Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

7 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
 
འབྲི་གུང་གཏེར་སྟོན་མཁའ་གྲོལ་གློང་ཡངས་ཀྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།
  
  
expand section
  
  
  
  
  
 
 
  
 
 
  
  
  


7 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousའབྲི་གུང་གཏེར་སྟོན་མཁའ་གྲོལ་གློང་ཡངས་ཀྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next

འབྲི་གུང་གཏེར་སྟོན་མཁའ་གྲོལ་གློང་ཡངས་ཀྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།


GLG004_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ལས། རིག་འཛིན་རྒྱལ་བ་རྣམས་ལ་གསོལ་བཏབ་མཐུས། དམ་ཆོས་རིན་ཅེན་ཕུན་སུམ་ཚོགས་པའི་གཏེར། བཀྲ་ཤིས་གྲགས་ཀྱི་དགོངས་པ་ཡང་ཟབ་དོན། ཡོངས་ཀྱིས་ཉམས་སུ་ལོངས་པར་བྱིན་གྱིས་རློབས། ཞེས་གསུངས་པའི་འབྲི་གུང་གཏེར་སྟོན་མཁའ་གྲོལ་གློང་ཡངས་པ་ནི། མངའ་བདག་ཉང་གི་གཏེར་ལུང་ལས། མུ་ཏིག་བཙན་ནི་སྡེ་སྣོད་ཀྱི༔ ཕྱོགས་ཙམ་འཛིན་པའི་སྐྱེས་བུ་ཡོང་༔ ལྔ་བརྒྱའི་དུས་ཁ་རག་སྔོན་མདུན་དུ༔ ལྷ་རིན་ཅེན་རྒྱལ་པོ་བྱ་བ་སྐྱེ༔ ཤ་མཚན་མོ་མཚན་ཆ་འདྲ་འོང་༔ སྐྱིད་ཤོད་ཅུང་ཞིག་བདེ་བར་འགྱུར༔ དེ་ནས་འབྲི་ཞེས་བྱ་བའི་སྡེ་སྐྱོང་བ༔ རཏྣའི་མཚན་ཅན་དག་ཏུ་སྐྱེ༔ ཞེས་དང་། རིག་འཛིན་ཡོངས་འདུས་ཀྱི་སྤྱི་ལུང་མདོར་བསྡུས་སྙིང་པོར། ལྷ་སྲས་སྤྲུལ་པ་བོད་འཚམ་སྦྲུལ་ལོ་པ༔ བློ་སྒམ་སྙིང་སྟོབས་རྩལ་ལྡན་གདོང་སྨེ་ཅན༔ སྣ་ཚོགས་མིང་ཅན་འགྲོ་བའི་དེད་དཔོན་མཆོག༔ རིན་ཅེན་འཛིན་པ་ཉི་དྲོས་དུས་སུ་འབྱུང་༔ ཞེས་དང་། རང་གཏེར་ལས། རྡོ་རྗེའི་རིགས་འཛིན་དྷརྨའི་མིང་༔ སྐྱིད་ཀྱི་མིང་འཛིན་ཕ་མ་ཡིས༔ བསྐྱེད་པའི་ས་ཁམས་སྦྲུལ་གྱི་ལོ་པ་ནི༔ ཆུང་ནས་ཕས་བོར་མ་ཡིན་མ་བསྐྱེད་པ༔ རིག་རྩལ་ཆེར་སྤྱོད་ཤེས་རབ་བློ་ལྡན་ཞིང་༔ ངེས་དོན་ཆོས་སྤྱོད་ལྷ་གསུམ་དོན་ལྡན་པ༔ གསང་བ་སྔགས་ཀྱི་རིགས་ལྡན་སྐྱེས་བུ་ནི༔ རཏྣའི་མིང་ཅན་ངས་བསྟན་ཆོས་ལ་མོས༔ བཅུ་གཉིས་ལོ་ལ་ཟབ་གཏེར་སྒོ་མོ་འབྱེད༔ ཅེས་དང་། དེའི་འཕྲོས་ལས་མཚན་རྟགས་སོགས་བསྟན་པ་ནི། གཏེར་འབྱིན་སྐྱེས་བུའི་གསང་


GLG004_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཚན་རྟགས་ནི༔ སྐུ་གསུམ་མཚོན་ཕྱིར་སྨིན་མཚམས་རྩེ་གསུམ་རིས༔ མགྲིན་པར་གསུངས་དབྱངས་ཆོས་སྒྲ་སྒྲོགས་པའི་དུང་༔ སྙིང་གར་བདེ་གཤེགས་ཐུགས་མཚོན་ཆོས་འབྱུང་དབྱིབས༔ ཡེ་ཤེས་ལྔ་རྫོགས་སྤྱན་མི་ཁ་དོག་ལྔ༔ དཔའ་བོའི་མཚན་རྟགས་སྟག་གི་ཤམ་ཐབས་རིས༔ རུས་པའི་རྒྱན་མཚོན་དཀར་ནག་སྨེ་བས་མཚན༔ རྫུ་འཕྲུལ་འཕྲིན་ལས་འཁོར་ལོ་ཞབས་མཐིལ་བཀྲ༔ ཞེས་སོགས་ངོ་མཚར་བའི་སྐུ་རྟགས་མཚན་དང་ལྡན་ཞིང་། སྔོན་ཚེ་འཕགས་པའི་ཡུལ་དུ་སློབ་དཔོན་ཆེན་པོ་ཧཱུཾ་ཀ་ར་དང་བོད་དུ་ལྷ་སྲས་མུ་ཏིག་བཙན་པོར་གྲགས་པའི་སྤྲུལ་པའི་ཟློར་གར་ ཆོསརྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ཀྱིས་གཞོ་སྟོད་གཏེར་སྒྲོམ་བྲག་དཀར་མཁའ་འགྲོ་གསང་མཆོག་ཕུག next hit་ནས་སྤྱན་དྲངས་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་ཡང་ཟབ་ཀྱི་སྐོར་ལ། གཏོར་མ་ལ་བརྟེན་ནས་ཆོས་སྒོ་འབྱེད་པ་༼སྣང༽༼དཔལ༽རྩ་བ་གསུམ་གྱི་དབང་བཞི། རས་བྲིས་ཀྱི་དཀྱིལ་འཁོར་དུ་ཞི་ཁྲོ་གཉིས་ཀྱི་ཕྱི་སྒྲུབ་ཀྱི་གཞུང་དང་ཞི་ཁྲོ་དབང་གི་འཕྲེང་བའི་སྟེང་ནས་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་བུམ་པའི་དཀྱིལ་འཁོར་ལ་བརྟེན་ནས་༼སྣང༽ཞི་བ་རིགས་ལྔའི་དབང་ཞི་བ་རྩལ་རྫོགས་ཀྱི་ལྷ་དབང་། ཐོད་པའི་དཀྱིལ་འཁོར་ལ་བརྟེན་ནས་ཁྲོ་བོ་རིགས་ལྔའི་དབང་། ཁྲོ་བོ་རྩལ་རྫོགས་ཀྱི་ལྷ་དབང་། ཁྲོ་བོའི་དབང་། མཐའ་རྟེན་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་། དག་པ་དང་བཅས་པ། དཀར་གསུམ་མངར་གསུམ་ལ་བརྟེན་ནས་ཞི་བའི་གསང་དབང་། བྱང་སེམས་ཐོད་པ་བདུད་རྩི་ལ་བརྟེན་ནས་ཁྲོ་བོའི་གསང་དབང་། རིག་མའི་ལུས་རྒྱ་ལ་བརྟེན་ནས་ཞི་ཁྲོ་གཉིས་ཀྱི་ཤར་དབང་། མན་ཤེལ་སྐུ་འབག་གི་དཀྱིལ་འཁོར་ལ་བརྟེན་ནས་ཞི་བའི་ཚིག་དབང་


GLG004_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རང་གདངས་གསལ་སྟོང་དུ་བསྟན་པས་ཁྲོ་བོའི་ཚིག་དབང་། སྣང་བ་དང་མུན་པའི་དཀྱིལ་འཁོར་ལ་བརྟེན་ནས་བརྡ་དོན་གསུམ་དུ་ངོ་སྤྲོད་པ་རིག་པ་ཡེ་ཤེས་ཀྱི་རང་ཞལ་མངོན་སུམ་དུ་སྟོན་པ་ཞི་ཁྲོ་དབྱེར་མེད་རིག་པའི་རྩལ་དབང་རྣམས། བླ་མའི་གསང་སྒྲུབ་ཡང་གསང་ཧཱུཾ་གཅིག་མའམ་རྡོ་རྗེ་གྲོ་ལོད་ཀྱི་བྱིན་རླབས་༼སྣང༽ཀྱི་གཏོར་མ་སྐུ་འབག་གིས་སྐུའི་དབང་། བཟླས་པ་ཧཱུཾ་ཡིག་གིས་གསུང་དབང་། ཕྱག་མཚན་ཕུར་བུས་ཐུགས་ཀྱི་དབང་དང་བཅས་པ། འཆི་མེད་ཚེའི་སྒྲུབ་པ་ཕྱི་ནང་གསང་གསུམ་ལས། ཕྱི་སྒྲུབ་ཀྱི་ཡི་གེའི་སྟེང་ནས་ཚེ་༼དཔལ༽འགུགས་པ། གནས་ལྔར་ཚེ་དཔག་མེད་རིགས་ལྔའི་ཚེ་ཟན་དང་ལྷ་དབང་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་དབང་། ཚེ་ཆང་། ཚེ་རིལ་རྒྱས་བཏབ་དང་བཅས་པ། བདུད་འདུལ་རྒྱལ་པོའི་དབང་རིག་འཛིན་ཆོས་ཀྱི་གྲགས་པས་མཛད་པའི་ཡི་གེའི་སྟེང་ནས་༼ཀ༽སྐུ་འབག་དང་གཏོར་མས་སྐུ་དབང་། ཐོད་པ་བདུད་རྩིས་གསུང་དབང་། རྡོ་རྗེས་ཐུགས་དབང་། སྨན་རཀ་གིས་ཡོན་ཏན་གྱི་དབང་། ལྕགས་སྡིག་གིས་འཕྲིན་ལས་ཀྱི་དབང་དང་བཅས་པ། བླ་མ་ཚེ་དབང་རིག་འཛིན་པའི་དབང་རིག་འཛིན་ཆོས་ཀྱི་གྲགས་པས་མཛད་པའི་ཡི་གེའི་སྟེང་ནས་བྲིས་སྐུས་༼ཀ༽སྐུའི་དབང་། ཧཱུཾ་ཡིག་གིས་གསུང་དབང་། ཤེལ་རྡོས་ཐུགས་དབང་། འཁོར་ལོས་ཡོན་ཏན་གྱི་དབང་། ཧཱུཾ་ཁ་དོག་ལྔ་ལྡན་གྱིས་འཕྲིན་ལས་ཀྱི་དབང་གཏོར་མ་སྨན་རཀ་གིས་དབང་དང་བཅས་པ་བྱིན་འབེབས་དང་འབྲེལ་བར་ཐོད་ཆང་། གཏོར་མ་སྐུ་འབགས་ལ་བརྟེན་ནས་ཕག་༼དཔལ༽ལྔའི་བྱིན་རླབས། བཀའ་སྲུང་གི་གཏོར་དབང་འཕྲིན་ལས་མཆོག་སྩོལ་གྱི་སྟེང་ནས། གཏོར་མ་ལ་བརྟེན་ནས་མ་གཟའ་རྡོར་


