Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

137 occurrences of བརྒྱུད་གསུམ་
[Clear Hits]


  
  
  
  
 
 
 
  
15   
 
10   
 
 
 
 
expand section
  
 
 
  
 
26   
 
པདྨ་གསུང་གི་རྒྱུད་ཀྱི་སྐོར།
 
29   
 
 
 
  


137 occurrences of བརྒྱུད་གསུམ་
[Clear Hits]

 
previousཔདྨ་གསུང་གི་རྒྱུད་ཀྱི་སྐོར།next

པདྨ་གསུང་གི་རྒྱུད་ཀྱི་སྐོར།


GLG004_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་པདྨ་གསུང་ལ། དཔལ་རྟ་མཆོག་རོལ་བའི་རྒྱུད་༼དར༽ཆེན་མོ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དབང་གི་རྒྱལ་པོ་དུས་གསུམ་མ་ལུས་མི་ལུས་ལུས་པ་མེད་པའི་ངོ་བོ་པདྨ་དང་རྡོ་རྗེ་འཁོར་ལོ་དང་རིན་པོ་ཆེ་དང་ལས་ཀྱི་རིགས་ཀྱི་རང་བཞིན་རིགས་དང་ཡེ་ཤེས་ཀྱི་བདག་ཉིད་རོལ་པའི་རྫུ་འཕྲུལ་ལ་མངའ་བརྙེས་པ་དེས་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཀྱི་ལེའུ་གཉིས་པ། མ་དད་པའི་སེམས་ཅན་ཆེན་པོ་དེ་ཞི་བ་འདུལ་བར་གཟིགས་པས་མ་ཐུལ་བའི་ལེའུ་གསུམ་པ། བདེ་བར་གཤེགས་པ་བགྲོས་པ་བཞི་པ། ཧུ་ལུའི་དོན་བསྟན་པ་བརྒྱ་དང་གཉིས་པ། ལྷ་དབང་བསྐུར་བ་བརྒྱ་དང་གསུམ་པ། གསུང་འགག་པ་མེད་པ་དབང་གི་ལེའུ་བརྒྱ་དང་བཞི་པ། ཤེས་རབ་ཡེ་ཤེས་ཀྱི་དབང་བརྒྱ་དང་ལྔ་པ། གསང་བ་ཚེ་སྒྲུབ་པ་བརྒྱ་དྲུག་པ། ཚེ་བསྐུལ་བ་བརྒྱ་དང་བདུན་པ། འཇུག་སྒོ་བསྟན་པ་ཉིས་བརྒྱ་དྲུག་པ། འཁོར་རྣམས་ལ་ཆོས་གཉེན་པོ་དང་གཉིས་སུ་མེད་པའི་དོན་བསྟན་པ་ཉིས་བརྒྱ་བདུན་པ། འཁོར་རྣམས་བཅོམ་ལྡན་འདས་དབང་གི་རྒྱལ་པོས་གསུངས་པ་ལ་ཡི་རང་ནས་བསྟོད་པ་ཉིས་བརྒྱ་དང་བརྒྱད་པ། ཡོངས་སུ་གཟུང་ཞིང་གཏད་བའི་ལེའུ་ཉིས་བརྒྱ་དགུ་པའོ། །ལོ་ཙཱ་བ་རག་


GLG004_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་སིདྡྷི་དང་ལྕེ་ཀུ་ཀུ་རཱ་ཛས་བསྒྱུར། དབང་རྒྱས་རྟ་མཆོག་རོལ་བའི་༼དར༽རྒྱུད་ཆེན་མོ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་གསང་བའི་བདག་ཉིད་ཆེ་མཆོག་དབང་མཆོག་དམ་པ་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། ལྟ་སྤྱོད་རྣམ་གཉིས་ཀྱི་ལེའུ་གཉིས་པ། བྱང་ཆུབ་སེམས་ཀྱི་ལེའུ་གསུམ་པ། ཚངས་པ་དབྱངས་ཀྱི་གླུ་དྲུག་གི་ལེའུ་སོ་གཅིག་པ། ངན་སོང་གནས་ཀྱི་བྲོ་སོ་གཉིས་པ། རྟ་བྲོའི་ལེའུ་སོ་གསུམ་པ། ཁྲག་འཐུང་རོལ་བའི་བྲོའི་ལེའུ་སོ་བཞི་པ། སྦྱིན་སྲེག་གི་ལེའུ་ང་བརྒྱད་པ། གཟིར་གནོན་དྲག་པོ་མཛད་པ་ང་དགུ་པ། ཡོངས་སུ་གཏད་པ་དྲུག་ཅུ་པའོ། །ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དཔལ་པདྨ་དབང་ཆེན་དྲེགས་པ་བསྲུང་༼དར༽བཟློག་ཡོན་ཏན་གྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཡོན་ཏན་འཕྲིན་ལས་མ་ལུས་པའི་བདག་པོ་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོའི་བྷ་ག་ལ་དུས་གསུམ་འདུ་འབྲལ་མེད་པ་ཆེན་པོར་བཞུགས་སོ་ཞེས་སོགས་ཆོས་ཉིད་ཡང་དག་པའི་ལྟ་དགོངས་བསྟན་པའི་ལེའུ་དང་པོ། ས་གཞི་རིན་པོ་ཆེ་ལྟ་བུའི་དམ་ཚིག་བསྟན་པ་ལྔ་པ། རྗེས་སུ་ཡི་རང་བའི་ལེའུ་དགུ་པའོ། །ཨོ་རྒྱན་ཆེན་པོ་པདྨ་སམ་བྷ་ཝ་དང་ལོ་ཙཱ་བ་ཁ་ཆེ་ཨཱ་ནནྡས་བསྒྱུར། དཔལ་པདྨ་དབང་ཆེན་པདྨ་གར་གྱི་དབང་ཕྱུག་


GLG004_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དྲེགས་པ་གཅན་ཟན་ལ་འབེབས་པ་འཕྲིན་ལས་ཀྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཁམས་གསུམ་གྱི་བདག་པོ་ཆེན་པོ་ནི་ཆོས་ཉིད་རྣམ་པར་དག་པའི་གཞལ་ཡས་ཁང་ན་འཁོར་དུས་གསུམ་གྱི་སངས་རྒྱས་རྣམས་དང་དབྱེ་བ་མེད་པར་བཞུགས་སོ་ཞེས་སོགས་གླེང་གཞི་དང་གླེང་བསླང་བའི་ལེའུ་དང་པོ། བདུད་ནག་པོ་འཛུམ་མེད་ཟན་ལ་འབེབས་པ་དྲུག་པ། ལྷ་ཆེན་གདུག་པ་ཟན་ལ་འབེབས་པ་བདུན་པ། གིང་དྲེགས་པ་ཟན་ལ་འབེབས་པ་དང་རྗེས་སུ་ཡི་རང་བའི་ལེའུ་བཅུ་གཉིས་པའོ། །སྒྱུར་བྱེད་ཀྱི་ལོ་པཎ་གོང་འདྲ། དཔལ་པདྨ་དབང་ཆེན་དྲེགས་པ་གཏན་འབེབས་ཀྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་པདྨ་ཧེ་རུ་ཀ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཅན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་རྣམ་པར་དག་པ་བདེ་བ་ཆེན་པོ་ན་བཞུགས་ཏེ་ཞེས་སོགས་སྐུ་གསུམ་གྱི་དོན་གཏན་ལ་ཕབ་སྟེ་བསྟན་པའི་ལེའུ་དང་པོ། རྟ་སྐད་ཀྱི་དགོངས་པ་ཧེ་རུ་ཀ་བཅུ་ན་གར་དགུ་མཛད་དེ་འཇིག་རྟེན་དྲེགས་པ་ཅན་རྣམས་འདུལ་བར་གནད་ལ་དབབ་པ་ལྔ་པ། རྗེས་སུ་ཡི་རང་ཞིང་རྒྱུད་གཏད་པ་བཅུ་གཅིག་པའོ། །སྒྱུར་བྱེད་ཀྱི་ལོ་པཎ་གོང་འདྲ། དཔལ་པདྨ་དབང་ཆེན་དྲེགས་པ་༼དར༽དབང་སྡུད་ཀྱི་རྒྱུད་ལ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དེ་ནི་པདྨ་ཅན་ནམ་བདེ་བ་ཅན་ཞེས་བྱ་བའི་གནས་བཙུན་མོའི་བྷ་ག་ལས་བཞེངས་ཏེ་ཞེས་སོགས་ཉིད་ཀྱི་སྐུ་མངོན་པར་བསྟན་པ་རྩ་བའི་དཀྱིལ་འཁོར་


GLG004_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལེའུ་དང་པོ། ཚོགས་ཀྱི་བདག་པོས་དབང་དུ་སྡུད་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ལེའུ་དྲུག་པ། རྒྱུད་གཏད་པའི་ལེའུ་བཅུ་གསུམ་པའོ། །འགྱུར་གོང་འདྲ། དབང་ཆེན་འདུས་པའི་རྒྱུད་དམ་གལ་པོའི་རྒྱུད་དུ་གྲགས་པ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཇི་ལྟར་དངོས་གྲུབ་ཀྱི་དམ་པ་གཅིག་ཐོབ་པར་འདོད་ན་སོགས་སྒྲུབ་པ་དོན་གྱི་ལེའུ་དང་པོ། གལ་པོ་ལས་རྒྱུད་གཉིས་པ། ཕུན་སུམ་ཚོགས་པ་བཅུ་དྲུག་པ། སྦྱིན་སྲེག་སོ་བཞི་པ། ཀུན་གཞི་གཏན་ལ་ཕབ་པའི་ལེའུ་སོ་ལྔ་པའོ། །རྒྱ་གར་གྱི་མཁས་པ་རཀྴ་སིདྡྷི་དང་བོད་ཀྱི་བནྡེ་ཀུ་ཀུ་རཱ་ཛས་བསྒྱུར་ཅིང་ཕྱིས་གནུབས་སངས་རྒྱས་ཀྱིས་ཞུས་པ། དབང་ཆེན་བསྡུས་པའི་ཏནྟྲ་ལ། འགོ་ནན་རྩིས་འགོའི་ལེའུ་དང་པོ། བཅས་གླེང་གཞི་གཉིས་པ། དོན་གྱི་ས་གཅོད་གསུམ་པ། ཀླུ་རྒྱལ་རྫུ་འཕྲུལ་གྱི་ལེའུ་སུམ་ཅུ་པ། སྤྱང་མོ་རོ་ཤལ་གྱི་ལེའུ་སོ་གཅིག་པ། ཚར་གསུམ་རྔའི་ལེའུ་སོ་གཉིས་པ། ཚངས་པ་དབྱངས་ཀྱི་གླུ་དྲུག་སོ་གསུམ་པ། སྦྱིན་སྲེག་མཆོད་སྦྱིན་དྲུག་ཅུ་པ། རྡོ་རྗེ་གསང་བའི་གླུ་རེ་གཅིག་པ། གཟིར་མནན་དྲག་པོའི་ལེའུར་གཉིས་པའོ། །དབང་ཆེན་འདུས་པའི་རྒྱུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་པ་རྣལ་འབྱོར་ཆེན་པོའི་གསང་བ་རྣམ་པར་ཕྱེ་བ་རྣལ་འབྱོར་སྤྱོད་པའི་ས་དཔལ་རྡོ་རྗེ་འཕྲེང་བའི་མངོན་པར་བརྗོད་པ་རྟ་མཆོག་རོལ་པའི་ལུང་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད་རྡོ་རྗེ་བཙུན་མོའི་བྷ་ག་ལ་


