Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

8 occurrences of བྲག་ཡེར་པ་
[Clear Hits]


  
  
 
 
དགུང་ལོ་རེ་གཉིས་པར་ཆོས་འཁོར་རྒྱལ་གྱི་རྟེན་མཆོད་གསར་བསྒྲིགས་མཛད་སྐོར་དང་། བསྒྲུབ་བྱ་མང་པོར་པཎ་ཆེན་ལུགས་ཀྱི་སྡོམ་རྒྱུན་སྩལ་བ། འདུས་སྡེ་ཁག་ནས་རིང་འཚོའི་བརྟན་བཞུགས་ཕུལ་ཞིང་བསྟན་སྲིད་ཀྱི་ཇུས་རིམ་ཆོས་སྦྱིན་རྒྱ་ཆེ་སྤེལ་བ་སོགས་ཀྱི་སྐོར།
 
 
 


8 occurrences of བྲག་ཡེར་པ་
[Clear Hits]

 
previousདགུང་ལོ་རེ་གཉིས་པར་ཆོས་འཁོར་རྒྱལ་གྱི་རྟེན་མཆོད་གསར་བསྒྲིགས་མཛད་སྐོར་དང་། བསྒྲུབ་བྱ་མང་པོར་པཎ་ཆེན་ལུགས་ཀྱི་སྡོམ་རྒྱུན་སྩལ་བ། འདུས་སྡེ་ཁག་ནས་རིང་འཚོའི་བརྟན་བཞུགས་ཕུལ་ཞིང་བསྟན་སྲིད་ཀྱི་ཇུས་རིམ་ཆོས་སྦྱིན་རྒྱ་ཆེ་སྤེལ་བ་སོགས་ཀྱི་སྐོར།next

དགུང་ལོ་རེ་གཉིས་པར་ཆོས་འཁོར་རྒྱལ་གྱི་རྟེན་མཆོད་གསར་བསྒྲིགས་མཛད་སྐོར་དང་། བསྒྲུབ་བྱ་མང་པོར་པཎ་ཆེན་ལུགས་ཀྱི་སྡོམ་རྒྱུན་སྩལ་བ། འདུས་སྡེ་ཁག་ནས་རིང་འཚོའི་བརྟན་བཞུགས་ཕུལ་ཞིང་བསྟན་སྲིད་ཀྱི་ཇུས་རིམ་ཆོས་སྦྱིན་རྒྱ་ཆེ་སྤེལ་བ་སོགས་ཀྱི་སྐོར།


GLG007_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ལ་དཱུ་ཏི་སྟེ་དུས་ཀྱི་ཕོ་ཉ་ཞེས་པ་ས་རྟ་གནམ་ལོ་གསར་དུ་ཚེས་པའི་ཞོགས་འདོད་ཁམས་དབང་ཕྱུག་མའི་བསྐང་བསྟོད་རྟེན་འབུལ་དང་བཅས་བཟབས་རྒྱས་


GLG007_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད། ཚོགས་ཆེན་དུ་གུང་གི་སྟོན་མོར་མཆོད་ཡོན་ཟུང་། དགའ་ལྡན་རབ་འབྱམས་པ། དགའ་ལྡན་དའི་ཆིང་བོ་ཤོག་ཐུ་ཇི་ནོང་། བཀྲ་ཤིས་བཱ་ཐུར་ཐའི་ཇི། བློ་བཟང་མགོན་པོ་རབ་བརྟན་སོགས་དབོན་ཁག་བཞི་བཅུ་སྐོར་དང་ཇའི་སང་མི་བཟང་བསྡོམས་ཕྱེད་སུམ་བརྒྱ་ལྷག་བཅས། ཇ་སྟན་མཁན་ཟུར། སེམས་དཔལ་སྤྲུལ་སྐུ། གནས་རྙིང་སྐུ་སྐྱེ། རྒྱུད་སྟོད་ཆོས་རྗེ། གྲ་ས་ཕན་ཚུན་གྱི་སློབ་དཔོན། གཡོན་རུ་སྐུ་སྐྱེ། ཁལ་ཁ་ནོ་ཡོན་ཁུ་ཐུག་ཐུ། མངོན་དགའ་བླ་མ་སྤོང་རོང་ཆོས་རྔ། གཉུག་མར་གནས་པའི་དྲུང་འཁོར་དང་བཅས་པའི་མདུན་སྐབས་གསུམ་དབང་པོའི་ཕུན་ཚོགས་ལ་འཁུ་བའི་བདོག་པ་ཕྱོགས་མཐའ་དག་ནས་འདུས་ཏེ་ཕྱུར་བུར་སྤུངས་ཤིང་བཟའ་བཅའ་བཏུང་བ་དུ་མ་སྤྲོས་པའི་ཚེ་རོང་གར་གྱི་རྣམ་འགྱུར་ཇི་སྙེད་དང་ཕུན་སུམ་ཚོགས་པའི་ཤིས་བརྗོད་ཀྱི་སྒོ་འཕར་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་ལན་འདེབས་ཚུལ་ས་བ་གྲུ་པ་ལྷ་དབང་རྡོ་རྗེས་བྱས། དེ་གྲོལ་མཚམས་རྒྱལ་མོ་གུ་རུས་གཙོས་དཔོན་མོ་ཚོར་ཇ་གྲལ་བཏང་ཞིང་སོག་དམངས་ལྔ་བརྒྱ་སྐོར་ལ་མེ་ཏོག་གཏོར། བཟང་པོ་དང་པོའི་ཚེས་ཀྱི་དགའ་སྟོན་ལ་མཆོད་ཡོན་གཉིས་སོག་པོའི་དཔོན་ཁག་རྣམས་ཀྱི་སྟེང་ཁྱབ་བདག་ཞ་ལུ་པ་རིན་ཆེན་བསོད་ནམས་མཆོག་གྲུབ། སྦྱོར་ར་སྦྲུལ་སྐུས། གནས་གསར་དབོན་རིན་པོ་ཆེ། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་ཡོངས་རྫོགས། རྨད་དུ་བྱུང་བའི་རིན་ཆེན་རྒྱན་ཆ་བ་དང་བཅས་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁེངས་པའང་ཐུང་ངུར་བྱས་སྟེང་ངོ་མཚར་བའི་ལེགས་ཚོགས་རྣམས་རང་འགྲིགས་གལ་


GLG007_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ཕྱི་རོལ་གྱི་རྟེན་འབྲེལ་དུ། ཇི་སྐད་དུ། པདྨའི་མཚོ་ལ་ངང་པ་འདུ། །དྲི་ལྡན་མེ་ཏོག་བུང་བ་སྡུད། །འབྲོག་བཟང་དུ་ནི་རི་དྭགས་འཁོར། །ཤ་ཡི་དྲི་ལ་ཤ་སྦྲང་འཁོར། །བཟའ་བཏུང་མང་སར་སྐྱེ་བོ་ཚོགས། །གལ་ཏེ་དེ་དག་མི་ལྡན་ན། །བསྡུས་ཀྱང་སྐྱེ་བོ་ཕལ་ཆེར་འབྲོས། །ཞེས་པ་ལྟར་ཡིད་ཅན་མ་ལུས་པ་བྱམས་བརྩེས་བདེ་བར་སྐྱོང་བའི་མཆོད་ཡོན་རྣམ་གཉིས་ཀྱིས་ཐོག་དྲངས་འདིར་འཁོད་ཐམས་ཅད་བསོད་ནམས་དཔལ་གྱིས་མཐོ་ཞིང་བློ་གྲོས་ཀྱི་རྩལ་མིག་ཡངས་པ། དཔའ་ཞིང་བརྟུལ་ཕོད་པ། མཛེས་ཤིང་བརྗིད་ཆགས་པ། བཟང་པོའི་སྒྲིགས་ཀྱིས་སྤ་ཞིང་རིགས་རུས་སོགས་ཡོན་ཏན་དུ་མས་མངོན་པར་མཐོ་བའི་ཁུངས་ཅན། བླང་དང་དོར་བྱའི་གནས་ཀུན་ལ་ཕྲ་ཞིབ་འཇུག་ལྡོག་སྦྱོད་པར་མཁས་ཤིང་ཡ་རབས་གྲ་མ་བློ་མཛངས་རྣམ་དཔྱོད་ཀྱི་དཔལ་དང་ལྡན་པས་གང་བ། ཡབ་སྲས་མཇལ་པའི་རྟོགས་བརྗོད་ལས། ས་སྐྱོང་མཁས་ན་རིག་པའི་རྩེ་དགའ་སྤྲོ་ལ་མཆོག་ཏུ་རེག་པར་འགྱུར། །དཔའ་ན་གཡུལ་གྱི་རོལ་པ་དང་འགྲོགས་བརྟུལ་ཞུགས་བརྟུལ་ཞུགས་འཇིན་པར་འགྱུར། བླུན་ན་རྨོངས་ཤིང་གཡོ་ན་རྣམ་པར་གཡོ་ལ་གདུག་ན་མ་རུངས་སྦྱོང་། ། གང་གང་ས་བདག་བྱེད་པ་དེ་དེ་མཐའ་དག་སྐྱེ་བོས་བྱེད་པར་འགྱུར། །སྐྱེ་བོ་ལེགས་སྤྱོད་བློ་ལྡན་བློན་པོ་དང་། །མི་བདག་མཁས་ཤིང་བདེན་པར་སྨྲ་བྱེད་པ། །འདི་དག་རྣམས་ནི་དགེ་བ་དར་བའི་དུས། །མངོན་སུམ་མཚོན་པའི་མཚན་ཉིད་བཟང་པོ་ཡིན། །ཞེས་པའི་ངང་ཚུལ་དང་ལྡན་པའང་ས་ཕྱོགས་ཆོས་བཞིན་སྐྱོང་བའི་རྒྱལ་པོར་རག་ལུས་པས་


GLG007_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་བསྟན་བཅོས་ལས། རྒྱལ་པོ་ཤིན་ཏུ་མང་མོད་ཀྱི། །ཆོས་བཞིན་སྐྱོང་བ་ཤིན་ཏུ་ཉུང་། །མཁའ་ལ་ལྷ་གནས་མང་ན་ཡང་། །འོད་གསལ་ཉི་ཟླ་ལྟ་བུ་མེད། ། ཅེས་ཆོས་སྲིད་ཐམས་ཅད་ཀྱི་ཆར་འགྲན་ཟླ་མེད་དེ། ས་སྐྱ་པཎྜི་ཏས། ཁོང་མཛངས་བསོད་ནམས་བསགས་པའི་མི། །གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། །རི་དྭགས་རྒྱལ་པོ་སེང་གེ་དང་། །འཁོར་ལོས་སྒྱུར་ལ་གྲོགས་མི་དགོས། །ཞེས་མགར་བ་སོགས་ཀྱིས་བྱས་པར་བལྟོས་མིན་རྩིབས་སྟོང་ལྡན་པའི་འཁོར་ལོ་བྱུང་བ་ཙམ་གྱིས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔལ་ངང་གིས་ཐོབ་པ་དང་། སེང་གེ་དཀར་མོ་རྩལ་གསུམ་ཡོངས་སུ་རྫོགས་པར་གྲོགས་ལ་མ་བལྟོས་པའི་སྟེང་གང་ལའང་འཇིགས་པ་མེད་ཅིང་། ཉེ་མའི་འོད་ཟེར་ཤར་བ་ན། །འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །ཞེས་ཕོ་བྲང་འདིའི་ཟིལ་མ་བཟོད་པར་ཉི་ཟེར་ལ་རྡུལ་འཁྲིགས་པ་བཞིན་ཤར་རྒྱ་ནག་དང་ཁྲི་བསྟན། ལྷོ་རྒྱ་གར་དང་ཁ་ཆེ། ནུབ་སྟག་སྡེ་དང་གཟིག་བན། བྱང་ཁྲོམ་དང་གེ་སར་ཏེ་བསྐོས་པའི་རྒྱལ་པོ་སྡེ་བཞི་སོགས་མདོར་ན་སྟོད་ཛཱ་ཏིའི་དྲི་བསུང་རྣམ་པར་མཐུལ་བ་ནས་སྨད་ཟ་འོག་ཐགས་སུ་འཐག་པའི་ཡུལ་གྲུར་གནས་པས་མཚོན་ཉི་འོག་གི་དྲེགས་ལྡན་ཆེ་དགུ་མཐའ་དག་གི་ཁེངས་པ་ཉེ་བར་བཏང་སྟེ་འདར་འཇིགས་ཀྱི་རྣམ་འགྱུར་ཇི་སྙེད་པ་དང་བཅས་པས་ཡན་ལག་མཆོག་གིས་བཏུད་ཅིང་ཕུ་དུད་གྱ་ནོམ་པ་བསྟར་བའི་དུས་མཁོ་བའི་རྫས་འདོད་ཡོན་རྣམ་ལྔ། རྒྱལ་སྲིད་སྣ་བདུན། ཉེ་བའི་སྣ་བདུན། བཀྲ་ཤིས་རྟགས་རྫས་སོགས་ཟད་མི་ཤེས་པའི་མཆོད་སྤྲིན་ལྷུན་གྱིས་གྲུབ་པའང་། བཤེས་སྤྲིང་ལས། རྟེན་


GLG007_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང་། །ཞེས་དང་། གཞན་ཡང་མདོར། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །འགྲིག་ཚུལ་ཡང་། ཇི་སྐད་དུ། ལེགས་པའི་ཆ་ལ་རྟེན་འབྲེལ་ཐམས་ཅད་འགྲིག །ཕུན་སུམ་ཚོགས་པ་རང་གིས་བྱས་པ་ཡིན། །ཞེས་འཇིག་རྟེན་གྱི་ཁམས་རྫོགས་ལྡན་གསར་པར་སྤྱོད་པའི་བཀྲ་ཤིས་དང་བདེ་ལེགས་ཀྱི་སྒོ་འཕར་བྱེ་བ་འབྱེད་གནས་དགའ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕོ་བྲང་གི་འདུན་ས་ཆེན་པོར་ས་སྟེང་འཁོད་པའི་སྐྱེ་རྒུ་ཐམས་ཅད་འདུ་བར་མ་ཟད་ས་བླའི་གཙོ་བོ་ཚངས་པ། ཁྱབ་འཇུག །དབང་ཕྱུག །བརྒྱ་བྱིན་སོགས་སུམ་རྩེན་པ། རྒྱལ་ཆེན་སྡེ་བཞི་སོགས་ལྷ་རྣམས་ཀྱིས་ཀྱང་ས་བཿསྭསྟི་ཀ་རི་ཥྱ་ཏི་མཾ་ག་ལཾ་བྷ་ཝནྟུ་ཞེས་སོགས་ཀྱི་ཤིས་པའི་སྒྲ་འབྲུག་སྟོང་ལྟར་ལྡིར་མེ་ཏོག་ཆར་གྱིས་ས་གཞིའང་དོག་པོར་བྱེད་ཅིང་སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་ཆོས་སྲིད་མཛད་བཟང་དབྱར་མཚོ་ལྟར་སྤེལ་བ་དང་། བསྟན་པ་ཕྱི་དར་ལ་གོང་མ་སེ་ཆེན་རྒྱལ་པོའི་ལུང་གིས་མངོན་པར་མཐོ་བ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་བོད་ཆོལ་ཁ་གསུམ་ལ་མངའ་སྒྱུར་བའི་ཚེ་བཅུ་གསུམ་ལས་ཀྱིས་གཙོས་པའི་སྒྲིགས་ལམ་གྱི་སྲོལ་རྒྱས་པར་གྱུར། གནམ་སྐོས་ཀྱི་སྡེ་སྲིད་ཕག་མོ་གྲུ་པ་གུའི་གུང་། བྱང་པ་རིགས་ལྡན་ཏཱ་དབེན་གུ་ཤྲི། ཁྲོམ་གེ་སར་གྱི་མག་པ་རྒྱལ་མཁར་རྩེ་བ། སྒེར་རིགས་རིན་ཆེན་སྤུངས་པ། སྡེ་སྲིད་


GLG007_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་པ་སོགས་ཀྱི་དུས་རིན་ཆེན་རྒྱན་ཆ་སྤྲོད་པའི་སྲོལ་དོད། ཁྱད་པར་སྒེར་རིགས་ས་སྤྱོད་དབང་པོ་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པའི་རྡོ་རྗེ་དཔལ་བཟང་པོ་ཞེས་རིག་པའི་གནས་མཐའ་དག་ལ་མཁྱེན་པའི་སྤྱན་རས་མཆོག་གྱུར་དེ་ཉིད་བསྐལ་བཟང་སངས་རྒྱས་ལྔ་པ་སྟོན་པའི་རྒྱལ་ཚབ་མ་ཕམ་མགོན་པོ་དང་མཇལ་སྐབས་ལྷ་ཀླུ་དྲི་ཟ་མིའམ་ཅི་ལྟོ་འཕྱེ་ཆེན་པོ་ནམ་མཁའ་ལྡིང་གནོད་སྦྱིན་ཀུན་ཏུ་དགའ་བ་ཤིས་བརྗོད་དགའ་བ་འཁྱིལ་པ་སྟེ་རྣམ་པ་བརྒྱད་པོ་རང་གཟུགས་ཀྱི་ཟློས་གར་གླུ་དབྱངས་ཀྱི་ངེས་པ་བདུན་ལས་དྲངས་པའི་སྙན་ཚིག་དགུ་ལྡན་ཉམས་དང་བསྟུན་པའི་གཟིགས་མོ་ལྟ་བས་ཆོག་མི་ཤེས་པའི་སྲོལ་རིན་སྤུངས་ནས་བསྟོད་པ་བསམ་གྲུབ་རྩེར་དར་ཡང་བར་དུ་ཉམས་པ་ཤིང་ཡོས་ཁྲི་འདོན་གྱི་དུས་འདར་པ་བསོད་ནམས་ལྷུན་གྲུབ་རྡོ་རྗེར་བཅའ་བསྒྲིག་དགོས་ཚུལ་མོལ་བ་ལྟར་འཕྱོས་གྲོང་སྟོད་པ་དང་བཅས་འབྱོར་པས་རིས་སུ་མ་ཆད་པའི་མཆོག་དམན་བར་མ་ཐམས་ཅད་ཀྱི་མིག་གི་ལྟད་མོ་ཚར་དུ་དངར་བའི་དགའ་སྟོན་སྤེལ་བར་བརྟེན་ཡིད་ཀྱི་གསོས་སྨན་དམ་པར་གྱུར་ནས་མི་དགེ་བའི་ལས་ལམ་ལྡོག་སྟེ་དགེ་བཅུའི་ལང་ཚོ་གསར་དུ་ངོམ་པའང་། ཇི་སྐད་དུ། ཀྭ་ཡེ་འཛམ་གླིང་སྐྱེ་འགྲོའི་བསོད་ནམས་ནོར་བུའི་སྒྲོན། །ཐུབ་བསྟན་ཕུན་ཚོགས་ལང་ཚོ་གསར་དུ་སྤྲོ་མཁས་པའི། །ས་ལས་རྣམ་རྒྱལ་རྒྱལ་སྲིད་ཀུན་གྱི་ཐིག་ལེ་མཆོག །བསྔགས་པའི་ཨུཏྤལ་གཞོན་ནུ་དར་བ་རྣ་བའི་རྒྱན། །ཞེས་པ་དང་མཐུན་པར། ལྷ་མཐོང་ལོ་ཙཱ་བས། དཔལ་འབྱོར་གསེར་གྱི་འཁོར་ལོའི་ཤུགས་བསྐྱོད་ནས། །གངས་ཅན་སྐྱེ་འགྲོའི་བསོད་ནམས་འཆི་མེད་གྲོང་། །རྒྱལ་ཁྲིམས་ཞབས་སེན་འོད་ཀྱིས་མཛེས་བྱེད་པའི། །མི་དབང་


GLG007_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལས་ནུ་ཁྱོད་རྒྱལ་གྱུར་ཅིག །གང་གི་མཛད་པ་བཟང་པོའི་རྒྱུད། །དབྱངས་ཀྱི་ཡན་ལག་བདུན་རྫོགས་པའི། །ཉམས་དང་གྱུར་བའི་གཏམ་སྙན་པོས། །སྙིང་ལ་ཀུན་དགའི་དཔལ་སྟེར་བྱེད། །ཅེས་དང་། དྲན་པ་ཉེར་གཞག་ཏུ་སངས་རྒྱས་གཙུག་ཏོར་ཅན་གྱི་གསུང་དྲངས་པར། གང་གི་སྐྱེ་བོ་གཙང་མའི་འཁོར། །ཆོས་ལ་སྤྱོད་པ་དབང་པོ་དུལ། །རྒྱལ་པོ་ཆོས་བྱེད་བློ་ལྡན་དེ། །མཐོ་རིས་འཇིག་རྟེན་སྐྱེ་བ་ཡིན། །མི་བདག་གང་ཡང་ཆོས་ཀྱིས་ནི། །རྟག་ཏུ་སྐྱེ་དགུ་ཡོངས་སྐྱོང་བ། །རབ་ཏུ་བསྔགས་པའི་ཆོས་བྱེད་དག །ལྷ་ཡི་འཇིག་རྟེན་ས་བདག་འགྱུར། །ཞེས་དང་། ལེགས་བཤད་ལས། དམ་པ་དཔོན་དུ་བསྐོས་གྱུར་ན། །དོན་གྲུབ་པ་དང་བདེ་སྐྱིད་འཐོབ། །ནོར་བུ་རྒྱལ་མཚན་རྩེར་མཆོད་ན། །ཕྱོགས་དེར་དགེ་ཞེས་མཁས་རྣམས་སྒྲོག །དམ་པ་རྒྱང་ན་གནས་ན་ཡང་། །འཁོར་འདབ་ཕན་པ་རྒྱང་ནས་སྐྱོང་། །མཁའ་ལ་སྤྲིན་ཆེན་འཁྲིགས་པ་ཡིས། །ས་ཡི་ལོ་ཏོག་ཁྱད་པར་འཕེལ། །ཞེས་པའི་དོན་བཞིན་འབེལ་གཏམ་པ་དང་རོལ་ཆ་བ་སོགས་ཀྱིས་ཀྱང་ཤིས་བརྗོད་ཀྱི་སྒོ་མཐའ་ཀླས་པ་ཕྱེ་བ་དང་ཆབས་ཅིག་འཇམ་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ཏེ་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་རྟེན་དང་བརྟེན་པ་བཅས་བཞེངས་གྲུབ་པ་ན། དེ་ལྟར་མངའ་འོག་སྐྱིད་པའི་འབངས། །མ་འཚོགས་བྱ་བ་གང་ཡང་མེད། །བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་ཀྱིས། །གང་ལ་ཅི་འདོད་ཐམས་ཅད་ཚིམ། །དགའ་བའི་བྲོ་བརྡུང་


GLG007_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་པའི་གླུ། །ཉིན་རེ་བཞིན་དུ་རྒྱུན་ཆད་མེད། །གདུགས་དང་རྒྱལ་མཚན་བ་དན་སོགས། །དགུང་ལ་ཉི་མ་འགྲིབ་པ་ཙམ། །འདབ་ཆགས་བྱ་ལ་འཕུར་ས་མེད། །མགོ་ནག་མི་ཡིས་ས་གཞི་ཁེངས། །སིལ་སྙན་རོལ་མོ་འབྲུག་བཞིན་ལྡིར། །གྱི་ལིང་རྟ་ལ་རྒྱུག་ས་མེད། ཁྱེའུ་བུ་མོ་ཐམས་ཅད་ཀྱིས། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང་། །འབག་དང་སེང་ཕྲུག་གར་མཁན་དང་། །དཔའ་མཛེས་རྔ་ཐོགས་འཆམས་པ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །དེ་ལྟར་རྗེ་འབངས་ཐམས་ཅད་ཀྱིས། །དགའ་བའི་ལུས་ལ་རང་དབང་མེད། །བྲོ་བརྡུང་ནམ་མཁའི་ཆར་པ་འདྲ། །སྐྱིད་པའི་སེམས་ལ་དྲན་འཛིན་མེད། །རང་རང་མོས་པའི་གླུ་རེ་ལེན། །ཞེས་པས་ཀྱང་སྒྲུན་དུ་མེད་པ་བསྟར་བས་བསྟན་དང་སྐྱེ་དགུའི་ཕན་བདེ་འཕེལ་བའི་རྩ་ལག་དམ་པར་གྱུར། ཚེས་གསུམ་ལ་སྡིངས་པོ་ཆེ་སྤྲུལ་སྐུར་ཡིག་ལན་སྙན་ཚིག་གི་ལམ་ནས་དྲངས་པ་བསྲིངས། ཚེས་བཞིར་བོ་དོང་སྦྱོར་ར་སྤྲུལ་སྐུ། ཤངས་དགེ་འཕེལ་མཁན་པོ་ལྕགས་རམས་པ། ནག་ཆུ་ཁའི་སོག་དམངས་སྤྱི་བསྡུས་སོ་སོས་བདོག་པ་དང་ཡོན་སྦྱར་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རིང་འཚོ་སྤེལ་རྗེས་བླ་ཁག་གཉིས། འུག་བྱ་ལུང་པའི་ཆོས་རྗེ། དབོན་མོ་མ་ལས། ཚ་རོང་ནས་གཞོན་པ་སོགས་བོད་སོག་ལྔ་བརྒྱ་སྐོར་ལ་ཇ་གྲལ་བཏང་། ཚེས་ལྔར་བཟོད་པ་ཡེལ་དེང་གི་བུར་བྱིན་རླབས་བྱས། ཚེས་བདུན་ལ་དགའ་ལྡན་ཁྲི་རིན་པོ་ཆེ། གསང་སྔགས་བྱང་ཆུབ་གླིང་གི་སློབ་དཔོན།


GLG007_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་འཁོར་ལྔ་བཅུ་སྐོར་དང་མཇལ་ཞིང་ཕྲད། ཆོས་འཁོར་རྒྱལ་དུ་རྟེན་མཆོད་གསར་དུ་བསྒྲིགས་པར་བྱམས་ཁང་གཡས་བར་ཁང་ཀ་གསུམ་མར་རྟེན་གཙོ་ངེད་རང་གི་འདྲ་འབག་དངུལ་སྐུ་སོགས་དེར་མ་ཤོང་བ་ཕྱིའི་དངུལ་གདུང་ཁང་གི་མདོ་དང་སྤྱི་སོའི་ཚོགས་ཆེན་རྣམས་སུ་བསྒྲིགས་པར་དངུལ་སྐུ་ཆེ་ཆུང་བཞི། ཀླུ་འཇིམ་གྱི་ཐུབ་དབང་མཛད་པ་བཅུ་གཅིག་ཡོད་པ། ཛྷྱཻ་ཀྵིཾ་གྱི་ཐུབ་དབང་དང་བྱམས་སྐུ་རེ། སངས་རྒྱས་བྱང་སེམས་འཕགས་ཡུལ་གྱི་ལི་སྐུ་དྲུག་ཅུ་རེ་དགུ། བཀའ་གདམས་ལི་མ་དང་རག་སྐུ་འདྲེས་པ་ཉིས་བརྒྱ་སོ་བཞི། རྒྱ་ནག་མ་བདུན། སླེའུ་ཆུང་པའི་ཕྱག་བཟོའི་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་རྗེ་བཙུན་བཙོང་ཁ་པ་ཆེན་པོའི་ཕྱག་ནས་མས་གཙོས་གསེར་སྐུ་དྲུག་ཅུ་རེ་དགུ། འདྲ་ཅོག་བཞི་ཅུ་ཞེ་ལྔ་སྟེ་ཁྱོན་བཞི་བརྒྱ་སོ་གཅིག །བཀའ་གདམས་གདུང་རྟེན་ལྕགས་རྩེ་མ་སོགས་བཞི་བཅུ་ཞེ་བཞི། གསེར་ལྗང་བརྡུངས་ཀྱི་མཆོད་རྟེན་མཐོ་གང་སོར་བདུན། ཡང་མཐོ་གང་སོར་གསུམ་རེ་ཡོད་པ་གཉིས་བཅས་གཡུ་མུ་ཏིག་སོགས་ཀྱི་ཕྲ་ལྡན། དངུལ་གདུང་ཁྲུ་གང་སོར་བཅུ་གཅིག་པ་ནས་མཐོ་གང་སོར་ལྔ་པའི་བར་བཅུ་དྲུག་ལ་གཡུ་མུ་ཏིག་གི་རྒྱན་ཅན། ཚ་གསེར་གྱི་གཅིག །ཀླུ་སྒྲུབ་ཀྱི་ཕྱག་བཟོའི་བྱང་ཆུབ་ལྗོན་ཤིང་གི་རྡོ་རྗེ་གདན་གྱི་གནྡྷོ་ལ། འཁྲུངས་རབས་སོ་བཞི་དང་གནས་བཅུ་ཐང་གྲངས་བཅུ་གསུམ་རེ་གྲ་ཚར། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་ཐང་སྐུ་གསུམ། དངུལ་གྱི་མཎྜལ་སྲང་ཆིག་བརྒྱ་བཅུ་བཞིས་གཙོས་ཆེ་ཆུང་དྲུག །གསེར་ཀོང་སྲང་བཅུ་དྲུག་པ། དངུལ་ཀོང་སྲང་


GLG007_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཅུ་ཞེ་བརྒྱད་པ་དང་བཅས་ཆེ་ཆུང་བརྒྱད། དངུལ་ཕོར་དང་ཕུད་ཅན་དྲུག །དངུལ་གྱི་ཆབ་རིལ་སྲང་ཉེར་གཅིག་རེ་ཡོད་པ་ཆ། དངུལ་གྱི་ལས་བུམ་སྲང་བརྒྱད་ཞོ་ལྔ་པ། རྣམ་བུམ་ལྟོ་བ་ཟངས་ཁ་ཕོར་དངུལ་གྲུབ་ཆ། དངུལ་ལྟིར་ཁེབས་ལྡན་སྲང་ཉེར་བཞི་པ། བྱུ་རུའི་རྒྱ་ལག་དངུལ་གྱི་པད་རྐང་མ། དངུལ་སྲང་ཉེར་དགུ་ཞོ་ལྔའི་ཏིང་བདུན་ཚར་གཉིས། དངུལ་སྲང་ལྔ་ཞོ་གསུམ་གྱི་གཏོར་ཆ་བདུན་ཚར། དངུལ་སྲང་ཆིག་བརྒྱ་བཅུ་གཉིས་དང་ཞོ་དྲུག་གི་བཀྲ་ཤིས་རྟགས་བརྒྱད་ཚར་གསུམ། དངུལ་གྱི་ལྡིང་སྤོས་སྲང་བཅུ་དགུ་ཞོ་དྲུག་པ། ཡང་སྲང་བཅུ་བཞི་ཞོ་ལྔ་པ། ལྕགས་ཀྱི་ལྡིང་སྤོས་བཀྲོལ་མ། རག་གི་སྤོས་ཕོར་གཉིས། དངུལ་གྱི་ཀ་པཱ་ལ་སྲང་བཅུ་བཞི་ཞོ་གསུམ་པ། གཡང་ཊིའི་པད་ཕོར་ཆེ་ཆུང་བདུན། དཀར་དཔྱད་བཅུ། བསེ་རུའི་རྭ་ཙན་དན་དཀར་དམར་གྱི་འབྲས་སྐྱོགས་དངུལ་གྱི་ནང་ཤ་ཡོད་མེད་བཅུ་དྲུག །གུ་གུ་ཤའི་ཏིང་བདུན་ཚར། རག་གི་མེ་དམ་རྒྱ་བཟོ་མ་ཆ། ཧོར་ཏིང་བདུན་ཚར། དཀྱུས་མ་བདུན་ཚར་དྲུག །ལི་རག་གི་མཎྜལ་གསུམ། ལྕགས་ལིའི་ཁྲུས་ལོང་གཉིས། དུང་དཀར་དངུལ་གཤོག་མ་གཡུ་སོགས་ཀྱི་ཕྲ་ལྡན་གཅིག་དང་རག་གཤོམ་མ་གཅིག །ཟངས་དམར་སེར་གྱི་རྒྱ་དུང་ཆ་གསུམ། འཁར་རྔ་བརྒྱད། འུར་ཏིང་བཞི། རྒྱ་སྤུབ་ལྔ། ཧོར་སིལ་གཅིག་ཐེ་བའི་སིལ་སྙན་བརྒྱད། འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེའི་དགང་བླུགས་བརྐོས་བཀྲོལ་ཚགས་མ། བརྡ་རུ་ཚགས་མ་གསེགས་བརྡར་དང་བཅས་པ། ཐེག་ཆེན་གན་དྲིལ་རྡོར་བཅས་བཅུ་


GLG007_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །ཀར་དྲིལ་རྡོར་བཅས་བདུན། གནམ་ལྕགས་ཀྱི་རྡོ་རྗེ་བཞི། རག་ཚ་གསེར་མའི་རྡོ་རྗེ་དགུ། གོས་དར་གྱི་འཕན་ཕྱེ་ཕུར་རྒྱལ་མཚན་སོགས་ཉེར་གཅིག །གོས་ཡོལ་གཉིས། བླ་བྲེ་བཅུ་བདུན། སྨན་ཙེའི་ཡོལ་བ་བཞི། གོས་བེར་བདུན། གོས་ཕོད་བརྒྱད། སྙན་དར་གོས་ལིང་དར་སོགས་ཚོས་ཁ་སྣ་ཚོགས་ཆིག་སྟོང་སུམ་བརྒྱ་གྱ་དྲུག་ལིང་ལུའི་གདུགས་ར་ཤེལ་གྱི་རྟོག་ལྡན་ཆེ་ལེགས། ལིང་སྐྱེར་གྱི་སྣམ་སྦྱར་གཅིག་དང་གོས་ལྷན་སྡེབས་ཀྱི་དྲ་བ་དྲ་ཕྱེད་བཟོ་བཀོད་ལེགས་པ་རྣམས་བསྒྲིག་བཅུག །མཆོད་ཁང་རི་མཐིལ་གྱི་ཆས། དབྱར་ཆོས་ལ་གཞི་གསུམ་ཆོ་ག །སྨོན་ལམ། དུས་མཆོད་ལེ་ཚན། དུས་གཏོར། གཏོར་འཕེན། ལོ་གསར། །དབྱར་ཕོགས། ཐུལ་པ་བརྗེ་ལེན། རྒྱ་རའི་དབྱར་ཆོས། ཚ་རའི་མར་དཔུས་བསྒྱུར་སོགས་སྔར་གཏོང་དེབ་རྙིང་ལ་ཞལ་གྲངས་བརྒྱ་བཞི་བཅུ་ཆུ་ལེན་མེ་འབུད་སོགས་སྐལ་གཏོང་སོ་ལྔ་སྐོར་དང་བཅས་ཅུང་ཟད་ཉུངས་སྐྱོན་ནས་གྲ་གསར་བརྒྱ་དྲུག་ཅུ་སྤར་བའི་ཕོགས། མགོན་ཆོས་ཀྱི་དུས་གཏོར་སྔར་ཡོད་བཅུ་བདུན་སྟེང་གསར་པ་བརྒྱད། དགའ་ཚལ་དུ་ལྔ་གྲའི་ཁར་འཕར་བཅོ་ལྔ་བསྣན་ཏེ་གཏན་སྡོད་ཉི་ཤུ། གཏོང་སྒོ་ཆ་ཕྲས་སྐྱོན་འདུག་པ་ཟུར་གསལ་ནང་ལྟར་འཕེལ་རྒྱས་བསྒྲུབས་པས་བསྟན་པ་སྤྱི་དང་ཁྱད་པར་བཀའ་གདམས་གླེགས་བམ་རིན་པོ་ཆེ་ནས་གསུངས་པ་བཞིན་བོད་འབངས་ཕན་བདེའི་རྩ་ལག་ཏུ་བསྐྲུན། ཚེས་བཅུར་གསང་སྔགས་བྱང་ཆུབ་གླིང་བླ་གྲས་དངོས་པོའི་ཚན་གྲངས་རིང་པོར་བརྐྱང་སྟེ་གྲ་ཚང་གི་ལུགས་ལྟར་འབྲས་གཤོངས་