GLG004_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

༼དཔལ༽གསུམ་གྱི་སྐུ་གསུང་ཐུགས་དབང་། བཅའ་གཞི་གོང་ལྟར་ལ་རྡོ་རྗེའི་མནའ་༼ཀ༽ཆུ་དང་བཅས་ཏེ་བཀའ་སྲུང་ལྕམ་དྲལ་གསུམ་གྱི་སྲོག་གཏད་དམ་སྲི་སྙིང་གི་ཁྲག་ཏིག །གནོད་སྦྱིན་གའུ་མའི་༼དཔལ༽ཕོ་བྲང་རྟེན་གྱི་དབང་དང་བཟླས་པའི་དབང་། གནོད་སྦྱིན་སྤུན་གསུམ་གྱི་སྐུ་རྟེན་༼དཔལ༽༼གནས༽བླ་རྡོས་གོས་ཟས་འབྲུ་ནོར་ལོངས་སྤྱོད་འཕེལ་བ་དང་བཟླས་ལུང་བཅས་པའི་བཀའ་གཏད་གསང་བ་སྙིང་བྱང་གི་བྱིན་རླབས་ཐུགས་རྗེའི་དབང་གཅིག་མའི་སྟེང་ནས་བདུད་རྩིའི་ཆུས་༼དཔལ༽བུམ་དབང་། ཐོད་པ་བདུད་རྩིས་གསང་དབང་། མེ་ལོང་གིས་ཤེར་དབང་། བཞི་པ་གཏོར་མས་ཚིག་དབང་། སྣང་མཐའ། སྤྱན་རས་གཟིགས། དབང་ཆེན་ཀཱི་ལ་ཡ་གོང་གི་སོ་སོའི་སྐབས་དང་སྦྱར་བའི་ལྷ་དབང་། པོ་ཏི་སྒྲུབ་རྫས་གཏོར་མས་བཀའ་སྲུང་གཟའ་ཀླུ་ཧ་ར་ནག་པོའི་བཀའ་གཏད་དང་བཅས་པ་སྨིན་རྒྱས་སུ་མནོས་ནས། རྒྱབ་རྟེན་ལུང་ལ། འབྲི་གུང་རཏྣ་གཉིས་པ་ཆོས་ཀྱི་གྲགས་པས་མཛད་པའི་ཐེམས་བྱང་༼དཔལ༽པདྨའི་འཕྲེང་བ། དེ་ལས་བྱུང་བའི་ཆོས་སྡེ་ལ། ཡིད་ཆེས་བསྐྱེད་པ་ལོ་རྒྱུས་ཁ་བྱང་འཆད་ཐབས་སྐོར། དུང་ཤོག་དཀར་པོའི་སྐོར། གསེར་ཤོག་སེར་པོའི་སྐོར། ཟངས་ཤོག་དམར་པོའི་སྐོར། གཡུ་ཤོག་ལྗང་སྐྱའི་སྐོར། ལྕགས་ཤོག་སྔོན་པོའི་སྐོར། མཆོང་ཤོག་སྨུག་པོའི་སྐོར་དང་བདུན། དང་པོ་ནི། ཐེམས་བྱང་ལས། དང་པོ་ཡིད་ཆེས་ལོ་རྒྱུས་རྣམ་གསུམ་ནི། ཟབ་གཏེར་རྙེད་ཚུལ་ལོ་རྒྱུས་བསྡུས་པ་དང་། །གཏེར་ཡིག་འབབས་པའི་བསྐུལ་བྱང་བྱུང་ཚུལ་དང་། །དག་སྣང་ཨུཏྤ་ལ་ཡི་དྲི་བསུང་སྟེ། །དེ་དག་གསུམ་ནི་ལོ་རྒྱུས་སྤྱི་ལ་གཅེས། ཞེས་པ་སྡེ་བ་སྣང་རྩེ་བས་བསྐུལ་བའི་ངོར་གཏེར་སྟོན་གྱིས་མཛད་པའི་གཏེར་སྒྲོམ་༼དཔལ༽༼གནས༽ཚོགས་ཁང་ནས་ཟབ་


GLG004_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་རྙེད་ཚུལ་གྱི་ལོ་རྒྱུས། དག་སྣང་དུ་གཏེར་སྲུང་སྨུག་ནག་༼དཔལ༽༼གནས༽ལྕམ་དྲལ་གྱི་གཏེར་ཡིག་འབེབས་པའི་བསྐུལ་བྱང་བྱུང་ཚུལ། ཚེས་བཅུའི་ནུབ་འཁྲུལ་ཉམས་ལ་ཟངས་མདོག་དཔལ་རིར་བྱོན་པ་སོགས་ཀྱི་ལོ་རྒྱུས་དག་སྣང་༼དཔལ༽༼གནས༽གདུང་བ་སེལ་བྱེད་ཨུཏྤ་ལའི་དྲི་བསུང་གླང་གདོང་སྒོ་སྲུང་ཤཱ་ཎའི་རྒྱབ་ཕྱོགས་ནས། ལྷ་སྲས་ཕྱག་ཡིག་གཏེར་གྱི་ཁ་བྱང་ནི། །ཡ་མཚན་རྨད་བྱུང་དེ་མཐོང་སྐྱེ་བ་རེར། །ངན་སོང་མཐའ་འགོག་མཐོང་གྲོལ་མཆོག་ཏུ་གསུངས། །ཡང་གསང་རིན་ཅེན་གཏེར་གྱི་སྒྲུབ་པ་ནི། །ཙམ་སྐྱ་བྲག་གི་ཤེལ་ཕུག་ནས་བྱོན་པ། །ཞེས་པ་བྱང་གླང་གདོང་པདྨ་གསང་ཕུག་གི་སྒོ་སྲུང་ཤྭ་ཎའི་སྐུ་རྒྱབ་ནས་གདན་དྲངས་པའི་༼དཔལ༽༼གནས༽ལྷ་སྲས་ཀྱི་ཕྱག་གཏེར་སྟོན་གྱི་ཕྱག་བྲིས་ནས་གཏེར་གྱི་ཐེམས་གསལ་བར་བྱེད་པའི་ཁ་བྱང་འོད་གསལ་སྒྲོན་མེ་ཟེར་བ་ཡོད་འདུག །ཡིག་གཏེར་གྱི་ཁ་བྱང་ཆེན་མོ། སྤྲུལ་པའི་སྐུ་མཆོག་མངའ་རིས་རིག་འཛིན་ཆེན་པོས་བསླབ་བྱ་ལུང་བསྟན་ཞིབ་པར་ཕེབས་པ་ལྟར་ཙམ་སྐྱ་བྲག་ནས་གདན་དྲངས་པའི་གཏེར་སྒྲུབ་གསང་བ་རིན་པོ་ཆེའི་སྒྲུབ་ཐབས་༼དཔལ༽༼གནས༽ཞེས་པ་རྩལ་འཁོར་ལྔ་ལ་ལྷ་བཀོད་ངོ་མཚར་ཅན། དཀྱིལ་འཁོར། གཏོར་མ། སྨན་རཀ །ཆང་རྒོད་ཀྱི་དཔེ་རིས་དང་བཅས་པ། དགོངས་པ་ཡང་ཟབ་འཆང་བའི་གོ་རིམ་༼ཀ༽འཕྲང་འགོ་གཏེར་སྟོན་གྱིས་བསྐུལ་བའི་ངོར་རྗེ་རཏྣས་མཛད་པ། ཐེམས་མེད། དགོངས་པ་ཡང་ཟབ་ཀྱི་སྨིན་གྲོལ་སྦྱིན་པའི་གོ་རིམ་གྱི་ཐོ་ཚིགས་༼ཀ༽བཅད་མ་རཏྣ་གཉིས་པ་ཆོས་ཀྱི་གྲགས་པས་མཛད་པ། ཐེམས་མེད། དེས་མཛད་པའི་སྨིན་གྲོལ་སྦྱིན་པའི་གོ་རིམ་༼ཀ༽རྒྱས་པ་ནོར་བུའི་འཕྲེང་འཛིན་རྣམས། ཐེམས་མེད། གཉིས་པ་དུང་ཤོག་དཀར་པོའི་སྐོར་ལ། ད་ནི་མཁའ་འགྲོ་གསང་བ་མཆོག་གྲུབ་ཀྱི། །


