Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
དགུང་ལོ་རེ་བཞི་པར་རིས་མེད་འདུས་སྡེ་ཁག་ནས་རིམ་བཟློག་སོགས་ཀྱི་ཆེད་དུ་རིམ་གྲོ་དང་། རྟ་ཚག་རྗེ་དྲུང་གིས་གཙོས་སྐྱ་སེར་ཁྲི་ཚོ་ལྷག་ལ་དམ་པའི་ཆོས་ཀྱི་ཟབ་ཆོས་གནང་ཞིང་། དགའ་ལྡན་བདེ་ཆེན་གླིང་གསར་འཛུགས་དང་གཞུང་སྒེར་གྱི་བྱས་ཅན་ཁག་ལ་བདག་རྐྱེན་སྩལ་སྐོར་སོགས།
   


 
previousདགུང་ལོ་རེ་བཞི་པར་རིས་མེད་འདུས་སྡེ་ཁག་ནས་རིམ་བཟློག་སོགས་ཀྱི་ཆེད་དུ་རིམ་གྲོ་དང་། རྟ་ཚག་རྗེ་དྲུང་གིས་གཙོས་སྐྱ་སེར་ཁྲི་ཚོ་ལྷག་ལ་དམ་པའི་ཆོས་ཀྱི་ཟབ་ཆོས་གནང་ཞིང་། དགའ་ལྡན་བདེ་ཆེན་གླིང་གསར་འཛུགས་དང་གཞུང་སྒེར་གྱི་བྱས་ཅན་ཁག་ལ་བདག་རྐྱེན་སྩལ་སྐོར་སོགས།next

དགུང་ལོ་རེ་བཞི་པར་རིས་མེད་འདུས་སྡེ་ཁག་ནས་རིམ་བཟློག་སོགས་ཀྱི་ཆེད་དུ་རིམ་གྲོ་དང་། རྟ་ཚག་རྗེ་དྲུང་གིས་གཙོས་སྐྱ་སེར་ཁྲི་ཚོ་ལྷག་ལ་དམ་པའི་ཆོས་ཀྱི་ཟབ་ཆོས་གནང་ཞིང་། དགའ་ལྡན་བདེ་ཆེན་གླིང་གསར་འཛུགས་དང་གཞུང་སྒེར་གྱི་བྱས་ཅན་ཁག་ལ་བདག་རྐྱེན་སྩལ་སྐོར་སོགས།


GLG007_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ཞེས་པ་ལྕགས་སྦྲེལ་གནམ་ལོ་གསར་དུ་ཚེས་པའི་དཔལ་ལྡན་སྲིད་གསུམ་བདག་མོ་མཆོད་པ་དང་རྟེན་འབུལ་སོགས་རྒྱས་པར་བགྱིས། ཚོམས་ཆེན་དུ་དགའ་སྟོན་


GLG007_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་དང་པོར་མཆོད་ཡོན། དབོན་ཁག །རྟ་ཚག་རྗེ་དྲུང་རིན་པོ་ཆེ་སོགས་རྒྱུན་འཁོད་དྲུང་འཁོར། གྲ་ས་ཕན་ཚུན། ཕ་བོང་ཁ། རྨེ་རུ་སོགས་ཀྱི་བླ་མ་ཁྲི་གདན་ཟུར། དབུ་ཆོས་སྣེའུ་སྡོང་རྩེ་ནས་སྡེ་པ་བློ་བཟང་སྦྱིན་པའི་གསེར་ཡིག་པ་བློ་བཟང་ཆོས་ལྡན། གདན་ས་གོང་འོག་གི་མགྲོན་གཉེར། དགོན་ཆེ་ཆུང་། རྫོང་གཞིས་སོགས་ཀྱི་ལེགས་སྐྱེས་བསྟར་མི་མཐའ་ཀླས་པ། རོལ་ཆ་གྲལ་འཕྲོས་སོགས་སྔར་མུ་བཞིན་དང་། ཉིན་གཉིས་པར་རྒྱལ་པོ་སྐོར་རགས་བསྡུས། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་ཡོངས་རྫོགས། རིན་ཆེན་རྒྱན་ཆ་གཞུང་གི་ལྔ་བཅུའི་སྟེང་། སྡེ་དབོན་ཆེ་ཆུང་ནང་ནམ་དྲུང་འཁོར་སྒེར་གྱོན་བཅས་བདུན་ཅུ་དོན་ལྔ། ཛུམ་ལང་རྒྱལ་པོའི་མི་སྣ་སོགས་འཛོམས་ཐོག་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་རིན་ཆེན་སྣ་བདུན། རྫས་བརྒྱད། མཆོད་སྤྲིན་རྣམ་བརྒྱད་སྤྲོ་བ་སོགས་ཀྱི་ལེགས་ལམ་རྒྱས་པར་སྤེལ། རྩེར་སྡེ་པ་ལྷུན་པོ་རྩེ་པ། མཚལ་པ། སྟག་རྩེ། ལྔ་བ་ཐོན་འབོག་གོང་། ལྷོ་པ་དཔལ་བཟང་། འབར་བླ་མར་འགྲོ་མི་སེ་ར་སྨད་རབས་འབྱམས་པ་ངག་དབང་ནམ་མཁའ། ནག་ཚང་དབང་ཆེན། མཁའ་འགྲོ་དགེ་ཚུལ་མ། རྒྱལ་པོའི་སྲས་མོ་ཀུན་དགའ་རབ་བརྟན་སོགས་ལ་ཇ་གྲལ་དང་། རིན་ཆེན་རྒྱན་ཆ་བ་བྱིངས་ལ་བྱིན་རླབས། ཚེས་བཞིར་དགའ་ཁྲི་རིན་པོ་ཆེ་བློ་བཟང་བསྟན་འཛིན། དབོན་པོ། སྨད་རྒྱུད་དབུ་མཛད། དུང་དཀར་


GLG007_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྐྱེ་ཚངས་དབྱངས་འབྲུག་སྒྲ། བྷྲུཾ་པ་མི་དབང་། རྣམ་གླིང་པ་ཕ་བུ། ཤག་བྱང་པ། སྙེ་དགོན་པ། མིག་པ། ཨོ་རོད་ཕ་བུ། གཞིས་རྩེ་རྫོང་སྡོད་གནས་གསར་དབང་རྒྱལ། རྒྱལ་རྩེ་རྫོང་སྡོད་རྡོ་དགོན་པ་བ། ངམ་རིང་རྫོང་སྡོད་སྒོག་མཁར་བ། པ་ནམ་རྫོང་སྡོད་ཚ་བ་གྲུ་པ། རྩེ་ལ་སྒང་རྫོང་སྡོད་སྒང་པ། ལྷུན་རྩེ་རྫོང་སྡོད་དཀར་བྲག་པ། རིན་སྤུངས་རྫོང་སྡོད་སྐྱིད་སྦུག་པ། རྒྱ་མདའ་རྫོང་སྡོང་བདེ་གླིང་པ། སྐུ་རབ་རྫོང་སྡོད་འབྱོར་རྒྱས་པ། རྒྱ་མཚོ་གཞིས་སྡོད་དགའ་བཞི་བ། ལྷ་བུ་གཞིས་སྡོད་རེ་མ་བ། སེང་རྫོང་སྡོད་མི་ཕྲེང་སྨད་པ། ལྷ་ཁང་གཞིས་སྡོད་དམ་རུ་བ། ཆུ་ཤུར་རྫོང་སྡོད་རི་ཟུར་པ། འབྲོང་རྩེ་རྒྱལ་ཕུར། ལྷ་ས་བྱང་གླིང་པའི་མི་ངོ་སོགས་ལ་ཇ་གྲལ་ཐོག་ཁྲི་རིན་པོ་ཆེས་ཆོས་དང་འབྲེལ་བའི་འབེལ་གཏམ་ཤིན་ཏུ་སྨར། ཁམས་པ་རྫོགས་ཆེན་པ་པདྨ་རིགས་འཛིན་དང་སྙིང་ཏིག་གི་སྐོར་ལ་ཞིབ་ཆའི་རྒྱུ་མཚན་མང་དག་དང་ཞང་སྟོན་ལྷུན་གྲུབ་དང་ཡང་སྐད་ཆ་སྣ་ཚོགས་བྱུང་། ཕྱི་མ་རེད་གནས་ཆུང་སྐུ་རྟེན་པར་སྨེ་བརྩེགས་ཀྱི་བཀྲུ་བྱབ་སྲུང་གསུམ་གྱི་རྗེས། སྔགས་པ་ལྷུན་གྲུབ། བླ་མཁྱེན་ངག་དབང་། བོན་པོ་ཟླ་བ། བཀྲ་ཤིས་ཚེ་བརྟན། སྤྱན་གཡས་པ་རྣམས་དང་ཕྲད། ཚེས་ལྔར་དགེ་སློང་བློ་བཟང་དོན་གྲུབ་ཀྱིས་དངོས་པོ་མཎྜལ་དུ་བགྱིས་ཏེ་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་བསྟར་ཞིང་མཆོད་སྤྲིན་རྣམ་བརྒྱད་པ་ཚོར་བྱིན་རླབས་བྱས། འདི་ཉིན་ནས་ཚེས་བཅུ་བཞིའི་བར་ཚེ་


GLG007_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གནད་དུ་བསྣུན། ཚེས་བརྒྱད་ལ་དབུ་མཛད་ཀྱིས་ཆོ་འཕྲུལ་ཐོག་ཉིན་བརྒྱད་བར་བརྒྱ་མཆོད་དང་ཇོ་བོ་རྣམ་གཉིས་ལ་སྣམ་སྦྱར་ཕུལ་བའི་ཁ་བྱང་། གཉན་ཆེན་ཐང་ལྟར་བཟབས་གསོལ་ཐོག་འབུལ་རྒྱུའི་སྙན་དར་ཁ་ཡིག །དཔལ་གྲོང་སྔགས་རམས་པས་བཀའ་གདམས་གླེགས་བམ་ནས་བསྟན་པ་སོགས་པཎ་ཆེན་དགེ་འདུན་གྲུབ་པའི་འཁྲུངས་རབས་གྲ་ཚར་བཞེངས་པའི་རྒྱབ་ཡིག །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་བཅོ་བརྒྱད་ཆོས་རྗེའི་གསུང་གིས་བསྐུལ་བའི་རྩེ་གདོང་ཞབས་དྲུང་བསོད་ནམས་བསྟན་འཛིན་དབང་པོ་བྱམས་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་གསོལ་འདེབས་བརྟན་བཞུགས། སེ་ར་ཧ་སྡོང་མི་ཚན་གྱི་ངོར་ངེད་རང་དང་སྡེ་པ་སངས་རྒྱས་རྒྱ་མཚོའི་རིང་འཚོ། བློ་བཟང་རབ་བརྟན་གྱིས་བསྐུལ་བའི་ཚ་མིག་མཁན་པོ་བློ་བཟང་བསྟན་འཕེལ་གྱི་གསོལ་འདེབས། ཁ་རག་ཁྱུང་བཙུན་མར་སྙན་ཤལ་ཕུལ་བའི་ཁ་བྱང་། རྩེས་དང་ངག་དབང་མཁས་བཙུན་གྱིས་གྲ་སྐོར་བཏང་དུས་གྲ་ཚང་དུ་སྲང་ཉེར་གསུམ་གྱི་དངུལ་སྐོང་ཕུལ་བའི་ཁ་ཡིག །གྲམ་པ་དགེ་སློང་བློ་བཟང་ངག་དབང་། གོང་དཀར་བློ་བཟང་དཔལ་འབྱོར། འཕྱོང་རྒྱས་པ་ངག་དབང་ནམ་མཁའ་གསུམ་གྱིས་རིང་འཚོའི་སྐབས་སྤྱི་འབུལ་དུ་གོས་དམར་འཇམ་སང་དྲ་ལྕགས་གན་ཇུས་སངས་རྒྱས་སྟོང་སྐུ་ཅན་གཅིག་གིས་གཙོས་སྣམ་སྦྱར་བཅུ་བདུན་དང་། ཟངས་དམར་གྱི་ཀ་ཋོ་ར་ཆེ་ལེགས་ཆ་བཅས་ཕུལ་བའི་ཁ་བྱང་ལེ་ཚན། རི་སྒོ་ཆོས་སྡེའི་དབུ་མཛད་དགེ་འདུན་རབ་བརྟན་གྱི་ངོར་ངེད་རང་


GLG007_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྡེ་པ་སངས་རྒྱས་རྒྱ་མཚོ་ཐུན་མོང་གི་རིང་འཚོ་སྤྱི་སྒེར་བསྟན་པ་རྒྱས་པའི་སྨོན་ལམ། བཱ་ཁན་བནྡེས་བསྐུལ་བའི་གསོལ་འདེབས་རྣམས་བཀོད། ཚེས་དགུ་ནས་བཟུང་གྲངས་བཅད་ཀྱིས་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་འཁོར་བཅས་ལ་གཟབས་གསོལ་ཞག་བདུན་བཏང་བའི་ཚེ། ཚུགས་ཉིན་ཁ་བ་བུ་ཡུག་འཚུབ་པ་སོགས་ལྷ་ཆེན་དགྱེས་པའི་མཚན་མ་དངོས་སུ་བསྟན། གྲངས་བཅད་ཁག་གཉིས་ཀྱིས་འཕུང་དུར་ན་དང་སྤྲེལ་ལོའི་ཀེག་སྲི་ངན་པ་གནོན་པའི་སྒྲུབ་པ་དང་། གྲ་ཚང་བྱིངས་ལ་ཨྱཻ་རིང་བཟློག་བཅས་བཙུགས། ཚེས་བཅུ་བཞིར་ནང་མཚམས་གྲོལ་བའི་སྡེ་པར་ཚེ་དབང་འཆི་མེད་དཔལ་སྟེར་བསྐུར། ཚེས་བཅོ་ལྔར་གླིང་སྟོད་སྐུ་སྐྱེ་ངག་དབང་གཞོན་ནུ་ལོ་བཅུ་བཞིའི་སྟེང་ཆ་ལག་བཅོ་བརྒྱད་ཤིན་ཏུ་བྱང་བའི་རྒྱུགས་སྤྲད། ཚེས་བཅུ་དྲུག་ལ་སྨོན་ལམ་ཆེན་མོར་གྲ་པ་རེར་དངུལ་ཞོ་དོ་རེའི་ཁྱོན་སྲང་བདུན་བརྒྱ་རེ་དགུ། ཡང་གྲ་པ་རེར་ཡ་ཇུ་ཉག་ཕྱེད་གསུམ་རེའི་ཁྱོན་ཁོར་དྲུག་མ་སུམ་བརྒྱ་གོ་གཅིག །ལྷ་ས། ར་མོ་ཆེ། དམར་ལྕགས་ལ་ཞལ་གསེར། སྙན་ཤལ། སྤོང་དག་ལ་ངེད་རང་གི་གོས་མང་བ། ཡོལ་བ་བླ་བྲེ་དངུལ་དཔྱད། མཆོད་ཆས། དཀར་དཔྱད། སག་ཐག་མེ་མདའ་སྒ་རྟ་དྲེལ་སོགས་གྲ་པ་རེར་དངུལ་ཞོ་དོ་རེ། འབོ་དེ་ཙིའི་ཕྲེང་བ་བརྒྱ་རྩ་བརྒྱད་པ་རེ། ལྕགས་ཀྲོ་ལེ་མ་རེ་བཅས་འགྱེད་སྣ་ལྔ་ཕུལ་ཏེ་ཚོགས་བསགས། ལ་མོ་ཆོས་སྐྱོང་ཆེན་པོའི་ལུང་བསྟན་ངེད་


GLG007_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་བརྟག་པ། རྡོ་རྗེ་བྲག་དང་གཏེར་སྟོན་རིན་པོ་ཆེའི་མནལ་ལྟས་སོགས་གོ་བསྟུན་པའི་གེགས་སེལ་དུ་སྲི་གནོན་ཁ་ཤས་དགོས་པ་པོ་ཏ་ལ། ལྷ་ས། བསམ་ཡས། ཁྲ་འབྲུག་སོགས་གནས་ཆེན་རྫོང་གཞིས་བསྡོམས་བཅོ་ལྔར་གྲ་ཚང་། རྡོ་རྗེ་བྲག །སྨིན་གྲོལ་གླིང་སོགས་རྙིང་དགོན་འབྲེལ་མཚུངས་ནས་གྲ་སློབ་བཅུ་གཉིས་རེས་སྒྲུབ་ཞག་བདུན་རེ་སྔོན་འགྲོའི་འཕུང་སྲི། དུར་སྲི། གོད་སྲི། ནད་སྲི། དགྲ་སྲི་རྣམས་གཙོར་བཏོན་ཏེ་མནན། ངེད་རང་གི་རིམ་གྲོར་ཕུན་ཚོགས་གླིང་དུ་རང་གྲ། ལྷ་རྩེ་འོག་མིན་གླིང་པ། པ་ནམ་དུ་མཚན་སྒྲོག་པ། ཞ་ལུ་བ་སྟེ་བརྒྱ་པ་ཁག་བཞི། ལྷ་སར་ཐང་སྐྱ་བ། གཞིས་རྩེར་མྱུག་ཆོས་གླིང་པ། ཡེར་པར་རང་གྲ་སྟེ་བརྒྱ་པ་གསུམ། སེར་འབྲས་སུ་ཇ་ཚུལ་སུམ་ཅུ་རེ་བཅས་བཀའ་འགྱུར་ལྔ་བཅུ་ང་གཅིག །འབུམ་ཉིས་བརྒྱ་དང་བཅུ། བརྒྱད་སྟོང་པ་ཆིག་སྟོང་ཉི་ཁྲི། ཤེར་ཁྲི་དང་ཁྲི་བརྒྱད་སྟོང་པ་བཅུ་གཉིས་རེ། མཚན་བརྗོད་བཞི་སྟོང་ལྔ་བརྒྱ། གཟུངས་འདུས་ཆིག་བརྒྱ། གདུགས་དཀར་སུམ་འབུམ་ཉི་ཁྲི་བཞི་སྟོང་ལྔ་བརྒྱ། ཤེར་སྙིང་སུམ་ཁྲི་ཆིག་སྟོང་། སྒྲོལ་མ་སུམ་ཁྲི་བཞི་སྟོང་ལྔ་བརྒྱ་བཅོ་ལྔ། སཱཙྪ་ཆིག་འབུམ། ཚེ་གཟུངས་ས་ཡ་གཉིས་དང་དྲུག་སྟོང་། ཕ་བོང་ཁར་ཆབ་གཏོར་ཆིག་ཁྲི། གཞིས་རྩེར་ཞ་ལུ་པ་དང་། པ་ནམ་དུ་ངོར་པས་འཆི་མེད་རྔ་སྒྲ། ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བས་སྒྲོལ་དཀར། རྒྱལ་རྩེ་བྲག་ལ་བས་ལྕགས་སྡོང་མ་རྣམས་ལ་བརྟེན་པའི་ཚེ་ཆོག་


GLG007_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བླུ་དང་བཅས་པ་གྲ་སློབ་ཉི་ཤུས་ཞག་བཅོ་ལྔའི་བར་འགྲོ་གང་ཆེ། ཤེལ་བྲག་ཏུ་སྨིན་གྲོལ་གླིང་པ་གྲ་སློབ་དྲུག་གིས་ཞག་གསུམ་གྱི་བར་ཚོགས་བརྒྱ། པོ་ཏ་ལའི་ཞོལ་དུ་ཆུ་སྤེ་སྟེང་པས་དབང་ཕྱུག་གི་ཟོར་མདོས་བརྒྱ་ཚར། ཀ་ཚལ་དུ་བླ་མ་ཟུར་པ་གྲ་སློབ་བཅོ་ལྔས་བདུན་ཕྲག་སྔོན་སོང་གི་དྲག་པོ་དམར་ཆེན་གྱི་གཏོར་བཟློག །རྒྱབ་ཆོས་སུ་བྲག་དབར་བ་བརྒྱ་དང་གསུམ་གྱིས་ཞག་བརྒྱད་བར་ཤེར་སྙིང་འགྲོ་གང་ཆེ། གྲ་ཚང་ནས་བརྒྱ་བཞི་ཁ་ཤས། སྡེ་པའི་སྐུ་རིམ་དུ་གཞིས་རྩེར་གངས་ཅན་ཆོས་འཕེལ་བ། རྣམ་རྒྱལ་དུ་དགའ་ལྡན་རབ་བརྟན་པ། རྒྱལ་རྩེར་དགེ་དགོན་ཚོ་བསྡུས། རིན་སྤུངས་སུ་བྱམས་ཆེན་པ། ཤེལ་དཀར་དུ་ཆོས་སྡེ་བ། ལྷ་སར་གསས་ཁང་པ་རྣམས་བརྒྱ་རེས་ཟླ་གཅིག་བར་བཀའ་འགྱུར་བཅུ་གསུམ། གསེར་འོད་དང་གཟུངས་འདུས་བརྒྱ་རེ། མཚན་བརྗོད་ཆིག་འབུམ་ཆིག་ཁྲི་སུམ་སྟོང་བཞི་བརྒྱ་ལྔ་བཅུ། ཉི་ཁྲི་དང་ཕལ་ཆེན་བཅུ་རེ། གདུགས་དཀར་ཉིས་འབུམ་སུམ་ཁྲི་བརྒྱད་སྟོང་ལྔ་བརྒྱ་ང་གཉིས། ཤེར་སྙིང་ལྔ་འབུམ་སུམ་ཁྲི་ཉིས་སྟོང་། སྒྲོལ་མ་སུམ་ཁྲི་དྲུག་སྟོང་དྲུག་བརྒྱ་ཉི་ཤུ། ཚེ་གཟུངས་ས་ཡ་གཅིག་དང་ཉི་ཁྲི་ཆིག་སྟོང་། གོང་དཀར་ཆོས་སྡེ་བས་ཚེ་དཔག་མེད་ལྷ་དགུ། རྡོ་རྗེ་བྲག་པས་ལྕགས་སྡོང་མ། དོ་བོ་རྫོང་དུ་སྨྲ་བོ་ལྕོག་པས་ཚེ་དཔག་མེད་མཚོ་སྐྱེས་རྡོ་རྗེ། འཕྱོང་རྒྱས་སུ་སྨིན་གྲོལ་གླིང་པས་གཏེར་གསར་ཚེ་དཔག་མེད་རྣམས་ཀྱི་ཚེ་ཆོག །གྲ་སློབ་བཅུ་གསུམ་རེས་ཉིན་བདུན་


GLG007_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་འཆི་བླུ་ཆོ་ག་དང་བཅས་རྒྱས་པར་བཏང་། ཆུ་བོ་རིར་ངེས་གསང་རྡོར་གླིང་པ་དྲུག་གིས་ཉིན་གསུམ་གྱི་བར་ཚོགས་བརྒྱ། ཕ་བོང་ཁར་རང་གྲ་སུམ་ཅུས་སཱཙྪ་འབུམ་ཐེར། གཏོར་མ་བརྒྱ་རྩ་ཁྲི། རྒྱལ་དུ་དམག་ཟོར་མར་བསྐང་བཤགས་ཁྲི། ལྷ་སར་གསང་སྔགས་བྱང་ཆུབ་གླིང་པ་གྲ་སློབ་བརྒྱས་སྒྲུབ་ཞག་བདུན་བར་ཁྲོ་རོལ་གཏོར་བཟློག །བཙོན་དོང་ཐར་བཅུ་གསུམ། ར་ལུག་བ་ལང་སོགས་བརྒྱ། ཉ་འབུམ་རྣམས་ཀྱི་སྲོག་བླུས། དུས་བཟང་ལ་ལྷ་སར་མཆོད་པ་སྣ་ལྔ་བརྒྱ་ཚར། དབུལ་ཕོངས་སྟོང་ཕྲག་ལ་སྦྱིན་པ་ཟས་དང་སྣམ་བུ། མཆོད་རྟེན་བརྒྱར་སྐུ་དཀར་དར་ལྕོག །འདི་ལོ་ནས་བཟུང་ཟླ་བ་བྱུང་ངོ་ཅོག་བཞིན་རྒྱལ་བཙན་མ་གསུམ་གྱི་མདོས། རིས་མེད་དགོན་ཨང་དང་གཉིས་ཡན་ལ་མང་ཇ་རེ། རྩེ་ཤོད་ཐུན་མོང་གི་རྒྱལ་དུ་དམག་ཟོར་མར་བསྐང་བ་ཉི་ཁྲི་ཆིག་སྟོང་སུམ་བརྒྱ། གུར་ཞལ་བེག་ཙེ་གསུམ་ལ་ཆིག་སྟོང་སུམ་བརྒྱ་རེ། གཞན་ཚོར་ཕྱེད་ཉིས་བརྒྱ་རེ། ལྷུན་རྩེར་སྡེ་དྲུག་གིས་འབུམ་བཅུ། སྒྲོལ་མ་ཆིག་ཁྲི་ལྔ་བརྒྱ། ཤེར་སྙིང་བདུན་སྟོང་ལྔ་བརྒྱ། ཚེ་གཟུངས་ཆིག་ཁྲི་ལྔ་སྟོང་། རྣམ་གླིང་དུ་དགའ་ལྡན་ཆོས་འཁོར་བས་བཀའ་འགྱུར་ལྔ། པོ་ཏ་ལར་མི་རུས་མི་གཅིག་པ་གསུམ་གྱིས་རྨ་བྱ་ཆེན་མོའི་གཟུངས་རིང་ཉེར་དྲུག་རེ། དབུས་གཙང་རྫོང་གཞིས་ཚང་མའི་ལམ་ཟམ་ཞིག་གསོས། བོད་འབངས་སྤྱིའི་བདེ་ཐབས་སུ་པོ་ཏ་ལར་གྲ་ཚང་། ལྷ་རྩེ་བཀྲ་བཟང་པ། རྒྱལ་རྩེར་བྲག་ལ་བ། གོང་དཀར་དུ་རྡོ་རྗེ་བྲག་པ་རྣམས་


GLG007_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་སློབ་དགུ་རེས་ཕྱྭ་གཡང་ནོར་བུ་མཆོག་རྒྱལ་གྱི་སྒྲུབ་པ་བདུན་ཕྲག་རེ། ནད་རིམས་བཟློག་ཐབས་སུ་དབུས་གཙང་གི་རྫོང་གཞིས་སྒེར་ཁག་སྡེ་དཔོན་ཚང་མས་ཡར་ངོར་དགྲ་ལྷ་དཔངས་བསྟོད། མ་མདོས། རྒྱབ་ཆོས་སུ་གཟུངས་འགྲོ་གང་ཆེ། རྣམ་འཇོམས་ཀྱི་ཁྲུས་གསོལ་རྒྱས་པ། སྟོད་ཕྱོགས་ཀྱི་ཇུས་རིམ་ལ་གོང་དཀར་དུ་རྡོ་རྗེ་བྲག་པ། གཞི་རྩེར་འུག་བྱ་ལུང་པ། ཕོ་བྲང་དུ་དཔལ་རི་བ་སྟེ་གསུམ་གྱིས་མགོན་པོ་གཡུལ་བཟློག །གཞི་རྩེར་སྒྲོལ་མ་ཕུག་པས་ཚེ་བདག་གཏོར་བཟློག །རིན་སྤུངས་སུ་ངེས་གསང་རྡོར་གླིང་པས་འཆར་ཀའི་མདོས་སྒྲུབ་བདུན་རེར་སྨིན་རྒྱས། སོ་སོར་རྒྱབ་ཆོས་པ་ལྔ་བཅུ་རེས་ཤེར་སྙིང་འགྲོ་གང་ཆེ། གནས་ཆུང་ཆོས་སྐྱོང་གི་བསྐུལ་མ་བཞིན་སྡེ་པའི་སྐུ་རིམ་ལ་དོ་རྫོང་དུ་དོན་གཉིས་གླིང་པས་འབུམ་བརྒྱ། བསྟན་སྲིད་སྤྱི་རིམ་ལ་ལྷ་སར་གོང་དཀར་དཀོན་གཉེར་བས་གདུགས་དཀར་ཀྱི་མདོས། གསང་སྔགས་བྱང་ཆུབ་གླིང་པས་ཨྱཻ་རིང་ས་ཡ་གཉིས་དང་ལྔ་ཁྲི་བརྒྱད་སྟོང་ལྔ་བརྒྱ། ཏྲིག་ཁྲོམ་མ་ཆིག་འབུམ་བདུན་ཁྲི་ལྔ་སྟོང་བདུན་བརྒྱ་བསགས། སྤྱི་སྒོས་ཀྱི་ཕན་བདེ་སྒྲུབ་ཆོས་འབད་དེ་ལག་ཏུ་བླངས། གླིང་སྟོད་སྐུ་སྐྱེ། བློ་བཟང་ཆོས་ལྡན། ངག་དབང་བཟོད་པ་རྣམས་དང་ཕྲད་ཅིང་། སྐུ་སྐྱེར་ཆོས་གོས། ཤམ་ཐབས། ཡ་ཇུ་ཁོར་དྲུག་རྣམས་བྱིན། ཚེས་བཅུ་བདུན་ལ་ཁ་རག་ཁྱུང་བཙུན་མཆོད་པར་གནང་བྱུང་པ་ངག་དབང་མཁྱེན་བརྩེ་མངགས། ཉེར་གཅིག་ལ་གྲོང་སྨད་ཨ་བར་ལ་


GLG007_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བླུ་དང་བྱབ་འཁྲུས་བྱས་གྲམ་པ་དགེ་སློང་བློ་བཟང་ངག་དབང་ཅན་གསུམ་གྱིས་སྟེར་བྱ་དང་གྲ་ཚང་ནས་འབྲས་གཤོངས་དག་སྣང་མར་རྟེན་པའི་རིང་འཚོའི་ཆོ་ག་གསུངས། ཉེར་ལྔར་འོལ་དགར་བར་གླིང་དོན་གྲུབ་ལ་ཁོག་ཞུགས་ཤིག་བྱུང་བ་འགའ་རེས་རྫུ་འཕྲུལ་ཤིན་ཏུ་ཆེ་བས་ཐང་ལྷ་ཡིན་ཚུལ་དང་། ལ་ལས་དེ་འདྲ་མིན་སོགས་གླེང་སྣ་ཚོགས་བྱུང་བ་དབྱངས་འཆར་གྱི་མོ་འདི་རང་ལ་ལྐོག་ཏུ་མ་གྱུར་པ་ཞིག་ཡོད་ནའང་ཚང་མས་མ་མཐོང་གཤིས་ཡིད་ཆེས་ཁྱད་དང་བཅས་གྲ་ཚང་སྤྱིས་ཆོས་སྐྱོང་ཚོར་བསྐང་པ་དང་། གཏེར་སྟོན་རིགས་འཛིན་ཆེན་པོའང་གདན་དྲངས་ཏེ་འབྱུང་པོའི་རིགས་ལ་ལྷ་སྔགས་ཡེ་ཤེས་ཀྱིས་སྐྲོད། ངེད་རང་གིས་སྲུང་འཁོར་དང་དམོད་བོར་ཟུང་འཇུག་གིས་ཐང་ལྷ་ཡིན་ཞིང་བསྟེན་པ་བཟང་ངོ་ཟེར་བ་དང་། འདྲེ་ངན་ཡིན་ནོ་ཟེར་བ། ལྷ་འདྲེ་གང་ཡང་མིན་པས་ཆུ་བབས་སུ་བཞག་པ་བཟང་ཟེར་བའི་ཟན་རིལ་གསུམ་ལྷ་མོ་གསུང་བྱོན་མ་དང་ལྷ་ཆེན་རང་གི་ཐང་སྐུའི་དྲུང་ཟླ་བོ་མང་བ་དང་བཅས་ཕུལ་བ་ལྷ་འདྲེ་གང་ཡང་མིན་པའི་ཆུ་བབས་སུ་བཞག་པ་ཐོན་པ་ལ་མོ་བས་དགེ་སློང་འཇམ་དབྱངས་གྲགས་པར་གསུངས་པ་དང་མཐུན། ཉེར་བདུན་ལ་དཔོན་ས་བུ་ཁྲིད་རྒྱལ་མོ་ཟངས་རིར་ཐོན་གདོང་ཕྲད་པ་དང་ལྷན་དུ་ཨ་བར་མིང་སྲིང་ཡོད་པ་གསུམ་གར་ཇ་གྲལ་བཀའ་བསྒོ་སྟེར་བྱིན་བགྱིས། རིགས་འཛིན་གཏེར་བདག་གླིང་པས་བདུན་གཅིག་གི་བར་གདོན་རིགས་ལ་ཆེད་གཏད་དྲག་དམར་སྒྲུབ་པའི་འཇུག་སྦྱིན་སྲེག་མཛད། ཁྱབ་བདག་ཁྲ་ཚང་


GLG007_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་གྲ་པ་ལེགས་བཤད་རྒྱ་མཚོ་དང་རིན་ཆེན་རྒྱ་མཚོ་གཉིས་ཀྱིས་སྒྱུ་འཕྲུལ་གསང་སྙིང་དང་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་བརྒྱུད་འདེབས་ལས་བྱང་དང་བཅས་པའི་རྒྱུགས། གཉིས་ཀས་ལོ་རེར་ཐུགས་རྗེ་ཆེན་པོའི་མ་ཎིའི་སྒྲུབ་པ་རེ་དང་། ཉིན་རེ་བཞིན་གསང་སྙིང་རྩ་རྒྱུད་དང་མཚན་བརྗོད། ཐུགས་རྗེ་ཆེན་པོའི་ལས་བྱང་བརྒྱུད་འདེབས་དང་བཅས་པ་ཚར་རེ་ཆག་མེད་འདོན་པའི་དམ་བཅའ་བྱུང་། གནམ་གང་ལ་མོན་གེ་ཆིང་པཱ་ཐུར་སོགས་བརྒྱ་སྐོར་ལ་བསྙེན་གནས་ཀྱི་སྡོམ་པ་ཕབ་སྟེ་མངོན་མཐོའི་རྒྱུ་བསྐྲུན། ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་གསང་སྔགས་བྱང་ཆུབ་གླིང་པས་ཚན་གྲངས་དང་བཅས་འབྲས་གཤོངས་དག་སྣང་མར་བརྟེན་པའི་རིང་འཚོའི་རྟེན་འབྲེལ་བསྒྲིགས། གོང་དཀར་དཀོན་གཉེར་བས་མཁའ་འགྲོ་མ་འགྲོ་བ་བཟང་མོ་ལུགས་ཀྱི་རིང་འཚོ་བདོག་པ་དང་བཅས་གདངས་སོགས་བབས་ཆགས་བསྟར། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་མི་སྣ་སྔ་ཕྱི། རྭ་སྒྲེང་མཁན་པོའི་ཆོ་གོ་ལས། བ་བུ་ལ། འུན་དུ་སུ་མཁན་པོའི་མི་སྣ་ཨེར་ཏེ་ནི་དགེ་སློང་དང་། དགེ་སློང་བསྟན་འཛིན་རྒྱ་མཚོ། དགའ་ལྡན་དའི་ཆིང་གི་མི་སྣ་ཨ་ཆི་ཐུ་དར་ཁན་ཆོས་རྗེ། ཨུ་ཁོར་དྷས། པཱ་ཐུར་ཐའི་ཇིའི་བུ་དང་མི་སྣ་པཱ་ཐུར་ཁུ་ཐུ་ཆི་སོགས་སོག་པོ་གསར་རྙིང་ཉིས་བརྒྱ་སྐོར་ལ་ཇ་གྲལ་དང་མ་གན་ཨུ་དུ་ཆིའི་བསྔོ་རྟེན་དངུལ་ཇ་གོས་དར་སག་ཐག་མེ་མདའ་གྱོན་པ་རྟ་སྒ་སོགས་འདུག་དོན་བཞིན་འཁོར་བའི་དུ༔ཁ་ལས་སྒྲོལ་ཞིང་བྱང་ཆུབ་ཐོབ་པའི་རྒྱུར་རྒྱས་


GLG007_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། བྱ་ཡུལ་མང་རའི་མཁན་པོ། རྭ་སྒྲེང་མཁན་ཟུར་གྱི་དབོན་པོ། སྡེ་པ་ཕུ་མདོ་བ། དཔོན་ཚང་ཚ་རོང་པ། ཟི་ན་ནང་སོ། སྐུ་འབུམ་ཆོས་རྗེ། སྦུས་སྲང་གསེར་ཁང་པའི་ནང་མིས་དཀར་དྲོ་བཏེག་ཅིང་བོད་པ་བརྒྱ་སྐོར་དང་། ཡམ་བུའི་མི་སྣ་སོགས་དང་ཕྲད། བདེ་ཆེན་ཆོས་འཁོར་བའི་སྐུ་སྐྱེ་གཞུང་རྣམ་རབ་ཕྱོགས་སུ་བྱུང་བར་བརྟག་པ་དགོས་ཚུལ་བྱུང་བ་བཞིན་ཡིན་ངོ་ཤར་བ་མཚན་ངག་དབང་ཆོས་རྒྱལ་དཔལ་བཟང་དུ་གསོལ། ཚེས་གཉིས་ལ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པས་སྟེར་བྱིན་གཟེངས་བསྟོད་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བའི་དཀྱིལ་འཁོར་དུ་བསུན་བཟློག་སྔོན་འགྲོའི་རིང་འཚོ་རྒྱས་པར་སྤེལ་བའི་འགྲོན་དུ་དཀོན་གཉེར་དཔོན། གསང་སྔགས་བྱང་ཆུབ་གླིང་སློབ་དཔོན། ཡམ་བུ་རྒྱལ་པོའི་མི་སྣ་རྣམས་བསྒྲིགས། སྡིངས་པོ་ཆེའི་སྤྲུལ་སྐུ་གཤེགས་པའི་བསྔོ་རྟེན་འབྱོར་དོན་ལྟར་བསྔོ་སྨོན་གྱི་རྒྱས་འདེབས་བགྱིས། ཚེས་གསུམ་ལ་གཡོན་རུ་དགའ་ལྡན་བོ་ཤོག་ཐུ་ཁང་གིས་དངུལ་ལྔ་བཅུ་མ། ཐ་ཕག །མདོང་མོ། ། གོས་ཕྱི་ནང་སོགས་མཐོན་པོར་བཏེག །གྲ་ཚང་ནས་བྱང་གཏེར་ཚེ་དཔག་མེད་ཀྱི་རྡུལ་ཚོན་དང་འབྲེལ་བའི་ཆོ་ག་བཏང་། ཚེས་ལྔར་རྩེས་དང་བློ་བཟང་ཐོགས་མེད་ཀྱིས་གྲ་སྐོར་བགྱིད་པའི་སྔོན་འགྲོར་གྲ་ཚང་གི་འདོན་ཆ་ཐམས་ཅད་ཀྱི་རྒྱུགས་སྤྲད། ཚེས་བརྒྱད་ནས་སྤྲུལ་སྐུ་རིགས་འཛིན་ཆེན་པོས་བདུན་གཅིག་གི་བར་སྨན་གྱི་སྒྲུབ་པ་མཛད། ཚེས་དགུར་གནས་ཆུང་སྐུ་རྟེན་ཚེ་དབང་དཔལ་འབར་ལ་ཚེ་


GLG007_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རྟའི་དབང་དང་དྲག་དམར་གྱི་བཀའ་བསྒོ་བསྟར། ངེད་རང་གི་དགེ་སྦྱོར་རྟེན་དུ་མངའ་བདག་ཉང་གི་དྲག་དམར་སོགས་ནང་བཞུགས་འཁོར་ལོ་འདྲི་མི་བཞི། གཟུངས་འདྲི་མི་དྲུང་ཡིག་ལྔ་དང་བཅས་པར་བཀའ་བསྒོ་དང་མདུད་པ་བྱིན། གཉལ་པ་བློ་བཟང་ཆོས་སྐྱོང་གིས་སྨན་བླ་བདེ་གཤེགས་བརྒྱད། པཎ་ཆེན་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་མི་གཡོ་བ་སྟེ་གསུམ། གླང་ར་བ་ངག་དབང་དཔལ་བཟང་གིས་སྨན་བླ་དང་རྗེ་དགེ་འདུན་གྲུབ་པའི་འཁྲུངས་རབས་ལ་ལྔ། བློ་བཟང་དོན་ཡོད་ཀྱི་བཀའ་བརྒྱད། རྩིས་པ་ལྷུན་གྲུབ་ཀྱིས་འགྲོ་ལ་རྗེས་བརྩེ་མ་དང་མཐུན་པའི་འཁྲུངས་རབས། སྒྱིད་ཐང་ནོར་བུས་བྱམས་པ་ཚེ་དཔག་མེད་ཀྱི་བརྒྱ་ཐང་རེ་རྣམས་བཞེངས་པའི་རྒྱབ་ཡིག །སྡིངས་པོ་ཆེའི་གྲ་རིགས་རྣམས་ཀྱི་ངོར་སྤྲུལ་སྐུ་མྱུར་འབྱོན་གྱི་སྨོན་ལམ། གསང་སྔགས་བྱང་ཆུབ་གླིང་དབུ་མཛད་ངག་དབང་ནམ་མཁའ་དང་། ངག་དབང་མཁས་བཙུན་གྱིས་བསྐུལ་བའི་རྩ་གསུམ་གསོལ་འདེབས། རིང་འཚོ། ཇ་མཆོད་གང་ལའང་བསྒྱུར་ཆོག་པ་བདུན་རྣམ་དག་དང་བཅས་པ། རྭ་སྒྲེང་དབུ་མཛད་རྒྱལ་མཚན་བཀྲ་ཤིས་ཀྱི་ངོར་ཡན་ལག་བདུན་པའི་ནང་དམིགས་བསལ་རིང་འཚོ་ཤློ་ཀ་གཅིག །བསྟན་འབར་མ་དང་ཆོས་སྐྱོང་གཉེར་གཏད་ཆང་བ། སྦེ་སེར་བླ་སྤྱི་ཐུན་མོང་གིས་བསྐུལ་བའི་གསོལ་འདེབས། ངག་དབང་འཕྲིན་ལས་ཀྱི་ངོར་ངེད་རང་དང་གཏེར་བདག་གླིང་པའི་གསོལ་འདེབས། སེམས་དཔལ་སྤྲུལ་སྐུ་ངག་དབང་ཕུན་ཚོགས་ཀྱི་ལེའུ་ཐོའི་འགོ་བརྗོད། སྔགས་རམས་པ་དོན་