GLG007_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྣང་མཁའ་འགྲོར་བརྟེན་པའི་རིང་འཚོའི་རྟེན་འབྲེལ་མཛད། འདི་ཉིན་ནས་སྨོན་ལམ་ཆེན་མོར་དགེ་འདུན་བདུན་སྟོང་བརྒྱད་བརྒྱ་སྐོར་ལ་ཡ་ཇུ་ཁོར་དྲུག་མ་ཆིག་བརྒྱ་ང་བཞི། རྟ་ཉིས་བརྒྱ་ཉི་ཤུ་དང་དྲེའུ་ང་དགུ། འབོ་དེ་ཙེའི་ཕྲེང་བ་རྐྱལ་པ་བཅོ་ལྔ། སྒེ་དོས་མི་རྒྱབ་མ་བཅོ་བརྒྱད། དེས་མ་ལྡང་པར་སེར་ལྗང་སྦག་ཞེ་གཅིག །བུ་རམ་ལྟང་ཙེ་སུམ་བརྒྱ་ཞེ་བརྒྱད་བཅས་འགྱེད་བཞི་བཏང་། ཚེས་བཅུ་གཅིག་ལ་ངེད་རང་གིས་མཁན་པོ། ཁྱབ་བདག་ཞ་ལུ་པ་ཆེན་པོས་སློབ་དཔོན། དབོན་པོ་ལོ་ཙཱ་བས་གསང་སྟོན། དགེ་སློང་འཇམ་དབྱངས་གྲགས་པས་དུས་བསྒོ་བ། མཆོད་དཔོན་ངག་དབང་ཤེས་རབ་དང་རིན་ཆེན་འཇམ་དཔལ་གྱིས་ཁ་སྐོང་བྱས་ཏེ། ཆོས་རྗེ་དབོན་རིན་པོ་ཆེ། གནས་རྙིང་ཞབས་དྲུང་གི་སྤྲུལ་སྐུ། མངོན་དགའ་བླ་མ་སྤོང་རོང་ཆོས་རྗེ་གསུམ་དང་། ཕྱི་དྲོ་དབུ་མཛད་བློ་བཟང་ཡོན་ཏན། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས། ཆོས་རྗེ་གུང་རུ་བ་དབང་རྒྱལ་རྡོ་རྗེ་གསུམ་རྣམས་བསྙེན་རྫོགས་བསྒྲུབས་ཤིང་དབོན་རིན་པོ་ཆེར་ངག་དབང་བློ་གསལ་མཆོག་ལྡན་དུ་གསོལ། ཚེས་བཅོ་ལྔར་བློ་བཟང་མགོན་པོ་རབ་བརྟན་སོགས་སོག་པོ་ལྔ་བཅུ་སྐོར། སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོ། བློ་བཟང་ལྷུན་གྲུབ། སྔགས་བན་ངག་དབང་འཕྲིན་ལས། བསྟན་འཛིན་དབང་པོ་སོགས་ཡན་ལག་བརྒྱད་ལྡན་གྱི་སྡོམ་པར་བཀོད། དཔོན་ཚང་ཚ་རོང་པས་རིང་འཚོའི་ཚན་གྲངས་བཏེག་ཅིང་དྲང་སྲོང་གཞན་ཕན་གླིང་དུ་འཛུགས་རྒྱུའི་རིང་འཚོའང་བརྩམས། ལྷ་ས། ར་མོ་ཆེ། པོ་ཏ་ལ། བྱམས་ཁང་། རྨེ་རུ་གསར་རྙིང་བཅས་པའི་རྟེན་རྣམས་ལ་


GLG007_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཆབ། སྙན་ཤལ། དངུལ་དཔྱད་ཀྱི་མཆོད་རྫས་ཕུལ། གསང་སྔགས་བྱང་ཆུབ་གླིང་པས་རིང་འཚོ་སྤེལ་ཞོར་ཨྱཻ་རིང་ཞག་བཅོ་ལྔའི་བར་བཏང་། བོད་འབངས་སྤྱིའི་བདེ་ཐབས་སུ་དབུས་གཙང་གི་རིས་མེད་དགོན་ཨང་དང་པོར་གྲ་པ་རེར་གཤོར་ཁལ་གསུམ་མ་དང་གཉིས་པར་ཁལ་གཉིས་མའི་ཁྱོན་བསྡོམས་ཁལ་ཆིག་འབུམ་དྲུག་ཁྲི་ཆིག་སྟོང་བརྒྱད་བརྒྱ་རེ་གསུམ་ཐོབ་པར་འབྲུ་གསེར་དངུལ། དཔུས་ཆ་སོགས་གང་འོས་སོང་། ཆོས་སྡེ་ཆེ་ཕྲ་ནས་དཔུང་གི་ཞར་འདེགས་ལ་ཕྱིན་པའི་སྡོམ་པ་ཕུལ་བ་དང་ཉམས་པ་རྣམས་སྐྱོར་བས་མཚོན་བཅའ་ཁྲིམས་བསྡམས་ཤིང་འཆད་ཉན་སྒྲུབ་མཆོད་ཆག་པ་རྣམས་སྔར་བཞིན་གསོ་བ། མགོན་ཁང་སོགས་ནས་གོ་མཚོན་ཁུར་བ་རང་སློག །ཆད་ལུས་ལ་རང་རང་ལུགས་བཞིན་བསྐང་བཤགས་བཟབས་རྒྱས་གཏོང་དགོས་ཚུལ་སོགས་ཀྱི་རྒྱུ་མཚན་བགྱིས། ཚེས་བཅུ་དྲུག་ལ་གྲ་ཚང་གི་གྲ་པ་ངག་དབང་ཆོས་འཇིན། བློ་བཟང་མཐུ་སྟོབས་སོགས་བསྙེན་རྫོགས་སོ་དྲུག་བསྒྲུབ་པ་དང་མུ་མཐུད་ཉིན་གསུམ་གྱི་བར་གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་སྡོམ་རྒྱུན་གསར་བ་བསྐྱར། ཚེས་བཅུ་བདུན་ལ་བཅོ་བརྒྱད་ཆོས་རྗེ། ཏྲེ་བོ་སྐུ་སྐྱེ། བར་བཟུང་ཚེ་རིང་དར་རྒྱས་སོགས་ལ་ཇ་གྲལ་བཏང་། རྩེ་ཚོགས་ངག་དབང་གྲགས་པས་གྲལ་སྐོར་གྱི་སྔོན་འགྲོར་གྲ་ཚང་གི་འདོན་ཆ་ཡོངས་རྫོགས་ཀྱི་རྒྱུགས་སྤྲད། དཀོན་གཉེར་སྔགས་རམས་པ་ཀུན་དགའ། བློ་བཟང་དཔལ་འབྱོར། ངག་དབང་དཀོན་མཆོག་གསུམ་གྱིས་ཡོན་སྦྱར་དངོས་པོའི་སྟེར་སྦྱིན་དང་བཅས་གྲ་ཚང་གིས་གཟིམས་ཆུང་རིང་འཚོར་གྲགས་པ་སྤེལ། ཕྱི་དྲོ་


GLG007_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཆེན་གྱི་སྤྲུལ་སྐུ་སོགས་དགེ་ཚུལ་བརྒྱད་བསྒྲུབས། ཚེས་བཅུ་དགུར་རྫིང་ཕྱི་མཁན་གཉེར། ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇི། སྡེ་པ་གྲགས་པ། རྒྱལ་བའི་འཕྲིན་ལས་པའི་སྐུ་སྐྱེ་བློ་བཟང་ཁུ་ཐུག་ཐུའི་མི་སྣ་སོགས་བོད་སོག་བརྒྱ་སྐོར་དང་ཕྲད། འབྲོང་རྩེ་རྒྱལ་ཕུར་ཁྱོ་ཤུགས་ཀྱི་ངོར་ཕ་བསོད་ནམས་དར་རྒྱས་ཀྱི་དོན་དུ་སྨོན་ལམ་བྲིས། ཉེར་བདུན་ལ་གསང་སྔགས་བྱང་ཆུབ་གླིང་སློབ་དཔོན་གྲ་བཅས་ལ་བྱིན་རླབས་བྱས། ཉེར་བརྒྱད་ལ་སྡོམ་རྒྱུན་གསར་པ་སེམས་དཔའ་སྤྲུལ་སྐུ་ངག་དབང་ཕུན་ཚོགས། སེར་འབྲས། རྒྱུད་སྟོད་སྨད་ཀྱི་ཞལ་སྔ་ནས་བཅས་བརྒྱད་ལ་ཕབ། ཉེར་དགུར་གསེར་དངུལ་གོས་དར་ཇ་རས་སོགས་ཀྱི་ཆོས་ཡོན་རྒྱས་པས་བསྙེན་བཀུར་ཏེ་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཉང་སྟོད་དཔལ་འཁོར་ཆོས་སྡེར་དལ་འགྲོས་ཀྱིས་ཆིབས་བསྐྱོད། ནད་རིམས་འཁྲུག་བརྩོད་བཟློག་ཐབས་སུ་ལྷ་ལྡན། ཟན་གཡང་། ཁྲ་འབྲུག་སོགས་མཐའ་འདུལ་ཡང་འདུལ་གྱི་གནས་ཆེན་རྣམས་སུ་ཐུགས་རྗེ་ཆེན་པོ། སེང་ལྡེང་ནགས་སྒྲོལ། སློབ་དཔོན་ཆེན་པོ། བླ་མ་རྡོ་རྗེ་གྲོ་བོ་ལོད་རྣམས་ཀྱི་སྐུ་བྲིས་འབུར་གང་རུང་གོ་ཡུལ་དང་བསྟུན་བཞེང་བ། ཁྱད་པར་སྟོད་ཕྱོགས་ཀྱི་མི་མཐུན་ཞི་ཕྱིར་རི་བོ་བཀྲ་བཟང་། པྲ་དུན་རྩེ། གྲོམ་པ་རྒྱང་། ཟབ་ཕུའི་མགུལ་བཞི་ནས་གཤིན་རྗེ་དམར་ནག་གི་མནན་སྲེག་འཕང་གསུམ། མ་མདོས། འགོང་པོ་ཨར་གཏད། བྱེ་བྲག་རི་བོ་བཀྲ་བཟང་དང་ཕུང་པོ་རི་བོ་ཆེར་མནན་པ་གཙོར་བཏོན། དེ་རྣམས་སུ་ཐུགས་ཀྱི་ལྷ་གསུམ་གྱི་སྒྲུབ་པ། སྤྱིར་སྣང་སྲིད་ལྷ་སྲིན་སྡེེ་བརྒྱད་དང་དེ་ནང་ནས་རྒྱལ་འགོང་


GLG007_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དམ་སྲིའི་འཚུབ་ལྷོངས་གཅོག་ཕྱིར་མཆིམས་ཕུར་པདྨ་དབང་ཆེན། ཡང་རྫོང་དུ་འཇམ་དཔལ་གཤིན་རྗེ། ཤེལ་བྲག་ཏུ་བདུད་རྩི་སྨན་སྒྲུབ། མཁར་ཆུར་ཡང་དག་ཧེ་རུ་ཀ་དང་རྡོ་རྗེ་གྲོ་ལོད། རིགས་གསུམ་མགོན་པོ་རྣམས་ཀྱི་སྒྲུབ་པ་འབྲེལ་མཚུངས་བྱེད་མྱོང་གིས་བསྟར་ཞིང་། ཕུང་པོ་གསུམ་པའི་མདོ་བཏོན། མི་དང་མི་མིན་བདུད་ཚོགས་ཀྱི་འཚེ་བ་བཟློག་ཕྱིར་འཇོམས་བྱེད་ཉི་ཟླ་ནག་པོའི་སྲུང་བཟློག་སྨིན་རྒྱས་སུ་བྱས། མཆོད་དཔོན་པས་ཞུ་རྟེན་དང་བཅས་དགོས་ཚུལ་ལ་བརྟེན་སྒྲགས་ཕུ་སྨོན་གྲོང་གཞིས་ཀ་བོད་འབྲོག་བསྡོམས་ཁྲལ་རྐང་བཅུ་གཉིས། ལག་ཡོང་བདུན་བརྒྱ་གྱ་དྲུག་རྩིས་སྤྲད། ཧོར་ཟླ་གཉིས་པའི་ཚེས་གཉིས་ལ་སྟག་རྩེ་ལྷ་རྒྱལ་རབ་བརྟན། མཱ་ལའི་མ་འཁོར་བཅས། བླ་མ་དགེ་འདུན་བསམ་འགྲུབ། མེར་གན་བློ་བཟང་། དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་རྒན་པ་ཨུའི་ཆིང་དར་ཁན་ནང་སོ། གཞོན་པ་གཉེར་པ་བསྟན་འཛིན་ཧུང་ཐའི་ཇིའི་མི་སྣ་སེ་ཆེན་ཆོས་རྗེ། ཨ་ཁའི་གྱི་མི་སྣ་བརྩོན་འགྲུས་དགེ་སློང་། ཆོ་ཁུར་ཨོ་པ་ཤིའི་མི་སྣ་ཚུལ་ཁྲིམས་རིན་ཅན། ཨ་དར་ཐའི་ཇིའི་མི་སྣ་ངག་དབང་བཀྲ་ཤིས། ཨོ་ཁེ་རེས་ཐའི་ཇིའི་མི་སྣ་བསྟན་པ་རིན་ཆེན་རྣམས་དང་། མཚོ་ཁ་ནས་ཨེར་ཏེ་ནི་ཁོ་ཤོའུ་ཆིའི་མི་སྣ་ཤི་ར་པཱ་ཐུར། མེར་གན་ཐའི་ཇིའི་མི་སྣ་ཆོས་རྒྱ་མཚོ། ཨེར་ཁེ་ཨུའི་ཆིང་གི་སོག་མོ། གཞུང་སོག་འགོ་པ་དགེ་སློང་འཇམ་དབྱངས། བུམ་ཐང་ཁར་པ་ནན་ཆིང་ཅན་སོགས་འགོ་པ་དགུ་རྣམས་ལ་བྱིན་རླབས་དང་། དམངས་སུམ་བརྒྱ་སྐོར་ལ་མེ་ཏོག་གཏོར། ཚེས་གསུམ་ལ་


GLG007_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གཏོར་མཆོད་པའི་ཉིན་སྔར་སྤྱི་འགྲེའི་ཚོགས་མཆོད་ལས་མེད་ནའང་གཞུང་དང་མཐུན་པ་ཞིག་འཛུགས་སྙམ་མཁའ་འགྲོ་ལྔ་མཉེས་པར་བྱེད་པའི་ཚོགས་མཆོད་འདོད་དགུའི་མཆོག་སྦྱིན་བརྩམས། ཚེས་བཞིར་བསམ་སྡིངས་ཨྱོན་མཚོ་མོ། རྨོག་ལྕོག་བླ་མ། མཚོ་ཁ་ནས་ཨེར་ཏེ་ནི་དའི་ཆིང་གི་མི་སྣ་གསར་འབྱོར་དྷ་ན། འབའ་གཞིས་སྡོད་བསམ་གྲུབ་གླིང་པ་དང་ས་བ་གྲུ་པ། ར་བ་སྟོད་བླ་ཟུར་སོགས་དང་ཕྲད། ཀ་བརྒྱད་སྦུགས་པ་བསོད་ནམས་དཔལ་མོའི་གཙུག་གཡུ་ཇོ་བོ་ཤཱཀྱ་མུ་ནེར་ཕུལ་བའི་ཚེ་དགོས་ཚུལ་བཞིན་སྨོན་ལམ། བྱང་གླིང་པས་རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་བཞེངས་པའི་རྒྱབ་ཡིག་བྲིས། ཤེལ་དཀར་ཆོས་སྡེའི་གྲ་པ་དཀའ་བཅུ་བློ་བཟང་རྡོ་རྗེས་སྨན་བླ། རྒྱན་འཇུག །འཇིགས་བྱེད། མགོན་ཆོས་རྣམ་སྲས། དམག་ཟོར་མ་རྣམས་ཀྱི་འདོན་ཆ་བཅས་པའི་རྒྱུགས་སྤྲད། ཚེས་ལྔ་ནས་བཟུང་ཟླ་བ་གསུམ་པའི་ཚེས་བདུན་གྱི་བར་རིང་འཚོ་སྤེལ་མི་བྱུང་བ་སོགས་དམིགས་བསལ་མ་གཏོགས་ནམ་ལངས་ས་རུབ་ལྟ་བུར་དགེ་ཚུལ་སློང་གི་སྒྲུབ་པ་ངེད་རང་གིས་མཁན་པོ། ལེགས་བཤད་གླིང་ཆོས་རྗེས་ལས་སློབ། གནས་བརྟན་འཇམ་དབྱངས་གྲགས་པས་དུས་བསྒོ་བ། སེམས་དཔའ་སྤྲུལ་སྐུ། གནས་རྙིང་སྤྲུལ་སྐུ། བློ་གསལ་གླིང་སློབ་དཔོན་ལེགས་པ་དོན་གྲུབ།གཡོན་རུ་སྐུ་སྐྱེ།ཆོས་འཁོར་སྟེང་སྐུ་སྐྱེ་ལྔ་རེས་མོས་ཀྱི་གསང་སྟོན། ཆོས་རྗེ་ན་བཟའ་གླིང་པས་གྲོགས་ལྡན། སྔགས་རམས་པ་དོན་གྲུབ་རྒྱ་མཚོ་དང་བཅས་དད་པའི་དགེ་འདུན་གྲངས་ཚང་གི་དབུས་ཤེར་འཕེལ་སྤྲུལ་སྐུ། ཅོ་ནེ་དང་བྱམས་གླིང་མཁན་པོ། །


GLG007_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་བྱང་ཆུབ་གླིང་། ཐར་པ་གླིང་། བདེ་ཡངས་པ། འདུལ་བ། སྔགས་པ། previous hit ཡེརབྲག next hit་དབར། སྦེ་སེར་རྣམས་ཀྱི་སློབ་དཔོན། བྱེས་དང་ཤེལ་དཀར་ཆོས་སྡེའི་བླ་ཟུར། ཁལ་ཁ་ཞབས་དྲུང་། ཀླུ་འབུམ་ཆོས་རྗེ། ཨེར་ཁེ་ཆོས་རྗེ། གཟིམས་ཤག་ཆོས་མཛད་སོགས་བསྙེན་རྫོགས་བསྐྱར་བ་དང་གསར་དུ་བཞི་བརྒྱ་ང་དྲུག །དགེ་ཚུལ་དྲུག་བརྒྱ་དང་དོན་བདུན་རྣམས་བསྒྲུབས་ཏེ་བསྟན་པ་ལ་ཅུང་ཟད་ཀྱི་བྱ་བ་བྱས་སམ་སྙམ། ཚེས་བཅུ་གཅིག་ལ་དགའ་ལྡན་ཧུང་ཐའི་ཇིས་ཚོགས་ཆས་དང་བཅས་རྙེད་པ་ཕུལ་དུ་ཕྱིན་པ་བསྟབ་སྟེ་གྲ་ཚང་ནས་མཁའ་འགྲོ་བསུན་བཟློག་སྔོན་སོང་གི་རིང་འཚོའི་ཆོ་ག་རྒྱས་པར་སྤེལ། ཚེས་བཅུ་བཞིར་མཆོད་དཔོན་པས་བདོག་པ་རིང་པོར་བཏེག་ནས་བསུན་བཟློག་དང་འབྲེལ་བའི་འཆི་མེད་འོད་སྣང་གི་ཚེ་ཆོག་བགྱིས། ཚེས་བཅོ་ལྔར་དབུ་སྒོར་ཆེ་བ་འཁོར་བཅས། གནས་གསར་རྗེ་དཔོན་མཁྱེན་རབ་རྣམ་རྒྱལ། འཇུན་པ། བོན་ཕྲུག་པ། ལྐོག་པ་བ། སྔགས་བན་ངག་དབང་རྒྱ་མཚོ་སོགས་ལ་བསྙེན་གནས་ཀྱི་སྒོ་ནས་མངོན་མཐོའི་ས་བོན་བསྐྲུན། ཨ་ཡོ་ཤིའི་དཔོན་མོ། སྲས་བཀྲ་ཤིས་རྒྱ་མཚོ། འཕགས་པ་ལྷའི་དབོན་པོ་རྣམས་ལ་ཇ་གྲལ་བཏང་། ཚེས་བཅུ་དྲུག་ལ་ཤེར་འཕེལ་སྤྲུལ་སྐུ་དང་མཇལ། ཚེས་བཅུ་བདུན་ལ་གཡོན་རུའི་མི་སྣ་ཉི་ཤུ་སྐོར་ལ་ངོས་ཕྲད་ཀྱི་ཡི་གེ་རྟེན་སྦྲགས་བླངས། ཚེས་ལྔ་ནས་བཅོ་བརྒྱད་བར་གྲ་ཚང་དུ་གཤིན་རྗེ་ཐམས་ཅད་འདུས་པའི་ཨྱཻ་རིང་ས་ཡ་ཆིག་འབུམ་ཉིས་སྟོང་དྲུག་བརྒྱ། དྲག་སྔགས་སོ་དྲུག་པ་དགུ་འབུམ་བཞི་ཁྲི་


GLG007_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སྟོང་ཉིས་བརྒྱ་རྣམས་བསྟར། ཉེར་བདུན་ལ་དགེ་སློང་འཇམ་དབྱངས་གྲགས་པས་རྡོ་རྗེ་སློབ་དཔོན་བྱས་པའི་བརྒྱད་གྲས་ནད་བདག་སྟོབས་འཇོམས་བཏང་བའི་སྔ་དྲོ་ངེད་རང་གི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་སློབ་དཔོན་པདྨ་སམ་བྷ་ཝའི་ཆ་ལུགས་སུ་ཞུགས་ཏེ་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱི་ཟབ་གཏེར་ལས་བྱུང་བའི་བཀའ་ནན་རབ་བརྗིད་ཀྱི་སྒོ་ནས་དྲེགས་པ་སྡེ་བརྒྱད་སོགས་བསམ་སྦྱོར་ངན་འཆང་མཐའ་དག་ཏིང་ངེ་འཛིན་གྱིས་མངོན་སུམ་དུ་བཀུག་སྟེ་བོད་འབངས་ཀྱི་མི་མཐུན་ཀུན་གཞིལ་ཞིང་མཐུན་རྐྱེན་རེ་བའི་འདོད་དོན་བསྒྲུབས་པའི་འཕྲིན་བཅོལ་དང་། ལོག་ལྟའི་ཚོགས་ཀྱི་ཚ་དབལ་མིང་གི་ལྷག་མའང་མ་ལུས་པར་བསྒྲལ་བས་ཆོས་སྲིད་ལེགས་ལམ་གྱི་སྒོ་འཕར་ཕྱེ། ཕྱི་དྲོ་རྒྱུད་སྡེའི་མངའ་བདག་བཅོ་བརྒྱད་ཆོས་རྗེ། མཁས་དབང་སྐྱེད་ཚལ་མཁན་པོ། གསུང་གླིང་བླ་ཟུར་ཤེས་ལྡན་བཤེས་གཉེན་རྣམ་རྒྱལ་རྣམས་དང་མདོ་སྔགས་དང་འབྲེལ་བའི་མོལ་མཆིད་ཀྱང་རྒྱས་པར་བྱུང་། ཉེར་གཅིག་ནས་བདུན་ཕྲག་གི་བར་གྲ་ཚང་གི་གྲ་པ་གྲངས་བཅད་སོ་སོས་རྡོ་རྗེ་དྲག་མོ་རྒྱལ། བསྟན་མ་བཅུ་གཉིས། རེ་མ་ཏཱིའི་གསང་མདོས་བཏང་། ངེད་རང་རིང་པོར་འཚོ་ཐབས་སུ་རྫོང་གཞིས་ཁ་ཤས་བསྡོམས་བསྐལ་བཟང་དང་བརྒྱད་སྟོང་པ་བརྒྱ་ཚར་རེ། སྨན་བླ་ཆིག་ཁྲི་ཉིས་སྟོང་། གདུགས་དཀར་ཉི་ཁྲི་ཆིག་སྟོང་། ཕྱག་འཚལ་ཉེར་གཅིག་བཞི་ཁྲི་ཉིས་སྟོང་། ཤེར་སྙིང་བྱེ་བ་གཅིག །ས་ཡ་བརྒྱད་སུམ་འབུམ་ཉི་ཁྲི་ལྔ་སྟོང་བདུན་བརྒྱ་དྲུག་ཅུ། ཚེ་གཟུངས་བརྒྱད་ཁྲི་བཞི་སྟོང་། སྲོག་བླུ་སུམ་བརྒྱ། ན་མཉམ་བརྒྱར་སྟོན་མོ་འགྱེད་བཅས། དབུས་


GLG007_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་རིས་མེད་དགོན་ཨང་དང་པོར་གྲ་བ་རེར་གཤོར་ཁལ་གཉིས་རེ། གཉིས་པར་ཕྱེད་གཉིས་རེ། གསུམ་པར་ཁལ་རེ་རྣམས་ཁྱོན་བསྡོམས་ཁལ་ཆིག་འབུམ་སུམ་ཁྲི་དགུ་སྟོང་དྲུག་བརྒྱ་ཐོབ་པར་འབྲུ། གསེར་དངུལ། དངོས་དཔྱད། དཔུས་ཆ་སོགས་གང་འོས་སོང་། བྱང་སྟག་རྩེའི་གཙུག་ལག་ཁང་དུ་ད་ལྟ་ཕན་མཆོད་པ་མི་འདུག་པ་འདི་ལོ་ནས་བཟུང་ཇི་སྲིད་བསྟན་པ་གནས་ཀྱི་བར་མར་མེ་སྡོང་རྐང་རེ་ཆག་མེད་དང་ཉ་སྟོང་བརྒྱད་གསུམ་ལ་མཆོད་འབུལ་གྱི་རྒྱུན་བཙུགས། སྡེ་པའི་རིམ་འགྲོར་ཕོ་བྲང་དུ་མདོ་མང་དང་དཀོན་བརྩེགས་བལྡབས་པའི་ཉེར་བཞི་རེ། མཚན་བརྗོད་ཆིག་སྟོང་སུམ་བརྒྱ་རེ་བརྒྱད། སྒྲོལ་མ་ཆིག་ཁྲི་སུམ་སྟོང་དྲུག་བརྒྱ་བརྒྱད་ཅུ། གདུགས་དཀར་ཆིག་འབུམ་སུམ་སྟོང་དྲུག་བརྒྱ་བཅུ་གཉིས། ཤེར་སྙིང་བརྒྱད་སྟོང་ལྔ་བརྒྱ་དོན་དྲུག །ཚེ་གཟུངས་ཆིག་འབུམ་སུམ་ཁྲི་དྲུག་སྟོང་བརྒྱད་ཅུ། བོད་ཁམས་སུ་ནད་རིམས་མི་འབྱུང་བའི་ཕྱིར་རྫོང་གཞིས་སོ་སོ་ནས་སྔ་འགྱུར་བ་གྲ་སློབ་བཅུ་རེས་ཞག་བཅུའི་བར་བསྟན་མའི་མདོས་གང་རྒྱས། བསྟན་ཇུས་རྒྱས་པའི་ཆེད་དགེ་ལུགས་དགོན་ཁག་རྣམས་ལ་མང་ཇའི་མཐུན་རྐྱེན་སྤྲད་པའི་བཤད་གྲ་ནས་མདོ་སྒྲུབ་དང་སྔགས་གྲས་གཏོར་རྒྱག་མཛད་བཅུག །སྔགས་པ་བན་གྲོང་པར་རིམ་གྲོ་སྒྲུབ་རྟེན་དུ་མལ་དྲོ་གསེར་ཏོག་དགོན་གྱི་སྤྲོད་ཆེ་ཕྲ་གྲ་བཙུན་གང་ཡོད་ལག་འདེབས་ཐོག་འོད་ཟེར་གྱང་ཁུལ་ནས་ཞིང་བསྣོན་བཅས་འབྲུ་མཁར་ཁལ་གོ་གཉིས་ཐོན་རྩིས། འབྲི་གུང་ཆོས་གཞིས་དོམ་ཁང་དང་མཐར་རྒྱས་བསྡོམས་བན་ཁྲལ་བརྒྱད་སྦྱར། ཤོ་པ་མདོར་


GLG007_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བཀའ་འགྱུར་རོ་ཅོག་སྐྱ་པོད་ཚར་གཅིག་མེ་འབྲུག་ནས་ལས་འགོ་བཙུགས་པ་ཟླ་བ་འདིར་འབྱོར། ཧོར་ཟླ་གསུམ་པའི་ཚེས་བཞིར་བི་ལིག་ཁེ་ཐའི་དམག་ནས་འཁོར་བ་དང་སན་བི་ལིག །ར་སྒྲེང་མཁན་པོའི་མི་སྣ། བསོད་ནམས་མགོན་པོའི་མི་སྣ། བྲག་དབར་གྲ་ཚང་གི་བླ་མ་དགེ་སྐོས། གྲ་ཕྱི་མེ་ལོང་དགོན་པའི་བླ་མ་སོགས་དང་ཕྲད་ཅིང་ཐའི་ཇི་བོ་ལོད་ལ་ཐམ་ག་དང་གྱོན་པས་མཚོན་དངོས་དཔྱད་ཇུ་རིག་ཐུ་ཁོ་ཤོའུ་ཇིའི་ཆོ་ལོ་དང་བཅས་བདག་རྐྱེན་དཔངས་བསྟོད་དེ་རྫོང་བདའ་བྱས། སོག་དམངས་སུམ་བརྒྱ་སྐོར་ལ་མེ་ཏོག་གཏོར། གྲ་ཚང་གི་གྲ་པ་ཁ་ཤས་ཀྱིས་དབང་ཕྱུག་ཟོར་མདོས་བཏང་། ཚེས་བདུན་ལ་རྒྱལ་གླིང་ཚོགས་མཁན་པོ། ཡང་དགོན་བླ་ཟུར། དཔལ་འཁོར་ཆོས་སྡེའི་གསེར་ཁང་གོང་དང་གསེར་གླིང་གི་བླ་མ། མཁའ་འགྲོ་དགེ་ཚུལ་མ། རྒྱས་གྲ་རབ་འབྱམས་པ། མཚུར་ཕུ་དང་སྟག་ལུང་གཉིས་ཀྱི་ཕྱག་མཛོད། འབྲོང་རྩེ་བ་རྒྱལ་ཕུར་རབ་བརྟན་སོགས་ཉིས་བརྒྱ་སྐོར་དྲུང་འཁོར་གསར་འབྱོར་ཁ་ཤས་དང་བཅས་པར་ཇ་གྲལ་བགྱིས། ཚེས་བརྒྱད་ལ་མགོན་པོ་ཆེ་ཆུང་ལས་མཁན་དང་བཅས་ལ་མཆོད་སྤྲིན་རྒྱས་པར་སྤྲོས། ཚེས་བཅུར་དབུ་སྒོར་ཆེ་བའི་མས་བེར་གདན་དངོས་པོ་སྤམས་བསྟོད་དེ་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་ཚེ་ཆོག་གྱེར་བྲེས་པ་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེའི་སྐུ་སྐྱེ་མྱུར་འབྱོན། སྤུན་བདུན་ལྷུན་གྲུབ་རྒྱ་མཚོས་རྗེ་བཙུན་བཙོང་ཁ་པའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག །ཚེས་བཅུ་གཉིས་ལ་རྡོ་རྗེ་བྲག་རིགས་འཛིན་སྤྲུལ་པའི་སྐུས་བསྐུལ་མ་མཛད་པའི་རྟ་མགྲིན་ཡང་


GLG007_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གསང་གི་ཞི་བའི་སྦྱིན་སྲེག་ཆོག་སྒྲིགས་ཡེ་ཤེས་སྣང་བ་རབ་འབར། ཚེས་བཅུ་གསུམ་ལ་སོ་ཐར་སྡོམ་བརྒྱུད་ཀྱི་གསོལ་འདེབས། འབྲས་སྤུངས་ཚོགས་ཁྲོའི་ཁ་བྱང་ལེ་ཚན་རྣམས་བརྩམས་ཤིང་སྤུན་བདུན་པ་ལྷུན་རྒྱམ་མཚོ་ཁར་དོན་གཅོད་ལ་བརྫངས། ཉེར་བཞིར་ཐོད་རི་བཤད་སྒྲུབ་གླིང་གི་གྲ་པ་རབ་འབྱམས་པ་བློ་བཟང་རིག་འཛིན་གྱིས་དབུ་མ་འཇུག་པ་དང་། འགྲེལ་པ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཀྱི་རྒྱུགས་སྤྲད། ཉེར་ལྔ་ལ་གྲ་ཚང་ནས་ཕྱིར་བཟློག་འཁོར་ལོ་འབར་བ་བྱེ་བ་དང་། ཉེར་དྲུག་ནས་གྲ་པ་གྲངས་བཅད་ཀྱི་རྡོ་རྗེ་སློབ་དཔོན་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་བྱས་ཏེ་ཞག་བདུན་གྱི་བར་སྔགས་རྒོད་ལོག་ཊིའི་སྲུང་བཟློག་ཐུན་མོང་བ་བཙུགས། གངས་ཅན་བདེ་བའི་རྟེན་འབྲེལ་དུ་ལྷ་ས། བསམ་ཡས། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་སུ་གསེར་ཕྲུ་གསར་དུ་བསྐྲུན། ངེད་ཀྱི་རིམ་གྲོར་ལྷ་སར་སྨན་བླ་ཆིག་སྟོང་ལྔ་བརྒྱ། བཟང་སྤྱོད་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱ། གདུགས་དཀར་ཆིག་འབུམ་ཆིག་ཁྲི་ལྔ་སྟོང་དྲུག་བརྒྱ་སུམ་ཅུ། ཕྱག་འཚལ་ཉེར་གཅིག་ལྔ་འབུམ་བདུན་ཁྲི་ཆིག་སྟོང་བརྒྱད་བརྒྱ་བདུན་ཅུ། ཤེར་སྙིང་དགུ་སྟོང་ལྔ་བརྒྱ། བྱམས་སྨོན་ཆིག་ཁྲི་ལྔ་སྟོང་། ལྟུང་བཤགས་ཆིག་ཁྲི་ལྔ་སྟོང་ལྔ་བརྒྱ། ཚེ་གཟུངས་ཆིག་འབུམ་ཉི་ཁྲི་ལྔ་སྟོང་སུམ་བརྒྱ་བདུན་ཅུ། ཁྲུས་གསོལ། གསང་སྔགས་བྱང་ཆུབ་གླིང་པ་བརྒྱས་ཟླ་གཅིག་བར་ཕྱིར་བཟློག་འཁོར་ལོ་འབར་བ། བན་པ། ཐེག་ཕྱི། མཁོ་མཐིང་། པྲ་དུན་རྩེ། དགེ་རྒྱས་རྣམས་སུ་འཕན་བླ་བྲེ་ཕྱེ་ཕུར་རྒྱལ་མཚན་སྙན་