GLG004_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སོ་དེ་ཉིད་ཀྱི་ཁྱད་པར་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་ཕྱོགས་པ་ནི་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། དབང་ཆེན་སྐུའི་ལེའུ་གསལ་བར་བསྟན་པ་བཅུ་གཅིག་པ། འཁོར་གྱི་དཀྱིལ་འཁོར་ཡོངས་སུ་བསྟན་པ་བཅུ་གཉིས་པ། མཇུག་རྗེས་སུ་ཡི་རང་བའི་ལེའུ་ཉེར་བཞི་པའོ། །རྒྱ་གར་གྱི་མཁན་པོ་པདྨ་དང་བོད་ཀྱི་ལོ་ཙཱ་བ་རྦ་སང་ཤི་ཏ་དང་ངན་ལམ་རྒྱལ་བ་མཆོག་དབྱངས་ཅོག་རོ་རྣམས་ཀྱི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཁྲོ་བོ་འདུས་༼དར༽པ་བདེ་གཤེགས་སྤྱིར་དྲིལ་རྟ་མགྲིན་རྔོག་མ་ལེ་བརྒན་གྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཡེ་ཤེས་རིག་པ་རང་སྣང་བའི་སྟོན་པ་དེ་ཉིད་གདུལ་བྱ་ངོ་སྣང་ལ་ཐ་དད་པར་སྣང་བ་ལས་དཔལ་པདྨ་དབང་ཆེན་དུ་སྣང་བར་མཛད་ནས་ཞེས་སོགས་གླེང་གཞི་གླེང་བསླང་རྔོག་མ་ལེ་བརྒན་གྱི་ལེའུ་དང་པོ། སྐུ་རྒྱན་རྣམ་དག་བདུན་པ། མཆོད་བསྟོད་བརྒྱད་པ། རྒྱུད་གཏད་པའི་ལེའུ་བཅུ་བདུན་པའོ། །ཨོ་རྒྱན་ཆེན་པོ། ཁོ་ཆེ་ཨཱ་ནནྡ། བཻ་རོ་གསུམ་གྱི་འགྱུར། དཔལ་རྟ་མགྲིན་ལས་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་པདྨ་རིགས་ཀྱི་སངས་རྒྱས་དེ་ཤིན་ཏུ་རྣམ་པར་དག་པའི་ཁམས་ན་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། རྟགས་དང་མཚན་མ་བསྟན་པ་དྲུག་པ། ཡོངས་སུ་གཏད་པའི་ལེའུ་བཅུ་གཅིག་པའོ། །ཨོ་རྒྱན་རིན་པོ་ཆེ་དང་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་འགྱུར། རྟ་མགྲིན་གསང་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་རིའི་རྒྱལ་པོ་པོ་ཏཱ་ལའི་གནས་ན་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་བཞུགས་ཏེ་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་


GLG004_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དང་བཅས་ནས་བསམ་པ་དང་ལྡན་པས་སྙོམས་པར་མཛད་དོ་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། རང་གཤེད་རང་ལ་དབབ་པ་བཅུ་གསུམ་པ། ཀ་རུ་ཎ་སྔོན་བྱུང་བཅུ་བཞི་པ། བཅང་པའི་ལེའུ་ཉེར་ལྔ་པའོ། །དཔལ་པདྨ་དབང་ཆེན་དྲེགས་པ་ཚར་གཅོད་ཀྱི་༼དར༽རྒྱུད་ལ། འདི་སྐད་བཤད་པའི་དུས་གཅིག་ན་འོག་མིན་གྱི་གནས་ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ན་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་མཉམ་པ་ཉིད་ཀྱི་ངང་ལ་མནལ་སད་དེ་ཞེས་སོགས་གཉེན་པོ་སྔོན་བྱུང་བའི་ལེའུ་དང་པོ། གདུལ་བྱ་བཙན་ཐབས་ཀྱི་ལེའུ་གཉིས་པ། ཕོ་ཉ་དམུས་ལོང་འཁོར་བ་ཅན་བཅུ་བཞི་པ། གདུག་པ་ཅན་སྤ་བཀོང་པའི་ལེའུ་ཉེར་དགུ་པའོ། །ཨོ་རྒྱན་གྱི་སློབ་དཔོན་པདྨ་སམ་བྷ་ཝའི་རང་འགྱུར། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་༼འདར༽རྒྱུད་ལེའུ་བཅུ་གསུམ་པ་སློབ་དཔོན་ཆེན་པོས་རྗེ་མངའ་བདག་ལ་གཏད་པ་ལོ་ཆེན་བཻ་རོའི་འགྱུར། གཏེར་སྟོན་རྣམ་གསུམ་གྱིས་ཡེར་པ་སེ་བ་ལུང་ནས་སྤྱན་དྲངས་སོ། །རྟ་མགྲིན་དཔའ་བོ་གཅིག་པ་གསང་༼ར༽བ་འཕྲིན་ལས་ཀྱི་དཔལ་ཆེ་བའི་ཆེ་མཆོག་རྟ་མགྲིན་གསང་བ་འདུས་པའི་རྒྱུད་ཀྱང་ཟེར། ལེའུ་ཉི་ཤུ་རྩ་གཉིས་པ་པདྨའི་ཐུགས་དམ་རྩ་བ་དབང་ཆེན་གསང་བ་འདུས་པའི་ཆོས་སྡེར་གནམ་སྐས་བྲག་ལ་སྦས་པ་སྤྲུལ་སྐུ་རཏྣ་གླིང་པས་སྤྱན་དྲངས་པའོ། །ཕྱིར་བཟློག་སྟོབས་ཆེན་རྟ་མགྲིན་གྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་བདུད་ཐམས་ཅད་རྡོ་རྗེ་དང་འཁོར་ལོས་རྣམ་པར་འཇོམས་པར་ཏིང་ངེ་འཛིན་ལ་རི་བོ་ཏཱ་ལའི་སྤོ་ལ་ཁྲོ་བོའི་རྒྱལ་པོ་བདུད་ལས་རྣམ་པར་རྒྱལ་བ་ལ་


GLG004_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང་ཐབས་ཅིག་ཏུ་སྙོམས་པར་ཞུགས་ཏེ་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། བསྟོད་པའི་ལེའུ་དྲུག་པའོ། །ཨོ་རྒྱན་ཆེན་པོ་དང་འདན་མ་ཙེན་མང་གི་འགྱུར། རྟ་མགྲིན་ནཱ་ག་ཀླུ་འདུལ་ཞེས་བྱ་བའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་གདུགས་པ་ཅན་གྱི་གནས་རྒྱ་མཚོ་ཆེན་པོའི་གློང་དཀྱིལ་ཀླུ་ཆེན་པོ་བརྒྱད་ཀྱི་གནས་སྦྲུལ་ནག་འབར་བའི་གཞལ་ཡས་ཁང་ཤིན་ཏུ་འཇིགས་པའི་གནས་དེ་ན་ཀླུའི་རྗེ་བོ་ཧ་ཡ་གྲཱི་ཝ་དང་ཞེས་སོགས་ཀླུ་འདུལ་སྲོག་གི་སྙིང་པོ་ཕུལ་བ་གླེང་གཞིའི་ལེའུ་དང་པོ། ཞུས་པ་དང་གླེང་བསླང་བའི་ལེའུ་གཉིས་པ། དགུག་ཅིང་བརྡུང་བ་བཅོ་བརྒྱད་པ། ཀླུ་མཆོད་ཅིང་འཕྲིན་ལས་འཆོལ་བ་སོ་དྲུག་པ། ལུང་བསྟན་དམ་བཅའི་ལེའུ་སོ་བདུན་པའོ། །དེ་ལྟར་ལེགས་པར་ཐོབ་པ་ལས་འདར་གྱི་རྟགས་ཅན་མ་གཏོགས་པའི་རྟགས་ཡོད་མེད་ཡོངས་རྫོགས་ཀྱི་སྤྱི་བརྒྱུད་ནི། ཀུན་ཏུ་བཟང་པོ། དབང་ཆེན་པདྨ་ཧེ་རུ་ཀ །འཕགས་པ་ཀླུ་སྒྲུབ། ཨོ་རྒྱན་སངས་རྒྱས་གཉིས་པ། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཅེན་མཆོག །དེས་གཙུག་རུ་རིན་ཅེན་གཞོན་ནུ་དང་གྱེ་རེ་མཆོག་སྐྱོང་གཉིས་ལ་བཤད། དེ་གཉིས་ཀྱིས་ཁུ་བྱང་འོད། གསན་ཡིག་ཕྱི་མ་ཚོར་ཆད། དེས་ཁྱུང་པོ་དབྱུག་འོད། ཁྱུང་པོ་དཔལ་གྱི་རྡོར་གྲགས། ཞང་རྒྱལ་བའི་ཡོན་ཏན་གསུམ་ལ་བཤད། ཞང་ནས་གནུབས་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །ངབ་ཐུང་བྱང་ཆུབ་རྒྱལ་མཚན། སྐོར་ཐུང་ཤེས་རབ་ཡེ་ཤེས། ར་ཐུང་ཡེ་ཤེས་ཚུལ་ཁྲིམས། ཉང་ཡེ་ཤེས་མཆོག །ཉང་ཡེ་ཤེས་འབྱུང་གནས། ཟུར་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། ཀ་བཞི་གདུང་བརྒྱད། ཉ་རི་ཤཱཀ་སེང་། ཐག་


GLG004_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤཱཀ་རྡོར། ལྕེ་ཤཱཀ་འབྱུང་། གླན་རྡོ་རྗེ་འོད། གླན་བསོད་ནམས་རྒྱལ་མཚན། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བླ་མ་དཔལ་བཟང་པ། རྗེ་རྡོ་རྗེ་རྒྱལ་མཚན། གཉལ་པ་བདེ་ལེགས་པ། གྲ་འཇམ་དབྱངས་བཤེས་གཉེན། ཨར་དགེ་བ་ཆོས་དཔལ་རྒྱལ་མཚན། བླ་མ་བསམ་གཏན་བཟང་པོ། སྤྲུལ་སྐུ་རཏྣ་གླིང་པ། རྒྱལ་སྲས་སྤྲུལ་སྐུ་མཆེད་གཉིས། རྗེ་ངག་དབང་ནོར་བུ། གྲུབ་བརྙེས་ནོར་བུ་ཡོངས་གྲགས། ཐུགས་སྲས་ནོར་བུ་དབང་རྒྱལ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། གར་དབང་ཤྲཱི་ལ་དྷ་ཛ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །དར་གྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། རྗེ་ནོར་བུ་དབང་རྒྱལ་ནས། བྱ་བཏང་ནོར་བུ་ཆོས་བརྟན། རིག་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་སྟོན་ཆེན་པོ། དེས་བདག་གོ །ཡང་ན་གཙུག་གྱེར་གཉིས་ཀྱིས་ཁྱུང་པོ་དབྱིག་འོད། དེ་ནས་དབྱིག་གི་རྡོ་རྗེ། དར་རྗེ་དཔལ་གྱི་གྲགས་པ། ཞང་རྒྱལ་བའི་ཡོན་ཏན་མན་འདྲ། ཡང་ན་དཔལ་ཀུན་རིག་རྣམ་པར་སྣང་མཛད། སྣང་བ་མཐའ་ཡས། སྤྱན་རས་གཟིགས། ཀླུ་སྒྲུབ་མན་གོང་ལྟར་རོ། །ཡང་ན་ཆོས་སྐུ་ཀུན་བཟང་། ལོངས་སྐུ་སྣང་མཐའ། སྤྲུལ་སྐུ་ཕྱག་རྡོར། རྒྱལ་པོ་ཛ། ཀུ་ཀུ་རཱ་ཛ། ཨིནྡྲ་བྷཱུ་ཏི་བར་པ། ཨུ་པ་རཱ་ཛ། སིངྷ་རཱ་ཛ། གོ་མ་དེ་ཝཱི། ནཱ་གཱ་རྫུ་ན་མན་འདྲ། རའི་རྟགས་ཅན་གྱི་བརྒྱུད་ལུགས་གཅིག་ནི། སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། ཐོད་འཕྲེང་རིགས་ལྔ། ཇོ་མོ་འཚོ་རྒྱལ། ཁྲི་སྲོང་ལྡེ་བཙན། གནུབས་ནམ་སྙིང་། གནུབས་སངས་རྒྱས་ཡེ་ཤེས། ངན་ལམ་རྒྱལ་བ་མཆོག་དབྱངས། ལང་འགྲོ་ལོ་ཙཱ་བ། བཻ་རོ་ཙ་ན། ལེགས་བྱིན་


GLG004_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཤེལ་དཀར་རྡོ་རྗེ་འཚོ། གཏེར་སྟོན་རཏྣ་གླིང་པ། སྤྲུལ་སྐུ་རྒྱལ་སྲས་སྐུ་མཆེད། རྗེ་ངག་དབང་ནོར་བུ། རྗེ་ནོར་བུ་ཡོངས་གྲགས། སྲས་ནོར་བུ་དབང་རྒྱལ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །འདར་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། པདྨ་དབང་ཆེན། པདྨ་ཐོད་ཕྲེང་། བཻ་རོ་ཙ་ན། ཁྲི་སྲོང་ལྡེ་བཙན། གཏེར་སྟོན་རྐྱང་པོ་གྲགས་པ་དབང་ཕྱུག །སུམ་པ་དབང་ཕྱུག་ཚུལ་ཁྲིམས། འབྲེ་ཤེས་རབ་བླ་མ། འབྲུག་ཚར་གྱི་ཞང་དྲི་མེད་ཟླ་ཤར། རྟ་ནག་གི་བླ་མ་རྒྱ། དཔལ་ལྡན་གྲུབ་ཐོབ་འདར་ཕྱ་རུ་བ། ཆོས་རྒྱལ་བོ་དོང་རིན་ཆེན། ཉན་ཆེན་བསོད་ནམས་བརྟན་པ། བྲག་རམ་པ་ཆོས་རྒྱལ་དཔལ་བཟང་། ཀུན་མཁྱེན་དཔལ་ལྡན་སེང་གེ །རྣམ་གྲོལ་བ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། མུས་སྲས་པ་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། འཁྲུལ་ཞིག་དཀོན་མཆོག་བཟང་པོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ཀུན་མཁྱེན་དཔལ་ལྡན་སེང་གེ་ནས། ཆོས་རྗེ་བསོད་ནམས་བཟང་པོ། དགྲ་བཅོམ་པ་ཡོན་ཏན་བློ་གྲོས། བྲག་ནག་པ་བདེ་ལེགས་རྒྱལ་མཚན། བེ་ཕུག་པ་བདེ་ལེགས་རྒྱལ་མཚན། སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་