GLG007_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྒྱ་མཚོ་དང་གཉོས་བཙུན་དབང་རྒྱལ་ལྷུན་གྲུབ་ཀྱི་བཀའ་བརྒྱད་སྤྱི་དྲིལ་ཞི་ཁྲོ་རྣམ་རོལ་གྱི་བསྙེན་ཡིག་ཡིད་བཞིན་དབང་རྒྱལ་རྣམས་བརྩམས། ཚེས་བཅུ་གཉིས་ལ་དབུ་སྒོར་ཆུང་བ། ནོ་མུན་དགེ་ཚུལ། ནོ་ཡོན་དཀའ་བཅུ། ཨ་དར་བུ་བཅས། དུར་བོད་ཆོག་ཐུའི་བུ་ཨེར་ཁེ་ཐའི་ཇི། དཔོན་མོ་བུ་བཅས། ཨ་ས་ལའི་དཔོན་མོ། བླ་མ་དགའ་རབ་པ། ཇུ་རིས་ཨེར་ཁེ་དའི་ཆིང་གི་བླ་མ་ཕུན་ཚོགས་ཆོས་རྗེ། ཟུར་རི་བླ་མ་བྱེད་རྒྱུ་ཚུལ་ཁྲིམས། ཕན་བདེ་ཆོས་རྗེའི་སྐུ་སྐྱེ། ཛ་ཡ་པཎྜི་ཏའི་མི་སྣ་བཀྲ་ཤིས་རྣམ་རྒྱལ། རྒྱལ་ཐང་ཁྲི་འབུལ་བ་ནོར་བུ་ཅན་སོགས་སུམ་ཅུ་སྐོར་ལ་བྱིན་རླབས་དང་བོང་བུ་སྐུ་སྐྱེ་སོགས་དམངས་ལ་ངོས་ཕྲད། ཚེས་བཅོ་ལྔར་སྔགས་པ་ཆུ་སྤེ་སྟེང་པར་མདོས་སོགས་ཀྱི་དྲི་རྨེད་བྱས། ཚེས་བཅུ་དྲུག་ལ་སྤྲུལ་སྐུ་རིགས་འཛིན་ཆེན་པོས་བྱད་འགྲོལ་མཛད། ཚེས་བཅུ་བདུན་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཐོག་གཏེར་སྟོན་རིན་པོ་ཆེར་རྩེ་ཤོད་དམག་ཟོར་བཅས་པས་གཏེར་གསར་གུར་དྲག་གི་དབང་དང་ཁྱབ་འཇུག་གི་དུག་དབྱུང་ཞུས། དེ་ཉིན་ནས་རྡོ་རྗེ་གླིང་པའི་གཏེར་ཆོས་ཡོངས་རྫོགས་ཞུ་བའི་འགོ་བཙུགས། ངེད་རང་གིས་སྡེ་པ་དང་ཨ་བར་གཉིས་ལ་རྣམ་འཇོམས་ཀྱི་བཀྲུ་བྱབ་སྲུང་གསུམ་རྒྱས་པར་བྱས། ངེད་རང་རིང་པོར་འཚོ་བྱེད་གཞིས་རྩེར་ལྷུན་རྩེ་བ། ཤེལ་དཀར་དུ་ཆོས་སྡེ་བ། ཕུན་གླིང་དུ་རང་གྲ། རིན་སྤུངས་སུ་སྐྱེད་ཚལ་བ་རྣམས་ཀྱིས་བཀའ་འགྱུར་ལྔ་བཅུ་ང་ལྔ། མཚན་བརྗོད་སུམ་སྟོང་། སྡེ་པའི་རིམ་གྲོར་རྣམ་གླིང་དུ་ཆོས་སྡེ་བ་དང་། གཞིས་རྩེར་མྱུག་ཆོས་འཁོར་གླིང་པས་བཀའ་འགྱུར་བཅུ་དགུ། སྒྲོལ་


GLG007_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉི་ཁྲི་ཆིག་སྟོང་། ཤེར་སྙིང་ཉི་ཁྲི་བདུན་སྟོང་། ཚེ་གཟུངས་སུམ་ཁྲི། བསྟན་མ་གནས་སར་དར་ལྕོག་དང་གསོལ་མཆོད་ལོ་སྔོན་མ་ལྟར་བཏང་། རྩེ་ཤོད་ཐུན་མོང་གི་རིམ་གྲོར་ཤེལ་བྲག་ཏུ་རང་གྲ་རྡོར་སློབ་བཅས་བཅོ་ལྔས་ཞག་བཅོ་ལྔའི་རིང་རཏ་གླིང་གུ་རུ་ཞི་བའི་ལས་བྱང་གཞུང་བསྲངས་པའི་ཞི་བསྙེན་འགྲོ་གང་ཆེ། ཞག་གོང་འདྲ་དྲག་བསྙེན་མཐར་གཏོར་བཟློག །སྐུ་རབ་རྣམ་རྒྱལ་དུ་རྩེ་ལེ་བ་གྲ་སློབ་ཞག་གོང་མཚུངས་ཀྱིས་རཏྣའི་གུར་དྲག་གི་བསྙེན་པ་འགྲོ་གང་ཆེའི་མཐར་གཏོར་བཟློག །བསྟན་སྲིད་དང་བོད་འབངས་སྤྱི་རིམ་ལ་པོ་ཏ་ལའི་ཞོལ་དུ་ངེས་གསང་རྡོར་གླིང་པས་ལྷ་འདྲེ་སྟོང་དྲ། ཡང་རྫོང་དུ་རྡོ་རྗེ་བྲག་པ་དང་མཆིམས་ཕུར་དཔལ་རི་བ་གྲ་སློབ་བརྒྱད་རེས་བཀའ་བརྒྱད་ཀྱི་གཞུང་བསྲངས་པའི་ཞག་བདུན་བར་བཟླས་པ་འགྲོ་གང་ཆེའི་མཇུག་ཚོགས་བརྒྱ། སྔ་མས་ཞག་གོང་འདྲར་གཤིན་རྗེ་འཇོམས་བྱེད་ཉི་ཟླ་ནག་པོའི་སྒོ་ནས་ལོག་སྡེ་བསྐལ་པར་མནན། མཁར་ཆུར་སྨྲ་བོ་ལྕོག་པ། ཡེར་པ་ཟླ་བ་ཕུག་ཏུ་གསང་སྔགས་བྱང་ཆུབ་གླིང་པ། གཏེར་སྒྲོམ་དུ་བན་གྲོང་པ། ཤཾ་བྷུར་གནས་གཞི་བ། ཙ་རིར་རྩེ་ལེ་བ། གཡུང་ཕུ་རྫ་ལྷུད་དུ་འོད་མཆོག་པ། བཀྲ་བཟང་དུ་རང་གྲ་རྣམས་ཀྱིས་བཀའ་བརྒྱད། ཤེལ་བྲག་ཏུ་རང་གྲ། འོན་ཕུ་སྟག་ཚང་དུ་ཨེ་ཆོས་ལྡན་པ། གནམ་ལྕགས་བྲག་ཏུ་སྙེ་མདོ་བ་རྣམས་ཀྱིས་ཕུར་པ། གཡའ་མ་ལུང་དུ་བསམ་ཡས་དཀར་པོ་བས་དགོངས་འདུས། ཟབ་ཕུར་འུག་པ་ལུང་པས་སྒྱུ་འཕྲུལ་ཞི་ཁྲོ་རྣམས་ལ་


GLG007_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་བཟླས་པ་དང་ཚོགས་གྲ་གྲངས་ཞག་བཅས་གོང་འདྲ། ཤེལ་བྲག་ཏུ་སྨིན་གྲོལ་གླིང་པ་གྲ་སློབ་བཅོ་ལྔས་བདུན་གསུམ་གྱི་བར་བདུད་རྩི་སྨན་སྒྲུབ། ལྷུན་རྩེར་དྭགས་པོ་གྲ་ཚང་པས་རིལ་སྒྲུབ་དང་འབྲེལ་བའི་ཡིག་དྲུག་དུང་ཕྱུར་གཅིག་བྱེ་བ་གསུམ་ས་ཡ་ལྔ། ཚེ་གཟུངས་ཆིག་འབུམ་དྲུག་ཁྲི་དྲུག་སྟོང་བཞི་བརྒྱ། ཤེར་སྙིང་སུམ་ཁྲི་ཉིས་སྟོང་བརྒྱད་བརྒྱ། སྒྲོལ་མ་ཆིག་ཁྲི་ལྔ་སྟོང་སུམ་བརྒྱ། གནས་ཆུང་ཆོས་སྐྱོང་ཆེན་པོ་དང་མོ་རྩིས་གོ་བསྟུན་ངེད་རང་གི་གེགས་སེལ་ལ་པོ་ཏ་ལ་སོགས་རྫོང་གཞིས་ལྔ་ནས་མཆོད་རྟེན་དང་མ་ཎིར་ཞིག་གསོས་སྐུ་དཀར། ཕ་བོང་ཁ་པས་གཏོར་མ་ཆིག་འབུམ་དགུ་བརྒྱ། ཉ་སུམ་འབུམ་དྲུག་ཁྲི་བདུན་སྟོང་དགུ་བརྒྱ་སུམ་ཅུའི་སྲོག་བླུ། ལྷ་སར་ངན་སློང་ཁྲི་སོགས་ཆིག་སྟོང་ཉིས་བརྒྱ་བརྡལ་བར་སྦྱིན་པ། ཨཱཪྻ་པ་ལོའི་གླིང་དུ་བྲག་སྣ་བ་གྲ་སློབ་ཀྱིས་ཞག་བདུན་གྱི་བར་ཁྲོ་རོལ། རྒྱབ་ཆོས་པ་རབ་བྱུང་པ་དང་ལི་མ་ལྷ་ཁང་པ་བསྒྲིལ་བ་བརྒྱ་དང་གསུམ་གྱིས་ཚེ་གཟུངས་ཉིས་འབུམ་ཆིག་ཁྲི་བཞི་སྟོང་ཉིས་བརྒྱ་བཞི་བཅུ། གཏོར་རྒྱག་ཉིན་ཤེར་སྙིང་ཆིག་ཁྲི་བདུན་སྟོང་སོ་དགུ། པོ་ཏ་ལ་ཞོལ་དུ་བླ་མཁྱེན་ངག་དབང་ཅན་གྱིས་ཉེས་པ་ཀུན་སེལ་དང་ས་བདག་དོང་ཙེ། བོན་པོས་བོང་ར་བཙུགས་ཤིང་སྣང་བརྒྱད་ཀྱི་མདོས། སྡེ་པའི་རིམ་གྲོར་གོང་དཀར་དུ་མགོན་པོ་གཡུལ་བཟློག །ཀི་ཀང་གི་དགྲ་མནན། རྒྱབ་ཆོས་པ་དང་བཅས་པ། སྟོན་པའི་བརྒྱ་ཐང་། ལྷ་སར་བྲག་དབར་དང་ཐང་སྐྱ་བ་བརྒྱ་རེས་གསེར་འོད་དང་བརྒྱད་སྟོང་པ་བརྒྱ་རེ། པོ་ཏ་ལར་བླ་


GLG007_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཅན་གྱིས་གཟའ་ཀླུ་འཁྲུགས་པའི་ཡོ་བཅོས། གངས་ཅན་སྤྱི་རིམ་དུ་པོ་ཏ་ལ་དང་གཞིས་རྩེ་སོགས་རྫོང་ཆེ་བ་བཅུ་བདུན་ནས་སྔགས་བོན་གང་རིགས་ཀྱིས་གྱང་ར་གྱང་སག་དང་། གཙུག་ཏོར་སྡེ་ལྔའི་མདོས། ཆོས་སྐྱོང་གི་གསུང་བཞིན་ངེད་ཀྱི་རིམ་གྲོར་སེར་འབྲས་དགེ་གསུམ་དུ་ཇ་ཚུལ་ལྔ་རེར་ཤེར་སྙིང་། ཚེ་གཟུངས། རིང་འཚོའི་ཚིགས་བཅད་འགྲོ་གང་ཆེ། ནད་རིམས་བཟློག་ཕྱིར་ལྷ་ས་སྤྱི་བསྡུས་ཀྱིས་བཀའ་འགྱུར་དང་མ་མདོས། ཆབ་གཏོར་ཀླུ་གཏོར་བསངས། བརྒྱགས་བརྔན། གཙུག་ལག་ཁང་རྣམས་ལ་ཁྲུས་གསོལ། ཉེ་སྐོར་སྙེ་ལྗངས། ལུམ་པ། ལྕགས་ཟམ། འབྲོམ་སྟོད་རྣམས་ཀྱི་ནང་ཁོངས་ཀྱི་གྲོང་ཚོར་མ་མདོས་སོགས་གོང་འདྲ་བྱེད་བཅུག །ཧོར་ཟླ་གསུམ་པའི་ཚེས་གཉིས་ལ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལས་བྱང་རྩེ་ལེའི་པར་མར་ལྷན་ཐབས་སྦྱར་བ་ཡིན་ཀྱང་གྲ་པ་བློ་དམན་པ་དག་མགོ་བོ་མགལ་མེ་ལྟར་འཁོར་ནས་ལེན་མི་བདེ་ཟེར་བ་ལས་བྱང་བཀླགས་ཆོག་དགོས་པ་ཀུན་ཚང་བསྒྲིགས། ཡེར་པ་དགའ་ལྡན་གསང་སྔགས་གླིང་བླ་གཉེར་གྲ་མང་ཐུན་མོང་ངོར་ངེད་རང་དང་སྡེ་པ་སངས་རྒྱས་རྒྱ་མཚོའི་རིང་འཚོ། དར་མོས་སྨན་རམས་པས་བསྐུལ་བའི་ཤེལ་གྲོང་གཞིས་བདག་གི་གསོལ་མཆོད། འབྲོམ་གྱི་སྔགས་འཆང་དབང་གྲགས་རྒྱ་མཚོས་དགོས་ཚུལ་བྱུང་བའི་ངེད་རང་དང་གཏེར་བདག་གླིང་པ་ཐུན་མོང་དང་། མེ་རག་བླ་མ་བློ་གྲོས་རྒྱ་མཚོའི་ངོར་སྡེ་པའི་བརྟན་


GLG007_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། དེས་བསྐུལ་བའི་མགོན་པོ་ཕྱག་བཞི་པའི་གཏོར་ཆོག་ལེགས་ལྡན་དགྱེས་པའི་མཆོད་སྤྲིན། དུད་སོལ་ལྷ་མོའི་གཏོར་ཆོག་འཁྱེར་བདེ། ཇག་པ་མེ་ལེན་གྱི་གཏོར་ཆོག །ཙ་རིའི་གནས་བདག་ཅིག་ཅར་དམར་པོའི་གཏོར་ཆོག །རབ་འབྱམས་པ་བློ་བཟང་ངག་དབང་གི་འདོད་པ་ལྟར་རྗེ་དྲུང་དགེ་འདུན་བསྟན་པ་རྒྱ་མཚོའི་སྤྲུལ་སྐུ་དགེ་འདུན་ཆོས་རྒྱལ་དབང་ཕྱུག་གི་འཁྲུངས་རབས་གསོལ་འདེབས། བརྒྱད་གཏོར་དུས་ཆེན་སྐབས་འབུལ་རྒྱུ་དང་། དབུ་མཛད་ཀྱིས་འཕྲུལ་སྣང་། ར་མོ་ཆེ། བསམ་ཡས། ཁྲ་འབྲུག །ཡུམ་བུ་རྣམས་སུ་དབུལ་བའི་སྙན་ཤལ་ཁ་ཡིག །དགའ་ལྡན་བསྟན་འཛིན་སྦོ་ཤོག་ཐུ་ཁང་གིས་དཔལ་ལྡན་འབྲས་སྤུངས་སུ་དངུལ་རྐྱན་བཅུ་དགུ་ཕུལ་བའི་ཁ་བྱང་རྣམས་བྲིས། ཚེས་བརྒྱད་ལ་ཚོམས་ཆེན་དུ་མགོན་པོ་ལས་མཁན་དང་བཅས་མཆོད་པའི་ཚོགས་དབུར་ཕྱིན་པའི་མུ་འཐུད་བཅུ་གཉིས་བར་ཐུགས་དམ་བསྐང་བའི་རིམ་པ་རྒྱས་པར་བགྱིས། ཚེས་བཅུ་གཅིག་གི་ཞོགས་གསང་སྔགས་བྱང་ཆུབ་གླིང་གི་དབུ་མཛད་ངག་དབང་ནམ་མཁའ་དང་། ངག་དབང་མཁས་བཙུན་གཉིས་ཀྱིས་སྟེར་བྱིན་དང་བཅས་བྱང་ཆུབ་གླིང་པས་འབྲས་གཤོངས་དག་སྣང་མའི་ཆོ་ག་གྱེར་བ་དང་ཆབས་གཅིག་དཔོན་ཚང་ཚ་རོང་པས་ཀྱང་རིང་འཚོའི་དངོས་པོ་བརྐྱང་། ཡེར་པ་བླ་གཉེར་གྲ་བཅས་ཀྱིས་རང་འབྱོར་དང་བསྟུན་པའི་སྐྱེས་སྤེལ་ཞིང་རིང་འཚོའི་སྨོན་ལམ་གསུངས། བླ་མས་ཡུན་དུ་གནས་དགོས་ཚུལ་ལུང་


GLG007_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་དང་བཅས་ཁས་ལེན་དགོས་ཟེར་བ་གསུང་རབ་རྣམས་ནས་མི་ལུས་ཐོབ་པར་ཚོགས་རྒྱ་ཆེར་གསོག་དགོས་པར་བཤད་པ་རང་ལ་དབང་མཆིས་ན་སྡོད་པ་གཞིར་བཅས་མོད། དགེ་འདུན་རྣམས་ཀྱིས་བླ་མ་ཡི་དམ་མཁའ་འགྲོ་དཔང་པོར་གསོལ་ཏེ་སྨོན་ལམ་མཛད་པ་དང་རང་ངོས་ནས་ཀྱང་སྡོད་འདུན་བྱེད་ཚུལ་བགྱིས་ནས་གྲ་ས་ཕན་ཚུན་གྱི་སློབ་དཔོན་ལས་སྣེ་བ། གནས་ཆུང་སྐུ་རྟེན་པ། བཅོ་བརྒྱད་ཆོས་རྗེ། གོང་ར་གདན་ས་བ། གཅུང་ལོ་ཆེན་ཆོས་དཔལ། སྒྲུབ་རྙིང་བླ་མ། ཤ་གཟུག་སྐུ་སྐྱེ། བཀྲ་ཤིས་ལྗོངས་སློབ་དཔོན། རྨོག་ལྕོག་སྤྲུལ་སྐུ། མེར་གན་ཧུང་ཐའི་ཇིའི་མི་སྣ་འུར་དུ་སུ་ཐའི་ཇི། འདུལ་བ་ཆོས་རྗེའི་མི་སྣ་དབོན་ཆུང་། དཔོན་མོ་བསོད་ནམས་ཚེ་དབང་གི་མི་སྣ་བུར་གུ་ཐའི་ཇིའི་ནང་ཚང་། ཇོ་རིག་ཐུ་ཁོ་ཤོའུ་ཆིའི་མི་སྣ། བར་ཁ་ཤ་ཁའི་བསྔོ་རྟེན་སྐྱེལ་མི། གེ་རེ་ལྷ་པ་ཡུམ་སྲས། འཇུན་པ་རྡོ་རྗེ་རྒྱལ་པོ། ཨོ་རོང་པ་ཕ་བུ། ཆང་ཁྱིམ་པའི་བུ་རྒན་པ་སོགས་བོད་སོག་ཉིས་བརྒྱ་སྐོར་གྱི་ངོ་བོར་བྱིན་རླབས་དང་དམངས་ལ་ངོས་ཕྲད། ཚེས་བཅུ་གཉིས་ལ་ཆང་ཁྱིམ་པས་རྟགས་བརྒྱད་ཁ་བཏགས། གོས་སྣ་ཆ་ཚང་། སྒྲོལ་དཀར་གྱི་དངུལ་སྐུ། གོས་ཡུག་ལེགས་པ་དགུ། དངུལ་ཕོར་སོགས་ཀྱིས་གཙོས་པའི་དགུ་ཚན་བཅུ་གཅིག་འགྱེད་དང་བཅས་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་མཛད། མུན་ཁི་ཆི་པཱ་ཐུར། དགེ་ཚུལ་མ། ཚ་བོ་ཚེ་


GLG007_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རིང་དར་རྒྱས། ཨི་ནག་པཱ་ཐུར་ཐའི་ཇིའི་དཔོན་བུ་བཅས། བསོད་ནམས་ཧུང་ཐའི་ཇི། བི་ལིག་ཨེར་ཁེ་ཐའི་ཇི། དབོན་ཆུང་གི་བུ་བཅས་པར་བྱབ་ཁྲུས་དང་། གཏོར་དབང་བར་གཅོད་ཀུན་སེལ་བསྐུར། ཨུ་དཀར་དས་པཱ་ཐུར་དང་བློ་བཟང་མགོན་པོའི་མི་སྣ། དར་ཁན་ཁོ་ཤོའུ་ཆིའི་སྐྱེས་དམན་སོགས་ལོག་མི་ཉིས་བརྒྱ་སྐོར། ཞོལ་སྒྲོལ་དཀར་ཚེ་ཆོག་པ་ལོག་མི་བརྒྱད། ཡོ་ཤེའི་བུ་དམག་ལ་འགྲོ་མི་ཞེ་བརྒྱད། དཔལ་འཁོར་ཆོས་སྡེའི་མཁན་ཟུར་ཁ་རབ་པ། མེ་རག །མཚོ་སྨད། ཕུག་ཁང་རྣམས་ཀྱི་བླ་མ། ཤག་བྱང་པའི་བུ་འབྲིང་། ནག་གུ་བ་སོགས་མང་དག་ལ་ཇ་གྲལ་བཏང་། ཚེས་བཅུ་གསུམ་ལ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་རུང་ཐུན་གྱི་གོས་དཔུས་གཙང་ཆ་འགྲིག །གསེར་ཞོ་ཉིས་བརྒྱ། དངུལ་ལྔ་བཅུ་མ། སྦུག་ཆོལ་ཉི་མ་འབྲུག་སྒྲགས་ཀྱི་ཤུབས་མངགས་བཟོས་མཚལ་རྩི་ཚིང་གིན་མར་ར་མ་ལུག་གི་བཤན་བཟོ་བཀོད་མཚར་བའི་རྒྱུ་སོང་མཚལ་ཞོ་བཅུ་གཅིག །གྲང་གསེར་ཞོ་དྲུག་མ་ལོང་ཙམ། གསེར་བཙོ་ཞོ་བཅུ་བཞི་རྣམས་སོང་བ། གོས་ཡུག་དཔུས་ལེགས་ཉེར་ལྔ། རྒྱ་སྦུག །སྨན་ཙེ། བྱང་དར་ཚོས་སྣ་ཚོགས། ཇ་རས་ཟམ་སོགས་རྒྱ་ཆེར་བཏེག །ཚོགས་དང་གྲ་པ་རེར་ལྔ་ཚན་རེ། སྤྱི་འབུལ་དང་བཅས་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བའི་མི་འགྱུར་ཚེའི་རྟེན་འབྱུང་བསྒྲིགས་པའི་


GLG007_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་དུ་གཏེར་སྟོན་རིན་པོ་ཆེ། གཅུང་ལོ་ཆེན་མཆེད། དཔལ་འཁོར་ཆོས་སྡེའི་མཁན་ཟུར། གོང་ར་གདན་ས་པ། བྱང་ཆུབ་གླིང་། མཚོ་སྨད། སྒྲུབ་རྙིང་གསུམ་གྱི་སློབ་དཔོན་མི་སྣ་སོགས་ཡོད། ཕྱི་དྲོ་རིགས་འཛིན་གཏེར་བདག་གླིང་པས་སྨད་འདུལ་གྱི་སྡོམ་རྒྱུན་མ་ཆད་ན་ལེགས་ཚུལ་གྱི་བསྐུལ་མ་མཛད་པ་བཞིན་ཁ་རབ་ཞལ་སྔ་ནས་ལ་ཁུངས་དག་པ་ཡོད་པར་བརྟེན་མི་ནུབ་ཅིང་དར་རྒྱས་ཆེ་བར་བསམ་ཏེ་དཔལ་འཁོར་ཆོས་སྡེའི་མཁན་ཟུར་མཁས་པའི་དབང་པོ་དཀོན་མཆོགབསྟན་འཛིན་གྱིས་མཁན་སློབ་སྦྲགས་ནས་རྟ་ཚག་རྗེ་དྲུང་རིན་པོ་ཆེ། ལོ་ཆེན་ཆོས་དཔལ་སོགས་བསྙེན་རྫོགས་དྲུག་བསྒྲུབས་ནས་སྲོལ་བཏོད། ཚེས་བཅུ་བཞིར་དར་བྱུང་བ་དགྲ་འདུལ་རབ་བརྟན་གྱིས་བདོག་པའི་དངོས་པོ་དང་བཅས་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རིང་འཚོའི་ཆོ་ག་གསུངས། ཆོས་འཁོར་ཡང་རྩེ་བ་དཀའ་བཅུ་རིན་ཅེན་རྣམ་རྒྱལ་གྱིས་དབུ་འགྲེལ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིང་དང་། དཔོན་ཚང་ཚ་རོང་པའི་སློབ་མ་བློ་བཟང་ཕུན་ཚོགས་ཀྱིས་རྒྱུད་བཞིའི་རྒྱུགས་སྤྲད། ཚེས་བཅོ་བརྒྱད་ནས་ཞག་བཅུའི་བར་གྲ་ཚང་གིས་འཁོར་ལོ་འབར་བ་ཁྱོན་ས་ཡ་གཅིག་ཆིག་འབུམ་བརྒྱད་ཁྲི་ཆིག་སྟོང་ཉིས་བརྒྱ་སོང་། ཉེར་གཉིས་ལ་སྡེ་པ་དང་དམག་ཟོར་ཚངས་དབང་མཉམ་དུ་གདོན་འགྲོལ་བྱབ་ཁྲུས་དང་བཅས་པ་བྱས། ཉེར་


GLG007_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་བརྟག་པ་བྱས་པའི་ངེད་རང་གི་རིམ་གྲོར་བཀྲ་ཤིས་བདེ་ཆེན་པ་དང་ལམ་རིམ་པ་སྒྲིལ་བ་བརྒྱས་གདུགས་དཀར་ཆིག་འབུམ་བཞི་བརྒྱ་བཞི་བཅུ། སྒྲོལ་མ་ཉི་ཁྲི་ཉིས་སྟོང་དྲུག་བརྒྱ་བརྒྱད་ཅུ། སྡེ་པ་ན་སྲི་ལྟ་བུས་ཡན་ལག་ཅུང་མ་བདེ་བ་བཟློག་ཐབས་སུ་གྲ་ཚང་གིས་ཕྱིར་བཟློག་འཁོར་ལོ་འབར་བ་བྱེ་ཆུང་གཅིག །ལྷ་སར་ཡེར་པ་བ་བརྒྱས་སྨན་བླ་ཆིག་ཁྲི་ཆིག་བརྒྱ། ཕོ་བྲང་དུ་རི་ཆོས་པ་དང་རྩེས་དང་ལྔ་མཆོད་པ་བསྒྲིལ་པ་བརྒྱས་གདུགས་དཀར་ཉིས་འབུམ་ཆིག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་བཞི་བཅུ། མཚན་བརྗོད་ཆིག་འབུམ་ཆིག་ཁྲི་ལྔ་སྟོང་བཞི་བརྒྱ། སྒྲོལ་མ་ཉི་ཁྲི་ལྔ་སྟོང་ཆིག་བརྒྱ་ཞེ་ལྔ། ཚེ་གཟུངས་བདུན་ཁྲི་བཞི་སྟོང་ཉིས་བརྒྱ། ཤེར་སྙིང་ཉི་ཁྲི་ལྔ་སྟོང་བརྒྱད་བརྒྱ། སཱཙྪ་ཆིག་འབུམ་བདུན་ཁྲི་ལྔ་སྟོང་བཞི་བརྒྱ། ལྷ་ས་དང་ར་མོ་ཆེའི་ལྷ་ཁང་ཚོར་གསེར་ཆབ། སྤྱན་འབྱེད་མཆོད་པ་སྣ་ལྔ་བརྒྱ་ཚར། མཆོད་འབུལ་བ་སོ་སོས་སྤྱན་འདྲེན་ཁྲུས་གསོལ་མཇུག་བཟང་སྤྱོད་ཉིས་སྟོང་བརྒྱད་བརྒྱ་བཞི་བཅུ། ལྷ་ས། དཔལ་ལྷུན། གྲ་བཞི། ལྕགས་གྲོང་། གླང་རུ། ལྷོ་མོས། རིན་ཆེན་ཚལ། གསས་ཁང་བཅས་པར་སྒོ་འགྱེད། ངན་སློང་མང་བར་སྦྱིན་པ། ཨཱ་ཙཪྻ་ནང་པའི་གུ་སང་ཉི་ཤུ། ཕྱི་པའི་གུ་སང་བཅུ་དགུར་མར་དང་གྲོ་ཕྱེ། སྣམ་བུའི་སྦྱིན་པ། ནད་པ་ཉམ་ཐག་པ་ལོ་གྲངས་ལ་རྩམ་མཁར་འབོ་རེ། ཏཱ་ཚཱ་ཉག་


GLG007_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རེ། མར་ཉག་གསུམ་རེ། གོས་སྣ་རེ། ནད་ལ་བལྟ་བར་འཚོ་བྱེད་ཆེད་གཉེར་བཏང་སྟེ་སྨན་རིན་སྤྲད། པ་ནམ་དུ་བྲག་ལ་བས་འཆར་ཀའི་མདོས། རྒྱབ་ཆོས་གྲང་མོ་ཆེ་པས་ཤེར་སྙིང་ཆིག་སྟོང་དྲུག་བརྒྱ་སོགས་གང་རྒྱས་བསྟར། གུར་དྲག་སོགས་ཀྱི་རྟེན་རྣམས་ཀྱི་གཟུངས་དགེ་སློང་འཇམ་དབྱངས་གྲགས་པས་གྲ་བསྒྲིགས་ནས་ངེད་རང་གིས་སོ་སོའི་བཤད་ཚོད་དང་མཐུན་པར་གནས་རྣམས་སུ་མ་འཆོལ་བར་རྒྱས་པར་ཕུལ་བར་བགེགས་བསྐྲད། ཁྲུས་དང་བསྐྱེད་བསྟིམ་མེ་ཏོག་གཏོར། གཏེར་སྟོན་རིགས་འཛིན་ཆེན་པོས་ནཱ་ག་རཀྴའི་སྒྲུབ་ཞག་ལྔ་སྔོན་སོང་གིས་སྡེ་པར་ཀླུའི་གདོན་འགྲོལ་སྨིན་པར་མཛད། གནམ་གང་ལ་མངའ་རིས་གྲ་ཚང་དང་རྒྱ་ཤོད་བན་མཁར་བླ་མ། ཞོལ་དུ་ངེས་གསང་རྡོར་གླིང་གྲ་སློབ་ལྷ་འདྲེ་སྟོང་དྲ་དང་མ་མོ་གླིང་བཞི་གཏོང་བར་ཡོང་པ། འདམ་དུ་འདེགས་མི་དབུ་སྒོར་ཆུང་བ། ནོ་ཡོན་དཀའ་བཅུ། ཨ་ར་ན། ཨལ་དར་དཔོན་གཡོག །ད་ལའི་ཧུང་ཐའི་ཇི། དགའ་ལྡན་ཚེ་དབང་དཔལ་བཟང་། ལྷ་དབང་དཔལ་འབར་གསུམ་གྱི་མི་སྣ། གསར་འབྱོར་ཟུང་ཆུ་རབ་འབྱམས་པ་ངག་དབང་རྒྱ་མཚོ་གཡོག་བཅས་སོགས་བོད་སོག་ངོ་མར་བྱིན་རླབས་དང་། ཉིས་བརྒྱ་སྐོར་ལ་ངོས་ཕྲད། ཟུང་ཆུ་རབ་འབྱམས་པས་གསེར་དངུལ་གོས་དར་སོགས་སྤམས་བསྟོད། བན་མཁར་བླ་མས་རྟ་བརྒྱད། ནག་


GLG007_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཕན་དར་གྱི་བསྔོ་རྟེན་རྟ་བཅུ་གསུམ། རྨེ་རུ་བླ་ཟུར་རིན་ཆེན་རྒྱ་མཚོས་ལི་སྐུ་ལེགས་པ་ལྔ། ཧུབ་ཇ་ཁོར་དྲུག་མ་བྱིན། བརྐྱང་ཕྱག་བགྱིས་ཏེ་རིང་པོར་སྡོད་པའི་སྨོན་ལམ་ཞེ་ནས་བཏབ། ཞོལ་དུ་སྔགས་འཆང་ཆུ་སྤེ་སྟེང་པས་སྒྲུབ་ཞག་དགུ་སྔོན་དུ་བཏང་སྟེ་རྒྱལ་པོ་རྩེ་མདོས་ཕྱིར་ཐོན་པ་དང་རླུང་གློ་བུར་དུ་འཚུབས་ཤིང་འཆམས་དང་བཅས་འགོང་པོ་འགྲོ་ཕྱོགས་སུ་རླུང་རྣམས་བརྒྱུགས་པའི་ལྷོངས་རྟགས་ཤིན་ཏུ་ཆེ་བ་ལྟར་སྡེ་པའི་ཁམས་ཀྱང་རིམ་བདེར་སོང་བའི་འཕྲོད་ངོ་ཆེ། སྔགས་པ་ལ་ལས་ཨོ་ཟོབ་སོགས་ཁ་ཟེར་ཡང་། དེ་ལྟ་བུའི་སྐམ་གསོག་རློན་གསོག་སོགས་མདོས་བཞེད་འཚུབ་རྟགས་ཀྱིས་མཚོན་པ་སྟོན་དང་རིམ་གྲོ་བྱེད་མི་དགོས་དང་དྲགས་ཡོད་པ་འཆོལ་བས་སྣར་མཛུབ་མོ་ཚུགས། ཧོར་ཟླ་བཞི་པའི་ཚེས་གཅིག་ལ་ཆུ་སྤེ་སྟེང་སྔགས་འཆང་དང་བྲག་དཀར་ཆུ་བཟང་བླ་མ་དང་ཕྲད། ཚེས་གཉིས་ལ་སྡེ་པ་སངས་རྒྱས་རྒྱ་མཚོ་རང་གཞན་ལ་མ་བལྟོས་པའི་བླ་མ་ཚོར་ལུང་རྟོགས་ཀྱི་དམ་ཆོས་འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་མཁས་པའི་བྱ་བ་རྣམ་གསུམ་སོགས་ཀྱི་སྒོ་ནས་བསྟན་པ་སྤྱི་དང་བྱེ་བྲག་སྐྱེ་འགྲོའི་བདེ་སྐྱིད་སྤེལ་ཚུལ་གྱི་མཛད་པ་བློས་མི་འཁྱུད་པ་སྣང་བ་དང་མཐུན་པར་རྣམ་ཐར་ཞིང་བཀོད་ཕུན་སུམ་ཚོགས་པ་ཡོང་འདུག་པས་ཡིད་ཕྲོགས་ཏེ་དེ་ལྟར་བྱུང་ན་སྙམ་ལྷག་བསམ་རྣམ་དག་གིས་ཀུན་ནས་བླངས་པའི་བསྐུལ་མ་ཡང་ཡང་བྱུང་བ་དང་བྱེད་རང་ངོས་ནས་བླ་མ་སངས་རྒྱས་སུ་མཐོང་བའི་མོས་པ་ཡོད་


GLG007_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་བྱིན་རླབས་དང་དངོས་གྲུབ་འབྱུང་བ་རྟེན་འབྲེལ་ཡིན་པས་ཡི་རང་མོད། འོན་ཀྱང་ངེད་རང་ནས་བསྟན་འགྲོའི་བྱ་བ་འཛིན་སྐྱོང་སྤེལ་བ་འདི་བྱས་ཟེར་བའི་ལག་རྟགས་སྟོན་རྒྱུ་འདི་ནི་འདིའོ་མེད་པར་སྤོབས་མཐོས་བཀོད་ན་ཕ་རོལ་རྣམས་ཀྱིས་འཕྱས་པའི་རྒྱུར་སོང་དོགས་ནའང་མཛེས་ལམ་མ་ཡིན་པར་ཅིས་ནས་ཀྱང་དགོས་ཚུལ་ནན་ཏན་བྱུང་བ་ལྟར་གཙོ་བོ་རྣམས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ཡན་རྣམ་དག་སྐུའི་སྐྱེ་བ་རིམ་བཞིན་པ་དང་ཐུགས་རྒྱུད་གཅིག་པ་མང་པོ་དུས་གཅིག་ལ་བྱོན་པ་རང་སོ་སྐྱེས་ངོས་བཟུང་དཀའ་ནའང་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་དང་བསྟུན་ཅིང་བཀོད་པ་རྣམས་ནི་མི་མང་ཚོར་ཡང་ཉིན་རེ་བཞིན་ཆོས་འཇིག་རྟེན་དང་མཐུན་མི་མཐུན་སྣ་ཚོགས་ཡོང་བ་དང་ཆ་འདྲར་ངེད་རང་ལའང་ལོ་ཟླ་ཞག་ཟ་མ་དུས་ཚོད་བྱས་ལུགས་ཡོང་བ་གཞིར་བཅས་པ་དེ་དང་མཐུན་པར་ཕྱིའི་རྣམ་ཐར་དུ་མིང་བཏགས་པ་ཤོག་དཔེར་ལག་གི་འདུ་བྱེད་སྐྱོང་བ་པོ་གཞིས་ཀ་ཤར་གུ་རུ་རྡོ་རྗེ་དང་འཕྲིན་ལས་རྣམ་རྒྱལ། སྒུར་རྩ་བ་ངག་དབང་འཕྲིན་ལས་དང་ངག་དབང་རྒྱ་མཚོ་སྟེ་བཞིས་ལག་བསྟར། དཔལ་གྲོང་སྔགས་རམས་པས་དཔེ་ཀློག་པའི་སྙིང་པོ་ངེད་ཀྱིས་བསྡུས་ཏེ་བཀོད་པ་བྱས། སྔ་ཕྱིའི་དོགས་སློང་དང་ཆད་ལྷག་ཞུས་དག་པ་འདར་རྣམ་གཉིས་དང་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་ནས་འདྲི་བའི་འགོ་བཙུགས། ཚེས་བཞིར་ཆུ་སྤེ་སྟེང་སྔགས་འཆང་ཐོན་གདོང་གི་སྟེར་བྱ་བརྡ་དོན་ལམ་ཟབ་དང་སེམས་ཉིད་ངལ་གསོར་བརྟེན་པའི་བླ་མའི་རྣལ་འབྱོར་བྱས།


