Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
collapse section
  
མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
 expand section


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousམཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།next

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།


GLG014_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག་ཅེས་བྱ་བ་བཞུགས་སོ། །


GLG014_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་དག་ཞིང་གཞན་གྱིས་བཟུང་མཐར་ཆེས་ཆེར་གདུལ་དཀའི་འགྲོ་ལ་རྗེས་ཆགས་སྙིང་སྟོབས་མཆོག་གིས་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་དེ། །(༢ན)


GLG014_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འཕགས་ཕལ་གྱི་ཁོང་དུ་ཆུད་མིན་བྱ་དཀའ་རླབས་ཆེན་སྤྱོད་པ་དྭངས་མཚོར་འཁོར་ལོའི་ཡན་ལག་ཅན་བཞིན་དགའ་མགུར་འཇུག་མཛད་པས། །(༢བ)


GLG014_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སངས་རྒྱས་དཔང་ས་ལྷས་བྱས་ཚེ་ཡིད་སྲུབས་གདོང་དམད་ཟས་གཙང་སྲས་ཁྱོད་མཚན་དཔེའི་སྣང་བརྙན་སླར་ཡང་བདག་སོགས་འགྲོ་ཀུན་ལ། །(༣ན)


GLG014_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མཐོང་སྐལ་བཟང་མཆིས་ན་སྟོན་ཞེས་དུང་བའི་སྐད་གསང་ཕྱོགས་བཅུར་འབོད་པར་གླང་པོའི་སྣ་ཞགས་ལྟ་བུའི་ཕྱག་དེ་གཙུག་ཏུ་ཁྱོངས། །(༣བ)


GLG014_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་འཛིན་ལང་ལོང་འཁྲིགས་ལས་དབྱར་རྔ་དལ་བུར་སྒྲོག་ཚེ་མདོང་མཐའ་སྒྲོ་གཤོག་ཟླུམ་པོར་བསྒྱུར་ནས་གར་བྱེད་ན། །ཚངས་པའི་དབྱངས་ཀྱིས་འགྲོ་མང་རྣ་བ་བདུད་རྩིར་སྤྱོད་པ་དངོས་པོའི་གཤིས་དེར་མཚར་འཛིན་བྱིས་བློ་ལྟར་ཕྲ་མོད། །འོན་ཏེ་བདུད་སྙིང་བསྲེགས་པའི་བུད་ཤིང་འདི་ཀོས་ཀུན་ལ་རྗེས་བརྩེ་བདེན་གཏམ་བསེར་བུར་བསྐུར་ཞེས་འཁྱོགས་འཕྱང་བར། །སེམས་ཅན་བསམ་པའི་ཁྱད་པར་མཐའ་ཀླས་སྣ་ཚོགས་འཇུག་སྒོ་དབྱེ་བའི་གསུང་གིས་བདག་བློའི་ཐེ་ཚོམ་དྲ་བ་ཆོད། །ཉེ་རིང་མེད་པར་ལུས་ཅན་ཡོངས་ཀྱི་སྙིང་ལ་ཉེར་སིམ་ཐུགས་རྗེའི་དྲི་བསུང་དངར་པོའི་ངད། །མི་ཕྱེད་དད་པའི་རླུང་གིས་དྲངས་ཚེ་སྲིད་ཞིའི་ཚ་གདུང་རབ་བཅིལ་སྨན་གྱི་མཆོག །སྔོན་མེད་ཙནྡན་རྐང་འཐུང་གཅིག་པུ་ཇི་ལྟ་ཇི་སྙེད་མངོན་སུམ་གཟིགས་པའི་ཡེ་ཤེས་ཆེ། །གསེར་འགྱུར་རྩི་ཡིས་སྐྱེ་རྒུའི་ཡིད་ཀྱི་ལྕགས་ཁམས་བསྒྱུར་ནས་རྒྱུད་ལྔའི་འགྲོ་འདྲེན་ནུས་བྱིན་རློབས། །སྔོན་དང་ད་ལྟའི་ཆོ་གའི་སྒོ་ནས་ངུར་སྨྲིག་གོས་ཀྱིས་ཀུན་གསལ་མདོག །མཚམས་སྤྲིན་གཞོན་ནུའི་མདངས་སུ་སྤེལ་མཛད་སྐྱེ་འཕགས་དགེ་འདུན་མུ་ཐི་ལའི། །ཆད་མེད་འཕྲེང་མཛེས་སྐྱེ་རྒུའི་བསོད་ནམས་ཐོད་དུ་བཅིངས་པར་དགའ་བའི་གར། །བལྟ་བར་ལྷ་རྣམས་ཡང་ཡང་རྒྱུ་བས་གོ་ལའི་སྒང་གཤོངས་བྱུང་ངམ་སྙམ། །གསོལ་བཞིའི་ཆོ་གས་སྤོང་བདུན་ཚུལ་ཁྲིམས་ཡིད་བཞིན་ནོར། །ཉེས་ཚོགས་དྲི་བཀྲུས་བསྟན་པའི་རྒྱལ་མཚན་རྩེར་བཀོད་པས། །མངོན་མཐོ་ངེས་ལེགས་འདོད་དགུའི་ཆར་འབེབས་སྒྲ་གཅན་འཛིན། །ཟུང་སོགས་རིམ་བྱོན་བཀའ་དྲིན་ཕུང་པོ་(༤ན)