GLG004_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་བཀྲ་ཤིས། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ཁྲི་སྲོང་ལྡེ་བཙན་ནས། གཏེར་སྟོན་མངའ་བདག་ཉང་རལ། ཤེ་མ་འོད་འབྱུང་། གྲུབ་ཐོབ་འདར་ཕྱར་མན་འདྲ། ཡང་ན་རྟོགས་ལྡན་ཡོན་ཏན་མགོན་པོ་ནས་རྗེ་ནམ་མཁའི་རྣལ་འབྱོར། མུས་སྲས་པ་བློ་གྲོས་རིན་ཆེན་སེང་གེ །གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཆོས་རྗེ་བདེ་ལེགས་ཉི་མ། རྗེ་ནམ་མཁའ་རྒྱལ་མཚན། རྗེ་རིན་ཆེན་བཤེས་གཉེན། བླ་མ་འཕྲིན་ལས་ལྷུན་གྲུབ། རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ལའོ། །ཡང་ན་སེ་ར་རྗེ་བཙུན་པ་ནས། ཡང་དགོན་སྤྱན་སྔ་ངག་དབང་རྒྱ་མཚོ། བླ་མ་འཕྲིན་ལས་ལྷུན་གྲུབ་མན་འདྲ། ཉེ་previous hit བརྒྱུད་ནི། སློབ་དཔོན་པདྨ་ནས། གྲུབ་ཐོབ་འདར་ཕྱར་མན་གོང་ལྟར་རོ། །གསུམ next hit་པ་ཡང་དག་ཐུགས་ཀྱི་སྐོར་ལ། ཧེ་རུ་ཀ་གལ་༼དར༽པོ་ཞི་ཁྲོ་འབུམ་རྒྱུད་ལ། འདི་སྐད་བདག་གིས་བཤད་པའི་དུས་ཀྱི་ཚེ་ཕུན་སུམ་ཚོགས་པ་ལྔ་བསྟན་ཏེ་ནམ་མཁའ་སྟོང་པ་ལས་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་ཞིག་རང་བྱུང་སྤྲུལ་པ་ལས་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ཞིག་དེའི་བྱིན་རླབས་ལ་བྱུང་བ་ལས་འབྲས་བུ་རྒྱུ་རྐྱེན་ལས་རིགས་ལྔར་ལྷུན་གྱིས་གྲུབ་པ་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། ཁྲོ་བོ་ཁྲོ་མོའི་ཚོགས་ཀྱི་ལེའུ་བདུན་པ། གནས་ཡུལ་གྱི་མ་མོ་དང་དབྱིངས་ཀྱི་སྒོམ་དང་འབར་མའི་ལེའུ་བརྒྱད་པ། ཡོངས་སུ་གཏད་པ་བཅུ་དྲུག་པ་མཇུག་ན་རྒྱུད་ཀྱི་ཕན་ཡོན་དང་བཅས་པ། ཧེ་རུ་ཀ་ཐུགས་ཀྱི་རྒྱུད་གལ་པོ་ཞེས་བྱ་བ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་


GLG004_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་ཞུགས་སོ་དེའི་ཚེ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་འཁོར་ལ་འདི་ལྟ་སྟེ་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། རྣམ་པར་དག་པ་བསྟན་པ་ལྔ་པ། རྡོ་རྗེ་བདུད་རྩི་སྒྲུབ་པ་ལེའུ་དགུ་པའོ། །ཨོ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་ཝ་དང་ལོ་ཙཱ་བ་དགེ་སློང་ནམ་མཁའི་སྙིང་པོའི་འགྱུར། ནུབ་ཕྱོགས་ཨོ་རྒྱན་གྱི་གནས་ནས་ཧཱུཾ་ཀཱ་རས་བཏོན་ནོ། །ཁྲག་འཐུང་གལ་༼དར༽པོ་ཆེ་རྒྱུད་ལུང་ཐམས་ཅད་ཀྱི་རྒྱལ་པོ་ལ། འདི་སྐད་བདག་གི་ལུང་དུ་བསྟན་པའི་དུས་གཅིག་ན། རང་སྣང་བཀོད་པ་མེད་བཀོད་པ། འོག་མིན་ཉམས་དགའ་གནས་ཀྱི་མཆོག །སངས་རྒྱས་རྡོ་རྗེ་འཆང་ཆེན་པོ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཅན། །ཞེས་སོགས་དམ་པའི་ཆོས་བྱུང་ཁུངས་ཀྱི་བརྟག་པ་དང་པོ། གཞི་དམིགས་པར་བྱ་བའི་ཡུལ་རང་བཞིན་འཁོར་འདས་ཀུན་སངས་རྒྱས་པར་བསྟན་པ་བརྟག་པ་གཉིས་པ། རུ་ལུ་སྤྲོས་པའི་བརྟག་པ་བཅུ་གཉིས་པ། བསམ་གཏན་གྱི་བརྟག་པ་ཉེར་གསུམ་པ། ཧེ་རུ་ཀ་གལ་པོ་ཆེན་པོ་ཞེས་བྱ་བ་ལུང་ཐམས་ཅད་ཀྱི་རྒྱལ་པོ་གསང་བའི་མན་ངག་གོ །པདྨ་སམ་བྷ་ཝས་བ་སུ་དྷ་ར་ལ་གནང་། དེས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལའོ། །དཔལ་ཧེ་རུ་ཀ་གལ་པོ་དུར་ཁྲོད་མངོན་པར་འབྱུང་བའི་རྒྱུད་ཕྱི་མ་ཧེ་རུ་ཀ་འདུས་པའི་རྒྱུད་ལ། དེ་ནས་གསང་བ་ཕྱི་མ་རྣམ་པར་བཀོད་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ་ཞེས་པ་འདུག་པ་སུམ་ཅུ་རྩ་གཉིས་པ་དེ་ག་ཁོལ་དུ་ཕྱུང་བ་ལས་ལེའུ་ཐམས་ཅད་ཚང་བ་མིན་ནོ། །དེ་བཞིན་གཤེགས་པ་གསང་བའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ཀྱིས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བདེ་བ་ཆེན་པོ་དེ་ཉིད་ལ་རྒྱུད་ཀྱི་དོན་བསྡུས་པ་འདི་ལ་གསོལ་བ་བཏབ་བོ་ཞེས་སོགས་ལེའུ་གཅིག་ཏུ་རྫོགས་པ་ཤྲཱི་སིངྷ་དང་བཻ་རོའི་འགྱུར། རྡོ་རྗེ་རིགས་ཀྱི་སྒྲུབ་ལུགས་ཁྲོ་བོ་པུཎྜ་


GLG004_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

རཱི་ཀའི་ཏནྡྲ་ལ། ཧེ་རུ་ཀ་ཡི་སྒྲུབ་ལུགས་འདི། །ཕུན་སུམ་ཚོགས་པ་བཞིར་ལྡན་ཡང་། །གནས་དང་ས་གཞི་བརྟག་པར་བྱ། །འཇིག་རྟེན་ས་བདག་ལྷ་ཀླུ་ལ། །ས་རིན་བྱིན་ཏེ་ས་བསླང་ངོ་། །ཞེས་སོགས་ཟླ་གམ་གཅིག་པའི་སྒྲུབ་ལུགས་ཏེ་གཅིག་པ། ཏིང་ངེ་འཛིན་གྱི་ཚེ་སྒྲུབ་པ་བཅུ་པ། རྫས་དང་དཀྱིལ་འཁོར་ལ་ཚེ་སྒྲུབ་པ་བཅུ་གཅིག་པ། མཆོག་ཕྲན་གཙང་མའི་སྒྲུབ་ལུགས་ཉེར་གཅིག་པའོ། །སྡུད་པ་རྡོ་རྗེ་སེམས་དཔས་བསྡུས། ལས་ཀྱི་སྒྲུབ་པ་གཞུང་པདྨ་སམ་བྷ་ཝས་བསྲངས། ལས་མདེའུ་ཆུང་ཧཱུཾ་ཀཱ་རས་བསྲངས་སོ། །དེ་བཞིན་རིགས་ཀྱི་སྒྲུབ་ལུགས་༼དར༽གསང་བ་མེ་དཔུང་གི་རྒྱུད་ལ། འདི་སྐད་བཤད་པའི་དུས་གཅིག་ན་སྟོང་ཆེན་པོ་འཇིག་རྟེན་དཔག་ཏུ་མེད་པའི་ཁམས་འོག་མིན་ཆོས་ཀྱི་ཕོ་བྲང་གདལ་པ་ཆེན་པོའི་ཀློང་ན་ཞེས་སོགས་མན་ངག་ལྟ་བའི་ལེའུ་དང་པོ། དངོས་གྲུབ་ཀྱི་ལེའུ་བཅུ་གཉིས་པ། སྦྱོར་བའི་ལེའུ་བཅུ་previous hit གསུམ་པ། འཇམ་དཔལ་ལ་གཏད་པ་མེ་དཔུང་གི་ལེའུ་ཉེར་གཉིས་པ་རྣམས་ལེགས་པར་ཐོབ་པའི་བརྒྱུད next hit་པ་ནི། ཀུན་ཏུ་བཟང་པོ། ཏནྟྲའི་སྐབས་སྙིང་རྗེ་རོལ་བའི་སྒོས་བརྒྱུད་ཀྱང་འདི་ག་ལ་གསུང་སྤྲུལ་ནས་རྗེ་ཁྲ་ཚང་པར་previous hit བརྒྱུད་པའོ། །རྒྱལ་བ་རིགས་ལྔ། རིགས་གསུམ next hit་མགོན་པོ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། ཨིནྡྲ་བྷཱུ་ཏི། ཀུ་ཀུ་རི་པ། རྡོ་རྗེ་འཕྲེང་བའི་འོད། འཕགས་པ་རྡོ་རྗེ་རྣོན་པོ། ཤར་ཚོགས་ཀྱི་དབང་ཕྱུག །བློ་གྲོས་གཟི་བརྗིད། དུར་ཁྲོད་བདེ་བ། ཁ་ཆེ་ཀུ་ཀུ་རི་པ། ཧཱུཾ་ཆེན་ཀཱ་ར། ཀུན་དགའ་སྙིང་པོ། བི་ཤྭ་མི་ཏྲ། ནམ་མཁའི་སྙིང་པོ། མཁར་ཆེན་འཚོ་རྒྱལ། མཁར་ཆེན་དཔལ་གྱི་དབང་ཕྱུག །སྒྲོ་ཉ་ཡེ་ཤེས། སྒྲོ་གུ་ཡོན་ཏན་བཤེས་གཉེན། རིག་བྱེད་འཕགས་པ། ཤཱཀྱ་འབྱུང་གནས། བཟང་སྒོམ་པ། དེས་ཟུར་དང་