GLG007_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ལྔར་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་བསྟན་འཛིན་རྒྱ་མཚོས་དངུལ་གྱི་མཎྜལ་དང་མདོང་མོ། གོས་དར་རྟ་བརྒྱད་སོགས་དངོས་པོ་བྱུང་ཞིང་བྱིན་རླབས་དང་། ཚེས་བརྒྱད་ལ་གནས་ཆུང་ཆོས་སྐྱོང་ཆེན་པོ་སྐུ་ཕེབས་ཞུས་ཤིང་ལུང་བསྟན་ཡིད་ཆེས་སྣ་ཚོགས་གསུང་། ཚེས་དགུར་བཀྲ་ཤིས་ལྷུན་པོ་ནས་ཟང་ཟིང་གི་བདོག་པ་རིང་པོར་བརྐྱང་སྟེ་འགྱེད་དང་བཅས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རྟེན་འབྱུང་གྲ་ཚང་ནས་བསྟར་རྗེས་ཐོད་རི་བཤད་སྒྲུབ་གླིང་བླ་གྲས་སྣམ་ཕྲུག་གཙོ་གྱུར་གྱི་བདོག་པ་བཏེགས་ནས་ཉི་བུའི་གཡུལ་ལས་རྒྱལ་བའི་བདེན་པ་བརྗོད་པ་དང་ལྷན་དུ་གདན་ས་གོང་གི་རིང་འཚོ་སྤེལ་མི་འགྲོན་གཉེར་ཡང་མཆིས། སྟག་ལུང་ཟུར་པ་ངག་དབང་རྣམ་རྒྱལ་ལེགས་གྲུབ། རྒྱལ་མཁན་པོ། མལ་དྲོ་འཆད་ཀ་བླ་མ། བདེ་ཆེན་ཞབས་དྲུང་མཆེད། སྒམ་པོ་ཕྱག་མཛོད། ལྡན་མ་ཟེམ་མཁར་དགོན་གྱི་ཁྲི་འབུལ་བ། ར་བ་སྨད་ཆོས་སྐྱོང་གི་སྐུ་རྟེན། དིང་རི་སྟོན་ཆེན་ཁྲོ་བོ་ཚེ་རིང་། དཔོན་མོ་ཚེ་རིང་། ཅོ་ནེ་ཆོས་རྗེ་དང་རྡོ་རྗེ། བསོད་ནམས་མགོན་པོ་རྣམས་ཀྱི་མི་སྣ་སོགས་བོད་སོག་ཉིས་བརྒྱ་སྐོར་ལ་མཇལ་ཕྲད། སྟག་ལུང་ཟུར་པས་རྟ་སོ་བརྒྱད་ཀྱིས་ཐོག་དྲངས་པའི་སྐྱེས་བྱུང་ཞིང་སྔར་བཞིན་བཀུར་བཟོས་ཕུལ། ཚེས་བཅུ་ཆེན་མོ་སྔར་རྒྱུན་བཞིན་བཟབས་མཆོད་སྟེང་གྲ་ཚང་རང་ནས་ཕོད་ཀ་གསར་བཟོས་བྱས་པ་རྣམས་ཀྱང་དཔུས་ཤིན་ཏུ་ལེགས་པ་བྱུང་སྣང་། བྲག་དཀར་ཆུ་བཟང་པས་ཚེ་བདག་གི་ཞལ་ཐང་ཡེ་ཤེས་སེམས་དཔའ་དངོས་དང་དབྱེར་མེད་པ་བརྒྱུད་


GLG007_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བླ་མ་མང་པོའི་ཐུགས་དམ་རྟེན་བྱིན་པའི་ལན་དུ་ཇི་སྲིད་བསྟན་པ་ནམ་གནས་བར་ལྷ་རྩེ་དང་ངམ་རིང་སོ་སོ་ནས་གཙང་བྲེ་ཚད་ཀྱི་ཁལ་ཕྱེད་ཉིས་བརྒྱ་རེའི་གཤོར་འདེབས་དང་བླ་མ་ལའང་སྟེར་བྱ་བཟབས། ཤག་ལྷོ་པའི་བུ་རྒན་འབྲིང་གཉིས་དང་ཕྲད་ཅིང་གནས་གསར་དབོན་རིན་པོ་ཆེ་ལྷོ་མོས་ནས་བྱོན་པ་དང་ཆོས་དང་འབྲེལ་བའི་གསུང་འཕྲོས་སྨར་བ་བྱུང་། ཚེས་བཅུ་གཅིག་ལ་སྟག་ལུང་ཟུར་པ། བཀྲས་ལྷུན་ཕྱག་མཛོད། དཔོན་ཚང་ཚ་རོང་པ་བཅས་སུམ་ཅུ་སྐོར་ལ་གུར་ནས་བཤད་པའི་ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་ཕུལ། ཤག་ལྷོ་པ་ནང་སོ་དཀོན་མཆོག་དར་རྒྱས་ཆོས་མཛད་མ་དང་བཅས་པ། དིང་རི་སྟོན་ཆེན་ལ་སྟེར་བྱ་དང་ཇ་གྲལ་བྱས་ཏེ་ཐོན། ཚེས་བཅུ་བཞིར་གནས་ཆུང་དུ་སྔར་ཕན་ལོ་གསར་གྱི་སྲོལ་མི་འདུག་ཀྱང་སྡེ་པས་ལོ་གསར་གྱི་མཆོད་པ་ཞིག་ཚུགས་ན་ཟེར་བ་དགའ་ལྡན་ཕོ་བྲང་པའི་དགྲ་ལྷ་གཞན་དང་མ་འདྲ་གཤིས་ལེགས་ཚུལ་མོལ་བ་ལྟར་ལོ་གསར་དུས་མཆོད་འབུལ་བར་སྡེ་པ། བླ་ཆེན། སྡེ་དཔོན། རྫོང་གཞིས། ཆོས་སྡེ་ཁག་གི་ལོ་གསར་འབུལ་བ་སོགས་བརྡ་སྔོན་སོང་བཞིན་སྐུ་ཕེབས་ཏེ་རིམ་པར་ཕུལ་བ་བག་དྲོ་བྱུང་འདུག །སྡེ་པ་བློ་བཟང་སྦྱིན་པས་ཟན་གཡང་། ཁྲ་འབྲུག །ཡུམ་བུ་རྣམས་སུ་འབུལ་བའི་སྙན་ཤལ། དཔལ་ལྡན་རེ་མ་ཏཱིར་མདོས་བསྐང་དུས་འབུལ་བའི་སྙན་དར། རྩེ་ཚོགས་ངག་དབང་གྲགས་པས་གྲ་སྐོར་བྱས་དུས་


GLG007_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་ཉེར་གསུམ་གྱི་དངུལ་ཀོང་དང་ཚོགས་པར་དུང་གོས་འབུལ་རྒྱུ། འ་ཞ་མཁྱེན་རབ་རྣམ་རྒྱལ་གྱིས་བཀྲ་ཤིས་ཆོས་སྡེའི་ལྷ་ཁང་ཚོར་སྙན་དར། ལྷ་སའི་ཚེས་བཅུ་ཤར་མ་བ་རྣམས་ཀྱིས་ལྷ་སར་འཕན་འབུལ་རྒྱུ་རྣམས་ཀྱི་ཁ་བྱང་། ཨ་ཆི་ཐུ་ཆོས་རྗེའི་གྲ་རིགས། ཨ་གླིང་སྔགས་རམས་པ་དངོས་གྲུབ་རྒྱ་མཚོས་རྒྱལ་བྱེད་ཚལ་དུ་སྨན་བླ་འཛུགས་པ་དང་ལྷན་ཅིག །མཆིམས་ཕུའི་གནས་བདག་ལྷ་མོ་རིགས་འཛིན་མ། བན་མཁར་བླ་མ་རྣམས་ཀྱིས་བསྐུལ་བའི་རིང་འཚོ་དང་སྨོན་ལམ། གྲ་རིགས་རྣམས་ཀྱིས་ཨ་ཆི་ཐུ་ཆོས་རྗེ་དང་སྐུ་སྐྱེ་ངག་དབང་འཇམ་དབྱངས་ཀྱིས་ཁྱབ་བདག་ཁྲ་ཚང་པ་ཆེན་པོའི་སྐུ་སྐྱེ་མྱུར་འབྱོན། རྩེ་གདོང་ཞབས་དྲུང་རིན་པོ་ཆེའི་དགོངས་བཞེད་ལྟར་ཆོས་ལོངས་སྤྲུལ་གསུམ། ཐོད་ཕྲེང་རིགས་ལྔ། གུ་རུ་མཚན་བརྒྱད་དང་སྦྱར་བ། དབུ་མཛད་མཆོད་དཔོན་གྱིས་བསྐུལ་བའི་གནས་ཆུང་ལྕོག་ཏུ་འདོན་རྒྱུའི་ཇ་མཆོད། བཀྲ་ཤིས་ལྷུན་པོ་ཕྱག་མཛོད་པའི་ངོར་ཤེར་ཕྱིན་ལྷ་ཁང་གི་དེབ་ཀྱི་འགོ་བརྗོད། མདོས་བསྐང་དུས་འཕྲིན་བཅོལ་དགོས་པའི་མཚན་མ་ཤར་བ་ལྟར་ཚིགས་བཅད། ལྷ་མོ་རིགས་འཛིན་མའི་གསོལ་མཆོད་འཕྲིན་བཅོལ། སྡེ་པ་སངས་རྒྱས་རྒྱ་མཚོ་སྤྲེལ་ལོ་སྤྲེལ་ཟླ་འདི་ནས་བཟུང་ཚེས་བཅུ་ཇི་སྲིད་བར་ཆག་མེད་གཏོང་རྒྱུར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་དངོས་གྲུབ་ཡོངས་འདུའི་གཏེར་མཛོད། དར་མོ་སྨན་རམས་པས་བསྐུལ་བའི་ཕུན་གླིང་དུ་གཡུ་ཐོག་རྣམ་ཐར་ལེ་ཚན་བརྐོ་རྒྱུའི་པར་བྱང་རྣམས་བརྩམས།


GLG007_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་བདུན་ལ་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ནས་སྲིད་གསུམ་བདག་མོ་མཉེས་པར་བྱེད་པའི་མདོས་མཆོད་འབུམ་ཐེར་བཙུགས། ཚེས་བཅོ་བརྒྱད་ལ་མཚོ་ཁས་མཚོན་བོད་ཁམས་བདེ་ཐབས་སུ་བྱམས་སྐུ་བཞེངས་པར་རིང་བསྲེལ་རྣམ་པ་བཞི་སོགས་ཆས་བྱེད་ལུགས་ཀྱི་བསླབ་བྱ་དང་བཅས་འབུལ་བར་ཧན་རབ་འབྱམས་པ་རྒྱ་མཚོ་རྣམ་རྒྱལ་མངགས། སྟག་ལུང་ཁྲི་ཟུར་ངག་དབང་བཀྲ་ཤིས་ཆོས་རྒྱལ། རྒྱལ་བ་ཆོས་རྗེ་རྗེ་དྲུང་། ཁྱུང་ཚང་བླ་མ་སོགས་བསྙེན་རྫོགས་བཅུ་གཉིས། དགེ་ཚུལ་གཉིས་རྣམས་བསྒྲུབས། ཐོད་རི་བཤད་སྒྲུབ་གླིང་པ་བཀྲ་ཤིས་རྒྱ་མཚོ། བློ་གྲོས་བརྟན་པ། ཐུབ་བསྟན་བཟང་པོ་གསུམ་གྱིས་ཕར་ཕྱིན་འགྲེལ་བ་བློ་བཟང་དགོངས་རྒྱན། བསྟན་པ་འབྱུང་གནས་ཀྱིས་དབུ་འགྲེལ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་རྣམས་ཀྱི་རྒྱུགས་སྤྲད། ཉེར་གཉིས་ལ་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་ལ་དངུལ་གྱི་མདོང་མོ། དཀར་དཔྱད། ར་མ་ལུག་གི་སྒ། གོས་དར་སོགས་ཚུར་བྱུང་དང་བསྟུན་བཟབས་ཅིང་བཀའ་བསྒོ། ད་སྡེབས་སུ་བསམ་ཡས་དཀར་པོ་བ། དུམ་བུ་ཆོས་འཁོར་དང་སྐམ་དགོན་བླ་མ། རྟུལ་མི་ཁྲ་འབྲུག་ཆོས་སྐྱོང་སྐུ་རྟེན། མདོང་མཁར་ཆོས་སྡེའི་རིང་འཚོ་སྤེལ་མི། རི་བོ་ཆེའི་ཁྲི་འབུལ་བ། མཁའ་འགྲོ་དགེ་ཚུལ་མ། གསར་འབྱོར་ཁལ་ཁ་ཆེ་ཆེན་ཧུང་ཐའི་ཇིའི་མི་སྣ་སོགས་ཉིས་བརྒྱ་སྐོར་དང་ཕྲད། རི་བོ་ཆེ་བས་རྟ་ཉེར་བཞི་བྱུང་ཞིང་དར་མོ་བ་གཞོན་ནུ་ཚངས་དབང་གིས་རྒྱུད་བཞི་བྱང་བའི་རྒྱུགས་སྤྲད། ཉེར་གསུམ་ལ་དཔལ་རི་བས་མཆིམས་ཕུར་དགོངས་འདུས་ཀྱི་བློས་བསླངས་


GLG007_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པར་ལེགས་སོར་འབྲུ་ཁལ་བརྒྱ་བྱིན། ཉེར་ལྔ་ལ་གནས་གསར་ཆོས་རྗེ་དབོན་ཡབ་སྲས་ལྷན་ཅིག་ལྷོ་ཁ་བརྒྱུད་གཙང་དུ་དུས་འཁོར་གྱི་དབང་ཞུར་འབྱོན་པའི་ཐེགས་རྫོངས་བེར། ཕྱིང་དམར། བསེ་ཐེབ། གོས་དར་ཇ་རས་སོགས་རྒྱས་པར་དབུལ་ཞིང་བཀའ་བསྒོ་ཕུལ། ཡ་ག་ཆོས་སྡིངས་པ་བསམ་གྲུབ་རྒྱལ་མཚན་དང་། ལྡོག་ཆོས་འཁོར་བ་སངས་རྒྱས་ཆོས་འཕེལ་གཉིས་ཀྱིས་བྱམས་ཆོས་སྡེ་ལྔའི་རྒྱུགས་སྤྲད། ཉེར་དྲུག་ནས་ཞག་བདུན་གྱི་བར་བདུད་རྩི་སྨན་ཆབ་བསྟེན། ཧོར་ཟླ་ལྔ་པའི་ཚེས་གསུམ་ལ་རི་བོ་བདེ་ཆེན་གྱི་གྲ་པ་དངོས་གྲུབ་རྒྱ་མཚོས་རྒྱུད་བཞི་དང་། ཐོད་རི་བཤད་སྒྲུབ་གླིང་པ་བློ་བཟང་མཁས་བཙུན་གྱི་དབུ་འགྲེལ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཀྱི་རྒྱུགས་སྤྲད། བླ་མཁྱེན་ངག་དབང་རང་གནས་སུ་རྫོང་བདའ་བགྱིས། ཚེས་དྲུག་ལ་ལྷ་ལྡན་རུ་བཞི་སྤྱིས་དངོས་པོ་མཎྜལ་གྱི་ཚུལ་དུ་བཏེག་ནས་མི་འགྱུར་བའི་སྨོན་ལམ་བཏབ། སྐྱོར་ལུང་མཁན་པོ། འཆད་ཀ་ཞབས་དྲུང་། རྒྱུད་སྨད། ཐང་པོ་ཆེ། དཔལ་རི་གསུམ་གྱི་བླ་གསར། ཤངས་དགའ་ལྡན་ཆོས་འཁོར། ཨེ་ཝཾ། ཁམས་སྙིང་ཐང་དགོན་གསུམ་གྱི་བླ་མ། ཞང་སྟོན་རི་ཁྲོད་པ་ཁུ་ཚན། ཁམས་པ་རྫོགས་ཆེན་པ་སོགས་སྐྱ་སེར་ཉིས་བརྒྱ་སྐོར་ལ་ཇ་གྲལ་དང་ཞང་སྟོན་ཁུ་ཚན་གསུམ་ལ་ཚེ་དབང་འཆི་མེད་དཔལ་སྟེར་བསྐུར། ཚེས་བདུན་ལ་ཨེར་ཁེ་རིའི་དཔོན་པོ་དང་དབོན་ཆུང་བསོད་ནམས་ཧུང་ཐའི་ཇི་སོགས་བཞི་བཅུ་སྐོར་ལ་སྨྱུང་གནས་ཀྱི་སྡོམ་པ་ཕབ་ནས་བརྐྱང་ཁུག་གཏོང་བཅུག །འབྲོག་རི་བོ་དགའ་ལྡན་ནས་ཁྲི་རིན་པོ་ཆེ། ཆོས་རྗེ་རྣམ་གཉིས། སློབ་དཔོན་གསུམ། ཁྲི་ཟུར་དབོན་གྲ་པ་བཞི་བརྒྱ་


GLG007_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་གྱིས་བདོག་པའི་སྐྱེས་དང་བཅས་འཆི་བདག་དཔུང་ལས་རྒྱལ་བའི་བདེན་ཚིག་གསུངས་ཤིང་ཁྲི་རིན་པོ་ཆེས་ལུང་རིགས་ཀྱི་ལམ་ནས་དྲངས་ཏེ་མི་འགྱུར་བརྟན་པའི་ཁས་ལེན་གྱིས་ཞེས་སྙན་འཇེབས་འབྲེལ་ཆགས་ཕེབས་པར་ཁྲི་རིན་པོ་ཆེས་དབུས་དགེ་འདུན་རྣམས་ཐུགས་བསྟུན་རིང་འཚོའི་སྨོན་པ་མི་ཕྱེད་པའི་གསོལ་འདེབས་མཆོག་གསུམ་ལ་མཛད་པས་མི་འགྲུབ་པ་གར་སྲིད། རང་ཉིད་ཀྱང་སྡོད་འདུན་བྱེད་པའི་ལན་ཕུལ། གསང་སྔགས་མཁར་དཔོན་སློབ་བརྒྱ་སྐོར་གྱིས་ཀྱང་ཚན་གྲངས་སྔོན་བརྐྱང་གིས་རྟེན་འབྱུང་ཚིགས་བཅད་གསུངས། བསོད་ནམས་དབང་རྒྱལ་གྱི་མ། ཨེར་ཁེ་ཇི་ནོང་གི་མི་སྣ། མཁའ་འགྲོ་དགེ་ཚུལ་མ་དང་ཕྲད། ཚེས་བརྒྱད་ལ་འཆད་ཀ་ཞབས་དྲུང་། དཔལ་རི་དང་ཐང་པོ་ཆེའི་བླ་གསར། བཀྲ་ཤིས་བདེ་ཆེན་བླ་མ་སོགས་བསྙེན་རྫོགས་ཉེར་ལྔ། དགེ་ཚུལ་གསུམ་རྣམས་བསྒྲུབས། སྒར་གྲ་ཚང་གི་བླ་མ། ཨ་ཆི་མགོན་པོ་དང་དུར་བོད་ཀྱི་མི་སྣ་སོགས་ལ་བྱིན་རླབས་དང་། བལ་པོ་པི་ལ་ཛུ་འདས་པའི་བསྔོ་རྟེན་སྨན་བླའི་ལྷ་ཚོགས་ཧ་ལམ་ལུགས་སུ་བླུག་པ་སོགས་ཀྱི་རྟེན་རྒྱས་པ། ཁྱད་པར་འདི་པ་ཐ་མལ་བ་མིན་པའི་བག་ཆགས་བཟང་པོ་སད་པའི་བྱས་རྗེས་ཆེ་བར་རྒྱལ་རྩེ་སྐུ་འབུམ་ཆེན་མོའི་ཆོས་འཁོར་གདུགས་བརྗེས་པའི་ཟངས་གསེར་བཟོ་བོའི་གླ་ཡོན་ལྟོ་སོགས་བསྡོམས་གསེར་མགུར་ཞོ་གོ་དགུ་ལྷག་པ། དངུལ་སྲང་བརྒྱ་ཉི་ཤུ་སོང་བའི་དགེ་བ་བསྔོ་དགོས་ཚུལ་ཁྲ་བཅས་འབྱོར་དོན་བཞིན་ཡང་སྲིད་ཐམས་ཅད་དུ་མཐོ་རིས་ཡོན་ཏན་བདུན་ཐོབ་པའི་རྗེས་དོན་གཉིས་ལྷུན་གྲུབ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བསྔོ་སྨོན་དཀོན་ཅོག་གསུམ་དཔང་


GLG007_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བྱས་ཏེ་ནན་ཏན་བཏབ་པ་ལྟར་འབྱུང་བའང་། དགེ་བའི་རྩ་བ་ཡོངས་འཛིན་མདོར། སངས་རྒྱས་མཆོད་རྟེན་མཐོང་ནས་སུ། །ཞིག་པ་ཕྱིར་ནི་བཅོས་པར་འགྱུར། །དེ་ཕྱིར་སྟོབས་ནི་ཆེ་བ་དང་། །ལུས་ཆེ་བ་དང་མི་འཇིགས་འགྱུར། །གང་དུ་དད་པ་སྐྱེ་བར་འགྱུར། ། ཞེས་དང་། སངས་རྒྱས་ཕལ་པོ་ཆེར། རབ་དང་སེམས་ཀྱིས་སངས་རྒྱས་མཆོད་རྟེན་ལ། །གདུགས་དང་རྒྱལ་མཚན་འཕེན་ནི་འདོགས་བྱེད་ན། །གསེར་གྱི་རི་བོ་ལྷུན་པོ་དང་མཉམ་པ། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་ཕན་ཡོན་འབྱུང་བར་ཡི་རང་སྟེ་དགེ་འཐུད་འབྲུ་ཁལ་བརྒྱ་སོགས་རྒྱ་ཆེར་བྱིན། རྒྱ་ནག་མི་སྣ་གཞོན་པ་ཨེམ་ཆི་ཐབས་མཁས་འབྱོར། ཚེས་བཅུར་ཚོམས་ཆེན་དུ་ཨྱོན་ཆེན་པོའི་གཏེར་སྐུ་བྱིན་ཅན་དུ་མ། གཞན་ཡང་རྩ་བ་གསུམ་གྱི་བྲིས་འབུར་སྤྱན་སྔར་ཕྱི་ནང་གསང་བའི་མཆོད་སྤྲིན་བླ་ན་མེད་པ་དང་ཡོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་འཕྲིན་ལས་རིན་ཅེན་ཕྲེང་བ་གྲ་ཚང་དུ་གསར་དུ་བཙུགས་པར་ངེད་རང་ཕྱིན་པའི་སྤྲུལ་སྐུ་རིགས་འཛིན་ཆེན་པོའང་ཚོགས་སུ་བྱོན། དབྱངས་རོལ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བས་ཆོ་ག་གདུང་བའི་མོས་པ་དང་སྤྱིར་སངས་རྒྱས་བསྟན་པ། ཁྱད་པར་ཁ་བ་རི་པའི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས། དེའི་རྣམ་སྤྲུལ་ཨྱོན་རྡོ་རྗེ་འཆང་ལ་རག་ལུས་པའི་ཕྱིར་འཇིག་རྟེན་ཁམས་སུ་ནད་ཡམས་མུ་གེ་མཐའ་དམག་སད་སེར་སོགས་མི་དགེ་བའི་རྟགས་མཚན་ཞི་ཞིང་ལུང་རྟོགས་བསྟན་པའི་རྩ་བ་ཞྭ་སེར་འཆང་བའི་རིང་ལུགས་རྒྱས་པར་བལྟོས་པ་མི་ཉམས་ཤིང་གོང་འཕེལ་གྱི་གསོལ་འདེབས་རེམས་ནས་བྱས་སྐབས་མདོས་བསྐང་


GLG007_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཐེར་གཏོང་བ་དང་འགྲིག་པ་མདོས་ཆོག་གྱེར་ཞིང་འདོད་དོན་གཞན་མེད་ཀྱང་སྔ་མ་ལྟར་བཅོལ་བ་འགྲུབ་བམ་སྙམ། སྡེ་པས་ལེགས་བྱར་དར་ཚོན་སྣ་ལྔའི་སྙན་ཤལ། གོ་ཁྲབ་ཆ་ཚང་སོགས་སྦྱན་གཟིགས་རྒྱས་པ། ཚོགས་པར་ཁ་བཏགས་ཆེ་བ་རེ་དང་གསེར་ཞོ་རེའི་འགྱེད་བཅས་བསྒྲུབས་པ། རིགས་འཛིན་རྒོད་ཀྱི་ལྡེམ་ཕྲུས་ཟངས་མཛོད་ནས་བཞེས་པའི་རྒྱལ་པོའི་མངའ་བསྐྱེད་ནོར་བུའི་བང་མཛོད་ལས། བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ ཡར་ངོ་ཚེས་བཅུ་ནམ་ཤར་ཚེ༔ ཨྱོན་པད་མའི་སྤྲུལ་པ་འབྱུང་ཿ དེ་དུས་ང་ལ་མོས་པ་ཡིསཿ རབ་ཀྱིས་བསྐྱེད་རྫོགས་གནས་ལུགས་ལྟོསཿ ཕྱི་ནང་གསང་བའི་སྒྲུབ་པ་ཚུགསཿ སེམས་སྐྱེད་བསམ་པ་བཟང་པོ་ཡིསཿ འགྲོ་དྲུག་ཐུགས་རྗེས་འདྲེན་པ་ཡིཿ ལས་དང་སྨོན་ལམ་རྒྱ་ཆེར་ཐོབ༔ འབྲིང་གིས་ལུས་ངག་ཡིད་གསུམ་གྱིས༔ སྒྲིབ་སྦྱོང་ལས་ལ་བརྩོན་པར་གྱིས༔ ཞེས་དང་། རཏྣའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བསྐུལ་བྱང་ལས། བྱུང་ཅོག་ཟླ་བའི་ཚེས་བཅུ་ལ༔ ང་ཉིད་འབྱོན་པའི་དབུ་སྙུང་བཞེས༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཤིག་རྗེས་འཇུག་རྣམས༔ ལས་སུ་རུང་བའི་བློ་ཡོད་ན༔ འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཞིང་གསོལ་བ་འདེབས་པའི་བུ༔ འཁོར་བར་ལྷུངས་ན་ང་ཤེས་ཀྱིས༔ བློ་སྙིང་བྲང་གསུམ་ང་ལ་གཏོད༔ ཅེས་ཟླ་རེ་ཚེས་བཅུའི་མཆོད་པ་བཟུང་བར་ཕན་ཡོན་དེ་བཞིན་དང་ལྷག་པར་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་བདེ་ཅན་མགོན་པོ་སྣང་མཐའི་ཐུགས་རྗེ་ཧཱུཾ་དམར་དུ་ཤར་བ་དྷ་ན་ཀོ་ཤའི་མཚོར་


GLG007_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པད་སྡོང་ཟེའུ་འབྲུར་ལོ་བརྒྱད་ན་ཚོད་ཅན་དུ་བྱོན་པར་སྟེང་ལྷ། འོག་ཀླུ། བར་སྡེ་བརྒྱད་ཀྱིས་སྲི་ཞུ། ལྷ་མོ་བསྟན་མས་མཚོ་སྐྱེས་རྡོ་རྗེར་གསོལ། རྩ་གསུམ་ལྷ་ཚོགས་མཐའ་དག་གིས་སྟོན་པའི་རྒྱལ་ཚབ་ཏུ་མངའ་གསོལ་བས་སྐྱེས་ཆེན་སུ་མཆོད་པ་ལས་ཀྱང་ཕན་ཡོན་ཆེས་ལྷག་པ་ཐོབ་བོ། །ཡར་ལམ་སེ་ཆེན་ཐའི་ཇི་དུས་ཀྱི་ཆོས་ཉིད་དུ་འགྱུར་པའི་རྟེན་འབྱོར་བར་འཁོར་བ་དང་ངན་སོང་གི་འཇིགས་པ་གྲོལ་ཞིང་བྱང་གྲོལ་ཐོབ་པའི་རྒྱུར་བསྔོ་སྨོན་གྱིས་རྒྱས་བཏབ། གུར་དྲག་གི་སྐུ་རྣམས་ཚོན་རྩི་མ་གཏོགས་གྲུབ་པར་སྤྲུལ་སྐུ་རིགས་འཛིན་ཆེན་པོས་རབ་གནས་བསྟར། རྩེ་ལེ་བླ་མ་དང་། ཟིང་པོ་བཀྲ་ཤིས་དར་རྒྱས་སོགས་དང་ཕྲད། ཚེས་བཅུ་དྲུག་ནས་ཉིན་གསུམ་གྱི་བར་རིགས་འཛིན་གཏེར་བདག་གླིང་པར་རྡོ་རྗེ་གླིང་པའི་བླ་མ་ཡི་དམ་མཁའ་འགྲོ་ནོར་ལྷ་སོགས་ཀྱི་དབང་བྱིན་རླབས་རྗེས་གནང་རིག་གཏད་སོགས་ཞུས་ཤིང་ཟུར་ཆེན་གྱི་སྤྲུལ་སྐུ། དགེ་སློང་འཇམ་དབྱངས་གྲགས་པ་སོགས་ཀྱང་ཡོད། དེ་བཞིན་ཚེས་བཅུ་དགུར་མཁའ་འགྲོ་སྙིང་ཏིག་གི་དབང་དང་། གཏད་རྒྱ་གསང་མཚན་མ་གཉིས་མངའ་རིས་རིགས་འཛིན་ཆེན་པོ་བརྒྱུད་པ་ཞུས། འབྲི་གུང་སྤྲུལ་པའི་སྐུས་རྡོ་རྗེ་གྲོ་ལོད་དང་གཏེར་གསར་པདྨ་དྲག་པོ་གཉིས། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་འབྲལ་སྤང་དམ་ཚིག་བྲིས་ཐང་དུ་གྲགས་པའི་ཨྱོན་རྣམ་ཐར་ཞལ་བཤུས་ཟུར་རིགས་འཕྲིན་ལས་རྣམ་རྒྱལ་གྱིས་བྲིས་པ། རྣམ་གླིང་ཆོས་མཛད་ངག་དབང་བློ་གསལ་གྱི་དོན་དུ་རྣམ་པཎ་དཀོན་ཅོག་ཆོས་གྲགས་ཀྱིས་གྲ་ཚང་དུ་ཞི་ཁྲོའི་སྐོང་བཤགས་ཐོག་ཁ་ཐིའི་བླ་བྲེ་འབུལ་རྒྱུ་དང་། རིན་


GLG007_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་དང་རཏྣ་ཌཱ་ཀཱིའི་བརྒྱ་ཐང་བྱང་རྩེ་ཆོས་རྗེ་ངག་དབང་བློ་གྲོས་རྒྱ་མཚོས་རྒྱུད་སྨད་གྲ་ཚང་ལྷ་ས་སོགས་སུ་བཞུགས་གནས་མེད་པར་བརྟེན་དྲི་གཙང་ཁང་མ་ལག་དང་བཅས་པ། རི་བོ་དགའ་ལྡན་དུ་གསར་རྔ་ཆ་ལག་ཉེར་དྲུག །སྦུག་ཆོལ་གྱི་ཤུབས་བརྒྱད། དགུན་ཆོས་ཀྱི་འཚོ་བའི་ཐེབས་སུ་ཞིང་བཅུ་བདུན། ཞོགས་གུར་སྨོན་དུ་ཡུམ་ཆེན་མོའི་བརྒྱ་ཐང་གསུམ་སོགས་བཞེངས་ཏེ་སྦྱར་བས་མཚོན་བླ་ཐོག་གཞན་ལས་ཆོས་འཇིག་རྟེན་གཉིས་ཀ་ནས་བཞག་ཆེ་བར་མངོན་ཞིང་དེ་རྣམས་ཀྱི་རྒྱབ་ཡིག་སྨོན་ལམ། སྨོན་གླིང་པ་དགེ་སློང་ངག་དབང་ཚུལ་ཁྲིམས་ཀྱི་ངོར་སྨོན་ལམ། ཧོར་སོག་གི་རྒྱལ་རིགས་དཔོན་ཁག་ཚོར་བདག་རྐྱེན་བྱེད་པའི་དེབ་ཀྱི་འགོ་བརྗོད། རྣམ་གླིང་པ་ངག་དབང་བློ་གསལ་གྱི་དོན་དུ་ཇོ་བོ་རིན་པོ་ཆེར་སྣམ་སྦྱར་དང་། བཅུ་གཅིག་ཞལ་དང་འཕགས་པ་ལོ་ཀེ་ཤྭ་རར་སྙན་ཤལ། གྲ་ཚང་ནས་དཔལ་ལྡན་ལྷ་མོར་སྙན་ཤལ་སྣ་ལྔ་རྣམས་ཀྱི་ཁ་བྱང་། གནས་ཆུང་ཆོས་སྐྱོང་ཆེན་པོས་བསྐུལ་མ་མཛད་པའི་ཚོགས་ཆེན་དང་གྲ་ཚང་དུ་འཛུགས་པའི་རིང་འཚོ། སྐུ་ཕེབས་མྱུར་དུས་ཀྱི་སྤྱན་འདྲེན་དང་བཅས་པ་བཀོད། ཚེས་ཉི་ཤུར་ཆོས་འཁོར་ཡང་རྩེ་བ་གྲགས་པ་བཀྲ་ཤིས་ཀྱིས་ཕར་ཕྱིན་འགྲེལ་པ་བློ་བཟང་དགོངས་རྒྱན་གྱི་རྒྱུགས་སྤྲད། ཉེར་གཉིས་ལ་གཏེར་སྟོན་རིགས་འཛིན་ཆེན་པོས་རྩེ་ཤོད་གཉིས་ལ་ཁྱབ་འཇུག་གི་དུག་དབྱུང་བཏགས་གྲོལ་གྱི་དབང་། བྱད་འགྲོལ་རྣམས་མཛད། ཉེར་གསུམ་འཆད་ཀ་ཞབས་དྲུང་། ངོར་ཀླུ་སྡིངས་པ། ཐོད་རི་བཤད་སྒྲུབ་གླིང་པའི་བླ་ཟུར། བཀྲ་ཤིས་བདེ་ཆེན་དང་རྩ་སྒྲུབ་སྡེའི་


GLG007_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ། ཨོ་ཐོ་ཁོན་གྱི་མི་སྣ་རིན་ཅེན་དགེ་སློང་། ཅོ་ནེ་ཆོས་རྗེའི་མི་སྣ་མགོན་པོ་རྒྱལ་མཚན། ཁ་དན་བཱ་ཐུར་གྱི་མི་སྣ་དབོན་པོ། དགའ་ལྡན་ཇི་ནོང་གི་མི་སྣ་ཨུ་ཆིང་ཁཱ། ལྷ་དབང་དཔལ་འབར་གྱི་མི་སྣ་མེར་གན་ཁཱ། ཨེར་ཏེ་ནི་ཐའི་ཇིའི་མི་སྣ། དཔོན་ཁོ་ཤོར་ཐུ་ཐའི་ཇིའི་བུ་སོགས་ལ་ཇ་གྲལ་བྱས། ཉེར་ལྔའི་པ་སངས་ནམ་གྲུའི་འགྲུབ་སྦྱོར་ཐོག་སྤྲུལ་སྐུ་རིགས་འཛིན་ཆེན་པོར་རྩེ་ཤོད་ཐུན་མོང་གིས་རཏྣའི་གུར་དྲག །གདོན་འགྲོལ། གཏེར་གསར་ཚེ་དབང་རྣམས་ཞུས། ཆོས་ཡོན་དུ་གསེར་སྲང་གསུམ། དངུལ་སྲང་བདུན་ཅུ་ཡོད་པའི་མདོང་མོ། སྦུག་སིལ། ཁྱད་གོས་སོགས་དགུ་ཚན་དགུའི་བདོག་པ་དང་། རང་གནས་སུ་གཤེགས་གདོང་འཇའ་ཤེལ་སྤུས་ལེགས། ཕྱག་ཕྲེང་ལེགས་པ། རྟགས་བརྒྱད་ཁ་བཏགས་རྣམས་ཕུལ། གནམ་གང་ལ་སྒར་གྲ་ཚང་བླ་མ། ཚོགས་གསོག་རབ་འབྱམས་པ། ཧུང་ཐའི་ཇིའི་མི་སྣ་སོགས་ལ་བྱིན་རླབས། གོང་མ་རྒྱལ་པོ་ཀུན་མ་འུ་སན་གུའི་གཡུལ་ལས་རྒྱལ་བར་སྙན་ཚིག་གི་ལམ་ནས་དྲངས་པའི་ཞུ་ཤོག་རྟེན་ལེགས་སྐྱེས་སྤམས་མཐོ་བ་དང་བཅས་བསམ་བློ་རབ་འབྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་དང་། བློ་བཟང་ཚེ་རིང་གཉིས་རྫོང་བདའ་དང་། སྒར་གྲ་ཚང་གི་མིང་དགའ་ལྡན་གསང་སྔགས་བདེ་ཆེན་དུ་བཏགས། བསྟན་སྲིད་སྤྱི་རིམ་ལ་ཟབ་ཕུ་ལུང་དུ་གནས་འཛིན་པ་སྒྲུབ་པ་ཕོ་མོ་སུམ་ཅུ་སྐོར་གྱིས་ཚེས་བརྒྱད་ནས་ཉེར་དྲུག་གི་བར་བཛྲ་གུ་རུ་འགྲོ་གང་ཆེ། སྒྲོལ་ཕུག་པ་གྲ་སློབ་བཅོ་ལྔས་ཚེས་བཅུ་ནས་ཉིན་ལྔའི་བར་བླ་མའི་ལས་བྱང་དང་འབྲེལ་བའི་ཚོགས་བརྒྱ།


GLG007_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་སྦྱིན་སྲེག་ཉིན་གཅིག །དྲེགས་པའི་སྡེ་དཔོན་སོགས་ཆོས་སྲུང་གཏེར་སྐྱོང་སྤྱི་དང་། ཟབ་ཕུའི་ལྷ་ཀླུ་སོགས་གཞི་བདག་ལ་གསོལ་མཆོད། ཁྲུས་གསོལ། བསངས་དང་བརྒྱགས་རྔན་བོན་པོ་ཚོ་བསྡུས་བཅོ་ལྔས་ཞག་བརྒྱད་ཀྱི་རིང་ཐང་ལྷས་གཙོས་པའི་རྗེའི་མགུར་ལྷ་བཅུ་གསུམ་དང་འབངས་ཀྱི་སྲོག་ལྷ། སྲིད་པ་ཆགས་པའི་ལྷ་དགུ། བསྟན་མ་བཅུ་གཉིས་སོགས་ལ་གསོལ་མཆོད། རི་འགོར་དར་ལྕོག་བརྒྱ་ཚར། རི་འགོ་དགུར་བསངས། ཡར་ལྷ་ཤམྦྷུའི་གངས་འདབས་སུའང་བོན་པོ་ཚོ་བསྡུས་ཀྱིས་ཤམ་བྷུས་གཙོས་པར་གོང་མཚུངས། གནས་འཛིན་གྲ་བཙུན་བརྒྱ་དང་བཅུ་སྐོར་གྱིས་ཉིན་ལྔའི་བར་བཛྲ་གུ་རུ་འགྲོ་གང་ཆེ། འདི་ལོ་ནས་བཟུང་གངས་སྐོར་ལ་བཀག་ཆ་མི་བྱེད་པའི་བསྡམ་ར་འོལ་དགའ་དཀོན་གཉེར་བར་འདི་ལོ་ནས་བཟུང་ལོ་སྟར་ཚེས་བཅུ་ཆེན་མོའི་མཆོད་ཐེབས་འབྲུ་ཁལ་ང་དྲུག་ལྷག་བཅས། ངེད་རང་གི་སྡིག་སྒྲིབ་སྦྱོང་ཐབས་ལ། བཀྲ་བཟང་། གྲོམ་པ་རྒྱང་། བསམ་ཡས་སོགས་གནས་གྲགས་ཅན་བཅུ་བདུན་དུ་རྙིང་དགོན་འབྲེལ་མཚུངས་གྲངས་བཅད་ཀྱིས་ཚོགས་བརྒྱ། ཁག་གཉིས་སུ་གྲ་པ་སུམ་བརྒྱ་སྐོར་གྱིས་ཡིག་དྲུག་དུང་ཕྱུར་བཞི། བྱེ་བ་བཞི། ཁག་ལྔར་དགོན་འབྲེལ་མཚུངས་གྲངས་བཅད་ཀྱིས་ཟླ་བ་གཉིས་རེར་བཛྲ་གུ་རུ་དུང་ཕྱུར་གསུམ། བྱེ་བ་གསུམ། ས་ཡ་དྲུག །ལྔ་འབུམ་ཉི་ཁྲི་ལྔ་སྟོང་སུམ་བརྒྱ། ཆོས་སྐྱོང་ཆེན་པོའི་ལུང་བསྟན་གྱི་ལོ་རིམ་དུ་དབུས་གཙང་གི་རྫོང་གཞིས་ཚང་མ་དང་། དེ་འོག་བླ་ཆེན་དཔོན་ཆེན་སོགས་


