Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
  expand section
ཡོན་ཏན་གྱི་གཞི་རྟེན་བླ་མའི་རྣལ་འབྱོར་ཉམས་ལེན་གྱི་རིམ་པ་ཞིང་ཁམས་རྒྱ་མཚོའི་བྱིན་རླབས་མྱུར་འདྲེན།
  expand section
   
   
   
   
   
   
   


 
previousཡོན་ཏན་གྱི་གཞི་རྟེན་བླ་མའི་རྣལ་འབྱོར་ཉམས་ལེན་གྱི་རིམ་པ་ཞིང་ཁམས་རྒྱ་མཚོའི་བྱིན་རླབས་མྱུར་འདྲེན།next

ཡོན་ཏན་གྱི་གཞི་རྟེན་བླ་མའི་རྣལ་འབྱོར་ཉམས་ལེན་གྱི་རིམ་པ་ཞིང་ཁམས་རྒྱ་མཚོའི་བྱིན་རླབས་མྱུར་འདྲེན།


GLG015_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གྱི་གཞི་རྟེན་བླ་མའི་རྣལ་འབྱོར་ཉམས་ལེན་གྱི་རིམ་པ་ཞིང་ཁམས་རྒྱ་མཚོའི་བྱིན་རླབས་མྱུར་འདྲེན་ཞེས་བྱ་བ་བཞུགས་སོ། །


GLG015_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། ཐུགས་རྗེའི་ཆར་རྒྱུན་དྲི་མེད་འགྲོ་ཀུན་གྱི། །ངལ་གསོར་སྩོལ་མཛད་འཇམ་དཔལ་སྙིང་པོ་ཞེས། །ཉིན་བྱེད་ཇི་ལྟར་རྨོངས་པའི་མུན་འཇོམས་ཤིང་། །བློ་གྲོས་སྣང་བའི་དཔལ་སྟེར་དེ་ཡིས་སྐྱོངས། །དེའང་བློ་ལྡན་གྱི་སྐྱེས་བུ་ངན་འགྲོའི་སྡུག་བསྔལ་གྱིས་ཆེས་ཆེར་འཇིགས་པ་དག་ཡན་ལག་བརྒྱད་པའི་ཁྲིམས་ལ་གནས་པའམ། མིན་ཀྱང་རུང་། ཁ་ན་མ་ཐོ་བ་མེད་པའི་མཆོད་པ་རྟེན་རྣམས་ཀྱི་དྲུང་དུ་བཤམས་ཏེ། ཕྱོགས་བཅུ་དུས་གསུམ་སོགས་དང་སངས་རྒྱས་ཆོས་ཚོགས་རྣམས་སྔོན་དུ་བཏང་ནས། རང་གི་མདུན་གྱི་མཁའ་ལ་རིན་ཆེན་ཁྲི། །པད་ཟླའི་སྟེང་དུ་དམར་སེར་དྷཱིཿཡིག་ལས། །དུས་གསུམ་རྒྱལ་བའི་ངོ་བོ་བཙོང་ཁ་པ། །སུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་ཅན། །རབ་དཀར་ཞི་ཞིང་འཛུམ་པའི་ཞལ་ཁྱིམ་ལ། །ཕྱག་ཟུང་ཆོས་འཆད་ཆུ་སྐྱེས་ཡུ་བ་ནི། །མཉེན་ལྡུམ་ཕྲ་ལྡེམ་གཡས་གཡོན་འདབ་རྒྱས་སྟེང་། །ཤེས་རབ་རལ་གྲི་པུ་སྟ་ཀ་ཡིས་མཛེས། །པཎ་ཞུ་གསེར་མདོག་ཆོས་གོས་རྣམ་གསུམ་གྱོན། །མི་ཕྱེད་རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་པའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚོན་པ་ལས། །ལྕགས་ཀྱུ་ལྟ་བུའི་འོད་ཟེར་འཕྲོས་པ་ཡིས། །ངོ་མཚར་རྨད་བྱུང་བཀོད་(༢ན)


GLG015_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་ཁམས་ནས། །བདེ་བར་གཤེགས་པ་སེང་གེའི་ང་རོའི་དཔལ། །རྒྱལ་སྲས་བསེ་རུ་ཉན་ཐོས་འཁོར་ཚོགས་བཅས། །ཐོགས་མེད་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །དམིགས་བརྩེ་མ་དང་། མེ་ཏོག་བདུག་སྤོས་སྒྲོན་མེ་དྲི་ཆབ་དང་། །བཟའ་དང་བཅའ་བ་སྙན་པའི་རོལ་མོ་དབྱངས། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་ཚོགས་རྣམས་འབུལ། །བགྲང་བར་མི་ནུས་ཐོག་མེད་འཁོར་བ་རུ། །ཇི་སྙེད་བསགས་པའི་སྡིག་པའི་ཚོགས་སྤྱི་དང་། །ཚེ་འདིར་གཡུལ་འཁྲུག་ཁྲིམས་དང་འཚོ་བའི་ཆེད། །སྲོག་གཅོད་ལ་སོགས་ལུས་ངག་ཡིད་ཀྱི་ལས། །གནག་པའི་འབྲས་བུ་འབྱིན་པའི་སྡིག་ལྟུང་ཀུན། །བཅོས་མིན་བསམ་པ་ཐག་པས་སྙིང་ནས་བཤགས། །མཆོག་དམན་འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཐེག་གསུམ་འཕགས་པ་སྲས་དང་བཅས་རྣམས་ཀྱིས། །ཆོས་འཁོར་བསྐོར་ཞིང་མི་འགྱུར་བརྟན་པར་གསོལ། །ལེགས་བྱས་རྒྱུ་ཚོགས་ཀུན་མཁྱེན་ཐོབ་ཕྱིར་བསྔོ། །ཞེས་དང་། གཞན་ཡང་བཤགས་པའི་རྗེས་སུ་བྱང་ཆུབ་ལྟུང་བཤགས། གཙོ་རྒྱལ་མ་རྣམས་ཀྱང་རྟེན་གྱི་དྲུང་དུ་ཕྱག་དང་བཅས་ཏེ་འགྲུབ་ན་བྱ། །མཐར་བླ་མ་འོད་དུ་ཞུ་ནས་(༢བ)
རང་ལ་ཐིམ་པར་བསམ་ཞིང་། །ཉིན་རེ་བཞིན་ལན་ཅིག་གམ། དེ་ལས་མང་བ་བློས་སྐབས་དང་སྦྱོར་ཞིང་། དམིགས་བརྩེ་མ་བརྒྱ་སྟོང་སོགས་གང་ལྕོགས་ཀྱང་བཟླའོ། །ཚེགས་ཆུང་ངུས་སྡིག་སྒྲིབ་བཤགས་ཐེབས་ཀྱི་ཉམས་ལེན་གོ་བདེ་ཞིང་ཁྱེར་སླ་བ་འདི་ཡང་བྱང་ཕྱོགས་ནོར་འཛིན་སྐྱོང་བ་ཐུ་ཤལ་ཐུ་རྡོ་རྗེ་རྒྱལ་པོས་བསྐུལ་བ་ལ་བརྟེན་ནས། ཏཱ་ལའི་བླ་མ་བཛྲ་དྷ་རས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་སྦྱར། །

བླ་མའི་རྣལ་འབྱོར་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་སྒྲུབ་པ་དགེ་ལེགས་ཀྱི་གཏེར་མཛོད།


GLG015_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་སྒྲུབ་པ་དགེ་ལེགས་ཀྱི་གཏེར་མཛོད་ཅེས་བྱ་བ་སོགས་བཞུགས། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་དྲའི་གར། །དངོས་གྲུབ་ཕན་བདེའི་གཏེར་གྱུར་བླ་མ་མཆོག །འཇིག་རྟེན་དབང་ཕྱུག་ལ་བརྟེན་རྣལ་འབྱོར་གྱི། །ཉམས་ལེན་ནོར་བུའི་འཕྲེང་བ་འདི་ནའོ། །དགེ་ལེགས་འདོད་དགུ་སྩོལ་མཛད་པའི། །རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ། །ཡི་དམ་མཁའ་འགྲོ་ཆོས་སྲུང་ལ། །བདག་སོགས་སེམས་ཅན་འཁོར་བ་ལས། །སྒྲོལ་བར་བྱ་ཕྱིར་སྐྱབས་སུ་མཆི། །སྡུག་བསྔལ་གསུམ་གྱིས་མནར་བ་ཡི། །འགྲོ་བ་མ་ལུས་སྒྲོལ་སླད་དུ། །ཟབ་མོ་བླ་མའི་རྣལ་འབྱོར་དང་། །བརྩོན་པས་ཉམས་སུ་བླང་བར་བགྱི། །རང་ལུས་ཐ་མལ་གནས་པའི་སྙིང་ག་ཡི། །པད་ཉིའི་སྟེང་དུ་རིག་པའི་ངོ་བོ་ནི། །ཧྲཱིཿ ཡིག་དམར་ནག་ཡོངས་གྱུར་ཁྲོ་བོའི་རྒྱལ། །དབང་ཆེན་དམར་པོ་གྲི་གུག་ཐོད་ཁྲག་འཛིན། །དུར་ཁྲོད་ཆས་རྒྱན་མེ་དཔུང་དབུས་བཞུགས་པའི། །ཐུགས་ཀའི་ཧྲིིཿ ས་འོད་འཕྲོས་གདོན་བགེགས་བསྐྲད། །རྡོ་རྗེའི་མེ་དཔུང་ཞུར་ཁང་ཆེན་པོར་གྱུར། །ཨོཾ་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུཾ་ཕཊ། རང་ལུས་ཐ་མལ་སྤྱི་གཙུག་ནམ་མཁའི་དབྱིངས། །ཧཱུཾ་ལས་རིན་ཆེན་སྣ་ལྔའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྒྱན་རྣམས་རྫོགས་པའི་དབུས། །པདྨ་འདབ་བཞི་ལྟེ་བར་གླང་པོ་ཆེ། །སེང་གེ་རྟ་དང་རྨ་(༣ན)


GLG015_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ནམ་མཁའ་ལྡིང་། །རྣམས་ཀྱིས་བཏེག་པའི་རིན་ཆེན་ཁྲི་སྟེང་དུ། །ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད། །རྣམ་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། །ཕྱག་གཡས་སྐྱབས་སྦྱིན་གཡོན་པའི་མཐེབ་སྲིན་གྱིས། །མེ་ཏོག་པད་དཀར་མཉེན་ལག་འཁྱིལ་ལྡེམ་འཛིན། །རིན་ཆེན་དབུ་རྒྱན་སྙན་ཆ་གདུ་བུ་དང་། །དར་གྱི་སྟོད་གཡོགས་པཉྩ་ལི་ཀ་ཅན། །མཉམ་གཞག་སྟེང་ན་ཚེ་ཡི་བུམ་པ་འཛིན། །སྤྱི་གཙུག་པད་ཟླའི་སྟེང་ན་ཨོཾ་དཀར་ལས། །སྐུ་ཡི་ལྷ་ཚོགས་འདུས་པའི་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྐྱབས་སྦྱིན་འཁོར་ལོ་འཛིན། །ལོངས་སྤྱོད་རྫོགས་སྐུའི་ཚུལ་གྱིས་སྐྱིལ་ཀྲུང་བཞུགས། །མགྲིན་པར་པད་ཟླའི་གདན་ལ་ཨཱཿ དམར་ལས། །གསུང་གི་ལྷ་ཚོགས་འདུས་པའི་སྤྱན་རས་གཟིགས། །སྐུ་མདོག་དམར་པོ་སྐྱབས་སྦྱིན་པདྨ་འཛིན། །ལོངས་སྤྱོད་རྫོགས་སྐུའི་ཚུལ་གྱིས་སྐྱིལ་ཀྲུང་བཞུགས། །སྙིང་གར་པད་ཟླའི་གདན་ལ་ཧཱུཾ་མཐིང་ལས། །ཐུགས་ཀྱི་ལྷ་ཚོགས་འདུས་པའི་སྤྱན་རས་གཟིགས། །སྐུ་མདོག་མཐིང་ཁ་སྐྱབས་སྦྱིན་རྡོ་རྗེ་འཛིན། །ལོངས་སྤྱོད་རྫོགས་སྐུའི་ཚུལ་གྱིས་སྐྱིལ་ཀྲུང་བཞུགས། །ལྟེ་བར་པད་ཟླའི་གདན་ལ་དྷཱི་སེར་ལས། །ཡོན་ཏན་ལྷ་ཚོགས་འདུས་པའི་སྤྱན་རས་གཟིགས། །སྐུ་མདོག་སེར་པོ་སྐྱབས་སྦྱིན་རིན་ཆེན་འཛིན། །གསང་གནས་པདྨའི་གདན་ལ་ཧཱ་ལྗང་ལས། །འཕྲིན་ལས་ལྷ་ཚོགས་འདུས་པའི་སྤྱན་རས་གཟིགས། །སྐུ་མདོག་ལྗང་གུ་སྐྱབས་སྦྱིན་རྒྱ་གྲམ་འཛིན། །འདབ་བཞིའི་ཤར་དུ་དཀར་མོ་མེ་ཏོག་མ། །ལྷོ་ན་བདུག་སྤོས་འཛིན་པ་སེར་མོ་དང་། ནུབ་ཏུ་མར་མེ་འཛིན་པ་དམར་མོ་དང་། །བྱ་དང་དྲི་ཆབ་འཛིན་པ་ལྗང་མོ་རྣམས། །ཞལ་གཅིག་ཕྱག་གཉིས་གཡོན་པ་པི་ཝང་འཛིན། །གཡས་པ་རང་རང་མཆོད་པའི་(༣བ)


GLG015_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རྣམས་ཐོགས། །རིན་ཆེན་རྒྱན་དང་དར་གྱི་ན་བཟའ་ཅན། །སྙན་པའི་དབྱངས་བཅས་དགའ་བའི་གར་སྟབས་བསྒྱུར། །རང་གི་སྙིང་གའི་རྟ་མགྲིན་སྙིང་ག་ལས། །འོད་ཟེར་འཕྲོས་པས་རྩ་བའི་བླ་མ་ལ། །བརྒྱུད་པའི་བླ་མ་སངས་རྒྱས་བྱང་སེམས་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །སྤྲིན་ལྟར་གཏིབས་པས་བསྐོར་ཏེ་ཐོགས་མེད་དུ། །བྱོན་ནས་དམ་ཚིག་པ་ལ་ཐིམ་པར་གྱུར། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་ཀྱི་མཇུག་ཏུ་པདྨ་ཀ་མ་ལཱ་ཡེ་སྟཱཾ། ཀུན་འདུས་དྲིན་ཅན་རྩ་བའི་བླ་མ་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །གུས་པས་འབུལ་ལ་བརྩེ་བས་བཞེས་སུ་གསོལ། །རཏྣ་གུ་རུ་མཎྜལ་ས་པ་རི་ཝཱ་ར་ཨགྷཾ་ནས། ཤབྷའི་བར་གྱིས་མཆོད། །ཀུན་འདུས་དྲིན་ཅན་རྩ་བའི་བླ་མ་ལ། །ཡིད་འོང་གཟུགས་དང་སྒྲ་སྙན་རོལ་མོའི་ཚོགས། །དྲི་རོ་རེག་བྱའི་ཁྱད་པར་ཇི་སྙེད་པ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །རཱུ་པ་ནས། །སྤར་ཤའི་བར། ཀུན་འདུས་དྲིན་ཅན་རྩ་བའི་བླ་མ་ལ། །གཞན་ཡང་རིན་ཆེན་བདུན་དང་བཀྲ་ཤིས་ཀྱི། །རྟགས་བརྒྱད་རྫས་བརྒྱད་ལ་སོགས་ཇི་སྙེད་པ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །སྔགས་གཤམ་དུ་སཔྟ་རཏྣ་ཨཱཥྚ་མཾ་ག་ལ་པྲ་ཏཱིཙྪ་ཡེ་སྭཱཧཱ། དེ་ནས་བསྟོད་པ་གང་འོས་བྱས་པའི་མཇུག་ཏུ། དྲིན་ཅན་རྩ་བའི་བླ་མ་དམ་པ་ལ། །སྙིང་ནས་གུས་པས་ཡིད་ཀྱིས་གསོལ་འདེབས་ན། །འཁོར་བའི་ཕུན་ཚོགས་ཉེས་བརྒྱའི་འབྱུང་གནས་སུ། །ཤེས་ནས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །ཉམ་ཐག་འགྲོ་རྣམས་ཕ་མར་ཡིད་ཆེས་ནས། ཐེག་ཆེན་སེམས་བསྐྱེད་སྐྱེ་བར་གསོལ་བ་འདེབས། །མྱུར་དུ་སངས་རྒྱས་ཐོབ་འདོད་བློ་སྐྱེས་ནས། །རྡོ་རྗེའི་ཐེག་པར་འཇུག་པར་གསོལ་འདེབས་ན། །ཉམས་སུ་བླངས་པའི་ལམ་རྣམས་མ་ལུས་པ། །ཞི་བར་གོལ་(༤ན)


GLG015_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལོག་པར་འཁྱམས་པ་སོགས། །ཉེས་པའི་སྐྱོན་རྣམས་མ་ལུས་རབ་བྲལ་ཏེ། །འཁྲུལ་མེད་བདེ་ཆེན་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་བཏབ་པས། །སྤྱི་བོའི་ལྷ་ཚོགས་རྣམས་ཀྱི་ཐུགས་ག་ནས། །འོད་དང་བདུད་རྩིའི་ཆུ་རྒྱུན་བབས་པ་ཡིས། །རང་གི་སྨིན་མཚམས་ཡན་གང་བུམ་དབང་ཐོབ། །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག །ཐ་མལ་སྣང་ཞེན་ཞེན་པ་ཀུན་སྦྱངས་ཏེ། །སྐུ་ཡི་བྱིན་རླབས་ཐམས་ཅད་འཐོབ་པར་གྱུར། །མགྲིན་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ག་ནས། །འོད་དང་བདུད་རྩིའི་ཆུ་རྒྱུན་བབས་པ་ཡིས། །རང་གི་མགྲིན་པ་ཡན་གང་གསང་དབང་ཐོབ། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག །ཟག་མེད་བདེ་ཆེན་ཡེ་ཤེས་རྒྱུད་ལ་སྐྱེས། །སྙིང་གའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས། །འོད་དང་བདུད་རྩིའི་ཆུ་རྒྱུན་གྱི་བབས་པ་ཡིས། །རང་གི་སྙིང་ག་ཡན་གང་ཤེར་དབང་ཐོབ། །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག །བདེ་བས་སྟོང་པ་ངེས་པའི་ཡེ་ཤེས་སྐྱེས། །ལྟེ་བའི་ལྷ་ཚོགས་རྣམས་ཀྱི་ཐུགས་ག་ནས། །འོད་དང་བདུད་རྩིའི་ཆུ་རྒྱུན་བབས་པ་ཡིས། །རང་གི་ལྟེ་བ་ཡན་གང་རྒྱལ་བ་ཡི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པ། །ཐོགས་པ་མེད་པར་གྲུབ་པའི་ནུས་པ་བཞག །གསང་གནས་ལྷ་ཚོགས་རྣམས་ཀྱི་ཐུགས་ག་ནས། །འོད་དང་བདུད་རྩིའི་ཆུ་རྒྱུན་བབས་པ་ཡིས། །རང་གི་གསང་གནས་ཡན་གང་ཞི་རྒྱས་དང་། །དབང་དྲག་འཕྲིན་ལས་སྒྲུབ་པའི་ནུས་པ་ཐོབ། །དེ་ནས་བླ་མ་རང་གི་སྙིང་དབུས་སུ། །སྤྱན་དྲངས་འོད་ཞུའི་ངང་ལ་མཉམ་པར་བཞག །ཚིག་གི་དབང་ཐོབ་རིག་པའི་ངོ་བོ་མཐོང་། །དེ་ནས་དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་བསྔོ་སྨོན་གྱིས་རྒྱས་འདེབས་བྱའོ། །དེ་ལྟར་ཐུན་མོང་མིན་པའི་ཞལ་ཤེས་གསུམ། །མ་གཏོགས་ཡི་གེའི་ཕྲེང་བར་བཀོད་པ་ཡི། །འགྲོ་ཀུན་དགེ་བའི་བཤེས་དང་མི་འབྲལ་ཞིང་། །ཐེག་མཆོག་ཆོས་ལ་སྤྱོད་པའི་དཔལ་གྱུར་ཅིག །ཅེས་བླ་མའི་རྣལ་འབྱོར་བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་དུ་སྒྲུབ་པ་དགེ་ལེགས་ཀྱི་གཏེར་མཛོད་(༤བ)


GLG015_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འང་། གསོ་རིག་སྨྲ་བ་བྱང་ངོས་འཚོ་བྱེད་བསོད་ནམས་དཔལ་བཟང་གིས་བསྐུལ་བ་ལྟར། ཟ་ཧོར་གྱི་བཙུན་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོས་སྦྱར། །ན་མོ་གུ་རུ་ཝེ། ཕན་བདེའི་འདོད་དགུའི་རེ་བ་ཀུན། །སྩོལ་མཛད་ཡིད་བཞིན་དབང་གི་རྒྱལ། །བླ་མའི་རྣལ་འབྱོར་དཔག་བསམ་གྱི། །ལྗོན་པའི་འབྲས་བཟང་འདི་ནའོ། །བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་ཀྱི་ནམ་མཁར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྣམ་པ་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རལ་པའི་ཐོར་ཅོག་ཅན་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་མཛེས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། རྩ་བརྒྱུད་ཀྱི་བླ་མ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པ་ལ་ཡན་ལག་བདུན་པ་རྒྱས་བསྡུས་སྐབས་དང་སྦྱར་བ་འབུལ། གང་དྲིན་མ་སོགས་ཀྱི་གསོལ་བ་ཅི་ཤེས་བཏབ་པའི་མཐར། བླ་མ་རིན་པོ་ཆེ་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་དེ་ཉིད་འོད་དུ་ཞུ་སྟེ་རང་གི་སྤྱི་བོ་ནས་ཐིམ་པས། རང་གི་ལུས་ངག་(༥ན)


GLG015_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་ངོ་བོ་དབྱེར་མེད་དུ་གྱུར་པར་མོས་ནས། སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་དང་། ཞེས་སོགས་ཀྱི་སྨོན་ལམ་ཅི་རིགས་བྱའོ། །བླ་མའི་རྣལ་འབྱོར་ཤིན་ཏུ་ཉུང་ངུར་བསྡུས་པ་འདི་ཡང་བཱ་དུར་ཧོང་ཐའི་ཇིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །དུས་གསུམ་རྒྱལ་བ་མ་ལུས་བཤེས་གཉེན་གཟུགས། །བསྟན་ནས་འགྲོ་རྣམས་འདྲེན་པར་ངེས་རྙེད་ཕྱིར། །ཕུལ་བྱུང་དངོས་གྲུབ་ཀུན་གྱི་གཞིར་གྱུར་པའི། །ཟབ་མོ་བླ་མའི་རྣལ་འབྱོར་འབྲི་བར་བྱ། །དེ་ལ་འདིར་ཟབ་ལམ་བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་བྱ་བ་ལ། སྔོན་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་དཀྱུས་ལྟར་བྱ། དངོས་གཞིའི་རིམ་པ་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཀུན་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་རང་གི་སྤྱི་གཙུག་ཏུ། །སེང་ཁྲི་པདྨ་ཟླ་བའི་གདན་སྟེང་དུ། །ངོ་བོ་རང་གི་རྩ་བའི་བླ་མ་དེ། །རྣམ་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སྐུ་མདོག་རབ་དཀར་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་མེ་ཏོག་པདྨ་དཀར་པོ་འཛིན། །གཡོན་པ་སེམས་ཉིད་ངལ་གསོའི་ཚུལ་གྱིས་བརྟེན། །མཐོན་མཐིང་དབུ་སྐྲ་རལ་པའི་ཐོར་ཚུགས་ལ། །ལྷག་མ་གསིལ་བུས་སྐུ་ཡི་སྟོད་ཕྱོགས་མཛེས། །རྩེ་ཕྲན་སྙན་ཆ་མགུལ་རྒྱན་གདུ་བུ་སོགས། །རིན་ཆན་རྒྱན་སྤྲས་དར་གྱི་ན་བཟས་ཀླུབས། །ཀྲྀཥྞ་སཱ་རའི་པགས་པ་ཕྲག་པར་བཀལ། །ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་ཚུལ་གྱིས་བཞུགས། །དེ་ཡི་གཙུག་ཏུ་བརྒྱུད་པའི་བླ་མའི་ཚོགས། །རྣམ་པ་སྤྱན་རས་གཟིགས་ཀྱི་ཟློས་གར་ཅན། །མཐོར་བརྩེགས་ཚུལ་བཞུགས་རྒྱབ་མདུན་ཕྱོགས་མཚམས་ཀུན། །སླུ་མེད་སྐྱབས་གནས་ཚོགས་(༥བ)


GLG015_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཡོངས་བསྐོར་བའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྐད་ཅིག་གིས། །ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །སླར་ཡང་ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་པའི། །རིགས་ལྔས་དབང་བསྐུར་སྣང་མཐས་དབུ་བརྒྱན་གྱུར། །མཆོད་པ་རྣམས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། ཨོཾ་མཱུ་ལ་མཱུ་ལཱ་ནཱི་ཤྲཱི་མཏྶངྒུ་རུ་ཨཱཪྻ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར། །རཱུ་པ་ནས་སྤཪྴའི་བར། སཔྟ་རཏྣ་པཱུ་ཛེ་ཏི་ཨཱ་ཧཱུཾ། ཨཥྚ་མངྒ་ལ་པཱུ་ཛེ་ཏི་ཨཱཿ ཧཱུཾ། མངྒ་ལ་བྷ་ཝ་པཱུ་ཛེ་ཏི་ཨཱཿ ཧཱུཾཿ ཞེས་ཆུ་གཉིས་ཉེར་སྤྱོད་འདོད་ཡོན་ལྔ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད་རྣམས་དང་། བཛྲ་བྷཱུ་མི་སོགས་ཀྱི་མཎྜལ། ཇི་སྙེད་སུ་དག་སོགས་ཀྱི་ཡན་ལག་བདུན་པ་བྱ། དེ་ནས་གསོལ་བ་བཏབ་པ་ནི། ངོ་མཚར་ཡིད་འོང་ལྟ་ན་སྡུག་པའི་ཡུལ། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན། །ཆོས་སྐུ་འོད་དཔག་མེད་ལ་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ས་ལ་གནས་པའི་དག་པའི་ཞིང་གི་མཆོག །ལྷོ་ཕྱོགས་རི་བོ་གྲུ་འཛིན་ཕོ་བྲང་ན། །ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གངས་ཅན་བོད་ཡུལ་དབུས་འགྱུར་རྡོ་རྗེ་གདན། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་བཟང་ན། །སྤྲུལ་སྐུ་སྲོང་བཙན་སྒམ་པོར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །མཁས་གྲུབ་དུ་མའི་འདུན་ས་ཆོས་གྲྭ་ཆེ། །དགའ་ལྡན་རྣམ་པར་རྒྱལ་བའི་ཕོ་བྲང་ན། །ཡང་སྤྲུལ་བསོད་ནམས་རྒྱ་མཚོར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སྲོང་བཙན་སྒྲུབ་པའི་བསྟི་གནས་ལྷ་མོ་མཁར། །བྱང་ཆུབ་ཤིང་གིས་བརྒྱན་པའི་ནགས་ཁྲོད་ན། །འཇམ་དབྱངས་སྣང་མཛད་(༦ན)