GLG004_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྦ་སྒོམ་གཉིས་ལ། གཉིས་ཀས་སྦས་དོན་སྲི། དེ་ནས་སྐྱོ་གསང་བདག །ཞང་སྟོན་ཡོན་ཏན། རཏྣའི་གསན་ཡིག་ཏུ་འདི་གཉིས་གཅིག་པར་མཛད་པས་བརྟག །འཁོར་ལོ་རྒྱལ་པོ། འགོས་དངོས་གྲུབ་རྒྱལ་མཚན་ཡབ་སྲས། འགོས་དངོས་གྲུབ་མགོན། བླ་མ་ཤཱཀྱ་རྒྱལ་མཚན། བདེ་ལེགས་དཔལ་བཟང་། རྡོ་རྗེ་རྒྱལ་མཚན། གཉལ་པ་བདེ་ལེགས་དཔལ། འཇམ་དབྱངས་བཤེས་གཉེན། ཆོས་དཔལ་རྒྱལ་མཚན། མེ་བསམ་གཏན་བཟང་པོ། གཏེར་སྟོན་རཏྣ་གླིང་པ། རྒྱལ་སྲས་སྤྲུལ་སྐུ་མཆེད་གཉིས། རྗེ་ངག་དབང་ནོར་བུ། ནོར་བུ་ཡོངས་གྲགས། སྲས་ནོར་བུ་དབང་རྒྱལ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། བླ་མ་གར་གྱི་དབང་པོ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །དར་གྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། རྗེ་ནོར་བུ་དབང་རྒྱལ་ནས། བྱ་བཏང་ནོར་བུ་ཆོས་བརྟན། རྗེ་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་གོ །ཡང་ན་ཧཱུཾ་ཀཱ་ར་ནས། སློབ་དཔོན་པདྨ་ཐོད་ཕྲེང་། ནམ་མཁའི་སྙིང་པོ་མན་འདྲ། སོ་ལུགས་ཀྱི་བརྒྱུད་པ་ནི། ཧཱུཾ་ཀཱ་ར་ནས། རྡོ་རྗེ་བཞད་པ། པདྨ་སམ་བྷ་ཝ། ནམ་མཁའི་སྙིང་པོ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །སྲས་ཀལ་པོ། སྲས་དབང་གི་གཙུག་ཏོར། སྲས་རྒྱལ་པོ། ཆོས་ཀྱི་སེང་གེ །ཡེ་ཤེས་རྡོ་རྗེ། རཱ་ཛ་འབར། དར་མ་བརྩོན་འགྲུས། དར་སྲི། འཚོ་རྡོ་རྗེ་འོད། དར་མ་ཀུན་དགའ། དར་མ་སྙིང་པོ། ཞང་བྱང་ཆུབ་སེམས་དཔའ། འགོས་དངོས་གྲུབ་རྒྱལ་མཚན་མན་གོང་ལྟར་རོ། །ཇོ་མོ་ལུགས་ཀྱི་བརྒྱུད་པ་ནི། སློབ་དཔོན་པདྨ་ནས། ནམ་མཁའ་སྙིང་པོ། མཁར་ཆེན་འཚོ་རྒྱལ། མཁར་ཆེན་


GLG004_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་དབང་ཕྱུག །སྐྱོ་རྟ་གུ་རྡོ་རྗེ། པཎ་ཆེན་སྐུ་མཆེད་ཀྱི་གསན་ཡིག་ན་འདི་ལྟར་སྣང་། འཇམ་དཔལ་ཡེ་ཤེས་འབྱུང་གནས། ལ་བྱིད་ཡེ་ཤེས་བརྩེགས། རླངས་དཔལ་གྱི་སེང་གེ །ཅོག་རོ་དཔལ་གྱི་དབང་ཕྱུག །ལྕམ་དཔལ་གྱི་མཆོག་གནས། སོ་ཡེ་ཤེས་དབང་ཕྱུག་མན་འདྲ། ཡང་ན་འགོས་དངོས་གྲུབ་མགོན་གྱིས་སྲས་བསམ་འཕེལ་དང་དབོན་པོ་ལྷུན་གྲུབ་རྒྱལ་མཚན་གཉིས་ལ་གནང་། གཉིས་ཀ་ལ་བླ་མ་ཤཱཀྱ་རྒྱལ་མཚན་གྱིས་གསན་པ་མན་གོང་བཞིན་ནོ། །ཡང་ན་ཧཱུཾ་ཀཱ་ར་ནས། སློབ་དཔོན་པདྨ་མན་འདྲ། ཡང་ན་སློབ་དཔོན་པདྨ་ནས། གནུབས་སངས་རྒྱས་ཡེ་ཤེས་མན་འདྲ། ཡང་ན་སློབ་དཔོན་པདྨ་ནས། བི་མཱ་ལ་མི་ཏྲ། དགེ་སློང་མི་བཞི། ནམ་མཁའི་སྙིང་པོ་མན་འདྲ། ཡང་ན་ནམ་མཁའི་སྙིང་པོ་ནས། ཁྲི་སྲོང་ལྡེ་བཙན། མཁར་ཆེན་བཟའ་མན་འདྲ། ཡང་ན་མཁར་ཆེན་དཔལ་གྱི་དབང་ཕྱུག་ནས། ཞང་མངའ་མདའ་བསྙེན། རྟ་གུ་རྡོ་རྗེ། གཟི་དངས་པ། གསན་ཡིག་ཕྱི་མ་ཚོར་འདི་གཉིས་གཅིག་ཏུ་མཛད་ཀྱང་། པཎ་ཆེན་སྐུ་མཆེད་ཀྱི་གསན་ཡིག་ན་འདི་ལྟར་སྣང་ངོ་། །ཡེ་ཤེས་འབྱུང་གནས། ཐུགས་ཀྱི་སྲས་བཞི། འདི་གཉིས་གསན་ཡིག་ཕྱི་མ་ཚོའི་སྦྲེལ་ཡང་། པཎ་ཆེན་སྐུ་མཆེད་ཀྱི་གསན་ཡིག་ན་འདི་ལྟར་སྣང་ངོ་། །ལ་དར་རྗེ་ཟླ་ཆོས། གཞོན་ནུ་སྲས། ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་མན་འདྲ། ཡང་ན་ཛྙཱ་ན་ཀུ་མཱ་ར་ནས། གནུབས་ཆེན་མན་འདྲ། ཡང་ན་ཧཱུཾ་ཀཱ་ར་ནས། བལ་པོ་བ་སུ་དྷ་ར། གནུབས་སངས་རྒྱས་ཡེ་ཤེས་མན་འདྲ། ཡང་ན་ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། རྡོ་རྗེ་བཞད་པ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཨིནྡྲ་བྷཱུ་ཏི། ཀུ་ཀུ་རཱ་ཛ། ཨོ་རྒྱན་འོད་ཕྲེང་། རཏྣ་མ་ལེ། གཟི་བརྗིད་རྒྱལ་པོ། རྡོ་རྗེ་རྣོན་པོ། ཚོགས་ཀྱི་དབང་ཕྱུག །པཎ་ཆེན་སྐུ་མཆེད་ཀྱི་


GLG004_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ཡིག་ན་ཆོས་ཀྱི་དབང་ཕྱུག་ཅེས་སྣང་བ་བརྟག །རྡོ་རྗེ་བློ་གྲོས། བློ་གྲོས་གཟི་བརྗིད། རོ་ལངས་བདེ་བ། ཀུ་ཀུ་རི་པ། ཧཱུཾ་ཀཱ་ར་མན་འདྲ། ཡང་ན་ཀུ་ཀུ་རཱ་ཛ་ནས། ཁ་ཆེ་ཡུལ་གྱི། རོ་ལངས་བདེ་བ། ཨོ་རྒྱན་ཡུལ་གྱི། སོག་ཀྱ་དེ་ཝ། སངས་རྒྱས་གསང་བ། གོ་མ་དེ་ཝཱི། ཧཱུཾ་ཀཱ་ར་མན་འདྲ། ཡང་ན་ཀུན་བཟང་། རྡོ་རྗེ་སེམས་དཔའ། རྡོ་རྗེ་བཞད་པ། འཇམ་དཔལ་བཤེས་གཉེན། དུར་ཁྲོད་བདེ་བ། ཀུ་ཀུ་རཱ་ཛ། ནམ་མཁའི་སྙིང་པོ་མན་འདྲ།བཞི་པ་བདུད་རྩི་ཡོན་ཏན་སྐོར་ལ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་༼ཁྲ༽གྲུབ་ཉེ་བའི་སྙིང་པོ་བདུད་རྩི་མཆོག་གི་ལུང་ལ། བཅོམ་ལྡན་འདས་གསང་བ་མཆོག་གི་དཀྱིལ་འཁོར་ན། །ཤིན་ཏུ་རྣལ་འབྱོར་དབང་ཕྱུག་ཚོགས། །རྒྱལ་བ་རྒྱ་མཚོ་འཁོར་དང་བཅས། །སྐལ་ལྡན་རྣམས་དང་ཐབས་ཅིག་བཞུགས། །ཞེས་སོགས་གསང་བའི་མཛོད་ཆེན་པོ་བམ་པོ་དང་པོ། སྨན་ར་ས་ཡ་ན་ཏ་ན་ཛ་ཡ་སིངྷ་སྒྲུབ་པའི་ལུང་བམ་པོ་གཉིས་པ། བྱང་ཆུབ་སེམས་ཀྱི་ཡོན་ཏན་དང་ཨ་མྲྀ་ཏ་སྒྲུབ་པའི་ལུང་བམ་པོ་གསུམ་པ། ལུང་ཨ་ནུ་ཡོ་ག་སྤྱོད་པ་བླ་ན་མེད་པ་བསྟན་པ་བམ་པོ་བཞི་པ། མ་ཧཱ་ཡོ་གའི་དོན་གྱི་ལུང་བམ་པོ་ལྔ་པ། འབྲས་བུ་ཆེན་པོ་ལྔ་བསྒྲལ་བའི་ལུང་དེས་པ་དང་སྨན་སྦྱར་བའི་ཐབས་བསྟན་པ་བམ་པོ་དྲུག་པ། བདུད་རྩི་བུམ་པ་ལུང་གི་བམ་པོ་བདུན་པ། བདུད་རྩི་ཆེན་པོ་མཆོག་གི་ལུང་རྟོག་པའི་རྒྱལ་པོ་བམ་པོ་བརྒྱད་པ། འདི་དག་བསྡོམས་པའི་མཚན་བདུད་རྩི་བམ་བརྒྱད་དུ་གྲགས་སོ། །བདུད་རྩི་བུམ་པ་དུམ་བུ་གསུམ་པ་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་གྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་གསང་བ་མཆོག་གི་དཀྱིལ་འཁོར་ན་ཤིན་


GLG004_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣལ་འབྱོར་དབང་ཕྱུག་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་སོགས་ལྟ་བའི་གནས་སྐབས་རྫོགས་བྱང་ལེའུ་དང་པོ། སྤྱོད་པའི་སྐབས་ཀྱི་ལེའུ་གཉིས་པ། བསྟོད་པ་སོགས་ལ་ལེའུའི་ཐ་སྙད་མི་གསལ་བ་མཇུག་ཏུ་བདུད་རྩི་བུམ་པ་བམ་པོ་བདུན་པའི་རྒྱུད་རྫོགས་སོ་ཞེས་སྣང་ངོ་། །བདུད་རྩི་རིན་པོ་ཆེ་ཡེ་ཤེས་༼དར༽གསང་བའི་འཁོར་ལོ་བརྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཀུན་ཏུ་བཟང་པོ་དེ་དབྱིངས་རྣམ་པར་དག་པའི་བྷ་ག་ལ་རྟག་ཏུ་བཞུགས་སོ་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། བདུད་རྩིའི་ཕྲད་དང་སྐྱོབས་བསྟན་པ་བཅུ་པ། དོན་དམ་པའི་བདུད་རྩི་བསྟན་པ་བཅུ་གཅིག་པ། རོ་སྒྲུབ་པ་བསྟན་པ་ཉེར་གཉིས་པ་རྒྱུད་གཏད་པའི་མཇུག་སྡུད་དང་བཅས་པའོ། །བདུད་རྩི་ཆེན་པོ་འཁོར་ལོ་འབར་བའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན་པོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་ཆེན་པོ་དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཀློང་ཆེན་པོ་འོག་མིན་གྱི་གནས་མ་བཀོད་པར་སྣང་བ་ཞེས་སོགས་གླེང་གཞི་དང་གླེང་བསླང་བའི་ལེའུ་དང་པོ། སྨན་ཁྲོལ་བུར་སྒྲུབ་པ་བཞི་པ། ཡོངས་སུ་གཏད་ཅིང་བཟུང་ནས་རྗེས་སུ་ཡི་རང་བ་བདུན་པའོ། །རྒྱ་གར་གྱི་མཁན་པོ་བི་མཱ་ལ་དང་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་རས་བསྒྱུར། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་རིན་པོ་ཆེའི་འཕྲེང་བའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་


