་སིངྷ་དང་ལོ་ཙཱ་བ་རྦ་རྗེ་ཡེ་ཤེས་སྙིང་པོའི་འགྱུར། འཕགས་པ་ས་ལུ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽༼ཐ༽ལྗང་པའི་མདོ་ཤློ་ཀ་ཉིས་བརྒྱ་ཉེར་དྲུག་པ། འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་༼ཉང༽༼སོ༽དང་རྣམ་པར་དབྱེ་བ་བསྟན་པ་ཤློ་ཀ་


GLG004_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་བནྡེ་ནམ་མཁའི་འགྱུར། ཐེག་དམན་དུ་གྲགས་ཀྱང་མཁས་པ་དབྱིག་གཉེན་གྱི་འགྲེལ་པར་རྣམ་ཤེས་ཚོགས་བརྒྱད་སོགས་བསྟན་པས་ཐེག་པ་ཐུན་མོང་པ་ཡིན་ཞེས་ཐམས་ཅད་མཁྱེན་པ་བུ་སྟོན་བཞེད་དོ། །འཕགས་པ་རྟེན་ཅིང་འབྲེལ་པར་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽༼ཆ༽འབྱུང་བ་ཤློ་ཀ་བཅུ་གསུམ་པ། གོང་དཀར་བའི་གསན་ཡིག་ན་མི་གསལ་འཆད་དམ་སྙམ། འཕགས་པ་སོར་མོའི་འཕྲེང་བ་ལ་ཕན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽བམ་པོ་བདུན་པ་པཎྜི་ཏ་ཤཱཀྱ་པྲ་བྷ། ལོ་ཙཱ་བ་དྷརྨ་ཏཱ་ཤཱི་ལ། རྒྱ་ནག་གི་ལོ་ཙཱ་བ་ཏོང་ཨ་ཙ་ལའི་འགྱུར། འདི་ཉིད་དུ། ཡིད་རང་བཞིན་གྱིས་ཡང་དག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོའོ་ཞེས་དང་། སེམས་ཅན་ཐམས་ཅད་ལ་མར་མ་གྱུར་པ་དང་སྲིང་མོར་མ་གྱུར་པ་གང་ཡང་མེད་དོ། །དེ་བས་ན་བདག་གི་ཤ་དང་གཞན་གྱི་ཤའང་ཤ་གཅིག་པ་ཡིན་པས་སངས་རྒྱས་རྣམས་ཤ་མ་གསོལ་ལོ། །ཞེས་སོགས་སྣང་ངོ་། །རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་༼པྲ༽༼ལྷོ༽༼ཉང༽༼སོ༽གདམས་པ་གསན་ཡིག་རྒྱ་མཚོར་ཆོས་ཚན་གྱི་སྐབས་ཚེམས་ཀྱང་བརྒྱུད་པའི་སྐབས་དྲངས་འདུག །པཎྜི་ཏ་དཱ་ན་ཤཱི་ལ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་ཉིད་མཁས་པ་མང་པོས་དཔྱད་གཞིར་མཛད་ལ། ཕྱི་མ་གསན་ཡིག་རྒྱ་མཚོར་མི་འདུག་ཀྱང་ཚེམས་པ་ལས་རྒྱུན་ཡོད། བད་སའི་རྒྱལ་པོ་འཆར་༼སོ༽བྱེད་ལ་གདམས་པ་འགྱུར་གོང་འདྲ། འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་ལྔ་པ་པནྜི་ཏ་མཉྫུ་ཤྲཱི་གརྦྷ་དང་ལོ་ཙཱ་བ་རཏྣ་རཀྵི་ཏའི་འགྱུར། འདི་ཉིད་ལས། འོག་ཕྱོགས་ཀྱི་སངས་རྒྱས་འོད་ཟེར་རྒྱལ་པོའི་ཞིང་དུ་བསྐལ་བ་བཅུར་བསམ་གཏན་ལ་གནས་པ་ལས། མི་བརྗེད་འདིར་སྔ་དྲོ་གཅིག་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་ན་དེ་བསོད་ནམས་ཆེ་བར་གསུངས། ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོ་དང་། ཚོང་དཔོན་


GLG004_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བུ་དྲི་མ་མེད་པའི་དཔུང་པའི་གཏམ་རྒྱུད་རྒྱལ་པོ་མ་སྐྱེས་དགྲ་སེམས་ཅན་དམྱལ་བ་མེ་ཏོག་པུནྡ་རི་ཀ་ཞེས་པར་སྐྱེས་ནས། མ་འོངས་པ་ན་བསྐལ་པ་མཐོང་ན་དགའ་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་འདམ་གྱི་རྙོག་པ་མེད་པར་སངས་རྒྱས་ཡུལ་རྣམ་པར་དག་པ་ཞེས་བྱ་བར་ལུང་བསྟན། ཚེ་ཚད་བསྐལ་པ་བར་མ་བཞིར་འགྱུར་རོ། །ཞེས་སོགས་སྣང་ངོ་། །འཕགས་པ་དཔལ་སྦས་ཀྱི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་ཚལ་པ་དཀར་ཆག་ཏུ་བམ་སྟེང་ཤློ་ཀ་དྲུག་ཅུའང་སྣང་། གཅིག་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། །འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་༼སོ༽བམ་པོ་གཅིག་ཚལ་པ་དཀར་ཆག་ཏུ་བམ་སྟེང་ཤློ་ཀ་བཞི་བཅུའང་འདུག །གསན་ཡིག་རྒྱ་མཚོར་མི་སྣང་བ་ཚེམས་པ་ཡིན་པས་རྒྱུན་ཡོད། པ་པཎྜི་ཛི་ན་མི་ཏྲ། པྲ་ཛྙཱ་ཝརྨ། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་ཉིད་དུ། དགེ་སློང་དྲི་མེད་འོད་སྨད་འཚོང་མའི་སྔགས་ཀྱིས་བཏབ་པའི་ཟས་ཀྱིས་མྱོས་པར་བྱས་ཏེ་འཁྲིག་པ་སྤྱད་པ་དོན་དམ་པའི་བཤགས་པས་ཉེས་པ་མེད་པ་སོགས་ཡོད། །འཕགས་པ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཤློ་ཀ་ཉིས་བརྒྱ་སུམ་ཅུ་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། ཛ་བ་ལ་སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ། ༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་བདུན་དང་ལེའུ་རྡོ་རྗེ་གདན་པའི་གསན་ཐོར་བརྒྱད་ཅེས་སྣང་ངོ་། །དགུ་པ་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་འགྱུར། འདི་ཉིད་ལས། དགེ་སློང་སྨྲ་བ་ལྷུར་ལེན་པ་གང་དག་ཡིན་པ་དག་འབྱུང་བར་འགྱུར་ཏེ། ཡི་གེ་ལྷུར་བྱེད་པ། ཡི་གེ་ལ་མཁས་པ། ཡི་གེའི་རྗེས་སུ་འབྲང་པ། ཡི་གེ་ལ་རྟོན་པ། ཡི་གེ་ལ་མོས་པའི་གང་ཟག །གསང་ཚིག་ངན་པས་འཚོ་བ། ཉིན་


GLG004_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དུ་རྩོད་པའི་གཏམ་ལ་མངོན་པར་དགའ་ཞིང་། ཤིན་ཏུ་བཟང་བའི་མལ་སྔས་ནང་ཚང་ཅན་བཅུག་པ། གདིང་བ་དང་གཡོགས་པ་འཇམ་པོ་ལ་ཉལ་བར་བྱེད་ཀྱི། དེ་དག་བསམ་གཏན་ལ་གཞོལ་བའི་སེམས་གཅིག་ཀྱང་སྐྱེད་པར་མི་བྱེད་ན། འབྲས་བུ་ཐོབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ་གནས་མེད་དོ། །ཞེས་སོགས་སྣང་ངོ་། །རྒྱལ་པོ་ཆེན་པོ་གསལ་རྒྱལ་ལ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽གདམས་པ་ཤློ་ཀ་བརྒྱ་བཅུ་དྲུག་པ། འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ལེའུ་ལྔ་དང་བམ་པོ་གསུམ་པ་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང་ལོ་ཙཱ་བ་དཔལ་གྱི་ལྷུན་པོས་བསྒྱུར་བ་ལ་དཔལ་བརྩེགས་ཀྱིས་ཞུས་པ། འདིར་ཡ་མཚན་ཅན་གྱི་ལྟ་བས་འདུལ་བར་བཤད། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་བམ་པོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽གསུམ་པ་པཎྜི་ཏ་པྲཛྙཱ་ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདིར་ཡུམ་གྱི་ཆེད་དུ་དབྱར་གནས་སུམ་ཅུ་རྩ་གསུམ་དུ་མཛད་ཚུལ་རྒྱས་པར་ཡོད་དོ། །འཕགས་པ་ལྷག་པའི་བསམ་པ་བསྟན་པའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽ལེའུ་གཉིས་དང་བམ་པོ་གཅིག་དཀར་ཆག་སྔོན་མ་ཚོར་བམ་པོ་བཞི་ཞེས་བཤད་ཀྱང་དཔེ་ལ་གཅིག་གི་ཚོད་ཙམ་པ་ལས་མི་འདུག་ཅེས་པ་ཚལ་པ་དཀར་ཆག་ན་སྣང་ངོ་། །པ་པཎྞི་ཏ་སུ་རེནྡྲ་བོདྷི། པྲཛྙཱ་ཝརྨ། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་གསུམ་ལ་སྐྱབས་སུ་འགྲོ་བ་༼སོ༽ཤློ་ཀ་སུམ་ཅུ་པ་པཎྜི་ཏ་སརྦ་ཛྙཱ་དེ་བ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། འཕགས་པ་སྲིད་པ་འཕོ་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་བདུན་ཅུ་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། འཕགས་པ་རྣམ་པར་འཐག་པ་ཐམས་ཅད་སྡུད་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་གཅིག་པ་པཎྜི་ཏ་ཛི་ན་མི་ཏྲ། ཚལ་པ་དཀར་ཆག་ཏུ་ཤློ་ཀ་དྲུག་ཅུས་ལྷག་པ་སྣང་ངོ་། །མུ་ནི་


GLG004_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཝརྨ། ལོ་ཙཱ་ཡེ་ཤེས་སྡེ་གསུམ་འགྱུར། འཕགས་པ་སངས་རྒྱས་འགྲོ་བ་༼ཁ༽༼ཅ༽བམ་པོ་གསུམ་པ། འདིར་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་མཚན་ཐོས་པའི་ཕན་ཡོན་དང་སའི་ཡོངས་སྦྱོང་ཤེར་ཕྱིན་དང་མཐུན་པར་བཤད། འཕགས་པ་དེ་བཞིན་གཤེགས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽འགྲོ་བ་བམ་ཚལ་པ་དཀར་ཆག་ཏུ་བམ་སྟེང་ཤློ་ཀ་དོན་ལྔ་སྣང་ངོ་། །པོ་གསུམ་པ་པཎྜི་ཏ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་དཔལ་དབྱངས་ཀྱི་འགྱུར་ལ་སྐ་བ་དཔལ་བརྩེགས་ཀྱིས་ཞུས་པ། འདུས་པ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཅེས་བྱ་བ་བམ་པོ་གསུམ་པ་དང་ལེའུ་བཞི་གོང་དཀར་བའི་གསན་ཡིག་ན་གསུམ་ལས་མི་འདུག །བྱ་རྒྱུད་ཀྱི་དེ་བཞིན་གཤེགས་པའི་རིགས་སུ་གཏོགས་ཞེས་པ་དཔྱད། པ་པཎྜི་ཏ་སརྦ་ཛྙཱ་དེ་ཝ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། ཝ་པ་ལ་འཕགས་པ་དཀོན་ཅོག་སྤྲིན་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽བམ་པོ་བདུན་ཚལ་པ་དཀར་ཆག་ན་བརྒྱད་ཅེས་སྣང་། པ་པཎྜི་ཏ་རིན་ཅེན་འཚོ་དང་ལོ་ཙཱ་བ་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། འཕགས་པ་སྤྲིན་ཆེན་པོའི་མདོ་བམ་པོ་བཅུ་དང་ལེའུ་སོ་བདུན་པ། ཚལ་པ་དཀར་ཆག་ན་སོ་བརྒྱད་སྣང་། པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་ཉིད་དུ། རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུས་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་ལ་སེམས་བསྐྱེད་ནས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་པའི་ཚེ་ཆོས་ཕྱིར་སྲོག་འདོར་བའི་སྨོན་ལམ་དང་སངས་རྒྱས་མྱ་ངན་ལས་ཡོངས་མི་འདའ་ཞེས་སོགས་ཀྱི་མཇུག་ཏུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་ན་ཆ་བྱད་ཀྱི་འཁོར་ལོ་སྒྱུར་བ་དགེ་བསྙེན་མྱ་ངན་མེད་ཅེས་བྱ་བར་འགྱུར་ཞེས་སློབ་དཔོན་ཆེན་པོ་ལུང་བསྟན་པ་དང་ལི་ཙཱ་བཱི་འཇིག་རྟེན་ཐམས་


