Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
   
  expand section
   
   
ལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ།
   
   
   
   
   


 
previousལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ།next

ལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ།


GLG012_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ་བཞུགས་སོ། །


GLG012_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ནམོཝཱགཱིཤྭརེཎསྭརསྭསྟྱཻ།ཟུར་ཕུད་ལྔ་པའི་ཐུགས་རྗེའི་གྲུ་ཆར་གྱིས། །བློ་གྲོས་བཟང་པོའི་ལོ་འདབ་གཡུར་ཟ་བ། །གྲགས་པའི་དབྱར་རྔ་ཕྱོགས་བྲལ་མདོངས་ལྡན་གྱི། །སྒྲ་འཛིན་པདྨའི་མིག་ཏུ་སྒྲོག་མཁས་རྒྱལ། །ཞེས་མཆོད་པར་བརྗོད་ནས་ཚིག་དོན་མཆན་བུས་བཀྲལ་བ་ལ། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །ངེས་འབྱུང་གི་བསམ་པ་རྣམ་དག་དང་། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །བྱང་ཆུབ་ཀྱི་སེམས་དང་། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། ནི་རྒྱལ་བའི་དགོངས་པ་ལྟར། ཇི་ལྟར་ནུས་པ་བཞིན་དུ། བཙོང་ཁ་པ། བདག་གིས་བཤད་པར་བྱ། འོ། གང་དག་སྲིད་པའི་བདེ་བ་སྟེ་འབྱོར་པ་ཕུན་ཚོགས། ལ་སྙིང་པོ་མེད་པར་མཐོང་བས། མ་ཆགས་ཤིང་། སྟོང་ཉིད་རྟོགས་པའི་ཤེས་རབ་སྟེ་གསུམ་པོ། དལ་འབྱོར་གྱི་རྟེན་ལ་སྙིང་པོ་བླངས་ཏེ། དོན་ཡོད་པར་བྱ་བའི། ཕྱིར་དུ་བརྩོན་འགྲུས་དྲག་པོ་བརྩམས། པ་ཡིས། །གདུལ་བྱ། རྒྱལ་བ་སྲས་བཅས། དགྱེས་པའི་ལམ་ལ་ཡིད་རྟོན་པ་སྟེ་གཏོད། པའི། །ཚ་ཁོ་དབོན་པོ་གཙོ་བོར་གྱུར་པའི། སྐལ་ལྡན་དེ་དག་ཅེས་བོས་ནས། དང་བའི་ཡིད་ཀྱིས་མ་ཡེངས་པར།


GLG012_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན། ཅིག་པར་བསྐུལ་བའི། །རྣམ་དག་སྟེ་བཅོས་མ་མིན་པའི་ངེས་འབྱུང་གི་བསམ་པ་ཤུགས་དྲག་པོ། མེད་པར་སྲིད་མཚོ་ཡི། བདེ་འབྲས་ཏེ་འཁོར་བའི་བདེ་སྐྱིད་རྣམས་ཐོབ་པར་འདོད་ཅིང་། དོན་གཉེར་བའི་བསམ་པ་ཞི་བའི་སྟེ་ལྡོག་པ། ཐབས་མེད་པ། སྲིད་པའི་བདེ་བ། ལ་བསྐམ་པ་སྟེ་སྲེད་པ། ཡིས་ཀྱང་རིགས་གི །ཅན་རྣམས། འཁོར་བའི་གནས་འདིར་ཉིང་མཚམས་སྦྱོར་ཚུལ་གྱི། ཀུན་ནས་འཆིང་ཕྱིར་ཐར་འདོད་རྣམས་ཀྱིས། ཐོག་མར་མྱོང་བ་འཐོན་པའི་ངེས་འབྱུང་བཙལ། བར་བྱའོ། །རང་འབྱོར་ལྔ་དང་གཞན་འབྱོར་ལྔའི། དལ་འབྱོར་ཚང་བའི་མི་ལུས། རྙེད་དཀའ་ཞིང་། ཚེ་ལ་བསྣོན་པ་མེད་ཅིང་འགྲིབ་བྱེད་བར་མ་ཆད་དུ་ཡོད་པས། ལོང་མེད་པ། །འི་ཚུལ་དེ། ཡིད་ལ་ཡང་ནས་ཡང་དུ། གོམས་པས་ཚེ་འདིའི་སྣང་ཤས་ལྡོག་གོ །དཀར་ནག་གི །ལས་བསགས་པའི། འབྲས་བུ་བདེ་སྡུག་འབྱུང་བ། མི་བསླུ་ཞིང་འཁོར་བའི་མཐའ་མེད་པ་སྡུག་བསྔལ་རྣམས། །ཡང་ཡང་ཡིད་ལ་བསམས་ན་འཇིག་རྟེན། ཕྱི་མའི་མངོན་མཐོ་ལྷ་མིའི་གོ་འཕང་ཙམ་དོན་དུ་གཉེར་བ། སྣང་ཤས་ལྡོག་གོ །དེ་ལྟར་འདྲིས་ཤིང་གོམས་པས་འཁོར་བའི་ཕུན་ཚོགས་ལ། གཞན་ལྟ་ཅི་སྨོས། གསེར་མངལ་ཅན་མཆོད་སྦྱིན་བརྒྱ་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལའང་། ཡིད་