GLG007_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདི་ལོའི་བཙས་མ་མ་ཆོད་བར་ཤར་ཕྱོགས་ལ་བཙན་མདོས། ནུབ་ཕྱོགས་ལ་མ་མདོས། བཀའ་འགྱུར་ཚར་རེ། སྒྲོལ་མ་ལྔ་སྟོང་། ཤེར་སྙིང་སུམ་སྟོང་རེ། ཟླ་རེ་བཞིན་བརྒྱགས་རྔན། རྣམ་འཇོམས་དང་སྨེ་བརྩེགས་གང་རུང་གིས་ཁྲུས། ཀླུ་གཏོར་རྣམས་ཐེངས་གསུམ་རེ། ཉིན་སྟར་དགེ་སློང་བཞི་སྡེ་ཙམ་རེས་གཏོར་མ་བརྒྱ་ཚར། ཡུལ་གྲོང་ཆེ་བ་རྣམས་ནས་ཟླ་རེའི་མཚམས་སུ་བརྒྱད་སྟོང་པ་བཅུ་རེ། སྒྲོལ་མ་ཉིས་སྟོང་རེ། ཤེར་སྙིང་ལྔ་བརྒྱ་རེ། ཟླ་རེའི་ནང་གཏོར་མ་བརྒྱ་རྩ་བཅུ་རེ། བསངས་ཁག་གསུམ་རེ། ཡུལ་ལྷར་གསོལ་མཆོད། ཆུང་བ་རྣམས་ནས་ཟླ་བ་གཉིས་རེའི་མཚམས་སུ་བརྒྱད་སྟོང་པ་ཚར་རེ། ཤེར་སྙིང་བརྒྱ་རེ། སྒྲོལ་མ་ལྔ་བརྒྱ་རེ། ཟླ་རེར་བརྒྱ་རྩ་གཉིས་རེ། བསངས་དང་ཡུལ་ལྷའི་གསོལ་ཁ། སྡེ་པའི་སྐུ་རིམ་ལ་ལྷ་སར་བདེ་ཡངས་པ་ལྔ་བཅུས་ཉིན་གསུམ་གྱི་བར་སྤྱན་འདྲེན་ཁྲུས་གསོལ། མཆོད་པ་སྣ་ལྔ། སྨན་བླ་འགྲོ་གང་ཆེ་རྣམས་བསྟར། ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་གྲོང་སྨད་དཔོན་ས་བུ་ཁྲིད་རྒྱལ་མོ། ཁམས་པ་རྫོགས་ཆེན་པ། དོན་གཉིས་གླིང་སློབ་དཔོན། ཟུང་ཆུ་རབ་འབྱམས་པ་སོགས་དང་ཕྲད། དཔོན་ས་དང་ཨ་བར་མིང་སྲིང་ལ་འཆི་བླུའི་ཆོ་ག་བཏང་། འབྲས་སྤུངས་སློབ་དཔོན་དགེ་སྐོས་སོགས་ཆོས་སྐྱོང་ཆེན་པོས་རྫོང་བདའ་མཛད་དེ་འདི་ལོ་དགོན་པར་ཅིས་ཀྱང་ཡོང་དགོས་ཚུལ་གསུང་བ་ངེད་རང་ཡང་མ་ཕྱིན་པར་ཡུན་རིང་བ་བཅས་འགྲོ་འདོད་རུང་འབམ་གྱི་ནད་འདི་རྐངས་བཟང་དྲགས་ལྡང་རྟག་པས་ཀླུ་སྦུག་ལྟ་བུར་རྀ་ཥིའི་སྨན་ཆབ་རྒྱག་པ་ལའང་


GLG007_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྱིན་པར་ལོ་སྐོར་ལ་བཅར་བ་སོང་བས་འགྲོ་སྡོད་ཅི་དྲག་སོམ་ཉིར་གྱུར་ཀྱང་ཆོས་སྐྱོང་གཞན་དང་མི་འདྲའི་གཤིས་སྐྱོན་མི་ཡོང་བ་ཡེ་ཤེས་ཀྱིས་གཟིགས་ནས་ཤོག་གསུང་བ་དོན་ལ་གནས་པ་གཞིར་བཅས་ལྟར་སྡེ་པ་དང་གྲོས་བསྡུར་ཏེ་འགྲོ་བར་ཐག་བཅད། ཚེས་ལྔའི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕྱིན་པར་རྟ་བསུ་བ་དཔོན་སློབ་སྟོང་ཕྲག་བརྒལ་བ་དང་། སྐྱེལ་མི་སེ་ར་བྱེས་སྨད་སྟོད། རྒྱུད་སྟོད་སྨད། ཕ་བོང་ཁ། རྨེ་རུ་རྣམས་ཀྱི་སློབ་དཔོན། ལྷ་ས་བ་སོགས་བདུན་བརྒྱ་བསྐོར། རྟ་རགས་ལ་མཆོད་ཡོན་གཉིས། རྟ་ཚག་རྗེ་དྲུང་། འཆད་ཀ་ཞབས་དྲུང་། སེམས་དཔའ་ཆེན་པོ། སྒར་གྲ་ཚང་གི་བླ་མ། ལྷ་བཙུན་བློ་བཟང་བསྟན་འཛིན། གྲ་ཚང་གི་གྲ་པ་རྒྱབ་ཆ་བ་བཅུ་བདུན། དྲུང་འཁོར་སྐྱ་སེར། རྐྱ་དར། རྒྱ་གླིང་། རོལ་ཆ་བ་སོགས་གཟབས་མཆོར་གྱིས་བཏེག་པ་བར་སྐབས་སུ་མ་ཕྱིན་པར་ཡུན་རིངས་སྟབས་ཡིན་པ་འདྲ་སྐྱ་སེར་མགོ་སྟབས་ཆས་གོས་མི་གཅིག་པའི་ཁྲོམ་པོ་ཏ་ལ་ནས་འབྲས་སྤུངས་བར་འབྲེལ་བའི་དཀྱིལ་གཤགས་ཏེ་སྐྱེད་ཚལ་ཀླུ་སྡིངས་སུ་རྟ་བས་སྐྱེལ་བསུ་དྲག་པ་ཐམས་ཅད་ལ་བྱིན་རླབས་དང་ཇ་གཉིས་སོང་ནས་སྤྲུལ་པའི་ཆོས་རྒྱལ་ཆེན་པོའང་ཁོག་ཏུ་བརླམས་པ་རུ་འདྲེན་རུ་དར་སོགས་ཤིན་ཏུ་རྒྱས་པ་དང་བཅས་བྱོན་ནས་ནམ་མཁར་ཕྱག་རིས་མཛད་དེ་ཁྱེད་གཟུགས་ཅན་རྣམས་ཀྱིས་ཇི་ལྟར་མཐོང་། ངེད་གཟུགས་མེད་ཀྱིས་བལྟས་ན་ལྷ་ཀླུ་སོགས་སྡེེ་བརྒྱད་ཀུན་གྱིས་མཆོད་པ་བྱེད་ཚུལ་འདིའོ་ཞེས་དེར་ཚོགས་ཐམས་ཅད་ལ་སྟོན་པའི་རྣམ་འགྱུར་དང་སྡེ་པར་ངེད་ཀྱི་


GLG007_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་འགྲོས་དལ་བའི་བཀོད་པ་དགོས་ཚུལ་དང་། གཟུགས་མེད་སྔོན་ལ་འགྲོ་ཞེས་ཕྱིར་མྱུར་བར་གཤེགས། ཡས་སྣ་ནས་ཕྱི་སྒོའི་བར་གདུགས་དང་རྒྱལ་མཚན་བ་དན་རྔ་རོལ་མེ་ཏོག་སྤོས་ན་བཟའ་སོགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཐོགས་པའི་དགེ་འདུན་གྱི་སེར་སྦྲེངས། བྲོ་གཞས་འབག་ཤོན་སོགས་རྩེད་སྣ་ཤིན་ཏུ་མང་བ་དང་བཅས་ཐོག་མར་ཚོགས་ཆེན་འདུ་ཁང་དུ་སྐྱེལ་བསུ་བ་སོགས་ཐམས་ཅད་ལ་སྤྱི་སོས་དཀར་དྲོ་དམར་དྲོའི་བསྙེན་བཀུར་རྒྱས་པར་བཤམས་པའི་གྲལ་འཕྲོས་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་དང་། ཚ་རོང་པ་ཚེ་བརྟན་རྡོ་རྗེས་ཕུན་སུམ་ཚོགས་པའི་གླེང་བསླང་ལས་འཕྲོས་ཏེ་རྒྱས་པར་སྤྲོས། རོལ་ཆ་སོགས་ཟློས་གར་སྣ་ཚོགས་བསྒྱུར། བགྲོ་གླེང་ཡང་བགྱིས། ཕྱི་དྲོ་དགའ་ལྡན་ཕོ་བྲང་དུ་རྩེད་སྣ་ཤིན་ཏུ་མང་བ་ཚར་དུ་དངར། ཚེས་དྲུག་གི་ཞོགས་གསང་སྔགས་ཕོ་བྲང་དུ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པས་སྐྱ་སེར་སྟོང་ཕྲག་བརྒལ་བར་སྟོན་མོ་གཟབས་པར་བཏང་ཞིང་ཚན་གྲངས་སྤམས་མཐོར་བཏེག །གུང་ཚིགས་ལ་མཆོད་པས་ལྷ་དབང་གླིང་དུ་སྔ་མ་དང་ཆ་འདྲ་བསྟར་ཞིང་། ཤུན་ཁུལ་གྱི་དྲུང་འཁོར་གཞིས་སྡོད་དང་བཅས་པས་ཚན་གྲངས་བརྐྱང་། སྤྱིལ་བུར་མེ་ཏོག་གཏོར། ཚེས་བདུན་གྱི་ཞོགས་ཀུན་དགའ་ར་བར་ཧ་སྡོང་གི་སྟོན་མོ་དང་། གུང་གི་དྲོར་སྒོ་མངས་སྤྱི་སོས་སྔ་མ་དང་འདྲ་ཞིང་བདོག་པའང་བྱུང་། སོ་སོའི་འཇུག་རིང་འཚོའི་བདེན་ཚིག་ཀྱང་བརྗོད། ཚེས་བརྒྱད་ཀྱི་སྔ་དྲོ་ཚོགས་ཆེན་འདུ་ཁང་དུ་སློབ་གྲ་ཐམས་ཅད་ཀྱིས་རང་འབྱོར་གྱི་དངོས་


GLG007_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་བཅས་འཆི་བདག་བདུད་སྡེ་ལས་རྒྱལ་བའི་སྨོན་ལམ་གསུངས་ཤིང་སྤྲུལ་བའི་ཆོས་རྒྱལ་ཆེན་པོའང་བྱོན་ནས་བླང་དོར་གྱི་ལུང་བསྟན་མཛད། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གིས་ཚོགས་ཆེན་དུ་དངུལ་རྐྱན་བཅུ་དགུ་ཕུལ་ཞིང་ཇ་འགྱེད་ཀྱང་འདུག །གུང་ཚིགས་ལ་བློ་གསལ་གླིང་པས་སྟོན་མོ་སྔར་བཞིན་ཐོག་ཚ་བ་ཁམས་ཚན་གྱི་དཀར་དྲོ་དང་ཚན་གྲངས། རག་མ་བའི་མི་སེར་སྤྱིའི་ཕྲད་མིའང་བྱུང་། མཆོད་ཡོན་གཉིས་ནས་སྡེ་པ་རིང་འཚོའི་སྟབས་ཞག་ཤས་བཞུགས་ཤིང་། གནམ་སའི་དབང་ཕྱུག་རྒྱལ་པོ་འཁོར་བཅས་ཕྱི་དྲོ་ཆོས་འཁོར་དཔལ་གྱི་ལྷ་སར་བསྐྱོད། ཚེས་དགུའི་ཞོགས་སྔགས་པ་གྲ་ཚང་གི་སྟོན་མོའི་མུ་འཐུད་རྒྱལ་བ་དང་འདུལ་བ་པའི་དཀར་དྲོ་སྤོམས་སུ་བཏེག །གུང་གི་དྲོར་བདེ་ཡངས་བའི་སྟོན་མོའི་རྗེས་སྤོང་འབོར་ཁམས་ཚན་གྱིས་དཀར་དྲོ་སྤོམས་དང་དར་རྩེ་མདོ་སྐྱ་སེར་གྱིས་ཁྲི་འབུལ་བསྟར། ཚེས་བཅུར་གནས་ཆུང་ཆོས་སྐྱོང་ཆེན་པོས་ཚོགས་འགྱེད་ཚན་གྲངས་དང་བཅས་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་དང་འབྲེལ་བའི་རིང་མཚོ་མཛད་སྐབས་ཆོས་སྐྱོང་རང་གིས་བདེན་ཚིག་གསུངས་པའི་མཐུན་འགྱུར་དེར་འཁོད་ཀྱིས་འདེགས་དགོས་པ་སོགས་རྔམས་ཟིལ་ཆེ་བ་བྱུང་། ཚེས་བཅུ་གསུམ་ལ་སྡེ་པ་སངས་རྒྱས་རྒྱ་མཚོའི་སྐྱོབ་ལྷ་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་གྱི་འཕྲིན་ལས་བདུད་རྩིའི་ཆུ་རྒྱུན། ཨུ་ཁེ་རེས་ཐའི་ཇིའི་བརྒྱུད་པ་ཨེར་ཏེ་ནི་ཇི་ནོང་ལ་སྡེ་བརྒྱད་ཀྱི་གནོད་པ་བསྲུང་པའི་ཐམ་ག །སྡེ་པ་བློ་བཟང་སྤྱིན་པས་རྒྱལ་དབྱར་ཆོས་ཐོག་མང་སྐོལ་དང་ལྷན་ཅིག་


GLG007_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་ཆེན་སོགས་རི་མཐིལ་གྱི་མཆོད་ཁང་རྣམས་ལ་སྙན་དར་དང་། བཀྲ་ཤིས་བདེ་ཆེན་པ་དགེ་དབང་དོན་གྲུབ་ཀྱིས་དགེ་སྐོས་འཇོག་ལ་དངུལ་སྲང་བཅུ་བཞིའི་པད་སྡེར་གྱི་ཁ་བྱང་། དགའ་གདོང་ཆོས་སྐྱོང་གིས་དགོས་ཚུལ་ལྟར་གསོལ་མཆོད་འཁྱེར་བདེ་རྣམས་བྲིས། ཚེས་བཅོ་ལྔར་ངེད་རང་རིང་འཚོའི་ཆེད་ཁམས་དཔལ་འབར་ཆོས་སྡེར་སེར་སྲང་གཉིས་སུ་གྲ་རྒྱུན་བཅས་བསྟན་པ་འཕེལ་རྒྱས་སུ་བསམ་འཐེན་རྩོད་མེད་པའི་འཇགས་གནས་ཁྲ་དོན་ལ་རྒྱབ་བསྣོན་དང་། དགོན་གསོ་བྲན་ལ་བརྩོན་ཅིང་བདེ་གསང་གིས་གཙོས་གསང་སྔགས་ཀྱི་ཕྱག་ལེན་སྒྲུབ་མཆོད་སོགས་དར་བ། ལྷ་ཁང་གཉིས་ལ་མར་མེ་ཉིན་མཚན་འཁྱོངས་པ་སོགས་མཆོད་པ་ཆག་མེད་དང་། ལྕམ་མདའ་དང་དགའ་ལྡན་རབ་བརྟན་དབྱེན་འདུམས་ཤིང་སྤུང་རིང་སྦྱར་བ་རྣམས་འཛིན་བདག་འཕོས་པ་འོས་སུ་མ་ཆེའང་དུད་ཆིག་བརྒྱ་དྲུག་ཅུ་སྐོར་ལ་འབབ་ཆིག་སྟོང་སུམ་བརྒྱ་དྲུག་ཅུ་བརྒལ་བ། ངེད་ཀྱི་རིང་པོར་འཚོ་ཐབས་སུ་ཟླ་བ་དང་པོའི་ཚེས་བརྒྱད། གཉིས་པའི་བཅུ། བཞི་པའི་བཅོ་ལྔ། དྲུག་པའི་ཚེས་བཞི། བརྒྱད་པའི་བཅོ་ལྔ། བཅུ་པའི་ཚེས་བརྒྱད་རྣམས་ལ་འདུ་ཁང་དུ་མར་མེ་ཉིན་འཁྱོངས་སོགས་མཆོད་པ་ལྔ། གྲ་པ་སུམ་བརྒྱ་སྐོར་ལ་ཇ་ཐུག་ཚ་ར་བཏང་བའི་གྲ་པ་རེས་ཤེར་སྙིང་ཆིག་བརྒྱ་དྲུག་ཅུ་རེ་འགྲོ་བའི་ཐེབས་སྦྱར། སྤྲུལ་སྐུ་རིགས་འཛིན་ཆེན་པོས་ཟབ་གཏེར་བཞེས་པའི་སྒོ་དོད་པར་གཏེར་ཚབ་ཟངས་བུམ་སོགས་རྟེན་འབྲེལ་མ་ལོག་པར་བསྒྲིགས། ཚེས་ཉི་ཤུར་ཆོས་འཁོར་ཡང་རྩེ་བ་དཀའ་བཅུ་བློ་བཟང་ཚེ་རིང་གིས་མཛོད་འགྲེལ་ཆོས་


GLG007_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རིན་ཅེན་འདྲེན་པའི་ཤིང་རྟ་དང་། ངེས་ལེགས་དཔལ་བཟང་གིས་ཕར་ཕྱིན་འགྲེལ་བ་བློ་བཟང་དགོངས་རྒྱན་གྱི་ཚིག་སྦྱོར་དང་མཐའ་གཅོད་རྒྱུགས་སྤྲད། ཉེར་གཉིས་ལ་ཀུན་དགའ་ར་བར་རྟ་ཚག་རྗེ་དྲུང་། བྱང་རྩེ་ཆོས་རྗེ། སྤོས་དགའ་དང་གླིང་སྟོད་སྐུ་སྐྱེ། འཆད་ཀ་ཞབས་དྲུང་། འབྲས་སྤུངས། རྒྱུད་སྟོད། ཕ་བོང་ཁ་ཁྱམས་པ། ར་བ་སྟོད། མཚལ་ཡང་དགོན། སྦེ་སེར། ཤངས་དགའ་ལྡན་ཆོས་འཁོར་རྣམས་ཀྱི་སློབ་དཔོན། གྲ་ཚང་། དྲུང་འཁོར། ཚོགས་ཆེན། ཕྱོགས་འདུས་ཀྱི་གྲ་པ། རྒྱལ་ཁག་སོགས་སྐྱ་སེར་ཁྲི་ཚོ་ལྷག་དང་བཅས་པར་གུར་ནས་བཤད་པའི་ཕྱག་རྡོར་འབྱུང་འདུལ། སྨན་བླ་སྤྲུལ་སྐུ། སྤྱན་རས་གཟིགས་སྐྱེར་སྒང་ལུགས། འཇམ་དབྱངས་དམར་སེར། སེང་ལྡེང་ནགས་སྒྲོལ། ཆག་ལུགས་ཀྱི་ཚེ་དཔག་མེད་དཀར་པོ་རྣམས་ཀྱི་རྗེས་གནང་། འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་གྱི་གསུང་རྒྱུན་བཞིན་དམིགས་བརྩེ་མར་བརྟེན་པའི་བླ་མའི་རྣལ་འབྱོར། ད་ལམ་གྱི་ཟང་ཟིང་གི་བདོག་པ་སྟེར་མི་བྱུང་བས་མཚོན་དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་ཆུད་མི་ཟ་བའི་ཆེད་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་ཡང་དག་བགྱིས། བཀའ་གདམས་ཡང་རྩེར་བསོད་ནམས་དབང་རྒྱལ། སྣར་ཐང་མཁན་པོ། ཕ་བོང་ཁའི་གདན་ས་པ། བྱང་རྩེ་དང་ར་བ་སྟོད་སློབ་དཔོན། ཨུ་ཞང་དཔོན་མོ་བསོད་ནམས་ཧུང་ཐའི་ཇི། ཨ་ར་ན། དབོན་ཆུང་དཔོན་མོ། ཚེ་རིང་གི་བུ་མོང་གུ། ཁོ་ཤིའུ་ཆི་ཐའི་ཇིའི་དཔོན་མོ་


GLG007_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བཅས། ཇོ་རིག་ཐུ་ཨེར་ཁེ་དའི་ཆིང་། ཐོར་གོད་རྒྱ་མཚོ་སྒྲོལ་མ། བླ་ཁན་དགེ་སློང་། ཚོགས་གསོག་རབ་འབྱམས་པ། ཁལ་ཁ་ཆེ་ཆེན་ཧུང་ཐའི་ཇིའི་མི་སྣ། ན་ཆིང་དང་ཨེར་ཁེ་ཇའི་སང་གི་མ་རྣམས་ཀྱི་ངོ་བོར་བྱིན་རླབས་དང་བྱིངས་ལ་ངོས་ཕྲད། ཉེར་གསུམ་ལ་སྡེ་པ་བློ་བཟང་སྦྱིན་པས་གོས་སྣ་ཆ་ཚང་སོགས་བདོག་པའི་དངོས་པོ་འགྱེད་བཅས་ཚང་ནས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རིང་འཚོ་སྤེལ། མཆོད་ཁང་དཀོན་གཉེར་ཡར་ཀླུངས་པ་བློ་བཟང་འཕགས་པ་དང་། འཕྱོས་པ་ངག་དབང་ཕུན་ཚོགས་གཉིས་ཀྱིས་ཀྱང་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་བསྟར། ཀུན་དགའ་ར་བར་འཇམ་དབྱངས་གོང་མ་རྒྱལ་པོའི་མི་སྣ་མཆོད་རྟེན་བླ་མ་བསྟན་འཛིན་དགེ་སློང་། གཞོན་པ་མཁར་སྔོན་ཕྱག་ན་རྡོ་རྗེ། འགྲུལ་སྡེབས་པ་དང་བཅས་སུམ་བརྒྱར་ཉེ་བ། འདི་གའི་མི་སྣ་སྣར་ཐང་མཁན་པོ་དང་ཨེམ་ཆི་ཐབས་མཁས་སོགས་དང་ཕྲད་པའི་ཐོག་མར་གོང་གི་བཀའ་ཤོག་རྟེན་བཟང་པོ་དང་བཅས་སྤྲད། ཉེར་བདུན་ལ་མཚམས་ཁང་གོང་འོག་ཏུ་མཆོད་རྟེན་གཉིས་ཀྱི་ལས་སྦྱོར་རྒྱས་པ་བདུན་གཉིས་སྔོན་སོང་གིས་མནན་པ་ཀླུ་བདུད་ཏེ་པ་ཙར་གཏད། ཉེར་དགུར་རྒྱ་ནག་གི་མི་སྣ་རྒན་གཞོན་དང་འདི་གའི་མི་སྣ་བཅས་སོ་སོས་བདོག་པ་དངོམ་ཆེ་བ་སྟོང་ཕྲག་ཏུ་ལོངས་པ་བསྟབ་ཅིང་ངོ་བོ་རྣམས་ལ་ལག་གི་འདེགས་འཇོག །དམངས་ཚོར་མེ་ཏོག་གཏོར། ཤག་སྐོར་བའི་དཀར་དྲོ་བཏེག །ཨེར་ཁེ་དའི་ཆིང་གི་མི་སྣ་སོགས་དང་ཕྲད། གྲ་ཚང་གིས་འཆམས་དབྱུ་གུ་དྲུག་ཅུ་རྩ་བཞིའི་ལས་སྦྱོར་ཀྱང་རྒྱས་པར་བསྟར། གནམ་


GLG007_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་སེར་སྟོད་སློབ་དཔོན། གཟིམས་ཁང་དབོན་པོ། ཆ་ཀར་བླ་མའི་གྲ་པ་ཚུལ་ཁྲིམས་བཀྲ་ཤིས་སོགས་ལ་ཇ་གྲལ་བཏང་། གོས་སྐུ་སྡེ་པ་བློ་བཟང་མཐུ་སྟོབས་ཀྱི་དུས་བཟོས་པ་ནུབ་ཕྱོགས་སུ་བཀྲམ་པ་དང་། རྩེད་སྣ་མང་པོ་འདུག་པར་བལྟས། སྐྱ་སེར་གྱི་ཁྲོམ་ཆེ་བ་སྣང་། ཧོར་ཟླ་དྲུག་པ་རྗེས་མའི་ཚེས་གཅིག་ལ་ལྷ་སའི་གོང་པ་ལྟ་བུ་ཡེར་པ་ལྷ་རི་སྙིང་པོ་འདི་ཉིད་དུ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་མོང་བཟའ་ཁྲི་ལྕམ་དང་སྲས་གུང་རི་གུང་བཙན་གྱི་རྟེན་སྐལ་རྗེ་བཙུན་སྒྲོལ་མའི་སྐུ་བྱིན་ཅན། ལྷ་ཁང་དང་བཅས་བཞེངས་པར་དུས་གསུམ་མཁྱེན་པ་པདྨ་འབྱུང་གནས། ལྷ་ལུང་དཔལ་གྱི་རྡོ་རྗེ་སོགས་སྐྱེས་ཆེན་དུ་མས་ཞབས་ཀྱིས་གཅགས་པ་དང་། ཁྱད་པར་མཉམ་མེད་ཇོ་བོ་ཆེན་པོ་དཱི་པཾ་ཀཱ་རས་ཟབ་པ་ལས་ཆེས་ཆེར་ཟབ་པ་བཀའ་གདམས་ཁུ་རྔོག་འབྲོམ་གསུམ་ལ་སོགས་པར་ཆོས་ཀྱི་འཁོར་ལོ་ཟད་མི་ཤེས་པ་བསྐོར་བའི་གནས་ཕུན་སུམ་ཚོགས་པ་ཞག་གཅིག་གི་གནས་འབྲེལ་ཐོགས་པས་ཀྱང་ཕྱིར་མི་ལྡོག་པར་འབྱུང་བས་མཚོན་བྱིན་རླབས་ཀྱི་མཚན་ཁ་ཤིན་ཏུ་ཆེ་བ་ཞིག་ཡིན་ཀྱང་། མཆོད་ཐེབས་ཆེ་བ་མེད་ཅིང་རི་གྱེན་མཐོ་བས་ཕྱོགས་ནས་ཀྱང་འབུལ་མི་དཀོན་པའི་མཆོད་པ་ཉག་ཕྲ་བར་འདུག་པ་སྡེ་པས་ངེད་རིང་འཚོར་དམིགས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡུལ་ཝ་ར་ཎཱ་སིར་བཀའ་དང་པོ་བདེན་དོན་བཅུ་གཉིས་ཀྱི་ཆོས་འཁོར་བསྐོར་བའི་ཚེས་ནས་ཇི་སྲིད་བསྟན་པ་རིན་པོ་ཆེ་ནམ་གནས་ཀྱི་བར་ལྷ་ཁང་བཅུ་བཞི་སོ་སོར་འབྲུའི་མར་མེ་ཉིན་མཚན་འཁྱོངས་པའི་སྡོང་རྐང་རེའི་རྒྱུའི་སྣུམ་དང་སྡོང་


GLG007_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རས་ལྷ་ས་གཉེར་ཚང་ནས་རིམ་སྤྲོད་བྱེད་རྒྱུ་དང་། དད་འབུལ་གྱི་མཆོད་མེ་གང་བྱུང་ཟུར་འབུལ་གོང་གྲངས་སུ་མི་ཐེ་བར་ནམ་བྱུང་བ་སྤོར་བ་ལས་མི་འཇོག་པའི་བསྡམ་ར་བགྱིས། གོང་མའི་མི་སྣ་ཕྱག་ན་རྡོ་རྗེ། བསོད་ནམས་ཚེ་དབང་གི་མི་སྣ། འབྲས་སྤུངས་ཀྱི་སློབ་དཔོན་གདན་ཟུར་བརྒྱད། དགེ་སྐོས་གཉིས། སྤྱི་གཉེར། འཚོ་བྱེད་ཕྲུག་པོ་ཆེ་པ། ཤུན་གཞིས་ཀ་བ་སོགས་ལ་བྱིན་རླབས་དང་། མགོན་ཁང་ཡས་མས་ཚོར་ཕྱིན་ཏེ་རབ་གནས་བསྐྱར་མ་དང་བསྟན་འགྲོའི་བདེ་སྐྱིད་གོང་འཕེལ་གྱི་འཕྲིན་ལས་ནན་ཏར་བཅོལ། ཚེས་གཉིས་ལ་འབྲས་སྤུངས་སྤྱི་སོས་བསྐུལ་མ་མཛད་པའི་སྡེ་པ་སངས་རྒྱས་རྒྱ་མཚོའི་བརྟན་བཞུགས། མཆོད་ཁང་གཙོ་བོར་གོས་ཡུག་ལྔ་དང་། གཞན་ཚོར་སྙན་ཤལ་རེའི་ཁ་བྱང་བཀོད། ཚེས་གསུམ་ལ་གྲོག་པོ་ཕ་རིར་ཞི་རྒྱས་དབང་དྲག་གི་བསྙེན་སྒྲུབ་ལས་སྦྱོར་བྱེད་པའི་ཁང་པའི་གཙོ་བོར་ཆོས་རྒྱལ་མཾ་གའི་མཚན་ཅན་གྱི་ཐུགས་ཀྱི་བརྣོག་ཆོས་འཇམ་དཔལ་འཁོར་འདས་ཕྱག་རྒྱ་ཟིལ་གནོན་ལྕགས་འདྲའི་མཆོད་རྟེན་བཅས་ཆོག་དང་། གསང་སྔགས་ཕོ་བྲང་ཤོད་དུ་དཔལ་འབྲི་གུང་པའི་ཟབ་ཆོས་གཤིན་རྗེ་ལྕགས་སྡིག་གི་མཆོད་རྟེན་གཉིས་བཞེངས་པ་ལའང་དམ་ཡེ་དབྱེར་མེད་དང་ལས་སྦྱོར་འགྲུབ་པའི་འཕྲིན་བཅོལ་རྒྱས་པར་བྱས། མཚོ་ཁ་ནས་གསར་འབྱོར་ཨེར་ཏེ་ནི་དའི་ཆིང་གི་མི་སྣ། པུ་ཏི་མའི་བླ་ཟུར། མཛེས་གྲོང་པའི་བུ་རྣམས་དང་ཕྲད། ཚེས་བཞིར་གཟིམས་ཆུང་སྒོ་ཁྲའི་གཏོར་གཞི་བརྗེས་པའི་གྲ་པ་བཅུ་གཅིག་དང་བཅས་རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་ཞིང་སྤྱི་བྱེ་བྲག་གི་བསྟན་པ་རྒྱས་པ་དང་


GLG007_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ལ་བདེ་བ་འབྱུང་བའི་འཕྲིན་ལས་བཅོལ། དེ་མཚུངས་ཀུན་དགའ་ར་བར་གྲངས་བཅད་ཀྱིས་ཆོས་སྐྱོང་སྤྱིའི་བསྐང་བ། གཟའ་ཁང་དུའང་བསྐང་བ་འདོད་གསོལ་གཟབས་རྒྱས་བཏང་། བདེ་བ་ཅན་དང་སྐྱོག་མོ་སོགས་ཀྱི་དངོས་དཔྱད་འདྲེས་པ་ཁུངས་ལྡན་དང་འགངས་ཅན་ཆོས་དང་འབྲེལ་བས་མཚོན་པ་མཐའ་དག་ལ་སོ་སོར་དབྱེ་ནས་ཁ་བྱང་བཏབ་ཅིང་། དེ་ཕྱིན་སྡེ་པར་གཏད་དེ་ཕྱག་མཛོད་ཆེན་མོར་འཇོག་པ་སོགས་གང་འཚམ་གྱི་བཀོད་པ་བགྱིས། གནས་ཆུང་སྐུ་རྟེན་པར་ཚེ་དབང་གྲུབ་རྒྱལ་མ་བསྐུར་ཞིང་འདུལ་བའི་ལས་ཆོག་རྣམ་རྒྱལ་གསེར་མདོག་པར་དུ་བརྐོས་གྲུབ་པ་འབྱོར། ཚེས་བདུན་ལ་བདེ་ཡངས་པས་རིགས་གྲའི་སྐལ་བ་རྩེ་ཤོད་ལྷན་དུ་སྟོན་མོ་གཟབས། བགྲོ་གླེང་བྱེད་པར་སྔར་ནས་དགའ་བ་ཞིག་ཡོད་པ་ད་ལམ་ཡང་བཞུགས་གྲལ་གྱི་སྐབས་ཕལ་ཆེར་བྱེད་བཅུག་པ་དུས་ཕྱིས་འཇིག་རྟེན་གྱི་འདུ་འགོད་རང་གི་དབང་དུ་སོང་བ་ཡིན་ནམ། གང་ལྟར་སྔ་ཕྱིའི་རྒོལ་བ་ཐམས་ཅད་ཇོ་བཟང་དྲགས་ནས་ཐེ་ཚོམ་མེ་བའི་ངང་ལ་འཇོག་རན་ཏེ་བློ་བདེ་སིང་ངེ་བའི་ཡིད་འགྲོ་བ་དཀའ། རྟ་ཚག་རྗེ་དྲུང་རིན་པོ་ཆེས་སྔ་རྒོལ་མཛད་པར་སློབ་དཔོན་རྣམས་ཀྱིས་རྒོལ་བར་ལ་ལས་བཟོས་ལུགས་ཀྱིས་སྤམ་མེ་དང་། ཁ་ཅིག་གིས་གནད་འབེབས་བྱེད་ནའང་འདི་སྐབས་སྤྱི་མཐུན་ལས་བླ་ཆེན་སྤྱིའི་ཞབས་ལ་ཐག་པ་འདོགས་པར་མི་སྣང་། རིག་བགྲོས་ཇི་ལྟར་ཡང་ཤག་སྐོར་ཟུར་པས་སོག་སྐད་སོགས་སྣ་ཚོགས་པའི་ཉམས་འཆར་གྱིས་དགོད་སྤྲོ་བའི་ཚད་ཅིག་བྱུང་བ་ལུགས་གཅིག་ཏུ་བཟང་བར་མཆིས། གོང་མའི་


GLG007_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྣ་རྒན་གཞོན། འགྲུལ་སྡེབས་བློ་བཟང་དཔལ་འཛིན་སོགས་དང་དན་འབག་གི་དམིགས་བརྩེ་མ། མ་ཎི་ཁག་བཅས་པར་སྤྱན་རས་གཟིགས་ཀྱི་སྒོམ་ལུང་། དམིགས་བརྩེ་མར་བརྟེན་པའི་བླ་མའི་རྣལ་འབྱོར་རྗེས། ཁམས་གསེར་ཁ་ལྷ་ཁང་སྟེང་། ཕུག་ཁང་། ལྷོ་མདོངས་མཁར་ཆོས་སྡེ། དྭགས་ལྷ་ཡུལ་རྣམས་ཀྱི་བླ་མ། ཚ་བ་ཐེག་ཐོག་གི་གནས་པོ་བསོད་ནམས། མཚུར་ཕུ་ཕྱག་མཛོད། སྟག་ལུང་ཟུར་པའི་ཕྱག་མཛོད། ལ་མོ་སྐུ་རྟེན་པ་ནང་ཚང་བཅས་པ། གཡག་སྡེ་གཞིས་སྡོད་མཁར་ཆེན་པ། ཨ་མདོ་བ་སོགས་བོད་སོག་མང་པོར་ཇ་གྲལ་ཐོག་ལྷ་ཁང་སྟེང་བླ་མས་དྲེའུ་བཅུ་བདུན། ལྡན་མ་པུ་ལ་གཉིས་ཀྱིས་རྟ་བཅོ་ལྔ། སྙིང་ཐང་དགོན་བླ་མས་རྟ་བཅུ་བཞི། སྟག་ལུང་ཟུར་པས་རྟ་སོ་བརྒྱད་རྣམས་བྱུང་། མཆོད་ཁང་ཚོར་སྙན་ཤལ་འབུལ་བར་མངགས། ཆོས་སྐྱོང་ཆེན་པོས་ད་ཆ་ཞག་གྲངས་ཐེངས་པས་སྲོང་བཙན་སྒམ་པོའི་གནས་སུ་ཕྱིན་པ་འགབ་ཚུལ་ལྟར་ཚེས་བརྒྱད་ལ་དགོན་པ་ནས་བཏེག་གནས་ཆུང་ལྕོག་ཏུ་རགས་བསྡུས་ཀྱིས་ཕྱིན་པར་ཆོས་སྐྱོང་གིས་རིང་འཚོའི་བདོག་པ་རྒྱས་པར་བྱུང་བའི་ལན་སྐུ་ཆས་ཆ་འགྲིག་སོགས་གཟབས་ནས་ཕུལ་ཞིང་མཆོད་ཡོན་གཉིས་དང་བཅས་སྤྱི་སྒོས་ཀྱི་ལུང་བསྟན་ཕྲ་རགས་ཐམས་ཅད་གསལ་པོར་གསུངས། སྐྱེད་ཚལ་ཀླུ་སྡིངས་སུ་དཔལ་ལྡན་འབྲས་སྤུངས་སློབ་དཔོན་སོགས་ཀྱི་སྐྱེལ་མི་མང་བ་དང་། བསུ་བར་སེ་ར། ཕ་བོང་ཁ། རྒྱུད་སྟོད་སྨད། རྟ་དྲུང་། གཞིས་གཉེར་སོགས་མང་པོ་འབྱོར་པ་ངོ་བོ་ཚོར་བྱིན་རླབས་དང་། དམངས་དང་


GLG007_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ཕྲད་བགྱིས། སེ་ར་ཐེག་ཆེན་གླིང་གི་གྲ་ཚང་ཁག །རྒྱུད་སྨད་པ། ཕ་བོང་ཁ་བ་རྣམས་ཀྱིས་མཆོད་རྫས་དུ་བཅས་ཏེ་སེར་སྦྲེངས། ཆོས་སྐྱོང་བྱ་རུང་བ་འཁོར་བཅས། ཉང་དོག་སྡེ་བཞི་སོགས་ཀྱི་བྲོ་གཞས་རྩེད་སྣ་མང་པོས་བསུས་ཏེ་འདུ་ཁང་ཆེན་མོར་ཕྱིན། སྤྱི་སོས་དཀར་དྲོ་དམར་དྲོའི་སྟོན་མོ་གཟབས་པར་བཤམས་ཤིང་སྟེར་བྱིན་ཀྱང་འདུག་པའི་མུ་འཐུད་སྟོད་གྲ་ཚང་། ཕ་བོང་ཁ། མི་ཆུང་རི་པ་སོགས་གྱིས་བདོག་པ་དཀར་དྲོ་སྤོམས་སུ་བཏེག །ཚེས་དགུའི་ཞོགས་བྱེས་གྲ་ཚང་གིས་སྟོན་མོ། ཚན་གྲངས་བརྐྱང་། ཁམས་ཚན་སོ་སོས་དཀར་དྲོ་སྡེབས་དང་སྟེར་ཆ་བཅས་རིང་འཚོའི་ཚིགས་བཅད་གསུངས། གུང་ཚིགས་ལ་སྨད་གྲ་ཚང་གིས་སྟོན་མོ་ཁམས་ཚན་དང་བཅས་པས་སྔ་མ་དང་འདྲ། ཕྱི་དྲོ་ཧ་སྡོང་གིས་ཀྱང་སྟོན་མོ་རིང་འཚོ་བརྗོད་པ་སོགས་སྔོན་དང་མཚུངས། སྟོད་ཟུར་མདོ་མཁར་ཆོས་སྡེའི་བླ་མ། ར་མ་རྩེ་པ། ཚེ་གསུམ་པ། སྦྱར་ར་བ། རི་རྒྱ་བ་སོགས་ཀྱིས་ཀྱང་དཀར་དྲོ་ཚན་གྲངས་བྱུང་། ཚེས་བཅུར་ཇོ་སྟན་མཁན་ཟུར་གཉིས། བྱེས་སྟོད་གདན་ཟུར། སྨད་པ། ཕ་བོང་ཁའི་གདན་ས་པ་རྣམས་ལ་ཇ་གྲལ་དང་། འདུ་ཁང་དུ་སྤྱི་སོས་ཟང་ཟིང་གི་སྐྱེས་དང་བཅས་ཉི་བུའི་འཚེ་བ་ལས་སྐྱོབ་པའི་བདེན་ཚིག་རྩེ་གཅིག་ཏུ་མོས་ནས་མཛད། ཅོ་ནེ་གཞུང་པས་དཀར་དྲོ་བདོག་པའི་རྗེས་འབྲང་བསྟར། ཕྱི་དྲོ་རྡོ་གཅལ་ཆེན་མོར་རྒྱལ་པོ་མཆོད་ཡོན་གོང་མ་རྒྱལ་པོའི་གསེར་ཡིག་པ་སོགས་སྐྱ་སེར་ཁྲི་ཚོ་བརྒལ་བར་སྒྲུབ་ཐབས་རྒྱ་མཚོའི་ནང་གི་གཤེད་དམར། རྡོ་རྗེ་