GLG014_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་གཞལ། །གངས་ལྗོངས་མོང་རྟུལ་སྨག་རུམ་སོ་ཐར་ཉིས། །ཕན་བདེའི་འོད་དཀར་སྣང་ཁྱབ་སྡོམ་བརྩོན་ཆེ། །ཤཱནྟ་རཀྵི་ཏ་ཡི་སྙན་གྲགས་རྔ། །ཚངས་རིས་ཡུལ་སའི་བར་དུ་བརྡུངས་མིན་ནམ། །དེ་ལྟ་ནའང་ཕྱོགས་འདིའི་འགྲོའི། །ལས་ནག་སྨིན་པའི་དུག་རླངས་ཀྱིས། །འདུལ་གཞུང་སྲོག་རྩ་ཆད་ཉེ་བ། །གསོ་བའི་བདུད་རྩི་མདོ་རྨད་བྱུང་། །ཚུལ་དེར་རང་གར་སྤྱོད་པ་གཟུ་ལུམ་གྱིས། །རྣམ་དག་བསྟན་ལ་བགྲང་བྱར་འོས་མི་འོས། །མིག་མངས་རྡེའུའི་རྩེ་འཇོར་གངས་ལྗོངས་ཀྱི། །མང་དག་མགོ་འཁོར་ཚེ་འདིའི་ཉི་རིང་འཕུལ། །ཤཱཀ་སེང་འཕྲིན་ལས་སེམས་ཅན་ཁམས་ལ་འཇུག་པའི་རྒྱུན་པོ་ཆེ། །མི་འཆད་ཤཱ་རིའི་བུའི་མཆེད་ཀསྨི་ར་པའི་བསོད་སྙོམས་པ། །པཎ་ཆེན་ཤཱཀྱ་ཤྲཱིའི་སྡོམ་རྒྱུན་ཉལ་འགྲོས་མངོན་གྱུར་ཉོན་མོངས་ཞུགས། །དབལ་བཅིལ་བག་ཡོད་ལྷུང་ལྷུང་སྒྲ་སྙན་འཕགས་བོད་ཀུན་ཁྱབ་མཚར། །རླངས་སྤྱོད་ན་བུན་ར་རི་དང་བྲལ་བརྟན་མཁས་གཉིས་ལྡན་གངས་ཅན་ལས། །ཉེས་མེད་ཕུན་ཚོགས་སྡོམ་གསུམ་གངྒཱ་བོད་ཡུལ་བསྟན་པའི་ཆུ་གཏེར་ཆེར། །འབེབས་མཁས་རྡོར་བྱང་ས་ལོ་རྗེས་འབྲངས་བློ་གསལ་སྐལ་ལྡན་ཤིང་རྟ་ཆེའི། །རྣམ་པར་ཐར་ལ་གཟུར་གནས་མཐའ་དག་དད་དུང་བ་སྤུ་གྱེན་དུ་ལངས། །སྟོད་སྨད་ཁ་ཆེར་བཅས་པའི་འདུལ་ཁྲིམས་ནོར་འཛིན་བུ་མོའི་མངལ་དུ་སྦྲུམས་པ་ཡི། །ལྕིད་ཀྱིས་གནས་བརྟན་རྔུལ་ཆུ་སྟར་བརྒྱུས་ཡལ་བོར་ཕྲ་ཞིབ་བསླབ་བྱའི་གནད་རྣམས་ཀུན། །གཏན་ལ་ཕབ་སྟེ་ཛཱ་ཏིའི་མེ་ཏོག་བཀྲ་ནས་ཤར་ཕྱོགས་རྒྱལ་པོའི་ཁབ་ཀྱི་བར། །མཚམས་སྤྲིན་གོས་(༤བ)