GLG004_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ན་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདུད་རྩི་བདེ་བ་ཆེན་པོ་ཉིད་གནས་མཆོག་ཡུལ་གྱི་བྷ་ག་ཆོས་ཀྱི་དབྱིངས་ཆེན་པོ་ན་ཤིན་ཏུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་ཚོགས་ཞེས་སོགས་གླེང་བསླང་གི་ལེའུ་དང་པོ། གསང་བ་སྔགས་ཀྱི་དམ་ཚིག་བསྟན་པ་བདུན་པ། སྒྲུབ་པ་བརྒྱད་པ། རྗེས་སུ་ཡི་རང་བའི་ལེའུ་བཅུ་བདུན་པའོ། །འགྱུར་གོང་འདྲ། བདུད་རྩི་བདེ་བ་ཆེན་པོའི་༼དར༽རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཡོན་ཏན་འཕྲིན་ལས་མ་ལུས་ལུས་པ་མེད་པའི་བདག་ཉིད་ཁམས་གསུམ་པའི་སེམས་ཀྱི་དེ་ཁོ་ན་ཉིད་དབྱེར་མེད་པ་ཞེས་སོགས་གླེང་གཞིའི་གླེང་བསླང་བའི་ལེའུ་དང་པོ། ལམ་གྱི་བདུད་རྩི་བསྒྲུབ་པ་ལས་ཕྱེ་མ་བཏག་བཙག་དྲུག་པ། རྒྱུད་ཡོངས་སུ་གཏད་ཅིང་བསྟན་པ་མ་ནུབ་པར་བསྟན་པའི་ལེའུ་བཅུ་པའོ། །འགྱུར་གོང་འདྲ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་འཁྲུངས་ཤིང་སྐྱེ་བར་བྱེད་པའི་འབྲས་བུ་རིན་པོ་ཆེའི་འོད་ལྟར་བསྟན་པའི་རྒྱུད་ལ། འདི་སྐད་ཐམས་ཅད་བདུད་རྩི་སྨན་དུ་ཤེས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་ལ་རིགས་དང་ཡེ་ཤེས་ཀུན་གྱི་བདག་པོ་ཕྱི་དང་ནང་དང་མཐར་ཐུག་ཀུན་གྱིས་ཀྱང་བདུད་རྩི་སྨན་གྱི་རང་བཞིན་དུ་མཛད་པ་ཞེས་སོགས་གླེང་གཞི་དང་པོ། རྣ་བཅུད་རྣ་པགས་ཀྱི་ལེའུ་བཅུ་གསུམ་པ། རུ་ཏྲ་ཆེན་པོ་བསྒྲལ་བ་ལས་སྣ་བཅུད་སྣབས་ཀྱི་ལེའུ་བཅུ་བཞི་པ། དྲང་སྲོང་ཕྱིས་འབྱུང་བའི་ལེའུ་ཉེར་བདུན་པ་འོག་མིན་དུ་གྲགས་པ་སོགས་མཇུག་སྡུད་དང་བཅས་པ། ཙ་ར་ཀ་བམ་པོ་འབུམ་སྡེའི་ནང་ནས་


GLG004_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་སྨན་གྱི་བམ་པོ་དྲུག་ཁོལ་དུ་ཕྱུང་བ་འགྱུར་གོང་འདྲ། བདུད་རྩི་ལས་༼དར༽རྒྱ་མཚོའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་གནས་མཆོག་ཆོས་ཉིད་མ་སྐྱེས་པའི་གློང་ན་འཁོར་ཆོས་ཉིད་ལ་ཆོས་ཉིད་བདུད་རྩི་ཆེན་པོ་འདི་བཤད། དུས་གསུམ་འདུས་མ་བྱས་པའི་དུས་ན་ཞེས་སོགས་ལྟ་བའི་ལེའུ་དང་པོ། བདུད་རྩི་འཕྲིན་ལས་ཀྱི་སྒྲུབ་པ་བརྟག་པའི་ལས་ཉི་ཚེ་བ་དགུ་པ། ཁྲོ་བོ་སྟོབས་པོ་ཆེས་བཏག་བཙག་བཅལ་པ་བཅུ་པ། སྣོད་མིན་ལ་གསང་བའི་ལེའུ་ཉི་ཤུ་པའོ། །འགྱུར་གོང་འདྲ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོ་མཆོག་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཀུན་རིག་ཆོས་ཀྱི་རྗེ་དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་ཏི་ར་མ་ཏི་དེ་གསང་བ་མཆོག་གི་དཀྱིལ་འཁོར་ན་སོགས་གླེང་གཞིའི་ལེའུ་དང་པོ། སྨན་ཁྲོལ་བུ་བསྒྲུབ་པ་བདུན་པ། སྨན་བཏག་བཙག་ཕྱེ་མ་གོང་བུའི་ལེའུ་བརྒྱད་པ། གཏད་པའི་ལེའུ་བཅོ་ལྔ་པ་ཡང་དབང་གཏེར་གྱིས་སྲུ་ལེགས་པའི་སྒྲོན་མ་ལ་གཏད་པའོ། །བདུད་རྩི་ཆེན་པོ་ཆོས་ཉིད་གསང་བའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མ་ལུས་པའི་བདག་པོ་དེ་ནི་ཞེས་སོགས་གླེང་གཞི་དང་གླེང་བསླང་བའི་ལེའུ་དང་པོ། རྗེས་སུ་ཡི་རང་བའི་ལེའུ་དྲུག་པ། འགྱུར་གོང་འདྲ། བདུད་རྩི་འཁྱིལ་པ་༼སུ༽འཆི་མེད་ཚེའི་རྒྱུད་ལེའུ་བཅུ་བཞི་པ་རྒྱ་གར་གྱི་མཁན་པོ་པཎྜི་ཏ་བི་མཱ་ལ་མི་ཏྲ་དང་


GLG004_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་ལོ་ཙཱ་བ་འཇིང་གསལ་འབར་གྱི་འགྱུར། མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེས་འབྲས་གཤོང་ལྷ་རི་རིན་ཆེན་གསང་བའི་ཕུག་ནས་སྤྱན་དྲངས་པའོ། །སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་ཡེ་ཤེས་འོད་ལྡན་གྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་བདུད་རྩིའི་རྒྱལ་པོ་དང་ཀུན་ཏུ་བཟང་མོ་གཉིས་རི་རབ་ཀྱི་རྩེ་མོ་ལ་བདུད་རྩི་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། ཞུས་པའི་ལེའུ་གཉིས་པ། གནས་ལུགས་རྒྱུ་རྐྱེན་ཡོན་ཏན་གསུམ་པ། འབྲས་གསོ་བའི་ལེའུ་སུམ་ཅུ་པ། སྐྲན་ལྷེན་འདོན་པ་སོ་གཅིག་པ། ཆུ་བསྡམས་འགྲོལ་བ་སོ་གཉིས་པ། རྡོ་སེར་འབེབས་པར་ང་བརྒྱད་པ། བཅང་ཞིང་གཏད་པ་ང་དགུ་པ། ཌཱ་ཀི་སྡེ་ལྔས་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པའི་ལེའུ་དྲུག་ཅུ་པའོ། །མཁོ་མཐིང་ལྷ་ཁང་ནས་མངའ་བདག་ཉང་གིས་སྤྱན་དྲངས་པའོ། །དེ་ལྟར་ལེགས་པར་ཐོབ་པའི་ཁྲའི་རྟགས་མ་གཏོགས་པའི་རྟགས་ཡོད་མེད་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་འཇམ་དཔལ། རྡོ་རྗེ་ཆོས། དེ་ནས་ལྷ་ལ་བརྒྱུད་པ། ཚངས་པ་ཐོར་ཚུགས། ཙ་ར་ཀ །ཐ་སྐར་བུ། ནབས་སོ་སྐྱེས། ལྷ་རྒྱལ་ལྗང་སྔོན། ལྷ་མཆོག་དཀའ་ཐུབ། མུ་ཁྱུད་འཛིན། འགྲོ་སྐྱོབ། ལྷ་གཤལ་འགྲོས་འཛིན། མ་བཞིན་འཇུག །ཛི་ན་མི་ཏྲ། ཀླུ་ལས་བརྒྱད་པ། ཀླུ་རྒྱལ་འཇོག་པོ། དགའ་བོ། ཉེར་དགའ་བོ། གནོད་སྦྱིན་ནས་བརྒྱུད་པ། འབྱུང་བའི་ལྷ་མོ། དགེ་བསྙེན་ལི་ཙ་བྱི། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཀུ་ཀུ་རཱ་ཛ། ཨུ་པ་རཱ་ཛ། ཨོ་རྒྱན་ཐོར་ཅོག་ཅན། སིངྷ་རཱ་ཛ། ཨིནྡྲ་


GLG004_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དྷི། མཧཱ་རཱ་ཛ། མི་འཇིགས་སེང་གེ །ཉིན་བྱེད་སེང་བདེ་ཟེར་བའང་སྣང་། བུདྡྷ་གུཔྟ། སངས་རྒྱས་གསང་བ། བི་མཱ་ལ་མི་ཏྲ། ཤྲཱི་སིངྷ། པདྨ་འབྱུང་གནས། རྒྱལ་བ་མཆོག་དབྱངས། གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་གྱི་ཡེ་ཤེས། གནུབས་སངས་རྒྱས་ཡེ་ཤེས། སྲུ་ལེགས་པའི་སྒྲོན་མ། སྲས་གཞོན་ནུ་སྙིང་པོ། རྡོ་རྗེ་དབང་ཕྱུག །བླ་མ་བསོད་ནམས་གྲགས། བྱང་ཆུབ་མཆོག །བྱང་ཆུབ་རྒྱལ་མཚན། ཡེ་ཤེས་མཆོག །ངབ་མི་བྱང་ཆུབ་རྒྱལ་མཚན། སྐོར་ཐུང་ཤེས་རབ་ཡེ་ཤེས། ཀླུ་ཤེས་རབ་ཕན། རྒྱ་སྟོན་འབར་པོ། རྒྱ་སྟོན་འཁོར་ལོ། ཞང་ཞལ་དཀར་བ། འགོས་དངོས་གྲུབ་རྒྱལ་མཚན། དེ་སྲས་ཐུ་བོ་བསམ་གྲུབ་འཕེལ། བར་པ་དགེ་སློང་། གཅུང་པོ་དངོས་གྲུབ་མགོན་གསུམ་ལ་གསུངས། དངོས་གྲུབ་མགོན་ནས། བླ་མ་ཤཱཀྱ་རྒྱལ་མཚན། གུ་རུ་ཤྲཱི་བྷ་དྲ། གུ་རུ་བཛྲ་དྷཱ་ཛ། བླ་མ་བདེ་ལེགས་པ། རི་ཁྲོད་པ་འཇམ་དབྱངས་བཤེས་གཉེན། དགེ་སློང་ཆོས་དཔལ་རྒྱལ་མཚན། ཕྱམ་དཀོན་པ་བསམ་གཏན་བཟང་པོ། གཏེར་སྟོན་རཏྣ་གླིང་པ། རྒྱལ་སྲས་སྤྲུལ་སྐུ་མཆེད་གཉིས། དེ་སྲས་ངག་དབང་ནོར་བུ། མཚུངས་མེད་ནོར་བུ་ཡོངས་གྲགས། དེ་སྲས་ནོར་བུ་དབང་རྒྱལ། སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ། གུ་རུ་གར་གྱི་དབང་པོ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་དར་གྱི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། རྗེ་ནོར་བུ་དབང་རྒྱལ་ནས། བྱ་བཏང་ནོར་བུ་ཆོས་བརྟན། རིག་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་སྟོན་ཆེན་པོ། དེས་བདག་ལའོ། །ཡང་ན་འཇམ་དཔལ།


GLG004_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཆོས་ནས། ལི་ཙ་བྱི། དགའ་རབ་རྡོ་རྗེ། དེ་ནས་བི་མཱ་ལའི་བར་གོང་ལྟར་ལ། དེས་བལ་པོ་གླང་གི་གཉའ་ཅན། གཉགས་ཛྙཱ་ན་ཀུ་མཱ་ར། གཉགས་རྟ་ར་ལྷ་འཚོ་གསུམ་ལ་བཤད། ཀུ་མཱ་ར་ནས། སོག་པོ་དཔལ་གྱི་ཡེ་ཤེས་མན་འདྲ། ཡང་ན་སོག་པོ་དཔལ་གྱི་ཡེ་ཤེས་ནས། འོ་བྲན་དཔལ་གྱི་གཞོན་ནུ། གནུབས་སངས་རྒྱས་ཡེ་ཤེས་མན་འདྲ། ཡང་ན་སྲས་གཞོན་ནུ་སྙིང་པོ་ནས། སྐོར་ཐུང་ཤེས་རབ་ཡེ་ཤེས་མན་འདྲ། ཁྲའི་རྟགས་ཡོད་པའི་བརྒྱུད་པ་ནི། གསུང་སྤྲུལ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ་དེས་བདག་ལའོ། །ཡང་ན་རྣམ་གྲོལ་བཟང་པོ་ནས། ཆོས་ཀྱི་སེང་གེ །སྤྲུལ་སྐུ་ཆོས་ཀྱི་དབང་པོ། གུ་རུ་ཀརྨ་ཆོས་སྐྱོང་། བླ་མ་བཀྲ་ཤིས་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །སུའི་རྟགས་ཅན་གྱི་བརྒྱུད་ལུགས་གཅིག་ནི། རྒྱ་སྟོན་འཁོར་ལོ་ནས། རྒྱ་སྟོན་བསོད་ནམས། དཀོན་མཆོག་སེང་གེ །རྡོ་རྗེ་སེང་གེ །མི་བསྐྱོད་རྡོ་རྗེ། རྡོ་རྗེ་རྒྱལ་མཚན། ཡོན་ཏན་དཔལ། ཤེས་རབ་རྒྱལ་མཚན། ཚུལ་ཁྲིམས་རྒྱལ་མཚན། ཟུར་ཤཱཀ་འབྱུང་། དཔལ་ལྡན་བཟང་པོ། ཤཱཀྱ་ཕ་ལ། ཤཱཀྱ་མི་ཏྲ། སོག་པོ་མཚན་ཅན། སྨུལ་ཀུན་བཟང་དཔལ། ཀ་ཐོག་པ་བསོད་ནམས་རྒྱལ་མཚན། རྣམ་གྲོལ་ཡེ་ཤེས་བཟང་པོ། མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ། རྒྱལ་སྲས་བདེ་ཆེན་རྡོ་རྗེ། ལྕགས་ཟམ་པ་ངག་དབང་ཉི་མ། སྤྲུལ་སྐུ་ཀུན་དགའ་བསོད་ནམས་དབང་ཕྱུག །ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གཏེར་བརྒྱུད་ནི། ཆོས་སྐུ་ཀུན་བཟང་འོད་དཔག་མེད། ལོངས་སྐུ་ཚེ་བདག་ཞི་ཁྲོ། སྤྲུལ་སྐུ་ཨོ་རྒྱན་ཆེན་པོ། སྤྲུལ་པ་རྗེ་འབངས་ཉེར་ལྔ། གཏེར་སྟོན་ལེགས་ལྡན་རྡོ་རྗེ་