GLG007_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་དང་བཅས་སྨིན་རྒྱས་ཕུལ། ཧོར་ཟླ་བཞི་པའི་ཚེས་གཅིག་ལ་འབྲོང་རྩེ་རྒྱལ་ཕུར་གྱིས་རབ་སྟོན་སྐལ་པའི་དཀར་དྲོ་བཏེག་ཅིང་། ཨེར་ཏེ་དའི་ཆིང་གི་བུ་རབ་འབྱམས་པ་བློ་བཟང་བཀྲ་ཤིས་དང་། བསྟན་འཛིན་ཧུང་ཐའི་ཇིའི་མི་སྣ་ཆེ་ཆེན་ཆོས་རྗེ་གཉིས་ཀྱིས་བསྐུལ་བའི་སྨོན་ལམ། བི་ལིག་རབ་འབྱམས་པའི་ངོར་མགོན་པོ་ཕྱག་དྲུག་པར་བརྟེན་པའི་བླ་མའི་རྣལ་འབྱོར་རྒྱུན་འཁྱེར། ཚོང་འདུས་བྱ་ཁྲིད་མིག་གཅིག་པའི་འཕྲིན་ལན་སྙན་ཚིག་གི་ལམ་ནས་དྲངས་པ་བརྩམས་ཏེ་སྤེལ། ཤོ་མདོ་ལྷུན་གྲུབ་མི་འགྱུར་རབ་བརྟན་དུ་དགའ་ལྡན་བཤད་སྒྲུབ་གླིང་པ་ལྔ་བཅུ་རེས་ཇི་སྲིད་བསྐལ་པའི་བར་ལོ་སྟར་ས་ག་ཟླ་བའི་ཚེས་བདུན་ནས་ཟླ་གཅིག་གི་རིང་ཚེ་ཆོག་བཙུགས། ཚེས་བཅུ་བཞིར་ཇོ་བོ་ཤཱཀྱ་མུ་ནེར་གསེར་ལྗང་བརྡུངས་ལ་སྐྱེ་བ་ལྔ་པའི་དུང་གཡུ་མུ་ཏིག་སོགས་ཕྲ་ཚོམ་བཟོ་བཀོད་ཕུན་སུམ་ཚོགས་པའི་མགུལ་རྒྱན་དཀར་ཆག་གཟོང་རིས་དང་བཅས་ཕུལ་ཞིང་འདར་ལོ་འཁོར་ཞག་ནས་འཁོར་བ་དང་ཕྲད། ཚེས་བཅུ་དགུར་ཕྱི་མཚམས་གྲོལ་བའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་སྤྱི་སྒེར་ནས་རུང་མཐུན་གོས་སྣ་ཆ་ཚང་སོགས་བདོག་པ་རྒྱ་ཆེར་བརྐྱང་ཞིང་ཚོགས་ཀྱི་འཁོར་ལོའི་རྫས་དང་བཅས་བསུན་བཟློག་སྔོན་སོང་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བའི་རིང་འཚོའི་ཆོ་ག་སྨིན་རྒྱས་མཛད། ཚོགས་མགྲོན་དུ། རྡོ་རྗེ་བྲག་སྤྲུལ་སྐུ། གཏེར་སྟོན་རིགས་འཛིན་ཆེན་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གྱི་སྤྲུལ་སྐུ། རྒྱལ་ལེགས་བཤད་གླིང་ཆོས་རྗེ། གསང་སྔགས་བྱང་ཆུབ་གླིང་དང་དོན་གཉིས་གླིང་སོགས་ཀྱི་སློབ་དཔོན་ཡང་ཡོད། ཚེས་ཉི་ཤུར་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་


GLG007_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ནོང་གིས་ཀྱང་གོས་སྣ་ཆ་འགྲིག །བཟང་ཇ་ཁོར་དྲུག་བཞི་བཅུས་གཙོས་པའི་སྟེར་ཆ་སྤམས་མཐོ་ཚོགས་འགྱེད་དང་བཅས་རིང་འཚོའི་རྟེན་འབྱུང་རྒྱས་པར་བསྒྲིགས། གནམ་སའི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོས་ཀྱང་རུང་གོས་སྣེ་ཚང་སོགས་དངོམ་ཆེའི་དགུ་ཚན་བཅོ་ལྔ་ཚོགས་ཡོན་བཅས་ཉིན་སྔ་མ་དང་མཚུངས་པ་ཉེར་གཅིག་ལ་བསྟར། ཉེར་གཉིས་ལ་ཆོས་ལུང་ཚོགས་མཁན་ཆེན་གྲ་བཅས་ཀྱིས་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་ཡུམ་གྱི་དགོངས་རྫོགས་ཀྱི་གསེར་ཞོ་ཕྱེད་ཉིས་བརྒྱ་ལས་གྲུབ་པའི་མཎྜལ་གཡུ་དྲུག་དཀར་གྱི་ཕྲ་བཀོད་ལེགས་པས་ཐོག་དྲངས་ཟང་ཟིང་ཚན་གྲངས་སྤེལ་ཏེ་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པས་ཉི་བུའི་གཡུལ་ལས་རྒྱལ་བར་གྱུར། མཎྜལ་འགངས་ཅན་དེ་ཕན་བདེ་ལེགས་བཤད་གླིང་པའི་མཆོད་རྫས་སུ་སྦྱར། ཆོས་འཁོར་ཡང་རྩེ་དང་དུམ་བུ་ཆོས་འཁོར་བ་གཉིས་ཀྱི་སློབ་དཔོན་གྲ་བཅས་ཀྱིས་ཚན་གྲངས་སྔོན་འགྲོའི་སོ་སོའི་ལུགས་བཞིན་བདེན་ཚིག་གི་སྨོན་ལམ་ཤིས་པ་བརྗོད་པས་མཐའ་བརྟེན་ཉེར་གསུམ་ལ་འཕྱོས་པ་སྔགས་རམས་པ་བསོད་ནམས་རྒྱལ་མཚན་གྱིས་འགན་སྦྱར་སོགས་བདོག་པ་བཏེག་ནས་གྲ་ཚང་གིས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། དེ་གྲོལ་ནས་རྡོ་རྗེ་བྲག་རིགས་འཛིན་སྤྲུལ་པའི་སྐུ་གྲ་སློབ་དང་བཅས་པས་གོས་སྣ་ཆ་འགྲིག་དངོས་པོའི་ཚན་གྲངས་སྤེལ་ཏེ་རིགས་འཛིན་ལེགས་ལྡན་རྡོ་རྗེའི་ཟབ་གཏེར་ཚེ་དཔག་མེད་བདུད་རྩི་འཁྱིལ་པ་དང་འབྲེལ་བའི་བླ་མ་དགོངས་འདུས་ཀྱི་ལུག་གཟུགས་ལ་བརྟེན་པའི་བསུན་བཟློག་དང་བཅས་མཛད་པ་བྱིན་ཆགས་ཤིང་


GLG007_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བརྟན་པའི་དགོས་པ་འགྲུབ་བམ་སྙམ། སྤྲུལ་སྐུ་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་བདུན་སོགས་གསུང་བཤད་མཛད་པ་ཐམས་ཅད་ཀྱི་ཡིད་ཀྱི་དབང་པོའི་གསོས་སྨན་དུ་གྱུར། ཕྱི་དྲོ་སྐུ་རྐྱང་དང་ཇ་གཉིས་ཀྱི་བར་གསུང་གླེང་ཞིབ་པར་བྱུང་། ཉེར་བཞི་ལ་དགའ་ལྡན་གསུང་རབ་གླིང་བླ་སྤྱི་འདུས་སྡེ་དང་བཅས་པས་དངོས་པོ་མཎྜལ་དུ་བཏེག་ནས་བདེན་བརྗོད་དབྱངས་སུ་གྱེར། དེ་གྲོལ་རྗེས་ཅོ་ནེ་ཆོས་རྗེ། ཤངས་རི་བོ་དགེ་འཕེལ་གྱི་མཁན་ཟུར་ལྕགས་རམས་པ། ཐང་བུ་ཞལ་སྔ་ནས་ངག་དབང་བཀྲ་ཤིས། ཐང་སག་བླ་ཟུར་མདོ་སྡེ་རྒྱ་མཚོ། དོན་གཉིས་གླིང་། གསེར་ཁང་གོང་། རྒྱང་རོ་ལྷ་ཁང་། གསེར་གླིང་རྣམས་ཀྱི་སློབ་དཔོན། སྙེ་མདོ་ཆོས་རྗེ། ཆོས་དབང་གདུང་བརྒྱུད་ཁམ་མོ་བ། དཔལ་དེ་རས་ཆེན། རྩེ་ཆེན་གྲུབ་ཆེན། ཤ་གཟུག་སྐུ་སྐྱེ། ཁམས་མེ་རག་བླ་མ་རྒན་གཞོན། སྐྱེད་སྦུག་སྤྲུལ་སྐུ། ཨ་ཇོ་རྫོང་སྤྲུལ་སྐུ། ཨུལ་ཇོའི་ཐུ་དར་ཁན་རབ་འབྱམས་པ། ཐོས་པ་དགའ། དཔོན་མོ་ཚེ་རིང་། བླ་མ་ལྷ་པ། རྡོ་རྗེ་བྲག་གི་གྲ་པ་སུམ་ཅུ་སྐོར་དང་མོན་བུམ་ཐང་དུ་དུག་སྔགས་རྒྱག་པར་འགྲོ་མི་བཞི། སྒེར་པ་བ་གཞོན་པ། བདེ་མཆོག་མགོན་པོའི་བུ། འབྲུག་ཀུན་བཟང་ཕ་བུ། གངས་མཚོ་བའི་བུ། སྤྱི་དཔོན་གསུམ། སྡེེ་དཔོན་ཉེར་གཉིས། བསམ་དར་ནས་ཕ་བུ། མཆོད་དཔོན་པའི་ཇོ་ཇོ་དཔལ་གྲོང་སྔགས་རམས་པའི་མ། རྩེས་དང་ལྔ་མཆོད་པ། སྒར་པ་གྲ་ཚང་། ཆོས་འཁོར་ཡང་རྩེ། སྙེ་ནང་དགའ་ལྡན་འཕེལ་གླིང་། ཨ་ཙ་ལྷ་རི། ཡེར་པ་གྲ་ཚང་རྣམས་ཀྱི་གཉེར་པ་སོགས་དང་ཕྲད་དེ་སོ་སོར་དྲི་རྨེད་དང་། ལྷག་ཏུ་


GLG007_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དེ་རས་ཆེན་གྱིས་སྤྱིར་ཉམས་རྟོགས་སྣ་ཚོགས་པ་ཤར་ཚུལ་དང་། ཁྱད་པར་སྣོད་བཅུད་ཐམས་ཅད་ཐོག་མར་གཟུགས་སུ་གྲུབ་པ་ལ་ལེགས་པར་བརྟགས་ཚེ་ཀ་དག་གི་དབྱིངས་སུ་ཡལ་འགྲོ་བ་དང་། སྐབས་འགར་སྲིད་རྩེ་ནས་མནར་མེད་བར་གྱི་གཟུགས་ཅན་གཟུགས་མེད་མངོན་སུམ་དུ་མཐོང་བ་དེའང་སྟོང་པའི་ངང་དུ་ཐིམ་པས་འཆར་ཚུལ་བཟང་པོ་དང་། རྩེ་ཆེན་གྲུབ་ཆེན་གྱིས་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་ནས་དབང་ཁྲིད་མན་ངག་སོགས་རྒྱ་མ་ཆུང་ཙམ་ཞུས་ཤིང་དེ་དོན་སྒྲུབ་པ་རྩེ་གཅིག་ཏུ་བྱེད་བློ་བྱས་ཀྱང་ལས་སྒྲིབ་ཆེས་པས་ཡིན་ནམ་ཉམས་རྟོགས་གང་ཡང་སྐྱེ་རྒྱུ་མ་བྱུང་ཟེར་བའི་དམན་ཆ་ལེན་པ་གང་ཟག་གི་ཚོད་གང་ཟག་གིས་འཛིན་མི་ནུས་པར་བཤད་པས་སྔོན་གྱི་ལས་ཤུགས་དང་བཅས་གཉིས་ཀ་ཚད་ལྡན་ཡིན་ནམ་སྙམ་པ་དང་། དཔལ་དེ་རས་ཆེན་ལོའང་རིང་པོར་འཚོ་ཞིང་ཉམས་རྟགས་བརྗོད་པར་ཡིད་མི་ཆེས་པའང་མ་བྱུང་། བསམ་དར་ནས་དང་དཔལ་གྲོང་སྔགས་རམས་པའི་མར་བཀའ་བསྒོ་དང་བོད་སོག་ཉིས་བརྒྱ་སྐོར་ལ་མེ་ཏོག་གཏོར། འཕྱོང་རྒྱས་མངའ་ཁུལ་སྐྱ་སེར་རགས་བསྡུས་ཀྱིས་སྣམ་ཕྲུག་གཙོར་བཏོན་གྱི་བདོག་པ་འགྱེད་དང་བཅས་ཉེར་ལྔར་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་གྲོལ་ནས་རྒྱལ་སྲས་ཤེར་འཕེལ་བས་གཙོས་རི་བོ་བདེ་ཆེན་པ་སོགས་རིང་འཚོ་སྤེལ་མི་ངོ་བོ་རྣམས་དང་། རྩེ་ཚོགས་མཁན་ཟུར། བཀྲ་ཤིས་སྒང་དྲུང་ཆེན་བཅས་པར་ཇ་གྲལ་བགྱིས། ཉེར་དྲུག་ལ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། དོན་གཉིས་གླིང་སློབ་དཔོན་པ། རྩེས་དང་ལས་


GLG007_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པ་སོགས་ལ་བསྐྱར་སྒྲུབ་དང་གསར་པ་ཉེར་དགུ་ལ་སྡོམ་པ་ཕབ། ཉེར་བདུན་ལ་རིགས་འཛིན་སྤྲུལ་པའི་སྐུར་སྐྱེས་ལན་བྱིན་རླབས་བཀའ་བསྒོ་དང་བཅས་རང་གི་བསྟི་གནས་སུ་དལ་འགྲོས་ཀྱིས་གཤེགས་ཤིང་། དབུ་སྒོར་ཆེ་བ་དང་དགེ་འདུན་མིང་སྲིང་ལ་བཅུ་གཅིག་ཞལ་གྱི་རྗེས་གནང་། ཚེ་དབང་། བྱིན་རྟེན། ཤལ་དཀར་དམར་སྣམ་ཕྲུག་སོགས་ཀྱི་སྟེར་སྦྱིན། ནང་རྟེན་རགས་བསྡུས་ཀྱི་མཇལ་ཁ། གཡོག་ལ་མེ་ཏོག་གཏོར་བ་སོགས་རེ་བ་བཀང་སྟེ་ཐོན། རྟ་ནག་སྒྲོལ་མ། འཇུན་པ། སྐྱར་པོ་བ་སོགས་དང་ཕྲད། དགའ་ལྡན་ཆོས་འཁོར་ཡང་རྩེའི་སློབ་དཔོན་པ་སོགས་བཅོ་ལྔར་སྡོམ་རྒྱུན་གསར་པའི་ངུར་སྨྲིག་གོས་ཀྱིས་ལྷབ་ལྷུབ་ཆེས་ཆེར་གཡོས། ཉེར་བརྒྱད་ལ་སྐྱོར་ལུང་མཁན་པོ་དང་སློབ་དཔོན། ཨེམ་ཆི་བྱང་ངོས་པ་སོགས་ལ་ཇ་གྲལ་བཏང་། དྲུང་འཚོ་ངག་དབང་ལྷག་བསམ་སོགས་བསྐྱར་སྒྲུབ་དང་བཅས་ཉེར་བདུན་གྱིས་བསྙེན་རྫོགས་བསྒྲུབས། ཉེར་དགུ་རི་བོ་བདེ་ཆེན་པ་དང་གསུང་རབ་གླིང་པ་སོགས་བསྙེན་རྫོགས་ཉེར་བཞི་དང་། གནམ་གང་ལ་དགེ་ཚུལ་ལྔ་བཅུ་ང་ལྔར་སྡོམ་པ་ཕབ། ཨེར་ཁེ་ཆོས་རྗེ་གྲ་བཅས་ལ་སྣམ་ཕྲུག་སོགས་རྫོང་བདའ་དང་། ལྷ་ས། ར་མོ་ཆེ། པོ་ཏ་ལ་གསུམ་དུ་བརྒྱ་མཆོད་སྣ་ལྔ། གསེར་ཆབ། སྙན་ཤལ། རིགས་ལམ་སྨྲ་བའི་འབྱུང་གནས་གསང་ཕུའི་གཙུག་ལག་ཁང་གི་སྟེང་གཉྫི་ར་གསེར་ཟངས་ལས་གྲུབ་པ་གསར་དུ་བཙུགས། ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་དགེ་ཚུལ་ལྔ་བཅུ་ང་དྲུག་བསྒྲུབས། བོད་ཁམས་བདེ་ཐབས་སུ་ལྷ་སར་རིགས་འཛིན་


GLG007_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བདག་གླིང་པ་གྲ་སློབ་ཉེར་ལྔས་ཁྲོ་རོལ་སྒྲུབ་ཞག་བདུན། བསྟན་མའི་མདོས་ཉིན་ལྔ། ཚོགས་བརྒྱ་ཉིན་གསུམ། རབ་གནས་དང་སྦྱིན་སྲེག་ཉིན་རེ་གནང་བའི་རབ་ཡོན་གཏེར་སྟོན་རིན་པོ་ཆེར་དགུ་ཚན་དངོས་གཙང་། ལོ་ཆེན་སྐུ་མཆེད་ལ་སུམ་ཚན་རེ། བྱིངས་ལ་བཀྲས་བཏགས་རེ། རིམ་གྲོ་ལེ་ཚན་གཞན་གྱི་ཡོན་ཐེགས་གདོང་སྐྱེས་ཀྱི་ཁོངས་སུ་འཐུས་རྒྱུ་དང་། ལོ་ཆེན་མཆེད་ལ་ཉིན་ཁལ་རེ་མ། དམངས་ལ་ཁལ་ཕྱེད་མ་བསྡོམས་ཡ་ཇུ་ཁོར་དྲུག་མ་གསུམ། ཁྲོ་རོལ་གྱི་རྒྱབ་ཆོས་པ་སྒོ་མངས་དང་བློ་གསལ་གླིང་བསྒྲིལ་བ་བརྒྱས་ཞག་བདུན་པར་ཤེར་སྙིང་ཆིག་འབུམ་སུམ་ཁྲི་ཉིས་བརྒྱའི་ཡོན་གྲ་པ་རེར་ཁལ་ཕྱེད་མར་ཡ་ཇུ་ཁོར་དྲུག་བཞི་སོང་། ཚེས་གཉིས་ལ་སྟག་རྩེ་ཐའི་ཇི། ཆོས་འཁོར་ཡང་རྩེའི་བླ་མ་དབུ་ཆོས། གསུང་རབ་གླིང་གི་དབུ་ཆོས་གཉེར་པ། ཀོང་པོ་བཀྲ་ཤིས་རབ་བརྟན་པའི་གཉེར་པ། བསྟན་འཛིན་ཧུང་ཐའི་ཇིའི་མི་སྣའི་ཇོ་ཇོ། དཔལ་དེ་རས་ཆེན་པ། རྩེས་དང་ལས་ཆེན་པ་རྣམས་དང་ཕྲད། གསུང་གླིང་པ་བརྒྱ་ཉེར་གཅིག་དང་། ཆོས་འཁོར་ཡང་རྩེ་བ་བརྒྱ་གོ་གསུམ་ལ་མེ་ཏོག་གཏོར། བོད་འབངས་ལ་གཉན་ནད་སོགས་མི་བདེ་བ་མི་འབྱུང་བའི་ཆེད་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་གྱི་གངས་མགུལ་དུ་རྟེན་མཁར་འཛུགས་པར་གནང་བྱུང་པ་ངག་དབང་མཁྱེན་བརྩེ་དང་དན་འབག་བློ་བཟང་དབང་རྒྱལ་བརྫངས། ཚེས་ལྔར་མདའ་དཔོན་དམ་རུ་བ། ཁང་དམར་བ། ཕོ་ལྷ་བ། རྟ་ཕུག་པའི་བུ་སོགས་ལ་ཇ་གྲལ་བགྱིས། ཚེས་བདུན་ལ་སྟག་རྩེ་ཐའི་ཇི་རྡོ་རྗེ་རྣམ་རྒྱལ།


GLG007_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཟིམས་ཁང་ཤར་བླ་ཟུར། སྔགས་འཆང་ཆུ་སྤེ་སྟེང་བ་སོགས་དང་ཕྲད་ཅིང་སྐྱིད་ཤོད་སྤྲུལ་སྐུའི་ངག་མ་ཕྲན་བུ་ཉན། འདི་ཉིན་ནས་བཟུང་ལྷ་ལྡན་ཁྱམས་རར་གྲ་ཚང་གི་གྲ་པ་ཡོངས་རྫོགས་ཀྱི་རྡོ་རྗེ་སློབ་དཔོན་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་བྱས་ཏེ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་པ་ཞག་བདུན་འཆམས་དབྱངས་སོགས་རྒྱས་པ་སྔོན་སོང་གིས་ཚེས་བཅུ་བཞིར་སྟ་གོན་དང་བཅོ་ལྔར་དངོས་གཞིའི་སྒོ་ནས་འཕྲུལ་སྣང་གི་རྟེན་དང་བརྟེན་པའི་ལྷ་ཚོགས་རྣམས་ལ་རིགས་མཐུན་པ་དང་མི་མཐུན་པའི་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་བསྟིམ་ནས་ནུས་ལྡན་དུ་བསྒྲུབས་པས་བསིལ་ལྡན་ལྗོངས་ཀྱི་བདེ་སྐྱིད་དབྱར་མཚོ་ལྟར་སྤེལ་བའི་ལེགས་ཚོགས་འགྲིག་པ་སློབ་དཔོན་སངས་རྒྱས་གཉིས་པས་ཟབ་གཏེར་མང་པོར་ཆོས་རྒྱལ་དང་ཨྱོན་གྱི་གནས་ཆེན་ཚོར་རབ་གནས་སོགས་ལས་བཞི་བསྟར་དགོས་པར་གསུངས་པའི་དགོངས་དོན་བཞིན་ལག་ཏུ་བླངས། ཚོགས་པ་ཁག་གཉིས་ཀྱི་ཕྱེད་ཀྱི་རྡོ་རྗེ་སློབ་དཔོན་སྔ་མ་དང་བཅས་པས་འཆར་ཀའི་མདོས། ཕྱེད་ཀྱི་རྡོ་པ་དགེ་སློང་ཕྱག་རྡོར་དབང་ཕྱུག་གིས་བྱས་ཏེ་དཔལ་ལྡན་འདོད་ཁམས་མའི་གསང་མདོས་ཉིན་བདུན་རེ་བཏང་བའི་ཁོངས་ཞོགས་གསུམ་བརྒྱགས་རྔན་བཏང་། རབ་སྟོན་ཉིན་གྱིས་མཚོན་པར་བཀུར་སྟི་བཟབས་རྒྱས། རབ་ཡོན་རྡོ་རྗེ་སློབ་དཔོན། དབུ་མཛད། མཆོད་དཔོན་པ་གསུམ་སོ་སོར་དགུ་ཚན་བཟང་བ་རེ། དབུ་མཛད་ལས་ཐོག་པར་དགུ་ཚན་འབྲིང་། དགེ་སྐོས། གཉེར་པ། དཀོན་གཉེར་སོ་སོར་བདུན་ཚན་རེ། ཆབ་རིལ་བ། ཇ་མ། དུང་པ་གཉིས་སོ་སོར་ལྔ་ཚན་རེ། མཆོད་གཡོག་ལས་བྱེད་དགུར་བདུན་


GLG007_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་འབྲིང་། གྲ་པ་བརྒྱ་རེ་བདུན་སོ་སོར་བཀྲས་བཏགས་ཆེ་བ་རེ། གོས་དམར་སེར་གང་རུང་དཔུས་ལེགས་ཁ་རེ། གསེར་ཞོ་རེ། རིམ་གྲོ་གཞན་རྣམས་ཀྱི་ཡོན་བསྡོམས་རྡོ་རྗེ་སློབ་དཔོན་དང་མཆོད་དཔོན་པར་བདུན་ཚན་རེ། དབུ་མཛད་ལ་ལྔ་ཚན། རྣམ་གཞག་བྱིངས་ལ་བཀྲས་བཏགས་རེ། གྲ་པ་རེར་དངུལ་སྲང་དོ་རེ། འཆར་ཀའི་རྒྱབ་ཆོས་པ་སེ་ར་བྱེས་སྨད་བསྒྲིལ་བ་བརྒྱས་ཞག་བདུན་བར་ཤེར་སྙིང་ཆིག་འབུམ་སུམ་ཁྲི་ཉིས་བརྒྱ། དེ་དང་ཕྱོགས་མཐུན་ཟླ་བ་འདི་དང་ཕྱི་མར་པུར་རྒྱལ་བསྟན་འགྲོའི་བདེ་སྐྱིད་སྤེལ་བའི་ཕྱིར་བསམ་ཡས་སུ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེས་གཙོས་གྲ་སློབ་ཉེར་དགུས་ཕུར་སྒྲུབ་ཞག་བདུན། རབ་གནས་སྦྱིན་སྲེག་ཉིན་རེ། འཆར་ཀའི་མདོས་ཟོར་དང་ཀི་ཀང་གི་དགྲ་མནན་སྒྲུབ་ཞག་བདུན་རེར་ཞབས་ཏོག་སྔར་རྒྱུན་བཞིན་ལ་ཡོན་སྤྲུལ་སྐུ་རིན་པོ་ཆེར་དགུ་ཚན་གཉིས་དང་བདུན་ཚན། དཔལ་རི་བ་རྡོར་སློབ་ཐེ་བའི་ཉེར་གསུམ་གྱིས་ཁྲོ་རོལ་ཞག་བདུན། ཚོགས་བརྒྱ་ཉིན་གཉིས། བརྒྱགས་རྔན་ཉིན་གཅིག །རྒྱབ་ཆོས་པ་རྡོ་དགའ་ལྡན་རྣམ་རྒྱལ་བ་བཞི་བཅུ་བཞི་བཅུས་ཞག་ཉི་ཤུར་ཤེར་སྙིང་ཉིས་འབུམ་སུམ་ཁྲི། རབ་བྱུང་བ་ལྔ་བཅུས་ཟླ་ཕྱེད་ལ་དྲི་མེད་བཤགས་རྒྱུད་སྟོང་ཕྲག་དྲུག་དང་བཞི་བརྒྱ། རྩེ་ཚོགས་པ་ལྔ་བཅུས་ཞག་བཅུར་སྨན་བླ་ཆིག་སྟོང་ལྔ་བརྒྱ། ཞག་བཅུར་ཤེར་སྙིང་བརྒྱད་ཁྲི་དྲུག་སྟོང་ལྔ་བརྒྱ། ཉིན་བདུན་བར་བརྒྱ་མཆོད་སྣ་ལྔ་ཚར་རེ། གསེར་བཏུལ་མ་སྲང་ཕྱེད་དོའི་ཞལ་གསེར། ཁྲ་འབྲུག་ཏུ་གཏེར་སྟོན་རིགས་འཛིན་ཆེན་པོ་གྲ་སློབ་ཉེར་ལྔས་ཕུར་སྒྲུབ་ཞག་བདུན། རབ་གནས། སྦྱིན་སྲེག །


GLG007_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པ་གསུམ་ཉིན་རེ། ཁྲོ་རོལ་ཞག་བདུན་བཅས་པའི་ཡོན་རིགས་འཛིན་ཆེན་པོར་དགུ་ཚན། རྒྱབ་ཆོས་པ་དགེ་ལུགས་ཁད་ཉེ་ནས་ལྔ་བཅུས་བདུན་གཅིག་གི་བར་ཤེར་སྙིང་དྲུག་ཁྲི་ལྔ་སྟོང་ཆིག་བརྒྱ། ཆོས་རྗེ་དུང་དགོན་པ་གྲ་སློབ་ཉེར་གཉིས་ཀྱིས་འཆར་ཀའི་མདོས་ཟོར་དང་། ཀི་ཀང་གི་དགྲ་མནན། སོ་སོར་བདུན་རེ། ཚོགས་བརྒྱ་ཉིན་གཉིས། ཡོན་ཆོས་རྗེར་བདུན་ཚན། རྒྱབ་ཆོས་དགོན་ཁད་ཉེ་ནས་ལྔ་བཅུས་ཞག་བདུན་བར་ཤེར་སྙིང་དྲུག་ཁྲི་ལྔ་སྟོང་ཆིག་བརྒྱ། དཔལ་རི་བ་ལྔ་བཅུས་དྲི་མེད་བཤགས་རྒྱུད་ཉིས་སྟོང་ལྷག་བཅས་དང་བརྒྱགས་རྔན། རྩེས་དང་ལྔ་མཆོད་པ་ལྔ་བཅུས་ཉིན་བཅུར་སྨན་བླ་ཉིས་སྟོང་། བཅུར་ཤེར་སྙིང་དགུ་ཁྲི་སུམ་སྟོང་། གསེར་བཏུལ་མ་ཞོ་དྲུག་གི་ཞལ་གསེར། ཙ་རི་ཅིག་ཅར་དུ་ཆོས་རྗེ་བྲག་སྣ་བ་གྲ་སློབ་བཅུ་གཉིས་ཀྱི་ཁྲོ་རོལ་སླང་གང་མ་སྒྲུབ་ཞག་བདུན། ཚོགས་བརྒྱ་ཉིན་གཉིས། བརྒྱགས་རྔན་ཉིན་གཅིག །དགའ་ལྡན་རབ་བརྟན་པ་སུམ་ཅུས་ཉིན་བཅུའི་བར་སྨན་བླ་དང་ཤེར་སྙིང་སྟོང་། ཁྲོ་རོལ་གྱི་རྒྱབ་ཆོས་སུ་ཤེར་སྙིང་གང་འགྲོ། ལྷོ་བྲག་མཁར་ཆུར་ཆོས་རྗེ་གནས་གཞི་བ་ཉེར་གཉིས་ཀྱིས་ཁྲོ་རོལ་དང་ཀི་ཀང་གི་དགྲ་མནན་སྒྲུབ་ཞག་བདུན་རེ། ཚོགས་བརྒྱ་ཉིན་གཉིས། ལྷ་བསངས་ཉིན་གཅིག །རྒྱབ་ཆོས་དགེ་དགོན་ཁད་ཉེ་ནས་བརྒྱས་ཞག་བདུན་བར་ཤེར་སྙིང་ཆིག་འབུམ་སུམ་ཁྲི་ཉིས་བརྒྱ། དགའ་ལྡན་དོན་གཉིས་གླིང་པ་ལྔ་བཅུར་སྨན་བླ་ཉིས་སྟོང་། བཅུར་ཤེར་སྙིང་དགུ་ཁྲི་སུམ་སྟོང་། འོན་ཕུ་སྟག་ཚང་དུ་གྲ་སྙེ་མདོ་བ་གྲ་སློབ་བཅུ་གཉིས་ཀྱིས་ཕུར་སྒྲུབ་བདུན་གཅིག །


GLG007_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པ་དང་སྦྱིན་སྲེག་ཉིན་རེ། མངའ་རིས་གྲ་ཚང་པ་ཉི་ཤུས་ཞག་བདུན་བར་ཤེར་སྙིང་ཉིས་སྟོང་བཞི་བརྒྱ། གཏེར་སྒྲོམ་དུ་བན་གྲོང་པ་གྲ་སློབ་བཅུ་གཉིས་ཀྱིས་ཕུར་སྒྲུབ་བདུན་གཅིག །མནན་པ་དང་སྲེག་པ་ཉིན་རེ། འོན་སྣ་པ་ཉི་ཤུས་ཞག་བདུན་བར་ཤེར་སྙིང་ཉི་ཁྲི་དྲུག་སྟོང་བཞི་བརྒྱ། ལྷོ་བྲག་མཁོ་མཐིང་ལྷ་ཁང་དུ་ཆོས་རྗེ་སྨྲ་བོ་ལྕོག་པ་ཉེར་གཉིས་ཀྱིས་ཁྲོ་རོལ་དང་ཀི་ཀང་གི་དགྲ་མནན་བདུན་རེ། རབ་གནས་སྦྱིན་སྲེག་བརྒྱགས་རྔན་གསུམ་ཉིན་རེ། རྒྱབ་ཆོས་དགོན་ཁད་ཉེ་ནས་བརྒྱས་ཞག་བདུན་བར་ཤེར་སྙིང་ཆིག་འབུམ་སུམ་ཁྲི་ཉིས་བརྒྱ། ཁྱུང་ཆང་དགོན་པ་བ་ལྔ་བཅུས་ཞག་བཅུར་སྨན་བླ་ཉིས་སྟོང་། བཅུར་ཤེར་སྙིང་དགུ་ཁྲི་སུམ་སྟོང་། བརྒྱ་མཆོད་སྣ་ལྔ་ཚར་རེ་སྤྱན་འདྲེན་ཁྲུས་གསོལ། པྲ་དུན་རྩེར་བྲག་དཀར་ཆུ་བཟང་པ་གྲ་སློབ་བཅུ་གསུམ་གྱིས་ཁྲོ་རོལ་སླང་གང་མ་སྒྲུབ་ཞག་བདུན། རབ་གནས།སྦྱིན་སྲེག །བརྒྱགས་རྔན་གསུམ་ཉིན་རེ། དགའ་ལྡན་འཕེལ་གླིང་པ་སུམ་ཅུས་ཞག་བདུན་བར་ཤེར་སྙིང་དགུ་ཁྲི་བཞི་སྟོང་བརྒྱད་བརྒྱ་དྲུག་ཅུ། མཆོད་པ་སྣ་ལྔ་བརྒྱ་ཚར་རེ་སྤྱན་འདྲེན་ཁྲུས་གསོལ། ཀོང་པོ་བུ་ཆུར་རྙིང་ཕུ་རིགས་འཛིན་ཆེན་པོ་གྲ་སློབ་བཅུ་གཉིས་ཀྱིས་ཁྲོ་རོལ་སླང་གང་མ་སྒྲུབ་ཞག་བདུན། སྦྱིན་སྲེག་མནན་པ། བརྒྱགས་རྔན་གསུམ་ཉིན་རེ། རྒྱབ་ཆོས་དགེ་དགོན་ཁད་ཉེ་ནས་ལྔ་བཅུས་ཞག་བདུན་བར་ཤེར་སྙིང་དྲུག་ཁྲི་ལྔ་སྟོང་ཆིག་བརྒྱ། ཞག་བཅུ་རེར་སྒར་པ་གྲ་ཚང་པ་ལྔ་བཅུས་སྨན་བླ་ཉིས་སྟོང་། དེ་མོ་བ་ལྔ་བཅུས་ཤེར་སྙིང་དགུ་ཁྲི་སུམ་སྟོང་། ཉིན་སྟར་བརྒྱ་མཆོད་ཉེར་སྤྱོད་ལྔ་ཚར་རེ། སྤྱན་


GLG007_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ཁྲུས་གསོལ། དབུ་རུ་ཀ་ཚལ་དུ་རིགས་འཛིན་དཀོན་མཆོག་ལྷུན་གྲུབ་ཀྱིས་ཁྲོ་ཆུའི་གཏོར་བཟློག་དང་གཤིན་རྗེའི་དགྲ་མནན་སྒྲུབ་ཞག་བདུན་རེ། རབ་གནས། སྦྱིན་སྲེག །བརྒྱགས་རྔན་གསུམ་ཉིན་རེ། རྒྱབ་ཆོས་དགེ་དགོན་ཁད་ཉེ་ནས་བརྒྱས་ཞག་བདུན་བར་ཤེར་སྙིང་དྲུག་ཁྲི་ལྔ་སྟོང་ཆིག་བརྒྱ། ཐང་སྐྱ་བ་སུམ་ཅུས་ཞག་བདུན་བར་ཤེར་སྙིང་སུམ་ཁྲི་དགུ་སྟོང་དྲུག་ཅུ། ཉིན་སྟར་བརྒྱ་མཆོད་སྣ་ལྔ་རེ། སྤྱན་འདྲེན་ཁྲུས་གསོལ། གཙང་འགྲམ་ལྷ་ཁང་དུ་བྲག་ལ་བ་གྲ་སློབ་ཉེར་གཉིས་ཀྱིས་འཆར་ཀའི་མདོས་དང་ཀི་ཀང་སྒྲུབ་ཞག་བདུན་རེ། རྒྱབ་ཆོས་པ་དགེ་དགོན་བྱེད་བཞིན་པ་ལྔ་བཅུས་ཞག་བདུན་བར་ཤེར་སྙིང་སུམ་ཁྲི་དགུ་བརྒྱ། མྱུག་ཆོས་གླིང་པ་ལྔ་བཅུས་ཞག་བཅུའི་བར་སྨན་བླ་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ། ཉིན་སྟར་བརྒྱ་མཆོད་སྣ་ལྔ་རེ། སྤྱན་འདྲེན་ཁྲུས་གསོལ། གྲོམ་པ་རྒྱང་དུ་ཆོས་རྗེ་ཆུ་མིག་པ་གྲ་སློབ་ཉེར་གཉིས་ཀྱིས་ཁྲོ་རོལ་དང་གཤིན་རྗེའི་དགྲ་མནན་སྒྲུབ་ཞག་བདུན་རེ། རབ་གནས། སྦྱིན་སྲེག །བརྒྱགས་རྔན་གསུམ་ཉིན་རེ། རྒྱབ་ཆོས་པ་དགེ་ལུགས་བྱེད་བཞིན་པ་བརྒྱས་ཞག་བདུན་གྱི་བར་ཤེར་སྙིང་ཆིག་འབུམ་སུམ་ཁྲི་ཉིས་བརྒྱ། ལྷ་རྩེ་ཆོས་སྡེ་པ་ལྔ་བཅུས་ཞག་བདུན་བར་སྨན་བླ་ཆིག་སྟོང་བཞི་བརྒྱ། ཉིན་སྟར་བརྒྱ་མཆོད་སྣ་ལྔ་རེ། སྤྱན་འདྲེན་ཁྲུས་གསོལ། ཡེར་པར་རང་གྲ་ལྔ་བཅུས་ཞག་བདུན་བར་སྨན་བླ་ཆིག་སྟོང་དང་ཤེར་སྙིང་ཁྲི། ཉིན་སྟར་བརྒྱ་མཆོད་སྣ་ལྔ་རེ། སྤྱན་འདྲེན་ཁྲུས་གསོལ། ཕ་བོང་ཁར་རང་གྲ་ཉེར་ལྔས་ཞག་བདུན་བར་ཤེར་སྙིང་སུམ་ཁྲི། ཉིན་སྟར་