GLG004_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་པ་ནས་བྱོན་བླ་རྫོགས་ཐུགས་གསུམ་དཔྱིད། སྙིང་སྒྲུབ་རྣམ་གསུམ་དགོངས་པ་ཡང་ཟབ་ལ། །གསང་བའི་ལུང་བསྟན་ཕྱི་ནང་གསང་གསུམ་དང་། །མཁའ་འགྲོའི་གསང་བ་ཡི་གེའི་ཕྱི་མོ་དང་། །ཟབ་ལམ་གྲོལ་བྱེད་འཁྲིད་ཀྱི་སྔོན་འགྲོ་དང་། །དེ་ཡི་ལྷན་ཐབས་བརྒྱུད་པའི་གསོལ་འདེབས་བཅས། །དེ་དག་གསུམ་ནི་ཀུན་ལ་གཅེས་པར་གདམས། །ཞེས་པ་བསམ་ཡས་བར་ཁང་གཡུ་ཞལ་དུ་མ་ཧཱ་གུ་རུ་ལ་ལྷ་སྲས་ཀྱིས་ཞུས་པའི་ལུང་བསྟན་༼དཔལ༽༼གནས༽ཕྱི་ནང་གསང་གསུམ། ཡི་གེའི་དོན་བཤད་ཅིང་གཟུགས་སུ་བཀོད་པ་༼དཔལ༽༼གནས༽གསང་བ་མཁའ་འགྲོ་གསང་བ་ཡི་གེའི་ཕྱི་མོ། འཁྲིད་གཞུང་ཡེ་ཤེས་ཀུན་རྫོགས་སོགས་ཟབ་ལམ་༼དཔལ༽རྫོགས་རིམ་སྤྱི་བྱེ་བྲག་གི་སྔོན་འགྲོའི་གདམས་པ། གསོལ་འདེབས་ཀ་དག་༼དཔལ༽སྤྲོས་བྲལ། བླ་མའི་གསང་སྒྲུབ་ཡང་གསང་ཧཱུཾ་གཅིག་མ། །དེ་ཡི་བྱིན་རླབས་དབང་གི་ཆོ་གར་བཅས། །མཆོག་ཐུན་སྒྲུབ་པའི་རྩ་བ་ཉིད་དུ་རྟོགས། །གཏོར་མའི་ལག་ལེན་དེ་ཉིད་དཔེ་རིས་བཅས། །སྨིན་གྲོལ་ཀུན་ལ་མཁོ་བའི་ཐེམས་སུ་བཞག །ཚེ་སྒྲུབ་རྒྱུན་འཁྱེར་ཉི་ཟླ་གའུ་མ། །བྱ་སླ་ཚེགས་ཆུང་ཡང་གསང་གཅེས་པར་བཟུང་། །དེ་དག་རྣམས་ནི་དུང་ཤོག་དཀར་པོའི་ཆོས། །ཞེས་པ་བླ་མ་རྡོ་རྗེ་གྲོ་ལོད་ཀྱི་གསང་སྒྲུབ་༼དཔལ༽༼གནས༽ཡང་གསང་སྙིང་པོ་ཧཱུཾ་གཅིག་མའི་སྒྲུབ་པ། དེའི་བྱིན་རླབས་དབང་གི་ཆོ་གའི་ཡི་གེ་ལས་ལྡན་༼དཔལ༽༼གནས༽༼སྣང༽རྣམས་ཀྱི་དཔལ་དུ་ཤོག་གི་མཐའ་ཅན། མཆོད་སྦྱིན་གཏོར་མའི་ལག་ལེན་༼དཔལ༽༼གནས༽དང་དེ་ཉིད་གསལ་བྱེད་དཔེ་རིས་ལ་༼དཔལ༽༼གནས༽རྩ་གསུམ། ཞི་ཁྲོ། སྨུག་ནག་ལྕམ་དྲལ། ཆད་མཐོ། སྨན་རཀ །གནོད་སྦྱིན་གའུ་མའི་དབང་སྒྲུབ་གཏོར་མ་དང་གའུ་རྡོ་རྗེ་གྲོ་ལོད། ཚེ་གཏོར་འཆི་བདག་ཟིལ་གནོན།


GLG004_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཆང་། ཚེ་རིལ་། ཚེ་མདའ་བཅས་པ། འཆི་མེད་ཚེ་སྒྲུབ་རྒྱུན་འཁྱེར་ཉི་ཟླ་གའུ་རྒྱ་གསུམ་གྱིས་༼དཔལ༽༼གནས༽སྤྲས་པ་རྣམས། གསུམ་པ་གསེར་ཤོག་སེར་པོའི་སྐོར་ནི། ཡི་དམ་ཞི་བ་རིགས་བསྡུས་ཕྱི་ནང་གསང་། །སྒྲུབ་ཐབས་རྣམ་གསུམ་རིགས་ལྔ་རིགས་གསུམ་དང་། །རིགས་གཅིག་བསྡུས་པ་མཆོག་ཏུ་ཟབ་པ་སྟེ། །ཞི་བ་བཞི་བཅུའི་སྙིང་པོ་བསྡུས་ཏེ་བསྟན། །ཞི་བའི་ལས་ཚོགས་ཕྱི་ནང་གསང་བ་དང་། །ཕྱི་ཡི་ལས་ཚོགས་ཞིང་ཁམས་རྣམ་དག་དང་། །ནང་གི་ལས་ཚོགས་འཁྲུལ་པ་ཀུན་འཇོམས་དང་། །གསང་བའི་ལས་ཚོགས་འཁྲུལ་པ་བཅར་འཇོམས་བཞི། །ཟབ་པའི་མཐར་ཐུག་ལམ་གྱི་ཕྱི་མོར་གདམས། །ཞེས་པ་བདེ་གཤེགས་ཞི་བ་རིགས་བསྡུས་༼དཔལ༽༼གནས༽རིགས་ལྔའི་ཕྱི་སྒྲུབ། བདེ་གཤེགས་ཞི་བ་རིགས་བསྡུས་༼དཔལ༽༼གནས༽རྡོ་རྗེ་གསུམ་གྱི་ནང་སྒྲུབ། བདེ་གཤེགས་ཞི་བ་རིགས་བསྡུས་༼དཔལ༽༼གནས༽ཕྱག་རྒྱ་གཅིག་པའི་གསང་སྒྲུབ། ཞི་བའི་ལས་ཚོགས་ཕྱི་ནང་གསང་གསུམ་གཅིག་ཏུ་དྲིལ་བ་༼དཔལ༽གསལ་བའི་སྙིང་པོ་མ་ངེས་སྤྱོད་པའི་འགྲོ་བ་ཐུལ་གྱི་མཐའ་ཅན། བདེ་གཤེགས་ཞི་བའི་ཕྱི་སྒྲུབ་༼དཔལ༽༼གནས༽ལས་ཚོགས་ཞིང་ཁམས་རྣམ་དག །བདེ་གཤེགས་ཞི་བའི་ནང་སྒྲུབ་༼དཔལ༽༼གནས༽ལས་ཚོགས་འཁྲུལ་བ་ཀུན་འཇོམས། བདེ་གཤེགས་ཞི་བའི་གསང་སྒྲུབ་༼དཔལ༽༼གནས༽ལས་ཚོགས་འཁྲུལ་རྟོག་བཅར་འཇོམས། ཁྲོ་བོ་རིགས་བསྡུས་ཕྱི་སྒྲུབ་ལྷ་ལྔ་དང་། །ནང་སྒྲུབ་ལུས་དཀྱིལ་ཁྲོ་བོ་རབ་འབྱམས་དང་། །གསང་བ་ཧཱུཾ་སྒྲུབ་ཡེ་ཤེས་གཅིག་བསྡུས་གསུམ། ཁྲག་འཐུང་ལྔ་བཅུའི་སྙིང་ཁྲག་དངས་མར་གདམས། །ལས་ཚོགས་ཕྱི་ནི་དུག་ལྔ་དཔུང་འཇོམས་དང་། །ནང་གི་ལས་ཚོགས་ཆགས་སྡང་རང་


GLG004_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་དང་། ། གསང་བའི་ལས་ཚོགས་ང་འཇོམས་ཐིག་ལེ་སྟེ། །དེ་ལྟར་ཁྲོ་བོའི་སྒྲུབ་ཐབས་ལས་ཚོགས་བཅས། །ཡང་ཟབ་གསང་བའི་ཆོས་སུ་ཨ་ཐམ་རྒྱ། །དེ་དག་རྣམས་ནི་གསེར་ཤོག་སེར་པོའི་ཆོས། །ཞེས་པ་བདེ་གཤེགས་ཁྲོ་བོ་རིགས་བསྡུས༼དཔལ༽ཁྲག་འཐུང་རིགས་ལྔའི་ཕྱི་སྒྲུབ། བདེ་གཤེགས་ཁྲོ་བོ་རིགས་སྡུས་ཁྲག་འཐུང་རིགས་ལྔའི་༼དཔལ༽ལུས་དཀྱིལ་ནང་སྒྲུབ་ཁྲོ་བོ་རབ་འབྱམས། བདེ་གཤེགས་ཁྲོ་བོ་རིགས་བསྡུས་ཀྱི་གསང་སྒྲུབ་༼དཔལ༽ཕྱག་རྒྱ་རྐྱང་པ་ཡེ་ཤེས་གཅིག་བསྡུས། བདེ་གཤེགས་ཁྲོ་བོ་རིགས་བསྡུས་ཀྱི་ཕྱི་སྒྲུབ་༼དཔལ༽༼གནས༽ལས་ཚོགས་དུག་ལྔ་དཔུང་འཇོམས། བདེ་གཤེགས་ཁྲོ་བོ་རིགས་བསྡུས་ཀྱི་ནང་གྲུབ་༼དཔལ༽༼གནས༽ལས་ཚོགས་ཆགས་སྡང་རང་གྲོལ། བདེ་གཤེགས་ཁྲོ་བོ་རིགས་བསྡུས་ཀྱི་གསང་སྒྲུབ་༼དཔལ༽༼གནས༽ལས་ཚོགས་ང་འཇོམས་ཐིག་ལེ་རྣམས། བཞི་པ་ཟངས་ཤོག་དམར་པོའི་སྐོར་ནི། རྩ་གསུམ་ལས་བྱང་གཏོར་མའི་དབང་བསྐུར་དང་། །ཞི་ཁྲོ་དབང་འཕྲེང་ཆེས་ཆེར་ཟབ་པ་ནི། །པདྨའི་བཀའ་བཞིན་གཏེར་སྟོན་ཉིད་ཀྱིས་བཀོད། །ཅེས་པ་དགོངས་པ་ཡང་ཟབ་ཀྱི་ཆ་རྐྱེན་རྩ་བ་གསུམ་གྱི་ལས་གཞུང་བསྲངས་ཏེ་༼དཔལ༽བྱིན་རླབས་གཏོར་དབང་གི་རིམ་པ་ཨོ་རྒྱན་རིན་པོ་ཆེའི་གསུང་བཞིན་གཏེར་སྟོན་གྱིས་བཀོད་པ། རཏྣ་གཉིས་པ་ཆོས་ཀྱི་གྲགས་པས་མཛད་པའི་རྩ་གསུམ་ལས་བྱང་གི་ཁ་འགེང་༼ཀ༽བཀང་བ་བཤགས་བཟློག་བསམ་དོན་མྱུར་འགྲུབ། ཐེམས་མེད། དེས་མཛད་པའི་རྩ་གསུམ་ལས་བྱང་གི་ཁ་སྐོང་༼ཀ༽འཕྲིན་ལས་བཞིའི་སྦྱིན་སྲེག་བསྡུས་པ། རིག་འཛིན་ཆེན་པོ་པདྨའི་བཀའ་ཡིག་རྩ་ཐོ་ལ་བརྟེན་ནས་གཏེར་སྟོན་གྱིས་མཛད་པའི་ཞི་ཁྲོའི་༼དཔལ༽༼གནས༽དབང་གི་འཕྲེང་བ། རཏྣ་གཉིས་པ་ཆོས་ཀྱི་