GLG004_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མན་འདྲ། ལྔ་པ་འཕྲིན་ལས་ཕུར་བུ་ལ། བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀར་ཆག་ཏུ། རྡོ་རྗེ་གཞོན་ནུ་འཕྲིན་ལས་ཀྱི་རྒྱུད་ལ་བིདྱོཏྟཱ་མ་ལ་འབུམ་སྡེ་ཕུར་པ་ཕའི་རྒྱུད། རྣལ་འབྱོར་དམ་པ་གསང་ཆེན་ཕུར་པ་མའི་རྒྱུད། ཀཱི་ལ་ཡ་བཅུ་གཉིས་ཕུར་པ་གཉིས་ཀའི་རྒྱུད། ཅེས་གསུངས་པ་བིདྱོཏྟཱ་མ་ལ་ཞེས་པ་བོད་སྐད་དུ་རིག་པ་མཆོག་གི་རྒྱུད་འབུམ་པར་གྲགས་ཤིང་རྩ་དུ་མ་སོགས་ཕ་རྒྱུད་ཕུར་པ་གསང་བའི་རྒྱུད་ཆེན་པོ་སོགས་མའི་རྒྱུད། ཀཱི་ལ་ཡ་བཅུ་གཉིས་སོགས་གཉིས་ཀའི་རྒྱུད་དུ་མཛད་པའི་རྩ་བའི་རྒྱུད་ཀྱི་ནང་ཚན། རྩ་རྒྱུད་ནས་༼ཟུར༽༼སྨན༽ཕྱུང་བའི་དུམ་བུ་ལེའུ་མེད་པ་སྔ་འགྱུར་དུ་མ་ཟད་ཕྱི་འགྱུར་འཇམ་དབྱངས་ས་སྐྱ་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་གྱིས་བསྒྱུར་བ་ཆོས་དབང་རིན་པོ་ཆེའི་ཕུར་པ་སྤུ་གྲིའི་ཆོས་སྡེར་ཡང་བཞུགས་པ། རྡོ་རྗེ་ཁྲོས་པ་ཕུར་པ་རྩ་བའི་རྒྱུད་ལ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་མཉམ་པའི་ངང་ལ་གནས་ཤིང་སྒྱུ་མའི་དཔེ་བརྒྱད་ལྟར་གནས་པ་ལ་སྐྱེ་འགག་མེད་ཅིང་བདག་དང་གཞན་དུ་མ་མཐོང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། སྐུ་མདོག་ཕྱག་མཚན་བསྟན་པ་བརྒྱད་པ། དགོངས་པ་བསྟན་པ་དགུ་པ། རྒྱུད་གཏད་པའི་ལེའུ་བཅུ་བདུན་པའོ། །སློབ་དཔོན་པདྨ་དང་ངམ་འབྲེ་ས་ལེའི་འགྱུར། དཔལ་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་བའི་རྒྱུད་ཀྱི་བཤད་པ་ཞེས་བྱ་བ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཁྲོ་བོ་དང་ཁྲོ་མོ་མཁའ་འགྲོ་མ་བྱེ་བ་ཁྲག་ཁྲིག་དཔག་ཏུ་


GLG004_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་ཐབས་ཅིག་ཏུ་བཞུགས་ཏེ་སོགས་གླེང་གཞིའི་ལེའུ་དང་པོ། རོ་སྒྲུབ་པ་སྤྱོད་པའི་ལེའུ་དྲུག་པ། བསྟོད་པའི་ལེའུ་བཅུ་གསུམ་པའོ། ཁ་ཆེའི་ཡུལ་དུར་ཁྲོད་བི་ས་ཀའི་རང་བྱུང་མཆོད་རྟེན་རྩེར་དངོས་གྲུབ་བརྙེས་པའི་རྗེ་བཙུན་རྡོ་རྗེ་སེམས་མ་དང་སྒྲ་བསྒྱུར་གྱི་ལོ་ཙཱ་བ་འགར་ཤེས་རབ་འབྱུང་ཞེས་བྱ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ནས་རྗེ་བཙུན་མ་དེ་ཉིད་དང་འབྲོམ་རྒྱལ་བས་བཅོས་ཏེ་གཏན་ལ་ཕབ་བོ། །རྡོ་རྗེ་ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་༼དར༽ཆེན་པོ་ཡང་དག་པའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་བཛྲ་ཀཱི་ལ་ཡ་བདེ་བ་ཆེན་པོ་དེ་དབྱིངས་རྣམ་པར་དག་པའི་ངང་ལས་ཡེ་ཤེས་མ་འགགས་པར་སྣང་བ་ནི་སོགས་གླེང་གཞི་དང་ཕུར་པ་ངེས་པར་བཀོད་པའི་ལེའུ་དང་པོ། གསང་བ་ལྟར་བཤད་པའི་རིམ་པ་བཅུ་པ། ཕྱིའི་དབྱེ་བ་རྣམ་པར་བཤད་པ་བཅུ་གཅིག་པ། བསྟོད་པ་དང་རྒྱུད་གཏད་པ་ཉི་ཤུ་པའོ། །རྡོ་རྗེ་ཕུར་པ་གསང་བའི་རྒྱུད་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་རྟོག་པའི་རྒྱལ་པོ་ཆེན་པོའི་རྒྱུད་ཕྱི་མ་རྒྱ་གར་གྱི་མཁན་པོ་པདྨ་སམ་བྷ་ཝ་དང་བོད་ཀྱི་ལོ་ཙཱ་བ་བྲང་ཏི་ཛ་ཡ་རཀྵི་ཏས་བསྒྱུར། རྡོ་རྗེ་ཕུར་པའི་བཤད་རྒྱུད་དྲི་མེད་འོད་ལྡན་ལ། ཀུན་ཏུ་བཟང་པོའི་ངང་ཉིད་ལས། བཤད་རྒྱུད་དྲི་མེད་འོད་ལྡན་རྒྱུད། བདེ་གཤེགས་ཐམས་ཅད་བྱིན་རླབས་འབྱུང་། ཞེས་སོགས་ཆོས་ཐམས་ཅད་ཀྱི་གཞི་དང་གླེང་བསླང་བའི་ལེའུ་དང་པོ། ཆོས་ཐམས་ཅད་འབྱུང་བའི་གླེང་བསླང་གཉིས་པ། དྲག་པོ་བསྒྲལ་བ་ཉེར་གཉིས་པ། དྲག་པོ་བསྟན་པ་ཉེར་གསུམ་པ། རྒྱུད་གཏན་ལ་དབབ་པ་ཞེ་གསུམ་པ། ཡོངས་སུ་གཏད་


GLG004_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེའུ་ཞེ་བཞི་པའོ། །འཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུད་༼དར༽དམ་ཀརྨ་གུ་རུའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་བདག་པོ་དགྱེས་པ་ཆེན་པོའི་སྙིང་པོ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་ནས་ཡུམ་གྱི་བྷ་ག་ལ་རྟག་ཏུ་བཞུགས་སོ་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། སྡོམ་དང་ཡན་ལག་ཀུན་ཏུ་བཅས་པ་གཞི་ཕུན་སུམ་ཚོགས་པ་བརྒྱད་པ། ཡོངས་སུ་གཏད་པའི་ལེའུ་བཅོ་ལྔ་པའོ། །རྒྱ་གར་གྱི་མཁན་པོ་བི་མཱ་ལ་མི་ཏྲ་དང་བོད་ཀྱི་ལོ་ཙཱ་བ་ཛྙཱ་ནའི་འགྱུར། ཕུར་པ་འཕྲིན་ལས་ཀརྨ་ལས་ཀྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཙུན་མོའི་བྷ་ག་ལ་བཞུགས་ཏེ་སོགས་གླེང་གཞིའི་ལེའུ་དང་པོ། བསྐྱེད་རྫོགས་མཚན་བཅས་མཚན་མེད་ཀྱི་བཟླས་པ་འཁོར་ལོ་བདུན་པ། ཟོར་མནན་སྲེག་བསྟོད་པའི་ལེའུ་བཅུ་བཞི་པའོ། །མཇུག་ཏུ་ཨོ་རྒྱན་མཁའ་འགྲོ་གླིང་དག་ནས། །རྗེ་བཙུན་པདྨ་འབྱུང་གནས་ཀྱིས། །སེམས་ཅན་དོན་དུ་དགོངས་ཏེ་བྱོན། །སྔོན་གྱི་ལས་འཕྲོ་འབྲེལ་བ་ཡི། །རོང་ཟོམ་གཞོན་བློས་ལོ་ཙཱ་བ་གྱིས། །དེ་ལས་བྱུང་བའི་བསོད་ནམས་ཀྱིས། ཁམས་གསུམ་སྙིང་རྗེ་སྒྲོལ་བར་ཤོག །ཅེས་ཡོད་པ། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་ཕུར་པ་ཞེས་བྱ་བ་དྲག་པོ་ལས་ཀྱི་རྟོག་པ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བའི་བཙུན་མོའི་བྷ་ག་ལ་ཕོ་བྲང་ལྷུན་གྱིས་གྲུབ་པ་དུར་ཁྲོད་ཆེན་


GLG004_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གནས་ན་ཁྲོ་བོ་ཆེན་པོ་ཡོན་ཏན་སྡུད་པ་ཞེས་བྱ་བ་སོགས་བདུད་ཐམས་ཅད་འཇོམས་པའི་རྡོ་རྗེ་ཞེས་བྱ་བའི་ལེའུ་དང་པོ། གཉིས་སུ་མེད་པའི་གསང་བའི་དཀྱིལ་འཁོར་ཆེན་པོའི་ལས་བདུན་པ། གསུང་གི་དཀྱིལ་འཁོར་བརྒྱད་པ། ཡོངས་སུ་གཏད་པའི་ལེའུ་བཅོ་བརྒྱད་པའོ། །སློབ་དཔོན་ཆེན་པོའི་ཕྱག་དཔེ་ལས་ས་ལོས་བསྒྱུར་ཟེར་བ་འདུག་པ་རྩ་དུམ་དང་ནོར་རམ་བརྟག །རྡོ་རྗེ་ཕུར་པ་ཆེན་པོ་གཏོར་མའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་ཐམས་ཅད་མཁྱེན་པས་སྐུ་ཐམས་ཅད་ཀུན་ཏུ་གསལ་ཞིང་མཚན་དང་དཔེ་བྱད་དུ་ལྡན་ནས་ཐམས་ཅད་ཀུན་ཏུ་མ་བསྒྲིབས་པས་ཕྱོགས་ཐམས་ཅད་ནས་གསལ་བར་གྱུར་ཏེ་སོགས་གླེང་གཞིའི་ལེའུ་དང་པོ། དྲག་པོའི་གཏོར་མས་གདུག་པ་བཏུལ་བ་བཞི་པ། དམ་ཚིག་དང་སྔགས་བྱ་བ་བསྟན་པ་ལེའུ་བདུན་པ་རྒྱུད་གཏད་ཚིག་དང་བཅས་པ། ཕུར་པ་ཡཀྴ་ཟ་བྱེད་འབར་བ་དམ་ཚིག་གི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་འོག་མིན་གྱི་གནས་མཐའ་དབུས་མེད་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རིགས་ལྔ་བདེ་བར་གཤེགས་པའི་འཁོར་ཉིད་ལས་མི་གཞན་པ་བཞིས་བསྐོར་ཏེ་སོགས་གླེང་གཞིའི་ལེའུ་དང་པོ། འཁོར་ཚོགས་བྱང་ཆུབ་ལམ་ལ་སྒྲུབ་པ་ལྔ་པ། རྒྱུད་དོན་དགོངས་པའི་བྱེ་བྲག་བསྟན་པ་བཅུ་གཅིག་པའོ། །སྙིང་པོའི་རྒྱུད་ཀྱི་ནང་ཚན་ཕུར་པ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་རྒྱུད་ལ། འདི་སྐད་བསྟན་པའི་དུས་ན་བཅོམ་ལྡན་འདས་སྐུ་གསུང་ཐུགས་བདག་ཉིད་ཆོས་ཐམས་ཅད་སོ་སོ་མ་ཡིན་པའི་རང་བཞིན་ཏེ་མཐའ་དབུས་མེད་པའི་འོག་མིན་གྱི་གནས་དྲག་པོ་མཐིང་ནག་འབར་བའི་གཞལ་ཡས་ཁང་