GLG015_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །བདེ་བའི་རྡོ་རྗེ་མི་འགྱུར་གསང་སྔགས་ཀྱི། །ཆོས་འཁོར་ཆད་མེད་སྐོར་བའི་ཕོ་བྲང་ན། །མཁས་གྲུབ་ཤྲཱི་བྷུ་ཏིར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་རྣམས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ་པར་མོས། དེ་ནས་རྩ་བའི་བླ་མ་ལ་དམིགས་ཏེ་རང་ཉིད་ཀྱི་ཅི་ཤེས་པའི་གསོལ་འདེབས་ཀྱི་རིམ་པ་བྱ་ཞིང་། གཞན་ཡང་། ངག་གི་དབང་ཕྱུག་བློ་གྲོས་བྱེ་བའི་གཏེར། །སྐལ་བཟང་གདུལ་བྱའི་དོན་དུ་ངུར་སྨྲིག་གི །རྣམ་རོལ་ཐུབ་བསྟན་རྒྱ་མཚོའི་ཤིང་རྟ་ཆེ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་ཅི་ནུས་གསོལ་བ་བཏབ། དེ་ནས། དྲིན་ཅན་རྩ་བའི་བླ་མའི་བྱིན་རླབས་ཀྱིས། །འདིར་སྣང་ཚེ་འདིར་ཞེན་པ་རང་ལོག་ཏེ། །སྙིང་ནས་དམ་ཆོས་ཚུལ་བཞིན་སྒྲུབ་པའི་བློ། །བཅོས་མིན་སྙིང་ནས་སྐྱེ་བར་བྱིན་གྱིས་རློབས། །འབད་པས་བསྒྲུབས་པའི་ཐོས་བསམ་སྒོམ་པ་སོགས། །རྣམ་དཀར་དམ་པའི་ཆོས་སུ་སྤྱད་པ་ཀུན། །སླུ་མེད་འབྲས་བུའི་ཆོས་བཞིན་ལེགས་འབྱིན་པའི། །ཡང་དག་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ཟབ་ལམ་སྒོམ་པའི་ལོག་རྟོག་འཁྲུལ་པ་ཀུན། །རྣམ་པར་ཞི་ནས་གང་ཤར་མ་ལུས་པ། །ཕུལ་བྱུང་དག་པ་ཡེ་ཤེས་སྣང་བའི་གཏེར། །མི་འཛད་ལོངས་སུ་སྤྱོད་པར་བྱིན་གྱིས་རློབས། །གཟུགས་སྣང་ཐམས་ཅད་རྟེན་དང་བརྟེན་པའི་ཚུལ། །སྒྲ་རྣམས་མ་ལུས་གྲགས་སྟོང་སྔགས་ཀྱི་གདངས། །སྣང་བ་མཐའ་དག་བདེ་སྟོང་ཡེ་ཤེས་སུ། །འབད་པ་མེད་པར་འཆར་བར་བྱིན་གྱིས་རློབས། །མདོར་ན་རྩ་བརྒྱུད་བླ་མའི་བྱིན་རླབས་ཀྱིས། །བསམ་པའི་དོན་ཀུན་མ་ལུས་ལེགས་འགྲུབ་ཅིང་། །ཚེ་གཅིག་ཉིད་ལ་ཟུང་འཇུག་རྡོ་རྗེ་འཆང་། །ཐོབ་ནས་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །ཞེས་(༦བ)


GLG015_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས་བླ་མའི་གནས་གསུམ་ནས་ཡི་གེ་གསུམ་དང་བདུད་རྩིའི་རྒྱུན་དཀར་དམར་མཐིང་གསུམ་རིམ་གྱིས་བྱུང་། རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས། བུམ་པ། གསང་བ། ཤེས་རབ་ཡེ་ཤེས་ཀྱི་དབང་རྣམས་བྱིན་རླབས་ཀྱི་ཚུལ་དུ་ཐོབ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་འགྲུབ་པའི་ནུས་པ་བཞག །ལམ་བསྐྱེད་རིམ། གཏུམ་མོ། །ཕོ་ཉའི་ལམ་སྒོམ་པར་དབང་བར་བྱས།འབྲས་བུ། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ་འགྲུབ་པའི་ནུས་པ་ཐོབ་པར་བསམས། དེ་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ཞེས་སོགས་ཀྱིས་གསོལ་བ་བཏབ་པས། སྐྱབས་ཡུལ་ཐམས་ཅད་རྩ་བའི་བླ་མ་ལ་ཐིམ། དེ་ཉིད་ལ་དམིགས་ཏེ་བླ་མ་རིན་པོ་ཆེ། བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་དེ་ཉིད་འོད་དུ་ཞུ་རང་གི་སྤྱི་བོ་ནས་ཐིམ་པས་རང་སེམས་དང་བླ་མའི་ཐུགས་ངོ་བོ་དབྱེར་མེད་དུ་མོས་ནས་སྤྲོས་བྲལ་གྱི་ངང་དུ་མཉམ་པར་བཞག་པས། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་དག །དབང་བཞི་པ་བྱིན་རླབས་ཀྱི་ཚུལ་དུ་ཐོབ། ཡོན་ཏན་འཕྲིན་ལས་མི་ཟད་པ་རྒྱན་གྱི་མཛོད་ལ་དབང་བའི་ནུས་པ་བཞག །ལམ་དེ་ཁོ་ན་ཉིད་སྒོམ་པ་ལ་དབང་བར་བྱས། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་ནུས་པ་ཐོབ་པར་མོས། འཇུག་ཏུ་དགེ་བ་བསྔོ་བ་སོགས་སྤྱི་ལྟར་བྱ། དེ་ལྟར་འཕགས་མཆོག་སེམས་ཉིད་ངལ་གསོ་ལ། །བརྟེན་པའི་ཉེ་བརྒྱུད་བླ་མའི་རྣལ་འབྱོར་འདི། །ཆོས་རྗེ་བཀའ་བཅུ་ངག་དབང་ཕུན་ཚོགས་ཀྱིས། །བསྐུལ་ཚེ་ཟ་ཧོར་རིགས་ཀྱི་སྡོམ་བརྩོན་མཁན། །ཨ་ཝ་དྷཱུ་ཏཱིའི་བཙུན་པ་ལྡོམ་བུ་པས། །བྱང་ཕྱོགས་མདོ་པ་ཞེས་པར་ཐོགས་མེད་དུ།(༧ན)
སྦྱར་བའི་སོར་མོའི་འཕྲུལ་གྱིས་སྒྱུར་མཛད་མཁན། །དོན་གྱི་པཎ་ཆེན་སྨོན་འགྲོ་ལོ་ཙཱའོ། །

བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ་སོགས།


GLG015_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ་ཞེས་བྱ་བ་སོགས་བཞུགས། ལེགས་བྱས་རིན་ཆེན་བྱེ་བའི་གཏེར་གྱུར་ཡེ་ཤེས་དབུ་བའི་དོ་ཤལ་ཅན། །སྐུ་གསུམ་གོ་འཕང་རླབས་འཕྲེང་སྩོལ་ལ་ནམ་ཡང་ཡོལ་བ་མེད་པ་ཡི། །རྒྱལ་བ་རྒྱ་མཚོའི་བདག་ཉིད་གཅིག་པུ་རྡོ་རྗེ་སློབ་དཔོན་ཞབས་པད་ཟུང་། །གཙུག་གི་རྒྱན་དུ་འབྲལ་མེད་བསྟེན་ནོ་དངོས་གྲུབ་མ་ལུས་ཆར་ལྟར་ཕོབ། །བློ་གྲོས་ཡངས་པའི་དགའ་ཚལ་གསར་པ་ལ། །མཁས་བཙུན་བཟང་པོའི་དཔག་བསམ་ཡོངས་འདུའི་ལྗོན། །གྲགས་སྙན་ལོ་འབྲས་དུད་པའི་རྐང་འཐུང་དབང་། །སླུ་མེད་འདྲེན་པ་ཁྱོད་ནི་གཏན་གྱི་སྐྱབས། རྒྱལ་ཀུན་ཡབ་གཅིག་ཟུར་ཕུད་ལྔ་པ་གང་། །བཤེས་གཉེན་དམ་པར་བསྟན་ལ་ངེས་རྙེད་ཕྱིར། སངས་རྒྱས་རྣམས་ཀྱང་གང་གི་སྐུར་ཚང་བས། ཁྱོད་ཉིད་མཆོད་པ་དངོས་གྲུབ་ཀུན་གྱི་གཞི། །དེ་ཕྱིར་རྡོ་རྗེ་སློབ་དཔོན་ཚུལ་བཞིན་དུ། །མཆོད་པའི་ཆོ་ག་སྔོན་རབས་གསུང་སྒྲོས་དང་། །འགལ་བ་མེད་ཅིང་གཞན་དག་རྒྱས་བསྡུས་ཙམ། །བྱས་ལ་སྦྱར་བྱང་བཀོད་པ་མ་ཡིན་པའི། །རྗོད་བྱེད་ཚིག་གི་སྙན་འགྱུར་རབ་ལྡན་ཞིང་། །དོན་བཟང་སྔོན་མེད་ལེགས་པར་བཤད་པ་ཡི། །ཟུང་འཇུག་སྒྲུབ་པའི་ཤིང་རྟ་ཆེན་པོ་འདི། ཁོ་བོས་ལེགས་བཤད་དོ་རར་འདྲེན་ནོ་ཀྱེ། །ཐོག་མར་གནས་ཡོ་བྱད་བྱིན་རླབས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ་པ་སྔོན་དུ་བཏང་ཕྱི་ནང་གི་མཆོད་པ་རྣམས་བླ་མེད་ཀྱི་གཞུང་ལས་ཇི་ལྟར་འབྱུང་བ་བཞིན་བྱིན་གྱིས་བརླབ། དངོས་གཞི་ནི། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས། སྲ་ཞིང་བརྟན་པའི་རྡོ་རྗེའི་གུར་ཁང་མེ་དང་བཅས་(༧བ)


GLG015_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུས་སུ་བྷྲཱུཾ་ལས་རིན་པོ་ཆེ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། གླང་པོ་ཆེ། སེང་གེ །རྟ་མཆོག །རྨ་བྱ། མཁའ་ལྡིང་གིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སྣ་ཚོགས་པདྨ་ཟླ་བ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྣམ་པ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་འཛུམ་པའི་ཞལ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་རྣམས་མཉེས་ཤིང་འགྲོ་བ་ཀུན་གྱི་རེ་བ་ཡོངས་སུ་སྐོང་བ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱས་མེ་ཏོག་ཨུཏྤ་ལའི་ཡུ་བ་ནས་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་དང་། ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཆོས་གོས་རྣམ་པ་གསུམ་དང་། པཎ་ཞྭ་གསེར་གྱི་མདོག་ཅན་གྱིས་མཛེས་པར་བརྒྱན་པ། དགེ་སློང་རྡོ་རྗེ་འཛིན་པའི་བདག་ཉིད་ཅན་གྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ། སངས་རྒྱས། ཆོས། དགེ་འདུན། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས།དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས། མཁའ་ཁྱབ་དོན་དམ་དག་པ་ཆོས་ཀྱི་དབྱིངས། །སྣ་ཚོགས་སྤྲུལ་པའི་དབང་པོའི་གཞུ་རིས་ཅན། །བརྗོད་བྲལ་སྒྱུ་འཕྲུལ་དྲ་བའི་གར་མཁན་མ། ཁྱབ་བདག་འཁོར་ལོའི་དབང་ཕྱུག་གནས་འདིར་གཤེགས། །གསང་གསུམ་ཤེལ་དཀར་དྲི་བྲལ་མེ་ལོང་མ། །མཆོག་གསུམ་དམ་པའི་སྣང་བརྙན་ཀུན་འཆར་བས། །དངོས་གྲུབ་གཟིགས་(༨ན)


GLG015_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མོར་མཚར་བའི་བྱེད་པོ་མཆོག །ཀུན་འདུས་རྡོ་རྗེ་སློབ་དཔོན་འདིར་གཤེགས་ཤིག །མི་ཕྱེད་དད་པའི་ཤིང་རྟ་ཆེན་པོ་ཡིས། །ཡེ་ཤེས་འཁོར་ལོའི་ལྷ་ཚོགས་ཡིད་བཞིན་ནོར། །འགྲོ་བའི་བསོད་ནམས་རྒྱལ་མཚན་རྩེར་འགོད་ཕྱིར། །གནས་འདིར་སྤྱན་འདྲེན་ཐོགས་མེད་ད་ཚུར་སྤྱོན། །ཨོཾ་མཱུ་ལཤྩ་མཱ་ལ་སྱ་ཤྲཱི་མངྒུ་རུ་རཏྣ་སུ་དྷཱི་ཀཱི་རྟི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། བཞུགས་སུ་གསོལ་བ་ནི། གཉིས་འཐུང་སོགས་ཀྱིས་བཏེག་པའི་རིན་ཆེན་ཁྲི། །ཆུ་སྐྱེས་འདབ་སྟོང་བཞད་པའི་གེ་སར་རྩེར། །རྟ་ལྗང་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་སྟེང་། །ཞབས་ཟུང་འཁོར་ལོའི་རི་མོ་རྟག་བཞུགས་གསོལ། །པདྨ་ཀ་མ་ལཱ་ཡེ་སྟཱཾ། ཡན་ལག་བདུན་པ་ལས། ཐོག་མར་ཕྱག་བྱ་བ་ནི། གྲངས་མེད་དཀྱིལ་འཁོར་བྱེ་བའི་གླིང་བཞི་ལ། ཁྱབ་བདག་རིགས་ཀྱི་གསེར་སྦྱངས་འཁོར་ལོ་ཡིས། །དམ་པའི་ཆོས་ཀྱི་སྲིད་ལ་དབང་སྒྱུར་བའི། །དཔལ་ལྡན་བླ་མ་དམ་པར་ཕྱག་འཚལ་ལོ། །མཚན་བཟང་བཅུ་དྲུག་ཆ་ཤས་ཡོངས་རྫོགས་པས། །མཐོང་ན་མི་མཐུན་མེད་པའི་བཤེས་གཉེན་བཞུགས། །འགྲོ་ཀུན་ཐར་པར་འཁྲིད་པའི་ས་མཁན་དུ། །མེས་པོས་སྤྲུལ་ཞེས་འགྲོ་ལ་ངོམ་པ་འདྲ། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ལུགས་ཀྱི། །རྩེ་དགའ་ཁོང་ནས་རྒོད་པའི་མཁྱེན་པའི་སྤྱན། །དཀྱུས་རིང་གསུང་རབ་རྒྱ་མཚོར་འཇུག་པའི་རྫས། །ཐམས་ཅད་འཇིགས་པའི་དབང་པོར་ལྷུན་གྱིས་གྲུབ། །བྱམས་ལྡན་མཆུ་སྒྲོས་ཨུཏྤལ་དམར་པོའི་འདབ། །འགྲོ་ལ་རྗེས་སུ་ཆགས་པའི་འཛུམ་རླབས་ཀྱིས། །ཕན་བདེའི་འགྲོན་རྣམས་རིང་ནས་འགུགས་པ་ལ། །ལུང་རྟོགས་ཆོས་ཀྱི་སྒོ་འཕར་ཕྱེ་བ་བཞིན། །སྲིད་པ་བརྒལ་དཀའི་ཆུ་(༨བ)


GLG015_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་བྱིང་བའི་འགྲོ། །སྐད་ཅིག་རྡོ་རྗེ་འཛིན་པའི་ས་ཆེན་པོར། །ཕྲངས་རིང་བགྲོད་དཀར་སྨྲ་བའི་དངུལ་ཆུའི་ཐིགས། །རིག་པའི་སོར་མོས་བཅད་ཚེ་འཇིག་སྙམ་བྱེད། །དྲི་མེད་སྡོམ་གསུམ་ལུས་སྟོབས་རབ་ཏུ་རྒྱས། །རླབས་ཆེན་སྤྱོད་པའི་གསེར་སྦྱངས་དྲ་བས་མཛེས། །སྨིན་གྲོལ་མཚོན་ཆའི་འཁོར་ལོས་བདུད་སྡེའི་གཡུལ། །ཕམ་མཛད་བཤེས་གཉེན་ས་སྲུང་དབང་པོ་ཆེ། །འཁོར་འདས་ཆོས་ཀྱི་ལེགས་པའི་ལམ་ཡངས་པོར། །འབད་མེད་བདེ་བར་འཁྲིད་པའི་ས་མཁན་མཆོག །དངོས་སུ་བརྒྱུད་པའི་བླ་མའི་ཚོགས་རྣམས་ལ། །རྩེ་གཅིག་དད་པའི་ཡིད་ཀྱི་ཕྱག་འཚལ་ལོ། །གཉིས་པ་མཆོད་པ་འབུལ་བ་ལ། །མཎྜལ་ནི། ཕུན་ཚོགས་ཁོད་སྙོམས་ལྟ་ན་སྡུག་པའི་ཞིང་། །ཕུན་ཚོགས་རིན་ཆེན་ལས་གྲུབ་དབྱིག་འཛིན་སྟེང་། །ཕུན་ཚོགས་ཤེལ་དཀར་དབང་སྔོན་པད་རཱག་དང་། །ཕུན་ཚོགས་གསེར་སྦྱངས་ལས་གྲུབ་རི་རབ་རྩེར། །འཆི་མེད་བདག་པོའི་ཁང་བཟང་ཉམས་དགའ་བ། །སྲིད་པའི་འབྱོར་བ་མ་ལུས་བསྡུས་པ་བཞིན། །བང་རིམ་བཞིའི་སྟེང་ལེགས་བྲིས་གྲོང་ཁྱེར་ནི། །བཀོད་པ་རྒྱ་མཚོའི་དགེ་མཚན་ཚར་དུ་དངར། །དགེ་བཅུའི་ཡོན་ཏན་ཚང་བ་ཡུལ་གྱི་ལྗོངས། །ཕྱོགས་མཚམས་འགྱུར་མེད་གླིང་བཞི་གླིང་ཕྲན་བརྒྱད། །གསེར་རི་བདུན་སོགས་གྲངས་མེད་ས་འཛིན་རྣམས། །བྱེད་པོས་མ་བསྐྲུན་སྤེལ་ལེགས་ཕྲེང་བར་བསྒྲིགས། །རོལ་མཚོ་བདུན་དང་ཆུ་གཏེར་ཆེན་པོ་ཡི། །འཛུམ་རླབས་དགའ་སྟོན་བསུ་བའི་ཆོ་ག་མཁན། །རྒྱལ་སྲིད་སྣ་བདུན་བུམ་བཟང་འདོད་འཇོའི་བ། །དཔག་བསམ་ཤིང་དང་ཉི་མ་ཟླ་བ་ཟུང་། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་ཚོགས་རྣམས། །སྐྱབས་གནས་ཀུན་འདུས་དྲུག་པ་རྡོ་རྗེ་འཆང་། །བཤེས་གཉེན་གཟུགས་སུ་རྣམ་རོལ་(༩ན)


GLG015_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་བརྒྱུད་ཀྱི། །དཔལ་ལྡན་བླ་མ་རྣམས་ལ་དབུལ་བར་བགྱི། །ཆུ་བཞི་འབུལ་བ་ནི། གནམ་སྔོན་ཞུན་མར་འཁྱིལ་འདྲའི་དལ་འགྲོའི་རྒྱུན། །མུ་ཏིག་ལྟར་བཀྲ་དབུ་བའི་འཛུམ་ཕྲེང་ཅན། །དྲི་བཟང་ངད་ལྡན་ཡོལ་མེད་རླབས་ཕྲེང་གཡོ། །རིན་ཆེན་སྣོད་དུ་གཏམས་པའི་མཆོད་ཡོན་འདི། རྒྱལ་བ་ཀུན་དང་དཔལ་ལྡན་བླ་མ་ལ། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་ལེགས་འབུལ་གྱི། །བརྩེ་ཆེན་ཐུགས་རྗེ་ཆེན་པོས་རབ་བཞེས་ཏེ། །དངོས་གྲུབ་རྣམ་གཉིས་བཀའ་དྲིན་སྩལ་དུ་གསོལ། །ཨོཾ་མཱུ་ལ་སྩམཱ་ལ་སྱ་ཤྲྀ་མངྒུ་རུ་རཏྣ་སུ་དྷཱི་ཀིརྟི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། །ཞབས་བསིལ། ཞལ་བསིལ །བསངས་གཏོར་རྣམས་རིམ་པ་བཞིན་བཅུག་ལ། སྔགས་ཀྱི་གནས་སུ། །པཱ་དྱཾ་ཨཉྩ་མཱ་ནཾ། མོཀྵཎཾཞེས་རིམ་པ་ལྟར་སྦྱོར། །ཉེར་སྤྱོད་ལྔ་རོལ་མོ་དང་བཅས་འབུལ་བ་ནི། །པད་དཀར་ཀུ་མུད་ཨུ་དུམ་ཝ་ར་ལྟར། །འཇའ་ཚོན་ལྟར་བཀྲ་ཆུ་སྐྱེས་སྣ་ཚོགས་པ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །སྔར་གྱི་སྔགས་གཤམ་དུ་པུཥྤེ༝། དྲི་ཞིམ་ངད་ཀྱིས་ཕྱོགས་བྲལ་འཁོར་ལོ་ཀུན། །རབ་འགེངས་བདུག་སྤོས་ཆུ་འཛིན་ལྟར་འཁྲིགས་པ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །དྷཱུཔེ༝། རྨོངས་པའི་མུན་ཚོགས་སེལ་བ་སྣང་བའི་གཏེར། །ཉི་ཟླ་ནོར་བུའི་འོད་ལྡན་སྒྲོན་མེའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ཨཱ་ལོ་ཀེ༝། སྣ་ཚོགས་སྨན་གྱི་བཅུད་ལྡན་བདུད་རྩིའི་ཆབ། །རྦ་རླབས་ཆལ་ཆིལ་གཡོ་བའི་དྲི་ཆབ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །གནྡྷེ༝། རོ་བརྒྱའི་ཟས་ཀྱི་བཅུད་ཀུན་མ་ལུས་པ། །གཅིག་ཏུ་བསྡུས་པའི་བཤོས་བཟང་དམ་པ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ནིཝེདྱེ།(༩བ)


GLG015_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་སྙན་རྫ་རྔ་པི་ཝང་གླིང་བུ་སོགས། །སྙན་ཚིག་གླུ་དབྱངས་རོལ་མོར་བཅས་པའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཤཔྟ༝།འདོད་ཡོན་ལྔའི་མཆོད་པ་ནི། རྐེད་ཕྲ་ལུས་ལྡེམ་འདྲེན་བྱེད་ཡོན་པོར་ལྟ། །རབ་མཛེས་གར་བསྒྱུར་གཟུགས་ཀྱི་མཆོད་པའི་ཚོགས། །རཱུ་པ་ཀཱ་མ་གུ་ཎ་པཱུ་ཛེ་ཏེ་ཨཱཿཧཱུཾ། གྲངས་མེད་ཚིག་གི་ཉམས་ལྡན་རྒྱུད་མང་སྒྲ། །སྙན་འགྱུར་གླུར་ལེན་སྒྲ་ཡི་མཆོད་པའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ཤཔྟ། སྦྲུལ་གྱི་སྙིང་པོའི་དཔལ་ལ་འགྲན་བཟོད་པའི། །མངར་བའི་མདངས་ལྡན་དྲི་ཡི་མཆོད་པའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། དྷཱུ་པེ༝། སྐབས་གསུམ་དབང་པོའི་ལོངས་སུ་ཉེར་སྤྱོད་པའི། །བདུད་རྩིའི་སྤུན་ཟླ་རོ་ཡི་མཆོད་པའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ར་ས༝།ལེགས་བྲིས་རྣམས་ཀྱི་གོས་ཟུངས་དར་ཟབ་སོགས། །པད་འདབ་ལྟར་འཇམ་རེག་བྱའི་མཆོད་པའི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། སྤརྴ༝། རྒྱལ་སྲིད་སྣ་བདུན་ནི། ཕུན་ཚོགས་གླིང་བཞིའི་དཔལ་ལ་དབང་བྱེད་པའི། །ཐོགས་མེད་རྩིབས་སྟོང་གསེར་གྱི་འཁོར་ལོ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ཙཀྲ༝། ཕུལ་བྱུང་འདོད་པའི་རེ་བ་མ་ལུས་པ། །སྐོང་བྱེད་ནོར་བུ་དབང་གི་རྒྱལ་པོ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །མ་ཎི༝།ཟག་མེད་བདེ་བའི་མཆོད་སྦྱིན་སྟེར་མཁས་པའི། །མཛེས་སྡུག་ཡིད་འོང་བཙུན་མོ་དམ་པ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །སྟྲི༝། བྱམས་བརྩེའི་སྟོབས་ཀྱིས་དབྱིག་འཛིན་མ་ལུས་པ། །བདེ་བར་སྐྱོང་བའི་ནུས་ལྡན་བློན་པོ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །པུ་རུ་ཁ༝། ཀཻ་ལ་ཤ་ཡིས་ས་འཛིན་དབང་པོ་ལ། །རིན་ཆེན་རྒྱན་གྱིས་སྤྲས་འདྲའི་གླང་པོ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཧསྟི༝། རླུང་གི་ཤུགས་འཆང་སྟོང་གསུམ་སྐད་ཅིག་ལ། །ཐོགས་མེད་མྱུལ་བའི་ཅང་ཤེས་རྟ་མཆོག་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨ་ཤྭ༝།རཱ་མ་ཎ་ལྟར་དཔའ་མཛངས་བརྟུལ་ཕོད་པའི། །ཕྱོགས་ལས་རྣམ་པར་རྒྱལ་བའི་དམག་དཔོན་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ཁངྒ༝། བཀྲ་ཤིས་རྟགས་བརྒྱད་ནི། དགེ་ཚོགས་(༡༠ན)


GLG015_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་ཡུ་བས་རབ་བཏེག་པའི། །ཉོན་མོངས་ཚ་གདུང་སེལ་བའི་གདུགས་དཀར་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཚཱ་ཏྲ་མངྒ་ལ༝། འཛམ་བུ་ཆུ་བོའི་གསེར་སྦྱངས་ལས་གྲུབ་པའི། །ཕན་བདེའི་ཉལ་འགྲོའི་ཀླུང་ལ་བརྟེན་པའི་ཉ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །མཧཱ་མངྒ་ལ༝། །བཀྲ་ཤིས་རི་མོ་གཡས་སུ་རབ་འཁྱིལ་བའི། །སྙན་པ་ཕྱོགས་བཅུར་སྒྲོག་པའི་དུང་དཀར་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཤཾ་ཁ་མངྒ་ལ༝། ཉེས་པའི་འདམ་གྱི་དྲི་བྲལ་བྱད་གྲོལ་གྱི། །འདབ་མ་རྣམ་པར་རྒྱས་པའི་པདྨ་དཀར། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །པདྨ་མངྒ་ལ༝། ཕུན་ཚོགས་ཟད་པ་མེད་པའི་འདོད་དགུའི་གཏེར། །རིན་ཆེན་ལས་གྲུབ་བུམ་པ་བཟང་པོ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཀ་ལཱ་ཤ་མངྒ་ལ༝། མིག་གི་གཟིགས་མོར་མཚར་བའི་རི་མོ་མཆོག །ཡོངས་སུ་སྨིན་པའི་དཔལ་གྱི་བེའུ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཤྲཱི་བཏྶ་མངྒ་ལ༝། ཐར་པ་མཆོག་གི་ཁང་བཟང་དམ་པའི་རྩེར། །ཟུང་འཇུག་རྒྱལ་མཚན་རྣམ་པར་བསྒྲེང་བ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །དྷཱ་ཛ་མངྒ་ལ༝། རྫོགས་ལྡན་མགྲོན་དུ་འགུགས་བྱེད་སུ་ཝརྞའི། །མ་སྨད་འཁོར་ལོ་རྩིབས་སྟོང་མུ་ཁྱུད་ཅན། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཙཀྲ་མངྒ་ལ༝། །བཀྲ་ཤིས་རྫས་བརྒྱད་ནི། ཇི་ལྟ་ཇི་སྙེད་ཆོས་ཀྱི་གཟུགས་བརྙན་ཀུན། །མ་འདྲེས་གསལ་བར་འཆར་བའི་མེ་ལོང་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། ཨཱ་དར་ཤ་མངྒ་ལ༝། །དུག་གསུམ་ཉོན་མོངས་མ་ལུས་སེལ་བྱེད་པའི། །སྙིང་པོ་མཆོག་གྱུར་སྨན་མཆོག་གྷི་ཧཾ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །གོ་རོ་ཙ་ན་མངྒ་ལ༝། །ཟླ་བ་ཞུན་མ་སྣོད་དུ་འཁྱིལ་འདྲ་བའི། །རབ་དཀར་བཅུད་ཀྱི་སྙིང་པོར་གྱུར་པའི་ཞོ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ད་དྷི་མངྒ་ལ༝། འཆི་བའི་དངོས་པོ་འཇོམས་པའི་རྡོ་རྗེའི་སྲོག །རིང་པོར་གྲུབ་པའི་རྩ་མཆོག་དཱུར་བ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །དཱུརྦ་མངྒ་ལ༝། གསང་སྔགས་ཉེ་ལམ་གྲུབ་པའི་འབྲས་བུ་ཆེ། །བྱང་ཆུབ་སྙིང་པོར་འགྱུར་བྱེད་བིལ་བ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཕ་ལ་བིལ་བ་མངྒ་ལ། སྙན་པའི་གྲགས་པ་སྲིད་(༡༠བ)