GLG012_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། དེ་ལ་བརྟེན་ནས། ཉིན་མཚན་ཀུན་ཏུ་ཐར་པ་དོན་དུ་བའི་གཉེར་བློ། །རྣལ་མ་བྱུང་བ་ན་དེ་ཚེ་ངེས་འབྱུང་གི་བསམ་པ་རྣམ་དག །སྐྱེས་པའི་ཚད། ལགས་སོ། །སྔར་སྐྱེས་པའི། ངེས་འབྱུང་གི་བསམ་པ། དེ་ཡང་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི། རྣམ་དག་སེམས་བསྐྱེད་ཀྱིས། ཟིན་པར་མ་ཟད་ཚུལ་དེ་ལ་སྙིང་ཐག་པ་ནས་ཞེན་ལོག་གི་བསམ་པ་སྐྱེ། པ་མེད་ན་བླ་མེད་བྱང་ཆུབ་ཀྱི་མཐུ་ལ་བརྟེན་ནས། །ཕུན་སུམ། ཚོགས་པའི། བདེ་བའི་རྒྱུ་རུ་མི་འགྱུར་བས། བློ་གྲོས་དང་། ལྡན་གཞན་ཕན་འབའ་ཞིག་གཙོ་བོར་བཟུང་ནས་དེའི་ཆེད་དུ་རྣམ་མཁྱེན་ཐོབ་པར་འདོད་པས། རྣམས་ཀྱིས་བྱང་ཆུབ་མཆོག་ཏུ། སེམས་མཆོག་བསྐྱེད་པར་རིགས་སོ། །བསྐྱེད་ཚུལ་ནི་སྐྱེ་རྒ་ན་འཆིའི་སྡུག་བསྔལ། ཤུགས་པ་ཡང་དག་པར་རྫོགས་པའི། དྲག་ལ། ཆུ་བོ་བཞི་ཡི་རྒྱུན་ལྟར། གྱིས་རིང་བས་ཡང་ནས་ཡང་དུ། ཁྱེར་ཞིང་། རྐྱེན་གཞན་གྱིས། བཟློག་པར། དཀའ་བའི། ལས་ཚིགས། ཀྱི་འཆིང་བ་ཞགས་པ་དང་འདྲ་བ། དམ་པོས་ནི་བསྡམས། གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པ་ལྕགས་ཀྱི་དྲ་བ་ལྟ་བུ་གཅོད་པར་དཀའ་བའི་སྦུབས་སུ་ཆུད། པར་མ་ཟད། ལས་འབྲས་ལ་བལྟ་བའི་བློ་གྲོས་ཀྱི་མིག །མ་རིག་པའི། མུན་པའི་སྨག་ཆེན་པོས། ཀུན་ནས་འཐིབས། །པ་སྟེ་བསྒྲིབས་པ་ལ་བརྟེན་ནས། །ཐོག་མ་དང་ཐ་མའི་ཚད་གཟུར་བར་དཀའ་བས་ན། མུ་མཐའ་མེད་པའི། སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི། སྡུག་བསྔལ་ཏེ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །པའི། གནས་སྐབས་ཏེ་སྣང་ཚུལ། འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་ཡིད་ལ། བསམས་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་དམ་བཅའ་བརྟན་པ་བཟུང་བའི་སྒོ་ནས་བྱང་ཆུབ་ཀྱི། སེམས་མཆོག་བསྐྱེད་པར་མཛོད། །ཅིག་བུ། ཆོས་རྣམས་ཀྱི། གནས་