GLG004_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་མཐོང་ན་དགའ་བ་སོགས་ཀྱི་ལུང་བསྟན་ཡོད་དོ། །འཕགས་པ་སྤྲིན་ཆེན་པོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽འདུས་པའི་དགའ་སྟོན་ཆེན་པོ་ལས་རྣམ་པར་རྩེ་བ་ལེའུ་སོ་བདུན་དང་བམ་པོ་གསུམ་བསྒྱུར་བྱེད་གོང་དང་འདྲ་བ། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་༼པྲ༽༼ལྷོ༽༼ཉང༽༼སོ༽གྱི་ལེའུ་བམ་པོ་སྤྲིན་ཆེན་པོའི་ལེའུ་འབུམ་པ་ལས་རེ་བཞི་པ་ཁོལ་དུ་བྱུང་བར་གྲགས། གཅིག་པ་པཎྜི་ཏ་ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་གཉིས་རྒྱུད་འབུམ་ནའང་ཡོད། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་ལས་༼གྲུབ༽ཆར་དབབ་པའི་ལེའུ་དྲུག་ཅུ་རྩ་བཞི་པ་ཆོ་ག་དང་ཅེས་པ་བམ་པོ་ཕྱེད་དང་ཚལ་པ་དཀར་ཆག་ན་ཤློ་ཀ་བདུན་ཅུ་ལྷག་པོར་སྣང་ངོ་། །གསུམ་པ་པཎྜི་ཏ་ཛི་ན་མི་ཏྲ། ཤཱི་ལེནྡྲ་བོ་དྷི། ཡེ་ཤེས་སྡེའི་འགྱུར། བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོ་དེ་བཞིན་གཤེགས་པའི་གསང་བ་གྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་བསྡུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽དཔའ་བར་འགྲོ་བའི་མདོ་ཆེན་པོ་ལེའུ་སྟོང་ཕྲག་བཅུ་པ་ལས་བམ་པོ་གཉིས་པ། ཀླུ་མེས་དབང་ཕྱུག་གྲགས་འདི་བཀའ་ཡིན་མིན་ཐེ་ཚོམ་དུ་མཛད་ཅེས་སྣང་། གསན་ཡིག་རྒྱ་མཚོར་ཆོས་ཚན་འདྲེན་སྐབས་མི་གསལ་ཡང་བརྒྱུད་པ་འདྲེན་སྐབས་འདུག་གོ །གཙུག་ཏོར་ཆེན་མོ་བམ་པོ་དགུ་པ་ལས་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཏ༽བདུད་ཀྱི་ལེའུ་ཉེ་ཚེ་ཕྱུང་བ་བམ་པོ་གཉིས་རྒྱ་ནག་འགྱུར། ཀུན་མཁྱེན་བུས་དཔྱད་གཞི་མཛད་པར་བརྟེན་གོང་དཀར་བའི་གསན་ཡིག་ཏུ་ཐེ་ཚོམ་འདུག་ཀྱང་ལུང་ཉན་ཞེས་སྣང་བས་རྒྱུན་ཡོད་ཀྱང་དཔྱད་པར་བྱའོ། །ཞ་པ་ལ་འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽སྟོང་ཕྲག་བརྒྱ་པའི་མདོ་རྩོལ་བ་མེད་པ་ལེའུ་བཅུ་གཉིས་དང་བམ་པོ་བདུན་པ་པཎྜི་ཏ་མཉྫུ་ཤྲཱི་གརྦྷ།


GLG004_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བི་ཛ་ཡ་ཤཱི་ལ། ཤཱི་ལེནྡྲ་བོ་དྷི། ལོ་ཙཱ་བ་ཡེ་ཤེས་སྡེ་རྣམས་ཀྱི་འགྱུར། ཆོས་འགྲོ་བའང་ཟེར་བས་དཀར་ཆག་ཆེན་མོའི་ཆོས་ཀུན་འགྲོ་བ་དང་གཅིག་མི་གཅིག་དཔྱད་གཞིར་འདུག །འདུས་པ་ཆེན་པོ་ལས་འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པ་བམ་པོ་ཚལ་པ་དཀར་ཆག་ན་བམ་པོ་བཅུ་གསུམ་ཞེས་སྣང་། ༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བཅུ་དང་ལེའུ་བརྒྱད་པ་པཎྜི་ཏ་རྒྱའི་མཁན་པོ་ཧཱ་ཤང་ཟབ་མོ་སོགས་དང་ལོ་ཙཱ་བ་རྣམ་པར་མི་རྟོག་པའི་འགྱུར། འདི་ཉིད་དུ། ཙམ་པ་ཀ་ཡི་མེ་ཏོག་སྙིགས་གྱུར་ཀྱང་། །མེ་ཏོག་རྣམ་པ་གཞན་པས་ཤིན་ཏུ་ལྷག །དགེ་སློང་ཚུལ་ཁྲིམས་ཉམས་ཤིང་སྡིག་སྤྱོད་ཀྱང་། །མུ་སྟེགས་ཅན་དག་ཐམས་ཅད་ཀུན་པས་མཆོག །ཅེས་དང་། མད་འཚེར་གནས་སྡིག་བཅུ་པོ་དག །སྨད་འཚོང་གནས་སྡིག་གཅིག་དང་མཉམ། །སྨད་འཚོང་གནས་སྡིག་བཅུ་པོ་དག །ཆང་འཚོང་གནས་སྡིག་གཅིག་དང་མཉམ། །ཆང་འཚོང་གནས་སྡིག་བཅུ་པོ་དག །བཤན་པའི་གནས་སྡིག་གཅིག་དང་མཉམ། །བཤན་པའི་གནས་སྡིག་བཅུ་བཅས་པས། །རྒྱལ་པོ་གདོལ་ཅན་སྡིག་གཅིག་མཉམ། །ཞེས་པ་དང་། དོན་དམ་པ་དང་ཀུན་རྫོབ་ཀྱི་དགེ་སློང་གི་ཁྱད་པར་སོགས་སྣང་ངོ་། །འཕགས་པ་ཕྱིར་མི་ལྡོག་པའི་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽འཁོར་ལོ་བམ་པོ་དྲུག་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། མུ་ནི་ཝརྨ། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཏིང་ངེ་འཛིན་གྱི་འཁོར་གསན་ཡིག་རྒྱ་མཚོ་ཆོས་ཚན་དང་བརྒྱུད་པ་གཉིས་ཀའི་སྐབས་མི་སྣང་བ་ཚེམས་པ་ལས་རྒྱུན་ཡོད་དོ། །ལོའི་མདོ་༼༽ཤཱི་ལ་དྷརྨ་དང་རྣམ་པར་མི་རྟོག་པས་རྒྱ་ནག་ལས་བསྒྱུར་བ་འཕགས་པ་ཡོངས་སུ་བསྔོ་བ་འཁོར་ལོའི་མདོ་ལིའི་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽དགེ་སློང་སྡེ་སྣོད་གསུམ་དང་ལྡན་པ་ཤཱི་ལ་དྷརྨས་རྒྱ་གར་གྱི་དྷརྨ་རྒྱའི་ཡི་གེ་ལས་ལོ་ཙཱ་བ་རྣམ་པར་མི་


GLG004_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པའི་འགྱུར། དཀར་ཆག་སྔོན་མ་རྣམས་སུ་བམ་པོ་གཉིས་སུ་བྱས་འདུག་ཀྱང་། དཔེ་ལ་བམ་པོའི་སུམ་ཆ་ཙམ་ལས་མི་འདུག་པས་བརྟག་ཅེས་ཚལ་པ་དཀར་ཆག་སྣང་ངོ་། །ཟབ་པ་འཕགས་པ་དམ་པའི་ཆོས་ཀྱི་རྒྱལ་པོའི་ཡི་གེ་བམ་པོ་གཅིག་པ། གོང་དཀར་བའི་གསན་ཡིག་ཏུ་འདི་ཐེ་ཚོམ་ཅན་དུ་འདུག་ཅིང་གསན་ཡིག་སྔོན་མ་ན་མེད་པས་ལུང་མི་བྱ་གསུང་བ་ལྟར་མ་ཞུས་ཤིང་། ཆོས་རྗེ་དཔའ་བོའི་གསན་ཡིག་དེ་འདྲའི་ཐུགས་དོགས་མ་བྱུང་འདྲ་བ་སླད་ནས་ལུང་མཛད་པ་པོ་རྣམས་ཀྱིས་ཡི་གེ་ལྷོགས་པ་རྒྱུ་མཚན་དུ་མི་མཛད་པ་གལ་ཆེའོ། །འཕགས་པ་ཆོས་ཀྱི་ཚུལ་བམ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽པོ་གཅིག་པ་པཎྜི་ཏ་པྲ་ཛྙཱ་ཝརྨ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཆོས་ཀྱི་ཕུང་པོ་༼པྲ༽༼ལྷོ༽༼ཉང༽༼སོ༽ཤློ་ཀ་བརྒྱ་ལྔ་བཅུ་པ་འགྱུར་གོང་དང་འདྲ་བ། འཕགས་པ་དོན་དམ་པའི་ཆོས་ཀྱི་རྣམ་པར་༼པྲ༽༼ལྷོ༽༼ཉང༽༼སོ༽རྒྱལ་བ་ཤློ་ཀ་ཉིས་བརྒྱ་དང་བརྒྱད་ཅུ་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤི་ལ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། འཕགས་པ་ཆོས་དང་དོན་རྣམ་པར་འབྱེད་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽ཤློ་ཀ་དགུ་བཅུ་པ་འགྱུར་གོང་དང་མཚུངས་པ་བྱང་ཆུབ་སེམས་པའི་སོ་སོ་ཐར་པའི་ཆོས་བཞི་སྒྲུབ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽པའི་མདོ་བམ་པོ་ཚལ་པ་དཀར་ཆག་ན་བམ་སྟེང་ཤློ་ཀ་བརྒྱའང་སྣང་ངོ་། །གཅིག་པ་པཎྜི་ཏ་དཱི་པཾ་ཀ་ར་ཤཱི་ཛྙཱ་ན་དང་ལོ་ཙཱ་བ་ཤཱཀ་བློ་དང་དགེ་བློའི་འགྱུར། འཕགས་པ་ཆོས་བཞི་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་བཅུ་གསུམ་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཆོས་བཞི་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽༼ཆ༽པ་ཤློ་ཀ་བཅུ་པ། འཕགས་པ་ཆོས་བཞི་༼སོ༽མི་གཏང་བ། གསན་ཡིག་རྒྱ་མཚོར་ཆོས་ཚན་དང་བརྒྱུད་པ་གཉིས་ཀར་ཆད་ཀྱང་ཚེམས་པ་ཡིན་འདུག་པས་རྒྱུན་ཡོད། འཕགས་པ་བཞི་པ་སྒྲུབ་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽ཤློ་ཀ་ཉིས་བརྒྱ་དང་དྲུག་ཅུ་པ།


GLG004_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གསུམ་པའི་མདོ་༼སོ༽ཛི་ན་མི་ཏྲ་དང་དེ་བ་ཙནྡྲས་བསྒྱུར་བ་ལ་དཔལ་བརྩེགས་ཀྱིས་ཞུས་པ། འཕགས་པ་ཆོས་ཀྱི་རྒྱལ་༼སོ༽མཚན་གྱི་མདོ། གསན་ཡིག་རྒྱ་མཚོར་མི་གསལ་བ་ཚེམས་པ་ལས་རྒྱུན་སྣང་ངོ་། །འཕགས་པ་ཆོས་རྒྱ་མཚོ་༼ཉང༽༼སོ༽༼ཅ༽ཤློ་ཀ་བརྒྱད་ཅུ་པ། འཕགས་པ་ཆོས་ཀྱི་རྒྱལ་མོ་༼པྲ༽༼ལྷོ༽༼ཉང༽༼སོ༽བམ་པོ་གཉིས་པ་རྒྱ་ནག་འགྱུར། གོང་དཀར་བའི་གསན་ཡིག་ཏུ་རྫུན་མ་འདྲའང་གསན་ཡིག་ན་འདུག་པས་ལུང་ཉན་གསུང་བ་ལྟར་ཐོབ་པའི་གྲས་བྱས། འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་ཉི་མའི་སྙིང་པོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བམ་པོ་བཅུ་གསུམ་དང་ལེའུ་བཅུ་གཉིས་པ་པཎྜི་ཏ་སརྦ་ཛྙཱ་དེ་ཝ། བིདྱཱ་ཀ་ར་པྲ་བྷ། ཤཱཀྱ་དྷརྨ། ལོ་ཙཱ་བ་བཟང་སྐྱོང་རྣམས་ཀྱིས་བསྒྱུར་བ་ལ་སླར་ཡང་དཔལ་བརྩེགས་ཀྱིས་ཞུས་པ། འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཀ༽༼ག༽བམ་པོ་གཅིག་པ་པཎྜི་ཏ་ཤཱཀྱ་པྲ་བྷ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པའི་ཡི་གེ་མེད་པའི་ཟ་མ་ཏོག་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཤློ་ཀ་བརྒྱ་པ། འཕགས་པ་ནམ་མཁའི་སྙིང་པོ་༼སོ༽བམ་པོ་ཚལ་པ་དཀར་ཆག་ན་ཤློ་ཀ་བརྒྱ་དང་དོན་ལྔས་ལྷག་པ་འདུག་གསན་ཡིག་རྒྱ་མཚོའི་ཆོས་ཚན་དང་བརྒྱུད་པ་གཉིས་ཀར་མི་གསལ་བ་ཚེམས་པ་ལས་རྒྱུན་ཡོད་དོ། །གཅིག་པ་པཎྜི་ཏ་ཤཱཀྱ་པྲ་བྷ་དང་རིན་ཅེན་འཚོའི་འགྱུར། འཕགས་པ་ཐབས་ལ་མཁས་པའི་མདོ་༼ཉང༽༼སོ༽བམ་པོ་གཉིས་པ། འདི་ཉིད་དུ། དགའ་བྱེད་སྨོན་ལམ་ཅི་ཕྱིར་འདེབས་པ་ནི། །བུད་མེད་གང་དག་ཆགས་སེམས་ཀྱིས་བལྟ་བ། །དེ་ནི་བུད་མེད་ལུས་ཀྱི་ཡོངས་སྤངས་ཏེ། །སྐྱེས་བུ་ཡངས་པའི་སེམས་ཅན་འགྱུར་བར་ཤོག །ཅེས་པ་སྣང་ངོ་། །འ་པ་ལ་སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བརྒྱ་ལྔ་བཅུ་རྩ་གསུམ་པ་བམ་པོ་བརྒྱད་པ།


