Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

20 occurrences of གསང་ཕུག་
[Clear Hits]


  
  
 
གཏེར་སྟོན་པདྨ་གླིང་པས་ལྷོ་བྲག་སྨན་མདོ་ནས་སྤྱན་དྲངས་པའི་བླ་མ་ནོར་བུ་རྒྱ་མཚོའི་སྐོར།
  
 
  
 
  
  
  
  
 
 
  
 
expand section
  
  
  
  
  
 
 
  
  
  
  
  
  


20 occurrences of གསང་ཕུག་
[Clear Hits]

 
previousགཏེར་སྟོན་པདྨ་གླིང་པས་ལྷོ་བྲག་སྨན་མདོ་ནས་སྤྱན་དྲངས་པའི་བླ་མ་ནོར་བུ་རྒྱ་མཚོའི་སྐོར།next

གཏེར་སྟོན་པདྨ་གླིང་པས་ལྷོ་བྲག་སྨན་མདོ་ནས་སྤྱན་དྲངས་པའི་བླ་མ་ནོར་བུ་རྒྱ་མཚོའི་སྐོར།


GLG004_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཟབ་མོའི་ཡང་སྙིང་མཆོག༔ སེམས་ཕྱོགས་ནོར་བུ་རྒྱ་མཚོ་ནི༔ མ་འོངས་སེམས་ཅན་རྣམས་ཀྱི་དོན༔ ད་ལྟ་མི་སྤེལ་གཏེར་དུ་སྦས༔ འདི་ནས་བཅལ་ཏེ་ལྷོ་ནུབ་མཚམས༔ ལྷོ་བྲག་སྨན་མདོ་ཞེས་བྱ་བའི༔ བྲག་དཀར་སེང་གེའི་གདོང་པ་ཅན༔ ཁ་ནང་བུག་པ་གཅིག་ནང་དུ༔ རྒྱ་རིམ་བདུན་གྱིས་བཏབ་བྱས་ནས༔  གསངཕུག next hit་དེ་རུ་གཏེར་དུ་སྦས༔ ཞེས་པའི་ལུང་བསྟན་དུས་བབས་ཀྱི་གཏེར་སྟོན་པདྨ་གླིང་པས་སྨན་མདོ་སེང་གེའི་གདོང་འདྲ་བའི་བྲག་ནས་སྤྱན་དྲངས་པའི་བླ་མ་ནོར་བུ་རྒྱ་མཚོའི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་སྟ་གོན་གྱི་དབང་ཆོག་རྡོ་རྗེ་གོ་ཁྲབ་ཀྱི་སྟེང་ནས། ཞུ་འབུལ། བགེགས་སྐྲོད། དྲི་ལན། སྤྲོ་སྐྱེད། དམ་ཚིག །ལྷ་སྒོམ། བྱིན་འབེབས་སྔོན་དུ་འགྲོ་བའི་བུམ་པ། བདུད་རྩི། རྟ་མགྲིན་གྱི་ལྷ་དབང་། ཕྱག་མཚན། འཕྲིན་ལས་བཞི། གཏོར་མ་རྣམས་ཀྱི་དབང་དང་། སོ་ཤིང་། བསྲུང་སྐུད། ཀུ་ཤའི་དབང་། དབང་ཆོག་སྒྲིབ་གཉིས་ཀུན་སྦྱང་གི་སྟེང་ནས། སྡིག་སྒྲིབ་སྦྱོང་བྱེད་རྣམ་འཇོམས་ཡང་གསང་བླ་མེད་ཀྱི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བ། བུམ་པ། ལྷ་དབང་། གཏོར་དབང་། ཁྲུས་གསོལ་དང་བཅས་པའི་དབང་། རྩ་བའི་དབང་ཆོག་རྫོགས་ཆེན་དབང་གི་འཕྲེང་བའི་སྟེང་ནས། འཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བའི་དབང་། བུམ་པ། ཐོད་པ། མེ་ལོང་། གཏོར་མ་བཞི་ལ་བརྟེན་ནས་དབང་བཞི། རྡོ་རྗེ་འཆང་གི་ལྷ་དབང་། བུམ་པ། བུམ་རྫས་བཅས་པའི་དབང་། གུ་རུ་རིགས་ལྔ། མཚན་བརྒྱད། རིགས་འཛིན་


GLG004_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། གྲུབ་ཆེན་བརྒྱད་ཀྱི་དབང་། བླ་མ་ཙཀ་ལི། བདུད་རྩི་མན་ཤེལ་གསུམ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་རྗེས་གནང་། འཁོར་ལོ། དུང་། རྡོ་རྗེ། བཟའ་བ། གཏོར་མ། ཕུར་པ་རྣམས་ཀྱི་ཆོས་འཁོར་བསྐོར་བ། འགྲོ་བ་འདུལ་བ། འཚོ་བ། ཐུགས་དམ་སྐོང་བ། སྒྲོལ་དབང་། དམ་ཚིག་རྒྱས་གདབ་དང་བཅས་པ། བྱིན་རླབས་རབ་འབྱམས་བཀའི་དབང་གི་ཡི་གེ་ལྟར་གཏོར་མ་བརྟེན་ནས་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་། དབང་ཆོག་ནོར་བུ་སྒྲོན་མེའི་སྟེང་ནས། བླ་མ་ཐོད་འཕྲེང་རྩལ་རིགས་ལྔའི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བ། བུམ་པ། བདུད་རྩི། མན་ཤེལ། ལྷ་དབང་། གཏོར་དབང་། རྗེས་གནང་གི་རིམ་པ་དང་བཅས་པ། གསང་བའི་དབང་ཆོག་བྱིན་རླབས་སྤྲིན་འཕྲོའི་སྟེང་ནས། གུ་རུ་རིགས་ལྔའི་དབང་ལ་འཇུག་པ་སྔོན་དུ་འགྲོ་བའི་བྱིན་འབེབས། མིང་དབང་། བུམ་པ། ཐོད་པ། རྡོ་རྗེ། ལྷ་དབང་། གཏོར་དབང་། འཕྲེང་བ། ཤེལ། རྡོར་དྲིལ་དང་བཅས་པའི་དབང་ཆོག་པདྨའི་འཕྲེང་བའི་སྟེང་ནས། རྟ་མགྲིན་ཡང་གསང་བླ་མེད་ཀྱི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་ཅོད་པན། བུམ་པ། བདུད་རྩི། མན་ཤེལ། ལྷ་དབང་། དུར་ཁྲོད་ཆོས། གཏོར་མ། རྗེས་གནང་རྫས་གཏད་དང་བཅས་པ། ཕག་མོ་ཡང་གསང་བླ་མེད་ཀྱི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་བུམ་པ། ཐོད་པ། ལྷ་དབང་། ཕྱག་མཚན་དང་དུར་ཁྲོད་ཆས་དབང་། རྫས་དབང་ངོ་སྤྲོད་དང་བཅས་པ། ཀུན་བཟང་དགོངས་པ་བླ་མེད་ཀྱི་དབང་ཆོག་སྟེང་ནས། ཆོས་འབྱུང་། ཤེལ། སྐུ་འབག་ངོ་སྤྲོད་ལ་བརྟེན་ནས་ཁྲོས་མ་ནག་མོའི་དབང་། གཤིན་རྗེ་ཡང་གསང་བླ་མེད་ཀྱི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་བུམ་པ། ཐོད་པ། མེ་ལོང་། ལྷ་དབང་། རྫས་དབང་། ཚིག་དབང་