GLG004_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གླེང་གཞིའི་ལེའུ་དང་པོ། རྫས་དང་རྟགས་བསྟན་པ་བཅུ་གསུམ་པ། དབང་སྦྱིན་པ་བཅུ་བཞི་པ། གསོ་ཞིང་བྱང་ཆུབ་སེམས་གཅིག་གི་རང་བཞིན་དུ་བསྟན་པ་ཉེར་བདུན་པ། རྒྱུད་ཡོངས་སུ་གཏད་པའི་ལེའུ་ཉེར་བརྒྱད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཐམས་ཅད་འདུས་པ་སངས་རྒྱས་འདུད་པའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་བདེ་བའི་སྙིང་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྙིང་པོ་ཆེན་པོ་པདྨ་སྟོང་དང་ལྡན་པའི་གེ་སར་གྱི་སྙིང་པོ་ཆེན་པོ་འབུར་གྱི་ལྕོག་ལ་བཞུགས་ཏེ་སོགས་གླེང་གཞི་ལེའུ་དང་པོ། དཀྱིལ་འཁོར་བཅའ་གཞི་བསྟན་པ་བརྒྱད་པ། འཆང་བ་དང་ཡོངས་སུ་གཏད་པའི་ལེའུ་བཅོ་ལྔ་པའོ། །ཡན་ལག་གི་རྒྱུད་བཅུ་ལས་ཁྲོ་བོ་ཧཱུཾ་ཀཱ་རའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་ཚོགས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་སོགས་གླེང་གཞིའི་ལེའུ་དང་པོ། རྒྱུད་གཏད་པའི་ལེའུ་ལྔ་པའོ། རྣམ་པར་རྒྱལ་བའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ཁྲོ་བོ་རྣམ་པར་རྒྱལ་བ་ཞེས་སོགས་གླེང་གཞིའི་ལེའུ་དང་པོ། ཡུངས་ཀར་རྒྱལ་པོ་སྒྲུབ་པ་བཞི་པ། རྒྱུད་ཡོངས་སུ་གཏད་པ་བདུན་པའོ། །དབྱུག་པ་སྔོན་པོའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དབྱུག་པ་སྔོན་པོས་འོག་མིན་གྱི་གནས་ཀྱི་གཞལ་ཡས་ཁང་ཞེས་སོགས་གླེང་གཞི་དང་གནས་ཀྱི་ལེའུ་དང་པོ། རྒྱུད་ཡོངས་སུ་གཏད་པ་ལྔ་པའོ། །གཤིན་རྗེ་


GLG004_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ཀྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་མཐའ་དབུས་མེད་པའི་རང་བཞིན་བཞུགས་གནས་ཆེན་པོ་ན་བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོས་སོགས་གླེང་གཞིའི་ལེའུ་དང་པོ། རྒྱུད་ཡོངས་སུ་གཏད་པ་བཞི་པའོ། །མི་གཡོ་བའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན་སོགས་གླེང་གཞིའི་ལེའུ་དང་པོ། རྒྱུད་ཡོངས་སུ་གཏད་པ་ལྔ་པའོ། །རྟ་མགྲིན་གྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་གྲུ་གསུམ་ཨེའི་དཀྱིལ་འཁོར་འབྱམས་པ་ན་སོགས་གླེང་གཞིའི་ལེའུ་དང་པོ། རྒྱུད་ཡོངས་སུ་གཏད་པ་དྲུག་པའོ། །གཞན་གྱིས་མི་ཐུབ་པའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཁྲག་འཐུང་རྔམས་པའི་རྒྱལ་པོ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་གསང་དབང་མཆོག་གི་དགྱེས་པའི་གནས་སོགས་གླེང་གཞིའི་ལེའུ་དང་པོ། རྒྱུད་ཡོངས་སུ་གཏད་པ་ལྔ་པའོ། །བདུད་རྩི་འཁྱིལ་པའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ཡིས་འོག་མིན་གྱི་གནས་གཞི་མཐའ་དང་དབུས་མི་འགྱུར་བའི་མཁའ་ཀློང་སོགས་གླེང་གཞིའི་ལེའུ་དང་པོ། རྒྱུད་ཡོངས་སུ་གཏད་པ་དྲུག་པའོ། །ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཁྲོ་མོའི་མངའ་བདག་ཏུ་གྱུར་པའི་རྒྱལ་པོ་འཇིགས་པ་སྐུའི་ཕྱོགས་བཅུ་དུས་གསུམ་སངས་


GLG004_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱིས་དབང་བསྐུར་སོགས་གླེང་གཞིའི་ལེའུ་དང་པོ། ལྷ་འདྲེ་དང་བླ་རྒྱུ་བ་བཞི་པ། རྒྱུད་ཡོངས་སུ་གཏད་པ་བདུན་པའོ། །སྟོབས་པོ་ཆེའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཁྲག་འཐུང་རོལ་བའི་རྒྱལ་པོ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ན་ཕྱི་ནང་མེད་པའི་ཞལ་ཐལ་ལེ་གཟིགས་པའི་གཞལ་ཡས་ཁང་སོགས་གླེང་གཞིའི་ལེའུ་དང་པོ། རྒྱུད་གཏད་པ་ལྔ་པའོ། །རྡོ་རྗེ་ཕུར་པ་མེ་ལོང་གསལ་བའི་སྤུ་གྲི་རེག་ཆོད་འཁོར་ལོ་རྩིབས་ཀྱི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་འོག་མིན་གསང་བའི་བྷ་ག་ལ་བཞུགས་སོ་ཉིད་ལས་མི་གཞན་པའི་འཁོར་ཁྲོ་བོ་དང་ཁྲོ་མོ་རྣམས་དང་གདུལ་བྱ་དྲག་པོའི་ཁྲོ་བོ་རྣམས་དང་ཡང་ཐབས་ཅིག་ཏུ་བཞུགས་སོ་སོགས་གླེང་གཞི་གླེང་བསླང་དང་གསང་བའི་འཁོར་ལོ་ཞུས་པའི་ལེའུ་དང་པོ། སྐུའི་མེ་ལོང་བཞི་པ། ཡོངས་སུ་གཏད་པ་བདུན་པའོ། །ལོ་མའི་རྒྱུད་ཀྱི་ནང་ཚན་རྒྱུད་ཀྱི་རྒྱལ་པོ་༼དར༽དཔལ་འཇིག་རྟེན་སྣང་བྱེད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་དེ་ཁྲོས་པའི་རྒྱལ་པོ་དཔལ་ཀཱི་ལ་ཡར་བཞུགས་ནས་སོགས་གླེང་གཞིའི་ལེའུ་དང་པོ། ཕུར་པ་རབ་གནས་ཀྱི་ཆོ་ག་བཅུ་གསུམ་པ། ཕུར་པའི་ཡང་སྙིང་བཅུ་བཞི་པ། ཡོངས་སུ་གཏད་པའི་ལེའུ་ཉེར་བདུན་པའོ། །རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་ཞུས་ཆེན་གྱི་ལོ་ཙཱ་བ་སྤ་གོར་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། མེ་ཏོག་གི་རྒྱུད་བཅུའི་ནང་ཚན་ཕུར་པ་དམ་པ་གསང་ཆེན་༼དར༽རྡོ་རྗེ་ཕྲེང་བའི་རྒྱུད་


GLG004_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྒྱལ་བའི་རྟོག་པ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ཆེན་པོ་དེ་སྐུ་དང་གསུང་དང་ཐུགས་མི་བཟད་པ་དྲག་པོ་རྡོ་རྗེའི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོར་གྱུར་པ་སོགས་གླེང་གཞིའི་ལེའུ་དང་པོ། ཁྲོ་བོ་རྣམས་ཀྱི་ཞལ་དང་ཕྱག་ལ་སོགས་པ་རྣམ་པར་དག་པ་བདུན་པ། སྤྲུལ་པས་དྲེགས་པ་བཏུལ་བ་བརྒྱད་པ། དམ་པ་གསང་ཆེན་གྱི་རྒྱུད་རྡོ་རྗེ་འཆང་འཕྲེང་བ་ཞེས་བྱ་བ་ལེའུ་བཅུ་དྲུག་པའོ། །ཕུར་པ་རྡོ་རྗེ་བཀོད་པའི་༼དར༽རྣལ་འབྱོར་ཆེན་པོའི་རྒྱུད་ལ། འདི་ཏནྟྲ་བཅོ་བརྒྱད་ཀྱི་ཀཱི་ལ་བཅུ་གཉིས་ཡིན་ཚུལ་གཤམ་དུ་བྲིས་འདུག་ཀྱང་དེང་སང་བཅུ་གཉིས་ཀྱི་རྒྱུད་ཅེས་བྱ་བའི་མདོ་ཉི་ཤུ་རྩ་བཞི་པ་ལ་ངོས་འཛིན་མཛད་དོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་འཇིགས་བྱེད་ཀྱི་རྒྱལ་པོ་ཞེ་སྡང་རྡོ་རྗེ་འོག་མིན་གྱི་གནས་གྲུ་གསུམ་མཐིང་ནག་འབར་བ་མཐའ་དང་དབུས་མེད་པ་ཡུམ་གྱི་བྷ་ག་ལ་བཞུགས་སོ་སོགས་ལྟ་བ་དང་སྤྱོད་པ་དམ་ཚིག་ལེའུ་དང་པོ། ས་དང་ལམ་གྱི་རིམ་པ་བརྒྱད་པ། ཡོངས་སུ་གདམས་པའི་ལེའུ་ལྔ་པའོ། །གསན་ཡིག་ལ་ལར་འདིའི་གཤམ་དུ་ལས་ཚོགས་དུམ་བུ་ཡོད་ཚུལ་འདུག་ཀྱང་དཔེ་འདིར་མི་སྣང་ངོ་། །སློབ་དཔོན་ཤྲཱི་ཛྙཱ་ནས་བསྒྱུར་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དམ་དུ་བཞག །སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྩེ་མོའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཕྱུག་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་སོགས་རྡོ་རྗེ་ནམ་མཁའི་བློ་གྲོས་གསང་བ་རྣམ་པར་བཀོད་པ་ཞེས་བྱ་བའི་ལེའུ་དང་པོ། རྣམ་


GLG004_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྟག་པ་ཆེན་པོ་སྦྱོར་བ་ཡོངས་སུ་བཀོད་པ་ཞེས་བྱ་བ་དང་པོ། ཁྲོ་བོའི་ཚོགས་བྱིན་གྱིས་བརླབ་ཅིང་དབང་བསྐུར་བ་གཉིས་པ། ལྕགས་ཀྱི་ཕུར་པ་སོར་བརྒྱད་པ་རྣམ་པར་བརྟག་པ་ཉེར་ལྔ་པ། ཙནྡན་གྱི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བ་ཉེར་དྲུག་པ། འཁར་བ་དང་ཤེལ་ལྟ་བུའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བ་ང་བཞི་པ། ར་གན་ལྟ་བུའི་ཕུར་པ་རྣམ་པར་བརྟག་པ་ཞེས་བྱ་བའི་ལེའུ་ང་ལྔ་པའོ། །རྡོ་རྗེ་ཕུར་པ་ཆོས་ཐམས་ཅད་ཀྱི་གསང་བའི་དོན་དབྱིངས་༼དར༽དང་ཡེ་ཤེས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལ། འདི་ལྟར་སངས་རྒྱས་པའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བར་གཤེགས་པ་རྒྱལ་བ་ཀུན་གྱི་གཙོ་བོ་ཞེས་སོགས་གླེང་བཞིའི་ལེའུ་དང་པོ། རང་བྱུང་ཕུར་པའི་ལེའུ་ལྔ་པའོ། །འབྲས་བུའི་རྒྱུད་ནས་སྦས་པ་ཟབ་མོ་མདུང་རྩེའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་ཀཱི་ལ་ཡའི་རྒྱལ་པོ་དེ་ཀརྨ་ཧེ་རུ་ཀ་ལ་སོགས་པའི་ཧེ་རུ་ཀ་རྣམས་དང་རྡོ་རྗེ་སྙེམས་མ་ལ་སོགས་པའི་ཡུམ་རྣམས་དང་དེ་བཞིན་དུ་ཁྲོ་བོ་དང་ཁྲོ་མོ་དང་བསམ་གྱིས་མི་ཁྱབ་པའི་ཁྲོ་བོས་བསྐོར་བའི་གནས་སོགས་གླེང་གཞིའི་ལེའུ་དང་པོ། རླུང་སྒོ་བསྟན་པ་ལྔ་པ། ཤིན་ཏུ་རྣལ་འབྱོར་བསྟན་པའི་ལེའུ་དགུ་པའོ། །རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནའི་འགྱུར། རྡོ་རྗེ་ཕུར་པ་མདུང་རྩེ་དམར་པོའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་འོག་མིན་གྱི་གནས་དྲག་པོ་མཐིང་ནག་འབར་བའི་གཞལ་ཡས་ཁང་ན་རྡོ་རྗེ་སྲིན་པོའི་ལྷ་