GLG004_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པས་མཛད་པའི་ཞི་ཁྲོ་རིགས་བསྡུས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དོན་གཉིས་མྱུར་འགྲུབ་བམ་དཀྱིལ་ཆོག་༼ཀ༽ཤིན་ཏུ་བསྡུས་པ་གྲགས་པ། ཐེམས་མེད། དེས་དབེན་གནས་འབྲོང་ངུར་དུ་མཛད་པའི་དཀྱིལ་ཆོག་དོན་གཉིས་མྱུར་༼ཀ༽འགྲུབ་ཞི་ཁྲོའི་དབང་ལ་སྦྱོར་ཚེ་བུམ་བསྐྱེད་ཁ་བསྒྱུར། དེས་མཛད་པའི་ཞི་ཁྲོའི་དབང་འཕྲེང་གི་ཞལ་འཕྲེང་༼ཀ༽བཀྲ་ཤིས་རྫས་རྟགས་ཀྱི་ལྷན་ཐབས། ཐེམས་མེད། དེས་མཛད་པའི་དཀྱིལ་འཁོར་ཆོ་ག་དོན་གཉིས་མྱུར་འགྲུབ་ཀྱི་ཁ་བསྒྱུར་༼ཀ༽ལྷན་ཐབས་དགོས་འདོད་མྱུར་འགྲུབ། ཞི་ཁྲོ་རིགས་བསྡུས་ཀྱི་བཤགས་སྐོང་ན་རག་དོང་སྤྲུག་གི་༼ཀ༽ཆོ་ག་བསྡུས་པ་ཚོགས་གཉིས་མྱུར་འགྲུབ། ཐེམས་མེད། དེས་མཛད་པའི་ཞི་ཁྲོ་རིགས་བསྡུས་ཀྱི་རབ་ཏུ་གནས་པའི་༼ཀ༽དགེ་ལེགས་མྱུར་འགྲུབ། དེས་མཛད་པའི་ཞི་ཁྲོ་རིགས་བསྡུས་ཀྱི་ཞི་བའི་སྦྱིན་སྲེག་༼ཀ༽འཕྲིན་ལས་མྱུར་འགྲུབ། ཐེམས་མེད། དེས་མཛད་པའི་ཞི་ཁྲོ་རིགས་བསྡུས་ཀྱི་སཱཙྪའི་ཆོ་ག་༼ཀ༽ཕན་བདེ་མྱུར་འགྲུབ་དང་བཅས་པ། འཆི་མེད་ཚེ་སྒྲུབ་ཕྱི་ནང་གསང་བའི་དབང་། །སྨིན་ལམ་གདམས་པའི་མཆོག་ཡིན་གཅེས་པར་བཟུང་། །དེ་ཡི་གྲོལ་ལམ་འདོད་ཆགས་རང་གྲོལ་དང་། །གསང་བའི་ཡིག་ཆུང་དང་བཅས་གམྦྷི་ར། །དེ་ཡི་ཡང་ཟབ་རླུང་གི་གདམས་པ་ནི། །གཏེར་ནས་མ་མཆིས་ལོགས་སུ་ཨ་ཐམ་རྒྱ། །ཞེས་པ་འཆི་མེད་ཚེའི་སྒྲུབ་པའི་ཕྱིའི་༼དཔལ༽༼གནས༽དབང་བསྐུར། དེའི་ལས་བྱང་དབང་དང་༼ཀ༽བཅས་པ་རཏྣ་གཉིས་པ་ཆོས་ཀྱི་གྲགས་པས་མཛད་པ། ཐེམས་མེད། སློབ་དཔོན་ཡབ་ཡུམ་གྱི་ལུས་དཀྱིལ་དུ་ཚེ་འགུགས་པ་༼དཔལ༽༼གནས༽ནང་གི་ཚེའི་དབང་བསྐུར། རིག་མ་ཚེ་ལམ་ཅན་མཚན་ལྡན་ལ་བརྟེན་ནས་༼དཔལ༽༼གནས༽གསང་བའི་ཚེའི་དབང་


GLG004_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། དེའི་གྲོལ་ལམ་འདོད་ཆགས་ལ་བརྟེན་ནས་ཚེ་སྒྲུབ་པའི་ཐབས་༼དཔལ༽༼གནས༽འདོད་ཆགས་རང་གྲོལ་ཞེས་པ་ལྷ་སྲས་ཀྱི་དུས་དུག་ལྔའི་ལས་བསགས་པའི་འབྲས་བུ་གཏེར་སྟོན་གྱི་དུས་སྨིན་པ་བཟློག་ཚུལ་སོགས་ངོ་མཚར་ཅན། ཉོན་མོངས་༼དཔལ༽༼གནས༽འདོད་ཆགས་རང་གྲོལ་གྱི་ཡིག་བུ་ཆུང་། འདི་ལ་དགོས་པའི་ཡང་ཟབ་རླུང་གི་གདམས་པ་ནི་ལུང་བསྟན་བཞིན་ཛ་པཱིར་གྱི་སྐོར་ཏེ་ལོགས་སུ་གསལ་ལོ། །ཀུན་འདུས་བདུད་འདུལ་རྒྱལ་པོའི་དྲིལ་སྒྲུབ་ཀྱིས། །བདུད་དང་བར་གཅོད་འདུལ་ཞིང་མཆོག་འགྲུབ་འགྱུར། །ངོ་སྤྲོད་སངས་རྒྱས་ལག་བཅངས་ཚིགས་གསུམ་རྒྱུད། །ཉམས་ལེན་མཐར་དབྱུང་གདམས་པའི་ཐེམས་སུ་བཞག །ཁྲེགས་ཆོད་ཐོད་རྒལ་གཉིས་ཀར་གཅེས་པར་བཟུང་། །དེ་དག་རྣམས་ནི་ཟངས་ཤོག་དམར་པོའི་ཆོས། །ཞེས་པ་ཀུན་འདུས་བླ་མའི་༼དཔལ༽༼གནས༽སྒྲུབ་ཐབས་སམ་བདུད་འདུལ་རྒྱལ་པོའི་དྲིལ་སྒྲུབ། དེའི་ལས་བྱང་དབང་གི་ཡི་གེ་དང་བཅས་པ་༼ཀ༽རཏྣ་གཉིས་པ་ཆོས་ཀྱི་གྲགས་པས་མཛད་པ། ཐེམས་མེད། གཏོར་མའི་༼ཀ༽དཔེ་རིས་ངོ་སྤྲོད། ཐེམས་མེད། སྤྲས་པ་རིག་པ་གསལ་བྱེད་སངས་རྒྱས་ལག་བཅངས་ཚིག་གསུམ་པའི་རྒྱུད་བསྲེ་སླད་ཞུས་ཏིག་མ་བྱེད་ཅིག་གི་མཐའ་ཅན་རྣམས། ལྔ་པ་གཡུ་ཤོག་ལྗང་སྐྱའི་སྐོར་ནི། པདྨའི་གསང་སྒྲུབ་སྡིག་སྒྲིབ་ཞི་བྱེད་དང་། །དམིགས་པའི་ཁ་བསྒྱུར་ཚེ་སྒྲུབ་མཆོག་ཟབ་སྟེ། །དེ་ནི་སྡིག་སྒྲིབ་ཀུན་སྦྱོང་བདུད་རྩིའི་ཆུ། །ཚེ་དབང་འཛིན་པ་བླ་མའི་གསང་སྒྲུབ་ནི། །ལྷ་སྲས་ཞེ་ཕུགས་ཡང་ཟབ་རྩེ་མོར་གདམས། །ཡང་དྲིལ་སྒྲུབ་ཐབས་རྩེ་བའི་བཅུད་མཆོག་ནི། །ཐུགས་ཀྱི་སྒྲུབ་པ་ཟབ་རྒྱའི་ཐེམས་སུ་མནན། །དྲག་པོའི་གནས་ཡིག་བསྡུས་ཏེ་བསྟན་པ་ནི། །གཞོ་སྟོད་གཏེར་སྒྲོམ་ལམ་གྱི་ཡི་གེར་བཀོད། །


GLG004_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་བླ་མ་པདྨ་སེམས་དཔའི་གསང་སྒྲུབ་༼དཔལ༽སྡིག་སྒྲིབ་ཞི་བྱེད། བླ་མ་པདྨ་སེམས་དཔའ་ཚེར་སྒྲུབ་པའི་དམིགས་པའི་ཁ་བསྒྱུར་༼དཔལ༽༼གནས༽ཤིན་ཏུ་ཟབ་པའི་སྙན་བརྒྱུད། ཚེའི་དབང་པོ་འཛིན་པ་བླ་མ་༼དཔལ༽༼གནས༽གསང་བའི་སྒྲུབ་ཐབས་ཞེས་པ་སྐུ་མདོག་གི་ཁྱད་མ་གཏོགས་བྱང་གཏེར་གྱི་གསང་བ་རིན་ཅེན་འདུས་པ་དང་ཞུས་དག་ཕེར་བ། དེའི་ལས་བྱང་དང་དབང་ཆོག་༼ཀ༽རཏྣ་གཉིས་པ་ཆོས་ཀྱི་གྲགས་པས་མཛད་པ། གཏོར་མའི་༼ཀ༽དཔེ་རིས། བྲག་དམར་དཔལ་གྱི་བསམ་ཡས་སུ་ལྷ་སྲས་མུ་ཏིག་བཙན་པོས་ཞུས་པ་ཡང་དྲིལ་སྒྲུབ་ཐབས་༼དཔལ༽༼གནས༽རྩ་བའི་བཅུད། གཏོར་མའི་༼དཔལ༽༼གནས༽དཔེ་རིས། ཐེམས་མེད། ཞི་རྒྱས་དབང་དྲག་གི་གནས་གཞི་ལས་བྱང་གཏེར་སྒྲོམ་བྲག་དཀར་དྲག་པོའི་༼དཔལ༽༼གནས༽གནས་ཀྱི་ལམ་ཡིག་གཏེར་གནས་དང་འབྲེལ་བ་ཟུར་ཙམ་བཀོད་པ། བྷི་ཤ་འཇོམས་པའི་གསང་སྔགས་ཟབ་མོ་དང་། །མཁའ་འགྲོ་ཀུན་འདུས་ཕག་སྣའི་ཐུགས་སྒྲུབ་དང་། །དེ་ཡི་བྱིན་རླབས་དང་བཅས་ཐེམས་སུ་བཏབ། །དེ་དག་རྣམས་ནི་གཡུ་ཤོག་ལྗང་སྐྱའི་ཆོས། །ཞེས་པ་སློབ་དཔོན་ཆེན་པོ་མོན་བུ་སྤྱི་ཟླུམ་དུ་སྤྲུལ་ནས་རྒྱལ་པོ་མ་ཧཱ་རཱ་ཛ་ལ་ཞུས་པའི་བྷེ་ཤ་འཇོམས་༼དཔལ༽༼གནས༽པའི་སྐོར། གསང་བ་ཐུགས་ཀྱི་ཕག་ལྔའི་༼དཔལ༽༼གནས༽སྒྲུབ་ཐབས། དེའི་བྱིན་རླབས་ཀྱི་༼དཔལ༽༼གནས༽ཡི་གེ །གཏོར་མའི་༼དཔལ༽༼གནས༽དཔེ་རིས། ཐེམས་མེད། གསང་བ་ཐུགས་ཀྱི་ཕག་ལྔའི་ལྷན་ཐབས་ཚོགས་འཁོར་གྱི་༼ཀ༽ཡི་གེ །ཐེམས་མེད། རཏྣ་གཉིས་པ་ཆོས་ཀྱི་གྲགས་པས་མཛད་པ་རྣམས། དྲུག་པ་ལྕགས་ཤོག་སྔོན་པོའི་སྐོར་ནི། བསྲུང་བའི་འཁོར་ལོ་བདུད་ལས་རྣམ་རྒྱལ་དང་། །ལྷ་སྲས་རྒྱལ་པོའི་སྐུ་བསྲུང་བཅས་པ་ནི། །འདི་ཕྱིའི་འགལ་རྐྱེན་བསྲུང་ལ་མཆོག་ཏུ་