GLG004_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ། ཕྱག་རྡོར་ཡང་གསང་བླ་མེད་ཀྱི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་བུམ་པ། ཐོད་པ། གཏོར་མ། མེ་ལོང་། ལྷ་དབང་། ཆོས་དབང་། ཚིག་དབང་རྣམས། ཚེ་དཔག་ཡང་གསང་བླ་མེད་ཀྱི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་ཅོད་པན། བུམ་པ། ཐོད་པ། ཤེལ། མེ་ལོང་། ཚིག་དབང་། གཏོར་དབང་། རྒྱས་གདབ་དང་བཅས་པ། སྐུ་ལྔ་ཡང་གསང་བླ་མེད་ཀྱི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་མིང་དབང་། བུམ་པ། བདུད་རྩི། ལྷ་དབང་། གསང་དབང་། ཚིག་དབང་། གཏོར་དབང་རྣམས། དབང་ཆོག་ཡིད་བཞིན་གཏེར་མཛོད་ཀྱི་སྟེང་ནས་རྣམ་སྲས་ཡང་གསང་བླ་མེད་ཀྱི་དབང་ལ། ཞུ་འབུལ། གཏོར་དབང་། ཕྱག་མཚན་རལ་གྲི། བླ་རྡོ། དམ་བསྲེ། ཚེ་གཏོར། ཚོགས་རྫས་དང་བཅས་པའི་དབང་རྣམས་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། དཀར་ཆག་ལུང་བསྟན། རྣམ་ཐར་ལོ་རྒྱུས། སྙིང་པོ་ཟབ་འཁྲིད་ཞལ་གདམས། གོལ་ས་གཅད་པ་གེགས་སེལ། ཚོགས་གསོག་པ་སྒྲུབ་ཆེན། བསྙེན་སྒྲུབ་ལས་བྱང་མཆོད་འཕྲིན་ཁ་སྐོང་། སྨིན་བྱེད་དབང་། གང་འདུལ་གྱི་ལས་ཐབས་ཆོ་ག །བླ་མ་སྐུ་གསུམ་གྱི་སྒྲུབ་པ། མཚན་བརྒྱད་རིགས་ལྔའི་སྒྲུབ་ཐབས་ལས་ཚོགས། ཡི་དམ་བྱེ་བྲག་སྒེར་སྒྲུབ། འགྲོ་དོན་མཐའ་རྒྱས་མྱོང་གྲོལ། ཚེ་འདས་འདྲེན་པ་གཤིན་དོན། འགྲོ་ཕན་གྱིས་ལས་ཕྲན། ནོར་སྒྲུབ་རྣམ་སྲས། ཉེར་མཁོ་ཟིན་བྲིས་དང་བཅུ་དྲུག་དང་པོ་ལ། ཐེམས་བྱང་དཀར་ཆག་གསལ་བའི་མེ་ལོང་འཚོ་རྒྱལ་དང་ལྷ་སྲས་ཀྱིས་ཞུས་ངོར་གནང་བ་ཕྱག་རྡོར་སྒྲུབ་ཐབས་ཀྱི་ཐད་ནས་འཕྲོར་ལུས་པ། བསམ་ཡས་དབུ་རྩེར་མངའ་བདག་དང་ཇོ་མོ་འཚོ་རྒྱལ་ལ་གནང་བའི་ལུང་བསྟན་༼ཟུར༽ཆེན་མོ་ཀུན་གསལ་མེ་ལོང་། ཤངས་ཀྱི་ཟབ་ལུང་གངས་ཀྱི་རྭ་བར་ལྷ་སྲས་དང་འཚོ་རྒྱལ་གྱིས་ཞུས་པའི་༼ཟུར༽ལུང་བསྟན་


GLG004_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱེད་འོད་ཀྱི་དྲ་བ་རྣམས།གཉིས་པ་རྣམ་ཐར་ལོ་རྒྱུས་ལ༔ གཏེར་སྟོན་གྱིས་མཛད་པའི་གུ་རུའི་རྣམ་ཐར་ཆེ་བ་དགུ་ལྡན་ཀུན་མཛེས་ནོར་བུའི་འཕྲེང་བ་ཐེ་ཚོམ་སེལ་བར་གྱུར་ཅིག་གི་མཐའ་ཅན། ཁ་བྱང་ལྟར་ན་གཏེར་མ་ཞིག་ཡོད་པ་འཁྱར་ནས་དེའི་ཚབ་ཏུ་མཛད་དམ་སྙམ། མི་བརྗེད་གཟུངས་ཐོབ་དབྱངས་ཅན་མའི་སྤྲུལ་པ་ཡེ་ཤེས་འཚོ་རྒྱལ་གྱི་རྣམ་ཐར་ལེའུ་བདུན་པ་བནྡེ་སངས་རྒྱས་ཡེ་ཤེས་ཀྱིས་འཚོ་རྒྱལ་ཉིད་ལ་ཞུས་པ། ཨྱོན་དང་ལྷ་ལྕམ་མནྡ་ར་བ་གཉིས་ཞུ་བ་ཞུས་ལན་མཛད་ཚུལ་གྱི་རྣམ་ཐར་འཚོ་རྒྱལ་གྱིས་ཕྱི་རབས་དོན་དུ་བཀོད་པ་རྫོགས་སོའི་མཐའ་ཅན། ལྷ་ལྕམ་པདྨ་གསལ་གྱིས་གསེར་སྐྱོགས་གཡུས་བཀང་ནས་བུ་ཚལ་གསེར་ཁང་གླིང་དུ་ཨྱོན་ཆེན་པོ་ལ་ཞུས་པའི་ཞུས་ལན་གསེར་གྱི་ཡང་ཞུན། བསམ་ཡས་མཆིམས་ཕུར་ལྷ་ལྕམ་ཁྲོམ་པ་རྒྱན་གྱིས་མུ་མེན་གྱི་སྐྱོགས་པདྨ་ཅན་རྒུན་ཆང་གིས་བཀང་ནས་ཞུས་པའི་ཞུས་ལན། གནུབས་ནམ་མཁའི་སྙིང་པོ་ལ་ཤེལ་དཀར་རྡོ་རྗེ་འཚོ་གཟུང་མར་བསྟན་པའི་ལུང་བསྟན་བྱུང་བ་ལྟར་བསྟེན་ནས་ནམ་མཁའི་སྙིང་པོ་དང་རྡོ་རྗེ་འཚོས་ལྕགས་ཕུར་ཅན་དུ་སློབ་དཔོན་ཆེན་པོ་ལ་ཞུས་པའི་ཞུས་ལན། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས་སྟོང་ཐུན་ནོར་བུའི་འཕྲེང་བ་ཞེས་པ་ཨྱོན་ཡབ་ཡུམ་སྟག་ལོ་དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་ལྷོ་བྲག་སྨན་མདོར་བྱོན་ནས་ནོར་བུ་རྒྱ་མཚོ་བསེ་སྒྲོམ་སྨུག་པོར་རྒྱ་རིམ་པ་བདུན་གྱིས་བཏབ་ནས་སྦས་ཤིང་གཏེར་སྲུང་ལ་གཉེར་གཏད་མཛད་ཚུལ། གནས་ཀྱི་མཚན་ཉིད་སྟོན་པ་ས་བཅད་རིན་ཅེན་སྤུངས་པ། བླ་མའི་མཚན་ཉིད་སྐྱོན་ཡོན་བསྟེན་ཚུལ་གསལ་བར་བྱེད་པ་ནོར་བུའི་འཕྲེང་བ་རྣམས། །གསུམ་པ་སྙིང་པོ་ཟབ་འཁྲིད་ཞལ་གདམས་ལ། ཚེ་གཅིག་ཐར་ལམ་བགྲོད་པ་ཟབ་དོན་བླ་མའི་གདམས་པ་འཁྲིད་གཞུང་དོན་གསལ་མེ་ལོང་


GLG004_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་བཅུ་དགུས་གཏན་ལ་ཕབ་པ། དེའི་སྔོན་འགྲོའི་ཁ་སྐོང་ཚོགས་གསོག་སྒྲིབ་སྦྱོང་དང་བྱིན་རླབས་༼ཟུར༽གནས་ནས་སྐུལ་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་དོན་གྱི་སྙིང་པོ། གོང་གི་ལྷན་ཐབས་སྐྱབས་འགྲོ་ཆོས་སྤྱོད་བྱིན་རླབས་སྤྲིན་འཕྲོ་༼ཟུར༽དག་པ་གཉིས་ལྡན་མ་གཏེར་སྟོན་གྱི་བསྡེབས་པ། རྒྱལ་སྲས་མུ་ཏིག་བཙན་པོའི་ཤངས་ཟབ་ལུང་གངས་ཀྱི་ར་བར་ཞུས་པའི་བླ་མའི་གསང་འཁྲིད་རིམ་པ་ལྔ་པ་༼ཟུར༽ནང་གསེས་ཞེ་སྡང་གི་གཉེན་པོ་སྒྱུ་ལུས་བར་དོའི་འཁྲིད། ང་རྒྱལ་གྱི་གཉེན་པོ་མཉམ་ཉིད་ཕྱག་ཆེན། འདོད་ཆགས་ཀྱི་གཉེན་པོ་ཐབས་ལམ་གཏུམ་མོའི་འཁྲིད། ཕྲག་དོག་གི་གཉེན་པོ་བོགས་འདོན་སྤྱོད་པའི་འཁྲིད། གཏི་མུག་གི་གཉེན་པོ་རྨི་ལམ་འོད་གསལ་གྱི་འཁྲིད་ལྔས་བསྟན་པ། གུ་རུའི་ཐུགས་ཉམས་ཀྱི་གློང་ནས་རྡོལ་བའི་དམར་འཁྲིད་རྟོགས་པའི་ལྟ་བ་སྒོམ་པའི་ཉམས་མྱོང་སྤྱོད་པའི་རོ་སྙོམས། བརྒྱུད་པའི་མན་ངག །སེམས་ཉིད་ངེས་པའི་སྐྱོན་གསལ་བ་སོགས་ལྷ་སྲས་ལ་གནང་བའི་གདམས་པ་ཁ་ཚང་དོན་འདྲིལ་རྒྱལ་པོ་ཆོས་དྲུག་གམ་བདུན་དུ་༼ཟུར༽གྲགས་པ་ལ་ནང་གསེས་རྒྱུད་ཀྱི་རྒྱལ་པོ་བྱ་བ་བཏང་བ། མན་ངག་རྒྱལ་པོ་ཞེས་འཛིན་མེད་པ། སྒོམ་པའི་རྒྱལ་པོ་བསྒྲུབ་བྱ་མེད་པ། ཆོས་ཉིད་ཀྱི་རྒྱལ་པོ་བཅོས་སུ་མེད་པ། ལྟ་བའི་རྒྱལ་པོ་ལྟ་བྱེད་དང་བྲལ་བ། འཕྲིན་ལས་ཀྱི་རྒྱལ་པོ་བྱར་མེད་རྫོགས་པ། ཉམས་མྱོང་རྒྱལ་པོ་ནམ་མཁའི་དབྱིངས་གནས་སོགས་བདུན་གྱི་ཁོངས་སུ་ཐེག་པ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་གནད་ཀྱི་མན་ངག་ཟབ་མོ་བཅོ་བརྒྱད་དུ་དྲིལ་ནས་སྟོན་པ་འཚོ་རྒྱལ་གྱིས་ཡི་གེར་བྲིས་ནས་རབ་ཏུ་གནས་ཤིང་བསེ་སྒྲོམ་དུ་གདམས་པ། བླ་མའི་དམར་འཁྲིད་དོན་གྱི་སྙིང་པོ་༼ཟུར༽རྒྱལ་སྲས་མུ་ཏིག་བཙན་པོ་གྲོལ་བར་བྱེད་པའི་དོན་དུ་གསུངས་པ་རྣམས། བཞི་པ་གོལ་ས་བཅད་པ་བགེགས་སེལ་ལ། རྩ་མདུད་