GLG007_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་མཆོད་སྣ་ལྔ་རེ། སྤྱན་འདྲེན་ཁྲུས་གསོལ། ཡུམ་བུ་གླ་སྒང་དུ་ཆོས་རྗེ་ཁྲ་ཚང་པ་བཅུ་གཉིས་ཀྱིས་འཆར་ཀའི་གཏོར་བཟློག་དང་ཀི་ཀང་གི་དགྲ་མནན་སྒྲུབ་ཞག་བདུན་རེ། ལྷ་བསངས་ཉིན་གང་། རི་བོ་ཆོས་གླིང་པ་ཉི་ཤུས་ཉིན་བདུན་བར་སྨན་བླ་ལྔ་བརྒྱ་དྲུག་ཅུ། ཉིན་སྟར་བརྒྱ་མཆོད་སྣ་ལྔ། སྤྱན་འདྲེན་ཁྲུས་གསོལ། བཀྲ་ཤིས་ཆོས་སྡེ་བ་བརྒྱད་ཀྱིས་རབ་གནས་ཉིན་གང་། ཡང་རྫོང་དུ་རྡོ་རྗེ་བྲག་པ་གྲ་སློབ་བདུན་གྱིས་ཀི་ཀང་གི་དགྲ་མནན་སྒྲུབ་ཞག་བདུན། ལྷ་བསངས་ཉིན་གཅིག །ཉིན་སྟར་བརྒྱ་མཆོད་སྣ་ལྔ། ཤེལ་བྲག་ཏུ་དཔལ་རི་བ་གྲ་སློབ་བདུན་གྱིས་ཀི་ཀང་གི་དགྲ་མནན་བདུན་གཅིག །ཉིན་སྟར་བརྒྱ་མཆོད་སྣ་ལྔ། ཆོས་རྗེ་གུང་རུ་བ་གྲ་སློབ་བཅུ་གཉིས་ཀྱིས་ཀི་ཀང་གི་དགྲ་མནན་བདུན་གཅིག །ལྷ་བསངས་ཉིན་གཅིག །ཉིན་སྟར་བརྒྱ་མཆོད་སྣ་ལྔ། ཟབ་ཕུ་ལུང་དུ་འུག་བྱ་ལུང་པ་གྲ་སློབ་བཅུ་གཉིས་ཀྱིས་འཆར་ཀའི་མདོས་དང་དགྲ་མནན་སྒྲུབ་ཞག་བདུན་རེ། ལྷ་བསངས་ཉིན་གཅིག །ཉིན་སྟར་བརྒྱ་མཆོད་སྣ་ལྔ། བཀྲ་བཟང་དུ་སེ་སྟོན་ཐུགས་མཆོད་འོད་འབར་གྲ་སློབ་ཉེར་གཉིས་ཀྱིས་ཕུར་སྒྲུབ་དང་ཀི་ཀང་གི་དགྲ་མནན་སྒྲུབ་ཞག་བདུན་རེ། རབ་གནས་སྦྱིན་སྲེག །བརྒྱགས་རྔན་ཉིན་གསུམ། སྲོང་བཙན་དུ་དཔལ་རི་བ་བརྒྱད་གྲས་ཞག་བཞིར་མ་ནིང་གི་བསྐང་གསོ། བརྒྱགས་རྔན་ཉིན་གཅིག །གྲ་པ་ཉེར་གཉིས་ཀྱིས་ཞག་ལྔའི་བར་ཐང་ཡིག་བརྒྱ། ཐང་པོ་ཆེར་རི་བོ་བདེ་ཆེན་པ་གྲ་སློབ་བརྒྱད་ཀྱིས་རབ་གནས་ཉིན་གང་། གྲ་ཐང་དུ་མཁན་པོ་གྲ་བཅས་


GLG007_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གྲས་རབ་གནས་ཉིན་གང་། ཆོས་རྗེ་ཆེ་ཁ་དང་མཁན་པོར་བདུན་ཚན། རྡོར་སློབ་བྱིངས་ལ་ལྔ་ཚན། ཡོན་ཀྱང་ཉིན་གཤོར་ཁལ་ཕྱེད་རེ། འབྲུ་དཔུས་ཕྱེད་ཁྱེར་གྱི་གུད་མེད་བསྒྲུབས་པ་ནི། པད་གླིང་ལུང་བསྟན་ཀུན་གསལ་མེ་ལོང་ལས། རུ་བཞིའི་ཆོས་མཛད་ཐམས་ཅད་དགོངས་པ་བསྟུན༔ ཆོ་འཕྲུལ་ཟླ་བ་སྤྲེའུའི་ཟླ་བ་ལ༔ རྒྱུད་དང་བསྟུན་ནས་ཉིན་མོ་སྔགས་ལ་འབད༔ གཏོར་མ་མདོས་དང་མནན་སྲེག་ཡང་ཡང་བྱ༔ བྷྱོ་བཟློག་ཟོར་རྣམས་བཤགས་ནས་ཆོས་ཁྲིམས་བཅའ༔ ཉན་བཤད་སྒོམ་སྒྲུབ་བྱེད་པའི་བསྟན་པ་ཚུགས༔ རི་རྒྱ་ཀླུངས་རྒྱ་ལམ་རྒྱ་ལ་སོགས་འཛུགས༔ སྐྱེ་འགྲོ་སེམས་ཅན་ཐམས་ཅད་བདེ་ལ་བཀོད༔ ཅེས་དང་། བསམ་ཡས་ཁྲ་འབྲུག་ལྷ་ས་འོན་ལྗང་རྡོ༔ རྒྱལ་བློན་བཞེངས་པའི་གཙུག་ལག་ཁང་རྣམས་གསོ༔ ཐེམ་དགུའི་འོག་ཏུ་རྒྱ་འདྲེ་ཐམས་ཅད་མནན༔ ཙ་རི་མཁར་རི་སྟག་ཚང་གཏེར་སྒྲོམ་བཞིར༔ སྒྲུབ་གནས་ཚོགས་འཁོར་སྦྱིན་སྲེག་བརྒྱ་རྩ་བྱ༔ མཁོ་མཐིང་སྐྱེར་ཆུ་པྲ་དུན་བུ་ཆུ་བཞིར༔ སྨན་བླ་ཚར་བརྒྱ་སྒྲོལ་མའི་མཆོད་པ་བྱ༔ བུམ་ཐང་བྱམས་པ་ལྷ་ཁང་བསྟན་པའི་སྲོག༔ ལྷ་ས་བསམ་ཡས་མདོ་སྔགས་སྲོག་ཡིན་པས༔ སོ་ནམས་འབད་ནས་མདོ་སྔགས་བསྟན་པ་ཚུགས༔ ཞེས་རུ་བཞིའི་ཡུལ་ཁམས་སུ་འཚེ་བྱེད་བཟློག་ཐབས་དེ་ལྟར་བྱུང་བ་དང་། ཀུན་སྐྱོང་གླིང་པའི་ཟབ་གཏེར་མཆོད་རྟེན་ལྔའི་ལུང་བསྟན་དུ། སྤྲུལ་བའི་དགེ་སློང་རྣམས་ཀྱིས་ནི༔ རབ་གནས་བཀྲ་ཤིས་གསོལ་བར་བྱ༔ གྲུབ་ཐོབ་རྣལ་འབྱོར་རྣམས་ཀྱིས་ནི༔ བྷྱོ་སྔགས་བཟློག་ཟོར་ཕྱོགས་བཞིར་འཕེན༔ བཀའ་འགྱུར་


GLG007_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་འུར་འདོན་དང་༔ བསྟན་པ་སྤྱི་རིམ་དག་ལ་འབུངས༔ ས་ཡི་གཟེར་རྣམས་མ་ནོན་ན༔ བདུད་སྡེ་དམག་སྒར་དཔལ་གྱི་རི༔ ཐམས་ཅད་འཇོམས་ཤིང་མཚོན་འཁྲུག་འབྱུང་༔ བྱང་ཆུབ་སེམས་དཔའ་མཚོན་གྱིས་འཆི༔ བོད་འབངས་སྡུག་ཅིང་འཁྲུག་རྩོད་ཡོད༔ གྲུབ་ན་བཀྲ་ཤིས་བདེ་ལེགས་འཕེལ༔ ཞེས་ལུང་བསྟན་པའི་སེལ་བྱེད་རྣམས་བགྱིས་པས་སྤྱི་སྒོས་ཀྱི་དོན་འགྲུབ་བམ་སྙམ། ཚེས་བརྒྱད་ལ་བོ་ཤོག་ཐུ་ཇི་ནོང་དང་རྒྱལ་སྲས་དགེ་འདུན་སོགས་སུམ་ཅུ་སྐོར་ཡན་ལག་བརྒྱད་ལྡན་གྱི་སྡོམ་པར་བཀོད། གནམ་སའི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོ། དགའ་ལྡན་རབ་འབྱམས་པ། བོ་ཤོག་ཐུ་ཇི་ནོང་རྒྱལ་སྲས་མཆེད། ཇའི་སང་སོགས་སུམ་ཅུ་སྐོར་དང་། ཏྲེ་བོ་དཔོན། སྲིན་པོ་རིར་བླ་ཟུར། སྔགས་འཆང་ཆུ་སྤེ་སྟེང་པ། པཎྜི་ཏ་གཽ་ཏ་ལ། དར་མོ་བའི་སྨན་སྒྲུབ་ལ་འགྲོ་མི་གཉིས་རྣམས་ལ་ཇ་གྲལ་ཐོག་ཆུ་སྤེ་སྟེང་པར་རྒྱལ་པོ་རྩེ་མདོས་སོགས་ལ་དྲི་བ་བགྱིས་པ་ཆོས་ཡོན་བྱེད་བཞིན་པའི་དཔེ་ལས་ཨོ་ཟོག་མགོ་ཡོན་དུ་མ་མཆིས་པར་སྣང་། པཎྜི་ཏ་གོ་ཏ་ལར་ས་སྙིང་ཞོ་ལྔ་བཅུ། གླ་གོར་བརྒྱ་སོགས་སྟེར་ཆ་ངོམ་ཆེ་བགྱིས་པས་དགའ་མགུ་ཡི་རང་སྟེ་འཕགས་ཡུལ་དུ་བཏེག །ཚེས་བཅུར་འབྲས་སྤུངས་ཀྱི་སློབ་དཔོན། དབུ་མཛད། དགེ་སྐོས། གཏེར་སྟོན་རིན་པོ་ཆེའི་གཅུང་ལོ་ཆེན་སོགས་དང་ཕྲད། བསམ་ཡས་སུ་ཆོས་རྒྱལ་ཆེན་པོ་དཔོན་བློན་སོ་སོར་སྙན་ཚིག་གིས་དྲངས་པའི་འཕྲིན་གསོལ་སོགས་མདོ་སྡེ་འབུལ་བར་དར་བྱུང་པ་བརྫངས། ཚེས་བཅུ་གཅིག་ལ་དགའ་ལྡན་རབ་འབྱམས་པ་ད་ལའི་


GLG007_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཧུང་ཐའི་ཇིའི་བསམ་པར་ཆོས་ཚུགས་ཐུབ་པའི་འཕྲལ་ཁོ་རང་དང་འདོད་པ་གཅིག་པ་ལ་ཕུགས་བུ་ཚ་ཐམས་ཅད་ཀྱི་མགོ་འདོན་ལྟ་བུ་བྱེད་མཁན་ཞིག་བྱུང་ན་སྙམ་པ་འདོད་པར་འདུག་ཀྱང་རབ་འབྱམས་པ་རང་རི་ཁྲོད་པ་ལྟ་བུའི་ཆོས་མཐར་ཕྱིན་ཡོང་མི་ཡོང་ལ་བརྟག་པ་དགོས་གླེང་བ་ངེད་ལ་དུས་གསུམ་ཤེས་པའི་མངོན་མཁྱེན་ནི་མེད་དཔལ་ལྡན་ལྷ་མོ་དཔང་པོར་གསོལ་བའི་དབྱངས་འཆར་གྱི་མོ་འཁྱེར་བདེ་བཏབ་པར་ཆོས་ཚུགས་ཟིན་པར་འཚུབ་ཤིན་ཏུ་ཆེ་བ་ཤར་བ་བཞིན་རྒྱུ་མཚན་བྱས་པ་ཧུང་ཐའི་ཇིར་རབ་འབྱམས་པ་རང་གིས་ལབས་ནས་བན་ལོག་པར་ཐག་བཅད་འདུག་དོན་ལྟར་འོ་སྐོལ་གྱི་སྟོན་པ་འཁོར་ཉེ་སྲས་བརྒྱད་དང་བཅས་པའི་གསེར་སྐུ་བྱོན་གཙང་། སྔགས་ཐང་གྲ་ཚར་སྤུས་ལེགས་སོགས་སྔོན་འགྲོའི་བདོག་པ་བཏེག་ནས་དགེ་ཚུལ་གྱི་སྡོམ་པ་ལེན་དགོས་ཞེས་པ་ལྟར་བླངས་ཏེ་མིང་དགའ་ལྡན་ཚེ་དབང་དཔལ་བཟང་དུ་བཏགས་ཤིང་སོག་པོ་མི་སྐྱའི་གྱོན་པ་ཆ་ཚང་སོགས་སྟེར་ཆ་བྱས། དཔོན་མོ་བློ་བཟང་སྒྲོན་མ་དགེ་ཚུལ་དུ་བསྒྲུབས། སྐྱར་པོ་བ་རྡོ་རྗེ་དབང་ཕྱུག་ལ་ཚེ་དབང་འཆི་མེད་དཔལ་སྟེར་བརྒྱ་ཚར་དང་མགོན་པོ་ཕྱག་དྲུག་པའི་རྗེས་གནང་བར་ཆད་ཀུན་སེལ་བསྐུར། ཟུར་མཁར་བློ་གྲོས་རྒྱལ་པོའི་གསོ་དཔྱད་མེས་པོའི་ཞལ་ལུང་གི་པར་བྱང་། ཨེར་ཁེ་ཆོས་རྗེར་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ། ནོ་མོན་དྷ་རས་བསྐུལ་བའི་རིང་འཚོ། བི་ལིག་རབ་འབྱམས་པ་བློ་བཟང་ཆོས་འཕེལ་གྱི་འདོད་སྦྱར་དགའ་ལྡན་ཁྲི་རིན་པོ་ཆེའི་གསོལ་འདེབས། ཆུ་མིག་ཁ་པས་དངུལ་གདུང་བཞེངས་པའི་སྨོན་ཚིག །ཕ་བོང་ཁ་པ་ཞལ་སྔ་ནས་འཇམ་དབྱངས་གྲགས་པའི་ཕྱི་རྟེན་དངུལ་གདུང་གི་དཀར་ཆག །


GLG007_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྙེ་མོ་བློ་བཟང་ངག་དབང་གི་འཇམ་དཔལ་རིགས་ལྔའི་བྲིས་ཐང་རྒྱབ་ཡིག །སྔགས་བན་ངག་དབང་རྒྱ་མཚོའི་ངོར་གསོལ་འདེབས། རབ་འབྱམས་པ་བསམ་གཏན་རྒྱ་མཚོས་བསྐུལ་བའི་བདེ་ཆེན་སྨོན་བསྔོ། །སེམས་དཔའ་སྤྲུལ་སྐུ་ངག་དབང་ཕུན་ཚོགས་ཀྱི་པཎ་ཆེན་དགེ་འདུན་རྒྱ་མཚོ། ངེད་རང་། བེག་ཙེ་གསུམ་གྱི་ཐང་སྐུའི་རྒྱབ་ཡིག །དཀའ་བཅུ་བློ་བཟང་རྒྱ་མཚོའི་ངོར་ངེད་རང་དང་ཕྱག་དྲུག་པའི་གསོལ་འདེབས། འཕྱོང་རྒྱས་བློ་བཟང་དགེ་བདུན་ལ་ཕྱག་དྲུག་པའི་རྒྱུན་འཁྱེར། དྲུག་བརྒྱ་གྲུབ་ཆེན་ལ་བླང་དོར་བསླབ་བྱ། ལྐོག་པ་བའི་ནུ་བོ་སུམ་ཡགས་ཀྱི་དོན་དུ་གནས་བཅུ་ཚར་གཉིས་དང་ཕྱག་རྡོར་ལ་གྲ་ལྔས་བསྐོར་བའི་རྒྱབ་ཡིག །ཨྱོན་སྨིན་གྲོལ་གླིང་གི་དཀར་ཆག་ངོ་མཚར་རྒྱ་མཚོ། །དཔལ་རི་སྤྱི་སོས་སྤྲུལ་སྐུ་ངག་དབང་པདྨའི་བརྟན་བཞུགས་བསྐུལ་བ་རྣམས་བྲིས། ཚེས་བཅུ་གཉིས་ལ་དཔལ་འཁོར་ཆོས་སྡེའི་ལེགས་གྲུབ་སློབ་དཔོན་སོགས་དང་། དགའ་ལྡན་ཧུང་ཐའི་ཇི། རྭ་སྒྲེང་མཁན་པོའི་མི་སྣ་ཐོན་གདོང་གི་ངོས་ཕྲད། སྐྱར་པོ་བ་རྡོ་རྗེ་དབང་ཕྱུག་ཁལ་ཁ་ཨོ་རོད་ཀྱི་གཞུང་བསྒྲིག་ཆེད་གཡོན་རུ་དགའ་ལྡན་ཧུང་ཐའི་ཇིར་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་ཆོ་ལོ། ཐམ་ཀ །གོས་སྣ་ཆ་ཚང་སོགས་ལེགས་སྐྱེས་རིང་པོར་སྤྲོས་ཤིང་། ལྷེབ་ཤོག་སྒྲོམས་ཆེ་བ། ངག་མ་ཞིབ་ཏུ་བགྱིས་ནས་ཡོན་བདག་རྣམས་ཀྱི་བདེ་ཐབས་བསྒྲུབ་པར་མངགས། ཚེས་བཅུ་གསུམ་ལ་གསས་ཁང་པ་བླ་གྲས་ཚན་གྲངས་བརྐྱང་སྟེ་རིང་འཚོ་དང་། དཔོན་མོ་བསོད་ནམས་ཆོས་འཛོམ་སོགས་དཔོན་ཆུང་བཅོ་ལྔ་སྐོར་ལ་ཇ་གྲལ་བཏང་། །


GLG007_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་བཞིར་གསུང་རབ་གླིང་སློབ་དཔོན་དུ་འགྲོ་མི་སེ་ར་སྨད་རབ་འབྱམས་པ་བློ་བཟང་བསྟན་འཛིན་ཅན་དགེ་སློང་གཉིས་དང་ཀ་ཐོག་སྐུ་སྐྱེ་ཨྱོན་ཆོས་ཀྱི་རྒྱ་མཚོ་དགེ་ཚུལ་དུ་བསྒྲུབས། ལྷ་སའི་རབ་སྟོན་གྱི་སྐལ་པའི་སྟོན་མོ་བྱུང་། ཚེས་བཅོ་ལྔར་རྒྱལ་སྲས་བསོད་ནམས་བཀྲ་ཤིས་ངོ་མ་གཡོག་བཅས་དང་ཕྲད། ཚེས་བཅུ་དྲུག་ལ་རྒྱལ་སྲས་དགེ་འདུན་བཀྲ་ཤིས་ཐོན་གདོང་གི་ཇ་གྲལ་དང་བཀའ་བསྒོ། གསེར་མདོག་ཅན་ཤངས་པ་སློབ་དཔོན་པ་ཤཱཀྱ་ནོར་བུ་སྒྲ་སློབ་པར་འདར་པ་ལོ་ཆེན་སར་སྡོད་རིང་ཕོགས་ཇ་ཐུག་སོགས་ཀྱི་ཕན་པ་བསྒྲུབས། ཚེས་བཅུ་བདུན་ལ་ལྷོ་བྲག་གདང་དགོན་གསར་བླ་མ། ཀ་ཐོག་དར་དཀར་སྐུ་སྐྱེ། ཡང་རི་བླ་མ་གསར་རྙིང་། འབོག་གོང་སྦྱོར་ར་བ། འབྲུག་ཀུན་བཟང་། བདེ་མཆོག་མགོན་པོ། གངས་མཚོ་བའི་བུ། འབྲོང་རྩེ་ཁང་དམར་བ། བཟད་བང་སྟེང་པ། འབྱོར་རྒྱས་པ། ན་གུ་བ། འབག་རྒྱལ་ཕ་བུ། སྤྱི་དཔོན་དྲག་པ་ལྔ། སྤེེ་དཔོན་ཉེར་གཉིས་སོགས་ལ་ཇ་གྲལ་དང་ཕྱི་དྲོ་ལོ་ཆེན་མཆེད་སོགས་དང་ཕྲད། གསོ་བ་རིག་པའི་རྒྱུད་ལས། རིན་པོ་ཆེ་ཡིས་མི་སེལ་གང་ཡང་མེད། །རིན་པོ་ཆེ་དང་ཀླུ་ཡི་ནོར་བུ་འདྲ། །ཞི་བྱེད་ཀུན་གྱི་ལོག་གནོན་རིན་པོ་ཆེ། །ཞེས་སྦྱར་དུག་དབྱིག་དུག་ལ་སོགས་ལྡན་འདུས་ཀྱི་རིགས་གཙོ་གྱུར་གྱི་ནད་བཞི་བརྒྱ་སོགས་ཟུག་རྔུ་གང་གིའང་གཉེན་པོ། འབྱུང་པོ་ལ་སོགས་པའི་གདོན་ཀྱང་ཐུབ། ཁྱད་པར་ཚེ་རིང་ཞིང་ལུས་ཟུངས་གསོ་བའི་བཅུད་ལེན་མཆོག་ཏུ་འགྱུར་བར་བཤད་ནའང་སྔོན་བྱོན་གྱི་བླ་ཆེན་ཚོས་སྦྱར་སྐབས་དངུལ་ཆུ་བཙོ་བཀྲུ་རྣམ་དག་གི་ལག་ལེན་རྒྱུན་མེད་ཅིང་སྨན་གྱ་གསུམ་ལ་


GLG007_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མང་མཐའ་དང་། ཆུང་འབྲིང་དབྱེ་བ་ཙམ་དང་། རྒྱལ་རྩེ་ཆོས་རྒྱལ་གྱིས་བྱེ་བ་རིང་བསྲེལ་ལྟར་སྨན་སྣ་གྱ་གསུམ་ལས་ཤེལ་རིགས་རིན་པོ་ཆེ་བྱུ་རུ་གཡུ་སྦུར་ལེན་ཆུར་སྦངས་པ་བསྲེས་པ་ལས་གཞན་མེད་པ་དང་། ཡར་སྟོད་པས་བུ་མོ་སྟག་ལོ་མའི་མཆིན་པ་དགོས་པ་གློ་བུར་དུ་བསད་པ་དང་། ཞྭ་དམར་ནག །འབྲི་གུང་པ། ཡར་རྒྱབ་སོགས་ཀྱི་སྦྱོར་བ་ཆུང་འབྲིང་ཙམ་ལས་མ་བྱུང་བར་གྲགས། རྩེ་ཆེན་པའི་གྲང་སྦྱོར་འཛོམ་ཆེ་བའི་ལོ་རྒྱུས་སྣང་ཡང་ཚང་མ་འབྱུང་བ་དཀའ། མིང་དང་དོན་མཐུན་པ་ཞིག་བྱུང་ན་སྙམ་སྨན་ཁུངས་བཙུན་ཡོང་པའི་ལས་སྒོ་ཚོར་བཙལ་ཞིང་རྒྱུད་བཞི་འདི་ཁུངས་བཙུན་ཀྱང་དེ་དོན་མདོར་བསྡུས་ལས་གྲངས་ངེས་ཀྱི་ཞིབ་ཆ་མི་སྣང་།བཙོ་བཀྲུའི་ཁུངས་ཀྱང་སྔོན་འཕགས་ཡུལ་དུ་དྲང་སྲོང་རིག་པའི་བློ་གྲོས་ཞེས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དེ་ཉིད་ཀྱིས་མ་འོངས་པའི་སེམས་ཅན་ལ་དུག་རིགས་མི་འདྲ་བ་སྟོང་དང་གཉིས་འབྱུང་བར་མཁྱེན་ནས་དེའི་སེལ་བྱེད་འཚོལ་བར་ལྷོ་ཕྱོགས་ཀྱི་གླིང་ཕྲན་ཞིག་ཏུ་རྫུ་འཕྲུལ་གྱིས་གཤེགས་པ་ན་དེར་དངུལ་ཆུ་བཙོ་བཀྲུར་མཁས་པའི་དྲང་སྲོང་དང་སྨན་གྱི་ལྷ་མོ་སོགས་སྤྲུལ་པའི་སྐྱེས་ཆེན་མང་པོ་བཞུགས་པའི་གཙོ་བོ་དྲང་སྲོང་གཞུང་སྐྱེས་ལས་བདུད་རྩི་འཆི་མེད་གསུམ་འདུས་པའི་བཅུད་ལེན་གྱི་གདམས་པ་ལྷག་མ་མེད་པར་གསན་ནས་འཛམ་བུའི་གླིང་དུ་གྲུབ་ཐོབ་ཤ་བ་རིའི་དབང་ཕྱུག་དང་ཨྱོན་པ་སོགས་ལ་རིམ་པར་བརྒྱུད་པ་ཨེ་འདུག་ཤེལ་དཀར་རྫོང་སྡོད་སྦྱར་ར་དངོས་གྲུབ་ལ་དྲིས་པ་བོད་མཁས་པ་དང་ས་སྐྱའི་དཔོན་ཚང་ལ་རྩད་བཅད་ཀྱང་དེ་སྐབས་གཞན་ནས་མ་རྙེད་པར་འཁྲུལ་ཞིག་གི་སྤྱོད་པ་སྐྱོང་བ་དཔོན་ཚང་ནམ་


GLG007_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྷ་ཞེས་པར་ཡོད་པ་ལྟར་བེའུ་བུམ་དང་བཅས་བསྐུར་ནས་བརྫངས་པ་བཞིན་ཞོལ་ཡོང་བཞེས་ཁང་དུ་གསུམ་དར་ན་གསུམ་བསླབ་བཅུག །ཟུར་མཁར་དྷརྨ་སྭ་མིར་སྨན་རྒྱལ་གཡུ་ཐོག་པའི་རྣམ་པར་ཞལ་བསྟན་ཏེ་གསོ་རིག་གདམས་སྐོར་མཐའ་ཀླས་པའི་ཕྱག་ལེན་དམར་ཁྲིད་བཅས་སྩལ་བ་སྙན་བརྒྱུད་དུ་བཞུགས་པའི་ནང་ནས་རིན་ཆེན་གྲང་སྦྱོར་གཙོ་གྱུར་གྱི་དུག་སྨན་ཟབ་ཁྱད་ཅན་བཅུ་ཕྲག་གཉིས་འབྲི་གུང་ཆོས་ཀྱི་གྲགས་པར་བཀའ་བབས་པ་ལག་ཏུ་སོན་པ་ར་མོ་བར་བསླབས་པ་ཚེས་བཅུ་དགུ་གཟའ་སྐར་འཕྲོད་སྦྱོར་བཟང་པོར་སློབ་བཅས་ཀྱི་སྨན་རྣམས་ཀྱང་འཛོམ་ཆེ་མ་ཚང་བ་མེད་པའི་སྟེང་ངེད་ཀྱིས་གོང་མའི་རྒྱལ་ཁབ་ཆེན་པོར་ཕྱིན་སྐབས་རྙེད་པའི་རིན་པོ་ཆེ་དང་ཤེལ་རིགས་དུ་མ་དང་། སེ་ཆེན་རྒྱལ་པོའི་རྒྱལ་མོ་རྡོ་རྗེ་རབ་བརྟན་མས་སྟོད་ཧོར་ནས་བྱུང་པའི་རིན་པོ་ཆེ་འགངས་ཅན་དང་། ཅུང་ཝང་གིས་སྐྱེས་སུ་བསྲིངས་པའི་རིན་པོ་ཆེ་དང་ཤེལ་རིགས་སྣ་ཚོགས། འོ་སྐོལ་གྱི་སྟོན་པའི་འཕེལ་གདུངས་བྱ་སྒོང་ཙམ་པས་གཙོས་སངས་རྒྱས་བྱང་སེམས་ཉན་རང་སློབ་བཅས། རྒྱ་བལ་བོད་ཀྱི་སྐྱེས་ཆེན་མང་པོའི་རིང་བསྲེལ། ཨ་རུ་རྣམ་རྒྱལ་གསེར་མདོག་སྙམ་པ་ཙམ་པ། དུང་དཀར་གཡས་འཁྱིལ། སེང་གེ་དཀར་མོའི་འོ་མ། སྟག་གསོན་མའི་སྨ་ར། སྦུག །སྦུར་ལེན། མུ་ཏིག །བྱུ་རུ་སོགས་ལྷ་ཀླུ་མིའི་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་འགྲོ་བའི་ཆེད་ས་རྡོ་ལྟ་བུར་འཕངས་མེད་དུ་བཏང་། སྔོན་གྱི་རིན་ཆེན་རིལ་བུ་ཁུངས་བཙུན་གྱི་རྟ་དང་བཅས་རིམ་པར་སྦྱོར་དུ་བཅུག་པར་གྲང་སྦྱོར། ཚ་སྦྱོར། རྟ་རི་མ། དབང་ཕྱུག་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་གྱི་གསུང་རྒྱུད་མེ་ལྕེ་འབར་


GLG007_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དགོངས་དོན་གྱི་དུག་འཇོམས་དབང་པོ་རིལ་བུ་སྨན་སྣ་བརྒྱ་ཕྲག་གི་སྐྱོར་བ་ཁྱད་འཕགས་བསླབ་ཏུ་བཅུག་པ་རྣམས་ཕོན་ཆེ་སྦྱར་བའི་དྭངས་སྙིགས་ལ་སྨན་བླའི་བསྐྱེད་བཟླས། གསུམ་པར་ཚངས་པའི་གསུང་ལྟར་དང་། བཞི་པར་དབང་ཕྱུག་གི་ལུགས་བཞིན་རབ་ཏུ་གནས་ཤིང་མེ་ཏོག་གཏོར་བས་ལྷའི་བདུད་རྩི་འཆི་མེད། ལྷ་མིན་གྱི་བདུད་རྩི་འཆི་གསོས། མིའི་བདུད་རྩི་བདེ་བྱེད་དུ་འགྱུར་བར་སྨོན་ལམ་ནན་ཏན་བཏབ་དོན་ལྟར་མཆོག་དམན་མང་པོར་བྱིན་པས་སྲོག་བསྐྱབས་པ་བཞིན་དགེ་བའི་རྒྱུན་བཟང་པོ་ཚུགས་སམ་སྙམ་མོ། །ཉེར་གཉིས་ནས་སྤྲུལ་སྐུ་རིགས་འཛིན་ཆེན་པོས་བྱད་འགྲོལ་སོགས་རྐྱེན་སེལ་ཀྱི་རིམ་པ་སྨིན་རྒྱས་སུ་མཛད་དེ། ཉེར་བདུན་ལ་དངུལ་གྱི་ཐ་ཕག །མདོང་མོ། ཆིབས་པ་སྒ་འཁོར་སོགས་དགུ་ཚན་ལྔའི་ཆོས་ཡོན་དང་། གཅུང་གཉིས་གྲ་དམངས་རྣམས་ལ་གང་འཚམ་གྱི་སྟེར་ཆ་དང་བཅས་ཏེ་རེ་ཞིག་རང་གནས་སུ་བསྐྱོད། དྲུག་བརྒྱ་གྲུབ་ཆེན་སོགས་བསྙེན་རྫོགས་དགུ་བསྒྲུབས། གནམ་གང་ལ་བི་ལིག་ཨེར་ཁེ་ཐའི་ཇི་སུམ་ཅུ་སྐོར། ཐོར་གོད་ཁོན་ཆེན་བཅས་པར་མངོན་མཐོའི་ས་བོན་ཡན་ལག་བརྒྱད་པའི་སྡོམ་པ་ཕབ། གཞིས་ཀ་རྩེར་གསོ་རིག་སློབ་གྲ་དྲང་སྲོང་འདུས་པའི་གླིང་དུ་ཆོས་ཐོག་ཟླ་བ་བརྒྱད་གྱི་བར་ཚེས་བརྒྱད་ལ་སྨན་བླའི་མདོ་ཆོག་ཚར་བདུན་རེ་སྟར་ཆགས་གཏོང་བའི་མཆོད་ཆས། ཚ་ར། ཇ་ཐུག་སོགས་ཀྱི་རྒྱུན་བཙུགས། གསང་སྔགས་ཆོས་གླིང་པར་ཆོས་གཞིས་མེད་གཤིས་ཚེས་བཅུའི་ཐེབས་སུ་དཔལ་དེ་རས་ཆེན་འདི་གར་གུས་ཞབས་ཀྱིས་དངོས་ཆས་ཡོད་དགུ་ལྟ་བུ་ལྷུར་


GLG007_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་སྟབས་མཁན་ནམ་འཚོའི་བར་ལོ་སྟར་གཤོར་འབོའི་ཁལ་ཕྱེད་ཉིས་བརྒྱ་རེ། ཟླ་བ་དྲུག་པའི་ཚེས་གཉིས་ལ་དད་སྟོབས་ཀྱི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོ་ཡབ་ཡུམ་སྲས་བཅས། བློ་བཟང་མགོན་པོ་རབ་བརྟན། ཨ་ཁའི། ཨ་ལ་དར། བསོད་ནམས་དབང་རྒྱལ། དགེ་ཚུལ་མ་ཨུ་ཞང་ཕ་བུ། བུ་ཅིང་ཏ་རའི་དགེ་ཚུལ་མ། རྒྱང་རོ་གསེར་སྡིངས་བླ་མ། རི་ཁྲོད་དགའ་ལྡན་བླ་མར་འགྲོ་མི་རྒྱུད་སྟོད་རབ་འབྱམས་པ་བླ་གྲས་བསམ་འཕེལ། མལ་དྲོ་ལྷུན་གྲུབ་ཀྱི་བླ་མ་གསར་པ། རྭ་སྒྲེང་མེར་གན་ཆོས་རྗེ། ཀོང་པོ་རྫོགས་ཆེན་དབོན་པ། བཞད་ཆོས་པ། འཕྱོས་གྲོང་སྟང་པ། ཤར་ཕྱོགས་པ། པུ་ཤུད་པའི་བུ། ཚེར་གསེབ་པ། ཁོ་ཁོམ་རྒྱལ་པོའི་སྨན་སྐྱེལ་མི་གཉིས། འབྲས་མོ་གཤོངས་ཀྱི་མི་སྣ་སོགས་བོད་སོག་དྲག་རིགས་ལྔ་བཅུ་སྐོར་ལ་ལག་པའི་འདེགས་འཇོག་དང་དམངས་བདུན་བརྒྱར་མེ་ཏོག་གཏོར། བློ་བཟང་མགོན་པོ་རབ་བརྟན་དང་ཨ་ཁའི་སོགས་ལ་སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་། གདན་ས་གོང་དུ་བསམ་ཡས་ནས་རྟེན་མདོས་འཛུགས་པ་གནང་དགོས་ཞུས་པར་བརྟེན་དྲི་བའི་ཆབ་ཤོག་བྱུང་དོན་བཞིན་པེ་ཀར་གྱི་རྒྱུད་མན་ངག་ནས་ཇི་ལྟར་འབྱུང་བ་ལྟར་གྱི་བཅའ་གཞི། ལག་ལེན་གྱེར་ལུགས་ཀྱིས་མཚོན་ལན་ཕུལ། ཚེས་གསུམ་ལ་སེ་ར་ཐེག་ཆེན་གླིང་བླ་གཉེར་དགེ་སྐོས་དབུ་མཛད། ཀུན་དགའ་ར་བའི་གསེང་གཡབས་ལྡེབས་བྲིས་ངོ་ཤུས་བྱེད་མི་རགས་ཁ་འཇམ་དབྱངས་དབང་པོ། ཆོས་མཛད་བཀྲ་ཤིས་སོགས་དང་ཕྲད། ཚེས་བཞིར་འཕགས་པ་སོགས་མཆོད་ཁང་ཡོངས་རྫོགས་ལ་བརྒྱ་མཆོད། སྙན་ཤལ།