GLG014_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཁྱབ་མཛད་བློ་བཟང་གྲགས་པ་ཉི་མའི་གཉེན་དེ་སླར་བྱོན་ཏམ། །ཤིང་རྟའི་སྲོལ་འཛིན་རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཅེན་སོགས། །རྣམ་དཔྱོད་རྫིངས་ཀྱིས་སྡེ་སྣོད་ཆུ་གཏེར་ཕ་མཐའ་རབ་བརྒལ་བའི། །མཁས་བཙུན་དེད་དཔོན་གསེར་སྦྱངས་ཐོད་བཅིངས་བརྟག་ཐབས་དཔྱད་ཡངས་པས། །བཞེད་སྲོལ་འཁྲུལ་མེད་ནོར་བུའི་ཚོང་ཟོང་འདྲེན་རྣམས་ཕྱག་གི་ཡུལ། །འདུལ་མངོན་དཀའ་བའི་གནས་ཀུན་ཡོངས་འགྲོལ་རྒྱུད་མང་གླུ། །ཡང་ཡང་རྣ་བར་རབ་འཁྲོལ་ལེགས་བཤད་གཏམ་སྙན་པོས། །ཡིད་དབང་ཀུན་དགར་སྤྱོད་མཛད་འཇམ་དབྱངས་མི་ཡི་གཟུགས། །དཀོན་ཅོག་ཆོས་འཕེལ་བཀའ་དྲིན་དྲན་ཚེ་ལག་པད་ཟུམ། །གཟོད་མ་ཉིད་ནས་སྒོ་གསུམ་བག་ཡོད་ལྕགས་ཀྱུས་སྣར་བཏབ་ཆུ་ལྷའི་བུས། །འཆལ་བའི་དུག་གི་དྲི་མ་ཀུན་སྦྱངས་ཚུལ་གནས་ཡན་ལག་བརྒྱད་ལྡན་དུ། །བསྒྱུར་པས་ཕྲ་རྒྱས་ནད་བརྒྱ་དྲུང་འབྱིན་སྦྱོར་འཛིན་འབོགས་ལ་ཉེར་མཁས་པ། །རིན་ཅེན་བསོད་ནམས་མཆོག་ཏུ་གྲུབ་ཁྱོད་གངས་ཅན་ལྗོངས་འདིར་ཉེ་བར་འཁོར། །གང་གི་ཞབས་སེན་འོད་དམར་རྡུལ་ཚོགས་གཙུག་ལྷུང་བའི། །མོད་ལ་སྲིད་འབྱོར་ཨེ་རཎྜ་ཡི་སྙིང་པོ་བཞིན། །ངེས་པར་འབྱུང་བས་བསྟན་ལ་རབ་ཞུགས་ཡོངས་རྫོགས་དྲིན། །བྱང་ཆུབ་མཆོག་གི་བར་དུ་གཞལ་དཀའ་ཡིད་དབང་འཁྱོགས། །རྣམ་དག་ཆོ་གའི་ས་བོན་མེས་ཚིག་པའི། །ལང་ལོང་སྙེ་མའི་ཕུང་པོ་གཟུགས་བརྙན་ཙམ། །ཚིགས་གསུམ་ནོས་ཀྱང་བསྲུང་སྡོམ་རགས་པ་ཡི། །ལྟུང་བའི་ཁུར་དེ་ཡང་སྲིད་ཕྱི་མར་ལྕི། །མཁས་སྙན་གྲགས་འདོད་མ་ཡིན་པར། །དོན་ཀུན་གྲུབ་བསྟན་བསྐལ་བའི་(༥ན)