GLG004_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཞིང་ལུས་ཀྱི་འབྱུང་བ་སྙོམས་༼ཟུར༽བར་བྱེད་པ་འཁྲུལ་འཁོར་ཉེར་ལྔའི་རྩ་ཚིག །གནད་ལུགས་ཀྱི་གདམས་པ་མཐར་ཕྱིན་༼ཟུར༽ཕྱིར་བདེ་ཆགས་རྩེ་མོ་གདོན་ནད་དཀོར་གྲིབ་ཀྱིས་ཐིག་ལེ་འཆོར་བ་སེལ་ཐབས་གེགས་སེལ་གནད་ཀྱི་གདམས་པ། ལྷ་སྲས་ཀྱིས་ཞུས་པའི་བོགས་འདོན་གེགས་སེལ་གྱི་གདམས་པ་ཞུས་ལན་༼ཟུར༽ཐུགས་ཀྱི་མེ་ལོང་ཞེས་པ་བཞག་ཐབས་བཅུ་གཅིག་དང་བྱིང་རྒོད་སེལ་ཚུལ་སོགས་རྒྱ་ཆེར་གདམས་པ་རྣམས། །ལྔ་པ་ཚོགས་གསོག་པ་སྒྲུབ་ཆེན་ལ། སྤྲོས་པ་ཅན་རྗེས་སུ་བཟུང་ཞིང་བསོད་ནམས་ཀྱི་ཚོགས་གསོག་པར་བྱེད་པ་ཁོག་ཕུབ་རིན་ཅེན་འཕྲེང་བ་༼ཟུར༽ཞེས་སྔོན་འགྲོ་བཅོ་ལྔ་དངོས་གཞི་བརྒྱད་རྗེས་བཅུ་གཉིས་ཀྱིས་བསྟན་པ་རྒྱལ་སྲས་མུ་ཏིག་བཙན་པོའི་དོན་དུ་ཤངས་ཟབ་ལུང་དུ་མཛད་པ། དེའི་ཆ་ལག་འགོར་སྨིན་བྱེད་གདུལ་བྱའི་ཞིང་ལ་ལེགས་བཏབ་ནས་ཞེས་ཡོད་པའི་སྒྲུབ་ཆེན་སྤྱིའི་དངོས་གཞིའི་ཆོས་བཤད་ཞལ་གདམས་བརྒྱུད་པ་དྲུག་ལྡན་དང་ལོ་རྒྱུས་ཕུན་སུམ་ཚོགས་པའི་རྣམ་བཤད་གཏེར་སྟོན་གྱིས་མཛད་པ། དེས་མཛད་པའི་མཁའ་འགྲོའི་བཞེངས་བསྐུལ་བྱོན་འཚལ་བྱིན་འབེབས་རྣམས། དྲུག་པ་བསྙེན་སྒྲུབ་ལས་བྱང་མཆོད་འཕྲིན་ཁ་སྐོང་ལ། བླ་མའི་ལས་བྱང་༼ཟུར༽ནོར་བུ་པདྨའི་ལྗོན་ཤིང་ལེའུ་གསུམ་པ། གཏེར་སྟོན་གྱིས་མཛད་པའི་སྐྱབས་འགྲོ་རིམ་པ་༼ཟུར༽གསུམ་པ་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་གྱུར་ཅིག་གི་མཐའ་ཅན། དེས་མཛད་པའི་འགོར་ཨོཾ་ཨཱཿཧཱུཾ་ན་མོ་བླ་མ་ཞེས་ཡོད་པའི་བགེགས་གཏོར་བྱིན་རླབས་བཀའ་བསྒོ་ལྡན་པར་མཛོད་ཅིག་གི་མཐའ་ཅན། དེས་མཛད་པའི་མཁའ་འགྲོ་སྤྱན་འདྲེན་དང་གཏོར་འབུལ་ཡེ་ཤེས་༼ཟུར༽དབྱིངས་མ་འཁོར་སྲུངས་རྐྱེན་ཟློག་བར་ཆོད་སོལ་གྱི་མཐའ་ཅན། དེས་མཛད་པའི་མགོན་པོ་སྡེ་བརྒྱད་


GLG004_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཀང་གསོ་འོག་མིན་གནས་མཆོག་མ་ཕྱི་ནང་བར་བཅོད་ཟློག་གི་མཐའ་ཅན། དེས་མཛད་པའི་བདུད་རྩི་སྨན་མཆོད་རྒྱས་པ་ཀུན་བཟང་རིགས་ལྔ་༼ཟུར༽མ་འཕྲིན་ལས་གང་བྱེད་འདི་ལ་སྦྱར་བ་ཕྲད་ཤོག་གི་མཐའ་ཅན། དེས་མཛད་པའི་འགོར་གསང་སྔགས་ཀྱི་ཁྱད་པར་ཚོགས་ཀྱི་འཁོར་ལོ་ཞེས་ཡོད་པའི་རྩ་གསུམ་༼ཟུར༽བཀང་གསོ་དངོས་གྲུབ་ཀུན་འབྱུང་ངམ་གདོད་ནས་རྣམ་དག་མ་མཇུག་ཏུ་ཚོགས་ཟློག་དང་བཅས་པ་མཆོག་གི་དངོས་གྲུབ་ཐོབ་པར་ཤོག་གི་མཐའ་ཅན། དེས་མཛད་པའི་བཀང་གསོ་བསྡུས་པ་བཀང་ངོ་བསྐལ་པ་མ་གཡར་དམ་སོར་སྩོལ་ཅིག་གི་མཐའ་ཅན། དེས་མཛད་པའི་འགོར་ན་མོ་བདེ་གཤེགས་སྙིང་པོ་མ་ཡོད་པའི་འཐོར་ཕུང་༼ཟུར༽ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ཀྱི་མཐའ་ཅན། དེས་མཛད་པའི་དངོས་གྲུབ་ལེན་ཆོག་རྗེ་བཙུན་ཨྱོན་མ། གཏེར་བྱོན་པདྨ་མཐོང་གྲོལ་གྱི་ལོ་རྒྱུས། གསན་ཡིག་ན་པདྨ་གུ་རུ་ཟེར་བ་འདུག་པ་པདྨ་མཐོང་གྲོལ་དང་པདྨ་གུ་རུའི་སྐུའི་དབྱིབས་ལ་ངོས་འཛིན་མི་གཅིག་པ་སོ་སོར་ཡོད་པས་དཔྱད། འགོར་འཇིག་རྟེན་འདྲེན་པའི་གཙོ་བོ་ཞེས་ཡོད་པའི་ཚེས་བཅུའི་དབང་བཤད་དགོས་འདོད་ཀུན་འབྱུང་གཏེར་སྟོན་གྱིས་མཛད་པ་རྫོགས་བྱང་གི་མཐའ་ཅན། དེས་མཛད་པའི་འགོར་ཆོས་སྐུ་སྣང་བ་མཐའ་ཡས་ཞེས་ཡོད་པའི་དབང་བཤད་ནོར་བུའི་འཕྲེང་བ་རྫོགས་བྱང་གི་མཐའ་ཅན། དེས་མཛད་པའི་འགོར་རིགས་འཛིན་པདྨ་འབྱུང་གནས་ཞེས་ཡོད་པའི་ཚེས་བཅུའི་ཕན་ཡོན་ཧཱུཾ་ཙིཏྟ་སིདྡྷི་མཐའ་ཅན། ཨྱོན་པདྨས་མཛད་པའི་བསངས་བར་ཆད་ཀུན་སེལ་འཛམ་གླིང་བྱང་ཕྱོགས་མ། དབང་བསྐུར་ལ་ཉེ་བར་མཁོ་བའི་ལྷན་ཐབས་དབང་གི་ཆུ་བོ་བཞི་འདུས་ཀྱི་གསང་འགྲེལ་རྣམས། བདུན་པ་སྨིན་བྱེད་དབང་ལ། རྩ་དབང་གི་སྔོན་དུ་འགྲོ་བ་སྟ་གོན་གྱི་༼ཟུར༽དབང་ཆོག་རྡོ་རྗེ་གོ་ཁྲབ་ལས་རིམ་བཅོ་ལྔ་པ།