GLG007_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གདན་པ་གཙོ་འཁོར་གསུམ་པ། པཎྜི་ཏ་གསེར་གདུགས་ཅན་གྱི་འཇམ་དབྱངས། བཅོམ་ལྡན་རལ་གྲི་ལུགས་ཀྱི་ཀླུ་དབང་རྒྱལ་པོ་གཙོ་འཁོར་ལྔ་པ། ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་རྣམས་ཀྱི་རྗེས་གནང་། རྗེ་བཙུན་བཙོང་ཁ་པར་བརྟེན་པའི་བླ་མའི་རྣལ་འབྱོར་རྣམས་ཕུལ་བའི་འཇུག་ཏུ་ཡོན་བསྔོ་རྒྱས་པར་བྱས། ལྷ་ཁང་ཡས་མས་ཐམས་ཅད་ལ་འདོད་ཚིག་བྲིས་པའི་སྙན་ཤལ་འབུལ་བར་བཏང་། ཚེས་བཅུ་རྗེས་མར་གྲོང་སྨད་སྐོར་གྱི་བྲོ་གཞས་པ་འདུག་ཅིང་གཞིས་ཀར་བསླེབས་པའི་ཐོག་མར་རུང་མཐུན་གོས་ཆ་ཚང་དཔུས་ལེགས་ཀྱིས་སྣ་དྲངས་འགྱེད་སྤམས་མཐོ་བ་དང་བཅས་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔར་བརྟེན་ནས་རིང་འཚོའི་རྟེན་འབྱུང་ལེགས་པར་བསྒྲིགས། གུང་ཚིགས་ལ་དཀར་དྲོ་དམར་དྲོའི་སྟོན་མོ་ཤིན་ཏུ་རྒྱ་ཆེ་བ་ཕུན་སུམ་ཚོགས་པའི་སྟེང་འབྲས་སྤུངས་གཞུང་ལས་ཕ་ར་རབ་འབྱམས་པ་ཚེ་མགོན་གྱིས་སྔ་རྒོལ་དང་། སེ་ར་སྨད་ལྷ་ས་བ་རབ་འབྱམས་པ་བློ་གྲོས་རིན་ཅེན་གྱིས་ཕྱི་རྒོལ་བགྱིས་ཏེ་དྲང་ངེས་རྣམ་འབྱེད་ནས་བརྩམས་ཏེ་གླེང་བ་བློ་གྲོས་རིན་ཅེན་དེ་ཁ་ཅག་ཤིན་ཏུ་བདེ་ཞིང་ལུང་ཡང་ཤོག་ལྡེབས་རེ་འདོན་པའི་སྤོབས་པ་མཐོ་ཉམས་དོད། གཞུང་ལས་པ་རྐང་པའི་སྡིག་སྒྲ་དང་ཡོན་ཏན་གྱི་གཏིང་གཞི་གཉིས་ཀ་ཐིངས་པ་འདུག །འདུ་ཁང་སོགས་ཀྱི་ཚོགས་ལངས་པ་གཞན་རྣམས་ནི་སྔར་བརྗོད་ཀྱི་རྗེས་སུ་མ་འབྲངས་ན་ལུགས་གཉིས་ཀ་ནས་རྩད་གཅོད་བྱུང་དོགས་ཡིན་པ་འདྲ་སྲང་ལ་བཏེག་པ་ལྟར་ཁྱད་པར་མི་སྣང་། རོལ་ཆ་ཟློས་གར། གྲལ་འཕྲོས་སོགས་ཀྱང་བསྟར། རྣམ་སྲས་དང་ཟུར་ཕུད་ལྔ་པའི་རྟེན་སོགས་ལ་དམ་ཚིག་


GLG007_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡེ་ཤེས་སེམས་དཔའི་ཚོགས་བསྟིམ་ཞིང་ཅི་འདོད་ཀྱི་རེ་བ་སྐོང་བའི་མེ་ཏོག་དེས་མཚོན་སྟེང་འོག་བར་གསུམ་དུ་ཁྱབ་པར་གཏོར། སེ་ར་བ་སོགས་ཀྱིས་སྐྱེལ་མི་དང་རྨེ་རུ་བླ་མ། ལྷ་ས་བ་སོགས་ཀྱིས་བསུ་མཁན། རྨེ་རུ་བའི་སེར་སྦྲེངས། ལྷ་ས། རྙིང་ཁུངས། བཅོ་བརྒྱད། སོ་ནམ་པ། ཞོལ་པ་སོགས་ཀྱི་བྲོ་གཞས་པ་དང་བཅས་པའི་དཀྱིལ་བརྒྱུད་རང་བྱུང་འཕགས་པའི་ཕོ་བྲང་ཆེན་པོར་སླེབས། ནམ་དུས་ཀྱི་སྟབས་ཡིན་ནམ། གང་ལྟར་ད་རེས་ཀྱི་འགྲོ་འདུག་གཞིས་ལེན་ཚང་མར་ཆར་པ་ཚད་མེད་པ་ཞིག་བྱུང་བ་ཤག་སྐོར་བླ་མ་ལྷུན་གྲུབ་སྔོན་མོ་སོགས་ལོངས་སྤྱོད་ཆེ་བའི་ལྟས་ཤིན་ཏུ་བཟང་ཟེར། སྡེ་པའི་སྐྱིད་ཆུའང་སྔར་མི་གྲགས་ལྟ་བུ་རྒྱས་པ་དང་བཅས་ངེད་དང་སྡེ་པ་གཉིས་ཀའི་ཁམས་མེ་ཡིན་པ་གཙུག་ལག་ལྟར་ན་ཆུ་བོ་ཆེ་ཞིང་ཆར་མང་དོགས་པ་དགོས་ཚུལ་གླེང་བ་བཞིན་སྤོར་ཐང་གི་འབྲས་བརྗོད་ལྟར་ན་བདེན་པ་ཙམ་སྣང་ཞིང་ཁྱད་པར་འདི་ཉིན་དང་འབྲས་སྤུངས་ནས་ཡོངས་ཞོགས་སེ་རར་མ་འབྱོར་བར་ཆར་ལྷག་པར་ཆེ་བས་རྟ་ཆས་སོགས་ལའང་གཟན་ཙམ་བྱུང་སོང་། འབྲས་སྤུངས་སུ་སྡོད་རིང་བཟང་ངན་དཔྱད་དཀའ་བའི་བུད་མེད་ཀྱི་ཉིང་འཕྲུལ་མང་བ་དང་རྒྱལ་པོའི་ལྟས་འདྲ་རུང་བ་རང་གི་ཆོས་སྐྱོང་གི་རྣམ་འགྱུར་དང་འདྲེལ་འཚུབ་ཆ་མི་ཐིངས་པ་མང་པོ་དང་། པོ་ཏ་ལ་ནས་ཐོན་ཉིན་བོན་ཕྲུག་པ་ངག་དབང་རབ་བརྟན་གདོན་གནོད་ཀྱི་ནད་དྲག་པོའི་སྐྱོན་གྱིས་འདས། འདར་པ་ལོ་ཆེན་གྲང་ནད་ཕྲན་བུ་ལས་མེད་ཀྱང་དགོན་པར་གློས་སྣ་དྲངས་ཁྲག་སྐྱུག་པ་སོགས་ཤིན་ཏུ་ཉེན་པ་དང་། བྱང་གླིང་འདྲེ་བོར་ནད་མ་ཐིངས་པ་


GLG007_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུས་མྱུར་བར་ཁམས་མ་འཚོ། མཆོད་དཔོན་པ་སེ་ར་ནས་རྒྱུ་ཚད་ཀྱིས་བབ་ལྕི་བས་ན། རྣམ་གླིང་པཎ་ཆེན་སོགས་ཁ་ཤས་ཞག་སྦྲེལ་དུ་མ་བདེ། ཁལ་ཁ་ཆོས་རྗེ་ངག་དབང་གྲགས་པ་དོན་མེད་དུ་རྦབ་ལ་འགྲིལ། སྡེ་པའི་མགྲོན་གཉེར་ཡིག་མཁན་འགག་པ་སོགས་ལ་ཐོར་ཡན་བྱུང་བས་མཚོན་འབྲས་སྤུངས་སུ་ཟླ་གཅིག་ཞག་གསུམ། སེ་རར་ཞག་གསུམ་ལས་མ་སོང་རུང་ནད་སྣ་མང་ཞིང་ཆར་ཤིན་ཏུ་ཆེ་བ་བྱུང་བ་དང་མཐུན་པར་སྤྲུལ་སྐུ་གཏེར་བདག་གླིང་པ་ལའང་མནལ་ལྟས་ངན་པ་ཁ་ཤས་དང་ལྷག་དོན་ངེད་ལ་མཁའ་འགྲོའི་བསུན་མ་ཡོད་པ་ལྟ་བུའི་འཚུབ་ཆེ་བ་ལས་བཟློག་པའི་ཆེད་རིང་འཚོའི་རྟེན་འབྱུང་སྤེལ་བར་མཆོག་གྲུབ་རྫོང་བདའ་མཛད་པ་ལྟར་ཆབ་ཤོག་ཚན་གྲངས་དང་བཅས་བླངས། དེ་ལན་རྟེན་གྱི་ཁྱད་དབང་མདོག་གོས་ཁ་ལྔ་སོགས་རྒྱས་པར་ཕུལ། ཚེས་བཅུ་གཅིག་ལ་གོང་མའི་མི་སྣ་གཞོན་པ། རྒྱལ་པོའི་སྲས་མོ་ཀུན་དགའ་རབ་བརྟན་སོགས་དཔོན་མོ་བཞི་དང་བཅས་པར་བྱིན་རླབས་བྱས། མཆོད་དཔོན་པའི་ངོར་གྲ་ཚང་ཆོས་སྲུང་ཚོར་འབུལ་བའི་སྙན་དར་ཁ་ཡིག་དང་། ཡར་ལྷ་ཤམ་བྷུ། རྫོང་བཙན་པ། ཕོ་ལྷ་དཔལ་འབྱོར་རྒྱལ་པོ། སེང་གདོང་དཀར་པོ། ཐང་རྩེ་བཙན་པོ། ངམ་ཤོད་རྒྱལ་པོ་རྣམས་ཀྱི་གསོལ་མཆོད། འཕྱོང་རྒྱས་པ་ངག་དབང་མཁས་བཙུན་གྱིས་གྲལ་སྐོར་དུས་གྲ་ཚང་དུ་དངུལ་ཀོང་དང་། ཨེམ་ཇི་ཐབས་མཁས་ཀྱིས་གྲ་ཚང་དུ་སྙན་དར་སོ་ལྔའི་ཁ་བྱང་། ངེད་རང་གི་སྣང་བ་ཞིག་ཏུ་ཤར་བ་ལྟར། སྡེ་པས་དཔལ་ལྷ་ལྕོག་ཏུ་ཚེས་བཅུ་གསུམ་ཕུར་བུ་ཆུ་སྟོད་ཀྱི་གཟའ་ཚེས་འཕྲོད་སྦྱོར་བཟང་


GLG007_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། རྨ་བྱའི་གདུགས་སོགས་ཀྱི་རྒྱུ་དང་ཕོགས་ཡོན་བསྡོམས་གཤོར་ཁལ་ཆིག་སྟོང་བཞི་བརྒྱ་སོང་བ་ཕུལ་བ་དང་ལྷན་ཅིག་དར་ཚོན་སྣ་ལྔའི་སྙན་ཤལ་ཁ་བྱང་འཆི་མེད་བདག་པོའི་དཔལ་འཛིན། སྤུས་སྲང་གསེར་ཁང་པའི་མགྲོན་པོ་བཱ་ཡན་ཤུ་ལིང་གསི་ཇོ་བོ་རིན་པོ་ཆེར་དཀར་མེའི་སྣོད་ཕུལ་བའི་སྨོན་ལམ། འཆད་ཀ་ཞབས་དྲུང་ངག་དབང་བློ་བཟང་ལྷུན་གྲུབ་ཀྱི་བཞེད་སྐོང་གསོལ་འདེབས་དང་རིང་འཚོ་དྭགས་པོ་གྲ་ཚང་བླ་བརྒྱུད་ཁ་སྐོང་། རྒྱལ་སྲས་ཤེས་རབ་འཕེལ་བའི་སྤྲུལ་སྐུས་བཀའ་འགྱུར་རོ་ཅོག་དང་པཎ་ཆེན་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་གསེར་ཟངས་ལས་གྲུབ་པ་བཞེངས་པར་མཛད་པའི་དཀར་ཆག་ཆེ་བརྗོད། སའི་ཚངས་པ་བསྟན་འཛིན་ད་ལའི་ཁང་གིས་གངས་ཅན་དུ་འགྱུར་རོ་ཅོག་གི་བཀའ་རྣམས་བཞེངས་པར་མཛད་པའི་ཆེ་བརྗོད་དཀར་ཆག་དང་། འདུལ་མདོ་ཤེར་ཕྱིན་དཀོན་བརྩེགས་ཕལ་ཆེན་རྒྱུད་འབུམ་རྣམས་སོ་སོའི་མཇུག་ཏུ་འདྲི་བའི་སྨོན་ལམ་དང་བཅས་པ་བརྩམས། གཡོན་རུའི་མི་སྣ་གསས་ཁང་སྐུ་སྐྱེ་ཅན་འབྱོར་པར་ཇ་གྲལ་དང་ཡི་གེ་རྟེན་སྦྲགས་བླངས། ཚེས་བཅུ་བཞིར་འབྲས་སྤུངས་སློབ་དཔོན། དགེ་སྐོས། སྤྱི་གཉེར། སྐུ་རྟེན་པ་དང་བཅས་པས་གེགས་མེད་དུ་འབྱོར་བར་ལེགས་བྱ་བསྟབ། ཚེས་བཅུ་དྲུག་ལ་ཡེར་པ་གྲ་ཚང་བླ་གཉེར། རས་ཆུང་ཕུག་ཕྱག་མཛོད་སོགས་དང་ཕྲད། ལྷ་མོ་རིགས་འཛིན་མས་བོད་ཁམས་བདེ་ཐབས་ལ་མཆིམས་ཕུར་དགོངས་འདུས་བློས་བསླངས་འོག་དགྲ་བགེགས་གནོན་དགོས་ཚུལ་ལྟར་གྲ་ཚང་གི་གྲ་པ་གྲངས་


GLG007_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཀྱིས་ཀི་ཀང་བདུན་གཅིག་ཚེས་བཅུ་བདུན་ནས་སྒྲུབ་པའི་འགོ་དང་། ཚེས་ཉི་ཤུ་ནས་སྤྲེལ་ལོའི་ཀེག་སྲིར་དམིགས་གྲངས་བཅད་ཀྱིས་དུར་ཕུང་གཙོ་བོར་གྱུར་པའི་སྲི་གནོན་ཀྱང་བཙུགས། ཉེར་གསུམ་ལ་ལྷ་ལྡན་བསྙེན་གནས་མ་ཚོས་ཡོན་སྦྱར་བདོག་པ་དང་བཅས་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་སྤེལ། ར་བ་སྟོད་བླ་གྲས་ཀྱང་ཚན་གྲངས་བཅས་ཡུན་འཚོའི་ཚིགས་བཅད་དབྱངས་སུ་བསྒྲགས། གསས་ཁང་དགོན་དང་རི་ཁྲོ་དགའ་ལྡན་བླ་གྲས་ཀྱང་སོ་སོར་གོང་དང་འདྲ། འཆད་ཀ་ཞབས་དྲུང་། འཕགས་སྡེ་བླ་གཉེར། ཅུང་གླང་རི་བླ་མ། འབྲས་མོ་གཤོངས་པའི་མི་སྣ་གཉིས། མ་ཧཱ་ཀུ་མཱ་ར་དང་ཁོད་པཱ་ཐུར་ཇི་ནོང་གི་མི་སྣ། དར་སྡིངས་པ་མ་བུ། ཚ་བ་ཤི་ཁོད་གནས་པོ། དགའ་ལྡན་རབ་རྒྱས་གླིང་གཉེར་པ། ལྡན་མ་གླིང་དགེ་སློང་གི་མི་སྣ། ཧོར་ཨ་བྲག་དཔོན། ཨ་མདོ་འགའ་ཤིང་། བྲག་ཏིའི་འགྲུལ་པ་རྣམས་ཀྱི་ངོ་བོར་བྱིན་རླབས། སྤྱིར་ངོས་ཕྲད། དར་སྡིངས་པའི་རྟ་བརྒྱད་དང་བྲག་ཏིའི་དགུ་བྱུང་། ཉེར་བཞིར་ཨེམ་ཆི་ཐབས་མཁས་ཀྱིས་སྟེར་བྱིན་འགྱེད་དང་བཅས་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་མཛད། སྐྱོར་ལུང་མཁན་སློབ་གྲ་བཅས་ཀྱིས་བདོག་པ་དང་བཅས་ཚིགས་བཅད་གསུངས། ཨུལ་ཇོའི་ཐུ་པཱ་ཐུར་འདམ་ནས་འཁོར་བ། གོང་མའི་མི་སྣ་གཙང་དུ་ཐོན་རྒྱུ་དང་ཕྲད། ཉེར་ལྔའི་དུས་བཟང་པོར་སྡེ་པ་སངས་རྒྱས་རྒྱ་མཚོར་བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་བྱིན་རླབས་ཐུགས་རྗེའི་དབང་། ལས་བྱང་དངོས་གྲུབ་ཡོངས་


GLG007_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འདུའི་གཏེར་མཛོད། གསོལ་འདེབས་ལེའུ་བདུན་མ། བསམས་པ་ལྷུན་གྲུབ་མ། རྗེ་འབངས་ཉེར་ལྔ་དང་བཅས་པའི་ལུང་། དེ་རྣམས་ཀྱི་དམིགས་སྐོར་རྣམས་ཞིབ་མོར་ཁྲིད། སེ་ར་བྱེས་སྨད་སྟོད་སློབ་དཔོན་དགེ་སྐོས་དབུ་མཛད་སོགས་ཀྱིས་ཀྱང་འདིར་འབྱོར་ལེགས་སྐྱེས་བསྟར། ཧོར་ཟླ་བདུན་པའི་ཚེས་བཞི་ནས་ཚག་གུར་བ་བློ་བཟང་འཕྲིན་ལས་ཕག་རི་ནས་འབྱོར་པར་ཇ་གྲལ་དང་། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་ངོར་བསངས་མཆོད་དགྲ་ལྷ་དཔངས་བསྟོད་དང་འབྲེལ་བ་ལྷ་རྒྱལ་སྙན་པའི་སྒྲ་དབྱངས། སིནྡྷུ་རྒྱ་མཚོ་ཆེ་བའི་ཞིང་བཀོད་ཆོས་རྒྱལ་བྱང་པའི་ལྗགས་བཀོད་ཐུགས་དམ་རྟེན་བྲིས་ལེགས་མའི་ཞལ་བཤུས་ཟུར་འཕྲིན་ལས་རྣམ་རྒྱལ་གྱི་ལག་དར་མ། ངམ་རུ་བས་ངེད་རང་གི་འདྲ་འབག །དགེ་སློང་བློ་གྲོས་རྒྱལ་བས་པཎ་ཆེན་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་འགྲོ་ལ་རྗེས་བརྩེ་མ་དང་མཐུན་པ། ལྷ་ས་སྤྱི་ཁང་མདོ་པ་དཀོན་ཅོག་རབ་བརྟན་གྱིས་ཡེ་ཤེས་མཁན་པོ་ཕྱག་དྲུག་པ། ཚེ་དབང་རབ་བརྟན་གྱིས་སྨན་སྐུ་འགྲོ་ལ་རྗེས་བརྩེ་མ་དང་མཐུན་པ། ཐང་ག་སོ་ལྔ་རྣམས་བཞེངས་པའི་རྒྱབ་ཡིག་སྨོན་ལམ། ལྷོ་འབྲུག་ལ་དམིགས་མངོན་སྤྱོད་ཀྱི་ལས་རིམ་པར་ཉམས་སུ་བླངས་པའི་ལག་རྟགས་དཔོན་ཚབ་སྨོན་སྐྱིད་པ་མི་འགྱུར་བརྟན་པ། གཡུལ་གསར་པའི་ཚ་བོ་ངག་དབང་རབ་བརྟན་སོགས་ཁོང་པ་ཚོར་བྱས་པ་ཆེ་བ་མང་པོ་དམར་གསོད་ཀྱིས་མཚོན་ནང་ཞིག་བྱུང་སྐབས་རྩ་བ་གསུམ་གྱི་ལྷ་ཚོགས་ལ་སྔར་བཅོལ་ལེགས་པའི་གཏང་རག་དར་འཆོལ་གྱི་ཐུགས་དམ་ཚེས་གསུམ་


GLG007_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉིན་གསུམ་བར་བསྐང་པའི་ཚེ་འདོད་དོན་གསོལ་བ། ཀི་ཀང་དང་ལོག་ཏྲིར་དམིགས་བསལ་གསོལ་བྱང་། སེར་སྐྱེམས་དམོད་བྱང་། ལྷ་ས་བ་བློ་བཟང་དཔལ་འབྱོར་གྱིས་གྲ་ཚང་དུ་སྙན་ཤལ་བརྒྱ་སྐོར་འབུལ་རྒྱུ་དང་། འཕགས་པའི་དཀོན་གཉེར་གོང་དཀར་བ་བློ་བཟང་བཟོད་པས་ཀྱང་གྲ་ཚང་དུ་ཕྱེད་ཉིས་བརྒྱ་སྐོར་གྱི་ཁ་བྱང་། སློབ་དཔོན་ངག་དབང་འཇམ་དབྱངས་ཀྱི་ངོར་གཞན་ཕན་གླིང་དུ་འཛུགས་རྒྱུ་དང་ཤིང་རྩི་བསྒྲུབས་པའི་བསྔོ་སྨོན། འདུ་ཁང་གི་མིང་ཚིགས་བཅད་མ། གཡོན་རུ་བོ་ཤོག་ཐུ་དབོན་ཆུང་བསྟན་འཛིན་ཐོ་ཡོན་གྱི་ཚ་བརྒྱུད་ཀྱི་ཁ་ཏོན། ཨོད་ཁོན་ཐང་པོ་ཆེའི་ཞིག་གསོས་གྲུབ་ནས་མཆོད་འབུལ་གྱི་སྐབས་ཆོས་སྐྱོང་གིས་བསྐུལ་མ། མེས་སྟོན་ཁྲོ་རྒྱལ་དཔལ་མགོན་བདེ་བ་ཅན་དུ་སྐྱེ་བ། དར་ཆི་ཐའི་ཇི་ཁྱོ་ཤུགས། བསྟན་པ་དགེ་སློང་གི་ཚེམ་བུ་དམར་ཁྲིད་དང་འབྲེལ་བ་རྣམས་སོ་སོའི་འདོད་སྦྱར་གྱི་སྨོན་ལམ། དབུ་མཛད་ཀྱིས་བཀྲ་ཤིས་བདེ་ཆེན་དུ་རིམ་པར་སྦྱར་བའི་དེབ་ཀྱི་འགོ་བརྗོད། ཀ་ཚལ་བླ་མ་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་ཀྱི་འཕྲིན་ལན་སྙན་ངག་གི་ལམ་ནས་དྲངས་པ། ཨུ་ཆུ་མུ་ཆུ་ཇ་སག་ཆེ་ཆེན་ཆིང་ཝང་གི་ངོར་བདེ་མཆོག་དཀར་པོ་དང་འབྲེལ་བའི་བླ་མའི་རྣལ་འབྱོར། ཆོས་བཀྲ་ཤིས་དང་ཚུལ་ཁྲིམས་བཀྲ་ཤིས། རྒྱལ་མོ་རྡོ་རྗེ་རབ་བརྟན་མ་གསུམ་གྱིས་བསྐུལ་བའི་གསོལ་འདེབས། མཚོ་སྣ་དགའ་ལྡན་རབ་རྒྱས་གླིང་སྤྱི་སོ་དང་། ལྷ་ཁང་པ་རྡོ་རྗེ་ནོར་བུའི་ངོར་རིང་འཚོ་རྣམས་བཀོད། ཚེས་བདུན་ལ་ནད་རིམས་བཟློག་ཆེད་ཤ་བརྒྱ་ཟན་བརྒྱ་ངེད་རང་གིས་བཏང་།


GLG007_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་པའི་སྐུ་རིམ་ལ་གྲ་ཚང་གི་གྲ་པ་གྲངས་བཅད་ཀྱིས་ལྷ་ས་ནས་རྒྱལ་པོ་རྩེ་མདོས་ཧ་ལ་སོགས་རྒྱས་པ་ཆག་མེད་ཀྱི་རྒྱུན་བཙུགས། ཚེས་བརྒྱད་ལ་འདར་པ་རྗེ་དྲུང་ངག་དབང་འཕྲིན་ལས་དང་ཆུ་སྐོར་བར་པའི་མག་པར་ཇ་གྲལ། གསས་ཁང་སྐུ་སྐྱེ་སོགས་མང་དག་ལ་ནང་རྟེན་འཇལ་ཁ་ཞིབ་པར་བཏང་། ཆོས་རྗེ་ཟིལ་གནོན་རྡོ་རྗེ་བསམ་ཡས་པ་སྐུ་ཕེབས་ཞུས་ནས་འཁོར། ཚེས་དགུར་རྫོང་རི་བ་བློ་བཟང་པདྨ་དང་ངག་དབང་ཕུན་ཚོགས་གཉིས་བཀའ་བརྒྱད། ཨ་གླིང་དངོས་གྲུབ་རྒྱ་མཚོ་རྡོ་རྗེ་གྲོ་ལོད། དཀོན་ཅོག་ངག་དབང་དང་དབང་ཕྱུག་རྒྱ་མཚོ་གཉིས་ཐུགས་སྒྲུབ། རིན་ཅེན་རྒྱ་མཚོ་དང་དོན་གྲུབ་རྒྱ་མཚོ་གཉིས་དྲེགས་པ་འཇོམས་བྱེད། ལེགས་བཤད་རྒྱ་མཚོ་རྟ་མགྲིན་གསང་སྒྲུབ་རྣམས་ཀྱི་སོ་སོར་བསྙེན་དམིགས་ཞིབ་མོར་ཁྲིད་ནས་མཚམས་བསྡམ་དུ་བཅུག །ཚེས་བཅུར་སྒྱིད་ཐང་ནོར་བུས་གོས་སྣ་ཆ་འགྲིག་བདོག་པ་སྤམས་མཐོ་འགྱེད་དང་བཅས་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་བསྟར་རྗེས། འོལ་སྣར་ཐང་སག་ཟུར་པ། གསས་ཁང་དང་སྒྲོམ་མདར་སེ་ར་སྨད་པ་རེ། རྟ་དབང་དགའ་ལྡན་ལྷ་རྩེར་རྒྱུད་སྨད་དབུ་མཛད་རྣམས་གསར་འཁོད་བླ་མ། མེ་རག་བླ་མ་བློ་གྲོས་རྒྱ་མཚོ། བླ་མ་སྔོན་མའི་སྐྱེ་བ། འོལ་སྣ་སྤྱི་ས། སྐྱེད་ཚལ་གོང་མཁན་པོ། མོན་པ་ཨ་འཛིན་ཕ་བུ་བཞི། ཨ་མདོ་རྟ་འབུལ་བ་ཆོས་འཕེལ། ཀླུ་འབུམ་བསམ་གྲུབ་ཅན། བྱ་བྲལ་རབ་འབྱམསཔ། ར་མགོ་རྒྱ་མཚོ་སོགས་ངོ་བོ་བཅས་བདུན་ཅུ་སྐོར། རྒྱ་མཁར་


GLG007_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ངོ་བོ་གསུམ། རྒྱ་ནག་མི་སྣའི་གཡོག་ནག་ཆུ་ཁ་སོགས་ནས་གསར་འབྱོར། སྔོན་དུ་ལོག་མི་འགོ་པ་བསམ་བློ་དཀའ་བཅུ་ངག་དབང་བསྟན་འཛིན་ཅན། འགྲུལ་སྡེབས་དགེ་འདུན་རྒྱ་མཚོ། ཨེར་ཁེ་ཁཱ། སྨད་ཏ་རྫ་དམར་རྣམ་རྒྱལ། སྟོང་འཁོར་ཞབས་དྲུང་གི་ནུ་བོ་པཎྜི་ཏའི་མི་སྣ་རྣམ་རྒྱལ་དགེ་སློང་། ཁོད་པཱ་ཐུར་ཇི་ནོང་གི་མི་སྣ་དགེ་སློང་ངག་དབང་ཆོས་འཕེལ་བསོད་ནམས་ཀྱི་ཇའི་སང་ཁོ་ཤོའུ་ཆི་སོགས་ཉིས་བརྒྱ་སྐོར་གྱི་ངོ་བོར་བྱིན་རླབས། དམངས་ལ་ངོས་ཕྲད་གོས་དར་སོགས་ཀྱང་བཏེག །ཀླུ་འབུམ་བློ་བཟང་ཅན་གྱིས་རྟ་བརྒྱད། བསམ་གྲུབ་ཅན་གྱིས་ཉེར་གཉིས། བློ་བཟང་ཆོས་འཕེལ་ཅན་གྱིས་ཉེར་དགུ། པཱ་རས་ཆོས་ལུང་ཆོས་རྗེ་ཅན་གྱིས་སོ་གསུམ། བྱ་བྲལ་རབ་འབྱམས་པས་སོ་དགུ། ར་གོ་རྒྱ་མཚོ་ཅན་གྱིས་བཅུ་དྲུག་རྣམས་བྱུང་། ཚེས་བཅུ་གཅིག་ལ་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གིས་ཚོགས་ཡོན་སྟེར་བྱའི་བདོག་པ་སྤམས་བསྟོད་དེ་གྲ་ཚང་ནས་ཚེའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་མི་འགྱུར་བརྟན་པའི་ཆོ་ག་གྱེར། ཚེས་བཅུ་གཉིས་ལ་སྣར་ཐང་མཁན་པོ་ངག་དབང་བཀྲ་ཤིས་ཀྱིས་གསེར་ཞོ་བརྒྱ་སོགས་དངོས་པོ་དངོམ་ཆེ་བ། ཚོགས་འགྱེད་བཅས་སྔ་མ་དང་མཚུངས། ཚེས་བཅུ་གསུམ་ལ་ལྷ་ས་བ་བློ་བཟང་དཔལ་འབྱོར་གྱིས་བདོག་པའི་སྐྱེས་འགྱེད་དང་བཅས་འབྲས་གཤོངས་དག་སྣང་མའི་བསུན་བཟློག་གྲ་ཚང་ནས་མཛད། དབུ་མཛད་བག་དྲོ་ཅན་གྱིས་གོ་མཛོད་དུ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། ཚེའི་ལྷ་མོ་ཙཎྜ་ལཱི་ལ་གུ་རུའི་ཐུགས་སུ་བྱོན་པའི་བུད་མེད་ལྔས་བསྐོར་བ། ལྷ་ལྕམ་


GLG007_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཚོ་རྒྱལ་རྣམས་མཚན་བརྒྱད་ལྷ་ཁང་དུ་བཞུགས་རྒྱུ་དང་། བལ་པོ་པི་ལ་ཛུའི་བསྔོ་རྟེན་དུ་བྱུང་བའི་ལྷ་ཚོགས་གསེར་སྐུ་རྣམས་ལ་བཀའ་འགྱུར་ཁང་དུ་གནས་བརྟན་འཇམ་དབྱངས་གྲགས་པས་གཟུངས་ཕུལ་བར་ངེད་རང་གིས་སྦྱང་གསུམ་སྔོན་དུ་འགྲོ་བའི་དམ་ཚིག་པར་ཡེ་ཤེས་སེམས་དཔའི་ལྷ་ཚོགས་ཚད་མེད་བསྟིམ་སྟེ་མེ་ཏོག་གཏོར། ཚེས་བཅོ་ལྔར་བོ་ཤོག་ཐུ་ཁང་གི་ནུ་བོ། ཨེར་ཏེ་ནི་འབུམ། སྐུ་འབུམ་སྐུ་སྐྱེ་བསོད་ནམས་བཀྲ་ཤིས། དགའ་ལྡན་ཚེ་དབང་དཔལ་བཟང་རྣམས་ཀྱི་མི་སྣ། ལ་མོ་སྐུ་རྟེན་པ་རྣམས་ལ་བྱིན་རླབས་ཇ་གྲལ་བགྱིས། ཚེས་བཅུ་དྲུག་ལ་ལི་ཐང་མཁན་ཟུར་གྱི་མི་སྣ་སོགས་དང་ཕྲད་ཅིང་དྲང་སྲོང་བུམ་སྐྱེས་ཀྱིས་བདེན་ཚིག་བརྗོད་པས་ཉལ་འགྲོ་མཐའ་དག་ཡན་ལག་བརྒྱད་ལྡན་གྱི་སྨན་ཆབ་ཏུ་བསྒྱུར་བ་ནས་ཉིན་བདུན་བར་ནན་ཏན་དུ་བརྒྱབ། ཚེས་བཅོ་བརྒྱད་ལ་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་མི་སྣ་གསས་ཁང་སྐུ་སྐྱེ་དང་། གཡོན་རུའི་བླ་མར་འགྲོ་མིར་བེར་སོགས་བདག་རྐྱེན་གཟབས་ནས་ཐོན། ཉེར་ལྔར་རྫིང་ཕྱི་མཁན་པོ། ཇོ་རྫོངས་སྒར་གྲ་ཚང་གི་བླ་མ། གོང་མའི་མི་སྣ་གཞོན་པ་གཙང་ནས་འཁོར་བ། ཞིང་སྐྱོང་ནང་སོ། ཨ་རྒྱ་ནང་སོ། གླིང་དཔོན་དཔལ་ལྡན་རྒྱ་མཚོ། ཁོད་མ་གཅིག་གི་དཔོན་མོ་དཀོན་ཅོག་འབངས་བུ་བཅས། ཁ་ཐན་ནོ་ཡོན་གྱི་བུ་བནྡེ་ཐར། དགེ་འདུན་གྱི་དུ་རལ་ཁོ་ཤོའུ་ཆི། བཱ་ཡན་སུ། དབུ་སྒོར་ཆུང་བའི་ཇའི་སང་སོགས་ལ་ཇ་གྲལ། ཚོགས་གསོག་རབ་


GLG007_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་པར་སྣར་ཐང་བརྒྱ་རྩའི་ནང་གི་གདུགས་དཀར་གྱི་རྗེས་གནང་བསྐུར་ཞིང་བྷྲཱུཾ་པའི་བུའི་སྐྲ་ཕུད་བླངས་པའི་མིང་འཕྲིན་ལས་དཔལ་བཟང་དུ་བཏགས་ཏེ་རྒྱུན་སྡོད་དྲུག་འཁོར་གྲས་སུ་ཞུགས། ཉེར་དྲུག་ལ་ཚོགས་རམས་པར་རྫོང་འདའ་བཀའ་བསྒོ། བསམ་ཡས་ཆོས་སྐྱོང་ཆེན་པོའི་ལུང་བསྟན་ལྟར་རྩེ་ཤོད་ཐུན་མོང་རིམ་གྲོར་བཀའ་འགྱུར་དང་། འོལ་དཀར་དགེ་དགོན་ཚོ་བསྡུས་བརྒྱས་སྒྲོལ་ཤེར་འབུམ་ཐེར་གཉིས་རེ། ཚེ་གཟུངས་ས་ཡ་གཅིག །ཟན་གཡང་དུ་རབ་བྱུང་པས་དྲི་མེད་བཤགས་རྒྱུད་བརྒྱ། ཡུལ་པ་ནང་འཁྲུགས་སོགས་ཉེས་ཆུང་རིགས་ཀྱི་བཙོན་པ་དགེ་སྟོང་ས་བཅད་མ་སྟོང་ཙམ་བྱུང་རྗེས་གཞུང་སྒྲུབ་ཀྱི་ཆད་ཁྲིམས་ཡང་ངོས་གློད། ཡར་འབྲོག་ཏུ་ཉ་འབུམ་གྱི་སྲོག་བླུས། སྡེ་པའི་སྒེར་རིམ་དུ་གྲ་ཚང་ནས་རྒྱལ་བཙན་གྱི་བསྐང་བ་སྟོང་ཕྲག་རེ། མངའ་རིས་སོགས་ཇུས་རིམ་ལ་ཁྲ་འབྲུག་ཏུ་དཔལ་རི་བས་ཁྲོ་རོལ། གོང་དཀར་དུ་རྡོ་རྗེ་བྲག་པས་འཆར་ཀ །རྒྱབ་ཆོས་སུ་བརྒྱད་སྟོང་པ་བརྒྱ། ལོ་རིམ་ལ་རྫོང་གཞིས་སོ་སོ་ནས་རི་མགོ་མཐོ་སར་བསངས་དང་། གཞི་བདག་ལ་གསོལ་མཆོད། ནད་རིམས་ཞི་ཐབས་སུ་བསྟན་མ་དང་མ་མོའི་མདོས། གཡང་རྣམས་བཀུག །བརྟག་པ་དང་ཆོས་སྐྱོང་ཁག་གི་ལུང་བསྟན་གོ་བསྟུན་ངེད་རང་གི་རིམ་གྲོར་གདུགས་དཀར་དང་སྒྲོལ་མ་ཉེར་གཅིག །རྒྱལ་ཆེན་བཞི། རྟ་མགྲིན་རྣམས་ཀྱི་འབུར་སྐུ། ཤེར་ཕྱིན་མའི་སྐུ་བཅས་གྲུབ་པར་རབ་གནས་དང་ལྡན་


GLG007_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕོ་བྲང་འདི་གའི་ཆོས་རྒྱལ་ལྷ་ཁང་དུ་བཞུགས་སུ་གསོལ། གནས་ཆེན་རྫོང་གཞིས། དགོན་བཅས་འབྲེལ་མཚུངས་དགུར་གྲ་པ་བཅོ་ལྔ་རེས་ཚེེ་སྒྲུབ་སྨིན་རྒྱས། སེར་འབྲས་སུ་ཇ་ཚུལ་ཐོག་ཚེ་གཟུངས་ས་ཡ་གཅིག །སྒྲོལ་ཤེར་འབུམ་ཐེར་རེ། གཞིས་རྩེ་སོགས་རྫོང་ཁག་དྲུག་ཏུ་དགེ་དགོན་འབྲེལ་མཚུངས་ཚོ་བསྡུས་ཕྱེད་ཉིས་བརྒྱ་རེས་བཀའ་འགྱུར་བརྒྱ་དང་བརྒྱད། གདུགས་དཀར་དགུ་སྟོང་། ཚེ་གཟུངས་ཆིག་འབུམ་དགུ་ཁྲི། ཤེར་སྙིང་ལྔ་ཁྲི། སྒྲོལ་མ་ཆིག་འབུམ་སུམ་ཁྲི་ལྔ་སྟོང་། ལྷ་སར་ངན་སློང་མང་བར་བཟའ་བཏུང་བྱིན། གཡག་ལུག་བརྒྱའི་སྲོག་བླུས། དབུས་གཙང་རྫོང་གཞིས་འོག་གི་ལམ་ཟམ་ཞིག་པ་བཟོས། མཆོད་རྟེན་ཉི་ཤུར་སྐུ་དཀར། ཕ་བོང་ཁར་ལན་ཆགས་གཏོར་མ་འབུམ། གྲ་ཚང་ནས་ཕྱོགས་བཞིར་གླུད་མང་བ་དང་། སྡེ་པའི་གེགས་སེལ་ལ་ཚེ་དབང་བརྒྱ་ཚར་དང་བྱབ་ཁྲུས་བྱས་ཤིང་། ལྷ་ས། བསམ་ཡས། ཁྲ་འབྲུག །ཡེར་པ། མཆིམས་ཕུ། ཤེལ་བྲག །ཡུམ་བུ། ཕ་བོང་ཁ་རྣམས་སུ་མཆོད་པ་སྣ་ལྔ་བརྒྱ་ཚར། རྒྱལ་དུ་ལྷ་མོར་སྟོང་། སྲུང་མ་གཞན་ཚོར་བརྒྱ་རེ། སྙན་དར། ཁྲུས་གསོལ། རིན་སྤུངས་སོགས་རྫོང་གཞིས་དྲུག་ཏུ་དགོན་འབྲེལ་མཚུངས་ནས་གྲ་པ་བཅོ་ལྔ་རེས་གསར་རྙིང་ཚེ་སྒྲུབ་ཞག་བདུན་རེ། གཞིས་རྩེར་