GLG004_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས། ཞེས་པ་མིང་གི་རྣམ་གྲངས་བཅོ་ལྔ་དང་ལྡན་པའི་བསྲུང་འཁོར་༼དཔལ༽༼གནས༽༼སྣང༽བདུད་ལས་རྣམ་རྒྱལ་དཔེ་རིས་དང་བཅས་པ། བྱད་བཟློག་ཤིན་ཏུ་ཟབ་པ་༼དཔལ༽༼གནས༽༼སྣང༽ལྷ་སྲས་རྒྱལ་པོའི་སྐུ་བསྲུང་དཔེ་རིས་དང་བཅས་པ། བཀའ་སྲུང་ཀུན་འདུས་སྨུག་ནག་ལྕམ་དྲལ་དང་། །དེ་ཡི་ལག་ལེན་བསྟོད་བསྐུལ་གུད་བཀོལ་བཅས། །སྨིན་བྱེད་གཏོར་དབང་འཕྲིན་ལས་མཆོག་སྩོལ་དང་། །སྲོག་གཏད་དམ་བསྲེ་སྙིང་གི་ཁྲག་ཏིག་དང་། །རྫོགས་རིམ་ཡང་དག་ཡེ་ཤེས་མཆོག་གཅིག་སྟེ། །མ་བུ་ལྔས་ནི་བཀའ་སྲུང་དྲག་པོ་ཚང་། །མཆོག་ཏུ་གསང་བའི་དཔེ་རིས་རྣམ་གཉིས་ནི། །གུད་དུ་སྦས་སོ་ཀུན་གྱི་སྤྱོད་ཡུལ་མིན། །ཞེས་པ་བཀའ་སྲུང་ཀུན་འདུས་སྨུག་ནག་ལྕམ་དྲལ་གྱི་སྒྲུབ་པ་༼དཔལ༽༼གནས༽མི་འདྲ་ཐོག་འདྲ། སྨུག་ནག་ལྕམ་ནག་ལྕམ་དྲལ་གྱི་ལག་ལེན་༼དཔལ༽༼གནས༽བསྟོད་བསྐུལ་གུད་དུ་བཀོལ་བ། བཀའ་སྲུང་གི་གཏོར་དབང་འཕྲིན་ལས་མཆོག་སྩོལ་༼དཔལ༽༼གནས༽ལམ་རྗེས་གནང་སྲོག་གཏད་དུ་གྲགས་པ། བཀའ་སྲུང་གསུམ་གྱི་སྲོག་གཏད་༼དཔལ༽༼གནས༽༼ཀ༽དམ་བསྲེ་སྙིང་གི་ཁྲག་ཏིག་བཅའ་གཞིའི་དཔེ་རིས་དང་བཅས་པ། བཀའ་སྲུང་ཡེ་ཤེས་ལྟར་སྒྲུབ་པའི་ཡོ་ག་༼དཔལ༽༼གནས༽གསུམ་གྱི་རྫོགས་རིམ་ཡང་དག་ཡེ་ཤེས་མཆོག་གཅིག །བཅས་དང་ལིང་གའི་དཔེ་རིས་༼ཀ༽ཤིན་ཏུ་གསང་བ། དྲག་པོ་གསུམ་འདུས་ཀྱི་རླུང་འཁོར་དགྲ་བོའི་སྲོག་གི་ལིངས་ས་འཐན་སྲོག་རི་བོ་ཉིལ་བ་ལྟར་དབབ་པ་༼ཀ༽རཏྣ་གཉིས་པ་ཆོས་ཀྱི་གྲགས་པས་ཞལ་གདམས་ཡི་གེར་བཀོད་པ། ཐེམས་མེད། དེའི་ཕོ་འཁོར་མོ་༼ཀ༽འཁོར་གྱི་དཔེ་རིས། ཐེམས་མེད། དྲག་པོ་གསུམ་འདུས་ཀྱི་༼ཀ༽ཞལ་གདམས་གབ་པ་སྙིང་ཁྲག །ཐེམས་མེད། དྲག་པོ་གཟའ་ཡི་གསང་སྒྲུབ་གཉན་པོ་དང་། །དེ་ཡི་ལས་སྦྱོར་ཞལ་གདམས་གུད་བཀོལ་གཉིས། །བསྟན་སྲུང་ཀུན་འདུས་དྲག་རྩལ་


GLG004_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ལས་མྱུར། །ཕུང་བྱེད་སྲོག་སྒྲུབ་དུག་གི་འཁོར་ལོ་དང་། །དེ་ཡི་ཡིག་ཆུང་གཅེས་པ་གདུག་པའི་མཚོན། དམ་མེད་ལག་ཤོད་རྒྱལ་ཁམས་ཕུང་བས་གསང་། ཞེས་པ་དྲག་པོ་གཟའི་གསང་སྒྲུབ་གཉན་པོ་ལོ་རྒྱུས་སྒྲུབ་པ་༼དཔལ༽༼གནས༽དངོས་དང་བཅས་པ། དེའི་ཡིག་ཆུང་ལས་སྦྱོར་ཟངས་ཁབ་མ་རང་བསྲུངས་གསུམ་གཏོར་མའི་ཞལ་གདམས་༼དཔལ༽༼གནས༽དང་བཅས་པ། ཕུང་བྱེད་གཟའི་སྲོག་སྒྲུབ་དུག་གི་འཁོར་ལོ་༼དཔལ༽༼གནས༽༼སྣང༽ཞག་གཅིག་མ་གཉིད་ན་དགྲ་ཕུང་ཞིང་གཉིད་ན་རང་ཕུང་བ་དཔེ་རིས་དང་བཅས་པ། དུག་གི་འཁོར་ལོའི་ཡིག་ཆུང་དུས་གནད་༼དཔལ༽༼གནས༽གདུག་པའི་མཚོན་ཆ་དུག་གི་འཁོར་ལོའི་ལག་ལེན་༼ཀ༽ཆོས་ཀྱི་གྲགས་པའི་རེག་ཟིག །ཐེམས་མེད། གཞན་ཡང་བསྲུང་བཟློག་རིགས་ལྔ་ཁྲག་ཐུན་དང་། བཟློག་གསང་གདམས་པ་ཙ་ཀྲིཾ་ནག་པོ་དང་། །དེ་ཡི་བསྟོད་བསྐུལ་དང་བཅས་ཐེམས་སུ་བཞག །གདུག་པའི་གནོད་སྦྱིན་ཙི་ཏྲ་དམར་པོ་ལ། །ཡིག་ཆུང་བཅས་པ་ཆོ་འཕྲུལ་རྩལ་དུ་ཆོངས། །མུ་སྟེགས་གདུག་པའི་ངན་སྔགས་ཞེས་པ་དང་། མུ་སྟེགས་ངན་སྔགས་རླུང་སྒྲུབ་ཟབ་མོ་དང་། །ངན་སྔགས་ཕྲན་བུ་དུག་གི་པར་བུའི་སྐོར། །ཏིརྟི་ཀ་ཞེས་ངན་སྔགས་ཕྲན་བུ་བཞི། །འདི་དག་རྣམས་ནི་ཆོས་བྱེད་ཆ་རྐྱེན་དུ། །བསྟན་པའི་སོ་ཁ་བསྲུང་ཕྱིར་ཐེམས་སུ་བཞག །དེ་དག་རྣམས་ནི་ལྕགས་ཤོག་སྔོན་པོའི་ཆོས། །ཞེས་པ་སེང་གདོང་མ་ལ་བརྟེན་པའི་བསྲུང་བཟློག་རིགས་༼དཔལ༽༼གནས༽ལྔ་ཁྲག་ཐུན། སློབ་དཔོན་ཆེན་པོས་དྲན་པ་ནམ་མཁའ་ལ་ཞུས་པའི་བོན་ཞང་ཞུང་གི་གདམས་པ་༼དཔལ༽༼གནས༽བཟློག་གསད་ཙ་ཀྲིཾ་ནག་པོ་དཔེ་རིས་དང་བཅས་པ། དེའི་བསྐུལ་དུར་ཁྲོད་༼དཔལ༽༼གནས༽ཆེན་པོ་མ། ཆོ་འཕྲུལ་གདུག་པའི་དྲག་སྔགས་༼དཔལ༽༼གནས༽གནོད་