GLG004_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མེ་ཏོག་གི་འདུལ་བའི་བཟོད་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བསྟན་པ་བམ་པོ་བཅུ་གཅིག་དང་ལེའུ་བཅུ་གཉིས་པ་རྒྱ་ནག་འགྱུར། འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཁ༽འགྱོད་འཚངས་གི་སྡིག་པ་སྦྱང་བ་སྟེ་སངས་རྒྱས་ཡོངས་སུ་སྒྲུབ་པ་རྣམ་པར་བཀོད་པ་བམ་པོ་གཉིས་ཚལ་པ་དཀར་ཆག་ན་བམ་སྟེང་དུ་ཤློ་ཀ་བརྒྱ་བཅུ་གཉིས་འདུག་པས་ཕང་ཐང་མར་བམ་པོ་ཕྱེད་བཞི་མཛད་པ་དང་མཐུན་ནམ་སྙམ་པ་རྒྱ་ནག་འགྱུར། འདི་ཉིད་ལས། འཆི་ཁར་དགེ་བའི་བཤེས་གཉེན་འགའ་ཞིག་གིས། །དཀོན་ཅོག་གསུམ་གྱི་མཚན་ལན་གསུམ་དུ་ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མོཿསཾགྷཱ་ཡ། ཞེས་དེ་སྐད་ཆེད་དུ་བརྗོད་ན་ཤི་འཕོས་ནས་ངན་སོང་གསུམ་དུ་མི་འགྲོ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་བཤད། རིགས་ཀྱི་བུ་ཅིའི་ཕྱིར་དཀོན་ཅོག་ཅེས་བྱ་ཞེ་ན། དཔེར་ན་འཇིག་རྟེན་གྱི་རིན་པོ་ཆེ་སྣ་བདུན་པོ་ཕོངས་པ་རྣམས་ལ་འཚོ་བ་གཏད་པ་དང་འདྲ་བར་དཀོན་ཅོག་གསུམ་ཡང་འཇིག་རྟེན་སྐྱེ་བོ་རྣམས་ཀྱི་སྐུ་བསྐྱེད་པ་དང་ཡེ་ཤེས་སྤེལ་བར་བྱེད་པས་དཀོན་ཅོག་ཅེས་བྱའོ། །འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས་༼ང༽ཕྱག་འཚལ་ཆོ་ག་དང་མཚན་ནས་བརྗོད་པའི་གླེང་གཞི། མེ་ཏོག་གི་ཚོགས་ཀྱི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་གསུམ་པ་པཎྜི་ཏ་ཛྙཱ་ན་སིདྡྷི་དང་ལོ་ཙཱ་བ་དྷརྨ་ཏཱ་ཤི་ལ་སོགས་ཀྱི་འགྱུར། ཡ་པ་ལ་སྤང་སྐོང་༼སོ༽ཕྱག་རྒྱ་པ་ཐུ་མིའི་འགྱུར། གསན་ཡིག་རྒྱ་མཚོའི་ཆོས་ཚན་དང་བརྒྱུད་པ་གཉིས་ཀར་ཆད་པ་ཚེམས་པ་ཡིན་འདུག་པས་རྒྱུན་སྣང་ངོ་། །འཕགས་པ་བསམ་གྱིས་མི་ཁྱབ་པའི་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽རྒྱལ་པོ་ཤློ་ཀ་དོན་ལྔ་པ། འཕགས་པ་ཕྱོགས་བཅུའི་མུན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽


GLG004_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བ་ཤློ་བརྒྱ་ལྔ་བཅུ་པ་པཎྜི་ཏ་བི་ཤུདྡྷ་སིངྷ་དང་ལོ་ཙཱ་བ་གཙང་དེ་ཝེནྡྲ་རཀྵི་ཏས་བསྒྱུར་བ་ཀླུའི་རྒྱལ་མཚན་གྱིས་ཞུས་པ། འཕགས་པ་སངས་རྒྱས་བདུན་པ་༼ཉང༽༼སོ༽ཤློ་ཀ་བརྒྱ་རྩ་ལྔ་པ་པཎྜི་ཏ་ཤཱཀྱ་སིངྷ་དང་ལོ་ཙཱ་བ་དེ་ཝེནྡྲ་རཀྵི་ཏའི་འགྱུར། རྒྱུད་འབུམ་ནའང་བཞུགས། འཕགས་པ་སངས་རྒྱས་བརྒྱད་པ་༼སོ༽ཤློ་ཀ་དགུ་བཅུ་པ་འགྱུར་གོང་དང་འདྲ། །འཕགས་པ་སངས་རྒྱས་བཅུ་པའི་མདོ་ཡོན་ཏན་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽རིན་ཅེན་མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པ་ཤློ་ཀ་བརྒྱ་བཞི་བཅུ་པ་འགྱུར་གོང་དང་འདྲ་བ། འདི་ཉིད་ལས། བྱང་སེམས་སྒྲིབ་སེལ་གྱིས་སངས་རྒྱས་པདྨའི་སྤྱན་ལ་དྲིས་པའི་ལན་དུ་ཆོས་བཅུ་དང་ལྡན་ན་དེ་བཞིན་གཤེགས་པའི་སྐུའི་ཆོས་ཉིད་ཐོབ་སྟེ། ལུས་མཉམ་པ། ཡོངས་སུ་དག་པ། རྨ་མེད་པ། ལེགས་པར་གྲུབ་པ། ཆོས་ཀྱི་ལུས། རྟག་པར་བྱ་བ་མིན་པ། བསམ་གྱིས་མི་ཁྱབ་པ། ཞི་བ། མཁའ་དང་མཚུངས་པ། ཡེ་ཤེས་ཀྱི་ལུས་ཏེ་ལུས་བཅུ་པོ་ས་བཅུ་ལ་རིམ་བཞིན་ཐོབ་པ། ཚུལ་ལྟ་ཆོ་ག་འཚོ་བ་ཉམས། །འདུ་འཛི་ལ་དགའ་ལེ་ལོ་ཅན། འཁོར་བ་ལ་དགའ་ཐར་རྒྱབ་ཕྱོགས། ཁྱིམ་པ་བརྟེན་པའི་གྲོགས་པོ་སྤང་། ཉོན་མོངས་ཐམས་ཅད་སྤང་དང་འཇུག །སྡིག་གྲོགས་སྤོང་བ་རྣམ་བཅུ་ཡིན། ཞེས་དང་། དྲང་བ། འཇམ་པ། གྱ་གྱུ་མེད་པ་སོགས་ངེས་པ་བཅུ། ལྟ་བ། ཚུལ་ཁྲིམས། ཆོ་ག་ཡོངས་སུ་དག་པ་སོགས་འགྲོགས་ན་བདེ་བ་བཅུ་བཤད་དོ། །འཕགས་པ་སངས་རྒྱས་བཅུ་གཉིས་པ་༼སོ༽ཤློ་ཀ་བདུན་ཅུ་རྩ་བདུན་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤི་ལ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། རྒྱུད་འབུམ་ནའང་བཞུགས། འཕགས་པ་སངས་རྒྱས་ཀྱི་དབུ་རྒྱན་ཞེས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཤློ་ཀ་ཉིས་བརྒྱ་པ་པཎྜི་ཏ་ཤཱཀྱ་སིངྷ་


GLG004_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལོ་ཙཱ་བ་དེ་ཝེནྡྲའི་འགྱུར། འཕགས་པ་སངས་རྒྱས་མི་སྤོང་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་ཚལ་པ་དཀར་ཆག་དང་རྗེ་སྨན་ལུང་པའི་གསན་ཡིག་ན་ཉི་ཤུ་ལས་མི་འདུག་པ་ཆད་དམ་བརྟག །བརྒྱ་ཉི་ཤུ་པ་པཎྜི་ཏ་ཛི་ན་མི་ཏྲ། པྲ་ཛྙཱ་ཝརྨ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། འཕགས་པ་སངས་རྒྱས་ཀྱིས་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཀ༽༼ཅ༽ཤློ་ཀ་ཉིས་བརྒྱ་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཤྲཱི་ལེནྡྲ་བོ་དྷི། ལོ་ཙཱ་བ་ཡེ་ཤེས་སྡེའི་བཞིའི་འགྱུར། འཕགས་པ་དཀྱིལ་འཁོར་བརྒྱད་པ་༼སོ༽ཤློ་ཀ་བདུན་ཅུ་པ་འགྱུར་གོང་འདྲ། །རྒྱུད་འབུམ་ནའང་ཡོད། འཕགས་པ་བཀྲ་ཤིས་བརྒྱད་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽ཤློ་ཀ་ལྔ་བཅུ་རྩ་གཅིག་པ། འཕགས་པ་དཀོན་ཅོག་༼སོ༽གསུམ་རྗེས་སུ་དྲན་པའི་མདོ། བསླབ་པ་གསུམ་གྱི་༼སོ༽མདོ། འཕགས་པ་སྐུ་གསུམ་གྱི་༼སོ༽མདོ། སོའི་རྟགས་འདི་previous hit གསུམ་པོ་གནས་ཡིག་རྒྱ་མཚོར་ཆོས་ཚན་དང་བརྒྱུད next hit་པ་གཉིས་ཀར་མི་སྣང་བ་ཚེམས་པ་ལས་རྒྱུན་ཡོད། འཕགས་པ་ཕུང་པོ་གསུམ་པའི་མདོ། དཀོན་བརྩེགས་ཀྱི་ཉེ་བར་འཁོར་གྱིས་ཞུས་པའི་ལེའུ་ལས་ཕྱུང་བ། ༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽༼རཏྣ༽ཤློ་ཀ་བརྒྱ་སུམ་ཅུ་པ་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བསམ་པ་ཐམས་ཅད་ཡོངས་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽སུ་རྫོགས་པར་བྱེད་པ་ཤློ་ཀ་ལྔ་བཅུ་པ། འཕགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་༼སོ༽བསྔོ་བ་ཤློ་ཀ་བཞི་བཅུ་པ་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང་ལོ་ཙཱ་བ་ཡེ་ཤེས་སྙིང་པོའི་འགྱུར་ལ་དཔལ་བརྩེགས་ཀྱིས་ཞུས་པ། མདོ་སྡེ་དྲན་པ་ཉེར་གཞག་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽བམ་པོ་ཉི་ཤུ་པ་ཡན། ར་པ་ལ་གོང་གི་འཕྲོས་བམ་པོ་ཉེར་གཅིག་པ་ནས་ཞེ་ལྔ་པ་ཡན། ལ་པ་ལ་བམ་པོ་ཞེ་དྲུག་པ་ནས་འཐབ་བྲལ་གྱི་ལྷ་རྣམས་ཀྱི་རྟག་ཏུ་བདེ་བའི་ས་སྟེ་བརྒྱད་པ་ཡན་དང་འཐབ་བྲལ་གྱི་བདག་པོ་མུ་སུ་ལུནྡྷའི་རྫུ་འཕྲུལ་ཆེན་པོ་རྫོགས་པའི་


GLG004_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བར། ཤ་པ་ལ་གོང་གི་འཕྲོས་ནས་དྲན་པ་ཉེར་གཞག་ཇི་ཙམ་གྱུར་པ་ཡོངས་སུ་རྫོགས་པ་སྔ་འགྱུར་ལ་དུས་ཕྱིས་ཤཱཀྱ་རཀྵི་ཏ། བྷུ་ཏི་ཙནྡྲ། ཨ་ཌི་ཏ་ཙནྡྲ་དང་། པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར་ཆད་བསབས་ཏེ་བཅོས་པ་དང་། ཡོངས་དྲིལ་དྲན་པ་ཉེར་གཞག་པོ་ཏི་བཞི་ཅུང་མ་ལོན་ཙམ་ཞིག་ཡོད། འདི་ལ་དཀར་ཆག་ཏུ་ཤློ་ཀ་ཁྲི་དང་ཉིས་སྟོང་དགུ་བརྒྱ་སྟེ་བམ་པོ་བཞི་བཅུ་རྩ་གསུམ་ཡན་ཆད་འགྱུར་ཞེས་ཐེག་དམན་དུ་ངོས་བཟུང་ཡང་མདོ་དངོས་ལ་བརྟགས་ན་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་མདོ་ཞེས་དང་དམ་ཆོས་མདོ་སྡེ་རིན་ཅེན་ཐེག་པ་ཀུན་གྱི་གཞི་དང་རྩ་བ་བཅུད་དུ་གྱུར་པའི་ཐེག་ཆེན་དྲན་པ་ཉེར་གཞག་འདི་ཞེས་པ་ཚབ་ལོ་ཙཱ་བ་གསུང་ཞིང་། རྔོག་ལོ་ཡང་ཐེག་ཆེན་དུ་བཞེད། པ་ཚབ་ཀྱི་དྲན་པ་ཉེར་གཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་ལས་ལུས་དྲན་པ་ཉེར་གཞག་གི་སྐབས་ཡིན་པར་བཤད་ཅིང་། སྔ་འགྱུར་ལ་ཤར་ཕྱོགས་བྷ་ལེནྡྲའི་གཙུག་ལག་ཁང་གི་བདག་པོ་རྒྱལ་པོ་ནིཪྻ་པཱ་ལས་བརྩིགས་པའི་གཙུག་ལག་ཁང་ཛ་གཏྟ་ལའི་སྔོན་གྱི་སློབ་དཔོན་ཆེན་པོ་རྣམས་དང་མཚུངས་པར་གྲགས་པ་ཤཱནྟ་ཀ་ར་གུཔྟ། ཨ་བྷ་ཡཱ་ཀཱ་ར། འཇམ་དཔལ་གྱི་སྤོབས་པ་ཅན་ཤཱཀྱ་རཀྵི་ཏ། བིདྱཱ་ཀ་ར་ཤནྟི་པ་སོགས་ཀྱིས་རྒྱ་དཔེ་ལྔ་དང་། མ་ག་དྷའི་རྒྱལ་པོ་དེ་ཝ་པཱ་ལའི་གཙུག་ལག་ཁང་གི་བི་ཀྲ་མ་ཤཱི་ལའི་མཁས་པ་ཤཱཀྱ་རཀྵི་ཏ། བྱཱ་ཀ་ར་ཎའི་ཚུལ་ལ་བྱང་བ་རབ་འབྱོར་ཟླ་བ། མངོན་པའི་སྡེ་སྣོད་ལ་བྱང་བ་ཨ་ཌི་ཏ་ཙནྡྲ་སོགས་ལས་རྒྱ་དཔེ་གཉིས་ཏེ་བདུན་ལ་བཏུགས་ནས་རྒྱ་གར་གྱི་སཾ་སྐྲྀ་ཏ་དང་ཕྲལ་སྐད་གཉིས། བོད་ཀྱི་ཆོས་སྐད་དང་ཕྲལ་སྐད་གཉིས་ཏེ་