GLG007_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་སོགས་ཀྱིས་མཚམས་སྦྱར། དགའ་ལྡན་ཧུང་ཐའི་ཇིའི་མི་སྣ་དབོན་ཆུང་། ནོ་མོན་ཁང་གི་མི་སྣ་དབོན་ཆུང་། ནོ་མོན་ཁང་གི་མི་སྣ་ཛམ་བྷ་ལ་སོགས་ཉི་ཤུ་སྐོར། ངོར་མཁན་པོའི་རིང་འཚོ་སྤེལ་མི་དབོན་པོ་སོགས་དང་ཕྲད། ཧུང་ཐའི་ཇི་དཔོན་མོ་བཅས་པའི་ཡིག་རྟེན་རྒྱ་སེར་གྱི་ལཕྲུལ་བཟོ་དངས་ཤེལ་སྦུགས་ནང་རྟ་ལུག་ཁྱི་རི་དྭགས་སོགས་སྲོག་ཆགས་དུ་མ་དངོས་སུ་བརྩེ་ཞིང་བརྒྱུ་བ་ལྟ་བུ། ཤེལ་སྒམ་སྦུབས་ལ་སྦུབས་བརྒྱུད་དེ་མཐའ་དང་བྲལ་བ་ལྟ་བུའི་ཁྱད་མཚར་མཐོང་སྣང་མཐའ་ཡས་པ་འཆར་བ། སུ་གནྟི། ནཱི་ལམ་སོགས་གནངས་ཅན་མང་པོ་སྣང་བར་བལྟས། ཚེས་ལྔར་དཔོན་ཚང་བྱང་ངོས་པ་ཁྱོ་ཤུགས་བུ་བཅས་ཀྱིས་དཀར་དྲོ་ཚན་གྲངས་བསྟར། ཚེས་དྲུག་ནས་དཔལ་ལྡན་རེ་མ་ཏཱི་མདོས་མཆོད་ཀྱིས་གཉེས་པའི་དུས་རིམ་བཟབས་རྒྱས། ཚེས་བདུན་ནས་རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་པ་ཁ་གསོ་བདུན་ཕྲག་སོང་མཚམས་ཁྱབ་བདག་ཞ་ལུ་པ་ཆེན་པོས་ཚན་གྲངས་དང་བཅས་ཆེད་དུ་མངགས་པ་གནང་བ་རྟེན་འབྲེལ་གྱི་སྒོ་འགྲིག །ཚེས་བཅུ་གསུམ་ལ་ནང་མཚམས་གྲོལ་ནས་ཁྲ་འབྲུག་ཏུ་མཆོད་དཔོན་པའི་ལྷ་ཁང་གསར་པར་བཞུགས་རྒྱུའི་ལྷ་རྣམས་གདན་འདྲེན་རིངས་པར་བརྟེན་རབ་གནས་བྱས་ནས་བསྙེན་པ་ཞག་གཉིས་མུ་འཐུད། ཚེས་བཅུ་བཞིར་ཕྱི་མཚམས་གྲོལ་ཏེ་བྱང་འོག་ཆོས་མཛད་དང་རྡོར་ལེགས་པར་ཇ་གྲལ་བཏང་། ཚེས་བཅོ་ལྔར་ཐོར་གོད་ཁོན་ཆིང་བྱང་ལ་འགྲོ་གདོང་གི་རྫོང་བ་དང་བཀའ་བསྒོ། ཚེས་བཅུ་དྲུག་ལ་གངས་ཅན་བསྟན་པའི་ཉི་མ་ལྟ་བུ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་སློབ་དཔོན། གཉེར་པ་དགེ་འདུན་རགས་བསྡུས་དང་བཅས་པ་


GLG007_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་བརྒྱ་སྐོར་གྱིས་སྤྱི་སྒེར་གྱི་དངོས་པོ་སྤམས་བསྟོད་དེ་དགེ་འདུན་མི་ཕྱེད་འདུས་པའི་བདེན་ཚིག་གིས་འཆི་བདག་སྲིད་སྡེ་དང་བཅས་པའི་གཡུལ་ལས་རྒྱལ་ལམ་སྙམ། དེ་མཚམས་ལྷ་ཁང་ཆོས་མཛད་བློ་བཟང་རབ་བརྟན་དང་ཕྲད་ཅིང་། ད་ལའི་ཆོས་རྗེའི་བསྔོ་རྟེན་བསྐྱལ་བར་ངན་སོང་གི་དུཿཁ་ལས་སྐྱོབ་པའི་བསྔོ་སྨོན་མཆོག་གསུམ་དཔང་པོར་གསོལ་ཏེ་ཡང་དག་བསྟར། ཚེས་བཅུ་བདུན་ལ་སེ་ར་ཐེག་ཆེན་གླིང་སློབ་དཔོན། ལས་སྣེ་བ། དགེ་འདུན་དྲུག་བརྒྱ་སྐོར་གྱིས་ཀྱང་རིང་འཚོའི་བདེན་ཚིག་སྔ་མ་དང་མཚུངས་པ་མཛད། རྩེར་དགའ་ལྡན་ཧུང་ཐའི་ཇི་དང་རྭ་སྒྲེང་ཟུར་པའི་མི་སྣ་གཉིས་ཀྱིས་གསེར་དངུལ་གོས་དར་སོགས་བཏེག་ནས་གྲ་ཚང་གི་གྲ་པ་སུམ་ཅུས་རིང་འཚོའི་ཚིགས་བཅད་གསུངས། རྒྱལ་མོ་གུ་རུར་དྲག་དམར་གྱི་དཔའ་བོ་ལྷ་གསུམ་གྱི་དབང་དང་། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་དབང་བཞི་བྱིན་རླབས་བསྐུར་ཁྲོད་སེ་ར་སྨད་སློབ་དཔོན་པ་དང་འཕྱོས་པ་སྐུ་སྐྱེའང་ཡོད། ཆོས་རྗེ་སྒྲོལ་མ་བ། ཤེལ་དཀར་ཆོས་སྡེ་དང་སྐྱོར་ལུང་མཚན་ཉིད་པའི་བླ་ཟུར། ར་བ་སྨད། སྦེ་སེར། ཁམས་པོ་ཏི་དགོན་གསུམ་གྱི་བླ་མ། འཕྱོས་པ་སྐུ་སྐྱེ། སན་ཧུང་ཐའི་ཇིའི་ལྷ་བཙུན་བློ་བཟང་ཆོས་སྐྱོང་། རྡོ་དགོན་ནས། རོང་གྲགས་པ་བ། ཁྱུང་རྩེ་སྡིངས་པ། དངོས་གཞི་བ་སོགས་དང་ཕྲད། ཚེས་བཅོ་བརྒྱད་ལ་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཁྲི་རིན་པོ་ཆེ་བྱམས་པ་བཀྲ་ཤིས་ཀྱིས་དབུས་ཤར་པ་ཆོས་རྗེ། སློབ་དཔོན་པ། ལས་སྣེ་བ། དགེ་འདུན་རགས་བསྡུས་ཀྱིས་སྤྱི་སྒེར་འབྱོར་བསྟུན་གྱི་བདོག་པ་བརྐྱང་སྟེ་ཁྲི་རིན་པོ་ཆེས་


GLG007_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པར་འཚོ་དགོས་པའི་ཁས་ལེན་དགོས་ཞེས་རྒྱུ་མཚན་མདོ་སྔགས་ཀྱི་ལུང་རིགས་ལམ་ནས་དྲངས་ཏེ་རྒྱས་པར་གསུང་བ་སོ་སྐྱེར་རང་དབང་མེད་མོད། འོན་ཀྱང་དགེ་འདུན་རྣམས་ཐུགས་རྩེ་གཅིག་དྲིལ་དཀོན་མཆོག་གསུམ་ལ་གསོལ་འདེབས་གནང་བའི་ནུས་མཐུའི་བྱིན་རླབས་ཡོང་བ་གཞིར་བཅས་ཤིང་སྡོད་འདུན་བྱེད་ཚུལ་གྱིས་ལན་ཕུལ། ལྷ་ལྡན་རུ་བཞི་པ་རྣམས་ཀྱིས་ཀྱང་དངོས་པོ་མཎྜལ་ཚུལ་དུ་བཏེག་ནས་བདེན་པ་བརྗོད། གཡོན་རུ་སྐུ་སྐྱེ། དྭགས་པོ་ལྕང་ར་བ། ས་བ་གྲུ་པ་བསྟན་པའི་རྒྱལ་མཚན། བསམ་ཡས་སྐུ་རྟེན་པ་སོགས་ལ་ཇ་གྲལ་ཐོག །བྲམ་ཟེ་ར་མ་ནཱ་ཐར་གསེར་ཞོ་གསུམ། གླ་གོར་བཅུ་གསུམ། ཇུས་དམར་ཁ་བདུན། ཟུར་ཆས་ཀྱིས་མཚོན་རེ་བ་བཀང་། ཚེས་བཅུ་དགུར་གསང་ནེའུ་ཐོག་གི་ཁྲི་པ་གྲ་སློབ་ཉུང་བསྡུས་དང་། སྐྱོར་ལུང་དགོན་ལག་མར་ཁུ་སྦུས་སྐྱུ་སོ་སོས་བདོག་པ་དང་བཅས་རིང་འཚོའི་ཚིགས་བཅད་གསུངས། ཤག་བྱང་པ། ཇོ་རྗོང་ནས། པདྨ་རྡོ་རྗེ་སོགས་དང་ཕྲད། ཚེས་ཉི་ཤུར་གསང་སྔགས་རྡོ་རྗེ་ཐེག་པའི་འཇུག་ངོགས་རྒྱུད་སྟོད་སྨད་སོ་སོ་ནས་ཟང་ཟིང་གི་ཚན་གྲངས་དང་བཅས་བདེན་ཚིག་དབྱངས་སུ་གྱེར། སྨད་པའི་དགེ་སློང་དགེ་འདུན་ཤེས་རབ་ཀྱིས་ཡིག་དྲུག་དུང་འདྲེན་པའི་དམ་བཅའ་བྱེད་པར་རྗེས་སུ་ཡི་རང་། དགའ་ལྡན་དའི་ཆིང་དཔོན་གཡོག་རགས་བསྡུས། ཙ་གོང་བླ་མ། གེར་པའི་ཚ་བོ། ཉི་ཐང་བླ་མ། སྟོད་ལུང་སྒང་པ། དར་བྱུང་བ་གཞོན་པ་སོགས་ལ་ཇ་གྲལ་བགྱིས། ཉེར་གཅིག་ལ་གཡོན་རུ་དགའ་ལྡན་ཧུང་ཐའི་ཇི་དང་རྭ་སྒྲེང་ཟུར་པའི་


GLG007_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྣར་རྫོང་བདའ། བསམ་གྲུབ་གླིང་པ། རྡོ་དགོན་ནས། བསམ་ཡས་སྐུ་རྟེན་པ་ཕ་བུ་སོགས་ལ་ཇ་གྲལ་དང་སྐུ་རྟེན་པར་པད་འདབ་ཆེ་ལེགས། གྱོན་པ་ཆ་ཚང་སོགས་ཆོས་སྐྱོང་གི་སྟབས་བདག་རྐྱེན་གཟེངས་བསྟོད། ཉེར་གཉིས་ལ་ལྷ་བཙུན་བློ་བཟང་ཆོས་སྐྱོང་སོགས་དགེ་ཚུལ་དགུ་དང་དགེ་བསྙེན་གཉིས་ལ་སྡོམ་པ་ཕབ། ཉེར་གསུམ་ལ་ལྷོ་མོས་ནས་གནས་གསར་དབོན་རིན་པོ་ཆེ་བྱོན་པ་དང་མཇལ་ཞིང་ཞག་ཤས་བསྟན་མ་ཁང་དུ་བཞུགས། ཉེར་བཞིར་ཁྲི་རིན་པོ་ཆེ་བྱམས་པ་བཀྲ་ཤིས། ཉང་རོང་དང་གསེར་སྡིང་སློབ་དཔོན་སོགས་བསྐྱར་མ་དང་། གདོང་ནས། གེ་ར་བ་བློ་བཟང་མཁྱེན་བརྩེ་སོགས་གསར་པ་བཅས་བསྙེན་རྫོགས་བཅོ་ལྔ། ཁྲི་རིན་པོ་ཆེར་མཚན་བློ་བཟང་བསྟན་འཛིན་དུ་གསོལ། ཉེར་ལྔར་རྒྱལ་མོ་གུ་རུ་འདས་པའི་མགྱོགས་བསྔོ་རྟེན་གྱོན་པ་ཆ་ཚང་། དངུལ་ལྔ་བཅུ་མ། གོས་ཡུག་སོགས་བྱུང་བར་འཁོར་བ་དང་ངན་སོང་འཇིགས་སྐྲག་ལས་གྲོལ་ཞིང་མངོན་མཐོ་ངེས་ལེགས་ཐོབ་པའི་བསྔོ་སྨོན་གྱིས་མཚམས་སྦྱར། ཞི་གནས་སློབ་དཔོན། །བང་རིམ་ཆོས་སྡེའི་གཉེར་པ། ཅུང་ཝང་གི་ས་ནས་རྒྱ་ཚེ་རིང་སྔ་འབྱོར་དང་ཕྲད། གཏེར་ལུང་དང་རྒྱ་ཅན་སོགས་སུ་ཨྱོན་རྡོ་རྗེ་འཆང་གི་ལུང་བསྟན་ལྟར་བོད་ཁམས་བདེ་ཐབས་སུ་དྭགས་ཀོང་། དབུས་གཙང་། ལ་སྟོད། བལ་བོད། དེ་བཞིའི་མཚམས་སུ་བདུད་འདུལ་མཆོད་རྟེན་རེའི་བུམ་པའི་ནང་རྟ་མགྲིན་ཡང་གསང་། གཤིན་རྗེ་གཤེད། རྟ་མགྲིན། སྟོབས་པོ་ཆེ། བདུད་རྩི་འཁྱིལ་བ། རིགས་གསུམ་མགོན་པོ་རྣམས་ལྡེབས་བྲིས་རེ་དང་ཐང་སྐུ་རེ་བཞུགས་སུ་གསོལ་བར་རབ་ཏུ་གནས་པ་


GLG007_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། མངའ་རིས། ལྷོ་མོན། ཤར་ཁམས། བྱང་སོག་པོ་རྣམས་ཀྱི་མཚམས་སུ་མཆོད་རྟེན་དགུ་རེ་བཞེང་དགོས་པ་མཆོད་རྟེན་རྣམས་ནུས་ལྡན་དུ་བྱས་པ་འདི་ག་ནས་བསྐུར། ངེད་རང་གི་ཚོགས་གསོག་ཏུ་ལྷ་སར་སྨན་བླ་བརྒྱད་སྟོང་སུམ་བརྒྱ། སྒྲོལ་མ་དགུ་སྟོང་བརྒྱད་བརྒྱ། ཤེར་སྙིང་སུམ་འབུམ་ཉི་ཁྲི་དགུ་སྟོང་དྲུག་བརྒྱ། གདུགས་དཀར་ཉིས་སྟོང་ཆིག་བརྒྱ། མཆོད་ཁང་སོ་སོར་སྤྱན་འདྲེན་ཁྲུས་གསོལ། འཇིག་རྟེན་ཁམས་ཀྱི་ནད་རིམས་སད་སེར་སོགས་ཞི་ཐབས་སུ་དབུས་གཙང་རྫོང་གཞིས་ཉི་ཤུར་ཞི་བའི་སྦྱིན་སྲེག །རྣམ་འཇོམས་དང་སྨེ་བརྩེགས་གང་རུང་གི་ཁྲུས་གསོལ། གནས་ཆེན་བཅུ་བདུན་དུ་ཚོགས་བརྒྱ། མཆིམས་ཕུར་འཆི་མེད་སྐུ་གསུམ་འདུས་པའི་ཚེ་ཆོག །དབུས་གཙང་གི་རྫོང་གཞིས་ཐམས་ཅད་ནས་ཞོགས་ལྔའི་བར་དགྲ་ལྷ་དཔངས་བསྟོད། ཡུལ་ཚན་སོ་སོ་ནས་རི་འགོ་དགུར་བསངས། དུད་ངོ་ཡོད་ཀྱིས་མཁར་ཁྱིམ་སོ་སོ་ནས་གཏོང་བའི་བཀོད་པ། ཆོས་རྗེ་ཟིལ་གནོན་རྡོ་རྗེ། དགེ་སློང་བློ་གྲོས་རྒྱལ་བ། དགེ་འདུན་རིན་ཆེན། མཁས་བཙུན་དབང་ཕྱུག །ལྷ་དབང་རྒྱ་མཚོ་རྣམས་ཚེ་བདག་ལྕགས་འདྲ། འཇམ་དབྱངས་བསྟན་འཛིན་བཀའ་བརྒྱད་གསང་རྫོགས། འཇམ་དབྱངས་རྒྱལ་མཚན་རྡོ་རྗེ་གྲོ་ལོད། བྱམས་པ་ནོར་བུ་དང་ཆོས་མཛད་བློ་བཟང་བཀྲ་ཤིས་རྟ་མགྲིན་གསང་སྒྲུབ། ངག་དབང་དཔལ་བཟང་བྱང་གཏེར་ཁྱུང་ནག་རྣམས་ཀྱི་དམིགས་རིམ་ཧོར་ཟླ་དང་པོའི་ཚེས་བཅུ་གསུམ་ནས་ཁྲིད་དེ་བཅུ་བདུན་ལ་མཚམས་བྱེད་བཅུག་པ་འདི་སྨད་གྲོལ་བ་ཁ་སྐོང་གི་སྦྱིན་སྲེག་དང་བཅས་གྲུབ་ནས་ཉེར་དྲུག་ལ་བྱིན་རླབས་བྱས། ཉེར་


GLG007_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལ་རྒྱལ་སྲས་ཤེས་རབ་འཕེལ་བ་དང་མཇལ། ཉེར་བརྒྱད་ལ་མཆོད་དཔོན་པ་ཁྲ་འབྲུག་གི་རྟེན་བསྒྲིག་ཏུ་འགྲོ་བ་དང་མཉམ་པོར་གནས་བརྟན་འཇམ་དབྱངས་གྲགས་པ་གྲ་བཅས་གཟུངས་འབུལ་རབ་གནས་ལ་བརྫངས། འབྲུག་པ་སྤྲུལ་པའི་སྐུར་ཇ་གསུམ་གྱི་བར་ར་ལུང་གི་རྟེན་བརྟེན་པ་ལས་འཕྲོས་པའི་དྲི་བ་དྲི་ལན་བསྟར། སྔར་ཚུགས་བཟང་པོ་རིམ་པར་ཤོར་བའི་ད་ལྟའི་མཛད་པ་རྣམས་ཡ་མ་ཟུང་ཞིག་ཏུ་མངོན། ཡེར་པ་བླ་གཉེར། རྒྱུད་རམས་པའི་ཚ་བོ། ས་དཀར་འགོ་པ་སོགས་ཀྱང་ཡོད། འབྲུག་པ་སྤྲུལ་སྐུ་དང་སེམས་དཔའ་སྤྲུལ་སྐུར་ཚེ་དབང་གྲུབ་རྒྱལ་མ་ཕུལ་རྗེས་བསྟན་འཛིན་ད་ལའི་རྒྱལ་པོ་སྲས་བཅས། དགའ་ལྡན་ཇི་ནོང་། བཀྲ་ཤིས་པཱ་ཐུར་ཐའི་ཇི། བི་ལིག་ཨེར་ཁེ་ཐའི་ཇི། ཨུ་ཞང་། ཇའི་སང་བཅས་པ་དང་མཇལ། ཉེར་དགུར་གནས་གསར་དབོན་རིན་པོ་ཆེ་དང་འདར་པ་བློ་གསལ་བསྟན་འཛིན་རྡོ་རྗེ་འཕྲེང་བའི་དབང་གསན་པར་ནཱ་ལནྡར་འབྱོན་པའི་རྟ་དྲེལ་སོགས་མཐུན་རྐྱེན་སྦྱར་ཞིང་བཀའ་བསྒོ་བགྱིས། རག་པའི་མི་ངོ་རྣམས་ཀྱིས་དཀར་དྲོ་བཏེག་ཞོར་གསང་གླིང་སློབ་དཔོན་པའང་ཡོད། གནམ་གང་ལ་འབག་བཟོ་མི་དབུ་མཛད་བག་དྲོ་ཅན་ལ་བྱིན་རླབས་བྱས། ཟླ་བ་བདུན་པའི་ཚེས་གཅིག་ལ་ཆོས་རྗེ་ཐུབ་བསྟན་པ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་བསྔོ་རྟེན་སྤེལ་བར་ཚ་བོ་ཐང་པོ་ཆེའི་མཁན་པོ་འབྱོར་དོན་བཞིན་ཐར་པ་དང་རྣམ་མཁྱེན་གོ་འཕང་ལ་རེག་པའི་བསྔོ་བས་རྒྱས་བཏབ། རྡོར་སློབ་དགེ་སློང་བློ་གྲོས་རྒྱལ་བས་བྱས་ཏེ་གཤིན་རྗེ་ཤོར་སང་ཉི་མ་ཁྲོས་པ་དང་བློ་བཟང་མཁྱེན་བརྩེས་བྱས་ནས་ཨར་གཏད་གྲངས་བཅད་སོ་སོར་


GLG007_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པའི་སྒྲུབ་པ་བཙུགས་ཏེ་དམ་སྲི་རྒྱལ་འགོང་གི་འཚུབ་དབལ་བཅག །ཚེས་བཞིར་རྒྱལ་མོ་གུ་རུའི་བསྔོ་རྟེན་དངོས་གཞི་ལ་གྱོན་པ་རྒྱན་ཆས་གོས་དར་སོགས་སྤམས་མཐོ་བ་རྒྱལ་སྲས་མཆེད་གཉིས་ཀྱིས་བཏེག་པར་བྱང་ཆུབ་ཐོབ་པའི་རྒྱུར་བསྔོ་སྨོན་བགྱིས། གླིང་སྟོད་སྐུ་སྐྱེ། གནས་བྱང་པ། ཤངས་གྲོང་གསར་བ། རྒྱལ་རྩེ་ས་ལ་བ། སྟར་རྫོང་དུ་འགྲོ་མི་སྣང་དཀར་བསོད་ནམས་རབ་བརྟན། ས་དཀར་འགོ་པ། ཆང་ཁྱིམ་པ་སོགས་དང་ཕྲད་པའི་ཕྱི་མ་གསུམ་པོར་ཉེར་འཚེ་ལས་རྒྱལ་བའི་བཀའ་བསྒོ། ཕྱི་དྲོ་ནས་སྒོ་གསུམ་མི་འདའ་བའི་བཅད་རྒྱའི་བདུན་དང་པོར་རྣམ་འཇོམས། གཉིས་པར་ཚེ་དཔག་མེད་ཀྱི་སྒོམ་བཟླས་ལ་བརྩོན་འགྲུས་བསྐྱེད། ས་དཀར་འགོ་པ་ལྷུན་གྲུབ་རྒྱ་མཚོས་མདོ་དགའ་ལྡན་གཞན་ཕན་གླིང་དུ་འཛུགས་རྒྱུར་རིང་འཚོའི་ཚིགས་བཅད། ཕུན་ཚོགས་ལྷུན་གྲུབ་ཀྱིས་དགེ་སྐོས་འཇོག་ལ་དངུལ་གྱི་པད་སྡེར་འབུལ་རྒྱུའི་ཁ་བྱང་། གཞི་བ་སློབ་དཔོན་ཕུན་ཚོགས་ཆོས་ལྡན་གྱི་ངོར་གླིང་སྨད་ཆོས་རྗེ་ཕུན་ཚོགས་རྒྱལ་མཚན་གྱི་དགོངས་རྫོགས་སྨོན་ལམ། སྒྱིད་ཐང་ནོར་བུའི་པཎ་ཆེན་དགེ་འདུན་གྲུབ་གྱི་འཁྲུངས་རབས་རྒྱབ་ཡིག །མཆོད་དཔོན་པའི་ཁྲ་འབྲུག་ལྷ་ཁང་གི་དཀར་ཆག་ཕན་བདེའི་དཔག་བསམ་འདོད་འཇོ་དང་རི་བོ་ཆོས་གླིང་དུ་འཛུགས་རྒྱུའི་སྨོན་ལམ། གནས་གསར་དབོན་རིན་པོ་ཆེའི་གསུང་བཞིན་གྱི་གསོལ་འདེབས་སྨོན་ལམ། དབུ་མཛད་ཀྱིས་བཀྲ་ཤིས་བདེ་ཆེན་གྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་པའི་དཀར་ཆག་ལ་ཆུན་པོ་རྣམས་སོ་སོའི་བསྐུལ་མ་བཞིན་བརྩམས།


GLG007_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་དགུར་ནང་མཚམས་གྲོལ་བའི་དམག་ཟོར་ཚངས་དབང་ལ་ཁ་འབར་མ་དཀར་མོའི་འཆི་བླུ། རྣམ་འཇོམས་ཀྱི་བཀྲུ་བྱབ་སྲུང་གསུམ། ཚེ་དབང་འཆི་མེད་དཔལ་སྟེར་བརྒྱ་ཚར་བསྐུར། ཚེས་ཉི་ཤུར་སྔགས་རམས་པ་ནམ་མཁའ་བཟང་པོ། གྲུབ་གླིང་ཆོས་མཛད། བྲག་གདོང་རྒྱལ་ཕུར། གྲ་ཚང་གི་ཚོང་དཔོན་སོགས་ལ་ཇ་གྲལ་བགྱིས། ཉེར་གཅིག་ལ་རྒྱལ་སྲས་བསྟན་འཛིན་དབང་རྒྱལ། ལྷ་བཟང་ཀླུ་དབང་། ཇའི་སང་གཉིས། བྱིངས་ཉི་ཤུ། ཆབ་ནག་མཁན་པོ། ཞི་གནས་སློབ་དཔོན། སྟག་ལུང་གསང་སྔགས་ཆོས་འཁོར་བའི་དགེ་སྐོས་སོགས་ལས་སྣེ་བ་ལྔ། ཁ་བ་ལུང་པ་སོགས་བློན་པོ། ཤག་སྐོར་བའི་རིགས་གྲའི་སྐལ་བ་སྐྱེལ་མི་ཉིས་བརྒྱ། འོར་དུ་སུ་སྟོང་སྐོར་སྐུ་སྐྱེ་དང་། ཨེར་ཏེ་ནི་དའི་ཆིང་གི་མི་སྣ། གཡོག་དྭགས་པོ་འཚོ་བྱེད། གསར་འབྱོར་ཤི་རལ་ཐུ་དགེ་སློང་། འུ་ཡན་ཇའི་སང་། ཁོ་ཤོའུ་ཆིའི་གཞིས་འཛིན། དགེ་སློང་དར་ཁན་ནང་སོ། ཁལ་ཁ་ནོ་ཡོན་ཁུ་ཐུག་ཐུའི་ནུ་བོ། ཨ་པ་ལའི་རྒྱ་མཚོ། ཆེ་ཆེན་ཨ་ཁའི། ཨེར་ཁེ་ཨ་ཁའི། དྷརྨ་ཀཱིརྟི་སོགས་ཀྱི་མི་སྣ། ཕིང་སིང་ཝང་གི་མི་སྣ་ཕྱིར་འཁོར་ཟུང་ཆུ་རབ་འབྱམས་པ། རྒྱ་ཚེ་རིང་རྣམས་དང་ཕྲད་ཅིང་ཝང་གི་ཡི་གེ་རྟེན་གསེར་སྲང་བཞི་བཅུ། སོ་སོའི་སྒེར་གྱི་གཏེར་ཆ་བླངས། མདོ་ཁམས་མགོ་ལོག་དགོན་གསར་བར་ས་མཚམས་རང་ལུགས་དགོན་པར་སོང་གཤིས་ཆོས་གཞིས་ཆུང་བའི་བསྣོན་མར་ངོ་ལོག་པ་དུད་ལྔ་བཅུ་སྐོར་ལག་འབབ་རུའི་ཕྱེད་སུམ་བརྒྱ་ཐོན་ཁུངས་སྦྱར། རྒྱལ་ཐང་དུ་བསོད་ནམས་


GLG007_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་པའི་ཞིང་རྣམ་དག་མི་འདུག་པ་དགའ་ལྡན་སུམ་རྩེན་གླིང་གྲ་པ་ལྔ་བརྒྱ་སུམ་ཅུ་སྐོར་གྱི་ཞལ་འདོན་གསང་འདུས་གཙོར་བཏོན་གྱིས་ཕྱག་དྲུག་པ་ལས་གཤིན་སོགས་ཆོས་སྐྱོང་ས་ལམ་རྣམ་གསུམ་དང་བཅས་སྔགས་གྲ་བཙུགས་པའི་སློབ་དཔོན་པར་འཕྱོང་རྒྱས་ངག་དབང་རྣམ་རྒྱལ། གཉེར་པ་རྒྱ་མ་བ་བློ་བཟང་རབ་རྒྱས་སོགས་ལས་བྱེད་རྣམས་ཀྱི་ཕོགས། རྒྱུན་གཏོང་། ཚུལ་སྒྲུབ་མཆོད། བསྐང་གསོ་གཏོར་བཟློག་བཅས་པའི་ཐེབས་སུ་དུད་སུམ་བརྒྱ་རྐང་འགྲོ་ལག་འདོན། ཇ་ཐུག་གི་འཕར། གཤོར་འདེབས་སོགས་ཇི་སྲིད་བསྟན་པ་ནམ་གནས་བར་སྦྱོར་འཇགས། འབྲུག་ལ་བར་ཕོགས་ཀྱི་མཐུན་རྐྱེན་ས་འབྱེད་མ་ཐུབ་བར་རུའི་ཁལ་སུམ་བརྒྱའི་གཤོར་འདེབས། ངེད་རང་གི་རིམ་གྲོར་སེར་འབྲས་གཉིས་སུ་ཇ་ཚུལ་ཉི་ཤུ་འགྱེད་གྲ་པ་བཅུ་རེར་ཡ་ཇུ་བར་ཁག་རེའི་ཐོག་ཕྱག་འཚལ་ཉེར་གཅིག་ས་ཡ་བདུན་འབུམ་ཆིག་ཁྲི་སུམ་སྟོང་ཉིས་བརྒྱ། བསྟན་སྲིད་སྤྱི་རིམ་དུ་ལྷ་ལྡན་ཁྱམས་རར་སེར་འབྲས་བསྒྲིལ་བ་ལྔ་བརྒྱས་གདུགས་དཀར་ཆིག་འབུམ་ཆིག་སྟོང་། ཕུན་ཚོགས་གླིང་པས་སྨན་བླ་ཉི་ཁྲི་བདུན་སྟོང་སུམ་བརྒྱ་བརྒྱད་ཅུ། སྒྲོལ་མ་སུམ་ཁྲི་བརྒྱད་སྟོང་བཞི་བརྒྱ། ཤེར་སྙིང་ཆིག་ཁྲི་ལྔ་སྟོང་། སྡེ་པའི་སྐུ་རིམ་དུ་བྱམས་ཆེན་པས་གསེར་འོད་ཉིས་སྟོང་ལྔ་བརྒྱ་ཉི་ཤུ། མཚན་བརྗོད་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ། གདུགས་དཀར་ཆིག་སྟོང་བརྒྱད་ཅུ། ཤེར་སྙིང་ལྔ་སྟོང་། སྒྲོལ་མ་དང་ཚེ་གཟུངས་སོ་སོ་དགུ་ཁྲི་བརྒྱ་སྟོང་དགུ་བརྒྱ་རེ། ཉེར་གཉིས་ལ་གོང་དཀར་དཀོན་གཉེར་དཔོན་བླ་གྲས་བདོག་པ་དང་


GLG007_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རིང་འཚོའི་ཆོ་ག་རྒྱས་པར་བཏང་རྗེས་དགའ་ལྡན་དའི་ཆིང་བོ་ཤོག་ཐུ་ཇི་ནོང་། གཡོག་དྲག་པ་བཅོ་ལྔ། བྱིངས་བརྒྱ་སྐོར། བི་ལིག་ཨེར་ཁེ་ཐའི་ཇིའི་དཔོན་མོ་བུ་གཉིས། དཔོན་ཆུང་བློ་བཟང་རབ་བརྟན། ཇོ་རིག་ཨེར་ཁེ་དའི་ཆིང་། སོག་དམངས་ཉིས་བརྒྱ་སྐོར་ལ་ཚེ་དབང་གྲུབ་རྒྱལ་མ་དང་། ཕྱག་དྲུག་པའི་རྗེས་གནང་བར་གཅོད་ཀུན་སེལ་བསྐུར། རྒྱ་ནག་མི་སྣ་སྔ་འགྱོགས་རྟ་འབུལ་དབོན་ཆུང་གི་ནུ་བོ། བཟོད་བ་ཡེལ་དེང་གི་བུ་བསྟན་པའི་ཉི་མ་ངམ་རིང་གྲལ་སྐོར་ནས་འཁོར་བ། རྒྱང་རོ་གསེར་སྡིངས་པ་དང་ཟེམ་མཁར་ཆོས་སྡེའི་བླ་མ། འཕགས་སྡེ་བའི་བླ་གཉེར། ཕག་རི་རྫོང་སྔོད་འོར་པ་ཚེ་དབང་། ཤེལ་དཀར་རྫོང་སྡོད་གྲོང་སྟོད་པ། སྦུས་བདེ་གཞིས་སྡོད་རྩེ་ལྔ་ལྷོ་པ། འབོག་གོང་ཞེ་བོའི་རྟོལ། སྒོམ་བདེ་ནང་ཆེན་པ་རྣམས་ལ་ཇ་གྲལ་བཏང་ཞིང་ཇི་ནོང་དཔོན་གཡོག་ལ་དེ་བཞིན་གཤེགས་པའི་འཕེལ་གདུང་། ངེད་རང་གི་བླ་གོས་གྱོན་འཕྲོ། བྱིན་རྟེན་སྣ་ཚོགས། ཤལ་དཀར་དམར་སྣམ་ཕྲུག་སོགས་རྫོང་བ་བཟབས། ཉེར་གསུམ་ནས་ཡན་ལག་བརྒྱད་ལྡན་གྱི་སྨན་ཆུ་ཉིན་བདུན་གྱི་བར་བསྟེན། ངེད་རང་རེ་གསུམ་གྱི་འཕྲེང་ལ་བརྟག་པ་བྱས་པའི་སེལ་ཐབས་སུ་གཞིས་རྩེར་མྱུག་ཆོས་གླིང་པ། རྣམ་གླིང་དུ་དགའ་ལྡན་ཆོས་འཁོར་པ། རིན་སྤུངས་སུ་བྱམས་ཆེན་པ་དང་སྐྱེད་ཚལ་བ། པ་ནམ་དུ་མཚན་སྒྲོག་པ། གོང་དཀར་དུ་ཐོད་པ་རི་པ། ཕོ་བྲང་དུ་དར་རྒྱས་གླིང་པ། འཕྱོང་རྒྱས་སུ་བཀྲ་ཤིས་བདེ་ཆེན་ཏེ་བདུན་གྱིས་མཚན་བརྗོད་དྲུག་བརྒྱ། སྨན་བླ་