GLG015_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩེ་མོའི་བར། །སྒྲོག་པར་བྱེད་པའི་ཆོས་དུང་གཡས་འཁྱིལ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨ་ཛི་ཧྭ་མངྒ༝། སྲིད་ཞིའི་བརྟན་གཡོ་ཡོན་ཏན་མ་ལུས་པ། །དབང་དུ་བསྡུ་བར་བྱེད་པའི་ལི་ཁྲི་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །སིནྡྷུ་ར་མངྒ་ལ༝། ཡིད་སྲུབས་སྡེར་བཅས་ཐལ་བར་རློག་བྱེད་པའི། །མི་བཟད་རྡོ་རྗེའི་མཚོན་ཆ་ཡུངས་ཀར་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །སརྵ་པ་མངྒ་ལ༝། མཁོ་བའི་ཡོ་བྱད་འབུལ་བ་ནི། མཐོ་རིས་གྲོང་ཁྱེར་ས་ལ་འཕོས་འདྲ་བའི། །དགེ་བཅུའི་ཡོན་ཏན་ཀུན་ཚང་ཡུལ་གྲུ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །དེ་ཤ༝། རིན་ཆེན་ལས་གྲུབ་བ་གམ་མཐོ་ལྡན་པ། །ངོ་མཚར་བཀོད་མཛེས་ཁང་བཟང་དམ་པ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །གྲྀ་ཧ༝། ཕན་གདུགས་བླ་བྲེ་དར་གྱི་ཡོལ་བ་ཅན། །གདོང་ལྔའི་དབང་པོས་བཏེག་པའི་འགྱུར་མེད་གདན། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨཱ་ས་ན༝། ཅོད་པན་ཕྱག་ཞབས་གདུ་བུ་སྙན་ཆ་དང་། །མགུལ་རྒྱན་འོག་པག་ལ་སོགས་རྒྱན་གྱི་ཚོགས། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ས་ལངྐཱ་ར༝། །ངུར་སྨིག་གོས་དང་པཉྩ་ལི་ཀ་སོགས། །སྣ་ཚོགས་ན་བཟའི་ཁྱད་པར་ཇི་སྙེད་པ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །བསྟྲ༝། རྣམ་རྒྱལ་གསེར་མདོག་བཟང་དྲུག་ཙནྡན་སོགས། །སྣ་ཚོགས་སྨན་གྱི་ཁྱད་པར་ཇི་སྙེད་པ། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨོ་ཥ་དྷ༝། །ཕུན་ཚོགས་ལྗོན་པའི་ཤིང་ལས་གྲུབ་པའི་ཇ། །ག་བུར་དྲི་ངད་འཐུལ་བའི་བཏུང་བ་འདི། །སྐྱབས་གསུམ་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །ཨེ་དྷོ་ད་ཀ༝། །སྒྲུབ་པའི་མཆོད་པ་ནི། མཐའ་བྲལ་འཁོར་བ་ཀུན་གསལ་འགྲམ་པ་ལ། །བདེ་སྡུག་གློག་གི་གར་མཁན་ལྟ་བུའི་འོད། །མ་རིག་སྔོ་བསངས་མུན་པ་སྟུག་པོའི་རུམ། །ངན་སོང་གཡང་དུ་གོམ་པའི་འཕྱན་རིག་ནས། །རྣམ་དག་ངེས་འབྱུང་སྐྱ་རེངས་ཀྱིས་དྲངས་པའི། །དྲི་མེད་ཚུལ་ཁྲིམས་ཉིན་བྱེད་དབང་པོ་མཆོག །ཚངས་སྤྱོད་དབང་ཕྱོགས་འཛིན་མའི་རྩེར་འོངས་པས། །ཕན་བདེའི་འདབ་བརྒྱ་བསྐྲུན་པའི་ཆོ་ག་རྫོགས། །གཞན་ཕན་དོན་དུ་འགྱུར་(༡༡ན)


GLG015_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ན་ངན་སོང་གནས། །མཐོ་རིས་སྐྱེད་ཚལ་ལྟ་བུར་དགའ་བཞིན་དུ། །འཇུག་ནུས་ལྷག་པའི་བསམ་པས་ལེགས་དྲངས་པའི། །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཅན། །སྒྲ་ཚད་བཟོ་གསོ་ཐུན་མོང་རིག་པའི་གནས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས། །ལེགས་པའི་ལམ་སྟོན་གཞུང་ལུགས་རྒྱ་མཚོ་ཆེ། །དྲི་མེད་ཀུན་མཁྱེན་རྒྱལ་བའི་བསྟན་པ་ལ། །ཀློག་པ་ཐོས་བསམ་སྙན་འགྱུར་གླུ་ལེན་ཞིང་། །སྤོང་བ་བསམ་གཏན་སྦྲང་རྩིས་རབ་རྒྱས་པའི། །ཉམ་ཆུང་རྐང་དྲུག་བདག་གི་སྤྱོད་ཚུལ་རྣམས། །མཆོག་གསུམ་བླ་མ་དགྱེས་པའི་མཆོད་པར་འབུལ། །བཤགས་པ་ནི། སྒོ་གསུམ་ལང་ཚོ་དར་བའི་གླང་པོ་ཆེ། །ཐོགས་མེད་བསགས་པའི་ཉོན་མོངས་ཆུས་མྱོས་པས། །མཐའ་ཡས་དགེ་བཅུའི་པད་དཀར་རབ་བཅོམས་ནས། །ནག་པོའི་ལས་ཀྱི་སྣ་ཞགས་རིང་དུ་སྐྱོང་། །བག་མེད་མཚོན་ཆའི་འཁོར་ལོ་རྣོན་པོ་ཡིས། །རྣམ་པར་དག་པའི་ཚུལ་ཁྲིམས་སྲོག་རྩ་བཅད། །རང་བདེ་འདོད་པའི་མི་གཙང་འདམ་བཙོག་ཏུ། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཡན་ལག་བྱིང་། །ཐེག་དམན་ལམ་དུ་གོམས་པའི་ཉི་འོད་ཀྱིས། །ངེས་གསང་ཟབ་མོའི་ལུས་ཀུན་གདུང་བས་མནར། །མདོར་ན་གནས་ངན་ལེན་གྱི་རྒྱུ་བསྒྲུབས་པའི། །ཉེས་པའི་ཚོགས་ཀུན་སྟོབས་བཞིའི་སྒོ་ནས་བཤགས། །རྗེས་སུ་ཡི་རང་བ་ནི། རྣམ་འདྲེན་ཐབས་མཁས་མཛད་པའི་སྒྱུ་མ་ཡིས། །སྲིད་ཞིའི་རྒུད་པའི་སཱི་ཏ་ལེགས་ཕྲལ་ནས། །མི་གནས་མྱ་ངན་འདས་པའི་ཐང་ཡངས་པོར། །འགྲོ་ཀུན་འཁྲིད་པའི་ཤིང་རྟ་ལེགས་འདྲེན་ཅིང་། །དོན་དུ་འགྱུར་ན་གཞན་བྱེད་རང་ཉིད་ཀྱི། །ཕུན་ཚོགས་བདེ་བའི་དཔལ་ཀུན་གཏོང་བ་ལ། །ཞུམ་མེད་སྙིང་སྟོབས་གོ་ཆ་(༡༡བ)


GLG015_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་པོ་ཅན། །དཔལ་ལྡན་རྒྱལ་བའི་སྲས་ཀྱི་མཛད་བཟང་མཆོག །སྲིད་འབྱོར་ཨེ་རཎྜ་ལྟར་ཡ་མ་བརླའི། །ངང་ཚུལ་ཤེས་ནས་གཏན་བདེའི་ནགས་ཀླུང་དུ། །བདག་མེད་རྟོགས་པའི་ཤེས་རབ་རྣོན་པོ་ཡིས། །འཁོར་བ་འཁྱོག་པོའི་ཡལ་ག་བཅད་པ་སོགས། །ཁམས་གསུམ་སྐྱེ་འཕགས་རྣམས་ཀྱི་རྣམ་དཀར་ལས། །རྒྱ་ཆེར་སྤེལ་དང་གྲངས་མེད་འགྲོ་རྣམས་ཀྱི། །དུས་གསུམ་བསགས་པའི་དགེ་ཚོགས་རྒྱ་མཚོ་ལ། །ཀུན་ནས་དགའ་བའི་སེམས་ཀྱིས་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། །འགྲོ་བའི་མཆོག་དམན་ཁམས་དང་དབང་པོའི་གཞིར། །སྣ་མང་ཐེག་པའི་དབྱར་སྐྱེས་གཞོན་ནུའི་ཚོགས། །ཐབས་མཁས་དཔྱིད་ཀྱི་ཕོ་ཉས་ལེགས་བསྐྱངས་པས། །ཕན་བདེའི་དུས་སྟོན་ཕུན་ཚོགས་འགྲུབ་བྱེད་སོགས། །མདོར་ན་རྒྱལ་བ་རྣམས་དང་དེ་ཡི་སྲས། །ཉན་ཐོས་རང་རྒྱལ་ཀུན་གྱིས་འགྲོ་བ་ལ། །མཐའ་ཀླས་ཟབ་དང་རྒྱ་ཆེ་དམ་པའི་ཆོས། །འཁོར་ལོ་རྒྱུན་ཆད་མེད་པར་སྐོར་བར་བསྐུལ། །དེ་ནས་ཞར་བྱུང་བུམ་པའི་དབང་བྱིན་རླབས་ཕྱི་ཚུལ་དུ་བླང་བ་ནི། །དཀྱིལ་འཁོར་འཁོར་ལོ་ཀུན་གྱི་བདག་ཉིད་མཆོག །ཁྱབ་བདག་དཔལ་ལྡན་བླ་མའི་ཐུགས་ཀ་ནས། །ཆུ་ལས་ཆུ་སྦུར་གཉིས་པ་བརྡོལ་བ་བཞིན། །སྐད་ཅིག་མདུན་གྱི་བར་སྣང་ལ་བྱོན་པའི། །དབང་པོའི་གཞུ་རིས་ལྟ་བུར་རྣམ་བཀྲ་བ། །གདན་གསུམ་ཚང་བའི་ལྷ་ཡི་དཔྲལ་བ་ནས། །བདུད་རྩིའི་རྒྱུན་དང་ཨོཾ་ཡིག་དཀར་པོ་བྱུང་། །རང་གི་དཔྲལ་བའི་གནས་སུ་ཐིམ་པ་ཡིས། །ལུས་ཀྱི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །སྐུ་ཡི་རྡོ་རྗེ་གྲུབ་པའི་ནུས་པ་ཐོབ། །ཕྲ་རགས་སྐྱེད་རིམ་སྒོམ་ལ་དབང་བར་བྱས། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ས་བོན་བཞག །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི།(༡༢ན)


GLG015_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ནས་མགོན་ཁྱོད་བྱམས་བརྩེའི་དམག་དཔུང་གིས། །བདུད་སྡེའི་དཔུང་ཚོགས་ཕྱེ་མར་རབ་བཏགས་ཏེ། །མི་འགྱུར་འཆི་བ་མེད་པ་རྡོ་རྗེའི་སྐུས། །རྣམ་པར་རྒྱལ་བའི་སྲིད་ལ་དབང་སྒྱུར་ཡང་། །མ་དག་འགྲོ་བློའི་རིན་ཆེན་རྩིག་པའི་ངོས། །ཐ་མལ་སྦྱང་གཞིའི་འབོད་སྒྲོགས་གཟུགས་བརྙན་སྟོང་། །ཤར་ཡང་བློ་ལྡན་ཧ་ནུ་མནྠ་ཡིས། །མི་ཤེས་རླུང་སེམས་ལུས་དེ་གང་དུ་མཆིས། །དེ་ཕྱིར་སླུ་བ་མེད་པའི་སྐྱབས་གནས་ཚོགས། །དོན་ལ་གཤེགས་བཞུགས་བྲལ་ཡང་དམན་བློའི་ངོར། །སྒྱུ་མའི་སྐུ་དེ་མངོན་སུམ་མཐོང་དཀའ་བས། །རགས་པའི་ལུས་འདི་གཡོ་མེད་བརྟན་པར་འོས། །བཤེས་གཉེན་དམ་པའི་ཟློས་གར་ཉིན་མོའི་མགོན། །ཆོས་དབྱིངས་ཐུན་མཚམས་ཕང་བར་ངལ་འཚོ་ན། །ལྷ་ལམ་ཕ་མཐས་གཞལ་དཀའི་ལུས་ཅན་གྱི། །མགོན་སྐྱབས་དཔུང་མཉེན་བྱེད་པོ་སུ་ཞིག་མཆིས། །ཚེ་རབས་དུ་མར་གནས་ངན་ལེན་གྱི་རྒྱུ། །རང་གི་འབད་པས་བསགས་པའི་འབྲས་བུ་ཞེས། །ཡལ་བར་འདོར་ན་འགྲོ་ལ་བུ་གཅིག་ལྟར། །བརྩེ་བའི་ལྷག་པའི་བསམ་པའང་གཏམ་དུ་ཟད། །མཐའ་མེད་འཁོར་བའི་ཆུ་གཏེར་ཆེན་པོའི་ནང་། །ཉོན་མོངས་ཆུ་སྲིན་རྣོན་པོའི་མཆེ་བ་གཙིགས། །ལས་ངན་མི་འདའ་རླུང་ཤུགས་དྲག་པོས་གཡེང་། །མི་བཟད་སྡུག་བསྔལ་ཀློང་དུ་བྱིངས་བའི་འགྲོ། །མགོན་པོ་ཁྱོད་ཀྱིས་རྗེས་སུ་མི་འཛིན་ན། །གཞན་ཕྱིར་ཐུགས་བསྐྱེད་དཀའ་བ་བརྒྱ་ཕྲག་གིས། །རླབས་ཆེན་སྤྱོད་པའི་དཀའ་ཐུབ་བསྟེན་པ་ཡང་། །རང་ཉིད་ངལ་བའི་འབྲས་བུ་ཙམ་དུ་ཟད། །བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ་སྒྲུབ་པའི། །བླང་དོར་གནས་ལ་རྨོངས་པའི་སྐྱེས་བུ་རྣམས། །ཀུན་མཁྱེན་ཡེ་ཤེས་ས་ལ་མ་གཞག་བར། །མྱ་ངན་མི་འདའ་བརྟན་པར་བཞུགས་སུ་གསོལ།(༡༢བ)


GLG015_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

།དགེ་བ་རྫོགས་བྱང་དུ་བསྔོ་བ་ནི། འཁོར་འདས་ཀུན་གྱི་དགེ་ལེགས་ཡིད་བཞིན་ནོར། །འབྱུང་གནས་རྗེ་བཙུན་བླ་མ་གདེངས་ཅན་དབང་། །ལུང་རྟོགས་ཡོན་ཏན་རྒྱ་མཚོ་ཆེན་པོའི་བདག །ཐུགས་རྗེ་དུས་ལས་ཡོལ་མེད་རླབས་ཕྲེང་ཅན། །གང་གི་སྐུ་ལ་ཕྱོགས་བཅུའི་རྒྱལ་བ་རྣམས། །བཞུགས་ནས་བླ་ན་མེད་པའི་བསོད་ནམས་ཀྱི། །ཞིང་མཆོག་དམ་པ་བསྐྲུན་ཞེས་རྒྱུད་སྡེ་ལས། །ལན་ཅིག་མིན་པར་གསུངས་པ་དོན་དང་ལྡན། །ཆོས་ལོང་མངོན་སུམ་སྣང་བའི་སྐལ་བ་དང་། །མ་རིག་མུན་པས་བསྒྲིབས་པའི་འགྲོ་བ་ལ། །རྒྱལ་བ་རྣམས་ཀྱང་ཐ་མལ་བཤེས་གཉེན་ཚུལ། །བསྟན་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་སྐོར། །དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་ལས། ཁྱོད་ཀྱི་བ་སྤུའི་ཁུང་བུ་གཅིག་ཙམ་ཡང་། །ཚུལ་བཞིན་མཆོད་པའི་བསོད་ནམས་ལས་དཀར་གྱི། །སྲང་ལ་གཞལ་ཚེ་མངོན་པར་ལྕི་མིན་ནམ། །ལུང་དང་རིགས་པའི་གཏན་ཚིགས་རྟ་བདུན་པས། །རབ་དྲངས་མཆོད་པའི་ཆོ་ག་ཉིན་མོར་བྱེད། །ཐོས་བསམ་སྒོམ་པའི་འཆི་མེད་ལམ་ཤར་ཚེ། །ཕན་བདེའི་འདབ་བརྒྱ་འཛུམ་ལས་གཞན་དུ་ཅི། །དེ་ལྟར་ཕུལ་བྱུང་ཐུགས་རྗེ་ཆེན་པོའི་རྒྱུད། །ཚུལ་བཞིན་འབད་པས་དགེ་བའི་སོར་མོ་ཡིས། །བསྐུལ་བས་མཆོག་མཐུན་དངོས་གྲུབ་སྙན་འགྱུར་སྒྲ། །གཏན་བདེའི་ཐོས་འཛིན་དགའ་སྟོན་འཕེལ་བར་ཤོག །འདིར་སྣང་ཕུན་ཚོགས་གློག་གི་གར་མཁན་མ། །སྲིད་འབྱོར་ཨེ་རཎྜ་ཡི་སྙིང་པོ་ལྟར། །རྟོགས་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་དག །ནན་ཏན་སྙིང་པོས་ཚུལ་བཞིན་བསྲུང་བར་ཤོག །ཚེ་རབས་མང་པོར་དྲིན་གྱིས་ལེགས་བསྐྱངས་པའི། །མ་གྱུར་འགྲོ་ལ་རང་གི་བདེ་བ་གཏོང་། །གཞན་གྱི་སྡུག་བསྔལ་དངོས་སུ་ལེན་ནུས་པའི། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །སྨིན་(༡༣ན)


GLG015_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དབང་གིས་སྐུ་བཞིའི་ས་བོན་ཐེབས། །གྲོལ་བྱེད་ལམ་གྱིས་ཟུང་འཇུག་སྒྲུབ་པ་སོགས། །བྱས་དང་བྱེད་བཞིན་བྱེད་འགྱུར་དགེ་བ་ཀུན། །རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུར་བསྔོའོ། །ནང་གི་མཆོད་ཡུལ་གསལ་གདབ་པ་ནི། །ངུར་སྨྲིག་གར་གྱིས་རོལ་པའི་བཤེས་གཉེན་མཆོག །སྐད་ཅིག་གནས་འགྱུར་མགོན་པོ་འཇམ་དཔལ་དབྱངས། །སྐུ་མདོག་དམར་སེར་བཞིན་འཛུམ་སྒེག་པའི་ཉམས། །མཐོན་མཐིང་དབུ་སྐྲ་ཟུར་ཕུད་ལྔ་ལྡན་པ། །ཕྱག་གཡས་མི་ཤེས་གཅོད་པའི་རལ་གྲི་འཕྱར། །གཡོན་པའི་ཐུགས་ཀར་ཨུཏྤལ་ཡུ་བ་ནས། །བཟུང་བའི་འདབ་སྟེང་ཤེར་ཕྱིན་གླེགས་བམ་འཛིན། །ཞབས་གཉིས་མི་ཕྱེད་རྡོ་རྗེ་སྐྱིལ་ཀྲུང་ཅན། །རིན་ཆེན་རྒྱན་དང་ལྷ་རྫས་ན་བཟས་མཛེས། །ཆོས་སྐུ་བདེ་བ་ཆེན་པོའི་མཁའ་དབྱིངས་སུ། །གཟུགས་སྐུ་འཇའ་ཚོན་ལྟ་བུར་རྣམ་བཀྲ་བ། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོར་གྱུར། དེ་ཉིད་ལ་ཚོགས་གསོག་པའི་སླད་དུ་ཡན་ལག་བདུན་ལས། དང་པོ་ཕྱག་འཚལ་བ་ནི། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཟུགས། །སླུ་མེད་འདྲེན་པར་ཤར་བ་བླ་མ་རྗེ། །ལོངས་སྤྱོད་རྫོགས་སྐུའི་ཟློས་གར་འཇམ་དཔལ་དབྱངས། །གཉིས་མེད་གཏན་གྱི་སྐྱབས་གནས་ལ་ཕྱག་འཚལ། །མ་འདྲིས་ཀུན་ལ་མཛའ་བའི་བཤེས་གཉེན་མཆོག །རྒྱུ་མེད་དུག་གསུམ་ཀུན་ལ་སྡང་བའི་དགྲ། །ཆགས་མེད་ཤེས་རབ་མ་ལ་རྗེས་སུ་བརྩེ། །འདོད་བྲལ་བདེ་བ་མཆོག་ལ་ལྷག་པར་སྲེད། །རོ་ནུས་མ་སྡེམས་དུག་གསུམ་ནད་སེལ་སྨན། །རླུང་གིས་མ་དྲངས་ཕན་བདེའི་དྲི་བསུང་ཅན། །ཀུ་མུད་མི་འཇོམས་ལེགས་བཤད་སྣང་བའི་གཏེར། །བྱེད་པོས་མ་བསྐྲུན་ཟུང་འཇུག་ཟ་མ་ཏོག །སྙིགས་དུས་ཚེ་ཐུང་གཅིག་གི་ཡུན་དེ་ལ། །སྐུ་(༡༣བ)


GLG015_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གླིང་དུ་འཁྲིད་པའི་ས་མཁན་མཆོག །རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །ཀུན་འདུས་འཁོར་ལོའི་མགོན་ལ་ཕྱག་འཚལ་ལོ། །མཆོད་པ་འབུལ་བ་ལ་མཎྜལ་ནི། །འབྱུང་བ་བཞི་འདུས་ལུས་གྱི་ས་གཞིའི་སྟེང་། །རྣམ་པར་ཤེས་པའི་ས་འཛིན་དབང་པོ་ལ། །ཕུང་ཁམས་གསེར་རི་རོལ་མཚོ་བདུན་གྱིས་བསྐོར། །སྐྱེ་མཆེད་བཅུ་གཉིས་གླིང་བཞི་གླིང་ཕྲན་བརྒྱད། །རོ་རྐྱང་ནམ་མཁའ་ནོར་བུ་མཚན་མོའི་མགོན། །དབང་པོ་ལྔ་ཡི་གཏེར་ཆེན་བུམ་པ་སོགས། །དཀྱིལ་འཁོར་གཙོ་བོ་དཔལ་ལྡན་བླ་མར་འབུལ། །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །བདུད་རྩིའི་མཆོད་པ་ནི། རིན་ཆེན་ཀ་པཱ་ལ་ཡི་སྣོད་ཡངས་པོར། །ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པའི་རྫས། །ཐ་མལ་སྣང་ཞེན་ཡོངས་དག་ཟག་པ་མེད། །རོ་མཆོག་བདུད་རྩི་རྒྱ་མཚོའི་མཆོད་པ་འབུལ། །སྒྲུབ་པའི་མཆོད་པ་ནི། །ཕྱི་ནང་མཚན་ཉིད་ལྡན་པའི་དཀྱིལ་འཁོར་དུ། །ཐེག་མཆོག་འཇུག་སྒོར་དབང་གིས་ལེགས་སྨིན་ཞིང་། །བསྙེན་སྒྲུབ་ལས་གསུམ་འཕྲིནལས་རྣམ་པ་བཞི། །རིལ་བུ་མིག་སྨན་ལ་སོགས་གྲུབ་ཆེན་བརྒྱད། །ཐུན་མོང་ལས་ཀུན་སྒྲུབ་ལ་ཐོགས་མེད་ཅིང་། བསྐྱེད་རིམ་ཕྲ་རགས་སྒྱུ་ལུས་གཏུམ་མོ་སོགས། །འཁྲུལ་མེད་ཚུལ་བཞིན་ཉམས་སུ་བསྟར་བ་ལས། །བཀའ་བཞིན་སྒྲུབ་པའི་མཆོད་པ་དམ་པ་འབུལ། བཤགས་པ་ནི། དངོས་གྲུབ་འབྱུང་གནས་རྡོ་རྗེ་སློབ་དཔོན་གྱི། །ཐུགས་དང་འགལ་སོགས་རྡོ་རྗེ་ཐེག་པ་ཡི། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །གནོང་ཞིང་འགྱོད་པའི་སྒོ་ནས་མཐོལ་ལོ་བཤགས། །རྗེས་སུ་ཡི་རང་བ་ནི། སྐལ་བཟང་སྙིང་གི་རིན་ཆེན་བུམ་པའི་ནང་། །རྒྱུད་སྡེ་རྣམ་བཞིའི་ཆོས་ཀྱི་བདུད་རྩི་ཡིས། །ལེགས་བལྟམ་ཚེ་འདིར་སངས་རྒྱས་འགྲུབ་པ་སོགས། །(༡༤ན)