GLG004_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་འདྲིས་པའི་པ་ཚབ་ཚུལ་རྒྱན་གྱིས་ཉུང་ངུས་དོན་མང་པོ་སྟོན་པ་རྣམས་སྤྱིར་བསྒྱུར་ན་ཤེས་ལྡན་རྣམས་ཀྱིས་དོན་དུ་མ་རྟོགས་ལ། དེ་ལས་ལྡོག་ན་དོན་གཅིག་སྟོན་པར་འཁྲུལ་པའི་ཕྱིར་བརྗོད་པ་ཇི་ཙམ་པ་དེ་ཙམ་དུ་བསྒྱུར་བར་ཡང་རིགས་ལ། གཞི་འགྱུར། ཞུས་ཆེན། ཞུས་ཆུང་། ཚིག་དོན་གྱི་འགྲེལ་དཔྱད་པ། ཡང་འགྲེལ་དཔྱད་པ་སྟེ་ལྔས་གཏན་ལ་ཕབ་པར་གྲགས་སོ། །འདི་ཉིད་དུ། རྒྱལ་པོའི་ཁབ་ན་ལ་ཏི་ཏའི་བྲམ་ཟེའི་གྲོང་དུ་མ་བརྒྱབ་ཀྱང་དགྲ་རྣམས་འདུད་པའི་གྲི། མེ་ཆུ་རླུང་གིས་མི་གནོད་པར་ཁྱིམ་གྱི་བྱ་བ་བྱེད་པའི་ཀླུའི་པགས་པ། འདོད་ཆགས་མི་སྐྱེ་བའི་མལ་ཆ། བསམ་གཏན་གྱི་བདེ་བའི་ཚལ། མཚན་མོའི་ཐུན་གཅིག་དགེ་བའི་ཆོས་ལ་གནས་པའི་ཁྱིམ། གྲང་དྲོ་བཀྲེས་སྐོམ་མེད་ཅིང་མེ་མཚོན་གྱིས་མི་ཆོད་པའི་གོས། དཔག་ཚད་བརྒྱར་འགྲོ་ནུས་ཤིང་ཆུར་མི་བྱིང་བའི་ལྷམ་སྟེ་ཉེ་བའི་རིན་ཅེན་སྣ་བདུན་གྱི་ངོས་འཛིན། གཞན་ཡང་། ཙན་དན་དང་ནི་རལ་གྲིར་མཉམ། །ཟས་ནི་ཞིམ་དང་མི་ཞིམ་མཉམ། །དར་ཟབ་སྣམ་བུར་མཉམ་པ་ནི། །སྲིད་པས་གནོད་པར་མི་འགྱུར་རོ། །ཆང་ནི་དུག་གི་མཆོག་ཡིན་ཏེ། ཆང་འཐུང་བ་ལ་བརྟེན་མི་བྱ། །ཆང་འཐུང་བ་ལ་བརྟེན་པ་ནི། དགེ་བ་རྣམ་པར་ཉམས་པར་འགྱུར་ཞེས་དང་། སྨན་པར་རི་མོའི་བསྟེན་དང་། །དེ་བཞིན་ཐོས་ངན་སྙན་ངག་སྡེབ། །འདྲེས་པར་གནས་དང་ཞབས་རིང་བྱེད། །དགེ་སློང་རབ་ཏུ་ཉམས་པར་འགྱུར། །ཞེས་སོགས་རྒྱས་པར་སྣང་ངོ། །མདོ་ཆེན་པོ་སྒྱུ་མའི་དྲ་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བམ་པོ་གཅིག་པ་པཎྜི་ཏ་ཛི་ན་མི་ཏྲ། ཚལ་པ་དཀར་ཆག་ཏུ་བམ་སྟེང་ཤློ་ཀ་བཞི་བཅུའང་སྣང་། པྲཛྙ་ཝརྨ། ལོ་ཙཱ་བ་ཡེ་ཤེས་


GLG004_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་གསུམ་གྱི་འགྱུར། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽བམ་པོ་ཕྱེད་པ་འགྱུར་གོང་དང་འདྲ་བ། མདོ་ཆེན་པོ་སྟོང་པ་ཉིད་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཤློ་ཀ་དགུ་བཅུ་པ་འགྱུར་གོང་དང་འདྲ་བ། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བམ་པོ་ཕྱེད་པ་འགྱུར་གོང་འདྲ། མདོ་ཆེན་པོ་རྒྱལ་མཚན་མཆོག་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽ཤློ་ཀ་བཞི་བཅུ་པ་འགྱུར་གོང་འདྲ། མདོ་ཆེན་པོ་རྒྱལ་མཚན་དམ་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་བཞི་བཅུ་པ་འགྱུར་གོང་འདྲ། མདོ་ཆེན་པོ་ལྔ་གསུམ་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་ཉིས་བརྒྱ་ཉི་ཤུ་པ་འགྱུར་གོང་འདྲ། །འཕགས་པ་རྡོ་འཕངས་པའི་མདོ་༼ཉང༽༼སོ༽བམ་པོ་གཉིས་པ་བཟང་སྐྱོང་དང་དཔལ་བརྩེགས་ཀྱི་འགྱུར། གཞོན་ནུ་དཔེའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་ཉི་ཤུ་པ། ཁམས་མང་པོའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་ཉིས་བརྒྱ་པ། གཎྜིའི་མདོ་ཤློ་ཀ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བཅུ་པ་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་ཡོན་ཏན་གྱི་འགྱུར་ལ་ལོ་ཆེན་རིན་བཟང་གིས་ཞུས་པ། གཎྜིའི་དུས་ཀྱི་མདོ་༼སོ༽པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར། འཕགས་པ་དགེ་བའི་བཤེས་གཉེན་བསྟེན་པའི་མདོ་༼སོ༽པཎྜི་ཏ་དྷརྨ་ཀ་ར་དང་ལོ་ཙཱ་བ་བཟང་སྐྱོང་གི་འགྱུར། གསན་ཡིག་རྒྱ་མཚོའི་ཆོས་ཚན་འདྲེན་སྐབས་ཚེམས་ཀྱང་བརྒྱུད་པའི་སྐབས་སྣང་ངོ་། །ས་པ་ལ་མངོན་པར་འབྱུང་བའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཆེན་རིན་བཟང་གི་འགྱུར། འདི་ཉིད་དུ། ཡུལ། རིགས་བརྒྱུད། དུས། གླིང་། ཡུམ་སྟེ་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཚུལ་སོགས་སྣང་ངོ་། །དགེ་སློང་ལ་རབ་ཏུ་གཅེས་༼སོ༽པའི་མདོ། ཚུལ་ཁྲིམས་ཡང་དག་པར་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ལྡན་པའི་མདོ། ལྟུང་བ་སྡེ་ལྔའི་དགེ་བ་དང་མི་


GLG004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་འབྲས་བུ་༼སོ༽གོང་དཀར་བ་དང་སྨན་ལུང་ནས་ཀྱི་གསན་ཡིག་ན་དཀྱུས་བཞིན་བྱུང་ཚལ་པ་དཀར་ཆག་ན་འབྲས་བུ་བརྟག་པ་ཞེས་སྣང་། བསྟན་པའི་མདོ་པཎྜི་ཏ་ཛྙཱ་ན་ཤྲཱི་གུཔྟ་དང་ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། མཆོག་ཏུ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽གདགས་ཚལ་པ་དཀར་ཆག་དང་རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་དཀྱུས་ལྟར་དང་གོང་དཀར་པའི་གསན་ཡིག་ན་རྒྱུད་གདགས་པ་དང་ལས་གདགས་པ་ལས་གཞན་མ་བྱུང་བས་འདི་ལས་གདགས་པ་ཡིན་འདྲ། པའི་མདོ། རྣམ་པར་གྲོལ་བའི་ལམ་ལ་སྦྱངས་པའི་ཡོན་ཏན་༼སོ༽བསྟན་པའི་མདོ་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། དཀར་ཆག་ཆེན་མོ་དང་གོང་དཀར་བའི་གསན་ཡིག་ན་མདོར་ངོས་བཟུང་ཞིང་ལ་ལ་བསྟན་བཅོས་སུ་འདོད་པའང་སྣང་། །ཚེ་མཐའི་མདོ་ཤློ་ཀ་ཉིས་བརྒྱ་དང་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽ལྔ་པ་པཎྜི་ཏ་བི་ཤུདྡྷ་སིངྷ་དང་ལོ་ཙཱ་བ་དགེ་བ་དཔལ་གྱིས་བསྒྱུར་བ་སླར་ཡང་བི་དྱཱ་ཀ་ར་དང་སྐ་བ་དཔལ་བརྩེགས་ཀྱིས་ཞུས་པ། འཆི་འཕོ་བ་ཇི་ལྟར་༼སོ༽འགྱུར་བསྟན་པའི་མདོ། མི་རྟག་པ་ཉིད་ཀྱི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་བཅོ་ལྔ་པ་པཎྜི་ཏ་སུ་རེནྡྲ་བོ་དྷི་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཡང་མི་རྟག་པ་ཉིད་༼པྲ༽༼ལྷོ༽༼ཉང༽༼སོ༽ཀྱི་མདོ། གོང་དཀར་བ། དཔའ་བོ། སྨན་ལུང་ནས་གསུམ་གྱི་གསན་ཡིག་ཏུ་བྱུང་། ཚལ་པ་དཀར་ཆག་ན་མི་གསལ་བ་ཆད་དམ་སྙམ། འདུ་ཤེས་བཅུ་༼སོ༽བསྟན་པ་ཤློ་ཀ་བརྒྱད་པ། འདུ་ཤེས་བཅུ་གཅིག་༼སོ༽བསྟན་པ་བཅོམ་ལྡན་འདས་ཀྱི་ཞལ་ཆེམས་ཤློ་ཀ་བཅུ་གཅིག་པ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་༼སོ༽འཇུག་པའི་མདོ་ཤློ་ཀ་བརྒྱ་པ། གསན་ཡིག་རྒྱ་མཚོར་ཆོས་ཚན་དང་བརྒྱུད་པ་གཉིས་ཀར་མི་གསལ་བ་ཚེམས་པ་ལས་རྒྱུན་སྣང་། རྒྱུད་འབུམ་ནའང་ཡོད། མཚན་མོ་བཟང་༼ཉང༽༼སོ༽པོའི་མདོ་ཤློ་ཀ་ལྔ་བཅུ་རྩ་


GLG004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། མུན་གྱི་༼སོ༽ནགས་ཚལ་གྱི་མདོ། གསན་ཡིག་རྒྱ་མཚོར་ཆོས་ཚན་དང་བརྒྱུད་པ་གཉིས་ཀར་མི་གསལ་བ་ཚེམས་པ་ཡིན་པས་རྒྱུན་ནི་སྣང་ངོ་། །ཕ་༼སོ༽མའི་མདོ། བདེན་པ་༼སོ༽བཞིའི་མདོ། དོན་དམ་རྣམ་པར་ངེས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽༼ཆ༽ཞེས་བྱ་བའམ་དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་བམ་པོ་གཅིག་པ། དཀར་ཆག་ཕང་ཐང་མར་ཤློ་ཀ་བདུན་ཅུ་ལས་མི་འདུག །ཚལ་པ་དཀར་ཆག་ན་བམ་པོ་གཅིག་དང་ཤློ་ལོ་ཀ་བདུན་ཅུའི་ཚོད་འདུག་ཟེར་བ་སྣང་། དོན་རྒྱས་པའི་ཆོས་ཀྱི་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽རྣམ་གྲངས་ཤློ་ཀ་བརྒྱ་པ། ཚལ་པ་དཀར་ཆག་ན་འདིའི་མཇུག་ཅུང་མ་ཚང་ཞེས་སྣང་། འཕགས་པ་རྨད་དུ་བྱུང་བའི་ཆོས་ཀྱི་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽རྣམ་གྲངས་ཤློ་ཀ་བདུན་ཅུ་པ་པཎྜི་ཏ་ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱི་འགྱུར། འདི་ཉིད་ལས། ལྷོ། ཤར། ནུབ། བྱང་རྣམས་རིམ་པ་བཞིན། ཆུ་ཞེང་གཉིས་ཀར་དཔག་ཚད་བདུན་སྟོང་། བརྒྱད་སྟོང་། དགུ་སྟོང་། དཔག་ཚད་ཁྲི་ཡོད་པ། རིན་ཅེན་སྣ་བདུན་གྱི་རང་བཞིན་དུ་བཅས་ཏེ་བཞུགས་གནས་ལ་ཕུལ་བ་ལས། མཆོད་རྟེན་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་པ་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ་རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་བ་དང་། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ཏེ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་འཇུག་ན་དེ་ཆེས་བསོད་ནམས་ཆེའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པའི་གཟུགས་བརྙན་༼ཆ༽༼པྲ༽༼ལྷོ༽༼ཉང༽༼སོ༽བཞག་པའི་ཕན་ཡོན་ཡང་དག་པར་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཤློ་ཀ་དྲུག་ཅུ་པ་པཎྜི་ཏ་དྷརྨ་ཀ་ར་དང་ལོ་ཙཱ་བ་ཡེ་ཤེས་སྙིང་པོའི་འགྱུར་ལ་དཔལ་བརྩེགས་ཀྱིས་ཞུས་པ། མཆོད་རྟེན་བསྐོར་བའི་༼སོ༽ཚིགས་བཅད་ཤློ་ཀ་བདུན་ཅུ་པ། གསན་ཡིག་རྒྱ་