GLG007_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཞ་ལུ་པས་གདུགས་དཀར་མདོས་ཆེན། རྒྱབ་ཆོས་མྱུག་ཆོས་གླིང་པས་གདུགས་དཀར་ཁྲི། སེར་འབྲས་སུ་ཇ་ཚུལ་ཐོག་སྒྲོལ་ཤེར་གདུགས་དཀར་སོ་སོ་ནས་འབུམ་ཐེར་རེ། ལྷ་སར་གསས་ཁང་པས་འབུམ་བརྒྱ། གཟུངས་འདུས་སྟོང་། གོང་དཀར་དུ་རྡོ་རྗེ་བྲག་པས་ཀི་ཀང་གི་མནན་པ་བདུན་གཅིག །མཆིམས་ཕུར་དཔལ་རི་བས་དགོངས་འདུས་ཀྱི་སྒྲུབ་མཆོད་བདུན་ཕྲག་གཅིག །ལྷ་ས་དང་བསམ་ཡས་སུ་དཀར་མེ་བརྒྱ། ཕ་བོང་ཁར་ཆབ་གཏོར་འབུམ། ཀླུ་སྦུག །ཀླུ་རྒྱལ། མཁར་ནག །མལ་དྲོ་གཟི་ཆེན་བཞིར་འབྲེལ་མཚུངས་དགེ་སློང་བཞི་རེས་ཀླུ་གཏོར་བརྒྱ། སྔོན་མ་གཉིས་སུ་ཞང་སྟོན་པས་ཀླུ་རྟེན་བཙུགས། ཡེར་པར་རང་གྲས་སཱཙྪ་འབུམ། བསམ་ཡས། གནས་ཆུང་། བར་ཁང་གསུམ་དུ་རྒྱལ་གསོལ་བརྒྱ་རེ། བསམ་ཡས་བར་རྩིས་བྲག་བཙན་པར་རྟ་སྒ་བཅས། རལ་གྲི་དགོས་ཚུལ་ལྟར་བསྲིངས། རིན་སྤུངས་སུ་བྱམས་ཆེན་པ་བརྒྱས་བཀའ་འགྱུར་བཅུ་གསུམ། ཤེར་སྙིང་། ཉི་ཁྲི་བདུན་སྟོང་། ཚེ་གཟུངས་ཆིག་ཁྲི་བརྒྱད་སྟོང་། སྒྲོལ་མ་བཞི་ཁྲི་ལྔ་སྟོང་། སྐུ་རབ་རྣམ་རྒྱལ་དུ་དྭགས་པོ་གྲ་ཚང་པས་གཟུངས་འདུས་དང་འབུམ་བརྒྱ་རེ། དཀོན་བརྩེགས་བཅུ། གྲ་ཚང་ནས་མི་ཁ་བཟློག་བསྒྱུར། ཕྱོགས་བཞིར་གླུད་མང་། རིས་མེད་དགོན་ཨང་


GLG007_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡན་ལ་མང་ཇ། ལྷ་སར་གཡག་ལུག་ལྔ་བཅུའི་སྲོག་བླུས། དབུལ་འཕོངས་ལྔ་བཅུར་སྦྱིན་པ། ལྷ་སའི་ཤར་ཕྱོགས་སུ་རླུང་དར་དཀར་པོ་བཅུ། རི་འགོ་བརྒྱར་བསངས། རླུང་དར། དབུས་གཙང་ཚང་མའི་ལམ་འཕྲང་ཞིག་པ་གསོས། མཆོད་རྟེན་བཅུར་སྐུ་དཀར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་འབུར་སྐུ་དང་། སྒྲོལ་དཀར་གྱི་བརྒྱ་ཐང་། རྩེ་ཤོད་ཐུན་མོང་གི་རིམ་གྲོར་སེར་འབྲས་སུ་ཇ་ཚུལ་སུམ་ཅུ་རེའི་ཐོག་སྒྲོལ་མ་དགུ་འབུམ། ཤེར་སྙིང་བརྒྱད་འབུམ། སྦེ་སེར་ཉི་ཐང་བསྒྲིལ་བ་བརྒྱས་བརྒྱད་སྟོང་པ་ཆིག་སྟོང་། བསྟན་སྲིད་སྤྱི་རིམ་ལ་སེར་འབྲས་གཉིས་སུ་གྲ་པ་སུམ་ཅུ་རེས་མགོན་ཆོས་བསྐང་བ་འགྲོ་གང་ཆེ་ཞག་གསུམ་གྱི་མཇུག་གཏོར་མ་འཕངས། ལྷ་ས། བསམ་ཡས། ཁྲ་འབྲུག་གསུམ་དུ་མཆོད་པ་སྣ་ལྔ་བརྒྱ་རེ། ལྷ་སར་གྲ་ཚང་། ཡང་རྫོང་དུ་ཟུར་ཨ་གུར། མཆིམས་ཕུར་དཔལ་རི་བ། ཤེལ་བྲག་ཏུ་རང་གྲ་རྣམས་ཀྱིས་ཚོགས་བརྒྱ། རྫོང་གཞིས་སོ་སོར་མགོན་ཁང་གང་ཡོད་ལ་བསྐང་བཤགས། དགྲ་ལྷ་དཔངས་བསྟོད། བཀྲ་བཟང་སོགས་གནས་ཆེན་ལྔར་རྙིང་དགོན་འབྲེལ་མཚུངས་གྲ་སློབ་བཅུ་གཅིག་རེས་སྒྲུབ་ཞག་བདུན་རེར་གནོད་བྱེད་མཐའ་འདྲེ་གཙོ་གྱུར་གྱི་མནན་པ། གོང་དཀར་དུ་རྡོ་རྗེ་བྲག་པས་མགོན་པོ་གཡུལ་བཟློག །རིན་སྤུངས་སུ་ངེས་གསང་རྡོར་གླིང་པ། དོ་བོ་


GLG007_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་དུ་དོན་གཉིས་གླིང་པ། འཕྱོང་རྒྱས་སུ་རི་བོ་བདེ་ཆེན་པ་དང་བཀྲ་ཤིས་བདེ་ཆེན་པ་བསྒྲིལ་བ། སྣེའུ་སྡོང་དུ་རྩེད་ཐང་ལྔ་མཆོད་པ་དང་རི་བོ་ཆོས་གླིང་པ་བསྒྲིལ་བ་བརྒྱ་རེས་བཀའ་འགྱུར་བཅུ་གསུམ། དམིགས་བརྩེ་མ་བྱེ་བ་གཅིག །གཟུངས་འདུས་དང་ཐང་ཡིག་བརྒྱ་རེ། སྨན་བླ་སུམ་སྟོང་། དགའ་ལྡན་དུ་ཇ་ཚུལ་ཐོག་གདུགས་དཀར་དང་སྒྲོལ་མ་ཁྲི་རེ། ཤེར་སྙིང་འབུམ། ལོ་རིམ་ལ་ལྷ་ས། གོང་དཀར། གཞིས་རྩེ། རྒྱལ་རྩེ་རྣམས་ནས་སྔགས་པ་འབྲེལ་མཚུངས་ཀྱིས་ཕྱོགས་བཞིར་མ་མོའི་ཁྲག་མདོས། རི་འགོ་མཐོ་བ་ལྔར་བསངས། ཆུ་མིག་གཉན་ས་ལྔར་གྲ་པ་བརྒྱད་རེས་ཀླུ་གཏོར་དང་ཀླུ་འབུམ་ཉིན་གང་མ། པོ་ཏ་ལ་དང་འཕྱོང་རྒྱས་སོགས་རྫོང་གཞིས་ཞེ་བདུན་ནས་ཡར་ངོར་དཔངས་བསྟོད། རྣམ་འཇོམས་སྨེ་བརྩེགས་གང་རུང་གི་བྱབ་ཁྲུས་རྣམས་ཀྱིས་རང་གཞན་སྤྱི་སྒེར་གྱི་བདེ་ཐབས་བསྒྲུབས། ཨ་ཆི་དགེ་ཚུལ་མ་དཔོན་མོ་བུ་བཅས་དྲུག །ཆ་གན་ནོ་མུན་ཁན་གྱི་མི་སྣ་ཨེམ་ཆི་བློ་གྲོས། སྨད་ཏ་དཔོན། མཚན་སྒྲོག་འབུལ་དཔོན་ངག་དབང་རྒྱལ་མཚན། འབྲི་གུང་ཕྱག་མཛོད་སོགས་དང་ཕྲད། སྨད་ཏ་དཔོན་གྱིས་རྟ་བརྒྱད། མཚན་སྒྲོག་འབུལ་དཔོན་པས་བཅོ་ལྔ། འབྲི་གུང་ཕྱག་མཛོད་པས་ཉི་ཤུ་རྣམས་འདུག །དགོངས་ཐུན་ནས་ཧོར་ཟླ་བརྒྱད་པའི་ཚེས་བཅུའི་བར་སྒོ་གསུམ་མི་འདའ་བའི་བཅད་རྒྱ་ཤིན་ཏུ་དམ་པ་བགྱིས། ཚེས་བརྒྱད་ལ་སྡེ་པ་དང་དམག་ཟོར་ཚངས་དབང་ལ་རྟ་མགྲིན་ཞབས་བརྒྱད་པའི་བྱིན་རླབས་དང་། བཅུ་གཅིག་ལ་ཚེ་དབང་འཆི་མེད་དཔལ་སྟེར་བརྒྱ་ཚར་བསྐུར། དཔལ་


GLG007_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་སྔགས་རམས་པས་པཎ་ཆེན་དགེ་འདུན་རྒྱ་མཚོའི་ཕྱག་རྗེས་གསལ་བ་བྱིན་པ་ནང་རྟེན་གྲས་སུ་བཅུག །ཚེས་བཅུ་གཉིས་ལ་གསང་ཕུ་གླིང་སྟོད་སྨད་ཀྱི་ཆོས་རྗེ། སློབ་དཔོན་དང་དྲུང་ཆེན་ཁག །གྲ་དམངས་དང་བཅས་པས་ཚན་གྲངས་བརྐྱང་སྟེ་རིང་འཚོའི་ཚིགས་བཅད་གསུངས། དོལ་གསུང་རབ་གླིང་པས་ཀྱང་སན་ཁང་གིས་བསྐུལ་མ་མཛད་པའི་གནས་བརྟན་བཅུ་དྲུག་དང་འབྲེལ་བའི་ཆོག་སྒྲིགས་ནང་བཞིན་གྱེར། རྒྱ་ནག་གོང་མའི་མི་སྣ་གཉིས། དའི་ཆིང་ཁོ་ལོ་ཆི་དང་ལི་ཐང་མཁན་པོའི་བསྔོ་རྟེན་སྐྱེལ་མི། ཆ་གན་ནོ་མུན་ཁན་དང་ནག་པཱ་ཐུར་ཐའི་ཇི་གཡོག་བཅས། མི་སྣ་ཨེར་ཁེ་དའི་ཆིང་གི་དར་ཁན་ཨེམ་ཆི། ཇོ་རིག་ཐུ་ཁོ་ཤོའུ་ཆིའི་དར་ཁན་ཇའི་སང་། རྒྱལ་པོའི་ཨེར་ཏེ་ནི་ཇའི་སང་། པཱ་ཐུར་ཇི་ནོང་གི་མི་སྣ་རྣམས། ཕག་རིའི་ལྷོ་པ་བསྟན་པ་རྒྱལ་མཚན། ཨ་མདོ་ཟུང་ཆུ། སྐུ་འབུམ། པཱ་རས། བྲག་ཉེ་ཁམས་ཚན། འ་ཤུར་དང་བཅས་པར་ཇ་གྲལ་རྗེས་སྐྱ་སེར་ཉིས་སྟོང་ལྷག་ཙམ་བདེ་ཡངས་སུ་འཁོད་པར་ཀ་སྤུངས་སྟེང་ནས་མེ་ཏོག་གཏོར། ཆ་གན་ནོ་མུན་ཁན་གྱིས་རྟ་ཉིས་བརྒྱ། རྔ་མོ་བརྒྱད། ཐེ་བོ་གྲོ་སྐུ་སྐྱེས་རྟ་ཉི་ཤུ། འུར་དུ་སུ་པཎྜི་ཏས་བཅུ། པཱ་ཐུར་ཐའི་ཇིས་བརྒྱད། འབྲོམ་པ་དཀོན་ཅོག་རྒྱལ་པོས་བཅུ། ཟུང་ཆུ་སྣང་ཞིག་རབ་འབྱམས་པས་ཉེར་གསུམ། ཆོས་རྒྱ་མཚོས་ཉེར་བདུན། ཆོས་རྒྱལ་མཚན་གྱིས་བཅུ། སོག་པོ་དཀའ་བཅུ་བློ་བཟང་བཀྲ་ཤིས་ཀྱིས་བཅུ་གཅིག །


GLG007_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མ་བློ་བཟང་དཔལ་འབྱོར་གྱིས་བཅུ། ཨ་རྒྱ་ནང་སོས་ཉེར་བདུན། དའི་ཆིང་ཁོ་ཆིས་དགུ། དར་སྡིངས་པས་བརྒྱད་རྣམས་བྱིན། ཕྱི་དྲོ་གསང་ཕུ་བ་དཔོན་སློབ་དང་། གསུང་རབ་གླིང་པ་ཡོངས་རྫོངས་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་བསྐུར། ཚེས་བཅུ་གསུམ་ལ་གོང་མའི་གསེར་ཡིག་པ་རྒན་གཞོན་འགྲུལ་སྡེབས་དང་བཅས་པས་ཚོགས་ཡོན་སྟེར་བྱིན་གཟབས་ཏེ་གྲ་ཚང་ནས་ཚེ་དཔག་མེད་ལོངས་སྐུ་མའི་རྡུལ་ཚོན་དང་འབྲེལ་བའི་རྟེན་འབྱུང་བསྒྲིགས། ཚེས་བཅུ་བཞིར་ཐ་ཤི་བོ་ལོད་ཀྱིས་ཀྱང་ཉིན་སྔ་མ་དང་འདྲ་བའི་རིང་འཚོ་བསྟར་བའི་མུར་གསེར་ཁང་བླ་མས་ཡུན་འཚོའི་ཚན་གྲངས་བྱུང་། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་མི་སྣས་སྐྱེས་སྤམས་མཐོ་དང་བཅས་གྲ་ཚང་གི་གྲ་པ་བཅུས་མི་འགྱུར་བའི་བདེན་ཚིག་བརྗོད། ཚེས་བཅོ་བརྒྱད་ལ་རྟ་ཚག་རྗེ་དྲུང་། རྫིང་ཕྱི་དང་སྣར་ཐང་མཁན་པོ། སྒེར་པ་རྗེ་དྲུང་། གོང་གི་མི་སྣ་སོགས་བོད་སོག་བདུན་ཅུར་ཁ་ཅིག་གིས་ཐོག་མ་ནས་རྣམ་སྲས་སེར་ཆེན་གྱི་རྗེས་གནང་བསྐུར་བ་སྣང་ཡང་ཚད་ལྡན་བླ་མ་བསྟེན་པའི་ཕྱག་ལེན་ལ་གོང་གནོན་ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་ཀྱི་རྗེས་གནང་བསྐུར་ནས་མཛད་པ་བཞིན་སྔོན་དུ་བཏང་སྟེ་རྒྱས་བཀབ་དང་གཏི་ཐུག་རིགས་འགྲེ་མ་ཡིན་པ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། གསེར་ཆོས་སེང་གདོང་སྔོན་མོའི་རྗེས་གནང་ཟིན་སྟེང་བོད་སོག་བདུན་བརྒྱ་སྐོར་ལ་ཡེ་ཤེས་ཁྱུང་ཁྲ། འཇམ་དབྱངས་དམར་སེར། རྣམ་འཇོམས་ལྗང་སྔོན། སེང་ལྡེང་ནགས་སྒྲོལ་རྣམས་ཟུར་བཀའ་བསྐུར། ཚེས་བཅུ་དགུ་ནས་ཞག་ཤས་བར་རྫིང་ཕྱི་མཁན་པོ། ར་བ་སྟོད།


GLG007_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འོར་པ། སྐྱིད་གྲོང་འཕགས་པའི་སྐུ་གཉེར་གསུམ་གྱི་བླ་མ། གོང་མའི་གསེར་ཡིག་པ་ཕྱག་ན་རྡོ་རྗེ། ཁམས་གླིང་། འདུལ་བ། བསྟན་འཛིན་གསུམ་གྱི་སྐུ་སྐྱེ་སོགས་བསྙེན་རྫོགས་ཉིས་བརྒྱ་བཅོ་ལྔ། དགེ་ཚུལ་ཆིག་བརྒྱ་བཅུ་བཞི། དགེ་བསྙེན་གཅིག་རྣམས་བསྒྲུབས། སྣར་ཐང་མཁན་པོའི་གསར་བཞེངས་བཀའ་འགྱུར་རོ་ཅོག་ལ་རབ་གནས། ཉེར་བཞིའི་ཞོགས་རྟ་དཔོན་རྣམ་འཇོམས་ཀྱིས་བདོག་པ་དང་བཅས་གྲ་ཚང་གིས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་སྤེལ། གུང་ཚིགས་ལ་གོང་མའི་མི་སྣ་འགྲུལ་སྡེབས་དང་བཅས་པ་འདི་གའི་མི་སྣ་རྫིང་ཕྱི་མཁན་པོ་བསམ་གྲུབ་སྒང་པ་བསྟན་འཛིན་ད་ལའི་རྒྱལ་པོའི་མི་སྣ་རྣམས་ལ་སྟོན་མོ། བྱིན་རྟེན། གྱོན་པ། ཤལ་དཀར་དམར། སྣམ་ཕྲུག་སོགས་སྔར་བཞིན་བདག་རྐྱེན་སྤྲད། ཕྱི་དྲོ་གོང་གསལ་རྣམས་ཀྱི་སྟེང་། པགྴི་དང་བྱ་ཁྱུང་མཁན་པོའི་མི་སྣ་བཅས་པར་ཇ་གྲལ་བཏང་། ཉེར་ལྔ་ལ་དགའ་ལྡན་ཚེ་དབང་དཔལ་བཟང་གིས་སྟེར་བྱིན་སྤམས་མཐོར་བཏེག་ཅིང་འགྱེད་དང་བཅས་གྲ་ཚང་ནས་མཁའ་འགྲོ་སྡེ་ལྔར་བརྟེན་པའི་རིང་འཚོའི་ཆོ་ག་མཛད། བྱ་རུང་ཆོས་སྐྱོང་གིས་བསྐུལ་ནས་ལྷ་ལྡན་རུ་བཞི་སྤྱི་ཚོགས་བསྡུ་ཆ་བྱས་པའི་ཡུན་འཚོ་དང་། ཡེར་པ་བླ་གྲས་ཀྱང་དངོས་པོའི་ཚན་གྲངས་བརྐྱང་སྟེ་མི་མཐུན་སྡེ་ལས་རྒྱལ་བའི་སྨོན་ལམ་གསུངས། སྟག་ལུང་རི་བོ་ཆེ་པ་ཡབ་སྲས་གསུམ། སྟག་རྩེ་ཐའི་ཇི་ལྷ་རྒྱལ་རབ་བརྟན། བྱམས་གླིང་དང་སྟག་ལུང་མཁན་པོ་ཀ་དྲུག་པ།


GLG007_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་དབར་བླ་གྲ་ཉིས་བརྒྱ་སྐོར་རྣམས་དང་མཇལ་ཕྲད། རི་བོ་ཆེའི་རྟ་བརྒྱད་ཅུ་སོགས་སྐྱེས་སྣང་། ཡེར་པ་གྲ་ཚང་ཡོངས་རྫོགས་ལ་རྒྱལ་བ་བཙོང་ཁ་པ་ཆེན་པོར་བརྟེན་པའི་བླ་མའི་རྣལ་འབྱོར་དང་། ཏལ་ཁར་བརྩམས་པའི་སྒོམ་བྱང་གི་ལུང་། རྒྱ་ནག་ཏུ་འགྲོ་མཁན་མི་སྣ་རྒན་གཞོན་ལ་ཞུ་ཡིག་དང་ངག་མར་ཞིབ་ཆ་བགྱིས། ལོ་དགོན་པ་བས་གུར་མགོན་ལས་མཁན་རུ་འདྲེན་དང་བཅས་པའི་ལྟད་མོ་བསྟན། ཉེར་དྲུག་ལ་སེམས་དཔའ་སྤྲུལ་སྐུ་ལོ་དགོན་དང་བཅས་པས་བདོག་པའི་སྟེར་བྱིན་འགྱེད་སོགས་ཡོན་སྦྱར་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པ་བསྟར། རྒྱུད་སྨད་གྲ་ཚང་གི་ངོར་བརྒྱུད་པའི་བླ་མའི་ཁ་སྐོང་། མཆོད་དཔོན་པས་བསྐུལ་བའི་བཀྲས་རབ་གསེར་གླིང་རྒྱལ་པོའི་གསོལ་མཆོད་དང་། སྙན་དར་ཁ་ཡིག །ཀ་གཞི་སྨད་པས་མཚན་བརྗོད་བརྐོས་པའི་པར་བྱང་། གཞུང་གི་རྒྱ་ནག་ཏུ་ཐགས་སུ་འཐག་རྒྱུའི་སྙན་ཤལ་ཁ་བྱང་རྣམས་བྲིས། འདི་གའི་མི་སྣ་གཉིས། གྲ་ཚང་གཉེར་པ། གནས་ཆུང་སྐུ་རྟེན་པ་རྣམས་ལ་ཚེ་དབང་དང་དེ་སྟེང་སེམས་དཔའ་ཆེན་པོ་གྲ་སློབ་བཅས་པར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་བསྐུར་ནས་ཤར་པ་ཆོས་རྗེའི་མི་སྣ་གཉིས། མེ་རག་བླ་མ། གོང་མའི་མི་སྣ་རྒན་གཞོན་འགྲུལ་སྡེབས་སོགས་ལ་ནང་རྟེན་རགས་རིམ་གྱི་མཇལ་ཁ་བཏང་། དགའ་ལྡན་གསུང་རབ་གླིང་པ་དཀའ་བཅུ་བློ་བཟང་མཆོག་ལེགས་དང་། དཀའ་བཅུ་བློ་བཟང་དར་རྒྱས་ཀྱིས་མཛོད་རྩ་འགྲེལ། སྦྱིན་པ་རིན་ཅེན་གྱིས་དབུ་མ་རྩ་འགྲེལ། བློ་བཟང་སངས་རྒྱས་རྒྱ་མཚོ། བློ་བཟང་རབ་འབྱོར།


GLG007_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྒྱ་མཚོ། བློ་བཟང་ནོར་བུ། བློ་བཟང་བློ་བརྟན་རྣམས་ཀྱིས་ཕར་ཕྱིན་འགྲེལ་པ་བློ་བཟང་དགོངས་རྒྱན་གྱི་ཐལ་ཕྲེང་། ཆོས་འཁོར་ཡང་རྩེ་བ་བསམ་གཏན་རྒྱ་མཚོས་དབུ་འགྲེལ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་རྣམས་ཀྱི་རྒྱུགས་སྤྲད། ཉེར་བདུན་ལ་ཞང་སྟོན་རི་ཁྲོད་པ་དང་ཀ་རུ་བླ་མ་སོགས་དང་ཕྲད། ཉེར་བརྒྱད་ནས་གནམ་གང་བར་ཆ་གན་ནོ་མུན་ཁན་གྱི་སྐུ་སྐྱེ། ཨ་མདོ་ཨ་རྒྱ་ནང་སོ་དཔལ་ལྡན་རྒྱ་མཚོ། འུ་དུ་སུ་ཐའི་ཇི་དང་། པཎྜི་ཏ། པཱ་རས་ཆོས་ལུང་ཆོས་རྗེ་དཔལ་འབྱོར་བཟང་པོ་སོགས་བསྙེན་རྫོགས་ཆིག་བརྒྱ་ཞེ་དྲུག །ཏྲེ་བོ་སྐུ་སྐྱེ་སོགས་དགེ་ཚུལ་བཅོ་བརྒྱད། དགེ་ཚུལ་མ་གཉིས་རྣམས་བསྒྲུབས། སྡེ་པས་ངེད་རང་རིང་པོར་འཚོ་ཆེད་གསུང་རབ་གླིང་པ་ཉིས་བརྒྱས་ཞག་བཅུའི་བར་བརྒྱད་སྟོང་པ་ཆིག་སྟོང་ལྔ་བརྒྱ། སྒར་གྲ་ཚང་པ་བཞི་བཅུ་སྐོར་གྱིས་གཟུངས་འདུས་ཞག་ཤས་སྒྲོགས། ལྷོ་བྲག་སྲས་ཀྱི་དབེན་གནས་འདི་པཎ་ཆེན་ནཱ་རོ་པ་ཆེན་པོའི་དངོས་སློབ་སྐད་གཉིས་སྨྲ་བའི་སྐྱེས་མཆོག་མར་པ་ལོཙཱ་པ་ཡབ་སྲས་ཀྱི་བསྟི་གནས་མཆོག་ཏུ་གྱུར་པ་ཡིན་ཅིང་བསིལ་ལྡན་ལྗོངས་འདིར་རྒྱུད་ཐམས་ཅད་ཀྱི་ཡང་རྩེ་དཔལ་གསང་བ་འདུས་པའི་བཤད་སྲོལ་རྣམ་དག་ཅིག་ཚུགས་ན་འཕགས་ཡུལ་དབུས་འགྱུར་འཆང་ནས་ཐོག་མར་རྒྱུད་ཆ་ལག་དང་བཅས་གདན་འདྲེན་མཛད་པ་པོ་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཡིན་གཤིས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཐུ་ལས་གངས་ཀྱི་ར་བས་བསྐོར་བའི་སྨན་ལྗོངས་ཆེན་པོར་གསང་སྔགས་ཕྱི་འགྱུར་གྱི་བསྟན་པ་རིན་པོ་ཆེ་དཀར་ཆའི་ཟླ་བ་ལྟ་བུར་འཕེལ་བའི་


GLG007_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ཆེ་བར་མངོན་ནའང་སྔ་སོར་མ་བྱུང་འདུག་པ་ད་སྒོས་གསང་བ་འདུས་པ་གཙོ་བོར་གྱུར་པའི་སྔགས་གྲའི་ཆོས་སྡེ་ཞིག་སྐབས་སུ་བབས་པས་ཆོས་འཁོར་རྒྱལ་གྱི་གྲ་ཚང་གི་ཡ་གྱལ་སྒར་པ་གྲ་ཚང་འཕོ་སྐྱས་བྱས་ཏེ་གྲ་ཚང་གསར་བཙུགས་དགའ་ལྡན་གསང་སྔགས་བདེ་ཆེན་དུ་གྲགས་པའི་རྒྱུན་གྱི་གཏོང་སྒོ་འདེབས་གཤོར་མཁའ་རུ་ཞེ་གཅིག་གི་སྲས་སྐུ་མཁར་གྱི་ལྕགས་ཁྲ་ལྷ་ཁང་དུ་རྗེ་མར་པའི་སྐུ་འདྲ་རྩ་རིས་མ་གཙོར་གྱུར་གྱི་མཆོད་མེ་ཉིན་ཁྱོངས་སྡོང་རྐང་གསུམ་རེས་མཚོན་མཆོད་པ་སྣ་ལྔ་གསུམ་རེ་དང་། དྲི་གཙང་ཁང་བྱང་ཆུབ་སྙིང་པོ་སོགས་མཆོད་ཁང་གསུམ་དང་། གྲོ་བོ་ལུང་གི་རྗེ་མར་པའི་གདུང་ཁང་བཅས་པར་མཆོད་པ་ལྔ་ཚར་རེ། མར་མེ་ཉིན་ཁྱོངས། ཁྱམས་ཀྱི་ལྷ་མོའི་བྲིས་སྐུ་ཤངས་མཚལ་མ་དང་། མགོན་ཁང་དུ་མཆོད་པ་ལྔ་ཚར་སྒྲོན་ཆས་ཆང་ཕུད་དང་བཅས་པ་རེ། རྒྱུན་གཏོང་གསར་བཙུགས་གྲ་ཚང་གཞན་ལས་དཔངས་བསྟོད་པའི་ཆོས་ཐོག་ཟླ་བ་བཅུའི་ཕོགས། བླ་གཉེར་སྒེར་གཡོག་ལས་བྱེད་རྟ་ནོར་གྱི་རྫི་བོ་བཅས་པར་ལོ་འཁོར་མགྲོན་ཐེབས། བླ་གྲ་ཁྱོན་དྲུག་ཅུ་རེ་བཞི་ལ་ནར་མར་ཇ་གཉིས་དང་ཐུག་པ་གཉིས། ཟླ་བ་ངོ་རེ་བཞིན་གྱི་ཚེས་གསུམ་ལ་བསངས་དང་བསྟན་གསོལ། ཚེས་བཅུར་དཔལ་ལྡན་སྲིད་གསུམ་བདག་མོ་གཙོ་གྱུར་གྱི་བསྐང་གསོ། ཚེས་བཅུ་བཞིར་རྗེ་བཙུན་མི་ལའི་དུས་མཆོད་སྣ་ལྔའི་མཆོད་པ་འཕར་རེ། ཚོགས་སུ་ལས་གཤིན་གཙོར་བཏོན་གྱི་བསྐང་བ། ཚེས་ལྔར་ཤར་ཕྱོགས་རྒྱལ་རིགས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ། བརྒྱད་ལ་པཎ་ཆེན་དགེ་འདུན་གྲུབ་པ་དང་ཀུན་མཁྱེན་དགེ་


GLG007_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་རྒྱ་མཚོ། བཅོ་ལྔར་མར་པ་ལོ་ཆེན། ཉེར་བདུན་ལ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་རྣམས་ཀྱི་སྐུ་མཆོད་ལ་མཆོད་པ་འཕར་མ་རེ་དང་བཅས་གསང་བ་འདུས་པའི་བདག་མདུན་བུམ་གསུམ་བདག་འཇུག་སོགས་ཆ་ཚང་ཚར་རེ། སྔར་རྒྱུན་འདུག་པ་བཅས་ཚེས་བདུན་བརྒྱད་དགུ་གསུམ་ལ་དཔལ་མགོན་ཞལ་གཙོར་བྱས་ཀྱི་བསྐང་གསོ། ཉེར་དགུར་ཕྱག་དྲུག་པ་གཙོར་བཏོན་གྱི་བསྐང་བ་རྣམས་ཆག་མེད། ལོ་སྟར་གྱི་ཟླ་བ་དང་པོའི་ཚེས་གཅིག་ལ་ལོ་གསར། བཞི་པའི་ཚེས་བརྒྱད་ནས་བཅོ་ལྔའི་བར་གསང་འདུས་ཀྱི་སྒྲུབ་མཆོད་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པ། དྲུག་པ་དང་བདུན་པའི་ཚེས་བཅོ་ལྔར་དཀར་མེ་བསྐུལ་ཆང་གི་ལྟད་མོ་སོགས་ཀྱི་གཏོང་སྒོོ། བཅུ་པའི་ཉེར་ལྔ་མཆོད་པ་ཆེན་མོར་ཉེར་སྤྱོད་ལྔ་བདུན་ཚར། བཅུ་གཅིག་པའི་ཉེར་དགུར་བསྟན་སྲིད་སྤྱི་རིམ་དང་། བཅུ་གཅིག་པ་དང་བཅུ་གཉིས་པ་གང་རུང་ལ་གཏོར་གཞི་སྤོ་བའི་བསྐང་གསོ་ཉིན་གང་མ། བཅུ་གཉིས་པའི་ཉེར་དགུར་ལོ་འཇུག་གཏོར་རྒྱག་རྣམས་སྒྲིགས་ཆུག་གི་གཏོང་སྒོ་མཐའ་དག་གི་རྒྱུར་སྤེལ་གསར་རྒྱུ་ལྔ་མི་སེར་བསྡད་གྲོང་རེ་ལྔ། འབབ་འབྲུ་ཁལ་ཉིས་སྟོང་དགུ་བརྒྱ་དོན་དགུ། མར་ཁལ་བཞི་བརྒྱ་བཅོ་བརྒྱད། ཐབ་གདན་འདྲེན་དཔྱད་སོགས་ཀྱི་དངོས་པོ། རུ་བ་ཁག་གཅིག །ཇ་ཕོགས་པོ་ཏ་ལ་དང་ལྷ་ས་གང་རུང་གི་འཕྲལ་བདེ་ནས་དམར་འདེགས་ཁལ་ང་བཞི་རིམ་སྤྲོད་ཇི་སྲིད་བསྐལ་པའི་བར་དང་། གྲོ་བོ་ལུང་དགོན་སྨད་ཀྱི་བཙུན་མ་རྙིང་པའི་ཐོག་ཕུ་དཀར་དང་མགར་


GLG007_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་གི་བཙུན་མ་བསྒྲིལ་བ་བཅས་ཉེར་ལྔ་སྐོར་གྱིས་དགོན་གནས་ཁ་འཛིན་ལེ་ཤོར་མེད་པའི་སྲ་ཐང་ཟེགས་འཐོར་ཟོམ་ལུས་མ་བྱུང་བའི་ངོས་རིམ་གྲོ་སྒྲུབ་དགོས་ཀྱི་གཏོང་སྒོ་ཟླ་བ་ངོ་རེ་བཞིན་ཚེས་བཅུ། བཞི་པའི་ཚེས་གཉིས་ནས་བཅུ་དྲུག་གི་བར་སྨྱུང་གནས། བདུན་པའི་བཅོ་ལྔ་སྐོར་ལ་དཀར་ཐོག་པ་བརྒྱད་ཅུ་སྐོར་གྱི་གཏོང་སྒོ། བཅུ་གཅིག་པའི་ཉ་སྟོང་གཉིས་ལ་ཡིག་དྲུག་ཉིན་གང་མ་རེ། བཅུ་གཉིས་པའི་བཅོ་ལྔ་ནས་ཉིན་གསུམ་སྨོན་ལམ་རྣམ་གསུམ་འདོན་ཞིང་མཆོད་ཆས། ཚ་ར། ཇ་ཐུག་སོགས་ལྡངས་པ་སྦྱར། ཟངས་ཕུག་གི་རྟོགས་ལྡན་རྣམས་གཉའ་གཉར་བསྒྲིལ་པའི་ཟངས་ཕུག་རང་དུ་སྟག་ལུང་གྲ་ཚང་གི་གྲ་རྙིང་སྡོད་ཡུལ་བྱས་པའི་ཆོས་མཐུན་ངོས་གནས་ཀྱི་འཛིན་སྐྱོང་ལེ་ཤོར་དང་ཚུལ་སྒྲུབ་མཆོད་ཞ་ཆག་མེད་པ་གཏོང་དགོས་པའི་གྲ་པ་སོ་བཞི། ཇ་མ་གཅིག་བཅས་པར་ཟླ་རེ་བཞིན་ཚེས་བཅུ་དང་བཅོ་ལྔར་བདེ་དགྱེས། དྲུག་པའི་བཅོ་ལྔར་དཀར་ཐོག །བཅུ་གཉིས་པའི་ཉེར་བདུན་ནས་དགུའི་བར་བསྐང་གསོ་རྣམས་ཀྱི་མཆོད་རྫས། ཇ་ཐུག་འཕར་དང་། ལོ་འཁོར་གྱི་ཕོགས་སོགས་འཚེམས་མེད་འགྲོ་རྩིས་སྟོན་མར་ཕུ་དཀར་དང་། མགར་ཚང་གི་ཞིང་། གཤོར་འདེབས་ཀྱི་འཛིན་ཟུར་གསལ་ལྟར་ཇི་སྲིད་བར་དང་། གཉའ་ཟངས་མགར་གསུམ་བསྒྲིལ་བའི་སྒྲུབ་པ་བ་ཁྱོན་བཅོ་བརྒྱད་དགོན་གནས་ཁ་འཛིན་ལེ་ཤོར་མེད་ངོས་ཚེས་བཅུ། བཅོ་ལྔ། དགུ་གཏོར་གསུམ་ཆག་མེད། དྲུག་པའི་ཚེས་ལྔར་དཀར་མེ་བསྐུལ་ཆང་། བཅུ་གཉིས་པའི་ཉེར་བདུན་བརྒྱད་དགུ་བསྐང་གསོ་རྣམས་ཀྱི་


GLG007_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཆས་ཇ་ཐུག་ཚོགས་སོགས་ལྡངས་པའི་མཐུན་རྐྱེན་སྦྱར། གནམ་གང་ཞོགས་ལྷ་ལྡན་བསྙེན་གནས་མ་ཚོར་ཡན་ལག་བརྒྱད་པའི་སྡོམ་པ་ཕབ། ཧོར་ཟླ་དགུ་པའི་ཚེས་གཉིས་ལ་སྦྱོར་རའི་གྲ་པ་འཕྲིན་ལས་ཆོས་རྒྱལ་གྱིས་འབུམ་དུམ་པ་བཅུ་དྲུག་གི་རྒྱུགས་ལེགས་པར་སྤྲད་པའི་ཚར་དགར་བཀྲས་བཏགས་ཆེ་བ། གོས་ཕྱི་ནང་ཡུག་རེ། གཞུང་ཇ་ཁོར་དྲུག །རྟ་སྲང་བཞི་རི་བ་སོགས་དགུ་ཚན་དཔུས་གཙང་བྱིན། ཚེས་དྲུག་ལ་བྱམས་ཁང་རྒྱབ་ཕོ་ལྷས་བཞེངས་པའི་བཀའ་འགྱུར་ལ་རབ་གནས་རྟ་ཐོག་མ་བགྱིས། ཡོང་ཤ་པོ་ཀུན་དའི་ཆིང་གི་བུ། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་མི་སྣ། བལ་པོ་ཁོ་ཁོམ་གྱི་ཁྲི་འབུལ་མི་སྣ་བྷོ་ལཱ་གི་དང་། ལ་ཧོར། ས་དཀར་འགོ་པ་རྡོ་རྗེ་སྐྱབས་ནང་མི་ལྔ་སོགས་ལ་ཇ་གྲལ། ཡོང་ཤ་པོས་རྟ་སོ་གསུམ་དང་། འབའ་བླ་ཟུར་གྱིས་དྲེའུ་དགུ །ས་དཀར་འགོ་པས་ཇ་ཁོར་དྲུག་ཕྱེད་ཉིས་བརྒྱ་སྐོར་བྱུང་། ཚེས་བརྒྱད་ལ་རྡོ་རྗེ་བྲག་སྤྲུལ་པའི་སྐུ་ཕེབས་པ་དང་མཇལ། ཚེས་དགུར་གུར་དྲག་ཕུར་པ་སོགས་སྒྲུབ་པར་རིགས་འཛིན་སྤྲུལ་པའི་སྐུས་རབ་གནས་གནང་། གཞུང་གི་ཚོང་དཔོན་དཔལ་གྲོ་བ་ཅན་ཉི་ཤུ་སྐོར་དང་ཕྲད། ཚེས་བཅུར་གནས་བརྟན་འཇམ་དབྱངས་གྲགས་པས་ཀྱང་རྟེན་རྣམས་ལ་སྒྲུབ་པ་བྱས། ཚེས་བཅུ་གཉིས་ནས་རྡོ་རྗེ་བྲག་སྤྲུལ་པའི་སྐུ་དཔོན་སློབ་ཀྱིས་ཚེ་དཔག་མེད་སྐུ་གསུམ་རིགས་འདུས་དང་། ཀི་ཀང་གི་དགྲ་མནན་བདུན་ཕྲག་རེ་སྨིན་རྒྱས་གནང་། སྡེ་པ་སངས་རྒྱས་རྒྱ་མཚོའི་


GLG007_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོར་རྟེན་གྱི་ཚོན་ཐང་བཅོ་ལྔ་དང་རྟ་མགྲིན་གསང་སྒྲུབ་རྣམས་གསེར་བྲིས་གཟབས་མཆོར་གོང་གཤམ་བཟང་གོས་སུམ་འཇག་མཐོང་འཇུག་ལ་ཧོར་གོས། ཞལ་ཁེབས་ཉིས་བརྩེགས། ཏོག་གསེར་ཚགས་བཅས་དཔུས་གཙང་གི་རྒྱུ་དང་ཕོགས་ཡོན་བསྡོམས་གཤོར་ཁལ་སུམ་སྟོང་ལྔ་བརྒྱ་ལྔ་བཅུ་སོང་བའི་རྒྱབ་ཡིག །གཅུང་ཀུན་དགའ་ཚུལ་ཁྲིམས་ཀྱི་ངོར་རིང་འཚོའི་ཚིགས་བཅད། དགེ་སློང་ཡེ་ཤེས་ཕུན་ཚོགས་ཀྱི་སློབ་མ་རྣམས་ཀྱིས་བསྐུལ་བའི་སྐྱེ་བ་མྱུར་འཛིན་དང་། བླ་མ་ངག་དབང་དོན་ལྡན་གྱི་ངོར་ངེད་རང་གི་མིང་སྒྲ་ཡོད་པའི་སྨོན་ལམ། ཁམས་པ་རྫོགས་ཆེན་པདྨ་རིགས་འཛིན་དང་། མངའ་རིས་གུང་ཐང་སྒྲ་པ་བཤེས་གཉེན་རྣམ་རྒྱལ་སོ་སོར་གདམས་པ་རེ། དམག་དཔོན་གངས་ལ་ཉི་ཤར་གྱིས་བཀའ་འགྱུར་དང་འབུམ་བཞེངས་པའི་དཀར་ཆག །དཔལ་གྲོང་སྔགས་རམས་པས་རྩེད་ཐང་ལྔ་མཆོད་པར་དུང་དཀར་དངུལ་གཤོག་མ་ཆ་ཕུལ་བའི་ཁ་བྱང་། སྟག་ལུང་གདན་ས་ཀ་དྲུག་པ་ངག་དབང་དཔལ་བཟང་གིས་འདྲ་འབག་དང་རྟ་ཚག་རྗེ་དྲུང་རིན་པོ་ཆེའི་ཐུགས་དམ་རྟེན་ཐང་རྒྱབ་ཡིག །འཕྱོང་རྒྱས་དཔལ་རི་སློབ་དཔོན་ལེགས་ལྡན་འོད་ཟེར་སོགས་སྤྱི་ཚོགས་ཀྱིས་བསྐུལ་བའི་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལས་བྱང་ཁྲག་འཐུང་རོལ་པའི་གད་བརྒྱངས། ཁོ་ཁོམ་རྒྱལ་པོས་མི་སྣ་ཆེད་དུ་མངགས་པའི་ལན་སྙན་ཚིག་གི་ལམ་ནས་དྲངས་པའི་ལྷུག་པ་རྣམས་བརྩམས། ཆོས་འཁོར་ཡང་རྩེའི་གྲ་པ་དཀའ་བཅུ་བསྟན་པ་ཡར་འཕེལ་གྱིས་ཕར་ཕྱིན་འགྲེལ་པ་བློ་བཟང་དགོངས་རྒྱན་གྱི་རྒྱུགས་སྤྲད། ཚེས་