GLG004_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྡིབ་སྒྲིབ་སྦྱོང་བ་རྡོ་རྗེ་རྣམ་འཇོམས་ཀྱི་དབང་ཆོག་༼ཟུར༽སྒྲིབ་གཉིས་ཀུན་སྦྱོང་ལས་རིམ་བཅུ་བཞི་པ། གཏོར་མ་བརྟེན་ནས་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་༼ཟུར༽སྔོན་འགྲོ་ལས་རིམ་བཅུ་དངོས་གཞི་ལས་རིམ་བཞི་རྗེས་ལས་རིམ་གསུམ་དང་བཅས་པ། སྒྲུབ་ཆེན་ལ་ཉེ་བར་མཁོ་བའི་བྱིན་འབེབས་སྤྲིན་འཕྲོ་འོད་ཀྱི་དྲ་བ་དངོས་གྲུབ་ཆར་འབེབས། དངོས་གཞི་རྩ་བའི་དབང་ཆོག་༼ཟུར༽ཆེན་མོ་རྫོགས་ཆེན་དབང་གི་འཕྲེང་བ་ལས་རིམ་བདུན་གྱིས་སྦྱོར་དངོས་རྗེས་ཚང་དུ་བསྟན་པ། བླ་མ་ཐོད་འཕྲེང་རིགས་ལྔའི་དབང་ཆོག་ནོར་བུ་༼ཟུར༽སྒྲོན་མེ་ལས་རིམ་བཅུ་གཉིས་པ། གུ་རུ་རིགས་ལྔ་ལ་བསྟེན་པའི་གསང་བའི་དབང་ཆོག་༼ཟུར༽བྱིན་རླབས་སྤྲིན་འཕྲོ་སྔོན་འགྲོ་དངོས་གཞི་རྗེས་སོ་སོར་ལས་རིམ་གསུམ་པ། འཇོམས་བྱེད་ནག་པོ་ལྷ་ལྔ་ལ་བསྟན་པའི་གཤིན་རྗེ་༼ཟུར༽ཡང་གསང་བླ་མེད་ཀྱི་དབང་ཆོག་ལས་རིམ་གསུམ་པ། རྟ་མགྲིན་གསང་བ་འདུས་པའི་ལས་བྱང་རྡོ་རྗེའི་འཕྲེང་བ་ལས་རིམས་སོ་གཉིས་པ་འཚོ་རྒྱལ་གྱིས་མཛད་པ། དེའི་དབང་བཤད་འགོར་གསན་པར་ཞུ་དབང་ཆེན་རྟ་མགྲིན་ཞེས་ཡོད་པ་གཏེར་སྟོན་གྱིས་མཛད་པ་དཔེ་ཆ་ལ་གསལ་ལོའི་མཐའ་ཅན། རྟ་མགྲིན་ཡང་གསང་བླ་མེད་ཀྱི་དབང་ཆོག་ནོར་བུ་པདྨའི་འཕྲེང་བ་༼ཟུར༽ལས་རིམ་བཅུ་དྲུག་པ་གུ་རུས་ཤངས་ཀྱི་ཟབ་ལུང་དུ་ལྷ་སྲས་ལ་གནང་བ། ཕག་མོའི་དབང་ཆོག་༼ཟུར༽ཡང་གསང་བླ་མེད་སྦྱོར་དངོས་འཇུག་གསུམ་སོ་སོར་ལས་རིམ་བརྒྱད་རེས་བསྟན་པ། ཕྱག་རྡོར་ཡང་གསལ་བླ་མེད་ཀྱི་དབང་ཆོག་ལས་རིམ་ལྔ་པ། མགོན་པོ་ཚེ་དཔག་མེད་ཀྱི་དབང་ཆོག་འཆི་མེད་དགོས་འདོད་ཀུན་འབྱུང་། ཚེ་དཔག་མེད་ཡང་གསང་འོད་ཀྱི་དྲ་བའི་ཕྱི་སྒྲུབ་བམ་བསྙེན་བསྒྲུབ་བསྟན་པ་ཚེ་བསྲིང་བར་འགྱུར་


GLG004_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རོའི་མཐའ་ཅན། བསམ་ཡས་བྱང་ཆུབ་ཆེན་པོའི་ཐུགས་ཀའི་གཏེར་མ། གསང་འདུས་གུ་རུ་ཚེ་སྒྲུབ་པ་ཞེས་པ་ཡང་གསང་འོད་ཀྱི་དྲ་བའི་ནང་སྒྲུབ་གོ་འཕང་ཐོབ་པར་འགྱུར་རོའི་མཐའ་ཅན། བསམ་ཡས་བྱང་ཆུབ་ཆེན་པོའི་ཐུགས་ཀའི་གཏེར་མ། འགོར་རང་ཉིད་སྐད་ཅིག་གིས་ཞེས་ཡོད་པའི་ཡང་གསང་འོད་དྲའི་གསང་སྒྲུབ་སྤྲུལ་སྐུ་དངོས་ལ་ཞུས་པ་དགའ་བའི་མཐའ་ཅན། བསམ་ཡས་བྱང་ཆུབ་ཆེན་པོའི་ཐུགས་ཀའི་གཏེར་མ། ཕྱི་ནང་གཉིས་ཀྱི་བདག་བསྐྱེད་སློབ་དཔོན་པདྨ་དང་གསང་སྒྲུབ་ཀྱི་བདག་མདུན་གཉིས་ཀ་ཚེ་དཔག་མེད་ལ་བརྟེན་པ་ཡིན་ནོ། །བརྒྱད་པ་གང་འདུལ་ལས་ཐབས་ཆོ་ག་ལ། དོན་བསྟོད་བྱིན་རླབས་ཆར་འབེབས་སྣང་མཐའ་སྤྲུལ་པ་མ་བསྟོད་འབུམ་ནས་བྱུང་བ་གུ་རུ་སྤྲུལ་པའི་སྐུའི་མཐའ་ཅན། འཛབ་བསྟོད་བྱིན་རླབས་ཆུ་རྒྱུན་ཟབ་ལུང་གངས་ཀྱི་ར་བར་རྒྱལ་སྲས་དང་འཚོ་རྒྱལ་ལ་གནང་བ། དཀྱིལ་འཁོར་དོན་བསྟོད་ཀྱི་སྙིང་པོ་མ་བཅོས་སྤྲོས་བྲལ་མ་༼ཟུར༽ཐམས་ཅད་རྫོགས་པའི་ཕོ་བྲང་ཕྱག་འཚལ་བསྟོད་ཀྱི་མཐའ་ཅན། རབ་གནས་དོན་གསལ་མེ་ལོང་། དེའི་ལྷན་ཐབས་འགོར་ཆོས་ཀྱི་དབྱིངས་ཞེས་ཡོད་པའི་ཡེ་ཤེས་པ་སྤྱན་འདྲེན་གཏོར་སྟོན་གྱིས་མཛད་པ་ཡོན་བདག་ལའང་གཏོར་རོའི་མཐའ་ཅན། འཕྲིན་ལས་མྱུར་ཕྱིར་མེ་མཆོད་སྦྱིན་སྲེག་རྣམ་༼ཟུར༽བཞིའི་ཆོ་ག་སྙིང་གི་བུ་ལ་ཕྲད་ཤོག་གི་མཐའ་ཅན། སྒྲུབ་ཆེན་གསང་བའི་ལས་སྦྱོར་དུས་ཀྱི་བསྐུལ་བྱང་༼ཟུར༽དམ་བདར་ཆེན་མོ། དམ་ཚིག་གི་དབྱེ་བ་གསལ་བའི་༼ཟུར༽སྒྲོན་མེ་ཤངས་ཀྱི་ཟབ་ལུང་གངས་ཀྱི་ར་བར་མཁར་ཆེན་བཟས་སློབ་དཔོན་ལ་ཞུས་པ་རྣམས། དགུ་པ་བླ་མ་སྐུ་གསུམ་སྒྲུབ་པ་ལ། བླ་མ་སྤྲུལ་སྐུའི་སྒྲུབ་པ་འོད་ཟེར་འཕྲེང་བ་ཞེས་༼ཟུར༽ཨོ་རྒྱན་ཟ་ཧོར་མའི་བདུན་བསྐྱེད་ལ་བརྟེན་ནས་བསྙེན་པ་བདག་བསྐྱེད་ལ་བརྟེན་ནས་སྒྲུབ་པ་ཐོད་འཕྲེང་རིགས་བཞིའི་ལས་སྦྱོར་དང་བཅས་པ།