GLG004_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ཙི་ཏྲ་དམར་པོ་གཏོར་དཔེ་དང་བཅས་པ། དེའི་འགྲོལ་ཐབས་༼དཔལ༽༼གནས༽ཡིག་ཆུང་། མུ་སྟེགས་གདུག་པའི་ངན་སྔགས་༼དཔལ༽༼གནས༽རླིད་བུ་ཕུ་འདེབས། མུ་སྟེགས་ངན་སྔགས་༼དཔལ༽༼གནས༽རླུང་སྒྲུབ། ངན་སྔགས་ཕྲན་བུ་དུག་གི་པར་བུར་གྲགས་པ་གཏད་ཀྱི་མཐར་ཐུག་༼དཔལ༽༼གནས༽གཡམ་གཏད་མུ་སྟེགས་གདུག་པའི་མཚོན་ཆ་ལེ་ཚན་གཉིས། ལུ་གུ་དཀར་པོའི་གྲོད་པར་༼དཔལ༽༼གནས༽བརྟེན་པའི་རྐྱལ་འབུད། གའུ་ལ་བརྟེན་ནས་༼དཔལ༽༼གནས༽སྦོས་པ། བྱི་བའི་རླིད་བུ་ལ་བརྟེན་ནས་༼དཔལ༽༼གནས༽རྐྱལ་འབུད། དགྲ་བོ་༼དཔལ༽༼གནས༽གྲི་རུ་གསོད་པ་རྣམས། བདུན་པ་མཆོང་ཤོག་སྨུག་པོའི་སྐོར་ནི། ཡང་ཟབ་འཁྲིད་གཞུང་ཡེ་ཤེས་ཀུན་རྫོགས་ནི། །ཉམས་ལེན་ཀུན་གྱི་གཞུང་དང་རྩ་བར་གདམས། །གཏུམ་མོའི་གདམས་པ་ཡེ་ཤེས་རང་འབར་གྱིས། །སྟེང་སྒོའི་ལམ་ནི་དཀྱུས་སུ་གསལ་བཤད་ཅིང་། །ཟུང་དུ་སྦས་པ་ཤོག་དྲིལ་སྨུག་པའི་སྐོར། །འོག་སྒོའི་གསང་ལམ་གཞན་དུ་སོང་བ་ཡང་། །ཨོ་རྒྱན་གསུང་དང་མཁའ་འགྲོའི་ལུང་བསྟན་གྱིས། རང་ཉིད་ཆོས་ཀྱི་བདག་པོའི་ལག་སོན་ཀྱང་། ལུང་བསྟན་དང་བསྟུན་རེ་ཞིག་གསང་རྒྱས་བཏབ། །འོད་གསལ་མཆོག་གྱུར་མ་རིག་མུན་སེལ་དང་། །རྨི་ལམ་གདམས་པ་ཉིང་འཁྲུལ་ཀུན་འཇོམས་དང་། །གོང་དུ་འཕོ་བ་ཡེ་ཤེས་ཟངས་ཐལ་དང་། །སྒྱུ་ལུས་མཆོག་གསང་འཆིང་བ་ཀུན་གྲོལ་ཏེ། །ཐུན་མོང་མ་ཡིན་རྫོགས་རིམ་རྣམ་ལྔ་པོ། །སྙིང་ལས་གཅེས་སོ་ཟབ་རྒྱའི་རྩིས་སུ་བཏབ། །དྲིལ་སྒྲུབ་རྫོགས་རིམ་དུག་ལྔ་ལམ་འཁྱེར་ནི། །གནད་ཟབ་ཡང་དྲིལ་ཟབ་མོའི་ཆ་ལག་ཡིན། །ཞེས་རྫོགས་རིམ་ཡེ་ཤེས་ཀུན་རྫོགས་ཞེས་པ་རྫོགས་པ་ཆེན་པོ་༼དཔལ༽༼གནས༽ཐེག་པའི་རྒྱལ་པོ་སྔོན་འགྲོ་དང་དངོས་གཞི་ཀ་དག་ལྷུན་གྲུབ་ཀྱི་འཁྲིད་གཞུང་ཉམས་


GLG004_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ཀུན་གྱི་གཞུང་དང་རྩ་བ་ལྟ་བུ། སྟེང་སྒོའི་ལམ་གསལ་བར་བཤད་པ་༼དཔལ༽༼གནས༽གང་ཟག་ཆགས་ཅན་འཇུག་ཐབས་གཏུམ་མོ་ཡེ་ཤེས་རང་འབར། འོག་སྒོའི་གསང་ལམ་ནི་དེང་སང་ཆོས་སྡེར་མ་བཞུགས། འོད་གསལ་སྒྲོན་མེའི་གདམས་པ་༼དཔལ༽༼གནས༽རྨི་ལམ་ཉིང་འཁྲུལ་༼དཔལ༽༼གནས༽ཀུན་འཇོམས། གོང་དུ་འཕོ་བ་ཡེ་ཤེས་༼དཔལ༽༼གནས༽སྒྱུ་ལུས་མཆོག་གསང་འཆིང་བ་༼དཔལ༽༼གནས༽ཀུན་གྲོལ། བདུད་འདུལ་རྒྱལ་པོའི་དྲིལ་སྒྲུབ་༼དཔལ༽༼གནས༽རྩ་གསུམ་རྫོགས་རིམ་དུག་ལྔ་ལམ་འཁྱེར་ཕྲང་གྲོལ་གྱི་གདམས་པ། གནོད་སྦྱིན་གསང་སྒྲུབ་གའུ་དེའི་རྗེས་གནང་། །གུད་དུ་བཀོལ་བའི་ཡིག་ཆུང་ཤམ་འདོགས་བཅས། དམ་ཆོས་སྒྲུབ་པའི་ཆ་རྐྱེན་གྲོགས་སུ་གདམས། །གནོད་སྦྱིན་སྤུན་གསུམ་སྒྲུབ་ཐབས་བཀའ་གཏད་བཅས། སྐལ་ལྡན་ཟས་གོས་ནོར་གྲུབ་ཆེད་དུ་གདམས། །ཞེས་པ་གནོད་སྦྱིན་གསང་སྒྲུབ་གའུ་ཞེས་པ་རྒྱལ་པོ་ངལ་བསོས་པོ་༼དཔལ༽༼གནས༽ཕྱི་ཆུ་སྦྱིན། ནང་གཏོར་མ། གསང་བ་གའུ་ལ་བརྟེན་ནས་བསྒྲུབ་པ། གནོད་སྦྱིན་གའུའི་རྗེས་གནང་༼དཔལ༽༼གནས༽བྱིན་རླབས་ཀྱི་ཡི་གེ །གའུ་གསང་སྒྲུབ་གནད་ཀྱི་ཡིག་ཆུང་ཤམ་འདོགས་ཅན་༼དཔལ༽༼གནས༽རྟེན་གསུམ་བཟུང་བ་དང་བཅས་པ། གནོད་སྦྱིན་ཆེན་མོ་ཤ་ཟ་མ་མཆེད་གསུམ་གྱི་སྒྲུབ་ཐབས་༼དཔལ༽༼གནས༽དོན་ལྔས་བསྟན་པ་གཏོར་མའི་དཔེ་རིས་དང་བཅས་པ། གནོད་སྦྱིན་སྤུན་གསུམ་གྱི་བཀའ་གཏད་༼དཔལ༽༼གནས༽ཀྱི་ཡི་གེ །ཟབ་ལས་ཡང་ཟབ་སྙིང་བྱང་གསང་བའི་སྐོར། །ལོ་རྒྱུས་གླེང་གཞི་གཉིས་ནི་ཡིད་ཆེས་གནད། །བྱིན་རླབས་ལས་བྱང་གཉིས་ནི་སྤྱི་ལ་གཅེས། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་རྟ་མགྲིན་ཀུན་འདུས་བཀའ་


GLG004_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བཅས། །དེ་བཞིར་ཕྱི་ནང་གསང་སྒྲུབ་གསུམ་གསུམ་དང་། །བསྟོད་བསྐུལ་ཐེམས་བྱང་དང་བཅས་མ་བུ་དགུ །དེ་དག་རྣམས་ནི་མཆོད་ཤོག་སྨུག་པོའི་ཆོས། །ཧ་རའི་འཁོར་ལོ་ལིང་ག་བཅས་གཞིར་བཅས། མཆོག་ཏུ་གསང་བའི་དཔེ་རིས་འགའ་མཆིས་པ། སྣོད་མིན་སྤྱད་དོགས་བླ་མའི་ཐུགས་སུ་གབ། །ཅེས་པ་བསམ་ཡས་བར་ཁང་གཡུ་ཞལ་དུ་ལྷ་སྲས་ཀྱིས་ཞུས་པའི་གསང་བ་སྙིང་བྱང་གི་ལོ་རྒྱུས་༼དཔལ༽༼གནས༽སྤྲེལ་ཟླའི་ཉ་ལ་ཡི་གེར་བཀོད་པའི་མཐའ་ཅན། ཨོ་རྒྱན་རྡོ་རྗེ་གླིང་ཕུག་ཏུ་གཟའ་ཀླུ་མིང་སྲིང་གསུམ་༼དཔལ༽༼གནས༽དམ་ལ་བཏགས་པའི་ཚེ་སྐུ་གསུམ་བཀའ་སྲུང་དང་བཅས་པའི་ཕྱི་ནང་གསུམ་གྱི་སྒྲུབ་ཚུལ་བསྟན་པའི་སྔོན་བྱུང་གླེང་གཞི། གསང་བའི་ཡང་བྱང་སྙིང་བྱུང་དམར་པོ་ལས་བྱིན་རླབས་སྨིན་བྱེད་༼དཔལ༽༼གནས༽གཅིག་མའི་དབང་ཆོག །སྐུ་གསུམ་ལས་བྱང་གསང་བ་༼དཔལ༽༼གནས༽གཅིག་སྒྲུབ། སྣང་བ་མཐའ་ཡས་ཕྱི་ནང་གསང་བའི་ཐུགས་སྒྲུབ་ཐབས་༼དཔལ༽༼གནས༽ཡི་གེ་གཅིག་མ། ཐུགས་རྗེ་ཆེན་པོ་ཕྱི་ནང་གསང་བའི་སྒྲུབ་ཐབས་ཡི་གེ་གཅིག་མ། རྟ་མགྲིན་ཕྱི་ནང་གསང་བའི་སྒྲུབ་ཐབས་༼དཔལ༽༼གནས༽ཡི་གེ་གཅིག་མ། ཀུན་འདུས་བཀའ་སྲུང་གཟའ་ཀླུ་ཧ་ར་ནག་པོ་༼དཔལ༽༼གནས༽ཕྱི་ནང་གསང་བའི་སྒྲུབ་པ། བཀའ་སྲུང་གི་གཏོར་བསྐུལ་སྔོན་ཚེ་༼དཔལ༽༼གནས༽སྐལ་པ་མ། གསང་བ་སྙིང་བྱང་༼དཔལ༽༼གནས༽དམར་པོའི་ཐེམས་ཡིག །ཐུགས་ལ་གབ་པའི་ཐེམས་མེད། བཅའ་གཞི་བཟློག་གསད་མནན་༼ཀ༽གསུམ་གྱི་འཁོར་ལོ་གཏོར་མའི་དཔེ་རིས་དང་བཅས་པ། ཡང་གཅེས་ཟབ་མོ་སྒྲིབ་ཤིང་སྤན་ཐུར་ནི། །གཏེར་བྱོན་མིན་མོད་ཤོག་སེར་ཕྱག་ཏུ་བབས། །མཁའ་འགྲོའི་ལུང་བཞིན་ཚོས་འདིའི་ཁྲིགས་སུ་བཞག །ཅེས་པ། ཐེམས་མེད། བྲག་ཕུར་མ་ར་ཏི་ཀར་ཨོ་རྒྱན་ཡབ་ཡུམ་