GLG015_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཀར་དགེ་བའི་ཚོགས་ལ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་བ་ནི། །དམན་པའི་ཐེག་པར་གོལ་བའི་རི་དྭགས་སྲོག །དབང་རྣོན་མཚོན་གྱིས་གཅོད་པའི་ཤ་ཝ་རི། །བཟང་པོའི་སྐལ་བ་ཅན་གྱི་གདུལ་བྱ་ལ། །ཐེག་ཆེན་གསང་སྔགས་ཆོས་འཁོར་སྐོར་དུ་གསོལ། །ཞར་བྱུང་གསང་དབང་བྱིན་རླབས་ཀྱི་ཚུལ་དུ་བླང་བ་ནི། འཇམ་དབྱངས་མགྲིན་པའི་གནས་ནས་བདུད་རྩིའི་རྒྱུན། །དམར་པོ་ཨཱཿཡིག་དང་བཅས་ཐོགས་མེད་བྱུང་། །རང་གི་མགྲིན་པའི་གནས་སུ་ཐིམ་པ་ཡིས། །སྨིན་བྱེད་གསང་དབང་བྱིན་རླབས་ཚུལ་དུ་ཐོབ། །ངག་གི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །གསུང་གི་རྡོ་རྗེ་འགྲུབ་པའི་ནུས་པ་ཐོབ། །གཏུམ་མོའི་རྣལ་འབྱོར་སྒོམ་ལ་དབང་བར་བྱས། །འབྲས་བུ་ལོངས་སྐུ་འགྲུབ་པའི་ས་བོན་བཞག །མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། དམིགས་མེད་ཆོས་སྐུའི་རང་བཞིན་སྟོང་པའི་གཟུགས། །བདེ་ཆེན་འཁོར་ལོའི་མགོན་པོར་ཡོངས་ཤར་བའི། །དཔལ་ལྡན་བླ་མ་སྐལ་བཟང་གདུལ་བྱའི་དོན། མཛད་ཕྱིར་བསྐལ་བ་རྒྱ་མཚོར་རྟག་བཞུགས་གསོལ། །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དུས་གསུམ་དག་ཏུ་རྙེད་དཀའི་ཟབ་མོའི་ལམ། །མངོན་པར་བསྒྲུབས་པའི་དགེ་ཚོགས་ལྕགས་ཀྱི་ཁམས། །རྣམ་དག་དྲི་མ་མེད་པའི་བསྔོ་བའི་རྩིས། །རྣམ་མཁྱེན་བཙོ་མའི་གསེར་དུ་འགྱུར་བར་ཤོག །གསང་བའི་མཆོད་པ་འབུལ་བའི་རྟེན་སྐྱེད་པ་ནི། །མགོན་པོ་འཇམ་དབྱངས་སྐད་ཅིག་གནས་འགྱུར་ཏེ། །དཀྱིལ་འཁོར་གཙོ་བོ་དྲུག་པ་རྡོ་རྗེ་འཆང་། །སྐུ་ལ་གཤེགས་པ་གཤེགས་མ་སེམས་དཔའ་བརྒྱད། །ཁྲོ་བོ་བཅུ་སོགས་གདན་གསུམ་ཚང་བར་འགྱུར། །ཡན་ལག་བདུན་པ་ལས་ཕྱག་འཚལ་བ་ནི།(༡༤བ)


GLG015_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བདེ་ཆེན་མཚན་དཔེའི་ཟློས་གར་ལ། །སྟོང་ཉིད་མཛེས་སྡུག་དགའ་མས་ལེགས་འཁྱུད་པའི། །གཉིས་མེད་གཉིས་སུ་སྣང་བའི་སྒྱུ་མ་མཁན། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་ལ་ཕྱག་འཚལ། །གར་དགུའི་ཉམས་ལྡན་ཡིད་བཞིན་མཚོ་ནང་དུ། །གསང་གསུམ་ལྷ་ཡི་ཟླ་སྣང་གྲངས་མེད་པར། །དོན་དམ་ངང་དུ་རོ་གཅིག་ཀུན་རྫོབ་ཏུ། མ་འདྲེས་སྣང་བ་དབང་པོའི་གཞུ་རིས་བཞིན། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྡོ་རྗེ་མཚོན། །རྣོན་པོས་བདུད་བཞིའི་སྲོག་རྩ་བཅད་པའི་ཁྲག །བདེ་ཆེན་ལང་ཚོར་སྨིན་པའི་འོད་རིས་ཀྱི། །སྟོང་གཟུགས་མཐིང་གསལ་དམར་བའི་མདངས་ཀྱིས་མཛེས། །ཕུང་པོ་རྣམ་དག་བདེ་བར་གཤེགས་པའི་ཚོགས། །ལྟ་བས་མི་ངོམ་མཚན་དཔེའི་ལང་ཚོ་ཅན། ཁམས་བཞི་ཡུལ་ལྔ་རྣམ་པར་དག་པའི་ཡུམ། །བདེ་ཆེན་ཡེ་ཤེས་འདྲེན་པའི་མཛའ་ན་མོ། །སྐྱེ་མཆེད་ཡོངས་སུ་དག་པའི་སེམས་དཔའ་རྣམས། ཁྲོ་ཆགས་ཞི་བའི་ཉམས་ཀྱི་རོལ་གར་མཁན། །ཡན་ལག་ཁྲོ་བོར་ཤར་བའི་གཏམ་རྔམས་ཀྱིས། །བདུད་བཞིའི་སྙིང་ལ་འཆི་བའི་འཇིགས་པ་སྟེར། །གཙོ་དང་འཁོར་ཞེས་སེམས་ཀྱི་རོལ་པ་ཡིས། །བཏགས་པ་ཙམ་ལས་སྤང་རྟོགས་ཡོན་ཏན་ཀུན། །མཉམ་པར་རྫོགས་པས་མཆོག་དམན་སོ་སོ་རུ། །འཛིན་པར་བྱེད་རྣམས་བྱིས་པའི་བློ་གྲོས་བཞིན། །དེ་ཕྱིར་མགོན་ཁྱོད་དཀྱིལ་འཁོར་བྱེ་བ་ཡི། །ཅིག་ཅར་སྤྲོ་དང་བསྡུ་བའི་བྱེད་པོ་སྟེ། །དུས་གསུམ་སངས་རྒྱས་ཀུན་གྱི་འབྱུང་གནས་སུ། །ངེས་རྙེད་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །མཆོད་པ་འབུལ་བ་ལ་མཎྜལ་ནི། །རྡོ་རྗེའི་ལུས་ཀྱི་གསེར་ལྡན་ལྟོ་བ་ན། །མཉམ་སྦྱོར་རྡོ་རྗེ་པདྨའི་ལྷུན་པོ་མཆོག །བཅུ་དྲུག་དགའ་བའི་རི་མཚོ་གླིང་བཞིས་བསྐོར། །དབུ་མ་བཅུ་གཉིས་(༡༥ན)


GLG015_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་གྱི་རྒྱུ་ལམ་དུ། །རོ་རྐྱང་རླུང་གི་ཉི་ཟླའི་དཀྱིལ་འཁོར་འཆར། །སྒྱུ་མའི་ལུས་སུ་ལྡང་བའི་རིན་ཆེན་བདུན། །ཟུང་འཇུག་བུམ་བཟང་ཡོངས་འདུ་ས་བརྟོལ་སོགས། །དཀྱིལ་འཁོར་མགོན་པོ་དཔལ་ལྡན་བླ་མར་འབུལ། །ཕྱག་རྒྱའི་མཆོད་པ་ནི། མཁའ་ལ་མཁའ་ཡི་སྦྱོར་བ་ཇི་བཞིན་དུ། །འཁོར་ལོའི་མགོན་པོ་ཡབ་ཡུམ་མཉམ་སྦྱོར་བའི། །བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག །བདེ་སྟོང་ཟུང་དུ་འཇུག་པའི་མཆོད་པ་འབུལ། །སྒྲུབ་པའི་མཆོད་པ་ནི། རྩ་ཁམས་རླུང་ལ་གནད་དུ་བསྣུན་པ་ཡི། །སེམས་ཀྱི་རྡོ་རྗེའི་རྣལ་་འབྱོར་ལ་གཞོལ་ནས། །དོན་གཉིས་འདོད་དགུའི་དཔལ་འབྱོར་ལ་སྤྱོད་པའི། །ཡིད་བཞིན་དབང་གི་རྒྱལ་པོ་ཁྱོད་ལ་འབུལ། །བཤགས་པ་ནི། མྱང་འདས་ཨ་ཝ་དྷཱ་ཏིའི་གྲོང་ཁྱེར་དུ། །སེམས་ཀྱི་ཁྱེའུ་ཆུང་དྲི་བཞོན་རྟར་བསྐྱོན་ནས། །འཁྲིད་བྱེད་ཆོས་དང་གཟུང་མར་བཅས་པ་ལ། །ལོག་རྟོག་སོམ་ཉི་བགྱིས་པ་མཐོལ་ལོ་བཤགས། །རྗེས་སུ་ཡི་རང་བ་ནི། གྲངས་མེད་བསྐལ་བར་ཚོགས་ཀྱིས་མི་བསྐྲུན་པར། །སྐད་ཅིག་ཙམ་གྱི་རྡོ་རྗེ་འཛིན་པའི་སར། བྱོན་ཟིན་འབྱོན་འགྱུར་འབྱོན་པར་བྱེད་བཞིན་པའི། །ཕུལ་བྱུང་མཛད་པ་ཀུན་ལ་རྗེས་ཡི་རངས། །ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ་བ་ནི། སྐད་ཅིག་བཟོད་དཀའི་སྡུག་བསྔལ་མེ་འོབས་སུ། །ཆུད་པའི་འགྲོ་རྣམས་མྱུར་དུ་བསྒྲལ་བའི་སླད། །བདེ་ཆེན་ཡེ་ཤེས་འདྲེན་པའི་མྱུར་ལམ་གྱི། །ངེས་གསང་ཐེག་པའི་ཆོས་འཁོར་སྐོར་དུ་གསོལ། །ཞར་བྱུང་ཤེས་རབ་ཡེ་ཤེས་ཀྱི་དབང་བྱིན་རླབས་ཀྱི་ཚུལ་དུ་བླང་བ་ནི། དཀྱིལ་འཁོར་འཁོར་ལོའི་ཐིགས་ལས་བདུད་རྩིའི་རྒྱུན། །མཐིང་ཁ་ཧཱུཾ་སྔོན་བཅས་པ་ཐོགས་མེད་བྱུང་། །རང་གི་སྙིང་ཀའི་གནས་སུ་ཐིམ་པ་(༡༥བ)


GLG015_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཤེར་དབང་བྱིན་གྱིས་བརླབས་པའི་ཚུལ་དུ་ཐོབ། །ཡིད་ཀྱི་སྡིག་སྒྲིབ་བག་ཆགས་མ་ལུས་སྦྱངས། །ཐུགས་ཀྱི་རྡོ་རྗེ་གྲུབ་པའི་ནུས་པ་ཐོབ། །སྒྱུ་ལུས་ཟུང་འཇུག་སྒོམ་ལ་དབང་བར་བྱས། །འབྲས་བུ་ཆོས་སྐུ་གྲུབ་པའི་ས་བོན་བཞག །མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། ཉོན་མོངས་བདུད་བཞི་བསད་པའི་དམར་འོད་ཁྲག །འཕོ་མེད་བདེ་བ་ཆེན་པོར་ཤར་བའི་མདངས། རྣམ་ཀུན་མཆོག་ལྡན་སྐུ་དང་ཟུང་འཇུག་ཁྲིར། །སྒྲིབ་བྲལ་སྐུ་བཞིའི་རྡོ་རྗེ་རྟག་བཞུགས་གསོལ། །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དམན་པའི་ཐབས་ཀྱིས་འགྲོལ་མེད་འཁོར་ལོའི་མདུད། །རྩ་ཁམས་ཐིག་ལེའི་རྣལ་འབྱོར་སོར་མོ་ཡིས། །བཀྲོལ་ནས་ཟུང་འཇུག་གྲོང་དུ་སྒྱུ་ལུས་གར། །བསྒྱུར་བའི་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །དེ་ཁོ་ན་ཉིད་ཀྱི་མཆོད་ཡུལ་གསལ་གདབ་པ་ནི། །བསམ་པའི་རེ་བ་སྐོང་བའི་ཡིད་བཞིན་ནོར། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་བླ་མ་མཆོག །སྤྱི་བོའི་པད་མཚོར་ཐོགས་མེད་རང་གཤེགས་ནས། །དབུ་མའི་ལམ་བསྒྱུར་སྙིང་དབུས་ཟེའུ་འབྲུས་རྒྱན། །འོད་ཞུ་རང་གི་སེམས་དང་དབྱེར་མེད་པ། །སོ་སོར་མཆོད་དུ་མེད་པ་རོ་གཅིག་ཅན། །སྣང་དང་སྟོང་པ་ཟུང་དུ་འཇུག་པའི་དངོས། །བྱར་མེད་བློ་འདི་བརྗོད་བྲལ་ངོ་བོར་བྱུང་། །ཡན་ལག་བདུན་པ་ལས། ཕྱག་འཚལ་བ་ནི། བརྗོད་བྲལ་ལྷ་ཡི་ལམ་ལྟར་རྣམ་དག་པའི། །ཆོས་དབྱིངས་དོན་དམ་ཟད་མི་ཤེས་པའི་མཛོད། །འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོའི་གཞི། །ངེས་པ་དོན་གྱི་བླ་མར་ཕྱག་འཚལ་ལོ། །མཆོད་པ་ལ་མཎྜལ་ནི། དྲི་བྲལ་རང་སེམས་དག་པའི་ས་གཞི་ལ། །རང་བཞིན་གདོད་ནས་སྟོང་པའི་ས་འཛིན་ཆེ། །མེད་ཀྱང་རྫུན་པར་སྣང་(༡༦ན)


GLG015_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གླིང་བཞི་སོགས། །རྨི་ལམ་ཡུལ་གྱི་རོལ་པ་ཇི་བཞིན་འབུལ། །མཆོད་པ་ནི། དམིགས་མེད་དོན་དམ་ཆོས་སྐུའི་ཞིང་མཆོག་ཏུ། །སྨྲ་བསམ་བརྗོད་མེད་ཀུན་བཟང་མཆོད་པའི་སྤྲིན། །བརྟན་གཡོ་ཀུན་ཁྱབ་འཁོར་འདས་དབྱེར་མེད་པ། །སྤྲོས་ཀུན་ཉེར་ཞི་མཉམ་ཉིད་ངང་དུ་འབུལ། །སྒྲུབ་པའི་མཆོད་པ་ནི། བཏགས་ཙམ་ཀུན་རྫོབ་ཆོས་ཀྱི་རྫུན་པའི་གྲུ། །དོན་དམ་རྒྱ་མཚོར་ཞིག་པའི་མཐའ་བྲལ་ཀློང་། །དབུ་མར་གནས་པའི་ནོར་ལ་ལོངས་སྤྱོད་པའི། །ངེས་པ་དོན་གྱི་སྙིང་པོའི་མཆོད་པ་འབུལ། །བཤགས་པ་ནི། སྒྱུ་མའི་སྐྱེས་བུ་བསད་པའི་དཔའ་བོ་ལྟར། །མེད་བཞིན་བདེ་དང་སྡུག་པའི་གར་མཁན་ལ། །གཟུང་འཛིན་སྒྲོག་ཏུ་ཆུད་པའི་ལས་ངན་ཀུན། །བཤགས་བྱ་བཤགས་བྱེད་བྲལ་བའི་ངང་དུ་བཤགས། །རྗེས་སུ་ཡི་རང་བ་ནི། མ་དག་གཉིས་སུ་འཛིན་པ་འཁྲུལ་བའི་རྒྱ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མཚོན་ཆ་ཡིས། །བཅད་དེ་སྡུག་བསྔལ་ལྔ་པའི་འཇིགས་པ་ལས། །ཐར་པའི་མཛད་པ་མཆོག་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། །གཞན་གྱིས་བརྗོད་དུ་མེད་པ་ཆོས་ཀྱི་སྐུ། །རང་བཞིན་མ་གྲུབ་སྣང་སྟོང་ཟུང་འབྲེལ་བའི། །ཚིག་དང་ཡི་གེར་བསྟན་དུ་མེད་པའི་ཆོས། །འཁོར་ལོ་གཉུག་མའི་ངང་དུ་སྐོར་དུ་གསོལ། །ཞར་བྱུང་ཚིག་དབང་བྱིན་རླབས་ཀྱི་ཚུལ་དུ་བླང་བ་ནི། བླ་མའི་ཐུགས་དང་རང་གི་སེམས་གཉིས་པོ། །དབྱེར་མེད་ཟུང་དུ་འཇུག་པའི་བདེ་བ་ཆེ། །མཁའ་ལྟར་སྒྲིབ་བྲལ་འཇའ་ཚོན་ལྟར་བཀྲ་བའི། །བཞི་པའི་དབང་བསྐུར་བྱིན་རླབས་ཚུལ་དུ་ཐོབ། །དེའང་དབང་བཞིའི་ཚིག་གི་ངོ་སྤྲོད་པ་ཙམ་ལས་མེད་ཀྱང་། །བཞི་པ་དེ་དབང་གསུམ་པའི་ཡེ་ཤེས་ཀྱི་ཟླས་དྲངས་(༡༦བ)


GLG015_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒོ་ནས་ངོ་སྤྲོད་དགོས་པས། གོང་དུ་དབང་བཞི་པ་བྱིན་རླབས་ཀྱི་ཚུལ་ཙམ་དུ་བླངས་པས་སོ། །གསོལ་བ་གདབ་པ་ནི། རྒྱུ་དང་རྐྱེན་གྱིས་བཅོས་སུ་མ་མཆིས་པའི། །གདོད་ནས་རྣམ་དག་ཆོས་སྐུ་བདེ་བ་ཆེ། །ལུས་ཅན་ཀུན་ལ་དངོས་སུ་རབ་སྣང་ཞིང་། །ནམ་ཡང་འཕོ་འགྱུར་མེད་པར་གསལ་གྱུར་ཅིག །དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། རང་བཞིན་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས། །རྟག་ཆད་མཐའ་བྲལ་དབུ་མའི་ལམ་བསྒོམས་པས། །ཀུན་རྫོབ་འཁྲུལ་ངོར་སྣ་ཚོགས་སྣང་བ་ཀུན། །དོན་དམ་དབྱིངས་སུ་ངོ་བོ་གཅིག་པར་བསྔོ། །སྨོན་ལམ་ནི། དེ་ལྟར་དངོས་གྲུབ་ལེགས་ཚོགས་ཀུན་གྱི་གཞི། །རྡོ་རྗེ་སློབ་དཔོན་ཚུལ་བཞིན་མཆོད་པ་སོགས། །གྲངས་མེད་དུས་གསུམ་དགེ་བ་ཅི་བསགས་པའི། །མཐའ་ཀླས་རྣམ་པར་དཀར་བའི་ཕུང་པོ་ལས། །ཚེ་རབས་ཀུན་ཏུ་དལ་བའི་རྟེན་འཐོབ་ཅིང་། །བཤེས་གཉེན་དམ་པའི་མགོན་གྱིས་ལེགས་ཟིན་ནས། །ཐུན་མོང་ལམ་གྱིས་རྒྱུད་ཀུན་རབ་སྦྱངས་ནས། །རྡོ་རྗེའི་ཐེག་ལ་འཇུག་པར་བྱིན་གྱིས་རློབས། །འབད་པ་ཆེན་པོས་སྙིགས་དུས་ཚེ་གཅིག་ལ། །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་མཆོག །ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་བྱས་ནས། །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་གྱུར་ཅིག །ཤིས་བརྗོད་ནི། དྲན་པ་ཙམ་གྱིས་སྲིད་བཞིའི་འཇིགས་ལས་སྐྱོབ། །མཐོང་ཐོས་རེག་པས་ལེགས་པའི་ལམ་ལ་སྦྱོར། །གསོལ་བ་བཏབ་པས་འདོད་དགུའི་རེ་སྐོང་བའི། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཞི་བ་མྱ་ངན་འདས་པའི་ས་བསྙེས་ཀྱང་། གདུལ་བྱའི་སྣང་ངོར་ཁྲོ་ཆགས་རྣམ་འགྱུར་གྱིས། །བདུད་དགྲའི་སྙིང་ག་བརྫི་བའི་སྟང་སྟབས་ཅན། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །མཐུ་(༡༧ན)


GLG015_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྡོ་རྗེའི་ཐོག་གི་རྗེས་འགྲོ་ཞིང་། །འཕྲིན་ལས་ཐོགས་མེད་སྒྲུབ་འདི་དཔག་བསམ་དབང་། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས། །དགེ་ལེགས་བཀྲ་ཤིས་ཆར་ལྟར་འབེབས་པར་མཛོད། །གཞན་ཡང་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཅི་རིགས་པ་བྱའོ། །དེ་ལྟར་རྣམ་སྨིན་དཀར་པོར་འཛག་པའི་རྔ། །རྨད་བྱུང་བློ་གྲོས་དབྱུ་གུས་བསྐུལ་བའི་ཚེ། །སྐལ་བཟང་རྣ་བའི་བཅུད་ལེན་རྒྱས་བྱེད་པའི། །ལེགས་བཤད་སྒྲ་དབྱངས་སྲིད་རྩེའི་བར་དུ་སྒྲོག །སྔོན་བྱོན་མཁས་པའི་དགོངས་དོན་མ་འཕྱུགས་ཤིང་། །རྣམ་དཔྱོད་མཐུ་ཡིས་བརྗོད་དོན་ཕུལ་བྱུང་གི །བསྐྲུན་འདིར་སྦྱར་བྱང་སྤེལ་བ་རིགས་མོད་ཀྱི། །ངག་སྒྲོས་རྙིང་པ་ལྡབ་དང་ག་ལ་མཚུངས། །བདུད་རྩིས་ལེགས་གཏམས་འཇིམ་པའི་བུམ་པ་དག །དོར་ནས་ངན་སྐྱུགས་ཀྱིས་གང་གསེར་བུམ་པ། །དགའ་བར་བྱེད་ལྟར་དེང་དུས་སྐྱེ་བོ་རྣམས། །ལེགས་ཉེས་འབྱེད་པའི་བློ་གྲོས་སྐལ་བ་ཕྲ། །སྔོན་རབས་མཁས་པའི་ལེགས་བཤད་ཉིན་མོར་བྱེད། །དུས་ཀྱི་འགྲིབ་པའི་ཆུ་ལྷའི་ཕང་པར་ཉལ། །ཚིག་དོན་དམན་པའི་དུ་བ་མཇུག་རིང་ཞིག །ཐུབ་བསྟན་ནམ་མཁའི་མཛེས་པ་འཕྲོག་ཕྱིར་རྒྱུ། །དེ་ཕྱིར་ཚད་ལྡན་མཁས་པའི་གསུང་རབ་ཀྱང་། །སྐལ་ངན་དུས་གྱི་ནུབ་ལ་ཉེ་བའི་ཚེ། །བློ་དམན་བདག་འདྲས་ཡི་གེར་འདྲི་བ་དག །རང་ཉིད་ངལ་བའི་འབྲས་བུ་ཙམ་དུ་ཟད། །འོན་ཀྱང་བོད་དང་ཧོར་གྱི་སྐད་གཉིས་པ། །སྨྲ་བའི་དཔྱོད་ལྡན་མེར་གན་བཀའ་བཅུ་ཞེས། །ཤེས་རབ་རྒྱ་མཚོར་འབོད་དེས་རིང་མོ་ནས། །འབད་པ་ཆེན་པོས་ཡང་ཡང་བསྐུལ་བ་དང་། །ཉེ་ཆར་གནས་ལྔ་རིག་པའི་ཆུ་གཏེར་དབུས། །ལེགས་བཤད་ཕུད་སྒྲ་སྒྲོག་པའི་(༡༧བ)


GLG015_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མིག །བློ་ཆེན་ཤེས་བྱ་ཀུན་གཟིགས་གང་དེ་ཡིས། །ནན་ཏན་བསྐུལ་བའི་བཞེད་པ་སྐོང་ཕྱིར་བྱས། །དེ་འདྲ་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་མགོན། །འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཞབས་པད་རྡུལ། །སྤྱི་གཙུག་རྒྱན་དུ་བསྟེན་པའི་རྒྱལ་ཁམས་པ། །ཟ་ཧོར་རིགས་ཀྱི་བནྡེས་ཡི་གེར་བཀོད། །དགེ་དེས་མཁའ་མཉམ་ལུས་ཅན་མ་ལུས་པ། །ཡང་དག་དགེ་བའི་བཤེས་ཀྱིས་རྗེས་བཟུང་སྟེ། །དོན་གཉིས་ལྷུན་གྲུབ་སྟོབས་བཅུའི་གོ་འཕང་མཆོག །ཐོབ་ནས་འགྲོ་ཀུན་འདྲེན་པའི་མགོན་གྱུར་ཅིག །དེ་ལྟར་མཆོད་པའི་ཆོ་ག་ཟུང་འཇུག་སྒྲུབ་པའི་ཤིང་རྟ་ཞེས་བྱ་བ་འདི་ནི་བོད་སོག་གི་ལོ་ཙཱ་བ་དཔྱོད་ལྡན་མེར་གན་བཀའ་བཅུ་ཤེས་རབ་རྒྱ་མཚོ་དང་བོད་ཡུལ་གྱི་གནས་ལྔ་རིག་པའི་པཎྜི་ཏ་སྨོན་འགྲོའི་ལོ་ཙཱ་བའི་གསུང་གིས་བསྐུལ་བ་ལ་བརྟེན་ནས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ལ་གཞི་བྱས། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྦྱོར་ཚུལ་སོགས་དམིགས་སུ་ཕྱེ་སྟེ། ཟ་ཧོར་གྱི་རིགས་ལས་ཨ་ཝ་དྷཱུ་ཏི་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་བྱང་ཕྱོགས་ཀྱི་ཆུ་བོ་ལོ་ཧཱི་ཏའི་འགྲམ་དུ་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཚེ་རིང་ངོ་། །དཔལ་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང་། །བློ་དམན་ངོར་ངུར་སྨྲིག་ཟློས་གར་ཅན། །རྗེ་རྒྱལ་བ་གཉིས་པ་བློ་བཟང་གྲགས། །སྤྲང་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། ཁྱེད་སྔོན་ནས་ཚོགས་གཉིས་ཡོངས་རྫོགས་པས། །གནས་འོག་མིན་དག་པའི་ཞིང་ཁམས་དེར། །ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ཀྱང་། །མ་མཁའ་མཉམ་གྱི་འགྲོ་རྣམས་འདྲེན་པའི་ཕྱིར། །ཞིང་འདི་ན་སྤྲུལ་པའི་ཟློས་གར་བསྟན། །དེ་བསམ་གྱིན་རྗེ་བཙུན་བླ་མ་དྲན། །དྲན་གྱིན་དུ་སྙིང་ནས་གསོལ་འདེབས་ན། །(༡༨ན)