GLG004_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལོངས་སྐུའི་སྒྲུབ་པ་གནད་ཀྱི་ཐིགས་པ་ཞེས་པ་༼ཟུར༽ཚེ་དཔག་མེད་ཡུམ་བཅས་ཀྱི་མདུན་བསྐྱེད་ལ་བརྟེན་ནས་རྡོར་བཟླས་བསྙེན་པ་བདག་བསྐྱེད་ལ་བརྟེན་ནས་སྒྲུབ་པ་ཚེ་ལྷ་རིགས་ལྔར་བརྟེན་ནས་རྗེས་ཀྱི་བྱ་བ་བསྟན་པ། བླ་མ་ཆོས་སྐུའི་སྒྲུབ་པ་རང་གསལ་རྡོ་རྗེ་འཆང་གི་ཉམས་ལེན་ལ་བརྟེན་ནས་༼ཟུར༽སྟོང་གསལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་ཟབ་མོ། །སྐུ་གསུམ་སྒྲུབ་པའི་༼ཟུར༽སྤྲ་འཁྲིད་གསལ་བའི་སྒྲོན་མེ། བླ་མ་སྐུ་གསུམ་སྒྲུབ་པའི་སྟེང་འཁོར་འོག་འཁོར་གྱི་ཟིན་བྲིས་པདྨ་འབྱུང་གནས་ཀྱིས་བུད་མེད་ཡེ་ཤེས་འཚོ་རྒྱལ་ལ་གནང་བ། རྩ་བ་གསུམ་གྱི་བླ་རྡོ་སྲོག་འཁོར་འདྲི་ཐབས་༼ཟུར༽རབ་གནས་བཅང་ཚུལ་དང་བཅས་པ་སྙིང་གི་བུ་ལ་ཕྲད་ཤོག་གི་མཐའ་ཅན་རྣམས། བཅུ་པ་མཚན་བརྒྱད་རིགས་ལྔའི་སྒྲུབ་ཐབས་ལས་ཚོགས་ལ། བླ་མ་མཚན་བརྒྱད་ཀྱི་སྒྲུབ་༼ཟུར༽ཐབས་ཞེས་པར་ནང་གསེས་མཆོག་གི་དངོས་གྲུབ་གཙོ་བོར་སྟོན་པ་པདྨ་འབྱུང་གནས། ཡོན་ཏན་སྣ་ཚོགས་གཙོ་བོར་སྟོན་པ་པདྨ་སཾ་བྷ། ཤེས་རབ་བློ་གྲོས་གཙོ་བོར་སྟོན་པ་བློ་ལྡན་མཆོག་སྲེད། འགྲོ་བ་དབང་སྡུད་གཙོ་བོར་སྟོན་པ་པདྨ་རྒྱལ་པོ། འགྲོ་བ་འདུལ་བྱེད་གཙོ་བོར་སྟོན་པ་ཉི་མ་འོད་ཟེར། ལོག་འདྲེན་འདུལ་བྱེད་གཙོ་བོར་སྟོན་པ་ཤཱཀྱ་སེང་གེ །མུ་སྟེགས་རྩོད་ཟློག་གཙོ་བོར་སྟོན་པ་སེང་གེ་སྒྲ་སྒྲོག །དགྲ་བགེགས་ཚར་གཅོད་གཙོ་བོར་སྟོན་པ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་པ་ཡིག་ཆུང་དང་བཅས་པ། དུག་ལྔ་རང་སར་གྲོལ་ནས་ཡེ་ཤེས་ལྔའི་དོན་རྟོགས་ཤིང་སྐུ་ལྔའི་འབྲས་བུ་ཐོབ་བྱེད་ཐོད་འཕྲེང་རིགས་ལྔའི་སྒྲུབ་ཐབས་རྟགས་རིམ་དང་བཅས་པ། ཐོད་འཕྲེང་སྐུ་ལྔའི་འཁོར་ལོ་བྲི་ཐབས་༼ཟུར༽འཚོ་རྒྱལ་གྱིས་གསེར་གཡུའི་མཎྜལ་ཕུལ་ནས་སློབ་དཔོན་ཉིད་ལ་ཞུས་པ། ལས་ཚོགས་རིན་ཆེན་སྤུངས་པ་༼ཟུར༽ཞེས་པ་བཛྲ་གུ་


GLG004_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ཞི་བ། རཏྣ་གུ་རུས་རྒྱས་པ། པདྨ་གུ་རུས་དབང་། ཀརྨ་གུ་རུས་དྲག་པོ། བུདྡྷ་གུ་རུས་ལྷུན་གྲུབ། གུ་རུ་པདྨས་མཚོན་བསྲུང་། དེས་མི་མཐུན་ཕྱོགས་ཞི་བ། དེས་ཡུངས་ཀར་ལས་མཐའ། དེས་ཕན་ཆའི་ལས། དེས་བྱེ་མའི་ལས། ཚེ་དབང་རྩལ་གྱིས་ཚེ་འཕེལ་བ། པདྨ་དེ་ཝས་སྒོ་གསུམ་བདེ་བ། གུ་རུ་པདྨས་ལྷ་སྲིན་འདུལ་བ། དེས་ནད་གདོན་ཞི་བ། དེས་དག་བྱེད་ཁྲུས། པདྨ་ཐོད་འཕྲེང་གིས་མཛེ་གསོ་བ། གུ་རུ་པདྨས་ཕྱུགས་ནད་གསོ་བ། རྒྱལ་བུ་མཐོང་ན་དགའ་བས་བཟའ་བཏུང་བསྒྲུབ་པ། པདྨ་གཏེར་བཞད་རྩལ་གྱིས་རིན་ཅེན་བསྒྲུབ་པ། རྣམ་པར་རྒྱལ་བས་ནོར་བུའི་ལས། པདྨ་འབྱུང་གནས་ཀྱིས་གཅན་གཟན་ཁ་འཆིང་། འཇིགས་པ་སྐྱབས་ཀྱིས་སྒྲིབ་ཤིང་། ཀུན་ཐུབ་རྒྱལ་པོས་ཆང་བསྲུང་། མཚོ་སྐྱེས་རྡོ་རྗེས་ཤེས་རབ་བསྐྱེད་པ། ཡཀྴ་མེ་དབལ་གྱིས་རྒྱ་འདྲེ་གཅུན་པ། རོ་ལངས་བདེ་བས་བསེན་མོ་བསྲུང་བ། ཉི་མ་འོད་ཟེར་གྱིས་བཙན་བསྲུང་བ། རྡོ་རྗེ་དྲག་རྩལ་གྱིས་བདུད་ཞི་བ། པདྨ་གར་དབང་གིས་ཤི་འདྲེ་བསྲུང་བ། རྡོ་རྗེ་གྲོ་ལོད་ཀྱིས་ལྷ་འདྲེའི་འགྱུ་སྲང་གཅོད་པ། གུ་རུ་པདྨས་ཤིག་བསྲུང་བ། མི་ཕམ་རྡོ་རྗེས་གྲུར་མི་འབྱིང་བ། གུ་རུ་དྲི་མེད་ཀྱིས་ཆར་འབེབས་པ། ཀླུའི་དབང་པོས་ཆུ་གཏེར་འདོན་པ། རྡོ་རྗེ་ཐོད་འཕྲེང་གིས་བྱད་འགྲོལ་བ། རཏྣ་ཐོད་འཕྲེང་གིས་འབྲུ་ཆར་འབེབས་པ། པདྨ་ཐོད་འཕྲེང་གིས་སྲིད་འཕེལ་ལྟེ་བསྒྱུར། ཀརྨ་ཐོད་འཕྲེང་གིས་དགྲ་བོ་སྐྲོད་པ། བུདྡྷ་ཐོད་འཕྲེང་གིས་དགྲ་བོའི་ལུས་ངག་ཡིད་གསུམ་བརླག་པ། བློ་ལྡན་མཆོག་སྲེད་ཀྱིས་ཤེས་རབ་བསྐྱེད་པ། ཉི་མ་འོད་ཟེར་གྱིས་སྲིད་གསུམ་མཐོང་བ། སེང་གེ་སྒྲ་སྒྲོག་གིས་དགྲ་ཁྱིམ་བཤིག་པ། རྡོ་རྗེ་གྲོ་ལོད་ཀྱིས་ཐོག་སེར་དབབ་པ། དེས་མཐུན་གཉིས་འབྱེད་པ་དང་སྨྱོ་བོག་གཏོང་བ། སེང་གེ་སྒྲ་སྒྲོག་གིས་ངག་གནོན་པ། བློ་