GLG014_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བར། །གནས་སྨོན་ལས་ཆོག་འཁྲུལ་སྤོང་གི །རྣམ་རྒྱལ་གསེར་གྱི་མདོག་ཅན་སྤེལ། །ཞེས་མཁས་དབང་དཎྜིའི་གཙུག་ལག་གི་རྗེས་སུ་འབྲངས་ཏེ་ཉམས་དང་འགྱུར་བ་སྟོང་གི་སྒོ་ནས་བརྗོད་པ་རྣམ་པར་དག་པའི་ཚིགས་སུ་བཅད་པ་སྤོབས་པའི་མགྲིན་པ་མཐོན་པོར་བཏེག་པ་སྔོན་དུ་འགྲོ་བས་སྐབས་སུ་གླེང་བར་བྱ་བ་ནི། འོ་སྐོལ་གྱི་རྣམ་འདྲེན་ཟས་གཙང་གི་སྲས་པོ་དོན་ཀུན་གྲུབ་པ་ནི་དྲིན་ལན་བསབས་པའི་མདོ་ལས། སྟོན་པ་འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཤེས་རབ་དང་སྙིང་རྗེའི་སྟོབས་ཀྱིས་དགེ་བའི་རྩ་བ་རྒྱ་ཆེན་པོ་བསགས་པ་ཡིན་ཀྱང་བར་སྐབས་སུ་ལས་ཀྱི་དབང་གིས་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་ཅིག་ཏུ་གྱུར་པའི་ཚེ། རང་གི་སྡུག་བསྔལ་ལ་དཔགས་ཏེ་གྲོགས་ལ་ཚད་མེད་པའི་སྙིང་རྗེ་སྐྱེས་ནས་གཤིན་རྗེའི་སྐྱེས་བུ་ཨ་ཝ་གླང་མགོ་དང་སྡིག་པ་སྦྲུལ་མགོ་ལ། འདིའི་ཁུར་ཀྱང་བདག་གིས་འཁུར་བར་ཅི་གནང་ཞེས་ཞུས་པས། དེ་དག་ཁྲོས་ཏེ་སེམས་ཅན་རང་རང་གི་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་ལ་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་ཟེར་ནས་ལྕགས་ཀྱི་ཐོ་ལུམ་མགོ་ལ་བསྣུན་པས་ཚེའི་དུས་བྱས་ལྷའི་ནང་དུ་སྐྱེས་ཏེ་ལོ་མང་པོར་བདེ་བ་ཉམས་སུ་མྱོང་བར་བྱས། སྙིང་རྗེ་འཕེལ་བའི་བདག་རྐྱེན་དགེ་བའི་བཤེས་གཉེན་ལ་རག་ལས་པས་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་ཤཱཀྱ་ཐུབ་པ་ཆེན་པོ་ལ། གདུགས། མཆིལ་ལྷམ་ཟུང་། རྫའི་བུམ་པ་བྱི་དོར་བྱས་པ་གསུམ་ཕུལ། མགྲོན་བུ་ལྔ་མེ་ཏོག་གི་ཚུལ་དུ་གཏོར་ནས། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་སོགས་ཀྱིས་ཐུགས་བསྐྱེད། ཚོགས་ནི་མཛོད་(༥བ)


GLG014_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྣམ་གཟིགས་མར་མེ་རིན་ཅེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། ཞེས་རྒྱལ་པོ་རྣམ་པར་རྒྱལ་བའི་ཕོ་བྲང་རྣམ་པར་རྒྱལ་བའི་རྒྱལ་མཚན་ཅན་དུ་རྒྱལ་པོའི་སྲས་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་འཁྲུངས་པའི་ཚེ། །དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་སོགས་སངས་རྒྱས་སློབ་མར་བཅས་པ་ལ་བསྙེན་བཀུར་ནས་སྨོན་ལམ་བཏབ་པ་ནས་རིན་ཅེན་གཙུག་ཏོར་ཅན་གྱི་བར་བདུན་ཁྲི་ལྔ་སྟོང་ལ་གྲངས་མེད་དང་པོའི་ཚོགས་བསགས། དེ་རྗེས་ཚོང་དཔོན་ཤེས་རབ་བཟང་པོར་གྱུར་པའི་ཚེ། རྒྱལ་པོ་མཛེས་པར་སྣང་བའི་ཕོ་བྲང་འཛམ་བུའི་གསེར་དུ་སངས་རྒྱས་དཀོན་མཆོག་ཡན་ལག་བྱོན་པ་ནས་མར་མེ་མཛད་ཀྱི་བར་བདུན་ཁྲི་དྲུག་སྟོང་ལ་གྲངས་མེད་གཉིས་པའི་ཚོགས་བསགས། སྟོན་པ་འདི་གཞོན་ནུ་ཆོས་ཀྱི་སྤྲིན་དུ་གྱུར་པའི་ཚེ་རྒྱལ་པོ་དགྲ་ཐུབ་ཀྱི་ཕོ་བྲང་གྲོང་ཁྱེར་པདྨོ་ཅན་དུ་སངས་རྒྱས་མར་མེ་མཛད་ནས་རྣམ་གཟིགས་ལ་ཐུག་གི་བར་བདུན་ཁྲི་བདུན་སྟོང་ལ་གྲངས་མེད་གསུམ་པའི་ཚོགས་བསགས་པའི་མཐར་སངས་རྒྱས་དབང་པོའི་ཏོག་ཏུ་སངས་རྒྱས། དེས་བྲམ་ཟེའི་ཁྱེའུ་བླ་མར་སྤྲུལ་ནས་སངས་རྒྱས་འོད་སྲུངས་ལ་བསྙེན་བཀུར་ཞིང་དགའ་ལྡན་དུ་དམ་པ་ཏོག་དཀར་པོར་གྱུར་ནས་ཆོས་བསྟན། བརྒྱད་སྟོང་འགྲེལ་ཆེན་སོགས་སུ་གྲངས་མེད་སུམ་ཅུ་རྩ་གསུམ་གྱི་རྣམ་གཞག་བཤད་ཅིང་། གྲངས་མེད་དང་པོར་ས་དང་པོ་མན། །གཉིས་པར་རིང་དུ་སོང་བ་མན། གསུམ་པར་དག་པ་ས་གསུམ་ཞེས་གྲགས་ཀྱང་ཐེག་དམན་གྱི་སྐབས་སུ་གྲངས་མེད་གསུམ་ག་ཚོགས་ལམ་(༦ན)