GLG015_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲང་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཁྱེད་དུས་གསུམ་རྒྱལ་བ་མ་ལུས་དང་། །དོན་དབྱེར་མེད་ངོ་བོ་གཅིག་བཞིན་དུ། །གནས་རྒྱ་གར་འཕགས་པའི་ཡུལ་མཆོག་དེར། །རྗེ་མཁས་དང་གྲུབ་པའི་གར་མཁན་གྱིས། །དཔལ་ཐུབ་བསྟན་ཉིན་བྱེད་ལྟ་བུར་མཛད། །དེ་བསམ་གྱིན་རྗེ་བཙུན་བླ་མ་དྲན། །དྲན་གྱིན་དུ་སྙིང་ནས་གསོལ་འདེབས་ན། །སྤྲང་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཆོས་ཇི་ལྟ་ཇི་སྙེད་ཤེས་བྱའི་མཐའ། །དོན་མངོན་སུམ་རྟོགས་པའི་འཇམ་དཔལ་དབྱངས། །བོད་ཁ་བས་བསྐོར་བའི་ཡུལ་ལྗོངས་འདིར། །ཐོས་བསམ་དང་སྒོམ་ལ་ནན་ཏན་གྱི། །དཔལ་མྱང་འདས་ཀྱི་གླིང་དུ་འགྲོ་ཀུན་འདྲེན། །དེ་བསམ་གྱིན་རྗེ་བཙུན་བླ་མ་དྲན། །དྲན་གྱིན་དུ་སྙིང་ནས་གསོལ་འདེབས་ན། །སྤྲང་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཞིང་ངོ་མཚར་བཀོད་པ་རྒྱ་མཚོ་ཆེར། །མགོན་སེང་གེའི་ང་རོའི་སྐུར་བསྟན་ནས། །ཆོས་ཐེག་པ་ཆེན་པོའི་དགའ་སྟོན་གྱིས། །བོད་སྐལ་བཟང་གི་གདུལ་བྱ་མ་ལུས་པ། །ལམ་ཟུང་འཇུག་བདེ་བ་ཆེན་པོར་འགོད། །དེ་བསམ་གྱིན་རྗེ་བཙུན་བླ་མ་དྲན། །དྲན་གྱིན་དུ་སྙིང་ནས་གསོལ་འདེབས་ན། །སྤྲང་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གནས་འཁོར་བ་སྒྱུ་མའི་བློ་བྲིད་མཁན། །ལར་ངན་སོང་གི་སྡུག་བསྔལ་མེ་འོབས་དོང་། །ཚེ་མི་རྟག་གློག་གི་རོལ་གར་ཅན། །གྲོགས་མཛའ་བཤེས་ཚོང་འདུས་འགྲོན་པོའི་དཔེ། །རྟེན་དལ་འབྱོར་མི་ལུས་ཉིན་སྐར་ཙམ། །འདི་བསམ་བཞིན་སྙིང་ནས་ངེས་འབྱུང་སྐྱེས། །དེ་སྐྱེས་བཞིན་དམ་པའི་ལྷ་ཆོས་དྲན། །དོན་གེགས་མེད་དུ་འགྲུབ་པར་བྱིན་གྱིས་རློབས། །རང་ཞི་བདེ་དོན་གཉེར་ཉན་རང་གི །ལམ་དམན་པར་གོལ་བའི་ཚུལ་ཤེས་ནས། །མ་འགྲོ་དྲུག་རྣམས་འདྲེན་པའི་ཁུར་ཁྱེར་ཏེ། །སེམས་བྱང་ཆུབ་མཆོག་ཏུ་རབ་བསྐྱེད་ནས། །ཚོགས་རྣམ་གཉིས་རྫོགས་པའི་བྱེད་པོ་ཡིས། །སྐྱོན་ཀུན་ཟད་སྟོབས་བཅུའི་གོ་འཕང་དེ། །དུས་རིང་པོར་མི་ཐོགས་མངོན་བྱེད་པའི། །དོན་བསམ་པ་འགྲུབ་པར་བྱིན་གྱིས་རློབས། །དུས་བསྐལ་བ་གྲངས་མེད་གསུམ་གྱི་བར། །ཚེགས་ཆེན་པོས་སྒྲུབ་ལ་མི་ལྟོས་པའི། །དཔལ་གསང་ཆེན་རྡོ་རྗེ་ཐེག་པ་ཞེས། །རྗེ་སངས་རྒྱས་ཚེ་འདིར་འགྲུབ་པའི་ལམ།(༡༨བ)


GLG015_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

།ཡ་མ་བྲལ་སྐྱེད་རྫོགས་ཟུང་འཇུག་གོ །རིགས་ཀུན་བདག་ཁ་སྦྱོར་བདུན་ལྡན་པ། །རྟེན་འདི་ལ་མངོན་དུ་བྱེད་ནུས་པར། །རྗེ་བླ་མ་ཁྱེད་ཀྱི་བྱིན་གྱི་རློབས། །སྤྲང་འདི་ནས་ཚེ་རབས་ཐམས་ཅད་དུ། །རྗེ་རྒྱལ་བ་གཉིས་པ་བཙོང་ཁ་བས། །དུས་སྐད་ཅིག་ཙམ་ཡང་འབྲལ་མེད་དུ། །མགོན་དཔུང་གཉེན་མཛད་པར་གསོལ་བ་འདེབས། །བླ་མ་ལ་གསོལ་བ་འདེབས་ཤིང་ཐུགས་རྗེ་བསྐུལ་བའི་ཚིགས་སུ་བཅད་པ་འདི་འང་། ནང་དུ་ཡང་དག་པའི་ཚུལ་ལ་གཞོལ་བའི་བློ་ཅན་དབོན་པོ་ནང་སོས་ངེད་རང་ལ་སྦྱར་བ་ཞིག་དགོས་ཞེས་བསྐུལ་ནའང་། རང་ལ་ཡོན་ཏན་མེད་པར་སྒྲོ་བཏགས་ན་མཁས་པ་རྣམས་ཁྲེལ་གྱི་དོགས་པ་དང་། མི་ཆོས་བླ་མའི་རྫུན་གྱིས་སྡོམ་པ་འཇིག་པའི་རྒྱུར་གསུངས་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་ལ་སྦྱར་ནས་གསོལ་བ་འདེབས་པའི་རིམ་པ་འདི་ནི་ཟ་ཧོར་གྱི་བནྡེས་འདམ་གཡང་ར་ཞེས་པར་སྦྱར། །དཔལ་ལྡན་ཕུན་ཚོགས་རིགས་རྣམས་ཀུན་གྱི་བདག །གདན་གསུམ་ཚང་བའི་རྡོ་རྗེ་སློབ་དཔོན་དུ། །ངེས་རྙེད་ཟབ་ལམ་བླ་མའི་རྣལ་འབྱོར་གྱི། །ཉམས་སུ་བླངས་པའི་རིམ་པ་འདི་བཤད་བྱ། །དེ་ལ་འདིར་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པའི་འབྱུང་གནས། འཁོར་འདས་ཀུན་གྱི་ལེགས་ཚོགས་ཐམས་ཅད་ཀྱི་བྱེད་པོ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་རིམ་པ་ཉམས་སུ་བླང་བར་བྱ་བ་ལ། བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་ཚད་མེད་པ་བཞི་བསྒོམ་པ་སྤྱི་འགྲོ་ལྟར་བྱས། དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཧཾ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་སྤྱི་བོར་སེང་གེས་བཏེག་པའི་ཁྲི་སྣ་ཚོགས་པདྨ་དང་(༡༩ན)


GLG015_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་དེ་ཉིད། རྣམ་པ་ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། ཞལ་གཅིག་ཕྱག་བཞི་པ། རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ལྷག་མས་ནོར་བུ་ཆུ་ཤེལ་གྱི་འཕྲེང་བ་བརྒྱ་རྩ་བརྒྱད་པ་འདྲེན་པའི་ཚུལ་གྱིས་འཛིན་ཞིང་། གཡོན་ལྷག་མས་པདྨ་དཀར་པོ་འདབ་མ་རྒྱས་པའི་ཡུ་བ་ནས་འཛིན་པ། རིན་པོ་ཆེའི་དབུ་རྒྱན། མགུལ་རྒྱན། སྙན་རྒྱན། གདུ་བུ། སེ་རལ་ཁ། འོག་པགས་སོགས་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ལྷ་རྫས་ལས་གྲུབ་པའི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། རི་དྭགས་ཀྲྀཥྞ་སཱ་རའི་པགས་པས་ནུ་མ་བཀབ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དྭངས་གསལ་རྙོག་པ་མེད་པའི་འོད་ཀྱི་རང་བཞིན་ཅན་འཇའ་ཟེར་འཁྱུག་པའི་ཀློང་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀ་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བླ་མ་ཡི་དམ། དཔའ་བོ། །མཁའ་འགྲོ། ཆོས་སྐྱོང་སྲུང་མ་སོགས་སྐྱབས་གནས་ཐམས་ཅད་བཛྲ་ས་མཱ་ཛཿས། ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས། གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་གའི་ས་བོན་ལས་འོད་ཟེར་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྷའི་བར་གྱིས་མཆོད། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམས། མཆོད་པ་རྣམས་(༡༩བ)


GLG015_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྡའི་བར་གྱི་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་དང་། རཱུ་པ་ནས་སྤར་ཤའི་བར་གྱི་འདོད་ཡོན་ལྔ་དང་། སཔྟ་རཏྣས་རིན་ཆེན་བདུན་དང་། ཨཥྚ་མངྒ་ལས་བཀྲ་ཤིས་རྟགས་བརྒྱད་དང་། ཨཥྚ་བྷ་ཝས་བཀྲ་ཤིས་རྫས་བརྒྱད་རྣམས་ཕུལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་དང་། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞེས་སོགས་ཀྱིས་བསྟོད། དེ་ནས་གསོལ་བ་འདི་ལྟར་གདབ་པར་བྱ་སྟེ། དཔལ་ལྡན་དུས་གསུམ་རྒྱལ་བ་མ་ལུས་པའི། །མི་ཟད་རྒྱན་གྱི་འཁོར་ལོ་དམ་པའི་མཛོད། །མཆོག་དམན་འགྲོ་ལ་སྟོན་པ་བཤེས་གཉེན་གཟུགས། །རྩ་བའི་བླ་མ་རྗེ་བཙུན་རྡོ་རྗེ་འཛིན། །མགོན་ཁྱོད་གཟོད་མ་ཉིད་ནས་ཡེ་ཤེས་མེས། །སྒྲིབ་གཉིས་བུད་ཤིང་མཐའ་དག་རབ་བསྲེགས་ཀྱང་། །སྐལ་དམན་འགྲོ་རྣམས་འདྲེན་ཕྱིར་མ་དག་པའི། །སྦྱང་གཞིའི་ཤ་ཚུགས་འཛིན་པ་མ་ཡིན་ནམ། །འཇིག་མེད་འཇའ་ལུས་རྡོ་རྗེ་གྲུབ་པའི་སྐུ། །གཞོམ་མེད་ནཱ་དའི་སྒྲ་དབྱངས་སྒྲོག་པའི་གསུང་། །གཡོ་མེད་བདེ་སྟོང་ཟུང་དུ་འཇུག་པའི་ཐུགས། ཁ་སྦྱོར་བདུན་ལྡན་སྐུ་བཞིའི་བདག་ཉིད་ཅན། ཁྱོད་ལས་ལྷག་པའི་སྐྱབས་གནས་མཐར་ཐུག་པ། །སྲིད་དང་ཞི་བའི་ཁམས་ཀྱི་ཁོར་ཡུག་ཀུན། །ཉི་ཟླ་བྱེ་བའི་སྒྲོན་མེ་བཏེག་བྱས་ནས། །མིག་སྟོང་ལྡན་པས་བཙལ་ཡང་ག་ལ་རྙེད། །དེ་ཕྱིར་ཁྱོད་ལ་སྙིང་ནས་གསོལ་འདེབས་ན། །བློ་བྲིད་སྲེད་ལ་ཞེན་པའི་སྒྲོག་ཏུ་ཚུད། །མི་ཟད་ངན་སོང་གཡང་དུ་གོམ་པ་འཕྱན། །གཏན་གྱི་བདེ་ལས་རྒྱབ་ཕྱོགས་བདག་ལ་དགོངས། །ཕུལ་བྱུང་ཐུགས་རྗེའི་མཐུ་དཔུང་གསེར་འགྱུར་རྩིས། །འཁོར་བའི་བདེ་ལ་ཆགས་པའི་ལྕགས་ཀྱི་ཁམས། །བློ་ཕུགས་ཆོས་སུ་(༢༠ན)


GLG015_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་གསེར་སྦྱངས་གཙོར། །བསྒྱུར་ཏེ་དོན་དང་ལྡན་པར་བྱིན་གྱིས་རློབས། །དེ་ལྟར་ཉམས་སུ་བླང་བའི་དམ་པའི་ཆོས། །མདོ་རྒྱུད་དོན་དང་མཐུན་པའི་ཉམས་རྟོགས་ཀྱི། །ཡོན་ཏན་གོང་འཕེལ་སྙིགས་དུས་ཚེ་གཅིག་ལ། །རྫོགས་པའི་སངས་རྒྱས་འཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས། བླ་མའི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་ཅན་དང་ཅིག་ཅར་གང་དུ་བྱུང་། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །འབྲས་བུ་སྐུ་བཞི་ཐོབ་པའི་ནུས་པ་ཁྱད་པར་ཅན་བཞག་པར་མོས། སླར་ཡང་གསོལ་བ་བཏབ་པས་བླ་མ་དེ་ཉིད་སྤྱི་བོ་ནས་བྱོན་སྙིང་གར་བཞུགས་པར་མོས་ལ། དེ་ཉིད་ལ་གསོལ་བ་ཅི་ཤེས་སུ་བཏབ། མཐར་རང་སེམས་དང་བླ་མ་དབྱེར་མེད་དུ་བསྲེས་ཏེ་མཉམ་པར་བཞག །དགེ་བ་སྤྱི་ལྟར་བསྔོའོ། །དེ་ལྟར་དགེ་ལེགས་ཀུན་གྱི་འབྱུང་གནས་མཆོག །ཟབ་མོ་བླ་མའི་རྣལ་འབྱོར་ཉམས་ལེན་འདི། །མཐའ་འཁོབ་ཡུལ་དུ་སྐྱེས་ཀྱང་དམ་ཆོས་ལ། །ཡང་དག་བག་ཆགས་སད་པའི་བློ་ལྡན་ཞིང་། །ས་གཞིའི་དབང་ཕྱུག་བོག་དོ་རྒྱལ་པོ་ཡི། །མཉེས་གཤིན་བྱམས་པའི་སྨན་གྱིས་སྐྱོང་བའི་མི། །དགེ་སློང་ངག་དབང་བློ་བཟང་ཞེས་པ་ཡིས། །བསྐུལ་ངོར་གཡེར་བའི་གཟེབ་ཏུ་རབ་ཆུད་ཀྱང་། །བཅད་ལྷུག་ཚིག་སྦྱོར་སྤྲོ་ལ་ཐོགས་མེད་པ། །ཟ་ཧོར་རིགས་ཀྱི་བནྡེ་ལྡུམ་བུ་བས། །སྦྱར་བའི་སྡེབ་ལེགས་ཡི་གེའི་ཕྲེང་སྤེལ་བ། །རིག་གནས་བྱེ་བའི་བང་མཛོད་ཅན་གྱིས་སོ། །མཁའ་ཁྱབ་དོན་དམ་ཆོས་སྐུ་བདེ་ཆེན་དང་། །སྣ་ཚོགས་གཟུགས་སྐུའི་སྒྱུ་འཕྲུལ་དྲ་བའི་གར། །སྟོན་མཛད་རྒྱལ་དང་དེ་སྲས་ཉན་རང་སོགས། །སླུ་མེད་སྐྱབས་གནས་མ་ལུས་བདག་ལ་དགོངས། །(༢༠བ)


GLG015_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མཐའ་མི་མངོན་འཁོར་བའི་ཆུ་གཏེར་ནང་། །གྲངས་མེད་བསགས་པའི་ལས་རླུང་ཤུགས་ཀྱིས་དེད། །ཉོན་མོངས་ཆུ་སྲིན་གདུག་པས་རྣམ་པར་གཙེས། །སྡུག་བསྔལ་རྦ་ཀློང་དྲག་པོའི་ནང་ཆུད་པའི། །མ་དག་མུན་པས་བྱིངས་པའི་འགྲོ་བ་ཀུན། །བདེ་བ་འདོད་ཀྱང་དེ་ཡི་རྒྱུ་སྤངས་ནས། །སྲིད་ཞིའི་རྒུད་པའི་འབྱུང་གནས་ཀུན་འབྱུང་ལ། །སྤྱོད་པའི་ཚུལ་འདི་ཐུགས་རྗེ་ཆེན་པོས་དགོངས། །མི་དགེ་བཅུ་དང་མཚམས་མེད་ལྔ་ཡི་ལས། །སོ་ཐར་བྱང་སེམས་སྔགས་ཀྱི་ལྟུང་བ་སོགས། །སྒོ་གསུམ་བག་མེད་བགྱིས་པའི་སྡིག་པ་ཀུན། སྙིང་ནས་འགྱོད་པ་དྲག་པོས་བཤགས་བྱེད་ན། །སྐྱོབ་པ་རྣམས་ཀྱི་ཐུགས་རྗེའི་ཆུ་རྒྱུན་གྱིས། །ལས་ཉོན་བག་ཆགས་ངན་པའི་དྲི་མ་ཀུན། །དྲུངས་ནས་ཕྱུང་སྟེ་མངོན་མཐོ་ངེས་ལེགས་ཀྱི། །མཐུན་རྐྱེན་འབད་པ་མེད་པར་གྲུབ་པར་ཤོག །ཅེས་སྡིག་པ་བཤགས་པའི་ཚིགས་སུ་བཅད་པ་འདི་འང་། ལྷ་ཁང་སེར་པོའི་བླ་མ་སྦྱིན་པ་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །བླ་མའི་རྣལ་འབྱོར་འདོད་པའི་རེ་སྐོང་ཞེས་བྱ་བ་བཞུགས་སོ། །ན་མོ་ཨོཌྜི་ཡ་ན་རཏྣ་ཡ། འདོད་པའི་རེ་སྐོང་དབང་གི་རྒྱལ། །དུས་གསུམ་མཁྱེན་པ་ཨྱོན་གྱི། །རྣལ་འབྱོར་རྒྱུན་དུ་ཁྱེར་བདེ་བ། །ཉུང་གསལ་དོན་འདུས་ཡི་གེར་འགོད། །སྐྱབས་གནས་ཀུན་འདུས་ཨྱོན་པདྨ་ལ། །སྙིང་ནས་གུས་པའི་ཡིད་ཀྱིས་སྐྱབས་གནས་རེ། །མཁའ་མཉམ་མ་གྱུར་འགྲོ་བའི་དོན་གྱི་ཆེད། ཟབ་ལམ་རྣལ་འབྱོར་ཉམས་སུ་བླང་བར་བྱ། །རང་གི་སྤྱི་བོའི་ཐད་གྱི་ནམ་མཁའ་ལ། །པདྨའི་སྡོང་པོ་ཐབས་ཤེས་ཉི་ཟླའི་སྟེང་། །ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད། །རྣམ་པ་རིགས་འཛིན་ཆེན་པོ་པདྨ་འབྱུང་། །སྐུ་མདོག་དཀར་དམར་མཚན་དཔེའི་ལང་ཚོ་ཅན། །ཕྱག་གཉིས་ཐབས་དང་ཤེས་རབ་མཚོན་པའི་བརྡར།(༢༡ན)


GLG015_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

།གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་དང་། བདུད་རྩིས་གང་བའི་ཐོད་པ་གཡོན་ན་འཛིན། །རིག་སྔགས་འཆང་བའི་གསང་གོས་མཐིང་ཁ་དང་། །སྡོམ་བརྩོན་ཆོས་གོས་གསེར་གྱི་པ་ཊ་རིས། །རྒྱལ་པོའི་ཆ་བྱད་ཟབ་བེར་ལྷབ་ལྷུབ་ཅན།།དབུ་ལ་པདྨའི་མཉེན་ཞུ་མཛེས་པར་གསོལ། །ཞབས་གཉིས་སྐྱིལ་ཀྲུང་གནས་གསུམ་ཡི་གེས་མཚན། །སྟེང་འོག་ཕྱོགས་མཚམས་ཁོར་ཡུག་མ་ལུས་པ། །འཇའ་འོད་ཟེར་གསུམ་དྲྭ་བའི་ཀློང་དཀྱིལ་དུ། །ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་དབང་དང་། །བདེ་གཤེགས་རིགས་ལྔ་འཕགས་པ་རིགས་གསུམ་མགོན། །རྒྱལ་པོ་ཛ་དང་རྒྱལ་སྲས་འབྱོར་པའི་དབང་། །ཤྲཱི་སིངྷ་དྲི་མེད་བཤེས་གཉེན་ཞབས། །རྒྱ་གར་རིགས་འཛིན་ཆེན་པོ་རྣམ་པ་བརྒྱད། །བོད་ཀྱི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། །ཟབ་ཆོས་སྤྱན་འདྲེན་སྤྲུལ་སྐུ་གཏེར་སྟོན་ཚོགས། །སྒྲུབ་སྡེ་བརྒྱད་སོགས་ཡི་དམ་ལྷ་ཚོགས་དང་། །ཕོ་རྒྱུད་མོ་རྒྱུད་དམ་ཅན་ཆོས་སྲུང་ལྷ། །དཔའ་བོ་དཔའ་མོ་ལས་བྱེད་ཕོ་ཉ་གིང་། །ཀུན་བཟང་མཆོད་སྤྲིན་སྤྲོ་བའི་ལྷ་མོ་སོགས། །མ་ལུས་ཡེ་ཤེས་རབ་སྣང་རིག་པའི་རྩལ། །བརྗོད་བྲལ་སྣང་སྲིད་བདེ་ཆེན་ཀློང་དུ་གྱུར། །ཧཱུཾ། རྔ་ཡབ་ཟངས་མདོག་དཔལ་རིའི་ཕོ་བྲང་ནས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས། །ཐོག་མེད་འདིར་གཤེགས་གཉིས་སུ་མེད་པར་བཞུགས། །གུས་པའི་ཡིད་ཀྱིས་ཕྱག་འཚལ་གསོལ་བ་འདེབས། ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་འབུལ། །ཐོགས་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །གསང་གསུམ་མཛད་པ་ཀུན་ལ་རྗེས་ཡི་རང་། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ། །བསྐལ་པར་གཟུགས་སྐུའི་བཀོད་པ་བརྟན་པར་གསོལ། །ཇི་སྙེད་བསགས་པའི་དགེ་ཚོགས་མ་ལུས་པ། །རང་རིག་ཀུན་བཟང་གོ་(༢༡བ)


GLG015_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་ཐོབ་ཕྱིར་བསྔོ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་ཐུན་དྲུག་གི་རྣལ་འབྱོར་ལེའུ་བདུན་པ་འམ། །བསྡུས་པ་ལ་དགའ་ན་གསོལ་འདེབས་སྐབས་སྦྱར་བྱ། །བཛྲ་གུ་རུའི་འཛབ་ཅི་ནུས་སུ་བཟླ། དབང་བཞི་བླང་བ་ནི། བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་ནི། །དཀར་དམར་མཐིང་བྱུང་རང་གི་གནས་གསུམ་ཞུགས། །ཟག་པ་མེད་པ་བདུད་རྩིའི་རྒྱུན་གྱིས་གང་། །བུམ་གསང་ཤེས་རབ་ཡེ་ཤེས་དབང་བསྐུར་ཐོབ། །བླ་མའི་གསུང་གི་ཚངས་པའི་སྒྲ་དབྱངས་ལས། །འཁྲུལ་བའི་སྣང་བ་འདི་ཀུན་ཕྱིར་བཀག་ནས། །མ་བཅོས་རིག་པའི་གཤིས་ཀྱི་ངོ་བོར་ལྟོས། །ཞེས་གསུང་དོན་ལ་མཉམ་གཞག་ཚིག་དབང་ཐོབ། །སྐྱབས་གནས་ཐམས་ཅད་མ་ཧཱ་གུ་རུར་ཐིམ། །དེ་ཉིད་མཚོན་བྱེད་རྣམ་པ་རྡོ་རྗེའི་དབྱིབས། །དབང་གི་རྟགས་རྒྱས་རབ་མཛེས་ཅོད་པན་ཅན། །བྱང་ཆུབ་སྙིང་པོའི་བར་དུ་འབྲལ་མེད་བསྟེན། །ཞེས་རང་སེམས་བླ་མ་དང་དབྱེར་མེད་པ་སྣང་སྟོང་ཟུང་དུ་འཇུག་པའི་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞག་ལ། ཐུན་མཚམས་སུ་བརྒྱུད་པའི་རིམ་པ་ལ་བཀའ་དྲིན་རྗེས་དྲན་གྱི་གསོལ་བ་བཏབ་པ་ན། །ཆོས་སྙིང་ཐིག་སྟོན་པ་པདྨ་འབྱུང་། །དེ་དག་སྣང་ཚུལ་མཇལ་རྒོད་ལྡེམ་ཞབས། །རྟགས་ངོ་མཚར་བསྟན་པའི་རྣམ་རྒྱལ་མགོན། ཁྱེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །འཁོར་འདུས་པ་དང་པོ་རྡོ་རྗེ་དཔལ། །གཏེར་ཟབ་ཡིག་སྒྱུར་མཛད་རྡོ་རྗེ་མགོན། །ཡོངས་གདམས་པའི་བཀའ་བབས་བཤེས་གཉེན་ཞབས། །རྟགས་ངོ་མཚར་བསྟན་པའི་རྣམ་རྒྱལ་མགོན། །ཁྱེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །ལམ་སྣང་བཞི་མཐར་ཕྱིན་ངག་དབང་གྲགས། །རྟགས་གྲུབ་མཚན་བརྙེེས་པ་སངས་རྒྱས་དཔལ། །རྗེ་བླ་མས་ལུང་བསྟན་མེས་སྟོན་ཞབས། །རྟགས་ངོ་མཚར་བསྟན་པའི་རྣམ་རྒྱལ་མགོན། །ཁྱེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །དཔལ་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེ་དང་། །རྗེ་ཁྲི་སྲོང་བཀྲ་ཤིས་སྟོབས་ཀྱི་རྒྱལ།(༢༢ན)
མགོན་དམ་པས་རྗེས་བཟུང་ངག་གི་དབང་། །རྟགས་ངོ་མཚར་བསྟན་པའི་རྣམ་རྒྱལ་མགོན། །ཁྱེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །ཟུར་འཁོར་ལོའི་མགོན་པོ་པདྨ་དབང་། །ཆོས་གདམས་པའི་བང་མཛོད་དྲག་པོ་སྩལ། །མགོན་དྲིན་ཅན་རྩ་བའི་བླ་མ་ལ། །རྟགས་ངོ་མཚར་བསྟན་པའི་རྣམ་རྒྱལ་མགོན། ཁྱེད་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །ཚེ་འདི་ཕྱིའི་ཕུན་ཚོགས་འཁོར་བ་ལ། །ཡོངས་སྙིང་ནས་ཞེན་ལོག་འཆི་བ་དྲན། །སེམས་བཅོས་མིན་དད་པའི་གདུང་ཤུགས་ཀྱིས། །སྐྱབས་བླ་མ་བསྟེན་པར་བྱིན་གྱིས་རློབས། །རང་གཅེས་པའི་འཁྲི་བ་རྦད་ཀྱིས་བཅད། །མ་མཁའ་མཉམ་འགྲོ་བའི་དོན་གྱི་ཕྱིར། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི། །དོན་འཁྲུལ་མེད་ཉམས་སུ་ལོངས་པར་ཤོག །ཅེས་སྙན་པའི་གདངས་སམ་འདུར་མ་སོགས་སྐབས་སུ་གང་བབ་ཀྱིས་བྱིན་དབབ། མཇུག་ཏུ་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་པ་ཅི་རིགས་པར་བྱའོ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འདི་ནི། སྐྱར་པོ་བ་མགོན་པོ་རབ་བརྟན་གྱིས་བསྐུལ་བའི་ངོར། རིགས་འཛིན་ཆེན་པོ་རྒོད་ལྡེམ་གྱི་དག་སྣང་བརྡ་དོན་ལམ་ཟབ་ཀྱི་དགོངས་པ་དང་མཐུན་ཅིང་ཅུང་ཟད་སྤྲོས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །

སྙིང་པོ་དོན་གསུམ་གྱི་འཁྲིད་ཀྱི་དམིགས་རིམ་རི་བོ་གྲུ་འཛིན་དུ་བགྲོད་པའི་ཐེམ་སྐས།


GLG015_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་དོན་གསུམ་གྱི་འཁྲིད་ཀྱི་དམིགས་རིམ་རི་བོ་གྲུ་འཛིན་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་སོགས་བཞུགས་སོ། །འགྱུར་མེད་ཆོས་སྐུ་ལྷ་ཡི་ལམ་ཡངས་པོར། །ངོ་མཚར་གཟུགས་སྐུའི་སྒྱུ་འཕྲུལ་དབང་པོའི་གཞུ། །གསང་གསུམ་བདུད་རྩིས་སྲིད་ཞིའི་གདུང་བ་ཀུན། །སེལ་མཛད་དངོས་བརྒྱུད་བླ་མར་གུས་བཏུད་ནས། །སྒྲུབ་མཆོག་ཛ་ཧ་ནུ་ཡི་ཞལ་སྒོ་ལས། །ལེགས་འོངས་མན་ངག་གངྒའི་ཆུ་ཀླུང་ནས། །རྣམ་དཔྱོད་སྐྱོགས་ཀྱིས་བཅུས་པའི་ཉུང་ངུའི་གཏམ། །དོན་གཉེར་བློ་ཡི་ཡོལ་གོར་འདི་ན་འཁྱིལ། །རྙེད་དཀའི་དལ་འབྱོར་གློག་ལྟར་མྱུར་དུ་འཇིག །ངན་སོང་གནས་ཀུན་བཟོད་དཀའ་མེ་འོབས་དོང་། །ལྷ་མིའི་རྟེན་ཡང་འགྱུར་བའི་སྡུག་བསྔལ་དུ། །ཤེས་ཏེ་(༢༢བ)