GLG004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་ཆོས་ཚན་དང་བ་རྒྱུད་པ་གཉིས་ཀའི་སྐབས་མི་གསལ་བ་ཚེམས་པ་ལས་རྒྱུན་ནི་སྣང་ངོ་། །གསལ་རྒྱལ་ལ་ཚིགས་སུ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བཅད་པ་ཤློ་ཀ་བརྒྱ་པ། ཚིགས་སུ་༼སོ༽བཅད་པ་གཅིག་པ། འདི་གཉིས་གསན་ཡིག་རྒྱ་མཚོའི་ཆོས་ཚན་དུ་གསལ་བརྒྱུད་པའི་སྐབས་ཚེམས་འདུག །ཚིགས་སུ་༼སོ༽བཅད་པ་བཞི་པ། ཀླུའི་རྒྱལ་པོ་༼ཉང༽༼སོ༽རྔ་སྒྲའི་ཚིགས་སུ་བཅད་པ་ཤློ་ཀ་བརྒྱ་པ། རྔ་སྒྲའི་བུའི་མདོ་ཞེས་ཀྱང་ཟེར། ཆེད་དུ་བརྗོད་པའི་ཚོམས་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་བཞི་ལ་མི་རྟག་པའི་ཚོམས་ནས་བྲམ་ཟེའི་ཚོམས་གྱིས་བར་སུམ་ཅུ་རྩ་གསུམ་ཡོད་པ་པཎྜི་ཏ་བིདྱཱ་ཀ་ར་པྲ་བྷ་དང་ལོ་ཙཱ་བ་རིན་ཅེན་མཆོག་གི་འགྱུར་ལ་དཔལ་བརྩེགས་ཀྱིས་ཞུས་པ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་བྱོན་པའི་དགྲ་བཅོམ་པ་རྣམས་ཀྱིས་བསྡུས་ཀྱང་རྩ་བའི་ཚིག་མདོ་དངོས་ཡིན་པས་བསྟན་བཅོས་ཁོ་ནར་འཆད་པ་མི་རིགས་ཤིང་། དེ་ལྟར་ན་དུས་འཁོར་བསྡུས་རྒྱུད་ལའང་གནོད་པ་འདི་འཇུག་པར་འགྱུར་རོ། །སྐྱེས་བུ་དམ་པའི་མདོ་ཤློ་ཀ་ཉིས་བརྒྱ་༼པྲ༽༼ལྷོ༽༼ཉང༽༼སོ༽པཎྜི་ཏ་དྷརྨ་ཀ་ར་དང་ལོ་ཙཱ་བ་བཟང་སྐྱོང་གི་འགྱུར་ལ་དཔལ་བརྩེགས་ཀྱིས་ཞུས་པ། དགའ་བོ་རབ་ཏུ་བྱུང་བའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ག༽ཤློ་ཀ་ལྔ་བཅུ་པ་ལོ་ཙཱ་བ་རྩང་དེ་ཝེནྡྲའི་འགྱུར། ལྷའི་མདོ་ཤློ་ཀ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽སུམ་ཅུ་རྩ་བདུན་པ། ལྷའི་མདོ་ཉུང་ངུ་ཤློ་ཀ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བཅུ་བདུན་པ་ཡེ་ཤེས་སྡེའི་འགྱུར། ཟླ་བའི་མདོ་༼སོ༽ཤློ་ཀ་བཅུ་གསུམ་པ། ཁང་བུ་བརྩེགས་པའི་མདོ་༼སོ༽ཤློ་ཀ་དྲུག་ཅུ་པ་ལོ་ཙཱ་བ་རཏྣ་རཀྵི་ཏའི་འགྱུར། གནས་འཇོག་གི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཤློ་ཀ་ཉི་ཤུ་པ་པཎྜི་ཏ་སརྦ་ཛྙ་དེ་ཝ་དང་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར། དགའ་བ་ཅན་གྱི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ང༽ཤློ་ཀ་ཉིས་བརྒྱ་པ། མཁར་གསིལ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽གྱི་མདོ། །ཚལ་པ་དཀར་ཆག་ཏུ་འདི་གཉིས་བསྡོམས་པར་བམ་པོ་གཅིག་ཡིན་ཞེས་སྣང་། མཁར་


GLG004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གསིལ་འཆང་བའི་༼སོ༽ཀུན་ཏུ་སྤྱོད་པ་སྟོན་པའི་ཆོ་ག །ཆོས་ཀྱི་༼སོ༽འཁོར་ལོའི་མདོ། ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་༼སོ༽བསྟན་པའི་མདོ་ལོ་ཙཱ་བ་རྒྱ་ནག་ལྷ་བཙུན་ཆོས་ཀྱི་རིན་ཅེན་གྱི་འགྱུར། གསན་ཡིག་རྒྱ་མཚོའི་ཆོས་ཚན་བགྲངས་སྐབས་སྣང་། བརྒྱུད་པར་ཚེམས་འདུག །ལས་རྣམ་པར་འབྱེད་པའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་གཉིས་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། མུ་ནི་ཝརྨ། ལོ་ཙཱ་བ་ཡེ་ཤེས་སྡེ་བཞིའི་འགྱུར། འདི་གཉིས་ཀྱི་བར་ན་ལས་རྣམ་འབྱེད་ཆུང་བ་ཞིག་དཔའ་བོའི་གསན་ཡིག་ན་འདུག་ཀྱང་ཚལ་པ་དཀར་ཆག་ན་མི་འདུག་པས་དཔེ་ཆ་དངོས་ལ་མེད་པར་ལུང་མེད་འདྲའོ། །ལས་ཀྱི་རྣམ་པར་འགྱུར་བ་༼སོ༽ཞེས་བྱ་བའི་གཞུང་ཤློ་ཀ་ཉིས་བརྒྱ་བདུན་ཅུ་པ། གསན་ཡིག་རྒྱ་མཚོའི་ཆོས་ཚན་དུ་གསལ་བརྒྱུད་པའི་སྐབས་ཚེམས་འདུག །ཧ་པ་ལ་ལས་བརྒྱ་ཐམས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽བམ་པོ་སོ་བདུན་ལས་བམ་པོ་ཉེར་དྲུག་པ་ཡན་དང་སྡོམས་ཀྱི་ཚིགས་བཅད་དྲུག་པ་ཡན། བདུན་པའི་དང་པོ་རྣམས། ཨ་པ་ལ་གོང་གི་འཕྲོས་ཡོངས་རྫོགས། མཛངས་བླུན་བམ་པོ་བཅུ་གཉིས་ཚལ་པ་དཀར་ཆག་ཏུ་འདི་ལ་ལར་བམ་པོ་བཅུ་གསུམ་པར་བྱས་པའང་འདུག་ཅེས་པ་སྣང་། དང་ལེའུ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ལྔ་བཅུ་རྩ་གཅིག་པ་ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་རྒྱ་གར་དང་རྒྱ་ནག་གི་དཔེ་ལས་བསྒྱུར་བ། ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཤློ་ཀ་སོ་བདུན་པ། འཕགས་པ་བྱམས་པའི་མདོ་༼པྲ༽༼ལྷོ༽༼ཉང༽༼སོ༽པཎྜི་ཏ་ཨཱ་ནནྡ་ཤྲཱི་དང་ལོ་ཙཱ་བ་འཇམ་དབྱངས་ས་པཎ་གྱི་འགྱུར། བྱམས་པ་ལུང་བསྟན་པ་ཤློ་ཀ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བརྒྱ་པ་པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་འགྱུར། ཨཾ་པ་ལ་གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བརྒྱ་པ་བམ་པོ་གཉིས་པ་པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་དེ་ཝནྡྲའི་འགྱུར། སྡོམ་རེ་ལ་བཅུ་


GLG004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་རེ་སྟེ་རྟོགས་བརྗོད་བརྒྱ་ཁོ་ན་ཡོད། བསྟན་པའི་གཏད་རབས་བཞི་པ་ཉེར་སྦས་ཀྱི་རྗེས་ཙམ་ལ་བསྡུས་པར་སྣང་ལ། འདིར་རྟོགས་བརྗོད་བརྒྱ་པ་དེའི་སྐབས་རྒྱལ་པོ་མྱ་ངན་མེད་ཀྱིས་ཞུས་ནས་ཁྱིའུ་དེའི་སྔོན་གྱི་བྱུང་བ་ཉེར་སྦས་ཀྱི་གསུངས་པར་བཤད་ཅིང་། ཉེ་སྦས་ལ་ཉེ་སྲུངས་ཞེས་འབྱུང་ངོ་། །འདི་ཉིད་དུ། བདེ་གཤེགས་རྒྱལ་ལ་དེ་བཞིན་གཤེགས་པས། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ལྷ་ཡུལ་ས་ལ་མེད། །ཅེས་སོགས་ཀྱིས་བསྟོད་པས་བསྐལ་པ་དགུའི་ཚོགས་བཟླུམས་པར་བཤད་པ་སོགས་ཡོད་དོ། །སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ལྡན་གྱི་མདོ་ཤློ་ཀ་བཅོ་ལྔ་པ་པཎྜི་ཏ་བིདྱཱ་ཀ་ར་སིངྷ། སརྦ་ཛྙ་དེ་ཝ། ལོ་ཙཱ་བ་དཔལ་བརྩེགས་གསུམ་གྱི་འགྱུར། ཕག་མོའི་རྟོགས་པ་བརྗོད་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽ཤློ་ཀ་བརྒྱ་པ་པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། མ་ག་དྷ་བཟང་མོའི་༼སོ༽རྟོགས་པ་བརྗོད་པ་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཚུལ་ཁྲིམས་ཡོན་ཏན་གྱི་འགྱུར་ལ་ལོ་ཆེན་རིན་བཟང་གིས་ཞུས་པ། ཨཿཔ་ལ་འཕགས་པ་བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ་དཀར་ཆག་ལ་ལར་ཤློ་ཀ་ཉིས་བརྒྱ་ལྔ་བཅུ་ཡོད་ཅེས་ཚལ་པ་དཀར་ཆག་ན་སྣང་། ༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽བམ་པོ་པཎྜི་ཏ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་དེ་ཝ་ཙནྡྲའི་འགྱུར། ཟླ་འོད་ཀྱི་རྟོགས་པ་༼སོ༽བརྗོད་པ་པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤེས་རབ་ལེགས་པའི་འགྱུར་ལོ་ཆེན་རིན་བཟང་གིས་བཅོས་པ། དཔལ་གྱི་སྡེའི་རྟོགས་པ་བརྗོད་༼སོ༽པ་འགྱུར་གོང་དང་འདྲ་བ། རྒྱལ་པོ་གསེར་མདོག་གི་སྔོན་གྱི་སྦྱོར་བ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཅ༽བསྟན་པ་ཤློ་ཀ་བཅུ་བདུན་པ། འཕགས་པ་རྒྱལ་བུ་དོན་གྲུབ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཀྱི་མདོ་བམ་པོ་གཅིག་པ། མཚན་དེ་ལྟར་ཐོགས་པ་ལས་དོན་དུ་ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ཡིན།