GLG004_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མཆོག་སྲེད་ཀྱིས་ཤོ་རྒྱལ་བ། གུ་རུ་པདྨས་ཐོག་བསྲུང་བ། དེས་སེར་བའི་འགྱུ་སྲང་གཅོད་པ། དེས་སད་དང་ཁ་བ་བསྲུང་བ། དེས་རྐང་མགྱོགས་བསྒྲུབ་པ། པདྨ་འབྱུང་གནས་ཀྱིས་མིག་ཁ་བས་མི་འཕྱིད་པ། དེས་ཆང་གིས་མི་བཟི་བ། དེས་དོན་འགྲུབ་པ། པདྨ་སཾ་བྷས་འཁོར་འདས་སྤང་བླང་བྲལ་བ་རྣམས། རྟེན་འབྲེལ་ཟབ་མོའི་ལས་ཚོགས་ཞེས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཨིནྡྲ་བྷཱུ་ཏིའི་སྲས་ལ་ཕན་པར་མཛད་པ་ཨོ་རྒྱན་ཆེན་པོས་བོད་དུ་བསྒྱུར་བ་བྱིས་པ་ལ་ཕན་གདགས་པའི་སྐོར་ལ་མེ་བཙའ། བསྲུང་བ། སྔགས་གསུམ་གྱིས་འཁྲུ་སྐྱུག་གཅོད་པ། བུ་ཆུང་གི་རྩ་བརྟག་པ། རྣ་བའི་བཅོས། ལིང་ཐོག་ལེན་པ། རྐང་པའི་ཆུ་སེར་གསོ་བ། ཁོང་ནད་སྦྱོང་བ། ལིང་ཐོག་བརྟག་ཅིང་གཏར་སྨན་སྔགས་ཀྱིས་གསོ་བ། མགོ་ཆག་སོགས་རྨ་གསོ་ཐབས། ལྦ་བ་འཆོས་པ། དུད་འགྲོ་འོ་མ་མི་སྟེར་བ་སྟེར་བའི་ཐབས་རྣམས། ཡང་ཟབ་ལས་ཚོགས་བཅོ་ལྔ་པ་ལ། གཅེར་བུར་སྡོད་པ། ཕྱག་རྒྱ་དབང་སྡུད། སྒྲིབ་ཤིང་། རྒྱ་འདྲེ་འདོན་པ། རིམས་ནད། རྒྱུ་གཟེར། ཞོ་ཆང་། ཕྱུགས་ནད་གློ་གོར་བསྲུང་བ། མངོན་ཤེས། ཕྱག་རྒྱ་འགུགས་པ། ཉེ་འབྱེད། རྦོད་གཏོང་བཟློག་པ། བསྲུང་བུམ་རྡོ་རྗེའི་གོ་ཁྲབ་ལ་ལྷའི་གནོད་པ་བསྲུང་བ། ཚེ་སྤེལ་བ། ཐིག་ལེ། གཟའ། ནད་རིམས། སྡེ་བརྒྱད། སྲིའུ། ཤི་འདྲེ། འགོང་པོ། འདྲེ་མོ། རྒྱལ་པོ། ཕྱོགས་ངན། གཟའ། ནད་རིམས། འཇུར། རྒྱལ་པོ། བསེན་མོ། མཚོན། ཁ་བསྒྱུར་མཁལ་ནད་བསྲུང་བ། ལྟེ་བསྒྱུར། ཟླ་མཚན་འབབ་འཛག །མི་གཙང་བའི་གྲིབ། ངན་སྔགས་བཟློག་པ་དང་བཅས་པ། བསྲུང་བ་ཀུན་གྱི་རབ་གནས་བྱ་ཚུལ་ནོར་བུ་པདྨའི་ཕྲེང་བ། དེའི་ལྷན་ཐབས་འགོར་བླ་མའི་བཀའ་བདེན་པ་ཞེས་ཡོད་པའི་གཏེར་སྟོན་གྱིས་མཛད་


GLG004_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྟན་པར་གྱུར་ཅིག་གི་མཐའ་ཅན་རྣམས། བཅུ་གཅིག་པ་ཡི་དམ་སྒེར་སྒྲུབ་ལ། དྲག་པོ་སྐུ་ལྔ་ཡང་གསང་འདུས་བའི་ལས་བྱང་དངོས་གྲུབ་ཀུན་འབྱུང་ཞེས་པ་ཨོ་རྒྱན་ཆེན་པོས་ཤངས་ཀྱི་ཟབ་ལུང་དུ་རྒྱལ་སྲས་ལ་གནང་བ། བརྒྱུད་འཛིན་ཕལ་ཆེར་བླ་མེད་དྲུག་གི་སྟེང་དུ་ཁྲོས་ནག་དང་སྐུ་ལྔ་ཡང་གསང་བླ་མེད་ཀྱི་ལྷ་ལྔའི་ནང་ཚན་གུར་དྲག་ཕུར་པ་གསུམ་བསྣུན་ནས་ཡང་གསང་སྐོར་དགུ་ཞེས་ཟབ་ཁྱད་དུ་མཛད་ཀྱང་སྐུ་ལྔའི་རང་གི་ལྷ་གཉིས་ཟུར་དུ་ཕྱུང་བར་དགོས་དོན་ལྷག་པོ་མ་རྙེད་པས་དཔྱད། དྲག་པོ་སྐུ་ལྔ་ཡང་གསང་འདུས་པའི་དབང་ཆོག་༼ཟུར༽གསང་བ་བླ་མེད་ལས་རིམ་བརྒྱད་པ། སྐུ་མཆོག་འཇམ་དཔལ་གཤིན་རྗེའི་སྒྲུབ་པ་༼ཟུར༽སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། གསུང་མཆོག་རྟ་མགྲིན་གྱི་སྒྲུབ་པ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། དེའི་ལས་ཕྲན་སེར་བ་དྲག་པོ་རྫས་ཀྱི་བསྲུང་བ་དུག་གི་སྤུ་གྲི། ཐུགས་མཆོག་ཕྱག་རྡོར་གྱི་སྒྲུབ་པ་༼ཟུར༽སྦྱོར་དངོས་འཇུག་གསུམ་གྱིས་བསྟན་པ། ཐུགས་སྒྲུབ་གསང་བ་བླ་མེད་ཡང་སྙིང་དྲག་པོ་ཧཱུཾ་གི་དྲིལ་སྒྲུབ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། མཁའ་འགྲོ་སྡེ་ལྔ་ལས་རྒྱ་མཚོའི་རྒྱུད་ལེའུ་བཅུ་དྲུག་པ་ལས་ཀྱི་མཁའ་འགྲོས་བྲམ་ཟེ་མཆོག་སྲེད་ལ་གཏད་པ། ཤར་ཀུ་རི་ལུང་གི་བྲག་རི་མོ་རྒྱན་ནས་སྤྱན་དྲངས་པའི་ཁྲོས་ནག་གི་གསང་བའི་དབང་ཆོག །ཡི་དམ་ཁྲོས་ནག་སྒྲུབ་པའི་མངོན་རྟོགས་ཉམས་སུ་བླངས་ནས་སྦ་བར་བྱའོའི་མཐའ་ཅན། ཀུན་ཏུ་བཟང་མོ་རྡོ་རྗེ་ཕག་མོ་ཁྲོས་ནག་དབྱེར་མ་མཆིས་པའི་མཁའ་འགྲོ་ཁྲོས་ནག་རིགས་ལྔའི་མངོན་རྟོགས། ཁྲོས་ནག་གི་ལས་མཐའ་སེ་བྱང་༼ཟུར༽ལ་བརྟེན་ནས་ཕ་རོལ་གྱི་མཐུ་གཏད་བཟློག་པ་མཁའ་འགྲོའི་གསང་ཡིག །དེའི་ལས་མཐའ་ཟ་ཡིག་སྐོར་ལ། སྐུའི་