GLG015_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ནས་སྐྱབས་འགྲོ་ནན་ཏན་བྱ། །སྡུག་བསྔལ་དེས་མནར་འགྲོ་རྣམས་དྲིན་ཅན་དུ། །ངེས་ནས་བདག་གཞན་བརྗེ་བའི་སེམས་བསྐྱེད་དེ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །ཤེས་རབ་ཕྱིན་དྲུག་ལམ་ལ་བསླབ་པ་གཅེས། །སྤྱི་བོར་ཤེལ་གྱི་མཆོད་རྟེན་བུམ་པའི་ནང་། །བླ་མ་ཀུན་འདུས་སྤྱན་རས་གཟིགས་དབང་ལ། །ཡན་ལག་བདུན་དང་གསོལ་འདེབས་སྨོན་ལམ་གྱིས། །བསོད་ནམས་ཚོགས་ཆེན་གསོག་ལ་ནན་ཏུར་བྱེད། །སྤྱི་བོར་ཤེལ་དཀར་མཆོད་རྟེན་བུམ་པ་དང་། །སྙིང་ག་པད་འདབ་དབུས་སུ་སྤྱན་རས་གཟིགས། །བང་རིམ་སྒོ་སྟོང་བསྐལ་བཟང་སངས་རྒྱས་ཀུན། །རིགས་ལྔའི་རྣམ་པ་འདབ་བཞིར་ཨཱཿཡིས་མཚན། །འོད་ཟེར་འཕྲོ་འདུས་དོན་གཉིས་ཀུན་འགྲུབ་པའི། །དམིགས་པའི་འཁྲུལ་འཁོར་དང་བཅས་ཡིག་དྲུག་བགྲང་། །ཐ་མལ་སྣང་ཞེན་མ་ལུས་ཡོངས་བཀག་ནས། །ལྷ་ཡི་གསང་གསུམ་ཁྱེར་སོ་གསུམ་ལྡན་བྱ། །རྟོག་པས་བཏགས་པ་ཙམ་ལས་རང་ངོས་ནས། །ཅུང་ཟད་གྲུབ་པ་མེད་པའི་ཆོས་རྣམས་ཀུན། །གདོད་ནས་སྟོང་པ་ནམ་མཁའ་ལྟ་བུའོ། །སྣང་ཚེ་སྒྱུ་མའི་རོལ་པར་ཤེས་པ་གནད། །ལུས་དང་གཉེན་བཤེས་ལོངས་སྤྱོད་ཐམས་ཅད་ལ། །ཆགས་ཞེན་འཁྲི་བ་ཡོངས་སུ་བཅད་བྱས་ཏེ། །རང་སེམས་ཨ་ཡིག་འོད་ཀྱི་བུ་གུའི་ནང་། །བརྒྱུད་ནས་བྱམས་མགོན་ཐུགས་ཀར་ཐོགས་མེད་འཕོ། །སྔོན་དུས་བསྒོམས་པའི་མཐུ་ཡིས་བར་དོ་དང་། །འཁྲུལ་མེད་རང་ངོ་ཤེས་ནས་སྣོད་བཅུད་ཀུན། །གཞལ་ཡས་ཁང་དང་ལྷ་ཡི་རྣམ་པར་གྱུར། །དེ་དག་ཀུན་ཀྱང་སྐྱེ་མེད་སྟོང་པར་བལྟ། །སྣང་བ་ཐམས་ཅད་སྟོང་པར་རྒྱས་འདེབས་ཤིང་། །མེད་བཞིན་སྣང་བའི་འགྲོ་ལ་སྙིང་རྗེ་ཡིས། །བདག་གཞན་དོན་དུ་ཉིང་མཚམས་སྦྱར་བྱས་ནས། །དལ་འབྱོར་(༢༣ན)


GLG015_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཐོབ་ལྷག་པའི་ལམ་ལ་སློབ། །དེ་ལྟར་ལྟ་སྒོམ་སྤྱོད་པའི་གནད་རྣམས་ཀུན། །ཚིག་ཉུང་དོན་རྒྱས་མི་ཏྲ་ཛོ་ཀི་ཡི། །མན་ངག་ཇི་བཞིན་ཉམས་སུ་བླངས་པའི་མཐུས། །གྲུ་འཛིན་རི་བོའི་སྤོ་དེར་སྐྱེ་བར་ཤོག །ཅེས་སྙིང་པོ་དོན་གསུམ་གྱི་ཁྲིད་ཀྱི་དམིགས་རིམ་བརྗེད་བྱང་དུ་བཀོད་པ་རི་བོ་གྲུ་འཛིན་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི། དགེ་སློང་གྲགས་པ་རྒྱལ་མཚན་གྱིས་བསྐུལ་བའི་ངོར། ཟ་ཧོར་གྱི་བནྡེས་བསམ་གྲུབ་རྩེར་སྦྱར་བའི་ཡི་གེ་པ་ནི་འཕྲིན་ལས་རྒྱ་མཚོའོ། །དངོས་གྲུབ་རིན་ཆེན་ཀུན་གྱི་འབྱུང་གནས་མཆོག །ཟབ་མོ་བླ་མའི་རྣལ་འབྱོར་ཉམས་ལེན་པར། །སྐྱབས་འགྲོ་སེམས་སྐྱེད་ཚིག་དང་དོན་མཐུན་པ། །སྔོན་དུ་བཏང་ནས་དངོས་གཞི་འདི་ལྟར་རོ། །འཁོར་འདས་བརྟན་གཡོའི་ཆོས་ཀུན་སྟོང་པའི་ངང་། །རང་གི་སྤྱི་བོར་སེང་གེས་ལེགས་བཏེག་པའི། །ནོར་བུའི་ཁྲི་སྟེང་དུས་གསུམ་རྒྱལ་བ་ཀུན། །གཅིག་བསྡུས་དྲིན་ཅན་རྩ་བའི་བླ་མ་ནི། །མཐོང་བས་དོན་དང་ལྡན་པ་མཚན་དཔེའི་སྐུ། །ཐོས་པས་རྣ་བའི་བཅུད་ལེན་ཚངས་པའི་གསུང་། །དྲན་པས་སྲིད་ཞིའི་གདུང་སེལ་ཀུན་མཁྱེན་ཐུགས། །མི་ཟད་གསང་གསུམ་རྒྱན་གི་འཁོར་ལོ་མཛོད། །རྣམ་པ་བཤེས་གཉེན་རྡོ་རྗེ་འཛིན་པའི་ཚུལ། །དཀར་དམར་མདངས་ལྡན་ཞི་ཞིང་འཛུམ་པའི་ཞལ། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན། གཡོན་པ་དངུལ་གྱི་དྲིལ་བུ་དཀུ་ལ་བརྟན། །པཎ་ཞྭ་གསེར་གྱི་མདོག་ལྡན་ཅོད་པཎ་ཅན། །ཆོས་གོས་རྣམ་གསུམ་ངུར་སྨྲིག་རྟགས་ཀྱིས་མཛེས། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་བཅས། །དཔྲལ་མགྲིན་ཐུགས་ཀར་འབྲུ་གསུམ་ཡི་གེས་མཚན། །ཧཱུཾ་ལས་འོད་འཕྲོས་རྩ་བརྒྱུད་བླ་མ་དང་། །སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྲུང་སོགས། །སྐྱབས་(༢༣བ)


GLG015_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མ་ལུས་བཛྲ་ས་མཱ་ཛས། །སྤྱན་དྲངས་དམ་ཚིག་ཡེ་ཤེས་གཉིས་མེད་གྱུར། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་། །རྨད་བྱུང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་འབུལ། །སྡིག་ལྟུང་ཉེས་པའི་ཚོགས་ཀུན་སྙིང་ནས་བཤགས། །སྐྱེ་འཕགས་ཀུན་གྱི་དགེ་ལ་རྗེས་ཡི་རང་། །རྒྱལ་སྲས་ཉན་རང་ཆོས་འཁོར་སྐོར་བར་བསྐུལ། །འགྲོ་བའི་དོན་དུ་རྡོ་རྗེ་ལྟར་བརྟན་གསོལ། །བྱས་དང་བྱེད་བཞིན་བྱེད་པར་འགྱུར་བ་ཡི། །དགེ་བ་མ་ལུས་སངས་རྒྱས་འཐོབ་ཕྱིར་བསྔོ། །རིང་མོ་ཉིད་ནས་སྤངས་རྟོགས་ཡོན་ཏན་ཀུན། །ཡོངས་སུ་རྫོགས་ཀྱང་མ་དག་འགྲོ་བ་རྣམས། །འདྲེན་ཕྱིར་བཤེས་གཉེན་དམ་པའི་རྣམ་རོལ་ཅན། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །བཅོས་མིན་ཆོས་སུ་འགྲོ་བའི་བློ་ལྡན་ཞིང་། །ཉམས་སུ་གང་བླངས་འཁྲུལ་མེད་ལམ་དུ་ལོངས། །གཏན་མདུན་སྒྲུབ་ལ་གེགས་མེད་མཐུན་རྐྱེན་འཛོམ། །མྱུར་དུ་རྣམ་མཁྱེན་འཐོབ་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་གནས་གསུམ་ལས། །དཀར་དམར་མཐིང་ཀའི་བདུད་རྩི་འོད་ཟེར་བཅས། །རང་གི་སྤྱི་མགྲིན་སྙིང་གར་ཐིམ་པ་ཡིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་ཐོབ། །བླ་མ་རང་གི་གཙུག་བྱོན་འོད་དུ་ཞུ། །ཐུགས་སེམས་དབྱེར་མེད་འདྲེས་པའི་ངང་ཉིད་དུ། །མཉམ་པར་བཞག་ཅིང་འཇུག་ཏུ་བསྔོ་བ་དང་། །སྨོན་ལམ་གསོལ་འདེབས་སྐབས་དང་སྦྱར་བ་བྱ། །ཞེས་རང་གང་མོས་ཀྱི་བླ་མ་ལ་སྦྱར་ཆོག་པའི་བླ་མའི་རྣལ་འབྱོར་ཁྱེར་བདེ་བ་འདི་ནི། ཤག་སྐོར་སློབ་དཔོན་མདོ་སྡེ་རྒྱ་མཚོ་དང་ཀོང་པོ་རིན་ཆེན་རྒྱལ་མཚན་གཉིས་ཀྱིས་བསྐུལ་བའི་ངོར། ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །བླ་མ་ཡི་དམ་མཁའ་འགྲོ་སྲུང་མར་བཅས། །སྐྱབས་གནས་ཀུན་ལ་སྙིང་ནས་སྐྱབས་སུ་(༢༤ན)


GLG015_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

མཆི། །རྒྱུད་ལྔའི་འགྲོ་རྣམས་སྲིད་པའི་རྒྱ་མཚོ་ལས། །བསྒྲལ་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རང་ཉིད་ཐ་མལ་གནས་པའི་སྤྱི་གཙུག་ཏུ། །མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །སྐྱབས་གནས་ཀུན་འདུས་རིགས་འཛིན་པདྨ་འབྱུང་། །སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་ཐུགས་ཀར་གསེར་གྱི་རྡོ་རྗེ་དང་། །གཡོན་པ་བདུད་རྩིས་གང་བའི་ཐོད་པ་འཛིན། །ཁ་ཊཱཾ་རྩེ་གསུམ་གཡོན་པའི་གྲུ་མོར་བརྟེན། །པཎ་ཞུ་རྒོད་སྒྲོ་དར་སྣ་མེ་ལོང་བརྒྱན། །གསང་གོས་མཐིང་ནག་སྣམ་སྦྱར་པ་ཊ་རིས། །ཟ་འོག་བེར་ཆེན་གཡང་ཀླུབས་ཚུལ་དུ་གསོལ། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་བཅས། །མཚན་དཔེའི་སྐུར་ལྡན་ཚངས་དབྱངས་ལྡན་པའི་གསུང་། །ཀུན་མཁྱེན་ཐུགས་མངའ་མཁྱེན་བརྩེ་ནུས་པར་ལྡན། །བླ་མ་ཡི་དམ་མཁའ་འགྲོ་སྲུང་མ་ཡིས། །སྟེང་འོག་ཕྱོགས་མཚམས་སྤྲིན་ཕུང་ལྟ་བུར་ཁྱབ། །འཇའ་ཚོན་གུར་ཁྱིམ་འཁྲིགས་པའི་ཀློང་ན་བཞུགས། །སྐྱབས་གནས་ཀུན་འདུས་ཡིད་བཞིན་ནོར་བུ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་ཀུན་བཟང་མཆོད་སྤྲིན་འབུལ། །སྡིག་ལྟུང་ཉེས་པའི་ཚོགས་ཀུན་སྙིང་ནས་བཤགས། །སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རང་། །མགོན་ཁྱོད་རྟག་ཏུ་ཆོས་འཁོར་སྐོར་བར་བསྐུལ། །གཟུགས་སྐུ་བསྐལ་བརྒྱར་མི་གཡོ་བརྟན་པར་གསོལ། །དགེ་བ་མཐའ་དག་སངས་རྒྱས་འཐོབ་ཕྱིར་བསྔོ། །ཡེ་ཤེས་གདོད་ནས་ལྷུན་གྲུབ་པ། །སྐྱབས་ཡུལ་གསལ་བཏབ་ཚོགས་གསོག་དང་། སྡིག་སྦྱོང་ཆེད་དུ་ཡན་ལག་བདུན། །གོང་གསལ་ནན་ཏན་བྱས་པའི་རྗེས། །རབ་ཏུ་ལེའུ་བདུན་པ་འམ། །མ་འགྲུབ་བླ་མ་སྐུ་གསུམ་མའི། །མཇུག་ཏུ་བཛྲ་གུ་རུ་ཡི། །འཛབ་དམིགས་ངག་འདོན་འདི་ལྟར་རོ། །བླ་མའི་དཔྲལ་(༢༤བ)


GLG015_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཨོཾ་ཡིག་དཀར་པོ་ལས། །ཨོཾ་ཡིག་མང་འཕྲོས་རང་གི་སྨིན་མཚམས་ཐིམ། །ལུས་གྱི་སྒྲིབ་སྦྱངས་བུམ་པའི་དབང་བསྐུར་ཐོབ། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་བཞག །བླ་མའི་མགྲིན་པའི་ཨཱ་ཡིག་དམར་པོ་ལས། །ཨཱཿཡིག་མང་འཕྲོས་རང་གི་མགྲིན་པར་ཐིམ། །ངག་གི་སྒྲིབ་སྦྱངས་གསང་བའི་དབང་བསྐུར་ཐོབ། །འབྲས་བུ་ལོངས་སྐུ་འགྲུབ་པའི་ནུས་པ་བཞག །བླ་མའི་ཐུགས་གའི་ཧཱུཾ་ཡིག་མཐིང་ཁ་ལས། །ཧཱུཾ་ཡིག་མང་འཕྲོས་རང་གི་སྙིང་གར་ཐིམ། །ཡིད་ཀྱི་སྒྲིབ་སྦྱངས་གསུམ་པའི་དབང་བསྐུར་ཐོབ། །འབྲས་བུ་ཆོས་སྐུ་འགྲུབ་པའི་ནུས་པ་བཞག །སླར་ཡང་བླ་མའི་གནས་གསུམ་ཡིག་འབྲུ་ལས། །འོད་འཕྲོས་རང་གི་གནས་གསུམ་ཐིམ་པ་ཡིས། །སྒྲིབ་པ་ཀུན་སྦྱངས་བཞི་པའི་དབང་བསྐུར་ཐོབ། །འབྲས་བུ་ཡེ་ཤེས་ལྷུན་རྫོགས་ནུས་པ་བཞག །སྟེང་འོག་ཕྱོགས་མཚམས་བཞུགས་པའི་སྐྱབས་གནས་ཀུན། རིགས་འཛིན་བླ་མ་ཉིད་ཀྱི་སྐུ་ལ་ཐིམ། །དེ་ཡང་གསེར་གྱི་རྡོ་རྗེ་རྩེ་ལྔ་པར། །གྱུར་པ་སྤྱི་གཙུག་བཞུགས་པ་ནན་ཏན་བསྒོམ། །དེས་ཀྱང་རྣམ་རྟོག་འཕྲོ་འདུའི་ཚོགས། །ཉུང་བར་མི་འགྱུར་ཆེར་འཕེལ་ན། །གསེར་གྱི་རྡོ་རྗེ་ཧཱུཾ་ཡིག་མཐིང་ཁར་གྱུར། །ཇེ་ཕྲར་སོང་སྟེ་རྒྱ་སྲན་ཚད་ཙམ་པ། །སྤྱི་བོའི་གཙུག་ནས་ཐལ་བྱུང་སྙིང་གའི་དབུས། །རང་གི་སེམས་དང་བསྲེས་ནས་མཉམ་པར་འཁོར། །དེས་ཀྱང་འཕྲོ་འདུ་ཇེ་ཉུང་མ་སོང་ན། །གོང་གི་མཇུག་ཏུ་དམིགས་པ་འདི་ལྟར་བྱ། །རང་གི་སེམས་དང་དབྱེར་མེད་ཡི་གེ་དེ། །མེ་ལོང་ཧ་བཏབ་མཐའ་ནས་བསྡུ་བ་བཞིན། །འཇའ་ལྟར་ཡལ་ཏེ་བརྗོད་བྲལ་སྟོང་པའི་དབྱིངས། །བྱར་མེད་བློ་འདས་ངང་དུ་མཉམ་པར་འཇོག །འདི་ལྟར་ཉམས་སུ་བླངས་པའི་དགེ་བའི་མཐུས། །ཚེ་རབས་ཀུན་ཏུ་རྩ་གསུམ་ལྷ་ཚོགས་ཀྱིས། །རྗེས་སུ་བཟུང་ནས་བདག་སེམས་འགྲོ་བ་ཀུན། །བླ་མེད་(༢༥ན)


GLG015_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་ཡེ་ཤེས་ཐོབ་གྱུར་ཅིག །ཅེས་པ་འདིའང་བླ་མའི་རྣམ་འབྱོར་དང་འབྲེལ་བར་སྡིག་བཤགས་དང་། སེམས་དོན་མེད་དུ་གཡེང་བ་ལ་ཕན་པའི་ཉམས་ལེན་ཉུང་ངུ་ཞིག་དགོས་ཞེས་རྣམ་རྒྱལ་ཚེ་རིང་གིས་བསྐུལ་བ་ལ་བརྟེན་ཟ་ཧོར་གྱི་བནྡེས་སྦྱར། །རབ་དཀར་དད་པའི་ཟླ་ཟེར་གྱིས་ཕྱེ་བའི། །ཟབ་ལམ་བླ་མའི་རྣལ་འབྱོར་ཀུ་མུ་ད། །འདི་ཕྱིའི་དངོས་གྲུབ་འདབ་བརྒྱ་འཛུམ་པའི་འཕྲེང་། །གཟུར་གནས་བློ་ཡི་ཐོད་དུ་རྣམ་པར་སྤེལ། ཨཽཌྜི་ཡཱ་ནའི་སློབ་དཔོན་ཆེ། །དུས་གསུམ་མཁྱེན་པ་པད་འབྱུང་དང་། །རང་ཉིད་མོས་པའི་བླ་མ་དག །གཉིས་སུ་མེད་པའི་རྣལ་འབྱོར་ནི། །བླ་མ་བདེ་གཤེགས་འདུས་པའི་སྐུའི། །ཚིགས་བཅད་གཅིག་གིས་སྐྱབས་འགྲོ་དང་། །སེམས་བསྐྱེད་འགྲོ་བ་ཀུན་དོན་མས། །རང་རྒྱུད་དག་རྗེས་འདི་ལྟར་རོ། །འཁོར་འདས་ཆོས་ཀུན་གདོད་ནས་སྟོང་པའི་ངང་། །མཁའ་ལས་འཇའ་ལྟར་རང་སེམས་སྣང་བའི་རྩལ། །རྩ་བརྒྱུད་བླ་མ་དུས་གསུམ་སངས་རྒྱས་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །ཀུན་འདུས་སངས་རྒྱས་གཉིས་པ་པདྨ་འབྱུང་། །སྐུ་མདོག་རབ་དཀར་ལོ་བརྒྱད་ལང་ཚོ་ཅན། །ལྟ་བས་མི་ངོམས་མཚན་དཔེར་ལྡན་པའི་སྐུ། །མཐོང་ན་མི་མཐུན་མེད་པའི་ངོ་མཚར་ཅན། །སྔགས་པའི་ཆ་ལུགས་མཐིང་ནག་གསང་བའི་གོས། །རབ་བྱུང་རྟགས་ཀྱི་ཆས་གོས་པ་ཊ་རིས། །རྒྱལ་པོའི་ན་བཟའ་ཟ་འོག་བེར་ཆེན་དང་། །མཉེན་ཤུ་རྒོད་སྒྲོ་མེ་ལོང་དར་དཔྱངས་ཅན། །ཕྱག་གཡས་ཐབས་མཆོག་བདེ་ཆེན་མཚོན་པའི་བརྡར། །གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་ཀ་དང་། །གཡོན་པ་ཤེས་རབ་སྟོང་ཉིད་ཀ་པཱ་ལའི། །རྣམ་པར་ཤར་བ་བདུད་རྩིས་རབ་གང་མཛེས། །ཟག་མེད་བདེ་ཆེན་ཡེ་ཤེས་སྐྱེད་མཛད་མ། །རྣམ་པ་ཁ་ཊཾ་ཚུལ་གྱིས་དཀུ་ལ་བརྟེན། །མ་(༢༥བ)


GLG015_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གདོད་ནས་རང་སེམས་བླ་མའི་ངོ་བོ་ཉིད། །བཞིན་ལག་རྣམ་པར་ཤར་བའི་མོས་པ་དང་། །དག་པའི་ཞིང་ན་བཞུགས་པའི་བླ་མ་ལ། །གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་འདེབས། །སྔོན་གྱི་བསྐལ་པའི་དང་པོ་ལ། །ཞེས་སོགས་ཚིག་བདུན་གསོལ་འདེབས་ནི། །བདུན་ནས་ཉི་ཤུ་རྩ་གཅིག་སོགས། །གདུང་ཤུགས་དྲག་པོར་བཏོན་རྗེས་སུ། །དེ་ལྟར་གསོལ་བ་བཏབ་པས་ཨྱོན་རྗེ། །རྩ་བརྒྱུད་བླ་མ་ཡི་དམ་སྲུང་མར་བཅས། །ཟངས་མདོག་དཔལ་གྱི་རི་བོའི་གནས་མཆོག་ནས། །ཐོགས་མེད་བྱོན་ཏེ་སྤྱི་བོའི་བླ་མར་ཐིམ། །ཀུན་འདུས་ཡིད་བཞིན་ནོར་བུའི་བདག་ཉིད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཚོགས་འབུལ། །སྡིག་ལྟུང་མི་དགེའི་ཚོགས་རྣམས་སྙིང་ནས་བཤགས། །དགེ་ཚོགས་ཀུན་ལ་སྙིང་ནས་རྗེས་ཡི་རང་། །ཐེག་མཆོག་ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ། །བསྐལ་བརྒྱར་མྱ་ངན་མི་འདའ་བརྟན་པར་བཞུགས། །ཀུན་ཀྱང་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །གསོལ་འདེབས་ལེའུ་བདུན་མའམ། །མདོར་བསྡུས་བླ་མ་སྐུ་གསུམ་མ། །དད་པའི་གདུང་ཤུགས་དྲག་པོ་ཡིས། །ལན་གྲངས་མང་དུ་བརྗོད་པའི་རྗེས། །བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་གྱིས། །མཚན་པ་དག་ལས་འོད་ཟེར་དཀར་དམར་མཐིང་། །བདུད་རྩིའི་རྒྱུན་དང་བཅས་པ་ཐོགས་མེད་བྱུང་། །རང་གི་སྤྱི་བོ་མགྲིན་པ་སྙིང་གར་ཞུགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ། །འགྲུབ་པའི་ས་བོན་མ་ལུས་ལེགས་པར་བཞག །བུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱི། །དབང་ཐོབ་རང་རྒྱུད་ཡོངས་སུ་སྨིན་པར་བྱས། །བླ་མའི་ཞལ་ནས་འཁྲུལ་སྣང་ན་བུན་བཞིན། །འཛིན་མེད་སྐྱོང་ལ་མ་བཅོས་རིག་ངོར་ལྟོས། (༢༦ན)


GLG015_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

།ཞེས་པའི་ཚངས་པའི་གསུང་དབྱངས་བསྒྲགས་པ་ཡིས། །བཞི་པའི་དབང་ཐོབ་རིག་པའི་རང་ངོ་འཕྲོད། །བླ་མའི་སྐུ་ཡང་འོད་ཀྱི་ཕུང་པོར་ཞུ། །དེ་ཉིད་མཚོན་བྱེད་རྟགས་ཀྱི་རྡོ་རྗེ་ནི། །རྩེ་ལྔ་སྤྱི་བོར་དབང་རྟགས་ཅོད་ཅན་ཅན། །བྱུང་བ་མ་ཐོབ་བར་དུ་འབྲས་མེད་གྱུར། །དེ་ནས་ཐུན་མཚམས་གསོལ་འདེབས་ནི། །འདོད་ན་བརྡ་དོན་ལམ་ཟབ་གྱི། །བརྒྱུད་པའི་གསོལ་འདེབས་ཚིགས་བཅད་མ། །རྒྱས་བསྡུས་སྐབས་དང་སྦྱར་ཏེ་ལེན། །མདོར་བསྡུས་ཚིག་ཉུང་འདོད་པ་ལ། །བཟང་པོ་སྤྱོད་པ་ལ་སོགས་ལས། །བྱུང་བའི་སྨོན་ལམ་ཚིགས་བཅད་མས། །བྱང་ཆུབ་རྒྱུ་རུ་བསྔོས་ཤིག་གུ །འཛམ་བུ་གླིང་ན་ཆེ་བའི་རིག་སྔགས་ཀྱི། །བརྟུལ་ཞུགས་གྲུབ་པའི་དབང་ཕྱུག་ཨྱོན་རྗེ། །རང་རང་མོས་པའི་བླ་མ་དང་སྦྱར་ཏེ། །དབྱེར་མེད་གསོལ་འདེབས་གངྒཱའི་ཆུ་རྒྱུན་འདི། །རིག་པའི་འབྱུང་གནས་ཨེ་ཡི་ཡུལ་གྲུ་ནས། །དད་བརྩོན་བློ་གྲོས་ལྡན་པའི་སྨིན་དྲུག་གིས། །འབད་པས་བསྐུལ་ལྟར་ཟ་ཧོར་བནྡེ་ཡི། །རྣམ་དཔྱོད་མ་དྲོས་མཚོ་ཆེན་ལས་འོངས་སོ། །སྭསྟི་སིདྡྷཾ། དངོས་གྲུབ་ཡིད་བཞིན་ནོར་བུ་མ་ལུས་པ། །འདི་ཕྱིའི་གཏན་གྱི་མཛོད་དུ་འདྲེན་བྱེད་པའི། །ཀུན་འདུས་ཟབ་ལམ་བླ་མའི་རྣལ་འབྱོར་གཟིགས། །ཉམས་ལེན་རླུང་གིས་དར་ཆེན་འདི་ན་གཡོ། །འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་བྱེད་པས། འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ལ་དམིགས་པའི་འཇིགས་སྐྲག་དང་། མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་མར་ཤེས་པའི་སྙིང་རྗེ་ཆེན་པོས་རྒྱུད་འཁུལ་ངེས་ཤེས་པའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱས་ཏེ། །སྭ་བྷ་(༢༦བ)