GLG004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་དྲ་བའི་མདོ་༼ཉང༽༼སོ༽བམ་པོ་གཉིས་པ་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་གསབ་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽༼ཏ༽བམ་པོ་ཕྱེད་བརྒྱད་དང་རྡོ་རྗེ་གདན་པའི་གསན་ཡིག་ཏུ་བདུན་ཞེས་སྣང་། ལེའུ་དགུ་པ་རྒྱ་ནག་འགྱུར། འདི་ཉིད་ལས། དགེ་སློང་བ་ལང་ལྟར་བསྡད་པ་ཚེ་རབས་དུ་མར་བ་ལང་ལས་མིར་སྐྱེས་པ། དགེ་སློང་ཟག་པ་ཟད་ཀྱང་མེ་ལོང་ལ་ལྟ་བ་སྦྲུལ་ཚོང་མ་ལས་མིར་སྐྱེས་པ། ཁྲི་དང་གདང་ལ་འཛེགས་པ་སྤྲེའུ་ལས་མིར་སྐྱེས་པར་གསུངས། སངས་རྒྱས་གཅིག་ལ་སྐྱབས་སུ་སོང་བ་ཉིད་སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་སོང་སྟེ། སངས་རྒྱས་ལ་ཐ་དད་མེད་པའི་ཕྱིར་ཞེས་དང་། གཟུགས་སྐུ་ནི་ཆོས་སྐུའི་གནས་ཡིན་པས་གཟུགས་སྐུ་ལ་སྐྱབས་སུ་མི་འགྲོ་བར་ཆོས་སྐུ་ལ་སྐྱབས་སུ་འགྲོ་དགོས་ཚུལ་གྱི་ཤེས་བྱེད་སོགས་སྣང་ངོ་། །ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ་༼པྲ༽༼ལྷོ༽༼ཉང༽༼སོ༽ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་རྒྱ་ནག་ལས་བསྒྱུར་བ། དགེ་མི་དགེའི་ལས་ཀྱི་༼ང༽རྣམ་སྨིན་བསྟན་པ་བམ་པོ་གཅིག་པ། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས་བསྟན་པ་༼སོ༽གནས་འཇིག་ལུང་བསྟན་པ་བམ་པོ་གཅིག་པ། འདི་གསན་ཡིག་རྒྱ་མཚོའི་ཆོས་ཚན་དང་བརྒྱུད་པ་གཉིས་ཀ་ལ་མི་གསལ་བ་ཚེམས་པ་ཡིན་འདུག་པས་རྒྱུན་ནི་སྣང་ངོ་། །རི་གླང་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽རུ་ལུང་བསྟན་པ་བམ་པོ་གཅིག་པ། སྟག་འདི་གསན་ཡིག་རྒྱ་མཚོའི་ཆོས་ཚན་དང་བརྒྱུད་པ་གཉིས་ཀར་མི་གསལ་བ་ཚེམས་པ་ཡིན་འདུག་པས་རྒྱུན་ནི་སྣང་ངོ་། །སྣའི་རྟོགས་པ་བརྗོད་པའི་མདོ་༼སོ༽བམ་པོ་གཉིས་པ་པཎྜི་ཏ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། འདི་ལ་ཀླུ་མེས་ཀྱིས་དཔྱད་གཞི་མཛད་འདུག་ཀྱང་རྒྱ་དཔེ་འཁྲུལ་པ་མེད་པས་ཐེ་ཚོམ་མི་བྱ་ཞེས་ཡིག་རྙིང་ལས་བྱུང་། མིག་བཅུ་གཉིས་པ་༼པྲ༽༼ལྷོ༽༼ཉང༽༼སོ༽༼ཆ༽ཞེས་བྱ་


GLG004_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཀླུ་མེས་ཀྱིས་འདིའང་དཔྱད་གཞིར་མཛད། མདོ་སྡེ་རྣམས། ཤེར་ཕྱིན་སྣ་ཚོགས་པའི་པོད་ཁ་སློང་བར་དེའི་སྡེ་ཚན་དུ་ཚལ་པ་བཀའ་འགྱུར་ན་བྲིས་ཤིང་། ཆོས་ཀྱི་བཞུགས་ཚུལ་མདོ་མང་གི་ཁྲོད་དུ་འོས་པ་འགྱུར་གསར་ལ། འཕགས་པ་ཆོས་ཀྱི་འཁོར་ལོ་༼ཆ༽རབ་ཏུ་བསྐོར་བའི་མདོ། འཕགས་པ་སྐྱེས་པ་རབས་ཀྱི་༼ཆ༽གླེང་གཞིའི་མདོ། འཕགས་པ་ལྕང་ལོ་༼ཆ༽ཅན་གྱི་ཕོ་བྲང་གི་མདོ། འཕགས་པ་འདུས་པ་ཆེན་༼ཆ༽པོའི་མདོ། འཕགས་པ་བྱམས་༼ཆ༽པའི་མདོ། འཕགས་པ་བྱམས་༼ཆ༽པ་སྒོམ་པའི་མདོ། འཕགས་པ་ཚུལ་ཁྲིམས་༼ཆ༽ལྔའི་ཕན་ཡོན་བསྟན་པའི་མདོ། འཕགས་པ་ཚེ་དང་ལྡན་པ་༼ཆ༽རིའི་ཀུན་དགའ་བོའི་མདོ། འཕགས་པ་ཀླུའི་༼ཆ༽རྒྱལ་པོ་དགའ་བོ་དང་ཉེར་དགའ་བཏུལ་བའི་མདོ། འཕགས་པ་གནས་བརྟན་༼ཆ༽འོད་སྲུངས་ཆེན་པོའི་མདོ། འཕགས་པ་ཉི་༼ཆ༽མའི་མདོ། འཕགས་པ་ཟླ་༼ཆ༽བའི་མདོ། འཕགས་པ་བཀྲ་ཤིས་༼ཆ༽ཆེན་པོའི་མདོ་བཅུ་གསུམ་རྣམས་པཎྜི་ཏ་ཨཱ་ནནྡ་ཤྲཱི་དང་ཐར་ལོ་ཉི་མ་རྒྱལ་མཚན་གྱི་འགྱུར་རྣམས་ལེགས་པར་མནོས་པ་ལས་པྲའི་རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་ཀུན་དགའ་བོ། ཆེད་དུ་བརྗོད་པའི་ཚོམས། བསྟོད་པ། རྟོགས་བརྗོད་རྣམས་ལ་འདི་ཉིད་དང་ཀྲྀཥྞའི་གོས་ཅན་གྱི་བར་ན་དགྲ་བཅོམ་པ་ཆོས་སྐྱབས་ཡོད་ཅེས་གསན་ཡིག་རྒྱ་མཚོར་སྣང་ངོ་། །དགྲ་བཅོམ་པ་ཀྲྀཥྞའི་གོས་ཅན། དགྲ་བཅོམ་པ་ཤ་ནའི་གོས་ཅན། དགྲ་བཅོམ་པ་ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པའི་བཤེས་གཉེན། སངས་རྒྱས་གཉིས་པ་ཀླུ་སྒྲུབ། སློབ་དཔོན་ཨཱཪྻ་དེ་ཝ། སློབ་དཔོན་འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀ་ར་ཤཱནྟི། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། པཎ་ཆེན་


GLG004_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་ཤྲཱི། དཔལ་ཆོས་ཀྱི་བཟང་པོ། དཔལ་པདྨ་ཅན། མཁན་པོ་གཞོན་ནུ་ཡེ་ཤེས། རོང་པ་ཤེས་རབ་སེང་གེ །བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་མགོན་པོ་འབུམ། སྤུག་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེང་གེ །ཚལ་རིན་ཅེན་གྲགས་དོན་པ། དགྲ་བཅོམ་པ་རིན་ཅེན་གྲགས་པ། བཀའ་འགྱུར་པ་ཤཱཀྱ་རྒྱལ་མཚན། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཆེན་པོ་བློ་གྲོས་རྒྱལ་མཚན། འབུམ་རབ་འབྱམས་པ་རིན་ཅེན་ཆོས་དབང་། རབ་འབྱམས་ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག །མང་ཐོས་ཆོས་རྒྱལ་དོན་གྲུབ། སྤྱན་སྔ་དཀོན་ཅོག་འབངས། སེམས་དཔའ་གྲགས་པ་དོན་གྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། མདོ་རྒྱུད་རྒྱ་མཚོའི་མངའ་བདག་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ཚོམས་གྱི་བརྒྱུད་ལུགས་གཅིག་ནི། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་ནས། མཁན་ཆེན་དཀོན་ཅོག་ཚུལ་ཁྲིམས། མཁན་ཆེན་རཏྣ་ཨཱ་ཀ་ར། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། རིན་པོ་ཆེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། ཤར་པ་ནམ་མཁའ་རྒྱལ་མཚན། དྲུང་ཆེན་དཔལ་འབྱོར་བསོད་ནམས་ལྷུན་གྲུབ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །བརྒྱུད་པ་འདིར་ཧོར་ཁོང་ཡོད་ཚུལ་ལ་བརྟེན་བག་སྟོན་པས་ཞང་ཀུན་དགའ་འོད་ཟེར་ལ་གསན་པ་ལྷོའི་རྟགས་ཅན་རྣམས་ཀྱི་བརྒྱུད་པ་ནི། པཎ་ཆེན་ཤཱཀྱ་ཤྲཱི་ནས། ལྷོ་པ་ཐམས་ཅད་མཁྱེན་པ། ཀོ་ནག་རལ་གྲི།


GLG004_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་སྟན་ཟས་གཙང་། ཤངས་པ་གྲགས་པ་སེང་གེ །ཞལ་སྔ་བ་བསོད་ནམས་རིན་ཅེན། མཁན་པོ་གཞོན་ནུ་ཡེ་ཤེས། སེ་སྟོན་འབྱུང་ལྡན་འོད། མང་མཁར་བ་བྱང་ཆུབ་སེང་གེ །ཞང་ཀུན་དགའ་འོད་ཟེར། རག་སྟོན་གཞོན་ནུ་ཚུལ་ཁྲིམས་མན་པྲའི་རྟགས་ཅན་བཞིན་ནོ། །འདི་ལ་གསན་ཡིག་ངེས་ཏིག་མ་བྱུང་བར་བརྟེན་བག་སྟོན་རིན་པོ་ཆེས་ས་སྐྱ་ཡང་དགོན་ཀློང་ཆེན་པར་གསན་པ་ཉང་གི་རྟགས་ཅན་རྣམས་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྒྱལ་ཚབ་མ་ཕམ་པ། འཕགས་པ་ཐོགས་མེད། མཁས་པ་དབྱིག་གཉེན། སློབ་དཔོན་སངས་རྒྱས་བསྐྱངས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དྲི་མེད་སྦས་པ། རིན་ཅེན་རྡོ་རྗེ། དྷརྨ་ཨཱ་ཀ་ར་ཤཱནྟི་པ། དེ་ལ་པཎྜི་ཏ་ཛ་ན་ཤྲཱི་དང་ཇོ་བོ་པུཎྱེ་ཤྲཱི་གཉིས་ཀྱིས་གསན། གཉིས་ཀ་ལ་པཎྜི་ཏ་སུ་མ་ཏི་ཀཱིརྟི། དེ་ནས་རོམ་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། མངའ་བདག་ཏིང་འཛིན་བཟང་པོ། མངའ་བདག་ཉང་ཉི་མ་འོད་ཟེར། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་ཁང་པ་གྲགས་པ་རྒྱལ་མཚན། ཤངས་པ་གྲགས་པ་སེང་གེ །སྤྱིལ་བུ་བ་སྟག་སྟོན་ཤེས་རབ་འོད་ཟེར། ས་སྐྱ་ཡང་དགོན་པ་ཀློང་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ནུ་ཚུལ་ཁྲིམས་མན་པྲའི་རྟགས་ཡོད་པ་སོར་བཞག་གོ །སྟེང་ལོ་ནས་བརྒྱུད་པ་སྲང་ཕག་ཁུར་བ་ལ་བག་སྟོན་པས་བསྐྱར་ནས་གསན་པ་སོའི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་ནི། རྒྱལ་བ་ཟས་གཙང་སྲས་པོ། མགོན་པོ་འཇམ་དཔལ་དབྱངས། ཤིང་རྟ་ཆེན་པོ་ཀླུ་སྒྲུབ། སློབ་དཔོན་ཨཱཪྻ་དེ་ཝ། འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀ་ར་ཤཱནྟི་པ། སེའུ་རི་པ། ཨ་བྷ་ཀ་ར་གུཔྟ། དགེ་བའི་འབྱུང་གནས་སྦས་པ་


GLG004_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། པཎ་ཆེན་པུཎྱ་ཤྲཱི། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། ཀོ་ནག་རལ་གྲི། ཤངས་པ་གྲགས་སེང་། ཞང་ཀུན་དགའ་འབུམ། ཕྱག་ཁུར་བ་དཀོན་ཅོག་ཡེ་ཤེས། བག་སྟོན་གཞོན་ནུ་ཚུལ་ཁྲིམས་མན་པྲའི་རྟགས་ཅན་གྱི་བརྒྱུད་པ་ལྟར་རོ། །གྲུབ་ཀྱི་རྟགས་ཡོད་པའི་བརྒྱུད་པ་ནི། ཚོགས་གཉིས་དཔལ་གྲུབ་ཡན་པྲ་ཉང་སོའི་རྟགས་ཅན་སོའི་བརྒྱུད་པ་དང་འདྲ་བ་ལ། དེ་ནས་བསོད་སྙོམས་པ་གྲུབ་པའི་རྡོ་རྗེ། རྗེ་སྨན་ལུང་པ་ཆེན་པོ། དེས་བདག་ལའོ། །འདའ་ཁ་ཡེ་ཤེས་ཀྱི་བརྒྱུད་ལུགས་གཅིག་ནི། ཁྱབ་བདག་ཁྲ་ཚང་པ་ཡན་པྲ་ལྷོ་ཉང་སོའི་རྟགས་ཅན་བཞིན་ལས། མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །འདའ་ཁ་ཡེ་ཤེས་དང་སྤང་སྐོང་ཕྱག་རྒྱ་པའི་བརྒྱུད་ལུགས་གཅིག་ནི། རྗེ་ཁྲ་ཚང་པ་ཡན་སོའི་རྟགས་ཅན་ལྟར་དང་། དེ་མན་བཤད་མ་ཐག་པ་བཞིན་ནོ། །ཡང་བརྒྱུད་པའི་རྣམ་གྲངས་ལ་བག་སྟོན་པས་ལུང་རྣམ་པར་དག་པར་བྱ་བའི་བྱེ་བྲག་ཏུ་མདོ་སྡེ་སོ་སོའི་ལུང་གསན་པ་ལས་གཞི་གཙོ་བོར་དེ་བཞིན་གཤེགས་པའི་སྙིང་པོ། སྟོན་པ། ལམ་ལ་ཐབས་ཀྱི་ཕལ་ཆེན་༼༽ནས་ས་བཅུ་པ་དང་དཀོན་བརྩེགས་ནས་གསང་ཆེན་༼རཏྣ༽ཐབས་ལ་མཁས་པ། ཆ་གཙོ་བོར་སྟོན་པ། ལས་ལ་ཤེས་རབ་ཀྱི་ཆ་གཙོ་བོར་ཏིང་འཛིན་རྒྱལ་པོ། སྟོན་པ། འབྲས་བུ་སངས་རྒྱས་ཀྱིས། གཙོ་བོར་སྟོན་པ་སྟེ་མདོ་སྡེ་ཟབ་མོ་ལྔའི་ཐབས་ཀྱི་ཆ་གཙོ་བོར་སྟོན་པ་གཉིས་དངོས་སུ་ཆོས་ཚན་ལ་མེད་ཀྱང་དོན་གྱི་ཚང་བ་ཡིན། བརྒྱུད་པ་ལུགས་གཅིག་ནི། ཐུབ་པའི་དབང་པོ། མགོན་པོ་འཇམ་དབྱངས། རཏྣ་ཨཱ་ཀ་ར་ཤཱནྟི། བལ་པོའི་པཎྜི་ཏ་ཞི་བ་བཟང་པོ། འབྲོ་ལོ་བ་ཙཱ།