GLG012_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཕྱིན་ཅི་མ་ལོག་པར་ངེས་པའི་བདག་མེད། རྟོགས་པའི་ཤེས་རབ་འང་མི་ལྡན་ན། སྔར་བཤད་པའི། ངེས་འབྱུང་གི་བསམ་པ་དང་། བྱང་ཆུབ་ཀྱི། སེམས་ལ་ཇི་ཙམ། གོམས་པར་བྱས་ཀྱང་། འཁོར་བ་ལས་མི་གྲོལ་ཏེ། དེ་གཉིས་ཙམ་གྱིས། སྲིད་པའི་རྩ་བ་བདག་འཛིན་གྱི་ཞེན་ཡུལ་སུན་དབྱུང་ཞིང་། གཅད་པར་མ་ནུས་པས། རྒྱུ་མཚན། དེའི་ཕྱིར་ན་སྟོང་ཉིད། རྟེན་འབྲེལ་གྱི་དོན་འགྲུབ་ཚུལ། རྟོགས་པའི་ཐབས་ལ་འབད། དགོས་སོ། །རྣམ་གྲོལ་དོན་དུ་གཉེར་བའི་གདུལ་བྱ། གང་ཞིག་འཁོར་བ་འཇིག་རྟེན་གྱིས་བསྡུས་པའི་ལས་དང་ཉོན་མོངས་པ་དེས་བསྐྱེད་པའི་སྣོད་བཅུད་དང་འཇིག་རྟེན་པས། འདས་པས་བསྡུས་པའི། ཆོས་རྣམས་ཐམས་ཅད་ཀྱི། རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས། འབྲས་བུ། ནམ་ཡང་སྟེ་ཅུང་ཟད་ཙམ་ཡང་། བསླུ་བ་མེད་པར། མཐོང་ཞིང་། །དེ་ལྟ་བུའི། དམིགས་པའི་ཡུལ་ལ་བདེན་འཛིན་གྱིས་རྟོག་པའི་འཛིན་སྟངས་ཀྱི། བསྟད་སོའི་ཡུལ། གང་ཡིན་པར་ཀུན་ཞིག་པ། །ཚད་མས་ངེས་ལ། དེ་ནི་སངས་རྒྱས་སྲས་དང་བཅས་པ། དགྱེས་པའི་ལམ་ཕྱིན་ཅི་མ་ལོག་པ། ལ་ཞུགས། པ་ལགས་སོ། །སྔར་བཤད་པའི་ལམ་ལ་ཞུགས་པ་ན། སྣང་བ་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་ཞེས། རྟེན་འབྲེལ་ནམ་དུ་ཡང་། བསླུ་བ་མེད་པའི་དོན་ལ་གཏིང་ཚུགས་པའི་གོ་བ་དང་། ཀུན་རྫོབ་ཀྱི་ཆོས་རྣམས་གདོད་མ་ནས་གྲུབ་པ་ཅུང་ཟད་ཀྱང་མེད་པས། སྟོང་པ་ཉིད་མཐའ་གཉིས་དང་བྲལ་ལ་རང་གི་ངོ་བོས་གྲུབ་པའི་ཆོས་རྡུལ་ཙམ་ཡང་། ཁས་ལེན་དང་བྲལ་བའི་དོན་ལ་ངེས་ཤེས་རྙེད་པའི། གོ་བ་གཉིས། པོ་དེ། ཇི་སྲིད་སོ་སོར་སྣང་བ་སྟེ་ཚ་གྲང་ལྟར་འགལ་བར་བཟུང་བ། དེ་སྲིད་དུ། །ད་དུང་ཐུབ་པའི་མཐར་ཐུག་གི་དགོངས་པ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་བ་ལྟར། རྟོགས་པ་མེད། །པ་སྟེ་མ་རྟོགས་སོ། །