GLG007_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་འབུམ་བརྒྱད་སྟོང་བདུན་བརྒྱ། ཤེར་སྙིང་བཞི་ཁྲི་བརྒྱད་བརྒྱ། སྒྲོལ་མ་བརྒྱད་ཁྲི་ཆིག་སྟོང་དགུ་བརྒྱ། ཚེ་གཟུངས་དྲུག་ཁྲི་དྲུག་སྟོང་ལྔ་བརྒྱ། གདུགས་དཀར་དྲུག་བརྒྱ། སྡེ་པའི་རིམ་གྲོར་གོང་དཀར་དུ་ཆོས་འཁོར་ཡང་རྩེ་བས་མཚན་བརྗོད་འབུམ་ཐེར། ལྷ་སར་ཤངས་དགའ་ལྡན་ཆོས་འཁོར་བ་དང་དར་རྒྱས་སྒྲུབ་སྡེ་གྲ་སློབ་ལྔ་བཅུས་གསེར་འོད་ཚིག་བརྒྱ་བཞི་བཅུ། མཚན་བརྗོད་སུམ་བརྒྱ་བཅོ་ལྔ། སྒྲོལ་མ་སུམ་ཁྲི་བཞི་སྟོང་། ཚེ་གཟུངས་སུམ་འབུམ་ཉི་ཁྲི་བཞི་སྟོང་། གདུགས་དཀར་དང་ཤེར་སྙིང་སོ་སོར་ཉིས་སྟོང་བརྒྱད་བརྒྱ། ཁམས་པོ་ཏི་དགོན་གྱི་འདུ་ཁང་འགྱེལ་ཞིག་བྱུང་བར་ལག་གཡོར་གྱི་འུ་ལག་དང་ཤོ་མདོ་ནས་ཇ་ཐུག་གི་ཐེབས་སུ་འབྲུ་གཤོར་ཁལ་སུམ་བརྒྱ་དང་ཤ་ཤན་ཁོར་དྲུག་མ་གཉིས་སྤྲད། གནམ་གང་ལ་སེར་འབྲས་གཉིས་ཀྱི་སློབ་དཔོན། དབྱར་བདག་སོགས་ལ་བྱིན་རླབས་བྱས་ཤིང་དམངས་དགུ་བརྒྱ་སྐོར་ལ་ངོས་ཕྲད། དགའ་ལྡན་ཇི་ནོང་གི་འདོད་པ་བཞིན་སྨོན་ལམ་བྲིས། ཟླ་བ་བརྒྱད་པའི་ཚེས་གཅིག་ལ་འབྲས་སྤུངས་སུ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པ་བཞེང་དགོས་པའི་ལུང་བསྟན་བཞིན་གཟུངས་ཕུལ་ཞིང་ཡེ་ཤེས་སེམས་དཔའ་བསྟིམ་པར་མེ་ཏོག་གཏོར། དབོན་པོ་ལོ་ཙཱ་བ། ཅོ་ནེ་དང་པོ་ཏི་དགོན་གྱི་བླ་མ། དུམ་བུ་ཆོས་འཁོར་བླ་ཟུར། རྔོད་ཨ་རིག་དགོན་གྱི་བླ་མར་འགྲོ་མི་འབྲས་སྤུངས་སྔགས་པའི་གྲ་པ་བློ་བཟང་མཁྱེན་བརྩེ། དྭགས་པོ་ལྕང་ར་བ། ཀྲེ་པ་ངན་དུབ་ཀྱི་བུ། རྟ་འབུལ་བ་ལྔ་བཅུ་སྐོར་ལ་ཇ་གྲལ་བཏང་


GLG007_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཨ་མདོ་ཆོས་སྐྱབས་ཀྱིས་རྟ་ཉེར་གཅིག །ནག་ཤོད་ར་དར་བླ་མས་རྟ་བཅུ་གཉིས། བྱ་བྲལ་དགེ་སློང་རྒྱ་མཚོ་ཅན་གྱིས་རྟ་བཅུ་གཉིས། ཟུང་ཆུ་སྔགས་རམས་པ་བློ་བཟང་ཚུལ་ཁྲིམས་ཅན་གྱིས་རྟ་ཉེར་དགུ །ཀླུ་འབུམ་བཟང་པོ་རྒྱལ་མཚན་ཅན་གྱིས་རྟ་ང་གཅིག །སེམས་དཔའ་དབོན་པོ་ཅན་གྱིས་རྟ་བཅུ་དགུ །ཐུ་མེད་བསྟན་པ་ཐའི་ཇིས་རྟ་ཞེ་གསུམ། སེ་ར་ཨ་རིག་གོང་མས་རྟ་སོ་ལྔ། བྱམས་པ་འཕྲིན་ལས་ཀྱིས་རྟ་སོ་དགུ་རྣམས་བྱིན། ཚེས་གཉིས་རྗེས་མར་གྲོང་སྨད་གཞིས་ཀར་རྒྱལ་པོ་རྣམ་ཐོས་སྲས་སེར་ཆེན་ལྷ་དགུ །དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། འགོ་བའི་ལྷ་ལྔ་རྣམས་ཀྱི་ཕྱི་ནང་གསང་རྟེན་རྒྱས་པར་འཛུགས་པར་གནས་བརྟན་འཇམ་དབྱངས་གྲགས་པ་བཏང་ཞིང་བསྐང་གསོའང་ཞག་ཁ་ཤས་བཏང་། ཆབ་ནག་མཁན་པོ། ཐར་གླིང་བླ་ཟུར། ཀོང་པོ་བཀྲ་ཤིས་རབ་བརྟན་གྱི་བླ་མར་འགྲོ་མི་སེ་ར་དབུ་མཛད། ནང་སོ་དཀོན་མཆོག་དར་རྒྱས་སོགས་དང་ཕྲད། ཚེས་གསུམ་ནས་ཉིན་བཞིའི་བར་དགེ་སློང་དོན་གྲུབ་པ། ཆོས་རྗེ་ཁ་རག་པ། བློ་གྲོས་རྒྱལ་བ། ཆབ་ནག །ཐར་གླིང་། ཞི་གནས། ཟེམ་མཁར། སེ་ར་དབུ་མཛད། སྐྱར་པོ་རབ་འབྱམས་པ་སོགས་དགེ་སློང་གསར་རྙིང་ཞེ་བརྒྱད། དགེ་ཚུལ་སོ་གསུམ་བསྒྲུབས། རྒྱལ་མོ་གུ་རུའི་ཞེ་དགུ་ཐེམས་པའི་བསྔོ་རྟེན་དངུལ་གྱི་ཟོ་ལག །ལྟེ་རི། གཞོང་པ་སོགས་ཐབ་ཆས་ཕོན་ཆེ་བ། གྱོན་པ་ཆ་ཚང་། ཕྱིང་གུར་གཉིས། རྟ་སུམ་བརྒྱ་བཅོ་བརྒྱད་རྣམས་རྒྱལ་སྲས་གཉིས་སྐྱེལ་བར་བྱུང་དོན་བཞིན་འདིས་


GLG007_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་དུས་གསུམ་བསགས་པའི་དགེ་རྩ་རྣམས་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་བསྔོ་བས་རྒྱས་བཏབ། ཚེས་བརྒྱད་ལ་མདོ་པ་ཆོས་རྗེ་དགེ་བའི་དབང་པོ། གུང་ཐང་སྐུ་སྐྱེའི་ཡབ། དོན་གྲུབ་དབང་རྒྱལ་ལྷོ་ནས་འཁོར་བ་རྣམས་ལ་ཇ་གྲལ། ཚེས་བཅུར་བི་ལིག་ཨེར་ཁེ་ཐའི་ཇི་དཔོན་མོ་བུ་གཡོག་བཅས་ཐོན་པར་འདི་པ་བསྟན་ཞེན་ལྷག་པར་ཆེ་བས་སངས་རྒྱས་ཀྱི་འཕེལ་གདུང་། ངེད་རང་གི་ལྷམ་སྒྲོག་ཆ་སོགས་བྱིན་རྟེན། གྱོན་པ་ཆ་འགྲིག །ཤལ་དཀར་དམར། སྒམ། སྣམ་ཕྲུག་སོགས་དཔངས་བསྟོད། བཀའ་བསྒོ་བགྱིས། དེ་དང་ལྷན་ཅིག་དགའ་ལྡན་ཨེར་ཁེ་ཨུའི་ཆིང་། ཨེར་ཏེ་དའི་ཆིང་གི་ཇའི་སང་པཀྵི། ཆོ་ལོང་ཁཱ་གི་བསྔོ་ཞུས་པ། རྡོ་རྗེ། ཁོ་ལོ་ཆེ། ཆ་གན་ནོ་མུན་ཁན་རྣམས་ཀྱི་མི་སྣ། འགའ་ཤིང་རབ་འབྱམས་པའི་ཚ་བོ། ཧོར་ལྷ་རྒྱལ་དར་གྱི་བུ། ཨ་མདོ་རྟ་འབུལ་བ་ཛོ་གི །རྩེ་གདོང་ཕྱག་མཛོད། རྒྱ་མ་ཆོས་མཛད། གདུང་ནག་པོ། ཨ་མདོ་བ་སུམ་བརྒྱ་སྐོར་ཡོད། གྲོང་སྨད་པ་སངས་རྒྱས་རྒྱ་མཚོའི་ངོར་འགོ་བའི་ལྷ་ལྔའི་མཆོད་སྤྲིན་བསོད་ནམས་དཔལ་བསྐྱེད། གྲ་ཚང་རྔ་དེབ་ཀྱི་འགོ་བརྗོད། དགའ་ལྡན་ཚེ་དབང་དཔལ་བཟང་གིས་བསྐུལ་བའི་ཐང་ལྷ་གནམ་མཚོ་གཙོ་གྱུར་གྱི་བྱང་རྒྱུད་ཀྱི་ཡུལ་ལྷ་གཞི་བདག་གི་གསོལ་མཆོད་འདོད་འཇོའི་དཔལ་སྟེར། ངག་དབང་གྲགས་པའི་ངོར་བདེ་མཆོག་གི་བཤད་པའི་སྔོན་འགྲོ་སྤྱི་བཤད། ལེགས་པ་རྒྱལ་མཚན་གྱིས་བསྐུལ་བའི་བཀྲ་ཤིས་ལྷུན་པོ་སྔགས་གྲ་སློབ་དཔོན་པའི་སྐྱེ་བ་མྱུར་


GLG007_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་སྨོན་ལམ། དར་མོ་སྨན་རམས་པའི་སློབ་མ་རྣམས་ཀྱི་ངོར་སྨོན་ལམ། དགའ་ལྡན་ཨེར་ཏེ་ནི་ཨུའི་ཆིང་གི་འདོད་པ་ལྟར་གསོལ་འདེབས་རྣམས་བརྩམས། ཚེས་བཅུ་གཅིག་ལ་ཤངས་དར་རྒྱས་རི་ཁྲོད་པ་བླ་གྲས་ཚན་གྲངས་བརྐྱང་སྟེ་རིང་འཚོ་སྤེེལ་རྗེས་སྤྱན་རས་གཟིགས་སྐྱེར་སྒང་ལུགས་ཀྱི་སྒོམ་ལུང་ཕབ། བཟང་ལྡན་མཁན་པོར་དབོན་པོ་ལོ་ཙཱ་བ་ཐོན་གདོང་བྱིན་རླབས་བཀའ་བསྒོ་དང་རྫོང་བ་རྒྱས་པར་བྱས་ཤིང་ཐུབ་བསྟན་དགེ་འཕེལ་གྱི་མཁན་པོའི་རིང་ལྷ་རྩེ་ནས་ལོ་སྟར་གཙང་བྲེ་ཚད་ཀྱི་ཁལ་སུམ་བརྒྱ་རེ་དང་དགོན་དེར་ཇི་སྲིད་བསྐལ་པའི་བར་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་དགོངས་པ་རྫོགས་ཐབས་སུ་ལྷ་རྩེ་ཁུལ་ནས་ལོ་བཅུ་རེར་གྲ་པ་བཅུ་རེ་བྱེད་དགོས་པའི་གྲ་རྒྱུན་བཙུགས་པ་ས་སྐྱ་ཚད་ཀྱི་རྣ་བར་མ་གྲགས་པའི་ཟབ་ཆོས་ལ་འཕེལ་རྒྱས་བྱུང་ན་སྙམ་མོ། མདོ་པ་ཆོས་རྗེ་དགེ་བའི་དབང་པོ་སྒྱེ་ཆུ་དང་ལུ་བུའི་མཁན་པོར་རྫོང་བ་བཟབས་ཤིང་བཀའ་བསྒོ་དང་བཅས་རེ་བ་བཀང་། ཚེས་བཅུ་བཞིར་དགའ་ལྡན་ཚེ་དབང་དཔལ་བཟང་གིས་རུང་མཐུན་གྱི་གོས་ཆ་ཚང་སོགས་དངོས་པོ་རྒྱ་ཆེར་བཏེག་ནས་གྲ་ཚང་གིས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རིང་འཚོ་མཛད་ནས་དགའ་ལྡན་ཚེ་དབང་དཔལ་བཟང་། དཔོན་ཆུང་ལྔ། ཆོས་རྗེ་གཅིག །ཇའི་སང་དྲུག །བྱིངས་ལྔ་བཅུ་སྐོར། ལྷ་བཙུན་བློ་བཟང་ཆོས་སྐྱོང་། རྒྱལ་སྲས་བསོད་ནམས་བཀྲ་ཤིས། དགེ་ཚུལ་མ། དཔོན་མོ། ཤངས་དགའ་ལྡན་ཆོས་འཁོར་བའི་བླ་གཉེར། ངག་དབང་བཟོད་པ། དཔལ་དེ་བ། བསམ་གྲུབ་གླིང་པ། ལྕང་རྒྱབ་པ། ཚེ་རིང་འབུམ་


GLG007_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་ཐང་པ། མ་ཆེན་ཚེ་བདག་སོགས་བོད་སོག་སུམ་བརྒྱ་ཙམ་དང་ཕྲད། ཚེས་བཅོ་ལྔར་ཁལ་ཁ་ནོ་ཡོན་ཁུ་ཐུག་ཐུས་ཡོན་སྦྱར་ཏེ་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་སྤེལ་རྗེས་ནོ་ཡོན་ཁུ་ཐུག་ཐུའི་ནུ་བོ་ཁྱོ་ཤུགས། དགའ་ལྡན་ཆོས་འཁོར་སློབ་དཔོན། སྟག་རྩེ་ཐའི་ཇི་ལྷ་རྒྱལ་རབ་བརྟན། པཱ་ཐུར་ཐའི་ཇིའི་བུ། སྒོམ་བདེ་ནང་ཆེན་པ་རྣམས་དང་ཕྲད་ཅིང་ངོ་བོ་ཚོར་བྱིན་རླབས། ནོ་ཡོན་ཁུ་ཐུག་ཐུ་དང་སྟག་རྩེ་ཐའི་ཇིར་བཀའ་བསྒོ་ཕྱི་དྲོ་ངེས་གསང་རྡོར་གླིང་བླ་མ་སྐུ་སྐྱེ་ངག་དབང་འཇམ་དབྱངས་ལ་ཇ་གྲལ། ཚེས་ཉི་ཤུར་དགའ་ལྡན་ཚེ་དབང་དཔལ་བཟང་དཔོན་གཡོག །ཨེར་ཁེ་ཨུའི་ཆིང་། འགའ་རུ་དཀའ་བཅུ་བསོད་ནམས་རྒྱ་མཚོ། བར་ཏ་བློ་བཟང་དང་ཆོས་མཇད། སེམས་དཔའ་ཆེན་པོའི་དབོན་པོ། གསེར་ཁ་རབ་འབྱམས་པའི་གསེར་སྐྱེལ་བ། རྟ་འབུལ་བྱ་བྲལ་བ་མི་བཅུ་གཉིས་སོགས་བོད་སོག་ཉིས་བརྒྱ་སྐོར་དང་ཕྲད་ཅིང་ངོ་བོར་བྱིན་རླབས། དགའ་ལྡན་ཚེ་དབང་དཔོན་གཡོག་རགས་བསྡུས་ལ་ཕྱག་དྲུག་པའི་རྗེས་གནང་། དགའ་ལྡན་ཆོས་འཁོར་བ་བླ་གྲར་དམིགས་བརྩེ་མར་བརྟེན་པའི་བླ་མའི་རྣལ་འབྱོར་བྱས། ཉེར་གཅིག་ལ་དགའ་ལྡན་ཆོས་འཁོར་བླ་མ་དང་སེ་ར་སྟོད་སློབ་དཔོན་བྱེད་རྒྱུ་སོགས་དགེ་སློང་གསར་རྙིང་དགུ་དང་རབ་བྱུང་གཅིག་བསྒྲུབས། ཉེར་གཉིས་ལ་ཟངས་རི་ནས་སྡེ་པ་བློ་བཟང་མཐུ་སྟོབས་དཔོན་གཡོག་ཉེར་ལྔ་སྐོར་དང་ཇ་གཉིས་ཀྱི་བར་འཕྲོས་པ་ཞིབ་ཏུ་བྱུང་། དེ་རྗེས་གནས་གསར་དབོན་རིན་པོ་ཆེ་གྲ་བཅས། འབྲས་སྤུངས་སྤྱི་གཉེར། བདེ་ཆེན་བསམ་གླིང་པ་དང་ཟར་བླ་མ།


GLG007_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་སྐོར་བའི་བསྔོ་རྟེན་སྐྱེལ་མི་བསྟན་པ་རིན་ཆེན། ཟུངས་ཆུ་རྟ་འབུལ་བ་གྲགས་པ་རྒྱལ་མཚན། བློ་བཟང་ཚུལ་ཁྲིམས། བྱ་བྲལ་རྟ་འབུལ་བ་གྲགས་པ་རྒྱ་མཚོ། ཚོགས་གཉིས་རྒྱ་མཚོ། དགེ་འདུན་རྒྱ་མཚོ། བཟོད་པ་སོགས་ཕྱེད་སུམ་བརྒྱ་སྐོར་གྱི་ངོ་བོར་བྱིན་རླབས་དང་དམངས་ལ་མེ་ཏོག་གཏོར། ཉེར་གསུམ་ལ་ཚོམས་ཆེན་དུ་གོང་གི་གསེར་ཡིག་པ་རྒན་པ་ནོ་མོ་གོན་དགེ་སློང་། གཞོན་པ་ཨེར་ཏེ་ནི་དགེ་སློང་། འགྲུལ་སྡེབས་ཡེལ་པ་བླ་མ། གཙང་པ་དགེ་སློང་སོགས་འགོ་པ་བཞི་བཅུ་སྐོར། འདི་གའི་མི་སྣ་རྒན་པ་འདུལ་བ་སློབ་དཔོན། གཞོན་པ་རྟ་འབུལ་དབོན་ཆུང་། བསྟན་འཛིན་ད་ལའི་རྒྱལ་པོའི་མི་སྣ། མཚོ་ཁ་ནས་རྟེན་ཆས་སྐྱེལ་མི་པཱ་ཐུར་དབོན་པོ་སོགས་ཉིས་བརྒྱ་སྐོར་ལ་དཀར་དྲོ་དམར་དྲོའི་དགའ་སྟོན་སྤེལ། གོང་མའི་བཀའ་ཤོག་རྟེན་སྤམས་མཐོ་བར་སྣང་། སོ་སོའི་བབས་བསྟུན་གྱི་དྲི་རྨེད་བྱས་ཤིང་འདུལ་བ་སློབ་དཔོན་པས་གོས་དར་སོགས་ཟང་ཟིང་དངོས་གཙང་རྒྱ་ཆེ་བའི་སྟེར་བྱིན་བྱས། དེ་ཉིན་རྒྱུན་སྡོད་སྡེ་པ་ཨ་བར་སོགས་ཀྱི་སྟེང་གནས་གསར་དབོན་རིན་པོ་ཆེ། རྒྱལ་བ་ཆོས་རྗེ། ཟུར་ཆེན་སྤྲུལ་སྐུ། འདར་པ་རྗེ་དྲུང་སོགས་བསྒྲིགས། ཕྱི་དྲོ་དགའ་ལྡན་ཚེ་དབང་དཔལ་བཟང་གཅིག་པུ་དང་འཕྲོས་གླེང་ཞིབ་རྒྱས་གླེང་། རིགས་འཛིན་ཐུགས་ཐིག་གི་ལུང་བསྟན་གབ་སྦས་ཡེ་ཤེས་གསལ་སྒྲོན་ལས། སྨོན་ལམ་ལྷན་ཅིག་བཏབ་པའི་མཐུ་བཙན་པས༔ བོད་ཡུལ་གངས་རིའི་ལྗོངས་འདིར་འཛོམ་པར་འགྱུར༔ ཁྱད་པར་གཡུ་རུ་གྲ་ཞེས་བྱ་བའི་ཕུར༔ ད་ལྟའི་ལོ་ཙཱ་བཻ་རོ་ཙ་ན་ཡི༔ སྐུ་ཡི་སྤྲུལ་པ་


GLG007_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྡན་སྙིང་གི་བུ༔ བོངས་སྙོམས་གནས་ལྔར་རིགས་ལྔའི་རྟགས་རྒྱས་སྤྲས༔ གསང་བའི་མིང་ནི་འགྱུར་མེད་རྡོ་རྗེ་རྩལ༔ གསང་སྔགས་སྣོད་ལྡན་ང་ཡི་ཆོས་ལ་མོས༔ བཅོ་བརྒྱད་ལོ་ལ་སྦས་པའི་གཏེར་སྒོ་འབྱེད༔ ཅེས་ལུང་གིས་ཟིན་པའི་སྤྲུལ་སྐུ་གཏེར་བདག་གླིང་པས་ཟབ་གཏེར་བཞེས་པར་ཕྱི་ནང་གསང་རྟགས་རྣམས་རིམ་པར་མ་འཕྱུགས་པ་གལ་ཆེ་བ། འདི་སྤྱོད་སྐྱེས་བུར་འདུ་བྱེད་རིག་མ་ནི༔ ལྷ་ལྕམ་ས་ལེའི་སྤྲུལ་པ་རིགས་ལྡན་པ༔ ལས་ཀྱི་འབྲེལ་བས་སྤྲུལ་པ་གསུམ་དུ་འབྱུང་༔ རཏྣ་མཁའ་འགྲོའི་རྟགས་ཀྱིས་སྤྲས་པ་ནི༔ རྟ་ཡི་ལོ་པ་ཤར་གྱི་ཕྱོགས་ནས་འབྱུང་༔ མཚན་ལྡན་རྡོ་རྗེ་མཁའ་འགྲོའི་རྟགས་འཆང་མ༔ འབྲུག་གི་ལོ་པ་ནུབ་ཀྱི་ཕྱོགས་ནས་འབྱུང་༔ རིགས་ལྡན་པདྨ་མཁའ་འགྲོའི་རྟགས་འཆང་བཿ བྱ་སྤྲེལ་ལོ་པ་བྱང་གི་ཕྱོགས་ནས་འབྱུང་༔ འདི་གསུམ་སྤྲུལ་སྐུའི་རིག་མར་འབྲེལ་བ་ན༔ ཉམས་རྟོགས་གོང་འཕེལ་ཚེ་ཡི་བར་ཆད་སེལ༔ འགྲོ་དོན་བསྟན་པ་མཐའ་རུ་འཕེལ་བར་འགྱུར༔ གསང་བའི་མཁའ་འགྲོ་པདྨའི་རིགས་འཆང་མས༔ ཏེ་སྒྲོམ་གཏེར་ལ་དབང་ཞིང་སྤྱོད་པར་འགྱུར༔ རིགས་ལྡན་ཕྱག་རྒྱ་ལྔ་ཡི་འདུ་འཁྲུགས་སེལ༔ ཞེས་དང་། ཨོ་དཀར་བྲག་གི་ཟབ་གཏེར་ཁ་བྱང་ལས༔ གཞན་ཡང་ལས་ལྡན་བསྟེན་བྱ་དང་༔ ལོག་སྤྱོད་སྤང་བྱའི་སྐྱོན་ཚང་བ༔ གང་ཡིན་སྒྲིབ་མེད་ལུང་བྱང་བཞིན༔ མཐོང་ནས་སྤང་བླང་གཅེས་པར་བཟུང་༔ འཆལ་པར་སྤྱད་ན་རང་སྲོག་གཅོད༔ མི་མཐུན་རྐྱེན་དང་དུ༔ཁ་བསྐྱེད༔ དེ་ཕྱིར་རྟོག་པ་རབ་ཏུ་ཆུག༔ དོན་


GLG007_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་ནོ་སྙིང་གི་བུཿ ཞེས་སོགས་ལུང་གིས་ཟིན་པའི་གསང་ཡུམ་འཁྲུལ་མེད་ཅིག་བྱུང་ཚེ་སྤྱི་སྒེར་ཐམས་ཅད་ཀྱི་ལེགས་རྒྱུར་མཆིས་གཤིས་རྟེན་འབྲེལ་འགྲིག་པ་གལ་ཆེའང་། ཁབ་བཞེས་ཀྱི་འོས་ཁ་ཤས་དང་བཅས་བརྟག་པ་དགོས་ཚུལ་དང་ཡུམ་དང་ཕྱག་ཕྱི་རྣམས་ཀྱི་བློར་ཡར་འབྲོག་ཁྲི་ལྕམ་ཡོད་ལུགས་ཀྱི་རྒྱུ་མཚན་བྱུང་བ་ལྟར་འོས་ཐོ་རྣམས་ཀྱི་ནང་ནས་ཁྲི་ལྕམ་བར་ཆད་ཀྱི་དབང་དུ་མ་སོང་ན་ངོ་དཀར་ཤར་བ་བཞིན་ཁྲི་ལྕམ་དངོས་གྲུབ་དཔལ་འཛོམ་བྱོན་པར་ལེགས་སྐྱེས་ཚན་གྲངས་ཁ་ཤས་དང་སྙན་ཚིག་གི་ལམ་ནས་དྲངས་པའི་འཕྲིན་གསོལ་ཟུང་འཇུག་སྙེ་མ་དང་བཅས་ཉེར་བཞིར་རྩིས་རིག་སྨྲ་བ་ཕུ་ལུང་བློ་བཟང་ཡོན་ཏན་མངགས། ཚོམས་ཆེན་དུ་གོང་མའི་མི་སྣ་རྒན་གཞོན་འགྲུལ་སྡེབས་དང་བཅས་པས་རང་རང་གི་འབྱོར་བསྟུན་གྱི་དངོས་པོ་བསྟབ། སྤྱན་གཡས་མཁན་པོ། བཀྲ་ཤིས་ཆོས་གླིང་བླ་མ། ཐུ་མེད་བསྟན་པ་ཐའི་ཇི། ཚ་བོ། རྒྱ་མཚོ། ཀླུ་འབུམ་ཨ་མདོ་བ་བརྒྱད་ཅུ་སོགས་ཁྱོན་བཞི་བརྒྱར་ཇ་གྲལ་བཏང་ཞིང་དམངས་ལ་མེ་ཏོག་གཏོར། གུང་ཚིགས་ལ་ཟུར་ཁང་པ་ངག་དབང་དཔལ་བཟང་ལུས་བསྒྱུར་བའི་སྔོན་འགྲོར་དཀར་དྲོ་དམར་དྲོ་སྡེ་བ་ཨ་བར་བཅས་ནང་སྐོར་བ་དང་། ཕྱི་རོལ་ཏུ་བྱིངས་ལ་བསྟར་ཞིང་རྒྱུན་སྡོད་དྲུང་འཁོར་གྲས་སུ་ཞུགས། གྲ་ཚང་དུ་ཨྱཻ་རིང་ས་ཡ་གཅིག་ལྔ་ཁྲི་ཆིག་སྟོང་། དྲག་སྔགས་སོ་དྲུག་པའང་གོང་འདྲ་བཙུགས། ཉེར་ལྔར་དགའ་ལྡན་ཚེ་དབང་དཔལ་བཟང་འདམ་དུ་ཐོན་གདོང་དང་སྒྲོམ་མདའ་མཁན་པོ་སྦྱིན་པ་རྒྱ་མཚོ་གཉེར་བཅས། ལྡན་མ་བཀྲ་ཤིས་དགོན་གྱི་བླ་མ་ཤེས་རབ་རྒྱལ་མཚན། གནས་གསར་དོན་


GLG007_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དང་ཕྲད། ཉེར་དྲུག་ལ་གནས་གསར་ཆོས་རྗེ་དབོན་ལྷོ་མོས་སུ་རྫོང་བདའ་ཞུས། ཉེར་བདུན་ལ་གོང་མའི་གསེར་ཡིག་པ་རྒན་གཞོན་འགྲུལ་སྡེབས་དང་བཅས་པ། ནོ་ཡོན་ཁུ་ཐུག་ཐུ་འདུལ་བ་ཆོས་རྗེ། སྒྲོམ་མདའ་དང་དགའ་ལྡན་རབ་བརྟན་མཁན་པོ། ཆབ་ནག་དང་ཐོས་བསམ་དར་རྒྱས་གླིང་བླ་མ་སོགས་བོད་སོག་སུམ་བརྒྱ་སྐོར་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད། སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་དང་སྤྱན་རས་གཟིགས་རྣམས་ཀྱི་དབང་དང་རིག་གཏད་བསྐུར་ནས་ཆོས་ཉན་པའི་སྟེང་དར་རྒྱས་སྒྲུབ་སྡེའི་བླ་གྲ། གཡའ་བཟང་གཉེར་པ། ཆོག་ཐུ་ཐའི་ཇིའི་མི་སྣ། ལྷུན་གྲུབ་རབ་བརྟན་པ་རྣམས་ལ་ཇ་གྲལ་བཏང་། ཉེར་བརྒྱད་ལ་མི་སྣ་གཞོན་པས་བསམ་བློ་ཨ་ཞང་ངག་དབང་སྦྱིན་པའི་བསྔོ་རྟེན་དུ་གསེར་གྱི་མཎྜལ་གོས་དར་སོགས་གཏོས་ཆེ་བ། སུ་ག་གོན་གྱི་ཨ་ལྕེའི་བསྐུར་མ་བླ་བྲེ་སིའུ་མ་ཕྱོགས་བཞིར་རྒྱ་འཕན་བཟོ་བཀོད་ལེགས་པས་མཚན་པ། འཕན་རིང་ཆ། སེ་ར་སྟོད་ཟུར་པ། རྫ་དམར་དཔོན་ཁུ་ཚན། བཱ་རིང་ཐའི་ཇི་སྤུན་རྣམས་དང་ཕྲད། གནམ་གང་ལ་སྒྲོམ་མདའ་མཁན་པོ་ངག་དབང་དཔལ་བཟང་། མི་སྣ་རྒན་པ་ཆོས་འབྱོར་དཔལ་བཟང་། གཞོན་པ་བློ་བཟང་འཕྲིན་ལས། དར་རྒྱས་གླིང་བླ་མ་སོགས་ལ་དགེ་སློང་གི་སྡོམ་པ་ཕབ། རྭ་སྒྲེང་མཁན་པོ། དབུ་ཆོས། ཐུགས་སྲས་ཟླ་བ། འོད་མཆོག་སྤྲུལ་སྐུ། པད་གླིང་སྐུ་སྐྱེ། བྲེས་གདན་ས་པ། ཞང་སྟོན་ལྷུན་གྲུབ་ཁུ་ཚན། མངའ་བདག་པདྨ་ཐུབ་བསྟན། ཤར་མོན་དམག་དཔོན་


GLG007_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྲས་གླིང་པ། གནམ་བདེ་ལེགས་པ། གཉེར་ཕྱག་དཔོན་ཚོ་སྡེ་པ་དང་བཀྲས་གཤོངས་པ། རྣམ་སྲས་གླིང་པའི་བུ་བཀྲ་ཤིས་རབ་བརྟན། སོག་ཙནྡན་དགོན་གཉེར་པ་མངོན་དགའ་བ། ཛོ་གེ་དབོན་པོ་བློ་བཟང་། དགེ་སློང་བཀྲ་ཤིས་རྒྱ་མཚོ་སོགས་དང་ཕྲད། ཞང་སྟོན་རི་ཁྲོད་པས་རྟ་ལྔ་བཅུ་དང་། རྭ་སྒྲེང་དགོན་སྤྱིས་རྟ་ཉེར་གཅིག་བྱུང་། འཚོ་བྱེད་དར་མོ་བ་ལག་གཡོག་ཏུ་འགྱུར་བའི་མིག་རྒྱང་དུ་ཡར་སྟོད་ཆུ་སྐོར་བ་ཅན་དུད་བཅུ་གསུམ་ཕྱེ་གསལ་བྱས་པ་དང་ས་བརྗེས་དགོས་ཚུལ་ལྟར་ཤེལ་གྲོང་གཞིས་ཀ་ཤར་ལ་གཏོགས་པ་ལག་འབབ་བརྒྱད་བརྒྱ་བརྒྱད་ཅུ་དང་འབག་འབག་ཅན་དུད་བཅས་ལ་རུའི་ཁལ་ཉིས་བརྒྱ་ཉེར་བཞིའི་བསྣོན་མ། ལྕང་ར་ཟིལ་གནོན་ཚེ་དབང་ལ་རང་ཁུངས་ལྷ་སྟེང་ནས་སྤྱིལ་ཆུང་གཉིས། ཞུང་ས་ཐམ་རྐང་ཉེར་དྲུག་ལག་ཡོང་རུའི་བདུན་བརྒྱ་སོ་ལྔ་རང་འཇགས་ཐོག་གུས་ཞབས་པ་བདག་རྐྱེན་དགོས་གྲས་ཡིན་པ་མདོ་འགར་མི་ནོར་ས་གཞིས་རྒྱ་ཁྱོན་ཚུགས་ཀ་བཟང་བའི་མག་པར་རྫོང་བདའ། སྒྱིད་ཐང་ནོར་བུ་བློ་གཏོད་བཟང་བ་དང་ཞི་དྲག་སྒྲུབ་རྟེན་ལྡིང་གྲོང་བྱང་གཞིས་ཀ་དུད་འཛིན་ཆེ་ཆུང་དགུ །ལག་ཡོང་སུམ་བརྒྱ་རེ་གཉིས། ཆུ་མིག་ཁ་པར་ཞི་དྲག་སྒྲུབ་རྟེན་དུ་ལྡིང་གྲོང་ལྷོའི་གཞིས་ཀ་ཐེམ་ཆེ་ཆུང་བརྒྱད། ལག་འབབ་སུམ་བརྒྱ་རེ་དྲུག །མཆོད་དཔོན་ངག་དབང་ཤེས་རབ་ལ་སྒྲགས་ཕུ་སྨོན་གྲོང་གཞིས་ཀ་བོད་འབྲོག་དུད་བཅུ་གཅིག །ལག་འབབ་དྲུག་བརྒྱ་བཅུ་གསུམ། ཕྱུར་ཁལ་བཅུ་བཞི། མར་ཁལ་བདུན་ཅུ། སྒྲོལ་ཕུག་ནང་མ་མཐུན་པར་རྒན་པ་ཟུར་སྡོད་བྱེད་རྒྱུར་དཀར་བྲག་


GLG007_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གླིང་སོགས་དུད་འཛིན་བདུན། སྐུ་གསུང་ཐུགས་རྟེན་མཆོད་རྫས། ལག་འབབ་དྲུག་བརྒྱ་ཉེར་དྲུག །དགེ་སློང་འཇམ་དབྱངས་གྲགས་པ་ངེད་རང་གི་འཁྲིས་སུ་སྡོད་རྟག་ཅིང་དཔེ་ཆའི་དོ་དམ་སོགས་ལ་བྱེད་སེམས་འཇུག་པ་དང་སླར་ཡང་སྒྲུབ་རྟེན་མིག་རྒྱང་དུ་ཁུ་མིའི་ཤས་གཡུལ་དཀར་གཤོངས་སོགས་དུད་འཛིན་བཅུ་གཉིས། ལག་འབབ་བརྒྱད་བརྒྱ་སོ་བཞི། གྲ་ཚང་ཕན་བདེ་ལེགས་བཤད་གླིང་པའི་མཆོད་གཞིས་ཁུ་མི་ཕུལ་བའི་ས་ཚབ་དང་མཆོད་ཡུལ་གཞན་དང་མ་འདྲ་བའི་རྒྱུན་འགྲོ་ཆེ་བར་གཉེར་ཚད་འཛིན་ཐེབས་འཕར་དང་བཅས་རྡོ་ལྷུན་གྲུབ་ཕོ་བྲང་ལ་གཏོགས་པའི་གཞིས་ཀ་ན་ལྕང་རྩ་རིགས་བདག་ཐོབ་ནང་ཆས་དུད་ཆེན་ལྔ་བཅུ། ཆུང་བ་བཅུ་གསུམ། ལག་འབབ་ཉིས་སྟོང་སུམ་བརྒྱ། བློ་བཟང་དོན་ཡོད་ལ་སྟར་སྡོང་གུ་རུ་བྱས་ཆེའི་རིགས་བརྒྱུད་སྟབས་མིག་རྒྱང་དུ་ལྕེ་ཏེ་ཞོལ་བསམ་མཁར་གཞིས་ཀ་བསྡད་གྲོང་བཅུ་གཉིས། ལག་འབབ་བདུན་བརྒྱ་ང་བཞི། ཡེར་པ་དགའ་ལྡན་གསང་སྔགས་ཡང་རྩེ་བར་མཆོད་གཞིས་གཏོང་སྒོ་གཤོར་འདེབས་བྱེད་རྒྱུན་ལ་ས་འབྱེད་དགོས་ཚུལ་བཞིན་གྲོང་སྟོད་ལ་གཏོགས་པའི་གཞིས་ཀ་བསྡད་གྲོང་བཅུ་གཉིས། ལག་འབབ་སུམ་སྟོང་བརྒྱད་བརྒྱ་ཉི་ཤུ། རུ་བ་གསར་སྣོན་རྩེ་ལྷ་སྒང་རྩ་གུ་སྟེང་གོང་དཀར་གྲ་ཚང་སྤྱིར་ཕུལ་པའི་སྒྲུབ་མཆོད་ཐེབས་སུ་ལག་ཡོང་རེ་དགུ་ཞིང་ལེ་ཚན་བཞི། འཚོ་བྱེད་ཕག་རི་བ་ཁམས་སུ་ཨུལ་ཇོའི་ཐུ་པཱ་ཐུར་ཐའི་ཇིའི་གཡོག་ཏུ་འགྱུར་ཞིང་། དཔོན་མོ་བསོད་ནམས་སྒྲོལ་མའི་སར་བཅར་སྡོད་ཡིན་གཤིས་གཞིས་རྩེ་ནས་