GLG014_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་སྐབས་སུ་རྫོགས་པར་འདོད། འཛམ་བུའི་གླིང་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པའི་ནང་ཚན། ལུང་གཞི་ལས། བྱང་ཆུབ་སེམས་དཔའ་ལོ་ཉི་ཤུ་རྩ་དགུ་བཞེས་ནས་ལོ་དྲུག་དཀའ་བ་སྤྱོད་པར་འགྱུར་ཏེ། དེ་ནས་བདུད་རྩི་རྟོགས་པར་མཐོང་ངོ་། །ཞེས་དབུས་འགྱུར་འཆང་རྡོ་རྗེའི་གདན་གྱི་སྤོར། །ཟོར་བའི་གདན་ལ་སྐྱིལ་མོ་ཀྲུང་གཅིག་གིས་ཆུ་སྲིན་རྒྱལ་མཚན་ཅན་གྱི་གཡུལ་ལས་རྣམ་པར་རྒྱལ་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཆུ་སྟོད་ཟླ་བའི་ཚེས་བཞིར་ཡུལ་ཝ་རཱ་ཎཱ་སིར་སངས་རྒྱས་སྟོང་གི་ཁྲི་ཡོད་པར་བཞི་པའི་སྟེང་དུ་བཞུགས་ནས་ལྔ་སྡེ་ལ་སོགས་མཐའ་ཡས་པའི་གདུལ་བྱར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ནང་ནས་སློབ་དཔོན་ཆོས་ཀྱི་ཚོང་དཔོན་གྱིས། ཇི་ལྟར་འདི་ནི་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །རྒྱུ་དང་རྩ་བ་འདུལ་བ་ཡིན་པར་གསུངས། ཞེས་དང་། རྒྱལ་བ་སྟོན་པ་དེ་ཡི་དམ་ཆོས་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །གཉིས་གྱུར་ཕྱག་བྱས་སངས་རྒྱས་ཁྱོད་གཅིག་བཞིན། །ཞེས་མངོན་པ་དང་མདོ་སྡེའི་སྡེ་སྣོད་ཀྱིས་བསྟན་པའི་གོ་ཆོད་ཀྱང་སྟོན་པའི་གོ་མི་ཆོད། འདུལ་བའི་སྡེ་སྣོད་ཀྱིས་གཉིས་ཀའི་གོ་ཆོད་པའི་ཕྱིར་ལེགས་པར་གསུངས་པ་དམ་པའི་ཆོས་ལུང་སྡེ་བཞི་བཀའ་སྩལ་བའི་བརྗོད་དོན་འདུལ་བའི་རྣམ་བཤད་སྤྱིར་བསྟན་པ།


previousམཆོད་བརྗོད་དང་རྩོམ་པར་དམ་བཅའ་བ།next