GLG004_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཚེ་རིག་འཛིན་སྒྲུབ་དུས་མཛད་པའི་སྒྲིབ་ཤིང་ཟབ་མོ་༼དཔལ༽༼གནས༽སྤེན་ཐུར་མ་རྣམས་ཐོབ་པ་ལས་སྣང་གི་རྟགས་ཡོད་པའི་དབང་ལུང་གི་བརྒྱུད་པ་ནི། ཀུན་བཟང་རྡོ་རྗེ་འཆང་ཆེན། རྩ་གསུམ་ཞི་ཁྲོའི་ལྷ་ཚོགས། རྒྱལ་དབང་པདྨ་ཐོད་འཕྲེང་། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། རྒྱལ་སྲས་མུ་ཏིག་བཙན་པོ། གཏེར་སྟོན་རིན་ཅེན་ཕུན་ཚོགས་སྣ་ཚོགས་རང་གྲོལ། གྲུབ་མཆོག་བཀྲ་ཤིས་རྒྱ་མཚོ། རིག་འཛིན་ཀུན་དགའ་ཚེ་མཆོག །རྗེ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་རྩ་བའི་བླ་མ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་རྗེ་ཟུར་པ་ནས། ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས། ནཱ་རོ་པ་བཀྲ་ཤིས་ཕུན་ཚོགས། ངག་དབང་ཡེ་ཤེས་གྲུབ་པ་མན་འདྲ། ཕུང་བྱེད་གཟའི་སྲོག་སྒྲུབ་དུག་གི་འཁོར་ལོའི་བརྒྱུད་པ་གཅིག་ནི། དུ་མ་རང་གྲོལ་ནས། ཕ་ཇོ་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །དཔལ་གྱི་རྟགས་ཡོད་པའི་དབང་ལུང་གི་བརྒྱུད་པ་ནི། གཏེར་སྟོན་ནས། རྒྱལ་སྲས་ལྷ་རྗེའི་ཡང་སྲིད་ཆོས་རྒྱལ་ཕུན་ཚོགས། གདུང་སྲས་ནཱ་རོ་པ་བཀྲ་ཤིས་ཕུན་ཚོགས། རཏྣ་གཉིས་པ་ཆོས་ཀྱི་གྲགས་པ། རིག་འཛིན་བསོད་ནམས་རིན་ཅེན། སྤྲུལ་སྐུ་དཀོན་ཅོག་ངག་དབང་འཕྲིན་ལས། ཁྱབ་བདག་ཁྲ་ཚང་པ་རྡོ་རྗེ་མི་རྟོག་རྩལ། དེས་བདག་ལའོ། །གནོད་སྦྱིན་མ་སྤུན་གསུམ་གྱི་རྗེས་གནང་གི་བརྒྱུད་པ་གཅིག་ནི། ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས་ནས། ཁྱབ་བདག་དབང་ཕྱུག་རབ་བརྟན། རྗེ་བཀའ་འགྱུར་བ་ཆེན་པོ། རྗེ་ཁྲ་ཚང་པ། དེས་བདག་ལའོ། །ཀའི་རྟགས་ཡོད་པའི་དབང་ལུང་གི་བརྒྱུད་པ་ནི། འབྲི་གུང་ཆོས་ཀྱི་གྲགས་པ་ནས། སྔགས་འཆང་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་རྡོ་རྗེ་མི་རྟོག་རྩལ། དེས་བདག་ལའོ། །གནས་ཀྱི་རྟགས་ཡོད་པའི་ལུང་བརྒྱུད་ནི་


GLG004_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་ཆོས་རྒྱལ་ཕུན་ཚོགས་ནས། ཁྱབ་བདག་དབང་ཕྱུག་རབ་བརྟན། རྩ་བའི་བླ་མ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །ཉོན་མོངས་འདོད་ཆགས་རང་གྲོལ་གྱི་ཡིག་ཆུང་ལས། ང་ཡི་གདམས་པ་ཉོན་མོངས་རང་གྲོལ་ལ༔ གཅེས་པར་དགོས་པའི་རླུང་ཟས་ལག་ལེན་ནི༔ ལྷ་སྲས་སྐྱེ་བ་བརྒྱུད་དེ་ཆོས་འདི་དག༔ ཕྲད་ཚེ་ང་དང་མི་གཉིས་ཛ་ཝ་རི༔ རྒྱ་གར་ཡུལ་འབྱུང་གྲུབ་པའི་རིག་འཛིན་བརྙེས༔ དེ་ཡིས་ཡང་ཟབ་རླུང་གི་གདམས་པ་ནི༔ འཆི་མེད་གྲུབ་པའི་གནད་ཀུན་ལོན་གྱུར་ཏེ༔ པདྨ་ང་ཡི་ཐུགས་རྗེས་ཕྲད་པས་ལོང་༔ ཞེས་འདོད་ཆགས་ལ་བརྟེན་ནས་ཚེ་སྒྲུབ་པའི་རླུང་སྦྱོར་གྱི་སྐོར་རྣམས་གཏེར་བྱོན་དངོས་བསྟན་ལ་མེད་ནའང་། གཏེར་སྟོན་དང་དུས་མཚུངས་རྒྱ་གར་འཕགས་ཡུལ་དུ་གྲུབ་པའི་དབང་ཕྱུག་ཛ་ཧ་ར་པཱིར་ཞེས་སློབ་དཔོན་ཆེན་པོ་པདྨའི་རྣམ་སྤྲུལ་འཇའ་ལུས་ཀྱི་སྐུ་གྲུབ་ནས་བཞུགས་པས་སྐལ་བ་དང་ལྡན་པ་རྣམས་ཀྱི་དུས་ནམ་ཡང་མཇལ་བར་ནུས་པ་གང་དེ་ལས་ཉེ་བར་བརྒྱུད་པའི་ཟབ་ལམ་མཁའ་སྤྱོད་མྱུར་འདྲེན་རླུང་འཁྲིད་ལ་བརྟེན་པའི་ཉམས་ལེན་སྐོར་ལ། རླུང་འཁྲིད་བརྒྱུད་པའི་གསོལ་འདེབས་ཀ་དག་རང་བྱུང་མ། རྒྱ་གར་གྱི་གྲུབ་ཆེན་ཛ་ཧ་ར་པཱིར་གྱི་སྙན་བརྒྱུད་ཟབ་མོའི་ནང་གསེས་ལ་བརྒྱུད་རིམ། སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྡོམ་ཚིག །ཉམས་ལེན་གྱི་སྔོན་འགྲོ་ལུས་གནད་གྱི་གཞི་བཅའ་བ། དངོས་གཞི་ལ། བླ་མའི་རྣལ་འབྱོར། ཟས་ཀྱི་འཁྲི་བ་གཅོད་ཅིང་འཇའ་ལུས་སྒྲུབ་པ་འབྱུང་ལྔའི་རླུང་ཟས། རླུང་འཕྱུག་མེད་དུ་འཇུག་པ་དབུ་མ། གསལ་བྱེད་དང་རྩ་ལམ་སྦྱོང་བ། བདེ་བའི་གནད་བསྐུལ་ཞིང་བོགས་འདོན་ཐིག་ལེའི་མན་ངག །ཀུནྡའི་གེགས་སེལ་


GLG004_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམས་བུའི་མན་ངག །བྱང་སེམས་འདྲེན་འགྲེམས་རླུང་གནད་འཕྲུལ་འཁོར། ཕུང་པོ་ལྷག་མེད་དུ་སྒྲུབ་པའི་དམིགས་པའི་ཁ་བསྒྱུར། རྗེས་ཀྱི་མན་ངག་ལ་སྟོད་སྨད་གེགས་སེལ་རླུང་གནད་འཁྲུལ་འཁོར། མིག་རྣར་རླུང་འཛིན་གཞི་ལ་དང་སོར་མོར་འགྲེམས་པ་སྙིང་རླུང་གེགས་སེལ། ཆུ་སེར་འདོན་པ། ཤ་ལྷད་འདོན་པ། ལྦ་བ་སྦུབས་འདྲེན། ཚ་གྲང་གི་ནད་སྐྱུག་འདྲེན་གྱི་རླུང་གནད་འཁྲུལ་འཁོར་བསྟན་པ་རྣམས་ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ཀྱིས་གཏེར་སྒྲོམ་བྲག་དཀར་དུ་བསྒྲིགས་པ་སྙིང་ནས་ཆོས་བྱེད་མ་གཏོགས་པར་མི་སྤེལ་བའི་བཀའ་སྲུང་དྲང་སྲོང་གཟའ་བརྒྱད་ལ་བཅོལ་པ། རླུང་འཁྲིད་སྙན་བརྒྱུད་གྱི་གེགས་སེལ་ཞེས་པ་གྲེ་བ་བསྐམས་པ། མདུན་སྟོད་རྒྱངས་པ། རྒྱབ་དང་རོ་སྟོད་སྦྲགས་ནས་གཟེར། རླུང་ཆ་མཉམ་དུ་མ་ཆུད་པ། ལག་པ་སྦྲིད་པ་དང་ཚིགས་ན་བ། དཔུང་ཚིགས་དང་སྟོད་གཟེར། མགོ་ན་བ། ཐུར་སེལ་གྱེན་ལོག་མིག་ན་བ། སྣ་ཚ་བ། ལྕེ་བསྐྲངས་པ། རྣ་བ་འུར་བ། སོ་འགུལ་བ། གདོང་སྦོས་པ། ཡ་མའི་ནད། ཟུར་གཟེར་ཁོལ་བུར་ལྡང་བ། ཆུ་བསྡམས་པ་རྣམས་དང་རླུང་ནད་ཕལ་ཆེར་གྱི་གེགས་སེལ་ཤ་དུག་སྦྱར་དུག་གསོ་བ། ས་བདག་དང་ཀླུ་ནད་འདོན་ཐབས་བཅས་པའི་ཞལ་ཤེས་ལྷ་བཙུན་རྗེའི་བཀའ་བསྐུལ་བ་ལ་བརྟེན་ནས་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོས་བུ་ཚལ་ཕོ་བྲང་དུ་མཛད་པའི་གེགས་སེལ་ནད་འཇོམས་བདུད་རྩིའི་བུམ་པ། དེས་མཛད་པའི་སྔོན་འགྲོ་དབུ་མའི་ལམ་སྦྱོར། བར་དུ་འབད་ཅིང་བསྣུན་པ། རྗེས་རང་བབས་གཏད་མེད་དུ་སྐྱོང་བའི་ཟབ་ལམ་སྙན་བརྒྱུད། དེས་མཛད་པའི་ནམ་མཁའ་ཞལ་མཇལ་རང་རིག་ལྷ་ཞལ་མཐོང་