GLG004_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་སོགས་སྲིད་པའི་ཕྱྭ་བྱུང་ཚུལ་བསྟན་པ་སྟེ་ལེའུ་དང་པོ། གྲིར་གསད་པ་བརྒྱད་པ། ཀླུ་ནད་ཀྱིས་གསད་པ་དགུ་པ། བསྟོད་པའི་ལེའུ་བཅུ་དགུ་པའོ། །རྒྱ་གར་གྱི་མཁན་པོ་པདྨ་འབྱུང་གནས་དང་བོད་ཀྱི་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་རའི་འགྱུར། བསེ་སྒྲོམ་དམར་པོའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་གསང་སྔགས་ཀྱི་མངའ་བདག་རིག་སྔགས་ཀྱི་རྒྱལ་པོ་དཔལ་ཁྲག་འཐུང་འབར་བ་ཆེན་པོ་རི་མ་ལ་ཡའི་རྩེ་མོར་བཞུགས་ཏེ་སོགས་གླེང་གཞིའི་ལེའུ་དང་པོ། ལས་ཀྱི་བྱ་ཐབས་བཞི་པའོ། །སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྷ་སྲས་ལྕམ་སྲིང་ལ་གཏད་ཅིང་གཏན་ལ་ཕབ་པ། ཤྭ་ན་དཀར་ནག་གི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་རང་བཞིན་གྱིས་རྫོགས་པའི་བྷནྡྷ་འབར་བའི་གཞལ་ཡས་ན་དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ན་སོགས་གླེང་གཞིའི་ལེའུ་དང་པོ། ལས་ཀྱི་བྱ་ཐབས་ཀྱི་ལེའུ་བཞི་པའོ། །མ་ཚང་བ་ཁ་སྐོང་བའི་ནང་ཚན་རྡོ་རྗེ་ཕུར་པ་འཕྲིན་ལས་ཀྱི་འཁོར་ལོ་གབ་པ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཟག་པ་མེད་པར་མཉམ་པར་བཞག་པའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བསྐུལ་ཏེ་སོགས་གླེང་གཞི་དང་གླེང་བསླང་དང་གཞལ་ཡས་ཁང་གི་ལེའུ་དང་པོ། འཕྲིན་ལས་རྣམ་བཞི་གབ་པའི་འཁོར་ལོ་བསྟན་པ་དྲུག་པ། ཡོངས་སུ་གཏད་པའི་ལེའུ་བཅུ་གཉིས་པའོ། །བིདྱོཏྟཱ་མ་ལ་འབུམ་སྡེའི་ནང་ནས་གབ་པ་འཁོར་ལོའི་རྒྱུད་ཅེས་བྱ་བ་ཨོ་རྒྱན་གྱི་མཁན་པོ་རྡོ་རྗེ་ཐོད་ཕྲེང་རྩལ་དང་བོད་ཀྱི་


GLG004_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཙཱ་བ་མང་ཡུལ་གྱི་ལྕེ་ཀུ་ཀུ་རཱ་ཛ་དང་བྲང་ཏི་ཛ་ཡ་རཀྴི་ཏས་བསྒྱུར་རོ། །རྡོ་རྗེ་འབར་བ་གསང་བའི་རྒྱུད་བསྐལ་པ་དུམ་བུ་ལ། འོག་མིན་གྱི་གནས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ན་འཁོར་རྣམ་པ་གཉིས་ཀྱི་ནང་ན་སྐུ་མདུན་དང་རྒྱབ་མེད་པར་ཕྱོགས་བཞིར་ཐལ་ལེ་བ་དུས་རྟག་ཏུ་ཏིང་ངེ་འཛིན་ལ་ཞུགས་པ་ནི་སོགས་ལེའུ་མེད་པ། དེའི་ཕྱི་མའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་རྡོ་རྗེ་དགྱེས་པ་ཆེན་པོ་དེ་བཙུན་མོ་ཡུམ་གྱི་བྷ་ག་ལ་ཐུན་མོང་མ་ཡིན་པའི་འཁོར་རྣམས་དང་ལྷུན་གྱིས་གྲུབ་པར་བཞུགས་སོ་སོགས་སྟོན་པས་གླེང་བསླང་བ་དང་འཁོར་གྱིས་བསླང་བའི་ལེའུ་དང་པོ། ལུས་ངན་བསྒྲལ་བ་ལྔ་པ། འཁོར་ལ་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་པའོ། །ཛྙ་ན་གརྦྷ་དང་བཻ་རོའི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བའི་མཆོག་དམ་པ་གསང་བ་ཆེན་པོ་རྡོ་རྗེ་འབར་བའི་རྒྱུད་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྙིང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་དེ་བཙུན་མོའི་དཀྱིལ་ན་རྟག་ཏུ་བཞུགས་སོ་སོགས་དཀྱིལ་འཁོར་གྱི་གླིང་གཞིའི་ལེའུ་དང་པོ། ཐུགས་ཀྱི་དཀྱིལ་འཁོར་བཀོད་པ་བདུན་པ། གཟུགས་བརྙན་སྐུ་གསུང་ཐུགས་བརྒྱད་པ། མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ་སྟེ་བཅུ་བདུན་པ། བམ་པོ་བཞི་པ་རྫོགས་སོའི་མཐའ་ཅན་རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ཆེན་པོ་ལ། འདི་སྐད་བསྟན་ཅིང་དུས་གཅིག་ན་བཅོམ་ལྡན་འདས་


GLG004_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་མཆོག་གི་བདག་པོ་དུས་གསུམ་མ་ལུས་མི་ལུས་ལུས་པ་མེད་པའི་ངོ་བོ་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རང་བཞིན་རིགས་དང་ཡེ་ཤེས་ཀུན་གྱི་བདག་ཉིད་སོགས་གླེང་གཞིའི་ལེའུ་དང་པོ། བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ངེས་པར་གླེང་བསླང་བ་གཉིས་པ། སྒྲུབ་པ་དྲག་པོ་ལ་འཇུག་པའི་དུས་བསྟན་པ་ཉེར་གཅིག་པ། རྗེས་འཇུག་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་ཉེར་གཉིས་པ། བཅངས་ཤིང་བཀུར་བའི་སྐྱོན་ཡོན་དང་དུས་གསུམ་སངས་རྒྱས་གང་གིས་དུས་གང་ལ་གསུངས་པ་ཞུས་ལན་དུ་བསྟན་པ་ཞེས་གསུམ་པ། རྒྱུད་ཡོངས་སུ་གཟུང་ཞིང་གཏད་པའི་ཞེ་བཞི་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་༼དར༽ཀྱི་གསང་བ་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ཆེན་པོ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཁྲོ་བོ་འཇིགས་བྱེད་ཀྱི་རྒྱལ་པོ་བཛྲ་ཀཱི་ལ་ཡས་དྲག་པོ་མཐིང་ནག་འབར་བའི་ནང་ནས་བཞེངས་ནས་གདུག་པ་ཐམས་ཅད་འདུལ་བ་དང་དྲེགས་པ་ཅན་འདུལ་བའི་ལེའུ་དང་པོ། དབང་གི་ལེའུ་གཉིས་སུ་གནས་ཀྱི་མཚན་ཉིད་བསྟན་པ་དང་དཀྱིལ་འཁོར་གཏན་ལ་དབབ་པ་གསུམ། སྒྲའི་ཡི་གེ་དོན་བཀྲོལ་བའི་ལེའུ་ཞེ་གཅིག་པ། དྲག་པོ་ཟོར་གྱི་ལེའུ་ཞེ་གཉིས་པ། ཕུར་བུ་ཟོར་གྱི་དྲག་སྔགས་ཞེ་གསུམ་པ། བླ་འགུགས་ཕོ་ཉ་དབོག་པ་བརྒྱད་ཅུ་པ། གཟུང་འཛིན་ལྡོག་ནས་ཡང་དག་པའི་དགོངས་པ་བསྟན་པ་གྱ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་གཏད་ཅིང་གཟུང་བའི་ལེའུ་གྱ་གཉིས་པའོ། །ཨོ་རྒྱན་གྱི་མཁན་པོ་རྡོ་རྗེ་ཐོད་ཕྲེང་དང་བོད་ཀྱི་ལོ་ཙཱ་བ་མང་ཡུལ་གྱི་ལྕེ་


GLG004_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་ཀུ་རཱ་ཛ་དང་བྲང་ཏི་ཛ་ཡ་རཀྴི་ཏས་བསྒྱུར་ཅིང་གཏན་ཕབ་པ། གཟུངས་མ་མཁར་ཆེན་ལ་གཏད་པའོ། །རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ཐིག་ལེ་མཆོག་ཕུར་པ་འབུམ་སྡེའི་ནང་ནས་ཕྱུང་བ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སོ་སོ་མ་ཡིན་པའི་རང་བཞིན་ཏེ་དེ་ཉིད་ཀྱི་ངོ་བོས་མཐའ་དབུས་མེད་པའི་གསང་བ་ནས་དྲག་པོ་ཟུར་གསུམ་སྟེ་སོགས་བྱང་ཆུབ་ཀྱི་ལེའུ་དང་པོ། སྤྱོད་པའི་ལེའུ་བཅུ་པ། བསྒྲུབ་བྱ་བཅུ་གཅིག་པ། བྲིས་སྐུའི་ལེའུ་ཉེར་གཅིག་པ། གླེགས་བམ་གྱི་ལེའུ་ཉེར་གཉིས་པའོ། །གཡས་རུའི་ལྷ་ཁང་གསར་གྱི་མཆོད་རྟེན་དུ་རྒྱ་གར་གྱི་མཁན་པོ་ཀ་མ་ལ་རུ་པར་འཁྲུངས་པ་ནག་པོའི་ཞབས་དང་ལོ་ཙཱ་བ་ཤྲཱི་བྷ་ལ་ཀུ་ཏྲ་དྷ་ན་དེ་ཝས་ཡུལ་དབུས་འགྱུར་འོད་མའི་ཚལ་དུ་བསྒྱུར་རོ། །ཕུར་པ་གསང་བའི་སྔགས་རྒྱུད་འབྱུང་པོ་ཀུན་འདུལ་གསང་བའི་འཕྲིན་ལས་རྫོགས་པ་ལ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ཟག་པ་མེད་པའི་ཏིང་ངེ་འཛིན་ལས་བཞེངས་ནས་འཇིག་རྟེན་གྱི་ཁམས་ཀྱི་འོག་མིན་སུམ་ཅུ་རྩ་གསུམ་དུ་འབར་བའི་གཏུན་ཁུང་རྡོ་རྗེ་ཐོ་བ་རོལ་བའི་གཞལ་ཡས་ཁང་མངོན་པར་སྤྲུལ་ཏེ་འབྱུང་པོ་ཐམས་ཅད་ཟིལ་གྱིས་གནོན་པ་སོགས་གླེང་གཞིའི་ལེའུ་དང་པོ། ཁྲོ་བོའི་བསྟོད་པ་བདུན་པ། དཀྱིལ་འཁོར་སྒྲུབ་པ་བརྒྱད་པ། རྒྱུད་གཏད་ཅིང་གཟུང་བའི་ལེའུ་བཅུ་དྲུག་པའོ། །ཨོ་རྒྱན་གྱི་མཁན་པོ་རྡོ་རྗེ་ཐོད་འཕྲེང་གིས་བིདྱོཏྟཱ་མ་ལ་འབུམ་སྡེའི་ཏནྟྲ་ལས་ཕྱུང་བ་བོད་ཡུལ་དབུས་ཀྱི་བསམ་ཡས་བདུད་འདུལ་སྔགས་པའི་གླིང་དུ་ལྕེ་
ཛྙཱ་ན་ཀུ་ཀུ་རཱ་ཛ་དང་བྲང་ཏི་ཛ་ཡ་རཀྵི་ཏས་བསྒྱུར་ཏེ་མཁར་ཆེན་འཚོ་རྒྱལ་ལ་གཏད་ཅིང་གདམས་སོ། །


previousཔདྨ་གསུང་གི་རྒྱུད་ཀྱི་སྐོར།next