GLG012_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་དེས། ནམ་ཞིག་སྔར་བཤད་པའི་གོ་བ་དེ་གཉིས། རེས་འཇོག་པ་མེད་པར་ཅིག་ཅར་དུ། །གཅིག་ལ་ངེས་པ་འདྲོངས་པས་ཅིག་ཤོས་ལ་ཡང་འབད་མེད་དུ་ངེས་པ་རྙེད་པ་ཞིག་དགོས་པས། རྟེན་འབྲེལ་གྱི་ཚུལ། མི་བསླུ་བར་མཐོང་བ་ཙམ་ཉིད་ལ་བརྟེན། ནས། །དེ་ལྟ་བུའི་ངེས་ཤེས་ལྷང་གིས་སྐྱེས་པ་དེའི་ཚེ་ཡུལ་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན་གྱི། བློའི་འཛིན་སྟངས་ཀུན་མོས་སུ། འཇིག་ཐུབ་པའི་ངེས་པ་རྙེད་པ་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །སོ། གོང་དུ་བསྟན་པ་དེ་ལས། གཞན་ཡང་བློ་ལྡན་དག་གིས་མཐའ་གཉིས་དང་བྲལ་བའི་དབུ་མའི་ལྟ་བ་ལ་ངེས་པ་འདྲེན་ཚུལ་ནི། སྣང་བས་རང་བཞིན་གྱིས། ཡོད་པའི་རྟག་མཐའ་སེལ་བ་སྟེ་འགོག་པ། དང་། །རང་བཞིན་གྱིས། སྟོང་པས་ཐ་སྙད་དུ། མེད་མཐའ་སེལ་བ་སྟེ་འགོག་ནུས། ཞིང་རང་བཞིན་མེད་པའི་སྟོང་པ་ཉིད། །ཀྱི་ངང་ནས། རྒྱུ་དག་པ་བྱས་པ་དང་དེའི་འབྲས་བུར་བདེ་བ་འབྱུང་བ་རིམ་པ་ལྟར། རྟེན་འབྲེལ་མི་བསླུ་བའི་རྒྱུ་མཚན་གྱི། འཆར་བའི་ཚུལ་ཤེས་པ། ན། རྟག་ཆད་ཀྱི། མཐར་འཛིན་པའི་ལྟ་བས་སྔར་བཤད་པའི་ཡང་དག་པའི་ལྟ་བ། འཕྲོག་པར་མི་འགྱུར་རོ། །དེ་ལྟར་ལམ་གྱི་གཙོ་བོ་ངེས་འབྱུང་། བྱང་ཆུབ་ཀྱི་སེམས། སྟོང་ཉིད་རྟོགས་པའི་ཤེས་རབ། རྣམ་པ་གསུམ་གྱི། །ཐུན་མོང་མ་ཡིན་པའི་གནད་རྣམས་རང་གིས་ཕྱིན་ཅི་མ་ལོག་པར། ཇི་ལྟ་བ་བཞིན་དུ་རྟོགས་པའི་ཚེ། །ཚེ་འདིའི་འདུ་འཛི་དང་རྣམ་གཡེང་སོགས་ལ་མ་ཆགས་པར་དབེན་པ་བསྟེན་ཏེ། མི་རྟག་པས་བསྐུལ་བའི་བརྩོན་འགྲུས་དྲག་པོའི། སྟོབས་བསྐྱེད་ནས། །ཐོབ་བྱ། མཐར་ཐུག །གཏན་གྱི་མདུན་མ་ཕྱི་བཤོལ་དུ་མ་སོང་བར།


GLG012_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་སྒྲུབ་ཤིག་ཅེས་རྒྱལ་བ་བཙོང་ཁ་བས་ཚ་ཁོ་དབོན་པོ་ལ། བུ། ཞེས་ཉེ་བའི་ཚིག་གིས་བོས་ནས་གདམས་པ་ཡིན་ནོ། །ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་གདམས་པའོ། །དེ་ལྟར་ལེགས་བཤད་ཙིནྟ་མཎྜ་ལ། །མ་རྟོགས་དྲི་ཚོགས་ཉུང་ངུའི་མཆན་བུ་ཡིས། །གསལ་བར་གྱིས་ཞེས་ཞལ་དཔོན་སྦྱིན་དཔལ་གྱིས། །བསྐུལ་ཕྱིར་གདོང་དྲུག་བསྙེམས་པའི་ལང་ཚོས་སྨྲས། །སརྦ་མངྒ་ལཾ། །


GLG012_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལ།next