GLG015_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་སྤྱི་བོར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་སྣ་ཚོགས་པདྨ་དང་། ཐབས་ཤེས་ཟུང་དུ་འཇུག་པའི་བརྡར་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་སུམ་ལྡན་དགེ་སློང་རྡོ་རྗེ་འཛིན་པའི་ཆ་བྱད་ཅན། སྐུ་ལ་ཆོས་གོས་གསུམ་དང་པཎ་ཞུ་གསེར་གྱི་མདོག་ཅན་གསོལ་བ། ཕྱག་གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་གར་པདྨ་འདབ་མ་བཞི་པའི་ཟེའུ་འབྲུའི་སྟེང་དུ་ཡེ་ཤེས་སེམས་དཔའི་ཚུལ་དུ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་རྗེ་བཙུན་བླ་མ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་རྣམ་པ་རབ་ཏུ་བྱུང་བའི་སྐུའི་ཆ་ལུགས་ཅན། དབུ་ལ་བཀའ་གདམས་ཞྭ་ཆུང་གུར་ཀུམ་གྱི་མདངས་ལྡན་གསོལ་བ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་པདྨའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའི་ཚུལ་གྱིས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པ་ཕྱག་གཉིས་ཐུགས་གར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་ཕྱག་སོར་ཀྱི་མེ་ཏོག་པདྨའི་ཡུ་བ་ནས་འཛིན་པའི་འདབ་མ་སྙན་གྱིས་ཐད་ཀར་ཁ་བྱེ་བའི་གཡས་ན་ཤེས་རབ་ཀྱི་རལ་གྲི་དང་། གཡོན་ན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། རབ་ཏུ་བྱུང་བ་ལ་ཉེ་བར་མཁོ་བའི་རུང་མཐུན་གྱི་ན་བཟའ་དང་པཎ་ཞུ་མཛེས་པ་མཚན་དཔེ་གསལ་རྫོགས་ཀྱི་བདག་ཉིད་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་ཐུགས་གའི་ས་བོན་ལས་འོད་ཟེར་འཕྲོས་པས་དངོས་བརྒྱུད་ཀྱི་དཔལ་ལྡན་བླ་(༢༧ན)


GLG015_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམ་པ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས་སྐྱབས་གནས་ཐམས་ཅད་སྐར་མདའ་འཕངས་པ་བཞིན་དུ་ཐོགས་པ་མེད་པར་བྱོན་ནས་དམ་ཚིག་པ་ལ་ཐིམ་པར་བསམས་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་ཡན་ལག་བདུན་པ་རྒྱས་བསྡུས་སྐབས་དང་སྦྱར་བའི་རྗེས་སུ་གང་ཤེས་ཀྱི་གསོལ་འདེབས་ཀྱི་རིམ་པ་དང་དབང་བཞི་ལེན་པ་སོགས་སྤྱི་ལྟར་བྱས་རྗེས། སྨོན་ལམ་གདབ་པ་ནི། རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། སྙིགས་མའི་དུས་འདིར་བཤེས་གཉེན་དམ་པའི་གཟུགས། །སྟོན་མཛད་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །ཁྱོད་ཀྱི་བྱིན་རླབས་སྙིང་ལ་འཇུག་པར་ཤོག །བློ་བཟང་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ། །དབང་སྒྱུར་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། །གང་གི་ཞབས་སེན་ཉིན་བྱེད་འོད་འབར་བས། །རྟག་ཏུ་སྙིང་གི་པདྨ་སྐྱོང་བར་ཤོག །ངག་གི་དབང་ཕྱུག་དགྱེས་པའི་བློ་གྲོས་ཀྱི། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་གཉེན་གྱུར་པས། རྣམ་འདྲེན་མ་ཐོབ་དེ་སྲིད་དགེ་བའི་བཤེས། །མཛད་ནས་ལེགས་པའི་ལམ་ཀུན་སྟོན་པར་ཤོག །མཐའ་དང་ཚད་དུ་མེད་པའི་འཁོར་བ་འདིར། །ཡང་སྲིད་ཉིང་མཚམས་སྦྱོར་ཀུན་དལ་འབྱོར་གྱི། །ལུས་རྟེན་བརྒྱུད་མར་བླངས་ཏེ་དམ་པའི་ཆོས། །ཐོས་བསམ་སྒོམ་པས་ཉིན་མཚན་འདའ་བར་ཤོག །ཆོས་ཀུན་གདོད་ནས་སྟོང་པའི་ཤེས་རབ་ཀྱི། །མཚོན་ཆས་སྲིད་པའི་སྒྲོག་ཀུན་ཉེར་བཅད་ཅིང་། །སྙིང་རྗེའི་གཟིངས་གྱིས་ཞི་བའི་མཚོ་བསྒྲལ་ནས། །མི་གནས་མྱ་ངན་འདས་པའི་གླིང་བགྲོད་ཤོག །མཁྱེན་བརྩེ་ནུས་ལྡན་སངས་རྒྱས་དེའི་གསུང་ཆོས། །སློབ་མར་བཅས་པའི་སྐྱབས་གནས་ཀུན་འདུས་པ། །བཤེས་གཉེན་(༢༧བ)


GLG015_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པས་རྗེས་སུ་ལེགས་བཟུང་སྟེ། །འདི་དང་གཏན་གྱི་མདུན་མ་ལྷུན་གྲུབ་ཤོག །ཅེས་སྨོན་ལམ་བཏབ། སླར་ཡང་། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཞེས་སོགས་བརྗོད་དེ་སྤྱི་བོར་བསྒོམས་པའི་བླ་མ་རང་གི་སྙིང་གར་གདན་དྲངས། གསོལ་བ་ཅི་རིགས་པ་བཏབ་པས་སླར་འོད་དུ་ཞུ། རང་སེམས་དང་བླ་མ་དང་དབྱེར་མེད་དུ་བསྲེས་པའི་ངང་དུ་ཅུང་ཟད་མཉམ་པར་བཞག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་སྨོན་ལམ་ཅི་རིགས་པས་མཚམས་སྦྱར་བར་བྱའོ། །བླ་མའི་རྣལ་འབྱོར་སེམས་དཔའ་སུམ་བརྩེགས་སྒོམ་ཚུལ་སྨོན་ལམ་དང་བཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཆོས་དབང་གྲགས་པའི་སྡེས་ནན་ཏན་དུ་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། གང་ལ་བརྟེན་ན་ཕན་བདེའི་ལེགས་ཚོགས་རྣམས། །འབད་མེད་སྩོལ་མཛད་ཁྱབ་བདག་རྡོ་རྗེ་འཛིན། །ཟབ་ལམ་བླ་མའི་རྣལ་འབྱོར་ངག་འདོན་དུ། །སྤེལ་བྱེད་ཡིད་བཞིན་འདོད་འཇོའི་འཕྲེང་བ་འདི། །སྐྱབས་འགྲོ་ནི། དོན་གཉིས་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་། །འགོག་ལམ་ཡོན་ཏན་ཀུན་ཚང་དམ་པའི་ཆོས། །རིག་དང་གྲོལ་བའི་དཔལ་ལྡན་དགེ་འདུན་ལ། །སངས་རྒྱས་མ་ཐོབ་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་ནི། མཐའ་དང་ཚད་དུ་གཟུང་བར་ནུས་མིན་པའི། །མར་གྱུར་འགྲོ་བ་ཐམས་ཅད་དྲངས་པའི་ཆེད། །གཞན་ཕན་ཁུར་ཆེན་ཁྱེར་བའི་ལྷག་བསམ་གྱིས། །ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དངོས་གཞི་ནི། ཨོཾ་ཤཱུ་ནྱཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་རྣམས་ཀུན། །རང་བཞིན་གདོད་ནས་དག་པའི་སྟོང་པའི་ངང་། །མདུན་གྱི་ནམ་མཁར་སེང་གེས་བཏེག་པའི་ཁྲི། །པདྨ་(༢༨ན)


GLG015_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་ཉིད། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་། །སྐུ་མདོག་རྩ་བའི་ཞལ་ནི་མཐིང་ནག་ལ། །གཡས་དཀར་གཡོན་དམར་ཁྲོ་ཆགས་ཞི་བའི་ཉམས། །རྩ་ཕྱག་རྡོ་རྗེ་དྲིལ་བུ་འཛིན་པ་ཡིས། །རང་སྣང་ཤེས་རབ་མ་དང་སྙོམས་པར་འཇུག །གཡས་ཀྱི་ཕྱག་གཉིས་འཁོར་ལོ་པདྨ་འཛིན། །གཡོན་པས་རིན་པོ་ཆེ་དང་རལ་གྲི་བསྣམས། །རལ་པའི་ཐོར་ཚུགས་མཚན་དཔེ་གསལ་རྫོགས་ལྡན། །རང་འདྲའི་ལྷ་མོ་རེག་བྱ་རྡོ་རྗེ་མ། །རལ་པ་ཕྱེད་བཅིངས་སྒེག་འཛུམ་མཛེས་སྡུག་ཅན། །ལང་ཚོ་དར་བབ་འདོད་ཡོན་ལྔ་ལ་སྤྱོད། །གཉིས་ཀ་རིན་ཆེན་རྒྱན་གྱིས་ལེགས་སྤྲས་ཤིང་། །ལྷ་རྫས་དར་གྱི་ན་བཟའ་ལྷབ་ལྷུབ་གཡོ། །འོད་ཀྱི་དཀྱིལ་འཁོར་འབར་བའི་དབུས་ན་བཞུགས། །ཐུགས་ཀར་མི་བསྐྱོད་སྤྱི་གཙུག་རྣམ་སྣང་མཛད། །མགྲིན་པར་སྣང་མཐའ་ལྟེ་བར་རིན་ཆེན་འབྱུང་། །གསང་གནས་དོན་གྲུབ་ལྟེ་བར་སྤྱན་མ་དང་། །སྙིང་གར་མཱ་མ་ཀི་དང་མགྲིན་པའི་དབུས། །གོས་དཀར་མ་སྟེ་སྒྲོལ་མ་སྤྱི་བོའི་གཙུག །མིག་ཏུ་ས་སྙིང་རྣ་བར་ཕྱག་རྡོར་ཏེ། །སྣ་ལ་ནམ་སྙིང་འཇིག་རྟེན་དབང་ཕྱུག་ལྕེར། །སྙིང་གར་འཇམ་དཔལ་སྒྲིབ་སེལ་གསང་བའི་གནས། །ཚིགས་ལ་ཀུན་བཟང་བྱམས་པ་སྤྱི་བོའི་གཙུག །མིག་སྣ་རྣ་བ་ལྕེ་དང་རྡོ་རྗེའི་སྒོར། །འདོད་པའི་ཡོན་ཏན་ལྔ་ཡི་ལྷ་མོས་མཛེས། །ལག་པ་ཁ་གསང་དཔུང་པ་པུས་མོ་དང་། །སྤྱི་གཙུག་རྐང་མཐིལ་རྣམས་ལ་ཁྲོ་བོ་བཅུ། །སྐུ་ཡི་ཆ་ཤས་གཤེགས་པ་གཤེགས་མ་དང་། །སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་སོགས། །རིགས་ཀུན་འདུས་པའི་དཀྱིལ་འཁོར་ཆེན་པོ་ཡི། །གནས་གསུམ་ཨོཾ་ཨཱཿཧཱུཾ་གིས་མཚན་པར་གྱུར། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པ་ཡིས། །བླ་མ་(༢༨བ)


GLG015_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས། །སྐྱབས་གནས་མ་ལུས་སྤྱན་དྲངས་གཉིས་མེད་གྱུར། །ཡན་ལག་བདུན་པ་ན། ཆོས་སྐུ་མཁའ་ལྟར་དག་པའི་དབྱིངས་ཉིད་ལས། །གཟུགས་སྐུ་དབང་པོའི་གཞུ་ལྟར་རྣམ་བཀྲ་བ། །མཐོང་བས་ཡིད་འཕྲོག་མཚན་དཔེའི་ཟློས་གར་ཅན། ཁྱབ་བདག་འཁོར་ལོའི་མགོན་པོར་ཕྱག་འཚལ་ལོ། །ངུར་སྨྲིག་གོས་ཀྱིས་ཀླུབས་པའི་ཟློས་གར་སོགས། །རང་རང་འདུལ་བྱའི་བློ་དང་ལེགས་འཚམས་པའི། །གྲངས་མེད་སྐུ་ཡི་བཀོད་པ་སྣ་ཚོགས་སུ། །སྟོན་མཛད་བཤེས་གཉེན་དམ་པར་ཕྱག་འཚལ་ལོ། །རང་བདེ་མཁའ་མཉམ་འགྲོ་བའི་སྡུག་བསྔལ་རྣམས། །བརྗེ་ནུས་ལྷག་བསམ་སྙིང་སྟོབས་གཤོག་རླབས་ཀྱིས། །རྒྱལ་སྲས་སྤྱོད་པའི་ཕ་མཐར་བགྲོད་ནུས་པའི། །རྨད་བྱུང་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཐབས་ཤེས་ཟུང་དུ་འཇུག་པའི་ལྷ་ཡི་སྐུ། །བདེ་སྟོང་ཉམས་ཀྱིས་རོལ་པའི་འཇོ་སྒེག་ཅན། །ཀུན་མཁྱེན་རྒྱ་མཚོར་འཁྲིད་པའི་དེད་དཔོན་ཆེ། །དཔལ་ལྡན་རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །ལས་ཉོན་སྒྲིབ་པའི་དབང་གི་སངས་རྒྱས་རྣམས། །དངོས་སུ་མཐོང་བར་ནུས་མིན་སྙིགས་དུས་ཀྱི། །བདག་སོགས་གདུལ་བྱའི་དཔལ་གྱུར་དགེ་བའི་བཤེས། །བཀའ་དྲིན་མཚུངས་པ་མེད་ལ་ཕྱག་འཚལ་ལོ། །རི་རབ་ལྷུན་པོ་གླིང་བཞི་གླིང་ཕྲན་བརྒྱད། །རིན་ཆེན་རི་བོ་དཔག་བསམ་ལྗོན་པའི་ཤིང་། །མངར་བའི་རོ་ལྡན་འབྲས་བུའི་ཁུར་གྱིས་དུད། །འདོད་འཇོའི་བ་མོ་མ་རྨོས་ལོ་ཏོག་ལྡེམ། །རྣམ་པར་རྒྱལ་བའི་འཁོར་ལོ་རིན་པོ་ཆེ། །འདོད་དགུའི་ཆར་འབེབས་ཡིད་བཞིན་ནོར་བུ་མཆོག །ཟག་མེད་བདེ་བ་སྟེར་བའི་བཙུན་མོ་དང་། །དཔའ་མཛངས་བརྟུལ་ཕོད་བློན་པོ་རིན་པོ་ཆེ། །གླང་ཆེན་ཉི་ཟླའི་བགྲོད་པའི་སྟོབས་དང་(༢༩ན)


GLG015_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །ཅང་ཤེས་རྟ་མཆོག་རླུང་གི་ཤུགས་ལྟར་འཕྱོ། །ཕ་རོལ་དགྲ་དཔུང་འཇོམས་པའི་དམག་དཔོན་ཏེ། །རྒྱལ་སྲིད་བདུན་དང་གཏེར་ཆེན་བུམ་པ་བཟང་། །སྒེག་པའི་ལུས་ཀྱི་འགྱིང་བག་མཐའ་ཀླས་པ། །ཁོང་ནས་རྒྱས་པ་བསྙེམས་པའི་ཉམས་དང་ལྡན། །ལྷ་དང་མི་ལས་ཁྱད་པར་བྱས་པ་ཡིས། །སྣ་ཚོགས་སྤེལ་ལེགས་རིན་ཆེན་ཕྲེང་བ་འཛིན། །མགྲིན་པའི་ལམ་ནས་འོངས་པའི་གླུ་ལེན་དང་། །ལྷན་ཅིག་རྒྱུད་མང་ལ་སོགས་སྒྲ་དབྱངས་འཁྲོལ། །མཉེན་ལྕུག་ལུས་ཀྱི་ཟློས་གར་ཇི་སྙེད་པ། །འདྲེན་བྱེད་ཡུལ་དུ་གཟིགས་མོར་ཚར་དུ་དངར། །ཨུ་དུམ་ཝ་ར་པད་དཀར་ཨུཏྤ་ལ། །སྣ་ཚོགས་མེ་ཏོག་ཆུན་པོ་སྙིམ་པས་འཛིན། །གུར་ཀུམ་ཙནྡན་ཨ་ཀ་རུ་ལ་སོགས། །དྲི་ལྡན་བདུག་སྤོས་འཛིན་པའི་ཡིད་འོང་མ། །མེ་ཤེལ་མདངས་དང་རྩི་བཅུད་ལས་སྤར་བའི། །སྣང་གསལ་འོད་ཀྱིས་མུན་འཇོམས་མར་མེ་མ། །ཕུན་ཚོགས་ངད་ལྡན་སྨན་གྱི་བྱུག་པ་ཡིས། །དྲི་བྲལ་སྐུ་ལ་སྲི་ཞུར་བགྱིད་མཁས་མ། །རྟ་བདུན་དབང་པོ་རི་བོང་འཛིན་པ་ཡི། །གཟི་བརྗིད་ཆེན་པོའི་སྣང་བས་འཇིག་རྟེན་མཛེས། །སྲིད་ཞིའི་ཁོངས་ལས་བརྒལ་པར་འཁོར་བའི་གདུགས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སོགས། །མདོར་ན་ལྷ་མིའི་དཔལ་འབྱོར་ཕུན་ཚོགས་རྣམས། །དངོས་སུ་བཤམས་དང་ཡིད་ཀྱིས་ལེགས་སྤྲུལ་ཏེ། །འཆི་མེད་ལམ་རྣམས་དོག་པོར་རབ་བཀོད་ནས། །ཀུན་བཟང་མཆོད་པའི་སྤྲིན་དང་ལྷན་ཅིག་འབུལ། །ཐོག་མེད་དུས་དང་ད་ལྟའི་བར་དག་ཏུ། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས། །སྔར་བྱས་ལ་འགྱོད་ཕྱིས་ནས་སྡོམ་སེམས་བཅས། །གཉེན་པོ་སྟོབས་བཞིའི་སྒོ་ནས་མཐོལ་ལོ་བཤགས། །འཕགས་མཆོག་རྣམས་དང་སོ་སོ་སྐྱེ་བོ་སོགས། །རང་གཞན་རྣམས་(༢༩བ)


GLG015_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསགས་པའི་རྣམ་དཀར་དགེ །རླབས་ཆེན་སྤྱད་དང་ཕྲ་མོར་སྤེལ་ཀུན་ལ། །བཅོས་མིན་བསམ་པ་ཐག་པས་རྗེས་ཡི་རང་། །རྒྱལ་དང་དེ་སྲས་སློབ་མར་བཅས་པ་ཡི། །ཆགས་བྲལ་ཚུལ་དང་རྒྱ་ཆེ་ཟབ་མོའི་ལམ། །མཆོག་དམན་གདུལ་བྱའི་བློ་དང་འཚམ་པ་ཡི། །དམ་པའི་ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ། །སྙིགས་མ་ལྔ་བདོའི་རྨུ་རྒོད་འདུལ་དཀའི་འགྲོའི། །སྣང་ཚུལ་ལ་གཟིགས་ཞི་བདེར་མནལ་སེམས་རྣམས། །བསྐལ་བརྒྱའི་བར་དུ་མྱ་ངན་མི་འདའ་བར། །སྐྱེ་དགུའི་མགོན་དུ་བརྟན་པར་བཞུགས་སུ་གསོལ། །འཁོར་བའི་ཡ་མཐའ་མི་མངོན་དེ་སྲིད་ནས། ད་ལྟའི་བར་དུ་བསགས་པའི་དགེ་བ་ཀུན། །རང་དོན་སྒྲུབ་པའི་ཆེད་དུ་མ་ཡིན་པར། །སེམས་ཅན་དོན་དུ་སངས་རྒྱས་རྒྱུ་རུ་བསྔོ། །གསོལ་འདེབས་ནི། མཐོང་ན་མི་མཐུན་མེད་པ་མཚན་དཔེའི་སྐུ། །ཚངས་དབྱངས་དྲུག་ཅུའི་སྐད་དུ་སྒྲོག་པའི་གསུང་། །ཤེས་བྱ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཐུགས། །སངས་རྒྱས་ཀུན་དངོས་གྱུར་ལ་གསོལ་བ་འདེབས། །བདེན་པ་གཉིས་སོགས་རྟོགས་པའི་བསྟན་པ་རྣམས། །བརྗོད་བྱར་བྱེད་པའི་ལུང་གི་ལེགས་བཤད་ཀུན། །རྫོགས་སངས་རྒྱས་ནས་ཆད་མེད་རབ་སྟོན་པའི། །དམ་ཆོས་ཀུན་འདུས་ངོ་བོར་གསོལ་བ་འདེབས། ཁྱོད་ཀྱིས་ལེགས་བསྟན་ཆོས་རྣམས་ཐོས་བསམ་དང་། །སྒོམ་པས་གཏན་ལ་ཕབ་པས་སྤང་རྟོགས་ཀྱི། །ཡོན་ཏན་མ་ལུས་མངོན་དུ་གྱུར་པ་ཡི། །དགེ་འདུན་ཀུན་གྱི་བྱེད་པོར་གསོལ་བ་འདེབས། །བཅས་དང་རང་བཞིན་ཁ་ན་མ་ཐོའི་ཆོས། །ཉེས་ལྟུང་རྙོག་པ་བག་ཡོད་ཀེ་ཏ་ཀས། །ལེགས་བགྲུངས་ཚུལ་ཁྲིམས་ཆུ་ཀླུང་ཆད་མེད་པའི། །རྣམ་དག་འདུལ་བ་འཇིན་ལ་གསོལ་བ་འདེབས། །བྱིང་དང་རྒོད་པའི་རྗེས་སུ་མཚམས་ཀྱི་རྟ། །རྒྱུག་ཚེ་ཤེས་བཞིན་ཁ་ལོ་ལེགས་བསྒྱུར་ནས། །ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ལ། །རབ་(༣༠ན)


GLG015_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་མདོ་སྡེ་འཛིན་ལ་གསོལ་བ་འདེབས། །ཆོས་དང་གང་ཟག་བདག་ཏུ་འཛིན་པའི་བློའི། །ཞེན་ཡུལ་དྲུངས་ཕྱུང་མཁའ་ལྟར་དམིགས་མེད་ཅིང་། །ཀུན་རྫོབ་དུའང་སྒྱུ་མ་དང་མཚུངས་པར། །གཟིགས་པའི་མངོན་པ་འཛིན་ལ་གསོལ་བ་འདེབས། །སྨིན་བྱེད་དབང་དང་གྲོལ་བྱེད་རིམ་གཉིས་ལམ། །ཟབ་མོ་རྡོ་རྗེ་ཐེག་པའི་རྣལ་འབྱོར་གྱིས། །སྐུ་གསུམ་གོ་འཕང་མངོན་དུ་གྱུར་མཛད་པའི། །རྡོ་རྗེ་འཆང་དངོས་ཁྱོད་ལ་གསོལ་བ་འདེབས། །མགོན་ཁྱོད་འོག་མིན་དག་པའི་ཞིང་ཁམས་སུ། །དཀྱིལ་འཁོར་བྱེ་བ་ཕྲག་བརྒྱའི་བྱེད་པོ་རུ། །བཞུགས་ཀྱང་བདག་སོགས་འགྲོ་བ་འདྲེན་པའི་ཆེད། །ཐ་མལ་གཟུགས་སུ་བསྟན་ལ་གསོལ་བ་འདེབས། །དལ་འབྱོར་རྙེད་པར་དཀའ་ཞིང་འཇིག་པར་སླ། །བཟོད་དཀའ་ངན་སོང་གསུམ་གྱི་སྡུག་བསྔལ་དང་། །དཀར་ནག་ལས་འབྲས་བླང་དོར་ལེགས་སྟོན་པའི། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །ལྷ་མིའི་བདེ་བ་འགྱུར་བའི་སྡུག་བསྔལ་ཅན། །སྐྱེ་རྒ་ན་འཆི་དར་རྒུད་ལ་སོགས་པ། །འཁོར་བ་སྙིང་པོ་མེད་པའི་ངང་ཚུལ་ཀུན། །སྟོན་མཛད་བླ་མ་དམ་པར་གསོལ་བ་འདེབས། །ལྷག་པའི་བསླབ་པ་གསུམ་པོ་ལེགས་གོམས་པས། །རང་ཉིད་གཏན་གྱི་བཙན་ས་ཟིན་གྱུར་ཀྱང་། །མཁའ་མཉམ་འགྲོ་བའི་དོན་དུ་ཕྱིན་དྲུག་གི །རླབས་ཆེན་སྤྱོད་པ་སྟོན་ལ་གསོལ་བ་འདེབས། །སངས་རྒྱས་སྒྲུབ་ལ་གྲངས་མེད་གསུམ་གྱི་བར། །ཚོགས་གཉིས་གསོག་ཡུན་མ་རྒན་འགྲོ་བ་རྣམས། །ཉམས་ཐག་མ་བཟོད་ཚེ་འདིར་འཚང་རྒྱ་པའི། །གསང་སྔགས་ཉེ་ལམ་སྟོན་ལ་གསོལ་བ་འདེབས། །གང་ལ་མཆོད་ཚེ་བསོད་ནམས་ཞིང་མཆོག་ཏུ། །སངས་རྒྱས་ཀུན་ཀྱང་ཁྱོད་ཀྱི་སྐུ་ལུས་ལ། །ཞུགས་ནས་ཚོགས་ཆེན་རྫོགས་པར་མཛད་པ་ཡི། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །གསོལ་བ་བཏབ་ན་མཆོག་དང་ཐུན་མོང་གི །དངོས་གྲུབ་མ་ལུས་ཆར་ལྟར་འབེབས་ནུས་པའི། །ཡི་དམ་དཀྱིལ་(༣༠བ)