GLG004_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སེང་དཀར་ཤཱཀྱ་འོད། ཁྱུང་པོ་གྲགས་སེང་། ཤེའུ་དགོན་པ་བ། བྱང་ཆད་པ་དཀོན་ཅོག་ཤེས་རབ། མང་མཁར་ཚ་ལུང་གི་ཏོག་སྟོན་ཆེན་པོ་དཀོན་ཅོག་སྐྱབས། གླང་ངར་བརྡ་སྟོན་བསོད་ནམས་ཡོན་ཏན། སེ་མོ་ར་པ་གྲུབ་ཐོབ་ཡོན་ཏན་དཔལ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། སྣུར་ཡེ་ཤེས་རྒྱལ་མཚན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། སློབ་དཔོན་མགོན་པོ་འབུམ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ་མན་པྲའི་རྟགས་ཅན་གྱི་བརྒྱུད་པ་བཞིན་ནོ། །ཡང་ན་འཕགས་པ་རིན་པོ་ཆེ་ནས། མཁས་པ་ཚད་མའི་སྐྱེས་བུ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་བཤད་མ་ཐག་པ་དང་འདྲ། ཁའི་རྟགས་ཡོད་གསན་ཡིག་རྒྱ་མཚོར་རྒྱན་སྟུག་པོ་བཀོད་པ། ས་བཅུ་པའི་མདོ། ལང་གཤེགས། དགོངས་པ་ངེས་འགྲེལ། གསེར་འོད་ལྔ་ལ་སེམས་ཙམ་མདོ་ལྔ་ཞེས་ངོས་བཟུང་བ་གཞན་གསུམ་པོ་ཆོས་ཚན་གྱི་ཐོར་དངོས་སུ་ཡོད་ཅིང་ས་བཅུ་པ་དང་གསེར་འོད་གཉིས་མེད་ཀྱང་རྡོ་རྗེ་གདན་པ་ནས་བརྒྱུད་པ་ཡིན་པས་སེམས་ཙམ་དོན་གྱི་ཚང་ངོ་། །པ་རྣམས་ཀྱི་བརྒྱུད་ལུགས་གཅིག་ནི། རྒྱལ་བ་ཟས་གཙང་སྲས་པོ། འཕགས་པ་བྱམས་པ། ཤིང་རྟ་ཆེན་པོ་ཐོགས་མེད། པཎ་ཆེན་དབྱིག་གཉེན། རྣམ་གྲོལ་སྡེ། སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས་ཞབས། ཤཱནྟི་པ། པུཎྱ་ཤྲཱི། སྟེང་པ་ལོ་ཙཱ་བ། ཁྱུང་པོ་གྲགས་ཤེ། རིན་པོ་ཆེ་སྨན་ལུང་པའི་གསན་ཡིག་ན་གྲགས་སེང་ཞེས་སྣང་། ལྷ་རྗེ་གྲགས་སྐྱབས། འོར་སྟོན་པ་ལྷ་དབང་། སོ་སྟོན་ཆོས་ཤེ། དབུས་པ་སངས་རྒྱས་འབུམ། ལོ་མཆོག་པ། ར་ས་བ་སྟོན་ཤཱཀ །བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། བླ་མ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ་མན་པྲའི་རྟགས་


GLG004_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བཞིན་ནོ། །གའི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། སྟོན་པ་ཉི་མའི་གཉེན། འཕགས་པ་སྤྱན་རས་གཟིགས། བྱམས་མགོན། གསེར་གླིང་པ་ཆོས་ཀྱི་གྲགས་པ། དཔལ་དཱི་པཾ་ཀ་ར། ནག་ཚོ་ལོ་ཙཱ་བ། པོ་ཏོ་པ། ཤཱ་ར་པ། བྱ་ཡུལ་བ། མུས་སྨན་པ། དཔལ་ལྡན་གྲོ་མོ་ཚེ། མཆིམས་ཆེན་པོ། བྱང་ཆེན་པ། བག་སྟོན་གཞོན་ཚུལ། སློབ་དཔོན་མགོན་འབུམ། བླ་མ་དམ་པ། མཁན་ཆེན་ཤེར་རྡོར་བ་མན་པྲའི་རྟགས་ཅན་དང་འདྲ། ངའི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་ལུགས་གཅིག་ནི། ཐུབ་པའི་དབང་པོ། འཇམ་དབྱངས། ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཌོམྦྷི་པ། འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀ་ར་ཤཱནྟི། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། སོ་མ་ཤྲཱི་བྷ་དྲ། རཱ་ཧུ་ལ་བྷ་དྲའང་ཟེར། བི་མཱ་ལ་ཤྲཱི། བྷཻ་ན་དྷུ་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་ཁང་པ་གྲགས་རྒྱན། ཤངས་པ་གྲགས་སེང་། ཞལ་སྔ་བ་བསོད་རིན། མཁན་ཆེན་གངས་པ། ཤེས་རབ་དཔལ། དགེ་སློང་ཀུན་དགའ་ཉི་མ། བག་སྟོན་པ། མགོན་པོ་འབུམ། སྤུ་སྟོན་བསོད་རྒྱན། མཁན་ཤེས་རྡོར་མན་པྲའི་རྟགས་ཅན་ལྟར་རོ། །ཅའི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། སངས་རྒྱས། བྱམས་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སྐལ་ལྡན་གྲགས་པ། པཎ་ཆེན་ཟླ་གྲགས། འཇམ་དཔལ་གྲགས་པ། ཆོས་ཀྱི་གྲགས་པ། ཏཻ་ལོ་པ། ནཱ་རོ་པ། ཞི་བའི་བཤེས་གཉེན། ཛྙཱ་ན་ཤྲཱི། གཉན་ལོ་དར་མ་གྲགས། ཁྱུང་པོ་གྲགས་སེང་། འོར་སྟོན་ལྷ་དབང་། སོ་སྟོན་ཆོས་ཤེ། ཞང་དར་མ་སེང་གེ །རོང་པ་ཆོས་མགོན། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་


GLG004_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏོག །བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། སྤུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རྡོར་བ་མན་པྲའི་རྟགས་ཅན་བཞིན་ནོ། །ཆའི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་ལུགས་གཅིག་ནི། དེ་བཞིན་གཤེགས་པ། འཕགས་པ་འཇམ་དཔལ། སློབ་དཔོན་སངས་རྒྱས་ཡེ་ཤེས། མར་མེ་མཛད་བཟང་པོ། སྨན་པའི་ཞབས། རྒྱལ་བས་བྱིན། རཏྣ་ཤྲཱི། ཤནྟི་བཛྲ། ཀརྨ་བཛྲ། པུཎྱ་ཤྲཱི། ཛ་ཡ་ཤྲཱི། བི་ཛ་ཡ་རཀྵི་ཏ། ཐར་ལོ་ཉི་མ་རྒྱལ་མཚན། ཕག་ཁུར་བ་དཀོན་ཅོག་བླ་མ། བག་སྟོན་པ། མགོན་པོ་འབུམ། སྤུ་སྟོན་པ། མཁན་ཆེན་ཤེས་རྡོར་མན་པྲའི་རྟགས་ཡོད་པ་དང་འདྲ། ས་ལུ་ལྗང་པའི་མདོའི་བརྒྱུད་ལུགས་གཅིག་ནི། སངས་རྒྱས། བྱམས་པ། ཐོགས་མེད་སྐུ་མཆེད། རྣམ་གྲོལ་སྡེ། སེང་བཟང་། ཡེ་ཤེས་ཞབས། ཤཱནྟི་པ། པུཎྱ་ཤྲཱི། སྟེང་ལོ། དྭགས་པོ་པ། ཁྱུང་པོ་གྲགས་སེང་། གྲགས་སྐྱབས། འོར་སྟོན། སོ་སྟོན་ཆོས་ཤེ། དབུས་པ་སངས་རྒྱས་འབུམ། འཕགས་པ་རིན་པོ་ཆེ། ཚད་མའི་སྐྱེས་བུ་བུ་སྟོན་ཐམས་ཅད་མཁྱེན་པ། མཁན་ཆེན་ཤེར་རྡོར་བ། ཆོས་དཔལ་ཤེས་རབ། བསོད་ནམས་སེང་གེ །ཚལ་གྲགས་དོན་པ་མན་པྲའི་རྟགས་ཅན་བཞིན་ནོ། །ཇའི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། ཐུབ་པའི་དབང་པོ། ཕྱག་ན་རྡོ་རྗེ། སློབ་དཔོན་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། བ་རི་ལོ་ཙཱ་བ། གཉག་སྟོན་གྲགས་པ་རྒྱལ་མཚན། གཉག་སྟོན་རིན་ཅེན་གྲགས་པ། གནས་བརྟན་དཀོན་ཅོག་སེང་གེ །དེ་སྲས་རྡོག །དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བློ་ཆེན་སངས་རྒྱས་སྲས། བདེ་བ་ཅན་པ་ཡེ་ཤེས་མགོན་པོ། བདེ་བ་ཅན་པ་སེང་གེ་རྒྱལ་


GLG004_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། གར་ཐིག་པ་བསོད་རྒྱན། མཁས་ཤེས་རྡོར་གོང་དུ་བརྒྱུད་པ་མཐའ་དག་བག་སྟོན་གྱིས་བཙལ་བ་འདྲ་ཞིག་བྱུང་ཡང་འདི་ནི་མཁན་ཆེན་ཤེར་རྡོར་བས་བཙལ་བར་འདྲའོ། །བ་མན་པྲའི་རྟགས་ཅན་དང་འདྲ། ཉའི་རྟགས་ཡོད་པའི་previous hit བརྒྱུད་ལུགས་གཅིག་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ next hit། པུཎྱ་ཤྲཱི། སྟེང་པ་ལོ་ཙཱ་བ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཀུན་མཁྱེན། ཀོ་ནག་རལ་གྲི། ཇོ་སྟོན་ཟས་གཙང་། ཤངས་པ་གྲགས་སེང་། རིན་ཅེན་འབུམ། བདེ་བ་ཅན་པ་ཡེ་མགོན། གར་ཐིག་པ། མཁན་ཆེན་ཤེས་རྡོར་བ་མན་པྲའི་རྟགས་ཡོད་པའི་བརྒྱུད་པ་དང་གཅིག་གོ །སྒོའི་རྟགས་ཅན་གྱི་བརྒྱུད་ལུགས་གཅིག་ནི། གོང་དཀར་རྡོ་རྗེ་གདན་པ་ཡན་གོང་ལྟར་ལས། མཁས་གྲུབ་རིག་པའི་གློག་འཕྲེང་། བླ་མ་བསྟན་པ་རྒྱ་མཚོ། རྗེ་ངག་དབང་ཆོས་རྒྱལ། གཅུང་ངག་གི་དབང་ཕྱུག །མཁས་པ་ངག་དབང་ནོར་བུ། གྲུབ་ཆེན་ངག་དབང་བཟང་པོ། བླ་མ་ཀུན་དགའ་བློ་གྲོས། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ལའོ། །ཡང་ན་ཚལ་གྲགས་དོན་པ་ནས། རྔོག་བྱང་ཆུབ་དཔལ། མཁན་ཆེན་ཀུན་རྒྱལ་པ། སྨན་རྒྱལ་ནམ་མཁའ་དབང་ཕྱུག །འབུམ་རམ་པ། ལྷ་ལུང་ཚུལ་དབང་། རྗེ་ཆོས་རྒྱལ་དོན་གྲུབ། རྗེ་དཀོན་ཅོག་འབངས། རྗེ་གྲགས་པ་དོན་གྲུབ། བླ་མ་ཚོགས་གཉིས་པ། སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག །ཁྱབ་བདག་སྨན་ལུང་པ། དེས་བདག་ལའོ། །ཏའི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། སྟོན་པ་ཐུབ་པའི་དབང་པོ། མགོན་པོ་འཇམ་དབྱངས་