GLG007_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སོ་གསུམ། དུད་ཆུང་གཉིས་ཀྱི་མི་གྲ། ཁང་མིག་དྲུག །དཀར་བྲག་པ་ངག་དབང་བྱམས་པ་ཡི་གེའི་ལག་གཡོག་ཏུ་འགྱུར་བའི་བདག་རྐྱེན་དུ་སྐྱིད་གཤོངས་གྲགས་ཆེན་ནས་དུད་ཆུང་གི་ཤུལ་དུད་ཆེ་ཆུང་དྲུག །ལག་འབབ་ལྔ་བརྒྱ། བདེ་རྒྱས་པའི་སྐྱེས་དམན་ལྟོ་སྐལ་དང་ས་བརྗེས་དགོས་ཚུལ་ལྟར་རྣམ་གླིང་ནས་ཞིང་ཆེ་ཆུང་རེ་གཉིས། ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་ཡི་གེའི་ལག་གཡོག་ཏུ་འགྱུར་བར་གྲ་ནང་སེར་ཁུང་ནས་དུད་ཆེ་ཆུང་བཅུ་གཉིས། ལག་འབབ་བཞི་བརྒྱ་གོ་ལྔ། མདུན་གྲོང་པའི་སྐྱེས་དམན་མ་བུའི་ལྟོ་སྐལ་ལ་དུད་འཛིན་དྲུག །ལག་འབབ་ཉིས་བརྒྱ་གྱ་དྲུག་རྣམས་སྦྱོར་འཇགས་བྱས། གསང་བ་གྲུབ་པར། དཔལ་ལྡན་འདུས་ལས་མཆོག་གཞན་མེད། །འཇིག་རྟེན་གསུམ་གྱི་རིན་ཆེན་གྱུར། །སྙིང་པོ་ལས་ནི་སྙིང་པོ་མཆོག །རྒྱུད་ཀུན་གྱི་ནི་བླ་མའི་བླ། །བསྟན་དང་བཤད་པ་རྣམ་གནས་ན། །རྫོགས་པའི་རྣལ་འབྱོར་རིམ་པ་ཉིད། །འདུས་པ་གང་གིས་མི་ཤེས་པ། །དེ་ཡིས་དངོས་གྲུབ་ཇི་ལྟར་འགྲུབ། །ཅེས་འདི་ཕྱིའི་བདེ་འབྲས་དང་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཁྱད་པར་ཡང་། དམར་ནག་གི་རྒྱུད་གཉིས་ལས། རྒྱུད་ཀྱི་མཐར་ཐུག་འདུས་པ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་ཤིན་ཏུ་རྙེད་དཀའ་དོན་ཆེའི་ཆོས་འདི་ཉན་པ་དང་འདྲི་འདོན་ཕྱོགས་གཅིག་ཙམ་འཛིན་པ་མཆོད་བསྟོད་བྱེད་པའི་གང་ཟག་དེ་མཐོང་ཐོས་དྲན་རེག་ཐམས་ཅད་བྱང་ཆུབ་རྡོ་རྗེ་སྟེ་རྡོ་རྗེ་འཆང་དང་འདྲ་ལྟས་ཕྱག་ལ་སོགས་པ་བྱ་བར་གསུངས་ན་བསྐྱེད་རྫོགས་ཐུན་བཞིའི་རྣལ་འབྱོར་ལ་བརྩོན་པ་ལྟ་ཅི་སྨོས་ཏེ་


GLG007_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཕྱི་མར། ཨེ་མའོ་ཤིན་ཏུ་རྙེད་དཀའ་བ། །བྱང་ཆུབ་སྒྲུབ་པའི་ཐབས་འདི་ནི། །རྒྱུད་ཀྱི་ཕྱི་མའི་ཕྱི་མར་གྱུར། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །ཅེས་བདུན་ལྡན་ཕལ་ཆེར་གསེར་སྡིངས་པ་གཞོན་ནུ་འོད་ལ་བཀའ་བབས་པ་རིམ་བཞིན་བུ་སྟོན་ཐམས་ཅད་མཁྱེན་པ། དེས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཁྱུང་ལྷས་པ། ཆོས་ཀྱི་དཔལ་བ་གསུམ་ལ་གནང་། གསུམ་གས་སྲིད་གསུམ་འགྲོ་བའི་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོར་སྩལ་པར་བརྟེན་བཅོམ་ལྡན་འདས་གསང་བ་འདུས་པའི་བཤད་སྒྲུབ་ཀྱི་བསྟན་པ་དབྱར་མཚོ་ལྟར་ཆེས་ཆེར་འཕེལ་བའི་འབྱུང་གནས་རྒྱང་རོ་གསེར་སྡིང་གཞན་དང་མི་འདྲ་བར་བསམས་སྒེ་གྲོང་གི་དགོན་གཞིས་ཁང་པ་རྟེན་གསུམ་མཆོད་རྫས་ནང་ཆས། ཐེམ་རྐང་བཞི་བཅུ། ལག་འབབ་ཆིག་སྟོང་བདུན་བརྒྱ་བཞི་བཅུས་གང་ཐོན་གྱིས་ལོ་སྟར་གསང་བ་འདུས་པའི་སྒྲུབ་མཆོད་ཉིན་གྲངས་གང་འཁྱོངས་རྒྱུན་དུ་འདུས་པའི་བཤད་སྲོལ་འཕེལ་ཞིང་རྒྱས་པ་དང་ཀུན་སྤྱོད་མིག་རྒྱན་དུ་ཕན་པ་དགོས་རྒྱུ། ཤེལ་དཀར་ཆོས་སྡེ་དང་མ་མཐུན་པའི་ས་ཚབ་དམ་པའི་བུ་བསྟན་འཛིན་སྤུན་ལ་ལྟག་ལུང་ཡིག་མཁན་ཁུངས་རྩེ་གཞིས་ཀ་ཁྱིམ་བྱང་གཉིས། ལག་འབབ་སུམ་བརྒྱ་དང་གཉིས། ཚགས་པ་མགོན་པོ་སྡེ་པ་བསོད་ནམས་རབ་བརྟན་དུས་ནས་བཟོ་རྟེན་འདུག་རུང་བྱིངས་མཐུན་ཆག་ཆ་མ་བྱུང་བའི་ཞུ་རེ་སྔ་ཕྱིར་བྱུང་བ་ལག་གཡོག་དབུ་མཛད་ད་ལྟ་ལུགས་ཡོང་རྩིས་ཀྱི་ཞིང་ཚུར་བླངས་ངོས་སྔར་འཛིན་ཁང་ཞིང་གི་བོགས་ཁྲལ་རྩ་ཆག་སྟེང་ལྕང་རྒྱབ་པའི་ས་ཆའི་སུམ་ཆ་གཅིག་བྱེ་


GLG007_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་བས་ཉིས་འཛིན་གྱི་བོགས། ལྷོའི་ཞིང་ཆེན་ཕྱེད། རྐང་འགྲོ་གཅིག་རྩ་ཆག་རྣམས་བགྱིས། ཧོར་ཟླ་དགུ་པའི་ཚེས་གཅིག་ནས་ཞག་བཅུ་གཅིག་གི་བར་སྨེ་བརྩེགས་སྒོམ་བཟླས་ལ་ཆིག་དྲིལ་བསྟར་བས་སྤྱི་སྒོས་ཀྱི་གྲིབ་མ་མི་གཙང་བའི་དྲི་མ་བསལ་ཉམས་ཤར། འོན་ཀྱང་གནས་དུས་ཡོ་བྱད་སོགས་སྒེར་མ་ནས་གཅིག་སེལ་གཉིས་བགོས་དབང་གིས་སླར་ཡང་འདིར་འབད་དགོས་པར་གོ །ཚེས་བཞིར་ཚ་རོང་པའི་སློབ་མ་བསོད་ནམས་ཕུན་ཚོགས་ཀྱིས་རྒྱུད་བཞིའི་རྒྱུགས་སྤྲད། ཚེས་བཅུ་གཅིག་ལ་ནང་མཚམས་གྲོལ་ཏེ་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་དང་དམག་ཟོར་ཚངས་དབང་ལ་བྱད་འགྲོལ་དང་། བྱབ་ཁྲུས་སྨིན་རྒྱས་བྱས། ཚེས་བཅུ་གསུམ་ལ་དབུ་སྒོར་ཆུང་བ། བློ་བཟང་ཨེར་ཁེ་ཐའི་ཇིའི་དཔོན་མོ་བུ་བཅས། མི་ཉག་དགོན་གསར། མཚལ་ཡང་དགོན། ནམ་མཁའ་མཛོད། དོ་ནང་པད་གླིང་། མེ་རག །ནག་ཤོད་སྦུས་མདའ་རྣམས་ཀྱི་བླ་མ། གནས་གཞི་ཆོས་རྗེ། ཨ་མདོ་ཨ་ལི་ཆོས་རྗེའི་སྐུ་སྐྱེ་སོགས་རྟ་འབུལ་བ་ལྔ་བཅུ་སྟག་རྩེ་ཐའི་ཇི། ལྷུན་གྲུབ་རྫོང་པ། བར་ཏ་བློ་བཟང་། དཔོན་ཆུང་ཚོགས་བདག །ང་ཕོད་པ། གདང་ཁར་ཨ་བོ། གཞུང་འགྲོན་ཚོང་དཔོན་འཕྲང་གདོང་པ་དང་དཔལ་གྲོ་བ། བུམ་ཐང་གཡུལ་རྒྱ་བ་སྤང་རྩ་ཕུན་ཚོགས། ཐུགས་དཀར་བ་ཐོགས་ལེགས་བཀྲ་ཤིས་ཚེ་བརྟན་སོགས་བོད་སོག་སུམ་བརྒྱ་སྐོར་གྱི་ངོ་བོར་བྱིན་རླབས་དམངས་ལ་ཇ་གྲལ་བཏང་། ནག་ཤོད་སྦུས་མདའ་བླ་མས་རྟ་སོ་གཅིག །ཨ་ལི་ཆོས་རྗེའི་སྐུ་སྐྱེས་བཅུ་གཅིག་བྱུང་། དོན་གྲུབ་དབང་རྒྱལ་གྱིས་


GLG007_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་མཁའ་རིའི་ཕ་བོང་རུས་སྦལ་ནག་པོ་ནས་གཏེར་སྟོན་པདྨ་གླིང་པས་གདན་དྲངས་པ་མ་དྲོས་བྱེ་མ་ལས་གྲུབ་པའི་སློབ་དཔོན་པདྨ་སམ་བྷ་བའི་སྐུ་ཁུངས་བཙུན་བྱིན། འཚེ་བ་ལས་སྐྱོབ་བའི་བཀའ་བསྒོས། སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་རུང་མཐུན་གྱི་གོས་ཆ་ཚང་། དགུ་ཚན་སོ་དྲུག་ལ་རིན་གོང་དངུལ་སྲང་དྲུག་བརྒྱ་དང་བཞི། ཚོགས་བཅས་ཡོན་གྲ་པ་རེར་ཞྭ་སེར་རེ། མཁའ་འགྲོའི་བསུན་བཟློག་སྔོན་འགྲོའི་ཚེ་ཆོག་རྡུལ་ཚོན་དང་འབྲེལ་བའི་རིང་འཚོའི་རྟེན་འབྱུང་ཚེས་བཅུ་གཉིས་ལ་སྤམས་བསྟོད། ཚེས་བཅུ་བདུན་ལ་རྒུར་ཚ་བ་ཆོས་དབང་ལྷུན་གྲུབ། ཐུགས་སྲས་ཟླ་བ་དང་པད་གླིང་གྲ་པ་བཞི་བཅུ་དགེ་ཚུལ་དང་། སོ་དགུ་བར་མ་རབ་བྱུང་དུ་བསྒྲུབས། ཚེས་བཅུ་དགུར་ཐུགས་སྲས་ཟླ་བ་ཐོན་གདོང་གི་མཇལ་ཁ་དང་། འདི་ཉིན་ནས་ཉེར་གཅིག་བར་བཀའ་འགྱུར་ཁང་དུ་རྒྱལ་པ་ཆོས་རྗེས་མཁན་སློབ་སྦྲགས་ཏེ་དགེ་ཚུལ་སུམ་བརྒྱ་ཉེར་དགུ་བསྒྲུབ་ཏུ་བཅུག །ཕུན་གླིང་ངག་དབང་བློ་གྲོས་ཀྱིས་འགྲེལ་པ་དོན་གསལ་དང་ཕར་ཕྱིན་བློ་བཟང་དགོངས་རྒྱན། དབུ་མ་འཇུག་པ། དེ་འགྲེལ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས། རབ་འབྱམས་པ་ནོར་བཟང་རྒྱ་མཚོས་དབུ་མཛོད་རྩ་འགྲེལ་དང་ཕར་ཕྱིན་ཐལ་འཕྲེང་། དཀའ་བཅུ་བློ་བཟང་དར་རྒྱས་ཀྱིས་དབུ་མཛོད་རྩ་འགྲེལ། དཀའ་བཅུ་དམ་ཆོས་ཅན་ལྔས་དབུ་མ་རྩ་འགྲེལ་དང་ཕར་ཕྱིན་ཐལ་ཕྲེང་། སྐལ་བཟང་རྒྱ་མཚོ་ཅན་བདུན་གྱིས་མཛོད་རྩ་འགྲེལ། བློ་གྲོས་རྒྱ་མཚོ་ཅན་ཉེར་དགུས་དབུ་མ་རྩ་འགྲེལ། དམ་ཆོས་རྒྱ་མཚོ་ཅན་གྱིས་ཕར་ཕྱིན་མཐའ་གཅོད། བསྟན་པ་རྒྱ་མཚོས་


GLG007_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལེགས་ཉི་མའི་འདུལ་བ་གཞི་སྟོད་། བློ་བཟང་ཡར་འཕེལ་གྱིས་མཛོད་རྩ་དང་འགྲེལ་པ་དོན་གསལ་རྣམས་ཀྱི་རྒྱུགས་སྤྲད། ཉེར་གཅིག་ལ་འབྲི་གུང་སྤྲུལ་སྐུ་རིན་པོ་ཆེ། ཕྱག་མཛོད། རིགས་འཛིན་དཀོན་མཆོག་ལྷུན་གྲུབ། སྤོ་སྤོ་བན་གྲོང་པ། དགེ་སློང་དམ་པ། བླ་མ་རྒྱལ་སྲས་པ་བཅས་རགས་བསྡུས་ཀྱིས་རྟ་ལྔ་བཅུ་སོགས་བདོག་པ་སྔོན་སོང་གིས་མཇལ། ཇ་ཡུན་གསུམ་བར་ཆོས་དང་འབྲེལ་བའི་གསུང་གླེང་རྒྱས་པར་བྱུང་། རྩེར་སྒྲོམ་མདའ་མཁན་པོ། རོང་བྱམས་ཆེན། ཕུན་ཚོགས་གླིང་། རི་བོ་རྣམ་རྒྱལ་གསུམ་གྱི་བླ་མ། རི་ཁྲོད་དགའ་ལྡན་བླ་ཟུར། ཆོས་རྗེ་སྨྲ་བོ་ལྕོག་པ། རྨུ་ལེ་རབ་འབྱམས་པའི་གསེར་ཁྲལ་སྐྱེལ་མི་དཀའ་བཅུ་དཔལ་འབྱོར་བཀྲ་ཤིས། སྒོ་མངས་པའི་འབུལ་སྡུད་པ། ཁོང་ཇི་ནོང་གི་མི་སྣ་སྦ་སུན། རྒྱའི་ཧྭ་ཤང་གཉིས། ཐུ་མེད་བསྟན་པ་ཐའི་ཇི་སོགས་ཉིས་བརྒྱ་སྐོར་དང་ཕྲད། ཉེར་གཉིས་ལ་ཨུ་ཁེ་རེས་ཐའི་ཇིའི་བུ་དར་ཁན་ཆོས་རྗེ་ངག་དབང་བསྟན་འཛིན། ཐུ་མེད་ནོར་བུ་ཐའི་ཇི་ཕ་བུ། ངམ་རིང་དང་གངས་ཅན་མཁན་པོ། གདང་པ། ཁྲ་འབྲུག་ཆོས་སྐྱོང་གི་སྐུ་རྟེན་པ་རྣམས་དང་ཕྲད། སྒོ་མངས་བླ་ཟུར་ངག་དབང་འཕྲིན་ལས་ཀྱིས་ཁ་བཏགས་སྟོང་ཕྲག་གསུམ་དང་བརྒྱད། དཀར་ཡོལ་ལེགས་ཞེལ་རེ། བླ་བྲེ་ཆེ་ལེགས། ལྔ་བཅུ་མ་སོགས་སྲང་ཆིག་སྟོང་ལྔ་བརྒྱ་ང་གཅིག །གསེར་ཞོ་བརྒྱ། གོས་ཡུག་ཆིག་བརྒྱ་སུམ་ཅུ། ཁ་བཏགས་མཐིང་ཁྲ་བརྒྱ། མ་ཧཉྩེ་གསར་རྙིང་འདྲེས་པ་ཡུག་བརྒྱད་བརྒྱ། མཚལ་སྒམ་བརྒྱ། སྤོས་ཆག་བརྒྱ། ཇ་སྦག་བརྒྱ། སྦུག་ཆོལ་སིལ་


GLG007_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་རེ། དཀར་ཡོལ་གྱི་ཐ་ཕག་གསུམ། སྦུ་ལ་ཧ་རི་གསེར་མ་བཞི། རས་ཡུག་སུམ་བརྒྱ། རྔ་མོ་བདུན། རྟ་ཆིག་བརྒྱ་སོ་ལྔ། དངུལ་སྒ་དང་དཀྱུས་འདྲེས་བདུན། དར་དཀར་ཡུག་རིང་དང་བཅས་ཁྱོན་ལྔ་སྟོང་ལྔ་བརྒྱ་སོགས་གྲ་རྒན་བསམ་སྦྱོར་གཉིས་ཀ་བཟང་པོའི་རྗེས་བཞག །དངོས་པོ་ཆུད་མི་ཟ་བའི་བསྔོ་སྨོན་གྱི་རྒྱས་འདེབས་ཀྱང་བགྱིས། ངག་དབང་བསྟན་འཛིན་གྱིས་རྟ་སོ་བརྒྱད་བྱིན། གོང་གསལ་སུམ་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་སྒོམ་ལུང་ཕབ། ཉེར་གསུམ་ལ་བློ་གསལ་གླིང་པ་འཕགས་པ་བསོད་ནམས་ཀྱིས་འབུམ་པོ་ཏི་གསུམ་གྱི་རྒྱུགས་བླངས། འབྲི་གུང་སྤྲུལ་པའི་སྐུ། བྱམས་ཆེན་དང་ཕུན་ཚོགས་གླིང་གི་སློབ་དཔོན་སོགས་བསྙེན་རྫོགས་རེ་དྲུག་བསྒྲུབས་ཤིང་འབྲི་གུང་སྤྲུལ་སྐུར་མཚན་ངག་དབང་ཆོས་གྲགས་ཕུན་ཚོགས་སུ་གསོལ། མེ་རག་བླ་མ་དང་མདའ་དཔོན་གནས་གསར་བ་དང་ཕྲད་ཅིང་དོན་གྲུབ་དབང་རྒྱལ་ཕག་རིར་དོན་གཅོད་ལ་བརྫངས། ཉེར་བཞིར་བསྙེན་རྫོགས་ཉེར་དྲུག་དང་ཉེར་ལྔར་ངམ་རིང་དང་གངས་ཅན་མཁན་པོ། ནག་ཤོད་སྦུས་མདའ་དང་མི་ཉག་དགོན་གསར་བླ་མ། ཡེལ་པ་ཆོས་རྗེ་སོགས་བསྙེན་རྫོགས་ཞེ་ལྔ་བསྒྲུབས། དགུ་གཏོར་ཚོང་དཔོན་བྲག་གདོང་པ་དང་སྦུས་སྲང་པ་གཉིས་མདོར་ཐོན། ཉེར་དྲུག་སྔ་མར་འབྲི་གུང་སྤྲུལ་སྐུ་རིན་པོ་ཆེར་ན་བཟའ་ཆ་ཚང་། དངུལ་མདོང་། སྦུག་སིལ། ཇ་གོས་དར་སོགས་ཤངས་ལེན་རྒྱས་པར་ཕུལ་ཏེ་སྟི་གནས་སུ་བྱོན། དཔལ་འཁོར་ཆོས་སྡེའི་མཁན་ཟུར་ཁ་རབ་པ། ཐང་སག་སློབ་དཔོན་ཕུན་ཚོགས་ཆོས་ལྡན། བདེ་


GLG007_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཐའི་ཇི་སོགས་དང་མཇལ། ཕྱིམ་རེད་འབྲུག་ལ་སློབ་དཔོན། སྨན་ཐང་པ། ཨ་མདོ་དར་ཁན་ཆོས་རྗེ་བརྩོན་འགྲུས་རྒྱ་མཚོ། དཔོན་སེར་སྦར། ཨ་རིག་ངག་དབང་། ཨ་མདོ་བ་ངོ་བོ་བརྒྱ་སྐོར་ལ་བྱིན་རླབས། བྱིངས་ལ་ཇ་གྲལ། ཨ་མདོ་སེར་སྦར་གྱིས་རྟ་ཉེར་བརྒྱད། ཨ་རིག་ངག་དབང་གིས་རྟ་ལྔ་བཅུ་བྱུང་། ཉེར་དྲུག་རྗེས་མར་སྡེ་པ་ཟུར་པར་རྟ་མགྲིན་གསང་སྒྲུབ་ཀྱི་དབང་བཞི་བྱིན་རླབས་དང་དམག་ཟོར་མའི་རྗེས་གནང་། ཚེ་དབང་འཆི་མེད་དཔལ་སྟེར་བརྒྱ་ཚར། ཚ་བོ་རྒྱལ་ཕུར་ལ་ཚེ་དབང་རྣམས་བསྐུར། ཉེར་བརྒྱད་ལ་སན་ཧུང་ཐའི་ཇིའི་ཚ་བོ་ལྷ་བཙུན། དཔོན་མོ་ཚེ་རིང་། ཚ་མོ། བློ་བཟང་མགོན་པོའི་བཱ་ཁན་དགེ་སློང་། ཤེལ་བྲག །ཨ་པ། འོལ་དགའ་དཀའ་བཅུ། ཀོང་པོ་མཆོད་ཁང་རྩེ་སྟེ་བླ་མ་བཞི། ཆོ་འཁོར་ཐའི་ཇི། ནོར་བུ་ཐའི་ཇི། དར་ཁན་ཆོས་རྗེ། ལྡན་ཆོས་འཁོར་བའི་མི་བཅུ་གཉིས། འདུལ་བ་ཟུར་པ་ཨོ་རོད་ཆོས་རྗེས་ཨའི་ཆིང་དབོན་པོ་ཅན་གསུམ་མངགས་ཏེ་གོས་དར་ཤེལ་དཔྱད་ལྔ་བཅུ་མ་གསེར་དངུལ་གྱི་སྒ་སོགས་སྲང་ཆིག་སྟོང་དྲུག་བརྒྱར་ཉེ་བ་བཏེག །ངོ་བོ་ཚོར་ལག་འདེགས་འཇོག་གི་བྱིན་རླབས། དམངས་ལ་མེ་ཏོག་གཏོར་ཞིང་ཐམས་ཅད་ལ་མ་ཎིའི་བཟླས་ལུང་ཕབ། ཉེར་དགུར་རོང་བྱམས་ཆེན་བླ་གྲ་གཉེར་པ་དགོན་ལག་གཡག་སྡེར་བཅས་པས་ཚན་གྲངས་སྤེལ་ཞིང་རིང་པོར་འཚོ་བའི་བདེན་ཚིག་བརྗོད། རྗེ་བཙུན་བཙོང་ཁ་པ་ཆེན་པོའི་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་བསྟར། ཕྱི་དྲོ་སྡེ་པ་ཟུར་པར་གསེར་དངུལ་སྦུག་སིལ་ཇ་གོས་དར་བྱེ་བུར་སོགས་དངུལ་སྲང་དགུ་བརྒྱ་ཞེ་གཉིས་ལ་བསྐོར་བ་སྤམས་བསྟོད་དེ་


GLG007_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་བདའ་བགྱིས། གནམ་གང་ལ་འཕྲུལ་སྣང་བསྙེན་གནས་མ་ཚོ་ཉིན་ཞག་གཅིག་པའི་སྡོམ་པར་བཀོད། རྨེ་རུ་བླ་མ་རིན་ཆེན་རྒྱ་མཚོས་གསེར་ཞོ་ཆིག་བརྒྱ་སོགས་ཡོད་དགུ་བཏེག་ནས་གྲ་ཚང་གིས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། དཔལ་འཁོར་ཆོས་སྡེའི་མཁན་ཟུར། རྫིང་ཕྱི་མཁན་པོ་ཅོོ་ནེ། ནམ་མཛོད་སློབ་དཔོན། དོ་ཤེར་རབ་འབྱམས་པ། འགའ་ཤིང་ཚ་བོ། ཐོར་གོད་དའི་ཆིང་གི་དཔོན་མོ་དགེ་ཚུལ། བཀྲ་ཤིས་པཱ་ཐུར་ཐའི་ཇིའི་དབོན་མོ། ཟངས་རའི་ཇ་གསར་སྐྱེལ་མི་ལྔ་འཛོམ། ཡེལ་པ་ཆོས་རྗེ་སོགས་དང་ཕྲད། དོ་ཤེར་རབ་འབྱམས་དང་པཱ་རས་ནང་སོས་རྟ་བདུན་ཅུ་བྱིན། བྱང་གླིང་པས་བེ་སེར་དུ་དགེ་རྒྱུན་སྦྱར་བའི་སྨོན་ལམ། ལྐོག་པ་ཕུན་ཚོགས་དབང་པོ་འདུ་བ་འཁྲུགས་པ་གཞིལ་བཅོས་ཀྱི་སྐབས་སྙན་ཚིག་གི་འཕྲིན་ལན་གདུང་སེལ་ཟླ་བའི་ཆུ་རྒྱུན། དེས་པཎ་ཆེན་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་ལྔ་ཚར། སྨོན་གྲུབ་པ་རིན་ཆེན་བཀྲ་ཤིས་ཀྱི་ཨྱོན་རྣམ་ཐར་ཐེང་གྲངས་བཅུ་གསུམ། དཔོན་ས་བུ་ཁྲིད་རྒྱལ་མོའི་དངུལ་གྱི་བྱང་ཆེན་མཆོད་རྟེན་རྣམས་ཀྱི་རྒྱབ་ཡིག་སྨོན་ལམ་འདོད་དང་བསྟུན། ཟླ་བ་བཅུ་པའི་ཚེས་གཅིག་ལ་འབྲོང་རྩེ་རྒྱལ་ཕུར་གྱིས་བདོག་པ་དང་བཅས་ཏེ་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་མཛད། རྒྱལ་ལེགས་བཤད་གླིང་ཆོས་རྗེ། ངམ་རིང་དང་གངས་ཅན་མཁན་པོ་ཆབ་མདོ་རྗེ་དྲུང་། འཕྱོས་པ་སྐུ་སྐྱེ། དར་ཁན་ཆོས་རྗེ། འདུལ་བ་ཟུར་པ། དོ་ཤེར་རབ་འབྱམས་པ། ཕུན་ཚོགས་གླིང་། བྱམས་ཆེན། གཡག་སྡེ་དགོན་རྣམས་


GLG007_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བླ་གྲ་སུམ་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ། ཨ་ར་པ་ཙ་ན་གཙོ་རྐྱང་། ཕྱག་རྡོར་འབྱུང་འདུལ་གསུམ་གྱི་རྗེས་གནང་བསྐུར། ངམ་རིང་མཁན་པོས་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་འགུལ་ཕུར་ཡིན་ཟེར་བ་ལག་ཏུ་སོན། ཕྱི་དྲོ་ངམ་རིང་དང་གངས་ཅན་མཁན་པོ། ཉང་པོ་རི་ཁ་དང་འོན་བདེ་ཆེན་སྟེང་བླ་མ་དྲུག་བརྒྱ་དགེ་སློང་། གཡོན་རུ་ཤི་རལ་ཐུའི་སྐུ་སྐྱེ། དཀའ་བཅུ་བློ་བཟང་ཆོས་སྐྱོང་། རྣམ་ཐར་རྫོང་པའི་མི་སྣ་གཉིས་བཅས་དང་ཕྲད། དྲུག་བརྒྱ་དགེ་སློང་ལ་བཀའ་བསྒོ། བན་གཟན་ལེགས་པ། ཇ་མར་གྱི་མཐུན་རྐྱེན་སྤྲད། གཡུལ་རྒྱལ་ལྕོག་ཏུ་ཡང་བཟློག་གི་ལས་སྦྱོར་ཆེན་མོ་བཙུགས། ཚེས་གཉིས་ལ་དགའ་ལྡན་ཕུན་ཚོགས་གླིང་བླ་གྲ་གཉེར་པ་དགོན་ལག་བཅས་པས་ཚོགས་འགྱེད་བདོག་པ་བསྟར་ཏེ་གྲ་ཚང་ནས་འཆི་མེད་འོད་སྣང་རྡུལ་ཚོན་དང་འབྲེལ་བའི་རྟེན་འབྱུང་བསྒྲིགས་པའི་མགྲོན་དུ་ངམ་རིང་། གངས་ཅན། རྒྱལ་གསུམ་གྱི་མཁན་པོ། ཆབ་མདོ་རྗེ་དྲུང་། འཕྱོས་པ་སྐུ་སྐྱེ། བྱམས་ཆེན་དང་ཆབ་ནག་བླ་མ་འདར་པ་རྗེ་དྲུང་བཅས་ཡོད། ཚེས་གསུམ་ལ་སྡེ་པ་ཟངས་རིར་འདེགས་གདོང་གི་ངོས་ཕྲད། འདུལ་བ་ཟུར་པ་དང་ཆོས་རྗེ་འོད་མཆོག་པ་གཙང་དུ་ཐོན། བསམ་བློ་མེར་གན་ཆོས་རྗེའི་ངོར་གསོལ་འདེབས་སྨོན་ལམ། རྣམ་གླིང་པཎ་ཆེན་གྱི་སློབ་མ་རི་ཆོས་པ་ངག་དབང་ཆོས་གྲུབ་རྩེས་དང་དུ་བཤད་པ་བྱེད་པའི་འགོ་བརྗོད། ལྷ་ས་བྱང་གླིང་པས་འབྲས་སྤུངས་སྔགས་པ། ཕ་བོང་ཁ། ཨྱོན་ཆོས་གཏེར་གླིང་། སྟག་ལུང་གསང་སྔགས་ཆོས་འཁོར། ལྷ་ས། ར་མོ་ཆེ་བཅས་པའི་དམིགས་བརྩེ་མ་ཁག་བཞི། ཚེས་བཅུ་བ་ཁག་ལྔ་


GLG007_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གནས་མ་གཅིག །མ་ཎི་བ་བཅོ་ལྔ་རྣམས་ལ་སྤྱི་རྫས་མང་འགྱེད་སོགས་སྦྱར་ཏེ་འཛུགས་རྒྱུར་རིང་འཚོའི་ཚིགས་བཅད་ལེ་ཚན་བརྒྱད། རྒྱ་ནག་རྒྱལ་པོར་འབུལ་རྒྱུའི་ཞུ་ཡིག་ཚིག་ལྷུག་སྙན་ངག་གི་ལམ་ནས་དྲངས་པ། རང་བསྟན་གྱི་སྒོར་བཞུགས་ནས་བསམ་སྦྱོར་ངན་འཆང་ཨེམ་ཆི་སངས་རྒྱས་འབྱུང་གནས་གནང་ཆུང་རུང་བྱེད་པ་མ་འདྲ་བར་བརྟེན་གནུབས་ཀྱི་གོང་ཁུག་སྲོ་མ་ཅན་ཞག་གསུམ་ལ་ངེས་པ་འགྲུབ་པའི་རྒྱལ་པོ་བྱེས་ཆས་ཀེ་ཏུ་བཀའ་གཏེར་གཉིས་ཀའི་ཆུ་བོ་གཅིག་འདྲེས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཟབ་ཆོས་ཕྱག་ལེན་ལ་རལ་གྲི་ཕྱུང་བརྡེག་མ་ལག་ཏུ་བླངས་པས་མེ་འབྲུག་གི་ལོ་ཁོང་ཁྲག་ཁ་དང་སྲིན་སྒོ་ནས་ཐོན་བཞིན་པར་འཇིག་རྟེན་ཕྱི་མའི་ལྟད་མོར་སོང་སྟེ་ལས་སྦྱོར་ཐོག་ཏུ་ཁེལ་བའི་གཏང་རག་རྒྱལ་པོ་ལྕོག་ཏུ་གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་བཏང་སྐབས་རྒྱལ་པོ་སྐུ་ལྔ་སྤྱི་དང་། ཁྱད་པར་བྱེས་ཆས་ཀེ་ཏུར་སྙན་ཤལ་གོ་མཚོན་སྤྱན་གཟིགས་སོགས་བཟབས་རྒྱས་ཀྱི་ཚེ་གོས་མཆིན་ཁ་ཡུག་ལ་ཚིགས་བཅད། ཀུན་དགའ་ར་བའི་གཡབས་ཕིབས་ལྡེབས་བྲིས་ཞལ་བཤུས་ཐང་ཁའི་རྒྱབ་ཡིག །སེམས་དཔའ་སྤྲུལ་པའི་སྐུས་འདི་གའི་འཁྲུངས་རབས་རྟེན་བཞེངས་ཀྱི་སྨོན་ལམ། གོང་མའི་གསེར་ཡིག་གཞོན་པ་བསམ་བློ་ཨེར་ཏེ་ནི་ཆོས་རྗེའི་གསེར་ཐང་རྒྱབ་ཡིག་རྣམས་བརྩམས། ཚེས་ལྔར་ཆོས་རྗེ་གནས་གཞི་བ་བརྫངས་ཏེ་ཉིན་བདུན་གྱི་བར་གཏེར་སྒྲོམ་གྱི་ཆུ་ཚན་བསྟེན། ཚེས་བཅུ་དགུར་གནས་རྙིང་སྐུ་སྐྱེ་རི་བོ་བདེ་ཆེན་གྱི་མཁན་པོར་ཐོན། ལྔ་མཆོད་གླིང་མེ་འབྲིང་སྟོད་བྱུང་། ངེད་རང་ལ་མོར་ཤར་བའི་གེགས་སེལ་ངམ་རིང་