GLG004_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་གནོན་ཐོག་མར་ཨཱོཾ་དང་མཇུག་ཏུ་ཐཱ་ཡོད་པའི་འཕྲེང་བདུན་མ། གསུང་གི་ལོག་གནོན་འགོར་ཨཱ་དང་མཇུག་ཏུ་གྱཱ་ཡོད་པའི་འཕྲེང་དྲུག་མ། ཐུགས་ཀྱི་ལོག་གནོན་འགོར་ཧཱུཾ་དང་མཇུག་ན་ར་ཡོད་པའི་འཕྲེང་དྲུག་མ། སྐུའི་ཟ་ཡིག་འགོར་གསུམ་དང་མཇུག་ན་ནཱ་ཡོད་པའི་འཕྲེང་ལྔ་མ། གསུང་གི་ཟ་ཡིག་འགོར་གཅིག་དང་མཇུག་ན་རཱ་ཡོད་པའི་འཕྲེང་དྲུག་མ། ཐུགས་ཀྱི་ཟ་ཡིག་འགོར་བཞི་དང་མཇུག་ཏུ་རཱ་ཡོད་པ་འཕྲེང་བདུན་མ། བྱད་མ་རང་གཤེད་འབེབས་པ་འགོར་ཨ་དང་མཐར་ཀ་ཡོད་པའི་འཕྲེང་བདུན་མ། གཤིན་རྗེ་གནད་བསྐུལ་འགོར་སུ་དང་མཐར་ཤོ་ཡོད་པའི་འཕྲེང་བདུན་མ། ཀླུ་བདུད་གཟི་བརྗིད་འཕྲོག་པ་འགོར་ཏ་དང་མཇུག་ན་རུ་ཡོད་པའི་འཕྲེང་བདུན་མ། ལུས་ལ་ཉི་མ་ཕོག་པ་དང་ཟ་བ་འགོར་ཨཱོཾ་དང་མཐར་ནྲ་ཡོད་པའི་འཕྲེང་བདུན་མ། རྦོད་གཏོང་བཟློག་པ་འགོར་ཐ་དང་མཐར་ནཱ་ཡོད་པའི་འཕྲེང་བདུན་མ། བྱད་མ་གསད་པ་འགོར་ཕོ་དང་མཐར་ན་ཡོད་པའི་འཕྲེང་བདུན་མ་རྣམས། ལྷ་མོ་ངན་ནེ་མའི་སྒྲུབ་ཐབས་ཆོས་པའི་ནོར་བསྲུང་ཤིན་ཏུ་ཟབ་མོའི་མཐའ་ཅན། འདི་ཡན་ཤར་གྱི་བྲག་རི་མོ་ཅན་ནས་བཏོན་ནོ། །ཛམ་སེར་གསང་བའི་སྒྲུབ་ཐབས་ནོར་བུ་༼ཟུར༽བསམ་འཕེལ་རྣམས། བཅུ་གཉིས་པ་འགྲོ་དོན་མཐའ་རྒྱལ་མྱོང་གྲོལ་ལ། ཕྱོགས་མེད་གཞན་དོན་སྤེལ་བ་ཤ་རིལ་ཟག་མེད་སྐྱེ་བདུན་༼ཟུར༽སྒྲུབ་པ་པདྨ་ང་དང་སྐལ་བ་མཉམ་པ། སྐྱེ་བདུན་ཤའི་ཕན་ཡོན་བྱི་བ་ལོ་ཀུ་རི་ལུང་དགོན་པ་ཀུན་བཟང་གླིང་དུ་གཏེར་སྟོན་གྱིས་མཛད་པ། དངོས་གྲུབ་རྣམ་གཉིས་ཐོབ་པར་བྱེད་པ་༼ཟུར༽བདུད་རྩི་སྨན་གྱི་མཆོག་སྒྲུབ། གཞན་སྣང་འདུལ་བར་བྱེད་པ་ཞྭ་ཆོས་པདྨ་དཀར་པོ་ཞེས་པ་ཞྭའི་དབྱེ་བ་ཚད་བཟོ་ལུགས་བྱུང་ཚེས་གྲངས་འཁོར་ལོ་རབ་གནས་ཡོན་ཏན་རྣམས་


GLG004_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ། ཟས་སྐོམ་གྱི་གདུང་བ་ཞི་བྱེད་བཅུད་ལེན་ཡིད་བཞིན་༼ཟུར༽ནོར་བུ་ཞེས་པ་རླུང་། ས། ཆུ། མེ། ནམ་མཁའ། བདུད་རྩི། མེ་ཏོག་ཚན། ཅོང་ཞི། དབང་ལག །རྡོ། རྡོ་རྗེ་ཟམ་པ། ཡོངས་རྫོགས། དྲོད་སྐྱེ། ཏིང་ངེ་འཛིན་གྱི་བཅུད་ལེན་ཁྲོ་བོ་སྨེ་བ་བརྩེགས་པ་ཞལ་གཅིག་ཕྱག་གཉིས་པའི་ཁྲུས་ཆོག་མི་གཙང་ཀུན་སེལ་རྫོགས་བྱང་གི་མཐའ་ཅན་རྣམས། བཅུ་གསུམ་པ་ཚེ་འདས་འདྲེན་པ་གཤིན་དོན་ལ། གཤིན་དོན་བདུན་ཚིགས་རིགས་དྲུག་གནས་སྦྱོར་༼ཟུར༽སྐྱེ་མེད་ལམ་སྦྱོར་པདྨ་འབྱུང་གནས་ཀྱིས་སྦྱར་བ་རྫོགས་སོའི་མཐའ་ཅན། དེའི་ཆ་ལག་གཤེད་མས་ཚེ་འདས་ཀྱི་ལུས་ངག་ཡིད་གསུམ་བཅིངས་པ་གཏོང་བའི་གླུད་བསྔོའི་གཏོར་མ་ཆ་གསུམ། གཤིན་གྱི་དོན་དུ་གསེར་སྐྱེམས་གཟུ་དཔང་སྟོན་པ་བླ་མེད་མ་དུས་ལ་བབ་པོ་ས་མཱ་ཡའི་མཐའ་ཅན། གཤིན་དོན་གྱི་ཁྲུས་ཆོག་ལྷན་ཐབས་འགོར་བུམ་པ་བཟང་པོ་ཆེ་བའི་མཆོག་ཅེས་ཡོད་པ་གཏེར་སྟོན་གྱིས་མཛད་པ་དབང་བསྐུར་དུ་གསོལ་གྱི་མཐའ་ཅན། གནས་ངན་སྤངས་ནས་མི་ལུས་སུ་ལྡོག་ཐབས་ཕུང་པོ་སྲེག་སྦྱང་༼ཟུར༽ཐུགས་རྗེ་ཀུན་ཁྱབ་སྐལ་ལྡན་སྙིང་རྗེ་ཅན་དང་ཕྲད་ཤོག་གི་མཐའ་ཅན་རྣམས།།བཅུ་བཞི་པ་འགྲོ་ཕན་ལས་ཕྲན་ལ། འགོར་ཨྱོན་པདྨ་འབྱུང་གནས་ཞེས་ཡོད་པའི་བླ་གནས་བརྩི་བ་འཇའ་འབྲུག་གཟའ་འཛིན་ས་གཡོས་སྐར་མ་སོགས་ཀྱི་ལེགས་ཉེས་བརྟག་པ། ཌོམྦྷི་ཧེ་རུ་ཀ་ལུགས་ཀྱི་ཆར་འབེབས་ཀྱི་གདམས་པ་ཞར་བྱུང་རླུང་གནོན་ཆར་འབེབས་ཡིད་བཞིན་ནོར་བུ་ཞལ་ཤེས་དང་བཅས་པ་ཐུགས་ཀྱི་མེ་ལོང་ནང་བཞིན་ཁྱུང་གི་དབང་བསྐུར་རོའི་མཐའ་ཅན། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱ་ནག་ཆུའི་འཁོར་ལོ་ཞར་བྱུང་རླུང་གནོན་དང་བཅས་པ་རྫོགས་སོའི་མཐའ་ཅན་རྣམས། བཅོ་ལྔ་པ་ནོར་སྒྲུབ་རྣམ་སྲས་ལ་