GLG004_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྒྲུབ། པཎྜི་ཏ་བྱང་ཆུབ་བཟང་པོ། འཇམ་དཔལ་སྤྲུལ་པ་ཞུ་ཐུན། གྱིམ་ཙུན་ཇ། ཏེན་ཞི་དུ་གོ་བཞི། ཚིང་ལང་གོ་བཞི། གྱིའི་ཧུང་། ཧའི་ཏྲི་ཐའི། གྱི་ཇུ། སོན་ཆེན་གྱིང་། སིང་གསང་། གྱིང་ཇུ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། ར་ས་བ་སྟོན་ཤཱཀ བག་སྟོན་པ། མགོན་པོ་འབུམ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེར་རྡོར་བ་མན་པྲའི་རྟགས་ཡོད་པ་དང་འདྲ། མྱང་འདས་རྒྱ་ནག་འགྱུར་གྱི་བརྒྱུད་ལུགས་གཅིག་ནི། མགོན་པོ་འབུམ་ཡན་བཤད་མ་ཐག་པ་ལྟར་ལ། སྤུ་སྟོན་པ། མཁན་ཆེན་ཤེར་རྡོར་བ། ཆོས་དཔལ་ཤེས་རབ། མཐའ་རྩའི་མཁན་ཆེན་གྲགས་པ་རྡོ་རྗེ། ཚལ་གྲགས། །དོན་པ་མན་པྲའི་རྟགས་ཅན་དང་མཚུངས་སོ། །ཡང་ན་མཁན་ཆེན་ཤེར་རྡོར་ནས། འབྲི་གུང་ལོ་ཙཱ་བ། མཚོ་དཀར་བ། ཁམས་པ་བྱང་རྒྱལ། བླ་མ་བསོད་ཤེ། བླ་མ་གཞོན་ནུ་དར། ཚལ་གྲགས་དོན་པ་མན་པྲའི་རྟགས་ཅན་བཞིན་ནོ། །གཡུང་དྲུང་གི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་ལུགས་གཅིག་ནི། ལོ་ཙཱ་བ་མཆོག་ལྡན་ཡན་གོང་ལྟར་ལས། བསོད་ནམས་སེང་གེ །གར་ཐིག་པ། མཁན་ཤེར་རྡོར་བ། ཆོས་དཔལ་ཤེས་རབ། མཐའ་རྩའི་མཁན་ཆེན་གྲགས་པ་རྡོ་རྗེ། ཚལ་གྲགས་དོན་པ་མན་པྲའི་རྟགས་ཅན་བཞིན་ནོ། །ཡང་ན་མཁན་ཆེན་ཤེར་རྡོར་བ་ནས། འབྲི་གུང་ལོ་ཙཱ་བ་མྱ་ངན་འདས་རྒྱ་ནག་འགྱུར་ལྟར་རོ། །རཏྣའི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། སངས་རྒྱས། བྱམས་པ། ཐོགས་མེད་སྐུ་མཆེད། པཎ་ཆེན་བློ་བརྟན། རིག་པའི་ཁུ་བྱུག །ཁ་ཆེ་དགོན་པ་པ། དཔའ་བོའི་སྡེ། དཱི་པཾ་ཀ་ར་བྷ་དྲ། བི་མཱ་ལ་གུཔྟ། རཏྣ་བཛྲ། ཤནྟི་པ།


GLG004_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་ཏི་ཀཱིརྟི། སྨྲྀ་ཏི་ཛྙཱ་ན། རོང་ཟོམ་ལོ་ཙཱ་བ། མངའ་བདག་ཏིང་འཛིན་བཟང་པོ། ལྷོ་པ་ཀུན་མཁྱེན། དཀོན་ཆོག་དཔལ། སྤང་ཁང་གྲགས་རྒྱན། ཤངས་པ་གྲགས་སེང་། སྤྱིལ་བུ་སྟག་སྟོན། བླ་མ་མཆོག་ལྡན། བག་སྟོན་གཞོན་ཚུལ། མགོན་པོ་འབུམ། སྤུ་དོན་པ། མཁན་ཆེན་ཤེར་རྡོར་བ་མན་པྲའི་རྟགས་ཅན་ལྟར་རོ། །ཡང་ན་སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། འཕགས་པ་ལྷ། འཇམ་དཔལ་གྲགས་པ། རིན་འབྱུང་ཞི་བ། སེའུ་རི་པ། དོན་ཡོད་རྡོ་རྗེ། བ་རི་ལོ་ཙཱ་བ། ལྷོ་ཁྱུང་སྟོན་གྲགས། སྤུ་སྟོན་བསོད་དབང་། ཀོ་ནག་པ། བླ་མ་གྲགས་སེང་། བླ་མ་ཤངས་ཚུལ། སློབ་དཔོན་ཡོན་ཏན་དཔལ། སྙེ་མདོ་ཀུན་དགའ་དོན་གྲུབ། རྗེ་རང་བྱུང་པ། རྗེ་རྒྱལ་བ་དཔལ། སློབ་དཔོན་བརྩོན་སེང་། བློ་གྲོས་སེང་གེ །འཇམ་དཔལ་ཆོས་རྡོར། རིན་པོ་ཆེ་གྲགས་དོན་པ་མན་བཤད་མ་ཐག་པ་བཞིན་ནོ། །ཡང་ན་རིན་པོ་ཆེ་གྲགས་དོན་པ་ནས། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་མན་ཡང་འདྲ། གསན་ཡིག་རྒྱ་མཚོའི་བརྒྱུད་པ་འདྲེན་པའི་སྐབས་ངོ་མི་འཕྲོད་པ་ཁ་ཤས་བྱུང་བ་རྣམས་ལྷོ་བའི་གསན་ཡིག་རྙིང་པ་དང་འབུམ་རམ་པའི་གསན་ཡིག་སོགས་དང་བསྟུན་པའི་སོའི་རྟགས་ཐོབ་པ་འདུག་ཅིང་། གསན་ཡིག་གི་ཆོས་ཚན་དུ་ཚེམས་པ་འགའ་ཞིག་བྱུང་བ་བརྒྱུད་པའི་སྐབས་དང་གསུང་རྒྱུན་ཞིབ་ཏུ་བསྟུན་པས་ཆད་ལྷག་བྱུང་བ་མ་གཏོགས་མ་གསན་པ་མིན་པར་སྣང་ལ། བཤད་མ་ཐག་པའི་རྟགས་ཅན་རྣམས་ནི་ལུང་རྒྱུན་ཆད་མེད་དཔྱད་བཟོད་ཡིན་ཞིང་། འདིར་མ་རྙེད་པ་རྣམས་ཟུར་དུ་ཕྱུང་བ་ལ་དྲང་སྲོང་ག་རྒའི་ལྟས་ཀྱི་སྣང་བ་བསྟན་པ། བྱ་དཀར་རྣ་བའི་ནང་ནས་བྱུང་བ་གཟའ་དང་རྒྱུ་སྐར་གྱི་བཤད་པ། ཟླ་ཁྱིམ་དང་རྒྱུ་སྐར་བརྩི་བའི་ཆོ་ག་མདོ་ལས་བྱུང་བ། ཕོ་བྲང་འཁོར་


GLG004_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་གིས་ཞུས་པའི་མདོ། སངས་རྒྱས་ཉེ་སྲས་བརྒྱད་དང་བཅས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལས་ཐམས་ཅད་མཁྱེན་པ་ཉིད་འགྲུབ་པ། སྟོབས་དང་མི་འཇིགས་པ་ལ་བསྟོད་པ། གསུང་རྣམ་པར་དག་པ། རྩོད་པ་མི་མངའ་བ། ཚངས་པ་དང་མཐུན་པར་གསུང་བ། ཕན་པར་མཛད་པ། ལན་མི་ལྡོན་པ། སྐུའི་ཕྱོགས་གཅིག་པ། ལྗགས་ལ་བསྟོད་པ། སེང་གེ་ཞུས་པའི་མདོ། དམ་པའི་ཆོས་ཀྱི་རྒྱལ་པོ་མཆོག་གི་སྤྱོད་པའི་སྨོན་ལམ་གྱི་མདོ། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ། མདོ་ཆེན་པོ་འདུས་པའི་མདོ། ལག་ན་རྡོ་རྗེ། སྒྲིབ་སེལ། ས་སྙིང་གསུམ་གྱི་གཟུངས་མཚན་བརྒྱ་རྩ་བརྒྱད་པ། དེའི་གཟུངས་སྔགས། ཀུ་ན་ལའི་མིག་གི་རྟོགས་བརྗོད། དགོངས་པའི་རྒྱུད་ཀྱི་འཕྲེང་བ་ཆེན་པོ་ལས་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱལ་པོ། འཕགས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ་གཟུངས་སྔགས་དང་བཅས་པ། ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ ། མཽ་གལ་གྱི་མདོ། མཛོད་དང་འཇིག་རྟེན་བརྗོད་པའི་མདོ། བར་མཚམས་མ་འདས་པར་འབྲེལ་བ། དགྲ་བཅོམ་པ་དགེ་འདུན་འཕེལ་ལུང་བསྟན་པ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ། འཇིག་རྟེན་གཞག་པ། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ། ནོར་བུ་རིན་ཆེན་ཐབས་ལ་མཁས་པ། གནས་གསུམ་དུ་སྐྱེ་བ་བླངས་པའི་མདོ། སངས་རྒྱས་རྗེས་དྲན། ཐེག་པ་ཆེན་པོའི་ཆོས་མཛོད། སངས་རྒྱས་དབང་བསྐུར་བའི་བསྟོད་པ་རིན་ཆེན་བཟང་པོ། དྲན་པ་ཉེར་གཞག་གི་ཚིག་ལེའུར་བྱས་པ། བྱམས་པ་དགའ་ལྡན་དུ་སྐྱེ་བ་བླངས་


GLG004_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོ། ལྗོན་ཤིང་གི་མདོ། ནོར་བུ་རིན་ཆེན་ཐབས་ལ་མཁས་པ་ཡོངས་སུ་བསྔོ་བའི་རྒྱལ་པོ། ཤེས་པ་མཐར་ཕྱིན་པར་སྒྲུབ་པ་མཆོད་རྟེན་གྱི་གཟུངས། ཐེག་པ་ཆེན་པོ་གཅིག་ཏུ་བསྟན་པ་དོན་དམ་པར་སྒྲུབ་པའི་ལེའུ། ཆོས་བསྟན་པའི་མདོ། ཡོན་ཏན་མདོ་སྡེ་རྣམ་པར་གདོན་མི་ཟ་བའི་མདོ། ལས་གདོན་དོན་ཐོབ་པ་ཡོངས་སུ་བསྟན་པ། མཽ་གལ་གྱི་བུས་མ་དམྱལ་བ་ནས་དྲངས་པའི་མདོ། ཆོས་ཐམས་ཅད་ཀྱི་ཡོན་ཏན་བསྐྱེད་པའི་མདོ། ཡེ་ཤེས་ཅན་གྱི་མདོ། ཡེ་ཤེས་པད་དཀར་གྱི་མདོ། དཀོན་ཅོག་ཏ་ལའི་མདོ། གནས་བརྟན་ཉེ་འཁོར་སྤྱན་དྲངས་པའི་མདོ། བ་ཚྭ་ཅན་ཆུ་ཀླུང་གི་མདོ། ཤཱ་རིའི་བུའི་མདོ། སྒྱུ་མ་མིན་པ་དང་མཐུན་པའི་མདོ། དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ། རིན་པོ་ཆེ་ཕུང་པོའི་མདོ། འཇིག་རྟེན་ལས་འདས་པའི་མདོ། བུ་མོ་བློ་གྲོས་བཟང་པོས་ཞུས་པ། རྒྱལ་བུ་ཀུན་ཏུ་དགེ་བས་ཞུས་པ། རྒྱུ་གདགས་པ། སྤྱོད་ཡུལ་ཡོངས་སུ་དག་པ། གཙུག་ཏོར་ཆེན་པོའི་མདོ་ལས་བམ་པོ་གཉིས་ཡོད་པ། རི་བོ་ཆེན་པོའི་མདོ། འོད་ཟེར་ཅན་གྱི་མདོ་རྣམས་ཀྱི་ཁྲོད་ནས་ཀུན་མཁྱེན་རྡོ་རྗེ་གདན་པའི་གསན་ཡིག་ཏུ་ཐེབས་ཀྱང་བརྒྱུད་པ་ཕྱི་མ་རྣམས་ལ་རྒྱུན་ཆད་པ། ལ་ལ་ཚལ་པ་བཀའ་འགྱུར་སོགས་སུ་བཞུགས་ཀྱང་རྡོ་རྗེ་གདན་པས་མ་གསན་པ། ཁྱབ་བདག་བློ་མཆོག་རྡོ་རྗེའི་བར་དུ་རྒྱུན་ཡོད་ཀྱང་འདིར་དཔེ་མ་རྙེད་པས་མ་ཐོབ་པ་རྣམས་ཡིན་ཞིང་། གསེར་འོད། གཙུག་ཏོར་རྣམ་རྒྱལ། སྨན་བླ་སོགས་རྒྱུད་འབུམ་དུ་བཞུགས་ཤིང་། ཚལ་པའི་དཀར་ཆག་ཏུ་མ་ཐེབས་པ། དེ་མཚུངས་ཤེར་ཕྱིན་ཉི་མ་སྙིང་པོ་སོགས་ཁ་ཡར་འདུག་པ་སོ་སོའི་སྐབས་གསལ་བས་བཏང་སྙོམས་སུ་བཞག །ག་གོན་དང་བཟང་པོ་ལ་གསུངས་པའི་བཀྲ་ཤིས། ལྷའི་བུ་
རབ་དགའ་ལྡན་གྱིས་བསྟོད་པའི་བཀྲ་ཤིས། སངས་རྒྱས་ཀྱིས་གསུངས་པའི་བཀྲ་ཤིས། རབས་བདུན་གྱི་བཀྲ་ཤིས་དྲུག་པ། མཛད་བཅུའི་བཀྲ་ཤིས། དཀོན་མཆོག་གསུམ་གྱི་བཀྲ་ཤིས། ཀླུ་སྒྲུབ་ཀྱི་བཀྲ་ཤིས་རིང་མོ། བཀྲ་ཤིས་བརྒྱད་པ་རྣམས་ལས། བཀྲ་ཤིས་རིང་མོ་མ་གཏོགས་མདོ་སོ་སོའི་ནང་ནས་ཕྱུང་བས་དོན་གྱིས་ཐོབ་པ་ཡིན་ནོ། །


previousའཁོར་ལོ་གསུམ་པོའི་སྡེ་ཚན་ཅི་རིགས་པར་གཏོགས་པའི་མདོ་མང་གི་སྐོར།next