GLG007_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལུ་བུ་བས་སྒྲོལ་དཀར། ཤེལ་དཀར་དུ་ཆོས་སྡེ་བས་བཀའ་འགྱུར། ལྷ་རྩེར་བཀྲ་བཟང་པས་འཆི་མེད་འོད་སྣང་། སེ་བརྒྱ་མཁར་བ་དང་ཆུ་མིག་པ་གཉིས་ཀས་སྒྱུ་འཕྲུལ་ཚེ་ཆོག །ཆོས་སྡེ་བས་ཚེ་གཟུངས། ཕུན་གླིང་དུ་རང་གྲས་བཀའ་འགྱུར། གཞིས་རྩེར་ཞ་ལུ་པས་རྣམ་རྒྱལ་སྟོང་མཆོད། ལྷུན་པོ་རྩེ་པ། མྱུག་ཆོས་གླིང་པ། གངས་ཅན་པ། དགའ་ལྡན་ཆོས་འཁོར་བ་བཞིས་བཀའ་འགྱུར། རིན་སྤུངས་སུ་ངེས་གསང་རྡོར་གླིང་པས་བདུད་རྩི་འཁྱིལ་པ། བྱམས་ཆེན་པ་དང་སྐྱེ་ཚལ་བས་ཚེ་གཟུངས། པ་ནམ་དུ་ངོར་པས་འཆི་བདག་འཇོམས་པ་འཆི་བླུ་དང་བཅས་པ། མཚན་སྒྲོག་པས་ཚེ་གཟུངས། འདུས་བྱུང་དུ་བྲག་ལ་བས་ཚེ་དཔག་མེད་ལྕགས་སྡོང་མ། གོང་དཀར་དུ་ཆོས་སྡེ་བས་སྒྲོལ་དཀར། རྡོ་རྗེ་བྲག་པས་འཆི་མེད་སྐུ་གསུམ་རིགས་འདུས། འཕྱོང་རྒྱས་སུ་དཔལ་རི་བས་རིགས་འཛིན་སྲོག་སྒྲུབ། རི་བོ་བདེ་ཆེན་པ། བཀྲ་ཤིས་བདེ་ཆེན་པ། ལམ་རིམ་པ་གསུམ་གྱིས་མཚན་བརྗོད། ཕོ་བྲང་དུ་སྨིན་གྲོལ་གླིང་པས་ཐུགས་ཐིག་གི་ཚེ་དཔག་མེད། བཀྲ་ཤིས་ཆོས་སྡེ་བས་སྒྲོལ་དཀར། རི་བོ་ཆོས་གླིང་པ་དང་རྩེས་དང་ལྔ་མཆོད་པས་མཚན་བརྗོད། དོ་བོ་རྫོང་དུ་གནས་གཞི་བས་རྫོང་ཆེན་ཚེ་དཔག་མེད། སྐུ་རབ་དགའ་ལྡན་རབ་བརྟན་པས་གདུགས་དཀར། རྒྱལ་དུ་དམག་ཟོར་མར་བཀང་བ་འབུམ། གུར་ཞལ་བེག་ཙེར་ཁྲི། མལ་དྲོ་གུང་མཁར་དུ་ཀ་ཚལ་ཟུར་པས་ཡང་ཟབ་ཀྱི་ཚེ་དཔག་མེད། ལྷ་སར་གསང་སྔགས་བྱང་ཆུབ་གླིང་པས་དངས་མ་བཅུད་འདྲེན། རྨེ་རུ་བས་སཱཙྪ་འབུམ། བོན་ཆོས་ནེ་སྐོར་དང་གཟི་


GLG007_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དུ་ཀླུ་བཅོས། སྲོག་བླུ་ཕྱེད་སུམ་བརྒྱ། རི་མཐོ་སར་ཀླུང་དར་རེ་གསུམ། ཡེར་པར་སཱཙྪ་འབུམ། ཁྱོན་སྒྲོལ་དཀར་གྱི་ཚེ་ཆོག་ཕྱེད་ལྔ་བརྒྱ། སྙིང་པོ་སྤེལ་ཚིག་ཅན་ཆིག་འབུམ་བརྒྱད་ཁྲི་ཆིག་བརྒྱ། ལྕགས་སྡོང་། སྲོག་སྒྲུབ། རྫོང་ཆེན་གསུམ་གྱི་ཚེ་ཆོག་སོ་སོ་ནས་དགུ་བརྒྱ་རེ། སྒྱུ་འཕྲུལ་ཚེ་ཆོག་གསུམ་སྟོང་། སྐུ་གསུམ་རིགས་འདུས་སུམ་སྟོང་དགུ་བརྒྱ། འཆི་མེད་འོད་སྣང་དང་བདུད་རྩི་འཁྱིལ་པ་ཉིས་སྟོང་བཞི་བརྒྱ་རེ། ཐུགས་ཐིག་ཚེ་ཆོག་ཆིག་སྟོང་ཉིས་བརྒྱ། དངས་མ་བཅུད་འདྲེན་སུམ་སྟོང་། ཡང་ཟབ་ཚེ་ཆོག་ཆིག་སྟོང་བརྒྱད་བརྒྱ། བཀའ་འགྱུར་ཆིག་བརྒྱ་ཉེར་ལྔ། མཚན་བརྗོད་ཉིས་འབུམ་ཉི་ཁྲི་སུམ་སྟོང་ལྔ་བརྒྱ་དྲུག་ཅུ། ཤེར་སྙིང་ཆིག་འབུམ་བདུན་ཁྲི་ལྔ་སྟོང་ཉིས་བརྒྱ། གདུགས་དཀར་ཆིག་འབུམ་ཉི་ཁྲི་ལྔ་སྟོང་དྲུག་བརྒྱ། ཚེ་གཟུངས་བྱེ་བ་གཉིས་བདུན་འབུམ་ཉི་ཁྲི། སཱཙྪ་ཉིས་འབུམ། སྡེ་པའི་སྐུ་རིམ་དུ་འོལ་དགའ་རི་ཁྲོད་པ་རྣམས་ཀྱིས་ཚེ་གཟུངས་ས་ཡ་དྲུག་དང་དྲུག་ཁྲི། མཁར་རྩེར་ཐང་སག་པས་བཀའ་འགྱུར་བཅུ་གཉིས། ཆུ་ཤུར་དུ་ཐར་གླིང་པས་གསེར་འོད་བདུན་བརྒྱ། ལྷ་སར་དཔལ་གསོལ་བརྒྱ་ཚར་དང་སྒོ་འགྱེད། དགོན་ཁག་དྲུག་ཅུར་མང་སྐོལ། བསྟན་སྲིད་ལ་རྒྱའི་གེགས་སེལ་དུ་གཞིས་རྩེར་འུག་བྱ་ལུང་པས་མགོན་པོ་གཡུལ་བཟློག །ཕུང་པོ་རི་བོ་ཆེར་སྒྲོལ་མ་བས་ཚེ་བདག་གཏོར་བཟློག །རྒྱབ་ཆོས་སུ་བ་སོ་བས་ཤེར་སྙིང་བཞི་སྟོང་བརྒྱད་བརྒྱ། རྒྱལ་རྩེར་བྲག་ལ་བས་འཆར་ཀའི་མདོས། རིན་སྤུངས་སུ་ངེས་གསང་རྡོར་གླིང་པས་འཆར་ཀའི་མདོས། རྒྱབ་ཆོས་སུ་བྱམས་ཆེན་


GLG007_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཤེར་སྙིང་འབུམ། སྒྲོལ་མ་ཆིག་སྟོང་ཉིས་བརྒྱ། ཚེ་གཟུངས་སུམ་སྟོང་དྲུག་བརྒྱ། གོང་དཀར་དུ་ཆོས་སྡེ་བས་ཞལ་གྱི་གཏོར་ཆེན། དཀོན་གཉེར་པས་ཕྱག་བཞི་པའི་གཏོར་བཟློག །རྡོ་རྗེ་བྲག་པས་མགོན་པོ་གཡུལ་བཟློག །དོ་རྫོང་དུ་སྨྲ་བོ་ལྕོག་པས་ཁྲོ་རོལ། ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བས་གུར་གྱི་དམར་ཆེན་གཏོར་བཟློག །རྒྱབ་ཆོས་སུ་དར་གླིང་པས་ཤེར་སྙིང་བཞི་ཁྲི་ཉིས་སྟོང་། ཚེ་གཟུངས་ཆིག་སྟོང་དགུ་བརྒྱ། འབྲས་སྤུངས་སུ་རྒྱུད་སྟོད་པས་ཕྱག་དྲུག་པའི་གཏོར་བཟློག །རྒྱབ་ཆོས་སུ་ཚོགས་ཆེན་དུ་མང་ཇའི་ཐོག་མདོ་སྒྲུབ། རྫོང་སོ་སོ་ནས་དགྲ་ལྷ་དཔངས་བསྟོད། ཡུལ་གཞིས་བདག་པོར་གསོལ་མཆོད། མ་རྒྱལ་བསྟན་མ་གསུམ་གྱི་མདོས། དབུས་གཙང་གི་རྫོང་བཅུར་ཀླུ་བརྒྱད། ཀླུ་འབུམ་དཔང་སྐོང་། འབྱུང་བཞི་གཏོར་མ། རྒྱལ་པོའི་སྐུ་རིམ་དུ་བྲག་དབར་བས་གསེར་འོད་ཆིག་སྟོང་བཞི་བརྒྱ། གདུགས་དཀར་སྟོང་། ཤེར་སྙིང་ཉིས་སྟོང་། སྒྲོལ་མ་སུམ་སྟོང་། ཚེ་གཟུངས་ཆིག་ཁྲི་བཞི་བརྒྱ་རྣམས་བཏང་། ཉེར་གསུམ་ལ་གྲ་ཚང་གི་ཁྲོ་རོལ། ཚེ་བདག །བསྟན་མདོས་འཆར་ཅན། གྲངས་བཅད་ཀྱིས་ཀི་ཀང་མནན་པ་བཙུགས། ཉེར་དགུ་ལ་རྟ་ཚག་རྗེ་དྲུང་། སེམས་དཔའ་སྤྲུལ་སྐུ། རྫིང་ཕྱི་མཁན་པོ་ཅོ་ནེ། ཕ་བོང་ཁ་པ། སྐྱིད་ཤོད་སྐུ་སྐྱེ། ཆབ་མདོ་རྗེ་དྲུང་། སྣར་ཐང་མཁན་པོ། སྒོ་མངས་ཟུར་པ། གོང་མའི་མི་སྣ་རྒན་གཞོན། ཡེལ་བ་ཆོས་རྗེ། ནག་ཤོད་སྦུས་མདའ་བླ་མ། ལྷ་བཙུན་ངག་དབང་དཀོན་མཆོག །འདར་པ་རྗེ་དྲུང་། མཆོད་དཔོན་པ། དགེ་སློང་འཇམ་དབྱངས་


GLG007_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ། རྒྱུན་སྡོད་འདར་པཎ་བཅས་ལྔ་བཅུ་སྐོར་ལ་ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་དམར་ཁྲིད་དང་ཉལ་སྒོམ་རིམ་པར་ཕུལ། གནམ་གང་ལ་ཆོས་མཛད་ཨྱོན་གླིང་པ་ཁམས་ནས་འཁོར་བ་དང་ཕྲད། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་སྔགས་རྒོད་ལོག་ཏྲིའི་ལས་སྦྱོར་རྒྱས་པ་བཙུགས། ཚེས་གསུམ་ལ་འདུལ་བ་ཟུར་པ་བདོག་པ་དང་བཅས་མཚོ་ཁར་ཐོན། ཚེས་བཞིར་གོང་གི་ཆོས་ཞུ་བའི་ཐོག་མི་སྣ་འགྲུལ་སྡེབས་དང་བཅས་སུམ་བརྒྱ་སྐོར་ལ་སྨན་བླ་སྤྲུལ་སྐུ། བཅུ་གཅིག་ཞལ་དཔལ་མོ་ལུགས། རྒྱ་མཚོའི་ཐུབ་པ་དམ་ཚིག་སུམ་བཀོད། བྱམས་པ། ཤེར་ཕྱིན་དཀར་མོ། དབྱངས་ཅན་མ་དམར་མོ་རྣམས་ཀྱི་རྗེས་གནང་བསྐུར་ནས་རྒྱལ་སྲས་ཤེར་འཕེལ་བ། སྣར་ཐང་མཁན་པོ། སྙེ་མོ་དགོན་པ་བ། ཆང་ཁྱིམ་པའི་ཕ། ཀོང་པོ་བཀྲ་ཤིས་རབ་བརྟན་པའི་དབོན་པོ། ལྷོ་བྲག་དགོན་གསར་དང་སྦེ་སེར་བླ་མ། ཨེམ་ཆི་ཐབས་མཁས། ཁལ་ཁ་ཐུ་ཤི་ཡེལ་ཐུ་རྒྱལ་པོའི་མི་སྣ་བཅས་ལ་ཇ་གྲལ་བགྱིས། ཚེས་ལྔར་རྒྱ་ནག་མི་སྣ་འགྲུལ་སྡེབས་དང་བཅས་པས་དངོས་པོ་སྤྱི་བཏོན་གྱིས་བྱང་གཏེར་ལོངས་སྐུ་མའི་ཚེ་ཆོག་རྡུལ་ཚོན་དང་འབྲེལ་བའི་རིང་འཚོ་སྤེལ། ཚེས་དྲུག་ལ་ལྷ་ལྡན་བསྙེན་གནས་མ་ཚོས་ཟང་ཟིང་གི་བདོག་པ་བཏེག་ནས་འབྲས་གཤོངས་དག་སྣང་མའི་ཆོ་ག་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་སྦྱིན་བདག་བྱས། གོང་མའི་མི་སྣ་འགྲུལ་སྡེབས། འདི་ཁའི་མི་སྣ་སྣར་ཐང་མཁན་པོ་བྲག་ཕྱི་སྐུ་སྐྱེ། ཨེམ་ཆི་ཐབས་མཁས། རྒྱལ་པོའི་མི་སྣ་བི་ལིག་ཐུ་རྣམས་གུང་གི་དྲོར་སྔར་ལུགས་བཞིན་གྱི་བདག་རྐྱེན་སྤྲད། ཚེས་བརྒྱད་ལ་སྒམ་པོ་


GLG007_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ། ཡངས་ཅན་སྤྱན་སྔ། གྲ་ཐང་མཁན་པོ་བྱ་ཁང་ཆོས་མཛད། སྡིངས་པོ་ཆེའི་སྤྲུལ་སྐུ། ཆོས་རྗེ་སྙེ་མདོ་བ། བཀྲས་ལྷུན་ཐོས་བསམ་གླིང་སློབ་དཔོན། རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་གི་བླ་མར་འགྲོ་མི་འཕྱོང་རྒྱས་པ་ངག་དབང་རྣམ་རྒྱལ། རྔོད་ཨ་རིག་དགོན་དང་ཐང་སག་གཉིས་ཀྱི་བླ་ཟུར། ཁམས་བྱ་མོ་ནང་། ས་ལུང་ཆོས་སྡེ། ཡེར་པ། གྲོག་ཁང་སྟེང་། ཀླུང་ཤོད་དཔལ་འབར། མི་ཉག་དགོན་གསར་རྣམས་ཀྱི་བླ་མ། ཨ་རིག་རབ་འབྱམས་པ་བློ་བཟང་བཀྲ་ཤིས། མེར་གན་ཆོས་རྗེ། བྱ་བྲལ་དཀའ་བཅུ་དཔལ་འབྱོར་ཅན། ཨ་རྒྱལ་ཅན། འ་ཤུར་བློ་བཟང་བྱམས་པ་ཅན། གོང་དཀར་ཆོས་སྡེའི་སློབ་དཔོན་གསེར་གླིང་པ་དང་གསང་སྔགས་མཁར་པ། ཟར་པ་རིགས་འཛིན་ཀུན་བཟང་། རྒྱུད་སྨད་འབུལ་སྡུད་པ་ལྡན་མ་སྔགས་རམས་པ། ཟལ་དཀར་བླ་མའི་དབོན་པོ། ཀོང་པོ་དགའ་ཆགས་པ་དང་རྒྱལ་སྐོར་བ། གཡུལ་རྒྱལ་ལྷུན་རྩེའི་རྫོང་སྡོད་ལྷུན་གྲུབ་རྩེ་པ། ལི་ཐང་དུ་འགྲོ་མི་དྲུང་ཡིག་དོན་གྲུབ། རྒྱལ་ཐང་དུ་འགྲོ་མི་ལྷ་དབང་རྡོ་རྗེའི་བུ། མཚོ་ཁར་འགྲོ་མི་སྒང་ཁར་གྲོང་སྟོད་པ། ཁོད་པཱ་ཐུར་ཇི་ནོང་། ད་ལའི་ཧུང་ཐའི་ཇི། ཛུམ་ལང་རྣམས་ཀྱི་མི་སྣ་དང་མཇལ་ཕྲད་བྱས། སྒམ་པོ་སྤྲུལ་པའི་སྐུས་རྟ་སུམ་ཅུ། དཀའ་བཅུ་དཔལ་འབྱོར་ཅན་གྱིས་བཞི་བཅུ་བྱུང་། དེ་ཐོག་རྟ་ཚག་རྗེ་དྲུང་དཔོན་པོ་འཁོར་བཅས་བརྒྱ་ཉི་ཤུ། ཕ་བོང་ཁའི་དབོན་པོ། སན་ཁང་གི་མི་སྣ། ཁོང་དཔོན་རྣམ་རྒྱལ། ཐོར་གོད་དཔོན་རྒྱ་མཚོ། མོ་ཇ་རག་གི་དཔོན་མོ་བུ་བཅས། ལྷ་བཙུན་རྡོ་རྗེ་སྟེ་ངོ་བོར་བྱིན་རླབས་དང་དམངས་ལྔ་བརྒྱར་


GLG007_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་གཏོར། རྟ་ཚག་རྗེ་དྲུང་སྤྲུལ་སྐུས་རྟ་བརྒྱ་དང་གཅིག །དྲེའུ་སུམ་ཅུ། གསེར་དངུལ་ཇ་པགས་རས་སོགས་སྟོང་ཕྲག་བརྒལ་བའི་བདོག་པ་བྱུང་། ཉིན་གཉིས་ཀྱི་བར་རྒྱལ་མཁན་པོར་བསྙེན་རྫོགས་ཞེ་གཅིག །དགེ་ཚུལ་ཉེར་དྲུག །རབ་བྱུང་གསུམ། དགེ་བསྙེན་གཅིག་རྣམས་སྒྲུབ་པར་བསྐུལ། མི་སྣ་གཞོན་པ་ཨེར་ཏེ་ནི་རབ་འབྱམས་ཀྱི་ངོར་པཎ་ཆེན་སྤྲུལ་སྐུ་བློ་བཟང་ཡེ་ཤེས་ཀྱི་བརྟན་བཞུགས། ལྕང་ར་ཟིལ་གནོན་ཚེ་དབང་གིས་དམག་ཟོར་མ་དང་ལྕང་ར་རྒྱལ་པོར་འབུལ་རྒྱུའི་སྙན་དར་ཞལ་བྱང་། དགེ་སློང་ཕུན་ཚོགས་ཀུན་དགའི་ངོར་རྩ་བའི་བླ་མ་འོད་དཔག་མེད་དང་དབྱེར་མེད་གསོལ་འདེབས་རྒྱལ་ཐང་སུམ་རྩེན་གླིང་བླ་གཉེར་གྱི་ངོར་རིང་འཚོའི་ཚིགས་བཅད། ཆོས་ལུང་ཚོགས་པས་གསེར་གྱི་མཎྜལ་བྱུང་བར་གསར་དུ་བཟོ་སྐྱོར་བྱས་པའི་ཁ་བྱང་། ཁ་འོམ་བླ་མ་ཕུན་ཚོགས་རྒྱལ་མཚན་གྱི་ངོར་རྩ་བའི་བླ་མ་དང་ཐུགས་རྗེ་ཆེན་པོ་ཐ་མི་དད་པའི་གསོལ་འདེབས། སྡེ་པ་ཟངས་རི་བའི་ཉམས་ལེན་དུ་བྱང་གཏེར་འགྲོ་བ་ཀུན་སྒྲོལ་གྱི་རྒྱུན་འཁྱེར་ཕན་བདེའི་འབྱུང་གནས་རྣམས་བཀོད། ཚེས་དགུར་གོང་གི་མི་སྣ་རྒན་གཞོན། འདི་གའི་གཉིས། རྒྱལ་པ་ཆོས་རྗེ། འཕྱོས་པ་སྐུ་སྐྱེ། སྦེ་སེར་བླ་མ་ཁྲི་ཟུར། བློ་བཟང་རབ་རྒྱས་རྣམས་ལ་ཇ་གྲལ་བཏང་ནས་མི་སྣ་བཞིར་བཀའ་བསྒོ་རྒྱས་པར་བྱས། དེ་ནུབ་ནས་བདུན་ཕྲག་གི་བར་ཕྱི་ནང་གསང་བའི་ཉེར་འཚེ་རྒྱང་རིང་སྐྲོད་ཕྱིར་བྱང་པའི་ཟབ་གནད་ཀྱི་གཤིན་རྗེ་མཐུ་སྟོབས་དྲེགས་པའི་རྒྱལ་པོ་དང་ཧྲཱིཿདམར་གྱི་སྒོམ་བཟླས་ལ་བརྩོན་པ་ཆེར་བགྱིས་པས་རྟགས་ཀྱང་བཟང་བ་བྱུང་ཞིང་དེ་གའི་མུ་འཐུད་གཏེར་གསར་ཚེ་དཔག་


GLG007_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ཉམས་ལེན་བདུན་གྱི་བར་བགྱིས། ལྕགས་འདྲ་ལྕགས་སྡིག་གི་ལས་རབ་འབྱམས། བསྐྱེད་པ་ཁ་གསོ་རྒྱུན་མི་བཅད། །ཅེས་པའི་དགོངས་དོན་གྱི་མཆོད་རྟེན་ལས་ཁ་གསོ་དང་། གནམ་ས་ལྟོ་དཀྲུག་གི་ལས་སྦྱོར་ཏེ་སྡེ་ཚན་གསུམ་དུ་བཅད་པས་ལག་ཏུ་བླངས།ཚེས་བཅོ་ལྔར་སྤུན་བདུན་ལྷུན་གྲུབ་རྒྱ་མཚོ་མཚོ་སྔོན་ནས་འབྱོར། ཉེར་གཉིས་ལ་ནང་མཚམས་གྲོལ་བའི་སྡེ་པ་ཨ་བར་དང་དམག་ཟོར་ཚངས་དབང་ལ་འཆི་བླུ་བྱས་རྗེས། མཆོད་དཔོན། དབུ་མཛད། དགེ་སློང་འཇམ་དབྱངས་གྲགས་པ། དར་མོ་སྨན་རམས་པ། དཔལ་གྲོང་སྔགས་རམས་པ་རྣམས་ལ་གཏེར་གསར་ཚེ་དབང་བསྐུར། ཉེར་བཞིར་གནས་བརྟན་འཇམ་དབྱངས་གྲགས་པ་ཚོགས་འཁོར་སྤྱན་གཟིགས་སྙན་ཚིག་གི་ལམ་ནས་དྲངས་པའི་འཕྲིན་ཡིག་དང་བཅས་ཚངས་པ་དུང་ཐོད་ཅན་ལ་བླང་དོར་དྲི་བ་ཞུ་བར་བཏང་། སྤུན་བདུན་པའི་བྱས་ལུགས་རྒྱུ་མཚན་རྨེད་པ་ཕྲ་ཞིབ་བྱུང་བར་མཆིས། ཉེར་བདུན་ལ་དགའ་ལྡན་ཕུན་ཚོགས་གླིང་པ་ངག་དབང་དོན་གྲུབ་ཀྱིས་ཕར་ཕྱིན་འགྲེལ་པ་བློ་བཟང་དགོངས་རྒྱན། ངག་དབང་འཕྱོས་རབ་ཀྱིས་དབུ་འགྲེལ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས། ཉེར་བརྒྱད་ལ་ཐོད་རི་བཤད་སྒྲུབ་གླིང་པ་བསྟན་པ་འབྱུང་གནས་དང་། བསྟན་པ་ཆོག་འཕེལ་གྱིས་ཕར་ཕྱིན་འགྲེལ་པ་བློ་བཟང་དགོངས་རྒྱན་རྣམས་ཀྱི་རྒྱུགས་སྤྲད། གནམ་གང་ལ་འཆི་བདག་བཟློག་པའི་ཆོ་ག་བདེ་ཡངས་ནས་བསྟར། ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ལ་ཐོད་རི་བཤད་སྒྲུབ་གླིང་གི་བླ་མ་ཁྲི་ཟུར་གཉིས། ཟུར་མཁར་མདོ་སྔགས་གླིང་། ལྷོ་བྲག་གདང་དགོན་གསར། ཤོ་མདོ་ཆོས་སྡེ་རྣམས་ཀྱི་བླ་


GLG007_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མ། མགར་སྐུ་སྐྱེ། སྔགས་པ་ཆུ་སྤེ་སྟེང་པ་དང་དབུས་སྡིངས་པ། དཔོན་ཚེ་རིང་གི་དཔོན་མོ་བུ་བཅས། དཔོན་མོ་ནོ་མོན་དྷ་ར། ལྕམ་སྙིང་སྙིང་། དཔོན་མོ་བསྟན་འཛིན། ཐོར་གོད་ནོར་བུ་དང་རྡོ་རྗེ་སྐྱབས་སོགས་ཀྱི་དཔོན་མོ། མ་ཆིག་གི་མ། ཁོ་ཤོའུ་ཆེ་ཐའི་ཇིའི་དཔོན་མོ་བུ་བཅས། བསོད་ནམས་ཆོས་བཟང་། པཱ་ཐུར་ཐའི་ཇིའི་ཆགས། ཅོ་ནེ་ཨེར་ཁེ་དགེ་སློང་། རྟ་འབུལ་བ་བཀྲ་ཤིས་ཆོས་འཕེལ། ཕུན་ཚོགས་དབང་ཕྱུག །འདུལ་བ་ཆོས་རྗེ། བསོད་ནམས་ཧུང་ཐའི་ཇི་རྣམས་ཀྱི་མི་སྣ། མཚལ་ཞབས་དྲུང་གྲགས་པ་ལྕམ་སྲིང་། ཀོང་པོ་ཨོ་རོད་ཕ་བུ། སྤྱང་ཀི་གྲོང་པ། རྡོ་དགོན་པ་བ། ཤེ་མ་བའི་བུ། རྨུ་ལེ་རབ་འབྱམས་པའི་གསེར་ཁྲལ་སྐྱེལ་མི་བཅས་དང་ཕྲད། དཔོན་ཚེ་རིང་གིས་ཁ་བཏགས་ཆེ་འབྲིང་ཆུང་གསུམ། གོས་ཆེན་སྣ་ཚོགས། དངུལ་གྱི་མཎྜལ། མདོང་མོ། ཐ་ཕག །སྦུག་ཆོལ་སོགས་ཁྱོན་དངུལ་སྲང་བརྒྱད་བརྒྱ་སོ་བདུན་ལ་བསྐོར་བ་བྱིན་པ་རང་ལ་སྤངས་རྟོགས་ཀྱི་ཡོན་ཏན་མེད་ཀྱང་ཁོ་རང་གི་ངོས་ནས་ཚམ་ཚོམ་མེད་པར་སྟེར་ནུས་པར་རྗེས་སུ་ཡི་རང་བ་ཤར། ངོ་བོ་ཚོར་བྱིན་རླབས་དང་དམངས་ལྔ་བརྒྱ་སྐོར་ལ་མེ་ཏོག་གཏོར། ཚེས་གཉིས་ལ་རྟ་ཚག་སྤྲུལ་པའི་སྐུས་ཚོགས་ཡོན་ཚན་གྲངས་སྤམས་མཐོ་བས་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བའི་ཚོགས་འཆི་བདག་གི་བདུད་སྡེ་ཚར་བཅད། ཚེས་གསུམ་ལ་ཨོ་རོད་འདུལ་བ་ཟུར་པས་བཀྲ་ཤིས་ཁ་བཏགས་བརྒྱ་དང་གཅིག །གོས་ཡུག་ཆིག་བརྒྱ་ཉི་ཤུ་དངུལ་སྲང་བཞི་བརྒྱ་སུམ་ཅུ། དར་སྣ་ཚོགས་ཡུག་བརྒྱད་


GLG007_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ། སྨན་ཡུག་བརྒྱ་ཉི་ཤུ་སོགས་རིང་པོར་བརྐྱང་སྟེ་འགྱེད་དང་བཅས་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་རྟེན་འབྲེལ་བསྒྲིགས། ཚེས་བཞིར་ཨཱ་ཙཪྻ་ནིཥྩ་ལ་སུ་རིར་གསེར་ཞོ་བཞི། ཇུས་ཁ་དྲུག །ཁ་བཏགས། སྨན་ཁ་ཉི་ཤུ། ཤོ་ཁྲལ་མི་དགོས་པའི་ལམ་ཡིག །ཤ་མ་པུ་རིར་གསེར་ཞོ་གསུམ། གཞན་གོང་འདྲ། གོ་ཀུ་ལ་བྷི་རིར་ཇུས་ཁ་གསུམ། སྨན་ཁ་ཉི་ཤུ། ཁ་བཏགས། སོ་སོར་ཟུར་ཆས་བཅས་འདོད་པ་བསྒྲུབས། ཚེས་བརྒྱད་ནས་ཕུར་སྒྲུབ་བཙུགས། རྡོ་རྗེ་བྲག་སྤྲུལ་པའི་སྐུས་བདོག་པ་སྔོན་བཏེག་གིས་མཇལ། ཚེས་དགུར་སྤྲུལ་པའི་སྐུས་ཁམས་གསུམ་དུ་བཀའ་བརྒྱད་གསང་རྫོགས་ལ་བརྟེན་པའི་འཆི་བླུ་རྒྱས་པར་མཛད་པའི་ལྷུས་རྟགས་ལེགས་རབ་ཤར་ཏེ་རིགས་འཛིན་རྗེར་ངེས་པ་རྙེད། ཚེས་བཅུར་ལུགས་གཉིས་དང་འབྲེལ་བའི་གསུང་བགྲོས་ཞིབ་མོར་མོལ་ཞིང་ཤངས་ལེན་གཟབས་ཏེ་ཐུབ་བསྟན་རྡོ་རྗེ་བྲག་ལ་ཐེགས། ཚེས་བཅུ་གཅིག་ལ་ཞིང་སྐྱོང་ནང་སོའི་བསྔོ་རྟེན་སྐྱེལ་བར་བུ་གཉིས། བར་བཟུང་ཚེ་རིང་དར་རྒྱས། འདུལ་བ་ཆོས་རྗེ། ཕུན་ཚོགས་དབང་ཕྱུག་གི་མི་སྣ། ཅོ་ནེ་ཆོས་རྗེའི་དགེ་སློང་དྲུག །མཚུར་ཕུ་ཕྱག་མཛོད་བསྟན་སྲུང་། ཉང་གི་གདུང་ལྷོ་བྲག་བླ་མ་ཟུར་ཐོག་པ། ནང་ཆེན་ལྷོ་པ་བླ་མའི་དབོན་སྟར་རྫོང་སྡོད་མི་ཁ་རུ་བ་དང་རོང་བདེ་སྐྱིད་གླིང་པ། མས་ཆགས་པ། ཁ་རེག་མངོན་དགའ་བ། སྙེ་དགོན་སྐྱེས་དམན་སོགས་ལ་ཇ་གྲལ་བགྱིས། ཚེས་བཅུ་བཞིར་བྱིང་རྣམ་གཉིས། ལྷུན་གྲུབ་རྩེ་པ། གསང་དོ་བོ་འགོའི་བླ་མ་སོགས་དང་ཕྲད། གྲོང་སྨད་ནས་གྲ་ཚང་གི་རྩ་བ་གསུམ་ལ་འབུལ་རྒྱུའི་སྙན་དར་ཁ་བྱང་། འབྲི་ལུང་ལེགས་ལྡན་


GLG007_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་དང་། མི་ཉག་དགོན་གསར་བླ་མ་བློ་བཟང་རྒྱལ་མཚན་གཉིས་ཀྱིས་ཁམས་ཕྱོགས་ཀྱི་ཆོས་སྡེར་འཛུགས་རྒྱུའི་གསོལ་འདེབས་སྨོན་ལམ། དགེ་སློང་འཇམ་དབྱངས་གྲགས་པའི་མ་གཡང་སྐྱིད་ཀྱི་བྱང་རྟགས་འཇམ་དབྱངས་ཀྱི་གསེར་ཐང་བརྒྱ་རྩའི་རྒྱབ་ཡིག །སྔགས་བན་བློ་གྲོས་རྒྱལ་བའི་དགེ་སྐོས་འཇོག་ལ་དངུལ་གྱི་པད་སྡེར་སྲང་བཅུ་གཉིས་ལས་གྲུབ་པའི་ཁ་བྱང་། རྒྱུད་སྟོད་དབུ་མཛད་བློ་བཟང་དགེ་ལེགས་དང་། དགེ་སྐོས་བློ་བཟང་རིན་ཆེན་གྱིས་ཐོག་དྲངས་བླ་བརྒྱུད་ཁ་སྐོང་གསོལ་འདེབས་རྣམས་བསྐུལ་དོན་དང་སྲིད་གསུམ་བདག་མོར་ལོ་གསར་དུས་སྟོན་གྱི་ཚེ་སྙན་ཤལ་འདོད་གསོལ། སྡིངས་པོ་ཆེ་དང་རྡོ་རྗེ་བྲག་ནས་སྙན་ཚིག་གིས་སྤྲས་པའི་ཆབ་ཤོག་བྱུང་བ་དེ་ལན་རྒྱན་གྱིས་སྤུད་པ་རྣམས་བྲིས། སླེ་མ་བའི་བུ་ཚེ་བརྟན་རིག་པ་འཚོ་མི་ཟིན་པ་ཞིག་བྱུང་བ་ཆོས་སྐྱོང་ཆེན་པོ་ཁོག་ཏུ་ཞུགས་དོགས་འདུག་པར་རྟ་མགྲིན་གསང་སྒྲུབ་ཀྱི་དབང་བཞི་བྱིན་རླབས་བསྐུར། ཉེར་བདུན་ལ་ས་སྐྱོང་མེར་གན་ཐའི་ཇི་དབོན་མོ་བུ་བཅས། ཤི་རལ་ཐུ་ཆོས་རྗེའི་སྐུ་སྐྱེ། དམར་ཁམས་རབ་འབྱམས་པ། ཨེར་ཁེ་ཇི་ནོང་། དཔོན་མོ། བསོད་ནམས་ཧུང་ཐའི་ཇིའི་དཔོན་མོ་དང་བུ། ཨེར་ཏེ་ནི་པཱ་ཐུར་ཐའི་ཇི། དཀའ་བཅུ་ངག་དབང་དོན་གྲུབ། དར་རྒྱས་གླིང་བླ་ཟུར། སྟག་ལུང་པའི་སློབ་དཔོན་གཉིས་དང་ཕྱག་མཛོད། ཆོས་རྗེ་ཁ་རེག་པའི་ནུ་བོ་རས་ཆུང་ཕུག་ཕྱག་མཛོད། འབོག་གོང་མཁར་ལྟག་པ། འབྲང་རྩེ་བ་སྟོང་གཤོང་ཨ་བོ། འབྲི་ལུང་དབང་རྒྱལ་སོགས་ལ་ཇ་གྲལ་བསྟར། ཉེར་དགུར་ཞབས་དྲུང་ནོར་བུ་ཁྲ་སྒོར། ཁལ་ཁ་ཨུ་རང་ཁན་བིདྠུ་དའི་ཆིང་གི་མི་སྣ་དང་ཕྲད། ཚེ་བདག་སྒྲུབ་
མཆོད་ཀྱི་ལྟད་མོ་ཚར་དུ་དངར།


previousདགུང་ལོ་རེ་གཉིས་པར་ཆོས་འཁོར་རྒྱལ་གྱི་རྟེན་མཆོད་གསར་བསྒྲིགས་མཛད་སྐོར་དང་། བསྒྲུབ་བྱ་མང་པོར་པཎ་ཆེན་ལུགས་ཀྱི་སྡོམ་རྒྱུན་སྩལ་བ། འདུས་སྡེ་ཁག་ནས་རིང་འཚོའི་བརྟན་བཞུགས་ཕུལ་ཞིང་བསྟན་སྲིད་ཀྱི་ཇུས་རིམ་ཆོས་སྦྱིན་རྒྱ་ཆེ་སྤེལ་བ་སོགས་ཀྱི་སྐོར།next