GLG007_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བདུན་ནས་བདུན་གཉིས་ཀྱི་བར་ཕྱི་ཐལ་གྱི་མཚན་མ་ཤར་བར་དམིགས་ཡང་ཟབ་གྲོ་བོ་ལོད་ཀྱི་དགེ་སྦྱོར་ལ་གནད་དུ་བསྣུན། ལོ་སྟར་གྱི་མང་སྐོལ། ཁྲོ་རོལ། འཆར་ཀ །མགོན་པོ་གཡུལ་བཟློག་སོགས་བཟློག་འཕེལ་འཆར་ཅན་སྟེང་འདི་ལོ་ནས་ཀོང་རྩེ་ལ་སྒང་དུ་རྩེ་ལེ་བས་ཁྲོ་རོལ་སླང་དགུ་མ། བུ་ཆུར་གནམ་གོང་པས་སླང་གང་མ། རིན་སྤུངས་སུ་ཆུ་སྤེ་སྟེང་པས་སླང་དགུ་མ་དང་འཆར་ཀའི་གཏོར་བཟློག་རྒྱབ་ཆོས་སོགས་སྔོན་མ་རྣམས་དང་འདྲ་བ་བཅུགས། ཚེས་བཅུར་དུས་མིན་གྱི་ཆར་བབས་པར་བརྟག་པར་བསྟན་འཛིན་དང་ནད་རིམས་སོགས་ལ་ཅུང་ཟད་བལྟ་བ་བཟློག་རིམ་དུ་སེར་འབྲས་དགེ་གསུམ་གྱིས་གཙོས་དགེ་དགོན་ཉིས་བརྒྱ་ལྷག་བཅས་ལ་མང་ཇ་རེའི་ཐོག་ཤེར་སྙིང་། དབུས་གཙང་གི་རྫོང་གཞིས་བཞི་བཅུ་སྐོར། སྡེ་དཔོན་ཁག །ཡུལ་མི་བྱིངས་དང་བཅས་པས་ལྷ་བསངས། དགྲ་ལྷ་དཔངས་བསྟོད། གཟུངས་འདུས། ལན་ཆགས་གཏོར་མ་སོ་སོས་གང་འགྲུབ། བསྟན་སྲིད་ལ་རྒྱ་དང་སྟོད་ཀྱི་ཇུས་རིམ་ལ་གཞིས་རྩེར་ཞ་ལུ་པ་དང་། ཕོ་བྲང་དུ་བཀྲ་ཤིས་རྩེ་ཆོས་སྡེ་བས་གདུགས་དཀར་མདོས་ཆེན། གཞིས་རྩེར་སྒྲོལ་མ་བ། ངམ་རིང་དུ་བཀྲ་བཟང་པ། ལྷ་རྩེར་ཆུ་མིག་པ་རྣམས་ཀྱིས་སྒྲུབ་ཞག་བདུན་རེར་ཁྲོ་རོལ་སླང་དགུ་མའི་གཏོར་བཟློག །ངེད་རང་གི་རིམ་གྲོར་ཞོལ་དུ་རྡོ་རྗེ་བྲག་པ་གྲ་སློབ་བཅོ་ལྔས་སྐུ་གསུམ་རིགས་འདུས་ཀྱི་ཚེ་ཆོག་བདུན་གཅིག །ལྷ་ས་དཀྱིལ་འཁོར་སྡིངས་སུ་བདེ་ཡངས་པ་བརྒྱས་ཞག་བཅུའི་བར་སྨན་བླ་དང་ལྟུང་བཤགས་འགྲོ་གང་ཆེ། ངེད་


GLG007_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རྨི་ལྟས་ངན་པ་ཞི་ཕྱིར་གོང་དཀར་དུ་གསུང་རབ་གླིང་པ་བརྒྱས་སྨན་བླ་ཆིག་སྟོང་བཅོ་ལྔ། ལྷ་སར་སྦྲུལ་ལོ་པ་སོ་དགུ་ཡན་རེ་དྲུག་ལ་སྟོན་མོ། སྡེ་པ་ལའང་སྦྲུལ་ལོ་པ་ཉེར་བརྒྱད་མན་ལོ་གྲངས་ལ་སྟོན་མོ། ལྷ་ས་དང་ར་མོ་ཆེར་མཆོད་པ་སྣ་ལྔ་བརྒྱ་ཚར། ལྷ་ས་དཀྱིལ་འཁོར་སྡིངས་སུ་སྔགས་པ་གྲ་ཚང་ལྔ་བཅུས་སྨན་བླ་ཆིག་སྟོང་ལྔ་བརྒྱ། ན་མཉམ་སུམ་ཅུར་ཟས་གོས་སྦྱིན་པ། ལྷ་སའི་ཁྲལ་འཐེན་གང་ཡིན་ལ་ཡ་ཇུ་མཁར་ཉག་གསུམ་རེའི་འགྱེད། གྲ་ཚང་གྲ་པ་གྲངས་བཅད་ཀྱིས་རྒྱལ་རྫོངས་བཅས་བཏང་། འཕྱོང་རྒྱས་སུ་དཔལ་རི་བ་གྲ་སློབ་བརྒྱ་དང་བཅུ་གསུམ་གྱིས་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ཆོ་ག་ཚར་གསུམ་རེ་བཀའ་སྲུང་ཆོས་སྐྱོང་གི་བསྐང་བ་ཚར་རེ་ལོ་སྟར་ཟླ་བ་དགུ་པའི་ཉེར་བདུན་ལ་ཆག་མེད་གཏོང་བའི་མཆོད་པ་སོགས་བསྡོམས་ཁལ་ཆིག་བརྒྱ་ཉེར་གཉིས་སྦྱར། ཚེས་བཅུ་དགུར་རིགས་འཛིན་སྤྲུལ་པའི་སྐུའི་བཅད་རྒྱ་གྲོལ་ནས་ཚེ་རྫས་དང་བཅས་བྱོན་ཏེ་གསུང་རྩོམ་གྱི་རིང་འཚོའི་ཚིགས་བཅད་བྱུང་ཞིང་རྫས་ལ་ལོངས་སྤྱད། གྲ་ཚང་གིས་ཉིན་དང་པོར་ཕྱག་དྲུག་པ། རྣམ་སྲས། ལས་གཤིན། དམག་ཟོར་མ། བསྟན་མ་རྣམས་ཀྱི་བསྐང་གསོ་ཆིག་སྟོང་ཉིས་བརྒྱ་རེ། ཉིན་གཉིས་པར་གུར་ལས་མཁན་བེག་ཙེ་དང་བཅས་པའི་བསྐང་བ་སྟོང་བརྒྱད་བརྒྱ་རེ། ཞལ་བསྐང་ཉིས་སྟོང་བཞི་བརྒྱ་རྣམས་སོང་། ཧོར་ཟླ་བཅུ་པའི་ཚེས་གཅིག་ལ་བཅད་རྒྱའི་འོག་རིགས་འཛིན་སྤྲུལ་པའི་སྐུ་ཁེར་རྐྱང་དང་མཇལ་ཞིང་ཕེབས་རྫོངས་རྒྱས་པར་ཞུས་ཏེ་དཔལ་མགོན་ཞལ་ལ་བརྟེན་པའི་བཀའ་བསྒོ་


GLG007_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། ཡང་བཟློག་གི་ལས་སྦྱོར་ཆེན་མོ་བཙུགས། རྒྱལ་ཐང་པ་སྟོད་ནས་འཁོར། ཚེས་བཞིར་ཐར་པ་མ་བུ་རྣམས་ལ་བྱིན་རླབས་དང་བཀའ་བསྒོ་བྱས། ཚེས་ལྔ་ནས་བཟུང་ཉིན་དགུའི་བར་བདུད་རྩི་ཆུ་ཚན་བརྒྱབ་པའི་ཁུ་བ་སྨན་ཆུ་དང་གསང་ཡིབས་གཉིས་ཀ་ནས་རེས་མོས་ཀྱིས་བླངས། སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོ་སྟོད་དུ་དགའ་ལྡན་ཚེ་དབང་གི་སར་གང་ཅིར་གྲོས་བསྡུར་དང་ལ་དྭགས་པ་བློ་ཁུགས་ཀྱི་དོན་དུ་བརྫངས། ཐར་པའི་མ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་བསྔོ་རྟེན་ལ་གོས་ཡུག་ཞེ་ལྔ། རྟ་སྒ་ཆས་སྤྲད་པ་དགུ །ཇ་ཀོ་དྲ་དང་ཁོར་དྲུག་སོགས་དངོམ་ཆེ་བ་བཏེག་པ་ལྟར་གནས་སྐབས་མཐོ་རིས་དང་རིང་མིན་རྣམ་མཁྱེན་ཐོབ་པའི་རྒྱུར་བསྔོས། ཚེས་བཅུར་ཆོས་འཁོར་ཡང་རྩེ་བ་ངག་དབང་སྦྱིན་པས་ཕར་ཕྱིན་འགྲེལ་པ་བློ་བཟང་དགོངས་རྒྱན་དང་། ཤེལ་དཀར་ཆོས་སྡེ་བ་བློ་བཟང་འབྱོར་ལྡན་གྱིས་དབུ་འགྲེལ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཀྱི་རྒྱུགས་སྤྲད། ཚེས་བཅོ་ལྔར་ཆོས་མཛད་ངག་དབང་འཕྲིན་ལས་ཀྱི་ངོར་ལོ་ཆེན་ངག་དབང་ཆོས་དཔལ་གྱི་བརྟན་བཞུགས། སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་གྱི་རྡོ་རྗེ་ཕྲེང་བ་དང་ཀྲྀ་ཡ་ས་མུཉྩ་གཉིས་ཐུན་མོང་གི་བརྒྱུད་པའི་གསོལ་འདེབས། ས་དཀར་འགོ་པ་རྡོ་རྗེ་སྐྱབས་ཀྱིས་བསྐུལ་བའི་གནས་ཆུང་ཆོས་སྐྱོང་གི་སྒེར་གསོལ་ལས་བཞི་ལྷུན་གྲུབ། དར་མོ་སྨན་རམས་པས་སྟོན་པ་ལྔར་གཡུ་ཐོག་གསར་རྙིང་གི་རྣམ་ཐར་གྱིས་བསྐོར་བ་དང་། རྣམ་སྲས་གཙོ་འཁོར། སྨན་བླ། སྒྲོལ་དཀར་གྱི་སྟོང་ཐང་རྣམས་ཀྱི་རྒྱབ་ཡིག །


GLG007_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་ཆེན་དང་རི་བོ་བདེ་ཆེན་དབུ་མཛད་གྱི་ངོར་སྤྲུལ་སྐུ་ངག་དབང་ཀུན་དགའ་བདེ་ལེགས་ཀྱི་བརྟན་བཞུགས། ཆང་ཁྱིམ་པ་སྤུན་ཀྱིས་བསྐུལ་བའི་འཕྱོས་སྒྲིབ་བཙན་པའི་གསོལ་མཆོད་རྣམས་བཀོད། ཚེས་བཅུ་བདུན་ལ་ས་དཀར་འགོ་པ་རྡོ་རྗེ་སྐྱབས་ཀྱིས་ཟང་ཟིང་གི་བདོག་པ་འགྱེད་དང་བཅས་གྲ་ཚང་ནས་འབྲས་གཤོངས་དག་སྣང་མའི་སྒོ་ནས་ཚེའི་རྟེན་འབྲེལ་བསྒྲིགས། རྩེ་གདོང་ཞབས་དྲུང་རྒྱན་ངག་དབང་རིག་འཛིན་དབང་པོ། འབྲོག་བསམ་སྡིངས་སྤྲུལ་སྐུ། བྱང་རྩེ་ཆོས་རྗེ། བཟང་ལྡན་མཁན་པོ། གསེར་མདོག་ཅན་མཁན་ཟུར། སེ་ར་བསྟན་འཛིན་སྐུ་སྐྱེ། ཁམས་མེ་རག །སྒོམ་བདེ། ལྡན་མ་བྲའུ། མདོ་མཁར་ཆོས་སྡེ། ལྷ་རྩེ་ཆོས་སྡེ་རྣམས་ཀྱི་བླ་མ། འབའ་བླ་ཟུར། སྡེ་པ་མདོ་མཁར་བསྟང་ཞལ། ཞང་སྟོན་མདའ་པ་སོགས་དང་མཇལ་ཕྲད། ཐམས་ཅད་ལ་ལུགས་གཉིས་དང་འབྲེལ་བའི་གང་འཚམ་གྱི་དྲི་བ་བྱས། སྒོམ་བདེ་ནང་ཆེན་པའི་རྟ་ལྔ་བཅུ་དང་། ལྡན་མ་བྲའུ་བླ་མའི་བརྒྱད་བྱུང་བ་གྲོལ་ནས་ཆ་གན་ནོ་མུན་ཁན། དབུ་སྒོར་ཆུང་བ། དཔོན་མོ་ན་མ་ཐར། ནོ་ཡོན་དཀའ་བཅུ། ཐར་པའི་མིང་སྲིང་། ཨུ་ཞང་བུ་བཅས། ཨ་ར་ན་ཁ་ཤོའུ་ཐའི་ཇའི། དཔོན་མོ་ཚེ་རིང་། འུ་དུ་སུ་འཇམ་དབྱངས་ཐའི་ཇི་ད་ལའི་ཧུང་ཐའི་ཇི་དང་བསོད་ནམས་ཧུང་ཐའི་ཇི་སོགས་ཀྱི་མི་སྣ། ཨ་མདོ་བྱ་ཁྱུང་སྐུ་སྐྱེ། ཨ་རིག་ཕུན་ཚོགས། བདེ་ལེགས་རྒྱ་མཚོ། དབོན་པོ་བསོད་ནམས། ཨ་རིག་གནས་པོ།


GLG007_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མདོ་ཁྱུང་མོ། ཨ་མདོ་དཀའ་བཅུ་སོགས་ལ་བྱིན་རླབས་དང་བོད་སོག་ལྔ་བརྒྱ་སྐོར་ལ་བདེ་ཡངས་སུ་མེ་ཏོག་གཏོར། བྱ་ཁྱུང་སྐུ་སྐྱེས་རྟ་སོ་གསུམ། ཨ་རིག་ཕུན་ཚོགས་ཅན་གྱིས་ཞེ་བཞི་རྣམས་བྱུང་། ཆོས་རྗེ་ཀྱི་སྟོན་པ་ཁུ་ཚན། བན་གྲོང་པ་ཕ་བུ་ལྔ། ཤྲཱི་ལོ་པཎ་པ་སོགས་ལ་ཇ་གྲལ་དང་། བན་གྲོང་པ་གྲ་བཅས་ཀྱི་སྐྲ་ཕུད་བླངས་ཤིང་སྤོ་བོའི་མིང་འཇམ་དཔལ་དབང་གྲགས་ཟིལ་གནོན་རྣམ་རོལ་ཏུ་བཏགས། མི་ངོ་ཚོར་ཡང་བཟློག་རྣོན་པོ་ནང་གཅོད་ཀྱི་དབང་བསྐུར། དཔོན་ཐར་པར་བཀའ་བསྒོ་བྱས། ཚེས་བཅོ་བརྒྱད་ལ་སྡེ་པ་མདོ་མཁར་བས་ཚན་གྲངས་རིང་པོར་བརྐྱང་འགྱེད་ཚོགས་ཡོན་སྦྱར་ཏེ་གྲ་ཚང་ནས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་རྟེན་འབྱུང་བསྟར། ཀྱི་སྟོན་པ་ཁེར་རྐྱང་དང་ཕྲད་ཅིང་དྲི་བ་ཁ་ཤས་བགྱིས། ཉེར་གསུམ་ནས་ཁྲོ་རོལ་ཚེ་བདག་བསྟན་མདོས་སོགས་སྔར་བཞིན་བཙུགས། ཀེག་སྐོར་མི་སྔགས་པ་ལྷུན་གྲུབ་དང་ངག་དབང་འབྱོར་པ་དང་ཕྲད། གནས་ཆུང་ནས་སྤྲུལ་པའི་ཆོས་རྒྱལ་ཆེན་པོས་ཤར་ལྷོ་མཚམས་སུ་བཟློག་བསྒྱུར་དགོས་ཚུལ་ལྟར་སེར་འབྲས་གཉིས་སུ་ཇ་ཚུལ་བརྒྱད་རེའི་ཐོག་མདོ་སྒྲུབ། ཉེར་བཞིར་རྩེ་གདོང་ཞབས་དྲུང་། ཁམས་རི་བོ་ཆེའི་ཞབས་དྲུང་ཡབ་སྲས་གསུམ། ཀྱི་སྟོན་པ་ཁུ་ཚན། ས་དཀར་འགོ་པ་ནང་ཚང་། བྱིང་པ་བློ་བཟང་ཆོས་ལྡན་སོགས་ལ་ཚེ་དཔག་མེད་འཆི་མེད་དཔལ་སྟེར་གྱི་དབང་བསྐུར། རྩེ་གདོང་། རི་བོ་ཆེ། རྒྱུད་སྨད་དང་གསང་


GLG007_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་སློབ་དཔོན་སོགས་ལ་ཇ་གྲལ་ཐོག་ཞབས་དྲུང་རྣམ་གཉིས་ལ་གོས་ཕྱི་ནང་དཀར་དཔྱད་ཇ་སོགས་ཤངས་ལེན་གཟབས་ཏེ་དབུལ། རྩེ་གདོང་ཞབས་དྲུང་རིན་པོ་ཆེར་ཕྱི་ནང་གསང་བའི་ཉེར་འཚེ་ལས་རྒྱལ་བའི་ཆེད་མགོན་པོ་ཆེ་ཆུང་ལས་མཁན་དང་བཅས་པའི་སྒོ་ནས་བཀའ་བསྒོ་རྒྱས་པར་ཕུལ། ཚོམས་ཆེན་སྟེང་དུ་བོད་སོག་ཉིས་བརྒྱ་སྐོར་ལ་མེ་ཏོག་གཏོར། བསོད་ནམས་དབང་རྒྱལ། མ། དཔོན་མོ། ཐོས་པ་དགའ། ཐུ་མེད་བསྟན་པ་ཐའི་ཇིའི་ཚ་བོ། ཨར་ཁེ་ཆུ་ཁུར། ཐར་པའི་ལོག་མི་ཁ་ཤས་ལ་བྱིན་རླབས་དང་། མི་བཟང་གཉིས་དགེ་བསྙེན་དུ་སྒྲུབས། ཉེར་ལྔར་གླིང་མེ་འབྲིང་སྨད་ཙམ་བྱུང་། ཉེར་དྲུག་ལ་རྒྱལ་པོ་ཆེན་པོ་འཁོར་བཅས་བྱོན་པ་དང་མཇལ་ཁྲོད་དུ་ཀྱི་སྟོན་པ་དང་སྤོ་བོ་བན་གྲོང་པའང་ཡོད། ཉེར་དགུར་གྲོང་སྨད་དཔོན་ས་བུ་ཁྲིད་རྒྱལ་མོ་དང་དམག་ཟོར་ཚངས་དབང་མིང་སྲིང་བཅས་པར་སྨེ་བརྩེགས་ཀྱི་བཀྲུ་བྱབ་སྲུང་གསུམ། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་དང་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བྱས། བཟང་ལྡན་མཁན་པོར་ཐོན་གདོང་གི་ཇ་གྲལ་བཏང་། གནམ་གང་ལ་ཁ་རབ་མཁན་ཆེན་ལ་བྱིན་རླབས་བགྱིས་ཏེ་ཉི་ལྡོག་དང་བསྟུན་སྲུང་བཟློག་བསད་མནན་གྱི་ཟབ་གནད་ཐུན་མོང་མ་ཡིན་པ་རྣམས་ཉམས་སུ་བླངས། ཤངས་བདེ་ལེགས་པར་གསེར་སྡིངས་པས་འཛིན་པའི་ས་ཚབ་ཏུ་སྲས་ཁུད་གཞིས་ཀའི་ཁང་པ་གཡུལ་ལྡུར་ལག་འདེབས་དང་བཅས་པ་ལྕགས་སྤྲེ་སྔོ་ཐོག་ནས་མགོ་མཐོ་ཙམ་དང་། གནམ་གོང་བླ་མ་པདྨ་ལེགས་གྲུབ་རྙིང་ཁུངས་ཚད་ལྡན་བསྙེན་སྒྲུབ་གཙོར་བཏོན་གྱི་


GLG007_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་བསམ་བྱུང་ཕྱིན་རིམ་གྲོ་སྒྲུབ་རྟེན་དུ་གནམ་དགོན་ལ་གཏོགས་པའི་ཁང་པ་རྟེན་གསུམ་མཆོད་རྫས་འབབ་འབྲུ་ཁལ་དྲུག་བརྒྱ་ང་གསུམ། བླ་མ་ཆུ་སྤེ་སྟེང་པར་རིམ་གྲོའི་སྒྲུབ་རྟེན་དུ་བ་དོ་བས་འཛིན་ཤུལ་སྒྲོལ་མ་སྡིངས་ཀྱི་ཁང་པ་རྟེན་གསུམ་མཆོད་རྫས་འབབ་འབྲུ་ཁལ་བཞི་བརྒྱ་བསྐོར། དུད་འཛིན་བརྒྱད། གཏེར་སྟོན་རིགས་འཛིན་ཆེན་པོར་གྲ་ཚང་སྨིན་གྲོལ་གླིང་གི་མཆོད་གཞིས་སོགས་ལ་གྲ་ཕྱི་ཐར་པ་གླིང་དགོན་གནས་མི་སེར་དང་བཅས་ཚང་མ་རྒྱ་ཁྱོན་མི་ཆུང་ཙམ་སྔ་སོར་ནས་སོང་ཡང་ཐང་ཡིག་ནས་འགྲོ་འདུལ་གཏེར་བདག་གླིང་པར་བསྟན་པ་དང་། ལོ་ཆེན་བཻ་རོ་ཙ་ནའི་རྣམ་སྤྲུལ་རིགས་འཛིན་ཆེན་པོས་ཟབ་གཏེར་ཁ་ཤས་ཀྱི་སྒོ་འབྱེད་པར་མཛད་དེ་བོད་འབངས་སྐྱེ་འགྲོའི་འགལ་སྤོང་མཐུན་གྲུབ་ཀྱི་བླང་དོར་ཇི་བཞིན་སྟོན་པ་པོ་འབུལ་འོས་ཀྱི་ཡུལ་དམ་པ་ཡིན་པར་མ་ཟད་སྤྱིར་གཏེར་སྟོན་ཐམས་ཅད་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་གེགས་སེལ་བོགས་འདོན་གྱིས་མཚོན་གནས་སྐབས་མཐར་ཐུག་གི་སྨན་ཡོན་ཡིན་ཕྱིར་བསྟེན་དགོས་པ་རིགས་འཛིན་གྱི་གདུང་བརྒྱུད་སོགས་འབྱུང་བ་ཐང་ཡིག་ཏུའང་སངས་རྒྱས་གླིང་པར་ཁྱོད་ནས་མི་རབས་བརྒྱའམ་ཉེར་གཅིག་པར་སོགས་རྒྱ་ཆེར་གསུངས་པ་དང་། བྱེ་བྲག་གོང་སྨོས་ལྟར་ཕུགས་རིགས་སྨིན་གྲོལ་གླིང་གི་ལྷ་ཆོས་དང་འབྲེལ་བསླད་མེད་པར་གདུང་བརྒྱུད་གསང་ཡུམ་བཅས་པའི་སྐལ་བར་སྐྱིལ་རུ། དར་རྒྱས་ཁང་གསར། རྒྱལ་པོ་ན་གའི་ཆུ་སྐོར་སོགས་རི་ཀླུངས་ཀྱི་བདག་ཐོབ། དུད་ཆེ་ཆུང་ཉེར་བདུན། འབབ་འབྲུ་ཁལ་ཉིས་སྟོང་བཞི་བརྒྱ་སྐོར། རྒྱལ་སྐོར་


GLG007_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མའི་སྐྱེ་རྒྱལ་རྫོགས་ནས་གོང་མ་དང་བསྒྲིལ་བ་ལའང་གོང་འོག་ནང་ཁུལ་མ་དན་པར་འདི་གར་གཏུགས་སྦྱངས་ལ་འབྱོར་བ་རྒྱལ་སྐོར་ངོ་བོའི་བརྒྱུད་སུ་ཡིན་དང་ས་རིས་བྱིངས་ཆེ་སུར་བབས་ཐོབ་སོགས་འགལ་མཚམས་ཆེ་སར་དཀྲུགས་བཀག་ལྟ་བུའི་ཡིན་སྐྱེལ་བྱས་ཚེ་གཉིས་ཀ་ཐོག་མ་ནས་དགེ་ལུགས་པ་མིག་རྒྱང་དགོས་གྲས་བཅས་དུད་ཆེ་ཆུང་བསྡོམས་བརྒྱ་སོ་བཞི་འབབ་འབྲུ་ཁལ་དྲུག་བརྒྱ་གོ་བཞི་འདུག་པ་བགོས་ཕུད་ཡངས་པ་བྱས་ཏེ་ཕྱེད་བགོས་གྱི་རང་ཆ་དང་། ཀླུ་ཤ་གཏམ་ཤ་མིག་བཙུགས་བཅས་དེ་མོ་དབོན་པོ་བསོད་ནམས་ནོར་བུའི་ངོ་ཆེན་དང་། རྒྱལ་སྐོར་བ་བསོད་ནམས་དབང་པོ་ཞི་དྲག་སྒྲུབ་པར་དང་དོད་བྱེེད་སེམས་རེ་བ་བཅས་ཡངས་པར་བྱས་ཤིང་འོག་མའི་ཕྱེད་ཆ་གཞུང་བླངས་ཀྱི་ཕྱེད་ཆ་དུད་ཆེ་བ་སུམ་ཅུ་དང་ཆུང་བ་ཕྲན་བུ་ཡོང་འབབ་མི་གྲ་འབྲུ་ཞིང་དང་བཅས་སྐྱེས་དམན་མ་མད་ལ་འཇགས་གནས། དར་གན་དཀའ་བཅུ་བར་བཀྲ་ཤིས་རྫོང་ཁའི་ཁང་པ། ལྕང་ར་ན་གླིང་དུད་འཛིན་བཅུ་དགུ །འབབ་ཁལ་དགུ་བརྒྱ་ཉེར་བདུན། འབྲས་ཁུད། བདེ་ཆེན་རྩེའི་ས་རིས་དང་བརྗེས་པའི་འཕར་ཆ་ཁལ་གཉིས་དང་དུད་གསུམ། ཟིང་པོ་ཁང་གསར་འོག་དུད་སྟོང་དང་བཅས་པའི་ཁང་པ། འབབ་ཁལ་ཉིས་སྟོང་ཞེ་གཅིག །དུད་འཛིན་ཉེར་གཅིག་རྣམས་རྒྱ་ནག་དབོན་པོ་དང་ཟིང་པོ་བ་སྔར་ནས་ཞེ་འགྲས་ཆེས་པས་བབས་འབྲལ་ཡོད་མདོག་མ་ཁ་རུང་རྟ་ར་ཤར་པ་བཀྲ་ཤིས་ཀྱི་ཞི་དྲག་སྒྲུབ་རྟེན་དུ་འཇགས་གནས། མཆིམས་ཕུ་གནས་འཛིན་རྙིང་པ་རྣམས་བྱེད་སྒོ་མ་ལེགས་ཀྱང་ངོ་ཡོང་གྲ་པ་བཞིར་ནམ་འཚོའི་བར་ཕོ་བྲང་ནས་མཁར་ཁལ་དྲུག་ཅུ་རེ།


GLG007_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྭ་སྒྲེང་མཁན་པོའི་ཚ་བོ་བླ་མ་སྐྱབས་ཀྱི་ཆོས་གྲགས་བསྟན་པར་མཁར་ཁལ་བརྒྱད། ན་ག་པཱ་ཐུར་ཐའི་ཇི། ཆིང་པཱ་ཐུར། ཕུན་ཚོགས་བཀྲ་ཤིས་རྣམས་ཀྱི་བུ་གསུམ་ལ་ཁལ་བཅུ་གསུམ་ལྷག་བཅས་རེ། ཇོ་རིག་ཐུའི་བུ་རྒྱལ་མཚན་བཀྲ་ཤིས་ལ་ཁལ་བཞི་བཅུ་རྣམས་འབྲས་སྤུངས་སུ་བསླབ་གཉེར་ལ་སྡོད་རིང་སྤྲོད་འཛིན། དཀའ་བཅུ་བློ་བཟང་ལྷུན་གྲུབ་ཁམས་ནམ་འཚོའི་བར་ལྷོ་རོང་ནས་ཁལ་བརྒྱད་རེ། སེ་ར་སྨད་གྲ་ཚང་པར་ཆུ་སྨད་པའི་གཡོག་དངོས་གྲུབ་ཚེ་རིང་གིས་བསྒྲུབ་པའི་ཞིང་གཞུང་སྐྱོང་སྟབས་སྔར་འཇགས་བབ་འབྲེལ་མ་བྱུང་ཡང་གྲ་ཚང་གཞན་དང་མ་འདྲ་གཤིས་ཇི་སྲིད་བར་འཇགས་གནས། སྣེའུ་སྡོང་བོགས་ཤས་ཀྱི་ཡོང་སྒོ་ལེན་དེབ་སེལ་ལེན་རྣམས་ནས་ནག་འཇམ་རིམ་ལུས་སུ་སོང་བ་སྡེ་པ་བློ་བཟང་སྦྱིན་པས་ཞིབ་གཅོད་མཛད་པ་ཐོ་གསར་ཐོན་གྲས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་མཆོད་ཡུལ་གཞན་དང་མི་འདྲ་ཞིང་ངེད་རང་གི་རིང་འཚོར་དམིགས་མཁའ་རུའི་ཁལ་ཉིས་བརྒྱ་གྱ་གསུམ་སྦྱོར་འཇགས། གཞིས་རྩེ་གསོ་རིག་སློབ་གྲར་སྨན་བླ་རྒྱུན་གཏོང་སྟེང་ཆོས་ཐོག་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔ་དང་གནམ་གང་ལ་ངེད་ཀྱི་རིང་འཚོར་སྨན་བླ་ཉིན་གང་མ་བཅས་གཏོང་ཐེབས་སྔ་ཕྱི་བསྡོམས་བདེ་སྐྱིད་པ་ཅན་ཐེམ་ལྔ། དུད་སྟོངས་ཞིང་འཁྱར་བཅས་འབབ་འབྲུ་ཁལ་དྲུག་བརྒྱ་དགུ་བཅུ། དཀོན་ཅོག་རྒྱལ་པོར་སྙེ་ནང་ཚེ་རིང་དར་པོ་ཁུངས་སོན་ཁལ་ཉེར་བཞིའི་ཞིང་། སྔགས་པ་བན་གྲོང་པ་རིམ་གྲོའི་རིགས་དགོས་པར་ལྷག་བསམ་དག་པ་ཡོང་ཁྱད་ནས་ནག་གུ་བས་འཛིན་


GLG007_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཤུལ་དང་། གསེར་ཐོག་དགོན་བརྗེ་དགོས་ཚུལ་བྱུང་བ་བཞིན་ས་བརྗེས་དུད་འཛིན་བརྒྱད་འཐོལ་བཅས་ཁལ་བཞི་བརྒྱ་སྐོར། ཀུན་རའི་ས་འཛིན་སྔོན་མ་རྒྱང་སྔོན་སྨྱོན་པའི་སྐྱེས་དམན་ཚོང་འདུས་ཁང་གསར་པའི་བུ་མོ་བསོད་ནམས་བུ་ཁྲིད་ཁམས་བཟང་རིང་ཞིང་བརྒྱད། ཀོང་པོ་རྒྱབ་བྲག་ཆོས་རྗེའི་སྐུ་སྐྱེ་དང་། དཔོན་མོ་སོགས་ཀྱི་ཆོས་བརྒྱགས་ཞིང་ཆེ་ཆུང་ལྔ། རྣམ་སྲས་ནོར་བུ་མི་ངོ་རེས་རྒྱུན་སྡོད་ཞི་དྲག་བསྒྲུབས་ཕྱིན་རྒྱལ་རྩེ་གྲོང་མོ་ཆེ་བའི་གཞིས་ཀ་ས་རིས། འབབ་ཆིག་བརྒྱ་རེ་བརྒྱད། དགོན་པ་རྟ་མགྲིན་དང་། སྤྱི་དཔོན་འབྲུག་དར་རྒྱས་གཉིས་ཀྱིས་དམག་སྔ་ཕྱིར་ཁུར་བསམ་ཞེ་བསྐྱེད་དང་། སྤྱི་དཔོན་གྱི་ལས་འཛིན་བྱས་པར་བདག་རྐྱེན་འདི་ཡིན་མེད་པར་འགོ་པ་དཔེ་འགྲེའི་གཤོར་འདེབས་དགོས་ཟེར་བ་འགོ་པ་ལས་ཚན་བྱེད་རྒྱུ་བྱུང་བ་གཏམ་དོན་ལ་ཕན་པ་ལས་ཁེ་མེད་ཉེན་རང་ཡོད་མདོག་མ་ཁ་བས་འདིར་བརྟེན་ཞུ་རེ་མ་འོས་ཀྱང་དཔུང་འཇུག་སྔ་ཕྱིར་ཁུར་སྔ་བསམ་ཆེ་ཙམ་བྱས་གྲས་ཡིན་འདུག་པ་དང་། སླར་ཡང་བསྟན་དོན་ལ་རྒྱའི་རོགས་དང་། དགོན་པ་བའི་ཚོ་འཛིན་སོགས་ཞི་དྲག་གང་ཅིར་དོ་ཁུར་ཆེ་བ་བྱུང་ཕྱིན་རྟ་མགྲིན་ལ་འབྲུ་ཁལ་བརྒྱ་དང་། འབྲུག་དར་རྒྱས་ལ་དགུ་བཅུ་ཐམས་པ་རྣམས་སྦྱོར་འཇགས་བྱས། བརྟག་རིམ་རྩེ་ཤོད་ཐུན་མོང་དང་ལྔ་མཆོད་གླིང་མེ་ཅུང་ཟད་མ་བཞེས་པ་བཅས་པར་རིས་མེད་དགོན་ཨང་གསུམ་པ་ཡན་ལ་ཇ་སྦྱོར་བཞི། འགྱེད་ཀྱི་ཐོབ་གདུགས་ཤེར་འགྲོ་གང་ཆེ། སྡེ་པའི་རྨི་ལམ་ངན་པ་བཟློག་ཐབས་སུ་གཞིས་རྩེ་སོགས་རྫོང་གཞིས་བཅུ་བདུན་དུ་དགེ་དགོན་འབྲེལ་མཚུངས་ནས་གྲ་པ་བརྒྱ་རེ་བསྡོམས་བཀའ་གྱུར་


GLG007_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གྱ་གསུམ། འབུམ་བརྒྱ་ང་བརྒྱད། བརྒྱད་སྟོང་པ་ཆིག་སྟོང་སུམ་བརྒྱ་ཉེར་ལྔ། ཐང་ཡིག་ཆིག་ཁྲི་ལྔ་སྟོང་རྣམས་སོང་། ཧོར་ཟླ་བཅུ་གཅིག་པའི་ཚེས་གཉིས་ནས་པོ་ཏ་ལར་གྲ་ཚང་དུ་ཨྱཻ་རིང་། འབྲས་སྤུངས་སུ་གནམ་ས་ལྟོ་དཀྲུག་དང་མཆོད་རྟེན་ཞལ་གསོ་ལེ་ཚན། དེ་བཞིན་ལོག་ཏྲིའི་ལས་སྦྱོར་ཆེན་མོ་དང་། ཀི་ཀང་མནན་པ་གྲངས་བཅད་བཙུགས། ཚེས་གསུམ་རྗེས་མར་ཐར་པ་འདས་པའི་བསྔོ་རྟེན་ཁ་བཏགས་དཀར་མཐིང་། གསེར་རྒྱ་ཐུར་གྱི་སྲང་བཅུ། གོས་རྩག་གསུམ། ལྷམ། ཨོར་བོག །སག་ཐག །གྲི། གོས་ཆོར་འདྲེས་པ་ཡུག་ལྔ་བཅུ། ཇ་ཁོར་དྲུག་བཅུ། ཏཱ་ཚཱ་ཀོ་དྲ་བཅོ་ལྔ། རྟ་སྒ་བཅས་བདུན། སྒ་མེད་རེ་གསུམ་རྣམས་བྱུང་བ་གནས་སྐབས་ལྷ་མིའི་རྟེན་བཟང་ཐོབ་པ་དང་མཐར་ཐུག་བྱང་ཆེན་ཐོབ་པའི་རྒྱུར་བསྔོ་སྨོན་གྱི་རྒྱས་འདེབས་རྣམ་དག་བྱས། ཚེས་བརྒྱད་ནས་མཇུག་རིང་འོད་དཀར་སོགས་རྟགས་ཐོག་མ་ཤར་དང་། ཞག་ཤས་ནས་ནུབ་ཏུ་བྱུང་བར་བརྟེན་རྒྱལ་ཁམས་བདེ་ཐབས་ཀྱིས་མཚོན་ཟློག་བྱེད་གསོལ་བར་ཕྲིན་གསོལ་གྱི་ཚིགས་བཅད་སྤྱན་གཟིགས་ཚོགས་འཁོར་དང་བཅས་ལ་མོར་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེ་དང་། དེ་བཞིན་བསམ་ཡས། ཐང་པོ་ཆེ། ཚོང་འདུས་རྣམས་སུ་སྒྱིད་ཐང་ནོར་བུ་བཏང་བར་ཚེར་གསེབ་ནས་རིམ་གྲོ་རེ་འབེབས་པར་མཛད། བསམ་ཡས་ནས་གནོད་སྦྱིན་ཆེན་པོས་ཤར་གྱི་དེ་མཇུག་རིང་ཡིན་ཅིང་རྒྱུ་སྐར་ནག་པས་སྐྱེ་འགྲོའི་བདེ་སྐྱིད་སྟོན་ཕྱིར་གནས་འགྱུར་བ་ཡིན་པས་འབྲས་རིན་ཅེན་སྤུངས་


GLG007_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་པོར་ངན་ཙམ་ཡིན་ཞེས་བཟློག་རིམ་གསུངས། ཚེས་བཅུ་གཅིག་ལ་ནད་བདག་སྟོབས་འཇོམས་བཀའ་ནན་རབ་བརྗིད་དང་བཅས་སྨིན་རྒྱས་བྱས། ཚེས་བཅུ་གཉིས་ནས་ཉེར་དྲུག་གི་བར་རིགས་འཛིན་ལེགས་ལྡན་རྡོ་རྗེའི་ཟབ་གཏེར་ལས་བྱུང་བའི་དྲག་པོ་དབུ་དགུའི་བསྐྱེད་རྫོགས་ཀྱི་ཉམས་ལེན་ཆིག་དྲིལ་དུ་བྱས་ཀྱང་རྟགས་ཐོན་པ་ནི་དཀའ། ཚེས་བཅོ་བརྒྱད་ལ་ཐང་སག་དགའ་ལྡན་ཆོས་འཁོར་བ་བློ་བཟང་ཡོན་ཏན་གྱིས་སྔགས་རིམ་ཆེན་མོའི་རྒྱུགས་སྤྲད། ཕུན་ཚོགས་གླིང་དུ་སྡེ་པ་སངས་རྒྱས་རྒྱ་མཚོ་དཔོན་པོའི་ཁུར་མ་བྱས་གོང་ནས་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་གསུང་འབུམ་རྣམས་པར་དུ་འཁོད་པ་བྱེད་དགོས་ཚུལ་ནན་ཅན་བྱུང་བ་ལྟར་པར་བྱང་སྤྱིར་བྱེད་རྒྱུའི་ཚིག་བཅད་བཞིན་སྔགས་རིམ་ཆེན་མོ། དར་མོ་སྨན་རམས་པས་བརྩམས་པའི་ཕྱི་རྒྱུད་ཆུ་མདོ་མན་གྱི་འགྲེལ་པ་དཀའ་གནད་རྡོ་རྗེའི་མདུད་འགྲོལ། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་གསང་བ་འདུས་པའི་བསྐྱེད་རྫོགས་རྣམས་ཀྱི་པར་འབྱོར། ཉེར་དྲུག་གི་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་ཐོག་ནང་མཚམས་གྲོལ་ཏེ་སྡེ་པ་དང་དམག་ཟོར་ཚངས་དབང་ལ་ཁ་འབར་མ་དཀར་མོའི་འཆི་བླུ་དང་། སྨེ་བརྩེགས་ཀྱི་བཀྲུ་བྱབ་སྲུང་གསུམ་སྨིན་པར་བྱས། ཉེར་བདུན་ལ་སྡེ་པ་ཟངས་རི་བ་དང་དབུ་མཛད་བློ་བཟང་ཡོན་ཏན་གཉིས་སོ་སོས་སྔ་རྟིང་བྱས་ནས་བདོག་པའི་སྐྱེས་སྤམས་བསྟོད་དེ་མི་ཤིགས་རྡོ་རྗེ་ལྟར་བརྟན་ཕྱིར་གྲ་ཚང་ནས་གཟིམས་ཆུང་བརྟན་བཞུགས་སུ་གྲགས་པའི་གསུང་ཆོག་རྒྱས་པར་གྱེར། དར་མོ་སྨན་རམས་པས་མང་སྐོལ་བགྱིས་དུས་ཞལ་འདོན་དུ་རིང་འཚོའི་