GLG004_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཆེན་རྣམ་སྲས་ཀྱི་དབང་ཆོག་ཡིད་བཞིན་གཏེར་མཛོད། རྣམ་སྲས་མདུང་དམར་ཅན་གྱི་ལས་བྱང་བཀང་གསོའི་རིམ་པ་པདྨའི་མིང་ཅན་དང་ཕྲད་པར་འགྱུར་གྱི་མཐའ་ཅན། གཏོར་མར་བརྟེན་པའི་ནོར་བདག་རྣམ་སྲས་ཀྱི་སྒྲུབ་པ་བསམ་པ་འགྲུབ་པར་འགྱུར་རོའི་མཐའ་ཅན། སྒབ་འདྲེ་ཤེས་པ་དཀར་པོ་གནོན་ཐབས་མཚམས་དམ་པ་བཅད་ལ་བསྙེན་སྒྲུབ་བྱའོའི་མཐའ་ཅན། རྒྱལ་ཆེན་རྣམ་སྲས་ཀྱི་གསང་བ་རྩ་བའི་སྒྲུབ་སྐོར་ཡེ་ཤེས་འཚོ་རྒྱལ་དང་པདྨ་གསལ་ལ་གནང་བ་སྙིང་དང་འདྲ་བའི་སྒྲུབ་པ་སྤེལ་ན་བཀའི་ཆད་པ་ཡོད་པའི་མཐའ་ཅན། ནོར་སྒྲུབ་གཏེར་གྱི་བུམ་པའི་འཁོར་ལོ་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་མེ་རིས་བསྐོར་བར་བྱའི་མཐའ་ཅན་རྣམས། བཅུ་དྲུག་པ་ཉེར་མཁོ་ཟིན་བྲིས་ལ། རྒྱུག་གིང་གྲི་གིང་རྔ་གིང་རྣམས་ཀྱི་རྩ་ཚིག་ཉི་ཤུ་རྩ་གཅིག་པ་མ་ཏྲཾ་བསྒྲལ་ཆོག་གིང་འཆམ་པདྨས་སྦྱར་བ། གཏེར་སྟོན་གྱིས་མཛད་པའི་རྩ་བ་གསུམ་གྱི་ལས་བྱང་གི་རྔ་བརྡུང་ཚུལ་ཚོགས་ནས་བསྐུལ་གྱི་བར་གཅིག་གོའི་མཐའ་ཅན། དེས་མཛད་པའི་འགོར་ཨཱོཾ་སྭ་བྷཱ་ཝ་ཤུདྡྷོ་ཞེས་ཡོད་པའི་གཟའ་ཚོགས་འཁོར་འདས་སྲིད་གསུམ་རྣམས་ཀྱི་ཞལ་དུ་ཨཱོཾ་ཨཱཿཧཱུཾ་གི་མཐའ་ཅན། དེས་མཛད་པའི་འགོར་ཆོས་སྐུ་ཀུན་བཟང་ཞེས་ཡོད་པའི་བོད་ལུང་བཀའ་གཏད་སྡེ་དཔོན་ཆེན་པོར་གྱུར་ཅིག་གི་མཐའ་ཅན། དེས་མཛད་པའི་བཀྲ་ཤིས་རིགས་འཛིན་ཆུ་བོ་མ་རྣམས་ཀྱི་དབང་ལུང་ཡོངས་སུ་རྫོགས་པར་ནོས་པའི་སྤྱི་རྒྱུད་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་སྤྱན་རས་གཟིགས་དབང་། སྤྲུལ་སྐུ་པདྨ་འབྱུང་གནས། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་ཏིག་བཙན་པོ། ལྷ་ལྕམ་པདྨ་གསལ། སྤྲུལ་སྐུ་པདྨ་གླིང་པ། མཚུངས་མེད་ཆོས་རྗེ་རྣམ་གཉིས། དེ་གཉིས་ཀ་ལ་བསྟན་འཛིན་


GLG004_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ། དེ་ནས་སྤྲུལ་སྐུ་མདོ་སྔགས་བསྟན་འཛིན། སྣ་ཚོགས་རང་གྲོལ་ཀྱི་སྤྲུལ་སྐུ། གནུབས་དང་དྲན་པ་ནམ་མཁའི་རྣམ་སྤྲུལ་འཕྲིན་ལས་ལྷུན་གྲུབ། རིག་འཛིན་གཏེར་སྟོན་ཆེན་པོ་འགྱུར་མེད་རྡོ་རྗེ་རྩལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་བསྟན་འཛིན་གྲགས་པ་ནས། རྗེ་པདྨ་འཕྲིན་ལས། མང་ཐོས་ཚུལ་ཁྲིམས་རྡོ་རྗེ། རྗེ་འཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ན་དབུ་མཛད་གྲུབ་པ་ཀུན་འདུས་ནས། རྗེ་པདྨ་འཕྲིན་ལས་མན་གོང་ལྟར་རོ། །ཡང་ན་སྤྲུལ་སྐུ་ཚུལ་ཁྲིམས་རྡོ་རྗེ་ནས། བོན་ལུང་ཚུལ་ཁྲིམས་རྒྱལ་མཚན། དར་སྡིངས་འཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་སྟ་གོན་གྱི་དབང་། རྫོགས་ཆེན་དབང་འཕྲེང་གི་དབང་བཞི་ཡོངས་རྫོགས། ཟུར་གྱི་རྟགས་ཡོད་པའི་ལུང་དང་བཅས་པའི་བརྒྱུད་ལུགས་གཅིག་ནི། གཏེར་སྟོན་པདྨ་གླིང་པ་ནས། དེ་ལ་སྤྲུལ་སྐུ་མཆོག་ལྡན་མགོན་པོ། སྔགས་འཆང་ཤཱཀྱ་བཟང་པོ། མཐུ་ཆེན་གསང་སྔགས་རྡོ་རྗེ་གསུམ་གྱིས་གསན། དེ་གསུམ་ག་ལ་རིགས་འཛིན་མཆོག་གི་སྤྲུལ་སྐུ་ལེགས་ལྡན་རྡོ་རྗེ། དེ་ནས་ཆོས་རྒྱལ་འབྲི་གུང་པ་གནམ་ལྕགས་མེ་འབར། དྲིན་ཅན་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་ཀུན་དགའ་ཚེ་མཆོག །མཚུངས་མེད་ཡེ་ཤེས་གྲུབ་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། མི་འགྱུར་ཀུན་དགའ་དཔལ་བཟང་། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ་མན་འདྲ། སེང་གེ་སྒྲ་སྒྲོག་གི་སྒོ་ནས་ཁང་སེལ་དང་། རྡོ་རྗེ་གྲོ་ལོད་ཀྱི་སྒོ་ནས་སྨྱོ་བོག་གཏོང་བའི་ལུང་ཕྱག་བཞེས་དམར་འཁྲིད་ཀྱི་བརྒྱུད་པ་ནི། གཏེར་སྟོན་ནས། རྒོད་ཕྲུག་འཕྲིན་ལས་རོལ་པ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། ཟུར་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས་
རིམ་པར། ཡུག་པ་ནོར་བུ་དབང་རྒྱལ། དེ་སྲས་རབ་བརྟན་དབང་པོ། གུང་རུ་དབྱངས་དཔོན་པ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །བྱེ་བྲག་རྟ་མགྲིན་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ་ཨྱོན་ཆེན་པོ་མན་འདྲ། མཁའ་འགྲོ་དམར་ནག་གི་བརྒྱུད་པ་ནི། ཀུན་ཏུ་བཟང་མོ། རྡོ་རྗེ་ཕག་མོ། ཨྱོན་ཆེན་པོ་མན་འདྲ། གཤིན་རྗེའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཆེ་མཆོག་ཧེ་རུ་ཀ རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། རྡོ་རྗེ་ཆོས། མཁའ་འགྲོ་མ་ལས་ཀྱི་དབང་ཆེན། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ་འབྱུང་གནས། མཁར་ཆེན་བཟའ། གནུབས་ཆེན་སངས་རྒྱས་ཡེ་ཤེས། རྒྱལ་སྲས་མན་འདྲ། ཕྱག་རྡོར་གྱི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། ལག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། པདྨ་ཐོད་འཕྲེང་མན་འདྲ། ཚེ་དཔག་མེད་ཀྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཚེ་དཔག་མེད་རིགས་ལྔ། གུ་རུ་པདྨ་མན་འདྲ། སྐུ་ལྔ་ཡང་གསང་བླ་མེད་ཀྱི་བརྒྱུད་པ་ནི། སྤྱི་བརྒྱུད་བཞིན་ནོ། །ཕུར་པའི་བརྒྱུད་པ་སྐུ་ལྔ་ལས་ལོགས་སུ་དགོས་དོན་མི་འདུག་ཀྱང་གསན་ཡིག་ལྟར་ན། ཀུན་བཟང་། རྡོ་རྗེ་འཆང་། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། ཤྲཱི་སིངྷ། པྲ་བྷ་ཧསྟི། སློབ་དཔོན་ཆེན་པོ་མན་གཅིག །ནོར་ལྷའི་བརྒྱུད་པ་ནི། ཀུན་བཟང་། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཨྱོན་ཆེན་པོ་མན་འདྲའོ། །


previousགཏེར་སྟོན་པདྨ་གླིང་པས་ལྷོ་བྲག་སྨན་མདོ་ནས་སྤྱན་དྲངས་པའི་བླ་མ་ནོར་བུ་རྒྱ་མཚོའི་སྐོར།next