GLG004_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བ། དེས་རྒྱ་མ་ཁྲི་ཁང་དུ་མཛད་པའི་འཁྲུལ་འཁོར་རྐང་གྲངས་རྩ་ཚིག །གྲུབ་པའི་དབང་ཕྱུག་ཛ་ཧ་ར་པཱིར་ལས་གཙོ་ཆེར་བརྒྱུད་པའི་གདམས་པ་གུ་རུ་དེ་ཝ་ནཱ་ཐས་རྗེ་བཙུན་སྣ་ཚོགས་རང་གྲོལ་ལ་སྩལ་བའི་སྐོར་ལ། ཚེ་རིང་བསོད་ནམས་འཕེལ་སྔགས་ཀྱི་ནུས་མཐུ་སྐྱེད་བྱེད་དང་སྦྱོར་ངན་ཞི་ཞིང་དབང་དུ་སྡུད་པའི་མན་ཏྲ། རྒས་པའི་སྡུག་བསྔལ་མི་འབྱུང་བའི་མནྟྲ་ནད་ཀྱིས་ཉེན་པ་ལ་ཡང་ཕན་པ། བྱད་ཁ་ཕུར་ཁ་བཟློག་པའི་མནྟྲ་ནད་གདོན་གྱིས་ཉེན་པ་ལ་ཆུའི་རྟེན་འབྲེལ་ལམ་བསྲུང་སྐུད་ཀྱིས་ཕན་པ། ལྷ་འདྲེ་གཏུམ་པོའི་བར་གཅོད་ཀྱིས་མཐོ་འཚམས་པར་ཕན་པའི་མནྟྲ། སྟག་སེང་དོམ་དྲེད་དུག་སྦྲུལ་ཐམས་ཅད་ཀྱང་བསྲུང་བ། བྱད་དང་ལྷ་འདྲེའི་གནོད་པ་སེལ་བ། ཚེ་རིང་བ། ཁམས་འཛག་པ་རྣམས་ལ་ཕན་པའི་མནྟྲ། མི་ཕྱུགས་ཀྱི་ནད་བསྲུང་སྐུད་ལྔ་ལྡན་གྱིས་ཀྱང་བསྲུང་བ། མོ་ལ་བརྟན་པའི་བཟང་ངན་སྟོན་པ། རླུང་མཁྲིས་བད་ཀན་ཁྲག་ལྡན་འདུས་ཀུན་ལ་ཕན་པའི་མནྟྲ་རང་གཞན་གཉིས་ཀ་ལ་བྱ་བ། བུད་མེད་བུ་སྐྱེ་མ་ཐུབ་པ་དང་རྒྱལ་འགོང་ལ་བསྲུང་སྐུད་ལྔ་ལྡན། ཁམས་འཛག་ལ་ལི་ཁིར་བྲིས་པ། གཟེར་ནད་ལ་ཡང་བསྔགས་པ། ཚད་པ་ལ་དངུས་ཆུས་ཀྱང་ཕན་པ། རྐང་མགྱོགས། སྦྲུལ་རླུང་གཏི་མུག་སངས་བྱེད་ཀྱི་རླུང་གནད་རྣམས། ཛོ་ཀི་བཛྲ་ནཱ་ཐའི་གདམས་པ་ཆིག་བརྒྱུད་ལ། ཚེ་རིང་ཞིང་བསོད་ནམས་ཆེ་བ། བྷི་ཤའི་གནོད་པ་བསྲུང་བ། དྲག་སྔགས་བཟློག་པ། དབང་སྡུད། བྱད་དང་ལྷ་འདྲེའི་གནོད་པ་ཀུན་བསྲུང་བ། མཚོན་བསྲུང་བ། མཛེ་ནད་བཅོས་ཐབས་བཅས་པའི་དམིགས་པ་རླུང་གནད་འཁྲུལ་འཁོར་ལས་ཕྲན་གྱི་ཕྱག་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་འོད་མི་འགྱུར། ལོངས་སྐུ་སྤྱན་རས་གཟིགས། སྤྲུལ་སྐུ་


GLG004_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་ཆེན་པོ། རྒྱལ་ཡུམ་ཡེ་ཤེས་འཚོ་རྒྱལ། རང་གྲོལ་མ་ཧཱ་ནཱ་ཐ། གྲུབ་ཆེན་ཛ་ཧ་ར་པཱིར། གྲུབ་བརྙེས་བཛྲ་ནཱ་ཐ། རྗེ་འབྲི་གུང་པ་མཁའ་འགྲོ་གློང་ཡངས། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་དུ་མ་རང་གྲོལ། ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །གནམ་ལྷ་བརྒྱད་གངས་ཀྱི་ར་བས་བསྐོར་བའི་དབུས་རི་འགྲེངས་རྒྱས་འདྲ་བའི་དོགས་བདེ་ཆེན་ཡངས་པ་ཅན་གྱི་ཆོས་གྲྭར་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་གྱིས་དགུང་ལོ་བཅུ་གསུམ་པ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད་པའི་ཚེ་མནལ་ལམ་དག་སྣང་གི་ཚུལ་དུ་བྱུང་བའི་སྒྲོལ་དཀར་ཡིད་བཞིན་ནོར་མཆོག་གི་ཆོས་སྐོར་ལ། རྩ་བ། རྒྱུན་འཁྱེར། ལས་མཐའ། ཆ་རྐྱེན། རྫུན་བྲིས་ཕྱི་མ་གཉིས། ཞལ་ཤེས་དང་དྲུག །དང་པོ་ལ། རྫུན་བྲིས་དང་པོ་བཀོད་པའི་ཡི་གེ །སྲོག་བླའི་བསྐྱེད་རྫོགས་ཀྱི་གདམས་པ། ཡེ་ཤེས་མ་རིག་འཇོམས་བྱེད་ཀྱི་གདམས་པ། ཚེ་སྒྲུབ་བདུད་རྩི་ཟླ་ཟེར་གྱི་གདམས་པ། དབང་བསྡུས་ཞགས་དམར་གྱི་གདམས་པ། ཡི་དམ་འཁོར་ལོ་སྡོམ་སྙིང་གི་གདམས་པ། ནོར་སྒྲུབ་ཡིད་བཞིན་ནོར་བུའི་གདམས་པ། བཀའ་སྲུང་གཡང་གཞི་ཁྲོ་ཆུ་ཐལ་རྡེབ་ཀྱི་གདམས་པ། རང་ལུས་རྡོ་རྗེ་ངོ་སྤྲོད་ཀྱི་གདམས་པ་རྣམས། གཉིས་པ་རྒྱུན་འཁྱེར་ནི། ཞལ་གདམས་རྒྱུན་གྱི་ཉམས་ལེན། གསུམ་པ་ལས་མཐའ་ལ། སྲོག་བླའི་ལས་མཐའ་མོས་གུས་སྐྱེད་བྱེད། ཡེ་ཤེས་མ་རིག་འཇོམས་པའི་ལས་མཐའ་ཤེས་རབ་བསྐྱེད་པ། བདུད་རྩི་ཟླ་ཟེར་གྱི་ལས་མཐའ་ཚེ་སྒྲུབ་པ། ཞགས་དམར་གྱི་ལས་མཐའ་དབང་སྡུད། འཁོར་ལོ་སྡོམ་སྙིང་གི་ལས་མཐའ་བྱིན་རླབས་དང་ངག་ནུས་ཆེ་བ། ཡིད་བཞིན་ནོར་
བུའི་ལས་མཐའ་ནོར་སྒྲུབ་པ། གཡང་གཞི་ཁྲོ་ཆུའི་ལས་མཐའ་དགྲ་བགེགས་སྒྲོལ་བ་རྣམས། བཞི་པ་ཆ་རྐྱེན་ལ། འཕོ་བ་སྐར་མདའ་བསམ་མེད་ཀྱི་གདམས་པ། རིགས་བསྡུས་དམིགས་དབང་གི་གདམས་པ། ལུང་བསྟན་མ་བུ་ཞལ་མཇལ། མཎྜལ་བདག་ལུས་གཟུགས་ཕུང་མ་རྣམས། ལྔ་པ་རྫུན་བྲིས་ཕྱི་མ་གཉིས། རྫུན་བྲིས་བར་པ། ཀུནྡ་ལུས་རྒྱས་བདེ་བའི་གདམས་པ། རྫུན་བྲིས་འོག་མ་རྣམས། དྲུག་པ་ཞལ་ཤེས་ལ། ཞལ་གདམས་སྤྱིར་བསྟན་པ། སྲོག་བླའི་ལས་མཐའི་ཞལ་ཤེས། མ་རིག་འཇོམས་བྱེད་ཀྱི་ལས་མཐའི་ཞལ་ཤེས། བདུད་རྩི་ཟླ་ཟེར་གྱི་ལས་མཐའི་ཞལ་ཤེས། དབང་སྡུད་ཞགས་དམར་གྱི་ལས་མཐའི་ཞལ་ཤེས། འཁོར་ལོ་སྡོམ་སྙིང་གི་ལས་མཐའི་ཞལ་ཤེས། ཡིད་བཞིན་ནོར་བུའི་ལས་མཐའི་ཞལ་ཤེས། བཀའ་སྲུང་གི་ལས་མཐའི་ཞལ་ཤེས་དམིགས་དབང་གི་ཞལ་ཤེས་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ། འབྲི་གུང་པ་མཁའ་གྲོལ་གློང་ཡངས། གདུང་སྲས་ཆོས་རྒྱལ་ཕུན་ཚོགས། དེ་སྲས་དཀོན་མཆོག་ཕུན་ཚོགས། དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །


previousའབྲི་གུང་གཏེར་སྟོན་མཁའ་གྲོལ་གློང་ཡངས་ཀྱིས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།next