GLG007_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ། རྒྱལ་གྱི་དེ་ཝཱི་ཀོ་ཊཱིར་བསྐང་བ་འབུམ། བསིལ་བ་ཚལ་དུ་གུར་ཞལ་པུ་ཏྲ་བེག་ཙེ། མཐིལ་དུ་ཕྱག་དྲུག་པ། ལས་གཤིན། རྣམ་སྲས་གསུམ་ལ་སྟོང་། གཞན་རྣམས་ལ་བརྒྱ་ཚར་བཏང་སྐབས་ཡི་དམ་ཆོས་སྲུང་སོ་སོར་སྙན་ཤལ་ཕུལ་བའི་ཁ་བྱང་། གྲ་ཚང་གྲ་པ་སོ་སོས་བསྡུ་ཆ་བྱས་ཏེ་ཆོས་སྐྱོང་རྣམས་ལ་གཟབས་གསོལ་ཉིན་བདུན་བཏང་དུས་སྤྱི་བྱེ་བྲག་ལ་ཕུལ་བའི་འདོད་གསོལ། གནས་ཆུང་ཆོས་སྐྱོང་ཆེན་པོར་སྐུ་ཆས་ཆ་འགྲིག་སོགས་འཕྲིན་བཅོལ་རྒྱས་པར་གྲ་པ་ཡོངས་རྫོགས་བྱོན་སྐབས་སྙན་ཤལ་སྣ་ལྔར་ལས་འཆོལ་ཁ་ཡིག །དགེ་སློང་བློ་བཟང་བརྩོན་འགྲུས་ཀྱི་ངོར་ཁལ་ཁ་ཨེར་ཏེ་ནི་ཁུ་ཐུག་ཐུ་བློ་བཟང་བསྟན་འཛིན་གྱི་གསོལ་འདེབས་རྣམས་བྲིས། དཔའ་བོ་སྤྲུལ་སྐུ། ཡང་རི་བླ་གཉེར། སེ་ར་བསྟན་འཛིན་སྐུ་སྐྱེ། སྔགས་པ་ཆུ་སྤེ་སྟེང་པ། ཀོང་འབྲུག་ཆོས་སྡིངས་སྐུ་སྐྱེ། གནམ་གོང་། རྒྱང་རོ། སྒར་གྲ་ཚང་། འབྲས་རིན་ཅེན་སྒང་རྣམས་ཀྱི་བླ་མ། པར་ཞུས་པ་བློ་བརྟན་དང་སྨྲ་སེང་གཉིས། ཡིག་མཁན་པར་པ་བཅས་བཞི་བཅུ། རྟ་འབུལ་ནང་སོ། ཧན་རབ་འབྱམས་པ་སོགས་ཀྱི་ངོ་བོར་བྱིན་རླབས་དང་། བྱིངས་ལ་མེ་ཏོག་གཏོར་ནས་བློ་བཟང་མགོན་པོ་རབ་བརྟན་མ་མ་དང་བཅས་པ། དུ་རལ་གྱི་སྐུ་སྐྱེ། ལྷ་བཙུན་ནོར་བུ། བསོད་ནམས་ཧུང་ཐའི་ཇི། དཔོན་མོ། དུར་བོད་ཚེ་དབང་ཐའི་ཇི། ཨེར་ཏེ་ནི་པཱ་ཐུར་ཐའི་ཇི། བཛྲ། མ་ག་དྷ། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་རྣམས་ཀྱི་མི་སྣ་སོགས་དང་ཕྲད།


GLG007_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དྲོ་ཞང་སྟོན་ཀུན་འདུན་ལྷུན་གྲུབ་དང་ཆོས་རྗེ་ཀྱི་སྟོན་པར་བྱིན་རླབས་ཇ་གྲལ་ཐོག་ཆོས་ལས་བརྩམས་པའི་དྲི་བ་དྲི་བཤད་གཉིས་ཀ་དང་ཁ་ཤས་བྱུང་། ཀྱི་སྟོན་པ་ཚ་བཅས་ལ་གོས་ཕྱི་ནང་གཞུང་ཇ་ཁོར་དྲུག་སོགས་སྟེར་བྱིན་བགྱིས་ཏེ་རང་གནས་སུ་བཏེག །བསམ་ཡས། ལ་མོ། ཐང་པོ་ཆེ། ཚོང་འདུས། གནས་ཆུང་སོགས་ཆོས་སྐྱོང་ཁག་རྣམས་དང་མོ་རྩིས་བཅས་གོ་བསྟུན་བླང་ངོར་གྱི་དོན་ངེད་ཀྱི་གེགས་སེལ་དུ་ཁྲ་འབྲུག་ཏུ་བཀྲ་ཤིས་རྩེ་ཆོས་སྡེ། གོང་དཀར་དུ་ཆོས་སྡེ་བ་དང་དཀོན་གཉེར་དཔོན་སྒྲུབ་ཞག་བདུན་རེའི་གདུགས་དཀར་མདོས་ཆེན། དེ་མཚུངས་ངེས་གསང་རྡོར་གླིང་པས་མ་མོ་གླིང་བཞིའི་མདོས། གཞིས་རྩེར་ཞ་ལུ་པས་གདུགས་དཀར་མདོས་ཆེན་རྗེས་གཟའ་ཡུམ་གྱི་སྒྲུབ་པ་ཞག་བདུན། ལྷ་ས་སོགས་གནས་ཆེན། གཞིས་རྩེ་སོགས་རྫོངས་གཞིས་ཁག་བརྒྱད་དུ་འབྲེལ་མཚུངས་དགོན་གྲ་པ་བརྒྱ་རེས་རྒྱབ་ཆོས་ཀྱི་ཁྱོན་བཀའ་འགྱུར་ཚར་གཅིག །འབུམ་བརྒྱ། གདུགས་དཀར་དྲུག་ཁྲི་སུམ་སྟོང་བདུན་བརྒྱ་སུམ་ཅུ། སྒྲོལ་མ་ཉིས་འབུམ་སུམ་སྟོང་། ཤེར་སྙིང་དགུ་ཁྲི་དགུ་བརྒྱ་བརྒྱད་ཅུ། ཚེ་གཟུངས་བདུན་འབུམ་ལྔ་སྟོང་བཞི་བརྒྱ། པོ་ཏ་ལ་ཞོལ་དུ་བྱང་གླིང་པ་བཅུ་གསུམ་གྱིས་ཁྲོ་རོལ་སླང་གང་མ། བླ་མཁྱེན་ངག་དབང་དང་བོན་པོ་ཟླ་བ་ཅན་གྱིས་རྒྱལ་བཙན་མ་ཀླུ་བཞིའི་མདོས། མཚན་མ་དགྲ་ཟོར། ཤ་ཕོ་རུ་རྒྱས། སྟོང་གས྄ུམ་འཁྲུགས་པའི་ཡོ་བཅོས། གླིང་བཞི་འཁྲུགས་པའི་ཡོ་བཅོས། སྡེ་བརྒྱད་འཁྲུགས་པའི་ཡོ་བཅོས། གཟའ་ཀླུ་འཁྲུགས་པའི་ཡོ་བཅོས་རྣམས་རྒྱས་


GLG007_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཡེར་པར་སཱཙྪ་ཁྲི། ཕ་བོང་ཁ་པས་གཏོར་མ་འབུམ་ཐེར། ལྷ་ས་ནས་གཡག་ལུག་བརྒྱའི་སྲོག་བླུས། བསངས་ཁག་བརྒྱ། སྡེ་པའི་སྐུ་རིམ་དུ་ཁྲ་འབྲུག་ཏུ་སྨིན་གྲོལ་གླིང་པས་ཀི་ཀང་གི་དགྲ་མནན། བསམ་ཡས་སུ་རྡོ་རྗེ་བྲག་པས་སྲི་རྐང་བཅུ་གསུམ་མནན་པ། བུ་ཆུར་ཐང་འབྲོག་པས་ཀྱང་གོང་མཚུངས། དཔལ་ལྷ་ལྕོག་ཏུ་རྨེ་རུ་བ་བརྒྱད་གྲ་དང་། རྒྱལ་ཁང་སོ་སོར་བསྐང་གསོ་བརྒྱ་རེ། ཞོལ་དུ་སྔགས་བོན་གྱིས་དགྲ་ལྷ་དཔངས་བསྟོད། རྒྱ་ནག་ཀེག་བཟློག །ས་བདག་འཁྲུགས་གཏོ། གྲོང་སྨད་གཞིས་ཀར་བསངས་དང་ཁྲུས་གསོལ། ལྷ་སར་ལུག་ལྔ་བཅུའི་སྲོག་བླུས། རི་འགོ་མཐོ་བ་ལྔ་བཅུར་དར་ལྕོག །ལྷ་ས་སོགས་རྫོང་གཞིས་གནས་ཆེན་དྲུག་ཏུ་དགེ་དགོན་འབྲེལ་མཚུངས་བརྒྱ་རེས་རྒྱབ་ཆོས་ཁྱོན་བརྒྱད་སྟོང་པ་སུམ་བརྒྱ། གྲ་ལྔ་ཆིག་བརྒྱ། གཟུངས་འདུས་ཕྱེད་ཉིས་བརྒྱ། ཐང་ཡིག་ཆིག་བརྒྱ་བརྒྱད་ཅུ། སྡེ་ལྔ་ཞེ་ལྔ། ཕྱོགས་བཅུ་མུན་སེལ་ཆིག་ཁྲི། སྒྲོལ་མ་ཉིས་སྟོང་བཞི་བརྒྱ། ཤེར་སྙིང་སུམ་སྟོང་ཉིས་བརྒྱ། གདུགས་དཀར་བརྒྱད་བརྒྱ། ཚེ་གཟུངས་བཞི་འབུམ། བསྟན་སྲིད་སྤྱི་རིམ་ལ་ཁྲ་འབྲུག་ཏུ་སྨིན་གྲོལ་གླིང་པས་ཁྲོ་རོལ་སླང་གང་མ་དང་ཞག་ལྔའི་བར་མ་མདོས། བསམ་ཡས་སུ་རྡོ་རྗེ་བྲག་པས་ཁྲོ་རོལ་གོང་འདྲ་དང་། སྒྲུབ་ཞག་བདུན་གྱི་འཆར་ཀའི་མདོས། ལྷོ་བྲག་ལྷ་ཁང་དུ་སྨྲ་བོ་ལྕོག་པས་ཁྲོ་རོལ་གོང་འདྲ། ཀི་ཀང་གི་དགྲ་མནན། ཀ་ཚལ་དུ་རིགས་འཛིན་དཀོན་


GLG007_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་ལྷུན་གྲུབ་ཀྱིས་ཁྲོ་རོལ་སླང་གང་མ་ལྟས་ངན་ཁ་བསྒྱུར་ལས་ཕྲན་དང་བཅས་པ། གྲོམ་པ་རྒྱང་དུ་ཆུ་མིག་པ། བུ་ཆུར་ཐང་འབྲོག་པ། གཙང་འགྲམ་ལྷ་ཁང་དུ་སྒྲོལ་མ་བ་གསུམ་གྱིས་ཁྲོ་རོལ་སླང་གང་མ་དང་། དམ་སྲི་མནན་པ་རེ། པྲ་དུན་རྩེར་ནུབ་དགོན་པས་ཀི་ཀང་གི་དགྲ་མནན། མཆོད་རྟེན་བརྒྱ་ལྷག་ལ་སྐུ་དཀར། སྲོང་བཙན་བང་སོར་དཔལ་རི་བ་བརྒྱད་ཀྱིས་ཞག་གསུམ་གྱི་བར་མ་ནིང་གི་བསྐང་གསོ་འགྲོ་གང་ཆེ། འཕྱོང་རྒྱས་སུ་སྐྱེས་ལྷར་གསོལ་མཆོད་བསངས་དང་བཅས་པ། གཞིས་རྩེ་སོགས་དང་འབྲེལ་བའི་གནས་ཆེན་བདུན་དུ་དགེ་དགོན་འབྲེལ་མཚུངས་ཅན་གྲ་པ་བརྒྱ་རེས་གཏོར་བཟློག་རྒྱབ་ཆོས་སུ་སྨན་བླ་བདུན་སྟོང་། དྲི་མེད་བཤགས་རྒྱུད་ཆིག་སྟོང་ཆིག་བརྒྱ་རེ་ལྔ། གདུགས་དཀར་ལྔ་བརྒྱ། ཤེར་སྙིང་བཞི་འབུམ་སུམ་ཁྲི་བདུན་སྟོང་བརྒྱད་བརྒྱ། སྒྲོལ་མ་ཉིས་འབུམ་ཆིག་ཁྲི་ལྔ་སྟོང་། བོད་ཁམས་བདེ་ཐབས་སུ་དབུས་གཙང་གི་ཚེས་བཅུ་བ་ཚང་མས་བསམ་པ་ལྷུན་གྲུབ་མ་བརྒྱ་ཚར་ལ་ཉུང་མཐའི་འགྲོ་གང་ཆེ། བརྟག་རིམ་སྡེ་པའི་གེགས་སེལ་ལ་ལྷ་སར་གསང་སྔགས་བྱང་ཆུབ་གླིང་པ་བརྒྱ། གོང་དཀར་དུ་རྡོ་རྗེ་བྲག་པ་དང་། རྒྱལ་རྩེར་ཡར་འབྲོག་སྟག་ལུང་གྲ་ཚང་ནས་ལྔ་བཅུ་རེ། ཕུང་པོ་རི་བོ་ཆེར་བྲག་ལ་བ་སུམ་ཅུ་རྣམས་ཀྱིས་ཕྱིར་བཟློག་འཁོར་ལོ་འབར་བ་ཞག་བཅོ་ལྔའི་བར་འགྲོ་གང་ཚེ། གནས་ཆུང་ཆོས་སྐྱོང་ཆེན་པོས་རྒྱ་འདྲེའི་འཚུབ་ཞི་བྱེད་ལ་བཀའ་འགྱུར་ཚར་གཅིག་རྣམས་སྤྱི་སྒེར་ཐམས་ཅད་ཀྱི་དོན་དུ་འབད་པས་བསྒྲུབས། ཉེར་བརྒྱད་ལ་སྔགས་ལྕོག་བླ་


GLG007_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མ། རྒྱལ་ཕུར། དགེ་སློང་ཚུལ་རྒྱམ་པ། སྟག་རུ་བ་ཕ་བུ། ཚོང་འདུས་སྐུ་རྟེན་པ། ཕུག་ནས་གཞིས་རྩེའི་རྫོང་སྡོད་ལ་ཐོན་རྒྱུ་བཅས་པར་བྱིན་རླབས་དང་། ཉེར་དགུར་སྐུ་རྟེན་ཚེ་དབང་དཔལ་འབར་དང་ཕྲད། གནམ་གང་ལ་གྲ་ཚང་ནས་འཆི་བདག་བཟློག་པའི་ཆོ་ག་སྔར་བཞིན་མཛད། ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་ལ་ཁལ་ཁ་འཇམ་དབྱངས་སྤྲུལ་པའི་སྐུའི་མི་སྣ་བི་ལིག་ཐུ་དར་ཁན་ནང་སོ། ཤི་ཏི་པཱ་ཐུར་ཧུང་ཐའི་ཇའི་མི་སྣ་འཕྱོང་རྒྱས་པ་བློ་བཟང་ཆོས་འཕེལ། པཎྜི་ཏ་ཞབས་དྲུང་གི་མི་སྣ་ཨེར་ཏེ་ནི་དར་ཁན་ཨེམ་ཆི། དར་ཁན་ཧུང་ཐའི་ཇིའི་མི་སྣ་དར་ཁན་ནང་སོ། མེར་གན་ཧུང་ཐའི་ཇིའི་ཇའི་སང་ནང་སོ། ཨེར་ཏེ་ནི་ནོ་ཡོན་ཁུ་ཐུག་ཐུའི་ཕྱག་མཛོད་དབུ་མཛད། ནོ་མོ་ཨུལ་ཆིང་གི་ཚ་བོ། དའི་ཆིང་ཆུ་ཁོར་གྱི་ཨ་ཡོ་ཁི། ཆེ་ཆེན་ཧུང་ཐའི་ཇིའི་བླ་མ། ཨེར་ཏེ་ནི་ཨེམ་ཆིའི་ནོམ་ཆི་བནྡེས། དའི་ཆིང་པཱ་ཐུར་གྱི་མེར་གན་ཆོས་རྗེ། གེ་སར་གུ་ཡང་ཇའི་སང་། བློ་བཟང་ཤེས་རབ་སོགས་ཀྱིས་ཡི་གེ་རྟེན་རྒྱ་ཆེར་འདུག་པ་བླངས་ཤིང་ངག་མ་རྣམས་ཉན། དེ་དང་མཉམ་དུ་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་མི་སྣ་རབ་བརྟན། དུར་བོད་ཚེ་བརྟན། ཨུ་ཇོའི་ཐུ་པཱ་ཐུར་ཐའི་ཇིའི་མི་བཟང་། ཅོ་ནེ་ཤེས་རབ་བཟང་པོ། ས་དཀར་འགོ་པ་རྡོ་རྗེ་སྐྱབས་ནང་ཚང་། ཡེར་པ་བླ་ཟུར། རིན་ཅེན་རྩེ་པ་སོགས་བོད་སོག་ཁམས་པ་ཨ་མདོ་བ་མང་པོར་ཇ་གྲལ་བགྱིས། ཚེས་བཞིར་དར་ཁན་དཀའ་བཅུ་ཁུ་ཚན་གྱི་ཚོགས་ཡོན་


GLG007_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད་སྟེར་བྱ་གསེར་ཞོ་བརྒྱ། དངུལ་སྲང་བརྒྱ། ཇ་གོས་དར་སོགས་དགུ་ཚན་བཅུ་གཅིག་དང་བཅས་གྲ་ཚང་ནས་བྱང་གཏེར་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་རྡུལ་ཚོན་དང་འབྲེལ་བར་མི་འགྱུར་བརྟན་པའི་རྟེན་འབྱུང་བསྒྲིགས་པའི་མཇུག་འཐུད་ཞོལ་ནང་ཟན་རྣམས་ཀྱིས་ཀྱང་ཚན་གྲངས་བརྐྱང་། འདི་ཉིན་ནས་ཚེས་བཅུ་བཞིའི་བར་རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་པའི་ཁ་གསོ་དང་། ཚེས་བརྒྱད་ནས་ཕུར་སྒྲུབ་ཆར་ཅན་བཙུགས། འོད་དཀར་གཉིས་མཇུག་རིང་ཡིན་མིན་དང་ས་སྤྲེ་ལོ་བྱུང་བ་དང་གཅིག་མི་གཅིག་ཅི་རིགས་སྣང་ཡང་ལྟས་དཀྱུས་མ་མིན་པ་བཅས་ངེད་རང་གིས་བརྟག་པ་ཞིབ་ཏུ་བྱས་པར་འཚུབ་ངོ་ཆེ་བ་ཤར་བའི་བཟློག་རིམ་དུ་འཕྱོང་རྒྱས་སུ་རི་བོ་བདེ་ཆེན་སོགས་ཚེ་བསྡུས་བརྒྱ་དང་བརྒྱད་ཀྱིས་ཟླ་གཅིག་བར་གདུགས་དཀར་འབུམ། ལྷ་སར་གསས་ཁང་པས་གཟུངས་འདུས་སྟོང་། པོ་ཏ་ལར་གཞིས་ཀ་ཤར་པས་ཆང་ལ་མངར་གསུམ་དང་སྤོས་སྣའི་རིགས་བཏབ་པའི་དགྲ་ལྷ་དང་ཡུལ་ལྷར་ཕུད་མཆོད། བསངས་ཁག་བཅུ་གསུམ། ལྷ་སར་ན་མཉམ་ལོ་གྲངས་ལ་སྦྱིན་པ། འཕྱོང་རྒྱས་སུ་དཔལ་རི་བས་ཁྲོ་རོལ་སླང་གང་མའི་གཏོར་བཟློག །རྒྱབ་ཆོས་གྲ་པ་སུམ་ཅུས་ཤེར་སྙིང་གང་འགྲོ། སྡེ་པའི་སྐུ་རིམ་དུའང་འཕྱོང་རྒྱས་སུ་དར་གླིང་རི་ཆོས་བསྒྲིལ་བ་བརྒྱས་ཟླ་གཅིག་བར་མཚན་བརྗོད་ས་ཡ་གཅིག་དང་ཉིས་འབུམ། ལྷ་སར་བྲག་དབར་བ་བརྒྱས་གསེར་འོད་ཆིག་སྟོང་། གཞིས་ཀ་ཤར་པའི་བདུད་མདོས། གོང་དཀར་དུ་ཆོས་སྡེ་བས་ཞག་གསུམ་བར་ཀྱེ་རྡོར་ཞི་བའི་སྦྱིན་སྲེག་འགྲོ་གང་ཆེ། གྲོང་


GLG007_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་གཞིས་ཀར་ཕ་བོང་ཁ་པ་གྲངས་བཅད་ཀྱིས་ཆ་གསུམ་བརྒྱ། ཤེལ་བྲག་ཏུ་སྨིན་གྲོལ་གླིང་པས་ཚོགས་བརྒྱ། ན་མཉམ་རེ་གསུམ་ལ་སྦྱིན་པ། རིན་སྤུངས་སུ་ངེས་གསང་རྡོར་གླིང་པས་ཁྲོ་རོལ་སླང་གང་མ། བསྟན་སྲིད་སྤྱི་རིམ་ལ་ལྷ་ཁང་དུ་གནས་གཞི་བ། དར་མར་སྨྲ་བོ་ལྕོག་པ། འོལ་དགར་བྲག་སྣ་བ། བཀྲ་བཟང་དུ་རང་གྲ། གཞིས་རྩེར་སྒྲོལ་ཕུག་པ། ལྷ་རྩེར་ཆུ་མིག་པ་རྣམས་ཀྱིས་ཞག་བདུན་ལ་ཁྲོ་རོལ་སླང་གང་མའི་གཏོར་བཟློག །ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བས་གདུགས་དཀར་མདོས་ཆེན། རྒྱབ་ཆོས་དགེ་དགོན་ཚོ་བསྡུས་བརྒྱས་ཤེར་སྙིང་འགྲོ་གང་ཆེ། གོང་དཀར་དུ་སྔགས་འཆང་གནས་ཆུང་པས་ཚེ་བདག་གཏོར་བཟློག །རྒྱབ་ཆོས་ཐོད་རི་བ་སུམ་ཅུས་ཤེར་སྙིང་བདུན་ཁྲི་སུམ་སྟོང་། སྒྲོལ་མ་སུམ་སྟོང་། ཚེ་གཟུངས་དྲུག་སྟོང་། པ་ནམ་དུ་བྲག་ལ་བས་འཆར་ཀའི་མདོས་ཆེན། དགེ་དགོན་བརྒྱར་མང་ཇ་ལྔ་རེའི་ཐོག་མདོ་སྒྲུབ་འགྲོ་གང་ཆེ། བོད་ཁམས་སྤྱིའི་ནད་རིགས་བཟློག་ཐབས་སུ་དབུས་གཙང་གི་ཡུལ་གྲུ་ཆེ་ཆུང་དང་བསྟུན་བཀའ་འགྱུར། འབུམ། བརྒྱད་སྟོང་པ་གསུམ་གང་འོས་གཏོར་མ་བརྒྱ་རྩ། མ་མདོས། རྣམ་འཇོམས་དང་སྨེ་བརྩེགས་ཀྱི་ཁྲུས། དགྲ་ལྷ་དཔངས་བསྟོད། ལྷ་བསངས། ལྷ་སར་གྲ་ཚང་། གོང་དཀར་དུ་རྡོ་རྗེ་བྲག་པ། རྒྱལ་རྩེར་བྲག་ལ་བ། ངམ་རིང་དུ་བཀྲ་བཟང་པ་རྣམས་ཀྱིས་ནད་བདག་སྟོབས་འཇོམས། མངའ་རིས་ཕྱོགས་ཀྱི་ཇུས་རིམ་ལ་སེར་འབྲས་དགེ་གསུམ་གྱིས་གཙོས་དབུས་


GLG007_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་གི་དགེ་དགོན་བརྒྱ་དང་སོ་བརྒྱད་ལ་མང་ཇ་སྦྱོར་སྦྲེལ་ཐོག་གདུགས་ཤེར་འགྲོ་གང་ཆེ། གཞིས་རྩེར་འུག་པ་ལུང་པས་མགོན་པོ་གཡུལ་བཟློག །བརྟག་པ་དང་ཀེག་མྱུལ་གོ་བསྟུན་ངེད་ཀྱི་གེགས་སེལ་ལ་ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བ་སུམ་ཅུས་ཞག་བཅོ་ལྔར་རྣམ་རྒྱལ་སྟོང་མཆོད། གོང་དཀར་དུ་ཆོས་སྡེ་བ་སུམ་ཅུས་ཚེ་དཔག་མེད་ཀྱི་སྒྲུབ་མཆོད་འཆི་བླུ་དང་བཅས་པ་ཞག་བཅོ་ལྔ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་བཞི་བརྒྱ་ལྔ་བཅུ། སྒྲོལ་ཤེར་ཆིག་སྟོང་སུམ་བརྒྱ་རེ། གྲ་པ་ལྔས་ཞི་བའི་སྦྱིན་སྲེག །སྨིན་གྲོལ་གླིང་པས་གཏེར་གསར་དང་། འཕྱོང་རྒྱས་སུ་དཔལ་རི་བས་རིགས་འཛིན་སྲོག་སྒྲུབ་ཀྱི་ཚེ་ཆོག་ཞག་བཅུ་རེ། ཡེར་པར་སཱཙྪ་ཆིག་འབུམ་ཆིག་ཁྲི། ཕ་བོང་ཁར་གཏོར་མ་འབུམ་ཐེར། མཁར་རྩེར་ཐང་སག་པས་འབུམ་བརྒྱ། ལྷ་སར་ཐང་སག་པས་ཚེ་མདོ་སོགས་ཆོས་ཚན་བཅུ་བདུན་བརྒྱ་རེ། མཆོད་རྟེན་ཉི་ཤུར་སྐུ་དཀར། བྱ་ཁྱི་བྱིས་པ་མང་པོར་སྟོན་མོ། གཡག་ཉིས་བརྒྱའི་སྲོག་བླུས། ནད་པ་ཉམ་ཐག་པ་ཉི་ཤུར་ཟས་གོས་སྨན་སྦྱིན། བཙོན་དོང་ཐར་བཅུ་དྲུག །སེར་འབྲས་སུ་མང་ཇ་གསུམ་རེའི་ཐོག་ཚེ་གཟུངས་ས་ཡ་གཅིག །སྡེ་པའི་སྐུ་རིམ་ལ་སེར་འབྲས་གཉིས་སུ་མང་ཇ་གསུམ་རེར་ཚེ་གཟུངས། ཕོ་བྲང་དུ་བཀྲ་ཤིས་ཆོས་སྡེ་བས་རྣམ་རྒྱལ་སྟོང་མཆོད་སོགས་ཚེ་ཆོག་ཁག་བཞི། ཞི་བའི་སྦྱིན་སྲེག །ཡེར་པར་སཱཙྪ་དང་། མཆོད་རྟེན་སྐུ་དཀར་གོང་མཚུངས། ལྷ་སར་གཡག་ལུག་བརྒྱའི་སྲོག་བླུས། བཙོན་དོང་ཐར་གསུམ། གོང་དཀར་དུ་ཐོད་རི་བཤད་སྒྲུབ་གླིང་པས་འབུམ་རེ་བརྒྱད། གདུགས་དཀར་ཆིག་སྟོང་ལྔ་བརྒྱ། ཚེ་


GLG007_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཆིག་ཁྲི་ལྔ་བརྒྱ། སྒྲོལ་མ་ཆིག་ཁྲི་བདུན་བརྒྱ། ཤེར་སྙིང་དྲུག་སྟོང་། ལྷ་སར་གསས་ཁང་པས་སྤྲིན་ཆེན་མོ། ཁྱེའུ་ཆུ་འབེབས། དཔང་སྐོང་ཕྱག་བརྒྱ་པ། ཀླུ་འབུམ། གནམ་ལྕགས་མཆུ་རྣམས་ལྔ་བཅུ་རེ། ཚངས་པ་དུང་ཐོད་ཅན་གྱི་ལུང་བསྟན་བཞིན་ངེད་ཀྱི་རིམ་གྲོར་པོ་ཏ་ལ། གཞིས་རྩེ་སོགས་རྫོང་གཞིས་ཉི་ཤུར་དགེ་དགོན་ཚོ་བསྡུས་འབྲེལ་མཚུངས་ནས་རྫོང་འགོ་ཆེ་བར་གྲ་པ་བཞི་བརྒྱ་ལྔ་བཅུ། ཆུང་བར་བརྒྱ་རེ་བཅས་པས་བཀའ་འགྱུར་བཞི་བརྒྱ། ལྟུང་བཤགས་སུམ་སྟོང་། མཚན་བརྗོད་དྲུག་སྟོང་། གདུགས་དཀར་བཞི་ཁྲི་བརྒྱད་སྟོང་། ཤེར་སྙིང་སུམ་འབུམ་བརྒྱད་ཁྲི་དགུ་སྟོང་ཆིག་བརྒྱ། སྒྲོལ་མ་བཞི་འབུམ་དྲུག་ཁྲི་ཉིས་སྟོང་། ཚེ་གཟུངས་ས་ཡ་གཅིག་དང་བཞི་ཁྲི་དགུ་སྟོང་བཞི་བརྒྱ། ཡེར་པ་བས་སྨན་བླ་སྟོང་། སྡེ་པའི་སྐུ་རིམ་ལ་རྒྱལ་རྩེ་སོགས་རྫོང་འགོ་བཅུ་གཅིག་ཏུ་དགེ་དགོན་ཚོ་བསྡུས་གྲ་པ་བརྒྱ་ལྷག་རེས་བཀའ་འགྱུར་ཉིས་བརྒྱ། ཡེར་པ་བས་གཟུངས་འདུས་དང་གསེར་འོད་བརྒྱ་རེ། ལ་མོ་དང་གནས་ཆུང་གི་ལུང་བསྟན་ལྟར་རྩེ་ཤོད་ཐུན་མོང་ལ་རྒྱལ་དུ་ལྷ་མོར་བསྐང་བ་འབུམ། བེག་ཙེར་ཁྲི། ཕྱག་དྲུག་པ། ལས་གཤིན། རྣམ་སྲས། གུར་ཞལ། པུ་ཏྲར་སྟོང་རེ། གཞན་རྣམས་ལ་བརྒྱ་རེ། བསམ་ཡས། ཁྲ་འབྲུག །ཡུམ་བུ་གསུམ་དུ་གསེར་ཆབ་སྙན་ཤལ། ཟན་གཡང་དུ་རབ་བྱུང་པས་དྲི་མེད་བཤགས་རྒྱུད་ཆིག་སྟོང་། ལྷ་སར་ཆོས་སྡེ་བས་གདུགས་དཀར་མདོས་ཆེན། དྲུག་ཅུ་པའི་གཏོར་བཟློག་


GLG007_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བཞི་དང་ཁ་འབར་མ་ཉིན་རེ། ལྷ་ས་རུ་བཞི། ར་མོ་ཆེ། སླེ་མ་གུང་གསེབ་བཅས་པ་དུད་སོ་དྲུག་རེར་ཧུ་ཇ་ཁོར་དྲུག་རེ། ཁྲལ་མེད་དྲུག་ཅུ་རེར་ཁོར་དྲུག་རེའི་སྒོ་འགྱེད། སྡེ་པའི་སྐུ་རིམ་ལ་སེར་འབྲས་གཉིས་སུ་ཇ་བརྒྱད་རེར་ཤེར་སྙིང་དགུ་བཟློག་འགྲོ་གང་ཆེ། འཕྱོང་རྒྱས་སོགས་ཀྱི་རྟགས་ངན་བཟློག་ཐབས་ལ་གོང་དཀར་དུ་སྔགས་པ་གནས་ཆུང་པ་དང་རྒྱ་མདར་གནམ་གོང་པ་གཉིས་ཀྱིས་ཁྲོ་རོལ་སླང་གང་མའི་གཏོར་བཟློག །འཕྱོང་རྒྱས་སུ་བཀྲ་ཤིས་ཆོས་སྡེ་བས་གདུགས་དཀར་མདོས་ཆེན། རྒྱབ་ཆོས་ཁག་རྣམས་ཀྱིས་ཤེར་སྙིང་འགྲོ་གང་ཆེ་འབད་དེ་བསྟར། ཚེས་བཅུ་གསུམ་ལ་གངས་ཅན་འཛིན་མའི་རྒྱན་གཅིག་དཔལ་གསང་བ་ཐམས་ཅད་འདུས་པའི་དགེ་འདུན་དཀོན་ཅོག་རྒྱུད་སྟོད་སྨད་སོ་སོ་ནས་ཚན་གྲངས་སྔོན་འགྲོའི་སྲ་འཁྲེགས་རྡོ་རྗེ་ལྟར་བརྟན་པའི་བདེན་ཚིག་འབྲས་བུ་གཡུར་དུ་ཟ། སྨད་པའི་སྡེབས་སུ་བཀྲ་ཤིས་ཆོས་སྡེ་བའི་ཚན་གྲངས་འདེགས་མི་དང་། སྟོད་པའི་རྗེས་སུ་ཐར་པའི་བསྔོ་རྟེན་བསྐྱར་མ་བཏེག་ནས་མི་ངོ་དང་ཇའི་སང་ཡང་ཡོད། ཐར་པའི་སྤུན། དཔོན་མོ་བཅས་ཐོན་པར་བྱིན་རྟེན་སྣམ་ཕྲུག་སོགས་སྟེར་བྱིན་བཀའ་བསྒོ་བགྱིས་ཤིང་། དཔོན་མོ་དགེ་ཚུལ་མ་དང་། ཇའི་སང་བདུན་དགེ་བསྙེན་དུ་བསྒྲུབས། མེ་ལོང་དགོན་བླ་མ། སྙེ་ནང་ཤོ་པ་ཇོ་རྫོང་པ། ཕུན་གླིང་པར་ཞུས་པར་པ་དང་བཅས་པ། དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་ཁང་གི་མི་སྣ་སོགས་ལ་གང་འཚམ་རྫོང་བདའ་ལན་ཡི་གེ་རྟེན་སྒྲགས་ངག་མ་དང་བཅས་ཐོན། ཚེས་བཅོ་ལྔར་གྲོང་སྨད་དཔོན་ས་བུ་ཁྲིད་རྒྱལ་མོ། བཅོ་བརྒྱད་ཆོས་ཀྱི་རྗེ། སེམས་དཔའ་


GLG007_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྣམས་ལ་བྱིན་རླབས་ཇ་གྲལ་ཀྱི་རྗེས་ནས་ཉེར་བརྒྱད་བར་ཕྱི་ནང་གསང་བའི་གདོན་བགེགས་ལ་དམིགས་ཨར་བཏད་དང་བཟློག་པར་བརྩོན་པར་བགྱིས། ཉེར་གཉིས་ལ་རྒྱལ་རྩེ་སྔགས་འཆང་བགྲད་པ་འཇམ་དཔལ་རྟ་མགྲིན་གྱིས་ལྕགས་སྡིག་བཀའ་འགྱེད་གསེར་གྱི་ལྡེ་མིག་སོགས་ཚེ་བདག་གི་ཡིག་ཆ་བརྒྱད་ཅུ་སྐོར་གྱི་རྒྱུགས་སྤྲད། ཉེར་གསུམ་ནས་ཚེ་བདག་སྒྲུབ་མཆོད་སྔར་རྒྱུན་བཞིན་བཙུགས། ཉེར་བརྒྱད་ལ་ཕྱི་མཚམས་གྲོལ་ཏེ་འ་ཞ་མཁྱེན་རབ་རྣམ་རྒྱལ། མགྲོན་གཉེར་རྡོར་ལེགས་གཉིས་དང་ཕྲད། གྲ་ཚང་གི་རྩ་བ་གསུམ་སྤྱི་བྱེ་བྲག་གི་རྟག་གཏོར། རྒྱུན་གཏོར། དུས་གཏོར། མངོན་རྟོགས་བསྐང་བསྟོད། ཕྱི་ནང་གསང་མཆོད་སོགས་རྒྱུན་གྱི་རྣལ་འབྱོར་ལ་དགོས་པའི་བཟོ་རྒྱན་གྱི་ཚད། དགོས་ཆ་རྣམས་ཀྱི་ལག་དེབ། བླ་མ་ཡི་དམ་ཆོས་སྲུང་གི་གདངས་དབྱངས་གའུ་ལེའི་འགོ་བརྗོད། ས་དཀར་འགོ་པ་རྡོ་རྗེ་སྐྱབས་ཀྱིས་གནས་ཆུང་ཆོས་སྐྱོང་ཆེན་པོར་འབུལ་རྒྱུའི་སྙན་དར་ཁ་བྱང་། ངག་དབང་ཀུན་དགས་འདྲ་འབག་བཞེངས་པའི་རྒྱབ་ཡིག །སྡེ་པ་སྲི་གཅོད་འབུམ་སྐོར་དུས་མཚལ་གུང་གི་ལྷ་ཁང་ཚོ་དང་། ཚེས་གཅིག་སྲིད་གསུམ་དབང་མོ་མཆོད་དུས་ཀྱི་སྙན་ཤལ་འདོད་གསོལ། སྐྱོར་ལུང་ཕུག་ཁང་བླ་མ་ཚུལ་ཁྲིམས་ཀྱི་ངོར་རིང་འཚོའི་སྨོན་ལམ་རྣམས་བརྩམས། ཉེར་དགུར་སྨན་ཐང་པ་མགོན་པོ་ཚེ་རིང་དང་། ངག་དབང་བཟོད་པ་གཉིས་ལ་བྱིན་རླབས་བྱས། གནམ་གང་གི་དགོང་གཏོར་མ་བྱིན་རླབས་ལ་ཚོགས་སུ་ཕྱིན། འཛོ་སྒང་གསང་སྔགས་གླིང་དང་། སྤོམ་
གཏའ་གསང་སྔགས་བདེ་ཆེན་བཅས་དགོན་ཁག་གཉིས་ཀྱི་གྲ་པ་རེར་ལོ་འཁོར་གྱི་ཕོགས་ནས་ཁལ་བཞི་དང་ལུག་ཤ་ལྔ་གླིང་རེ་ལས་མི་འདུག་པའི་རྒྱུ་མཚན་བྱུང་བ་གཏོང་གཞི་རྙིང་པའི་ཐོག་འདི་ལོ་ནས་བཟུང་ཇི་སྲིད་བར་དགོན་པ་ཡས་མས་སོ་སོར་ཡ་ཇུ་ཁོར་དྲུག་མ་ལྔ་རེ་དང་མར་ཁལ་རེ་གསུམ། ཚ་ཁལ་བཞི་རེ། ཐུག་ཐལ་ཁལ་སུམ་ཅུ་རེ། ལུག་ཁོག་བརྒྱད་རེ། ལྔ་མཆོད་ཀྱི་གླིང་མེའི་མར་ཁལ་ལྔ་རེ། སྡོང་རས་སྤེན་ཏོག་ཕྱེད་བཅས་འཕར་བའི་གཏོང་དེབ་བཟོས་ན་ཞེས་སྡེ་པས་ཟེར་བར་མཐུན་འགྱུར་བགྱིས། །


previousདགུང་ལོ་རེ་བཞི་པར་རིས་མེད་འདུས་སྡེ་ཁག་ནས་རིམ་བཟློག་སོགས་ཀྱི་ཆེད་དུ་རིམ་གྲོ་དང་། རྟ་ཚག་རྗེ་དྲུང་གིས་གཙོས་སྐྱ་སེར་ཁྲི་ཚོ་ལྷག་ལ་དམ་པའི་ཆོས་ཀྱི་ཟབ་ཆོས་གནང་ཞིང་། དགའ་ལྡན་བདེ་ཆེན་གླིང་གསར་འཛུགས་དང་གཞུང་སྒེར་གྱི་བྱས་ཅན་ཁག་ལ་བདག་རྐྱེན་སྩལ་སྐོར་སོགས།next