GLG015_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འཁོར་ལོ་མ་ལུས་པ། །ཀུན་འདུས་བླ་མ་དམ་པར་གསོལ་བ་འདེབས། །དགྲ་གདོན་བགེགས་སོགས་བར་གཅོད་ཉེར་འཚེ་ཀུན། །དྲན་པ་ཙམ་གྱིས་མ་ལུས་སེལ་བ་ལ། །ཆོས་སྐྱོང་སྲུང་མའི་མཐུ་སྟོབས་མ་ལུས་པ། །ལྷུན་གྲུབ་བླ་མ་དམ་པར་གསོལ་བ་འདེབས། །མདོར་ན་མཆོག་དང་ཐུན་མོང་དངོས་གྲུབ་སོགས། །འདི་ཕྱིའི་ལེགས་ཚོགས་མདུན་མ་མ་ལུས་པ། །སྩོལ་མཛད་བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །སྨོན་ལམ་ནི། བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པའི་མཐུས། །བདག་སོགས་མར་གྱུར་སེམས་ཅན་ཐམས་ཅད་ཀྱི། །ལས་ཉོན་སྡིག་སྒྲིབ་མ་ལུས་བྱང་བར་ཤོག །དམྱལ་བའི་ཚ་གྲང་རལ་གྲི་ལོ་མའི་ཆོགས། །ཤལ་མ་ལི་ཡི་སྡོང་པོ་སོལ་ཕུང་དང་། །ལྕགས་བསྲེག་ས་གཞི་བསྡུས་འཇོམས་རི་བོ་སོགས། །བདེ་སྐྱིད་ལྷ་ཡི་གནས་ལྟར་འགྱུར་བར་ཤོག །བཏབ་པའི་མཚོན་རྣམས་མེ་ཏོག་ཏུ་བསྒྱུར་ཅིང་། །ཆུ་བོ་རབ་མེད་བྱིང་རྣམས་ལྷ་ལུས་ཐོབ། །གཤིན་རྗེ་ཁྭ་ཏ་བྱ་རྒོད་སྐྲག་བྱེད་པའི། །ཕྱག་ན་རྡོ་རྗེས་དབུགས་དབྱུང་རྗེས་འཛིན་ཤོག །ལག་ན་པདྨའི་ཐུགས་རྗེའི་ཆར་རྒྱུན་གྱིས། །འཇིགས་རུང་དམྱལ་བའི་མི་རྣམས་གསོད་གྱུར་ཅིང་། །འཇམ་དཔལ་དབྱངས་མཐོང་དམྱལ་བའི་སེམས་ཅན་རྣམས། །ཐར་པའི་སྐལ་བ་བཟང་པོ་འཐོབ་པར་ཤོག །གསོད་སྤྱོད་གཅིག་ལ་གཅིག་ཟ་གཏི་མུག་པའི། །སྡུག་བསྔལ་ཀུན་ལས་དུད་འགྲོའི་ཚོགས་ཐར་ཞིང་། །བཀྲེས་སྐོམ་གདུང་བའི་མིང་ཡང་མི་གྲགས་པར། །ཡི་དྭགས་རྣམས་ནི་རྟག་ཏུ་བདེ་གྱུར་ཅིག །མི་ལུས་ཐོབ་ཀྱང་བཀྲེས་ཕོངས་དབུལ་བ་རྣམས། །བཟའ་བཏུང་གོས་སོགས་འབྱོར་པ་དང་ལྡན་ཞིང་། །དབང་པོ་ཉམས་རྣམས་མིག་རྣ་ཡན་ལག་ཀུན། །ཚང་ཞིང་དེ་ཡིས་དོན་བྱེད་ནུས་པར་ཤོག །སྨན་ཀུན་མཐུ་ལྡན་ནད་(༣༡ན)


GLG015_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མྱུར་དུ་གསོས། །མི་དང་མི་མིན་གཅན་གཟན་འབྱུང་བ་བཞིས། །རྣམ་པར་འཚེ་རྣམས་འཇིགས་སྐྲག་ལས་ཐར་ཞིང་། །ཡིད་ཆད་རྣམས་ཀྱི་ཡིད་ནི་གསོས་པར་ཤོག །ཚོང་པ་ལམ་བདེ་ཁེ་སྤོགས་བསམ་པ་འགྲུབ། །སྦྲུམ་མ་བདེར་བཙའ་མྱ་ངམ་ཐང་འཁྱམ་རྣམས། །གྲོགས་དང་ཕྲད་ནས་བདེ་བར་བགྲོད་གྱུར་ཅིང་། །མགོན་མེད་རྣམས་ཀྱང་ལྷ་མིས་སྐྱོབ་པར་ཤོག །འགྲོ་རྣམས་དལ་བའི་རྟེན་ཐོབ་མཐོ་རིས་ཀྱི། །ཡོན་ཏན་བདུན་ལྡན་ང་རྒྱལ་དག་དང་བྲལ། །བྱང་ཆུབ་སེམས་ལྡན་བདུད་ཀྱི་ལས་ཀུན་སྤོངས། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྗེས་འཛིན་ཤོག །སྡིག་སེམས་ཅན་རྣམས་དེ་ལས་ལྡོག་གྱུར་ཅིང་། མཁའ་འགྲོ་སྲིན་པོ་སྙིང་རྗེའི་སེམས་དང་ལྡན། །དུས་སུ་ཆར་འབེབས་ལོ་ཏོག་ཕུན་སུམ་ཚོགས། །ནད་རིམས་འཁྲུག་སློང་འཐབ་རྩོད་ཞི་བར་ཤོག །རྒྱལ་པོ་རྣམས་ཀྱང་རང་གི་མངའ་རིས་ཀྱིས། །ཆོག་ཤེས་འབངས་རྣམས་ཆོས་བཞིན་བདེ་བར་སྐྱོང་། །དགེ་འདུན་སྡེ་རྣམས་ཚུལ་ཁྲིམས་རྣམ་དག་ཅིང་། །ཆོས་སྤྱོད་བཅུ་ཡི་རིམ་པ་འཕེལ་བར་ཤོག །སངས་རྒྱས་ཐུགས་རྗེ་འགྲོ་ཀུན་ལ་འཇུག་ཅིང་། །བྱང་སེམས་རྣམས་ཀྱིས་འགྲོ་བ་འདྲེན་པ་ཡི། །བཞེད་པའི་དོན་རྣམས་མ་ལུས་ལྷུན་གྱིས་གྲུབ། །དགེ་བའི་བཤེས་དང་རྟག་ཏུ་མི་འབྲལ་ཤོག །བདག་ནི་འགྲོ་བ་འདྲེན་པའི་སྙིང་སྟོབས་ཁུར། །འཇམ་དཔལ་དཔའ་བོའི་སྤྱོད་པ་ལྟར་སྤྱད་ནས། །འཁོར་བ་མ་སྟོངས་བར་དུ་སེམས་ཅན་རྣམས། །འདྲེན་པའི་མགོན་དང་སྐྱབས་སུ་བདག་གྱུར་ཅིག །དབང་བཞི་བླང་བ་ནི། བླ་མའི་དཔྲལ་བའི་ཨོཾ་ཡིག་དཀར་པོ་ལས། །འོད་འཕྲོས་རང་གི་དཔྲལ་བར་ཐིམ་པ་ཡིས། །བུམ་དབང་བྱིན་རླབས་ཚུལ་ཐོབ་ལུས་སྒྲིབ་སྦྱངས། །འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ས་བོན་བཞག །བླ་མའི་མགྲིན་པའི་ཨཱཿཡིག་དམར་པོ་ལས། །འོད་འཕྲོས་རང་གི་(༣༡བ)


GLG015_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཐིམ་པ་ཡིས། །གསང་དབང་བྱིན་རླབས་ཚུལ་ཐོབ་ངག་སྒྲིབ་སྦྱངས། །འབྲས་བུ་ལོངས་སྐུ་འགྲུབ་པའི་ས་བོན་བཞག །བླ་མའི་ཐུགས་གའི་ཧཱུཾ་ཡིག་སྔོན་པོ་ལས། །འོད་འཕྲོས་རང་གི་སྙིང་གར་ཐིམ་པ་ཡིས། །ཤེར་དབང་བྱིན་རླབས་ཚུལ་ཐོབ་ཡིད་སྒྲིབ་སྦྱངས། །འབྲས་བུ་ཆོས་སྐུ་འགྲུབ་པའི་ས་བོན་བཞག །བླ་མའི་གནས་གསུམ་དག་ལས་འོད་ཟེར་འཕྲོས། །གང་གི་གནས་གསུམ་སོ་སོར་ཐིམ་པ་ཡིས། །ཚིག་དབང་བྱིན་རླབས་ཚུལ་ཐོབ་སྒྲིབ་ཀུན་སྦྱངས། །འབྲས་བུ་ཟུང་འཇུག་འགྲུབ་པའི་ས་བོན་བཞག །སྐྱབས་གསུམ་ཀུན་འདུས་དཔལ་ལྡན་བླ་མ་མཆོག །བདག་གི་སྙིང་ག་པདྨ་འདབ་བརྒྱད་དབུས།།ཐོགས་མེད་བྱོན་ལ་བྱང་ཆུབ་མ་ཐོབ་པར། །འབྲལ་མེད་བཞུགས་ནས་བརྩེ་བས་རྗེས་འཛིན་མཛོད། །གསོལ་བ་བཏབ་པས་བླ་མ་སྙིང་དབུས་བྱོན། །རང་སེམས་བླ་མའི་ངོ་བོར་བལྟ་བའི་མོད། །དབྱེར་མེད་ཏིང་ངེ་འཛིན་ལ་མཉམ་བཞག་ནས། །སླར་ཡང་རྗེས་ཐོབ་ངང་ནས་སྨོན་ལམ་བྱ། །དེ་ལྟར་བསགས་པའི་དགེ་ཚོགས་ཇི་སྙེད་པས། །བཤེས་གཉེན་དམ་པའི་མགོན་གྱིས་ཚེ་རབས་ཀུན། །རྗེས་སུ་བཟུང་ནས་འདི་དང་གཏན་མདུན་རྣམས། །འབྲལ་མེད་ལྷུན་གྱིས་གྲུབ་པའི་རྒྱུ་རུ་བསྔོ། །ཞེས་བླ་མའི་རྣལ་འབྱོར་འདོད་འཇོའི་ཕྲེང་བ་འདི་ནི་དད་སྟོབས་ལྡན་པ་ཨེར་ཏེ་ནི་ད་ལའི་ཧུང་ཝང་ཐའི་ཇིས་ཚོགས་གསོག་གསོལ་འདེབས་སྨོན་ལམ་གོ་བདེ་བ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ན་མོ་གུ་རུ་ཝེ། བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས་སངས་རྒྱས་ཆོས་ཚོགས་མའི་སྐྱབས་སེམས་སྔོན་དུ་འགྲོ་བས། ས་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་སྤྱི་བོར་སེང་ཁྲི་པད་ཉིའི་གདན་ལ་རྩ་བའི་བླ་མ་དེ་ཉིད་ཆོས་ཀྱི་རྒྱལ་པོ་བཙོང་(༣༢ན)


GLG015_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་པ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། སྐུ་ཆོས་གོས་གསུམ་དང་དབུ་ལ་པཎ་ཞྭ་གསེར་གྱི་མདོག་ཅན་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དབུ་གཙུག་ཏུ་རྒྱལ་བ་ཤཱཀྱ་ཐུབ་པ། །དཔུང་པ་གཡས་སུ་སྤྱན་རས་གཟིགས། དཔུང་པ་གཡོན་དུ་ཕྱག་ན་རྡོ་རྗེ། ཐུགས་ཀར་མགོན་པོ་འཇམ་པའི་དབྱངས་རྣམས་བཞུགས་པའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས་ཏེ་གཉིས་སུ་མེད་པར་བསྟིམ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་ཀྱི་ཡན་ལག་བདུན་པ་ཕུལ། དེ་ནས་དམིགས་བརྩེ་མ་གང་ལྕོགས་བཏོན་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ། མཐར་དབུ་གཙུག་དང་དཔུང་པ་གཉིས་ཀྱི་ལྷ་རྣམས་འོད་དུ་ཞུ་ནས་བླ་མ་ལ་ཐིམ། བླ་མའང་རང་གི་སྙིང་གར་བྱོན་ཏེ་འོད་དུ་ཞུ་ནས་རང་སེམས་དང་དབྱེར་མ་མཆིས་པར་བསམ་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་སྨོན་ལམ་ཅི་རིགས་པར་གདབ་བོ། །ཞེས་པ་འདི་ནི་དུར་བོད་དཔོན་པོའི་ཉམས་ལེན་ཁྱེར་བདེར་འཕྲལ་དུ་བཀོད་པའོ། །ངག་དབང་བློ་ཡི་འདབ་བརྒྱ་ཡོངས་བཞད་པས། །སྐལ་བཟང་བུང་བར་ཆོས་ཀྱི་སྦྲང་རྩིའི་བཅུད། །ལེགས་སྩོལ་རྣམ་པར་རྒྱལ་བའི་གྲགས་སྙན་མཚན། རྒྱ་མཚོའི་གོས་ཅན་ཁྱབ་པར་གསོལ་བ་འདེབས། །ན་མོ་གུ་རུ་ཝེ། མཚན་སྒྲ་གསུམ་ཚང་བའི་གསོལ་འདེབས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ནི། སངས་རྒྱས་ཆོས་ཚོགས་མ་སྔོན་དུ་བཏང་། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ། ཟླ་བ། ཉི་མ་བརྩེགས་པའི་གདན་གྱི་སྟེང་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་(༣༢བ)


GLG015_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བཙོང་ཁ་པ་ཆེན་པོ་དང་རྩ་བའི་བླ་མ་གཉིས་ངོ་བོ་དབྱེར་མ་མཆིས་པ་རྣམ་པ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་ཐུགས་གར་བསྣོལ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་མཚན་དཔེའི་གསལ་རྫོགས་ཀྱི་བདག་ཉིད་ཅན་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་གར་ཡེ་ཤེས་སེམས་དཔའ་རང་འདྲ་མཚོན་གང་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ། བླ་མ་རྣམ་གསུམ་སེམས་དཔའ་སུམ་བརྩེགས་ཀྱི་ཚུལ་དུ་བཞུགས་པའི་དམ་ཚིག་སེམས་དཔའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སྐྱབས་གནས་ཐམས་ཅད་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ས་གཉིས་སུ་མེད་པར་བསྟིམ། དེ་ཉིད་ལ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་ཡན་ལག་བདུན་པ་ཚར་གཅིག་ཕུལ་རྗེས། །གསོལ་འདེབས་ཤློ་ཀ་གཅིག་པུས་གསོལ་བ་ཅི་ནུས་བཏབ་པའི་མཐར། དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་འོད་ཟེར་སྔོན་པོའི་རྣམ་པ་ཅན་དུ་གྱུར་ནས་རང་ལ་ཐིམ་པར་བསམ་ཞིང་། བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་པར་བྱའོ། །ཞེས་པ་འདིའང་དུར་བོད་དཔོན་མོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་གཟུགས། །ངུར་སྨྲིག་གར་གྱིས་རྣམ་རོལ་བཙོང་ཁ་པའི། །ཞབས་པད་གཙུག་ན་རྟག་ཏུ་ལེགས་བསྟེན་ནས། །མགོན་ཁྱོད་སྒྲུབ་པའི་ཉམས་ལེན་འབྲི་བར་བྱ། །དེའང་སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་ཇི་ལྟར་འཚམ་པ་རྒྱུད་དང་འདྲེས་ངེས་སྔོན་དུ་བཏང་ནས། ཤཱུ་ནྱ་ཏཱས་འཁོར་འདས་ཀྱིས་བསྡུས་(༣༣ན)


GLG015_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་གི་སྤྱི་བོའམ་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་ཡི་གེ་དྷཱིཿ དམར་སེར། དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཅོང་ཁ་པ་ཆེན་པོ་སུམ་ལྡན་དགེ་སློང་རྡོ་རྗེ་འཛིན་པའི་རྣམ་རོལ་ཅན་ཞལ་འཛུམ་པའི་མདངས་དང་ལྡན་པ། ཕྱག་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་ཀྱིས་མེ་ཏོག་ཨུཏྤ་ལའི་ཡུ་བ་ནས་འཛིན་པའི་འདབ་མ་དཔུང་པའི་ཐད་དུ་རྒྱས་པའི་གཡས་ཀྱི་འདབ་སྟེང་ན་ཤེས་རབ་ཀྱི་རལ་གྲི་དང་། གཡོན་གྱི་འདབ་སྟེང་ན་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། ཆོས་གོས་རྣམ་པ་གསུམ་གྱི་ན་བཟས་མཛེས་པ། དབུ་ལ་པཎ་ཞུ་གསེར་གྱི་མདོག་ཅན་སྣེ་རིང་གི་ཚུལ་དུ་གསོལ་བ། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་ལ་དབུས་སུ་དྷཱིཿ ལས་འཕགས་པ་འཇམ་དཔལ་སེར་པོ་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པ། ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་གླེགས་བམ་བསྣམས་པ། མགྲིན་པ་ལོངས་སྤྱོད་གྱི་འཁོར་ལོའི་དབུས་སུ་ཧྲཱིཿལས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐལ་མོ་སྦྱར་ཞིང་འོག་མ་གཉིས་ཤེལ་འཕྲེང་དང་པདྨ་འཛིན་པ། གཉིས་ཀའང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་ཧཱུཾ་ལས་ཕྱག་ན་རྡོ་རྗེ་མཐིང་ནག་ཁྲོ་བོའི་རྣམ་པ་ཅན་གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གཡོན་ཐུགས་གར་སྡིགས་མཛུབ་མཛད་པ། དར་གྱི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཞབས་(༣༣བ)


GLG015_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ངོ་མཚར་རྨད་བྱུང་བཀོད་པའི་ཞིང་ཁམས་སོགས་རང་བཞིན་གྱི་གནས་ནས་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་ལ་རྩ་བརྒྱུད་ཀྱི་བླ་མ་དམ་པ། སངས་རྒྱས་བྱང་སེམས། ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས་སྐྱབས་གནས་ཡིན་ནོ་ཅོག་གིས་བསྐོར་བ་སྤྱན་དྲངས། ཛ་ཧཱུྃ་བཾཿཧོཿས་གཉིས་སུ་མེད་པར་བསྟིམ། །དེ་ནས། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་ཀྱིས་ཡན་ལག་བདུན་པ་རྒྱས་པར་ཕུལ་ཏེ་ཉམས་ལེན་དངོས། དམིགས་བརྩེ་མ་ལ་ཆིག་དྲིལ་དུ་བྱས་ནས་གསོལ་བ་འདེབས། དམིགས་བརྩེ་མ་རྒྱ་སྐད་དུ་བསྒྱུར་ན། །ཀ་རཎྜབྻུ་ཧཱ་བྷྱཱ་མ་ན་ལམྦྷ་དཱ་ཡ་སྱ་མཧྱཱ་ནི་དྷི་རྫྙེནྡྲ་ཁཌྒཱི་བི་མ་ལྱ། །པ་ཊོརྦྷོཊ་ཨཱ་ལངྐ་རཻ་རྨཱུརྡྷཱི་མུ་ཁྱཱ་པ་ལཎྜུཿསུ་དྷཱི་ཀཱིརྟིཨདྷྱེ་ཥ་ཎཱཾ་གྷྲཽ། ཞེས་ལག་འགྲོ་ལྟུང་བའི་སྡེབ་སྦྱོར་འདི་ལྟ་བུའི་སྒོ་ནས་ཀྱང་གསོལ་བ་བཏབ་པའི་མཐར་དབང་བཞི་ལེན་པ་བླ་མའི་རྣལ་འབྱོར་སྤྱི་འགྲོ་ལྟར་བྱས་རྗེས་བླ་མ་སྤྱི་བོ་ནས་ཞུགས་སྙིང་དབུས་སུ་བྱོན། སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བླ་མ་མཚོན་གང་བ་ཞིག་གསལ་བཏབ། དེ་ལ་གསོལ་བ་དྲག་ཏུ་བཏབ་པ་ནི་མཐར་བླ་མ་འོད་དུ་ཞུ་ནས་རང་སེམས་དང་མཉམ་པར་བཞག་གོ །དེ་ལྟར་དམིགས་བརྩེ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དམིགས་བརྩེ་མ་རྒྱ་སྐད་དུ་བསྒྱུར་བ་དང་བཅས་པ་ཞིག་དགོས་ཞེས་རྒྱལ་ཁང་རྩེ་སྤྲུལ་པའི་སྐུའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་ཀྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ན་མོ་གུ་རུ་ཝེ། མཁྱེན་བརྩེ་ནུས་པའི་འོད་སྟོང་ཆེར་འབར་བས། །མ་རིག་མུན་པའི་ཚོགས་ཀྱི་གསལ་མཛད་པའི། །ཁྱབ་བདག་རྡོ་རྗེ་སེམས་པའི་ངོ་བོ་ཉིད། །རྩ་རྒྱུད་བླ་མའི་ཞབས་པད་ལ་བཏུད་ནས། །གཉུག་མ་ལྷན་ཅིག་སྐྱེས་པ་རང་གི་སེམས། །སྣང་ཚུལ་ཇི་བཞིན་བརྟགས་ནས་རྩད་བཅད་པས། །(༣༤ན)


GLG015_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལ་རི་མོ་བྲིས་ལྟར་ཞིག་པའི་མཐར། །གནས་ལུགས་སེམས་ཀྱི་ཕྱི་ཐག་གཅོད་ཚུལ་བཤད། །དལ་འབྱོར་རྙེད་དཀའ་དོན་ཆེ་འཇིག་སླ་ཞིང་། ཤི་ནས་ངན་འགྲོར་སྐྱེ་བའི་སྡུག་བསྔལ་སོམས། །གལ་ཏེ་བདེ་འགྲོར་སྐྱེས་ཀྱང་འཁོར་བ་ཀུན། །སྡུག་བསྔལ་གསུམ་གྱིས་མནར་བས་ཞེན་ལོག་གཅེས། །བདེ་སྡུག་རྩ་བ་ལས་འབྲས་ཡིན་པས་འཛེམས། །འཁོར་བའི་འཇིགས་ལས་སྐྱོབ་ཕྱིར་སྐྱབས་འགྲོ་བྱ། །འགྲོ་ཀུན་མར་ཤེས་བྱང་ཆུབ་སེམས་མཆོག་སྐྱེད། །ཡི་གེ་བརྒྱ་པས་སྒོ་གསུམ་སྡིག་ལྟུང་སྦྱོངས། །ཀུ་སུ་ལུ་ཡི་མཆོད་པས་ཚོགས་གསག་ཅིང་། །དངོས་གྲུབ་རྩ་བ་བླ་མའི་རྣལ་འབྱོར་ཏེ། །སྔོན་འགྲོའི་ཉམས་ལེན་གནད་དུ་སོང་བའི་རྗེས། །བླ་མ་རང་སེམས་བསྲེས་པའི་བརྗོད་མེད་ངང་། །སྣང་སྲིད་ཀུན་གྱི་རྩ་བ་སེམས་འདི་ཉིད། །དང་པོ་སྣོད་བཅུད་གང་ལས་བྱུང་བ་བརྟག །བར་དུ་ལུས་སོགས་ཕྱི་ནང་གར་འདུག་བཙལ། །ཐ་མར་མི་གནས་གང་དུ་འགགས་པ་ལྟོས། །དེ་ལྟར་གནས་པས་སྐྱེ་མེད་ཆོས་ཀྱི་སྐུ། །གནས་མེད་སྟོང་གསལ་རྗེན་པ་ལོངས་སྤྱོད་རྫོགས། །འགྲེ་ས་མེད་ཀྱང་རང་གདངས་འགག་མེད་དུ། །ཤར་བ་སྤྲུལ་སྐུ་བཞི་ཡི་སྐུ་གསུམ་སྟེ། །སེམས་ཀྱི་ངོ་བོ་གང་དུ་མ་གྲུབ་པར། །མཉམ་པར་བཞག་པས་ཆོས་ཀུན་སྟོང་པར་རྟོགས། །དེ་ལྟར་གསལ་སྟོང་འཛིན་མེད་ངང་བཞག་ནས། །གཞི་ལམ་སྐུ་གསུམ་མ་བུ་བསྲེས་ནས་སྒོམས། །དེ་བཞིན་བསྒོམས་པས་གནས་པ་དང་པོའི་ཚེ། །རི་གཟར་རྦབ་བཞིན་རྣམ་རྟོག་ཤིན་ཏུ་མང་། །གཉིས་པ་ཆུ་བོ་དལ་འབབ་བཞིན་དུ་ཉུང་། །གསུམ་པ་རྒྱ་མཚོའི་གཏིང་ལྟར་སེམས་མི་གཡོ། །བྱིང་ན་རྒྱ་བསྐྱེད་རྒོད་ན་རིག་པ་དམར། །འཕྲོ་ན་སྒྲིམ་ཞིག་རྨུགས་ན་གསོལ་བ་འདེབས། །འབྱམས་ན་ཧྲིལ་(༣༤བ)


GLG015_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་མིག་ནི་སྣ་རྩེར་བབ། །རང་ངོ་དེ་ལ་ཅེར་གྱི་ལྟ་བ་གནད། བྱིང་རྒོད་ཕྲལ་ཚེ་སེམས་བྱིང་དམིགས་པ་ལ། །གནས་ཀྱང་རྣམ་རྟོག་ཕྲ་མོར་སྐྱོན་མི་ལྟ། །བསྒོམ་བྱ་སྒོམ་བྱེད་བྲལ་བའི་འོད་གསལ་དེ། །སེམས་ཀྱི་ངོ་བོ་གཞི་ཡི་ཆོས་སྐུ་ཡིན། །འགྱུ་བ་ཕྲ་རགས་སྒོམ་གསུམ་གནས་པ་ཡི། །ཐ་མ་བར་དང་ཐོག་མའི་རྣམ་རྟོག་སྟེ། །གནས་ཐོག་འགྱུ་དང་འགྱུ་ཐོག་གནས་པ་ནི། །འགྱུ་བ་རང་སར་བཞག་པས་ཕྲོལ་བའི་དོན། །གནས་དང་ཉམས་མྱོང་རྟོག་པ་གོ་རིམ་བཞིན། །འཆར་བ་རིམ་གྱིས་པ་ཡིན་ངེས་མེད་པ། །ཐོད་རྒལ་བ་དེ་སེམས་ངོ་སྤྲོད་ཙམ་ན། །གསུམ་ག་དུས་གཅིག་འཆར་བ་ཅིག་ཅར་བ། །དེ་ལྟར་སེམས་ཀྱི་ངོ་བོ་ལེགས་འཕྲོད་ནས། །ཉམས་སུ་ལེན་པར་སེམས་ཀྱི་ངོ་བོའི་སྟེང་། །བསྒྲིམས་ཏེ་ཅུང་ཟད་མ་འགྱུས་པར་བཞག་པས། །རིག་པ་གྲུང་འདོན་དྲན་ཤེས་བསྟེན་ཚུལ་ཡིན། །མྱོང་བ་ཐོན་ནས་འབད་རྩོལ་མི་བྱེད་པར། །རང་སེམས་ཆམ་མེ་ལྷོད་དེ་ཤིག་གེ་བྱ། །མ་བཅོས་རང་སར་ལྷོད་དེ་གློད་པ་ཡི། །ཅིར་སྣང་གསལ་སྟོང་འཛིན་མེད་ངང་དུ་འཆར། །དེ་ནས་བསྒོམ་བྱ་སྒོམ་བྱེད་ཀུན་བྲལ་བའི། །སེམས་ནི་རང་བབས་རང་སར་བཞག་པ་ཡི། །ཅིར་སྣང་ཆོས་སྐུའི་རང་ཞལ་འཆར་བ་ནས། །གཉུག་སེམས་མངོན་སུམ་མཐོང་བ་དེ་ལ་ཟེར། །དེ་ནས་འཕྲོ་དང་མི་འཕྲོའི་དུས་ཀུན་ཏུ། །བཟང་ངན་མི་བྱ་སེམས་ལས་མ་འདས་པས། །མཁའ་ལས་སྤྲིན་དང་གློག་སོགས་འབྱུང་བ་ལྟར། །སེམས་ལས་འཕྲོ་ཞིང་སེམས་ཀྱི་དབྱིངས་སུ་ཡལ། །དེ་ནས་མཉམ་བཞག་ལས་ལངས་རྗེས་ཐོབ་བྱས། །གཟུགས་སོགས་གང་སྣང་ཐོག་ཏུ་ལྷོད་གློད་ནས། །བཞག་ཚེ་སྣང་སྟོང་དབྱེར་མེད་རྗེན་ལྷག་ཏུ། །ཤར་བ་སྣང་བ་ཆོས་སྐུའི་རྒྱ་ཡན་ཡིན། །གཞི་ཡི་རྣམ་རྟོག་(༣༥ན)


GLG015_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་པོའི་གཏེར་ལྟ་བུ། །ལམ་གྱི་རྣམ་རྟོག་སྔར་འདྲིས་གྲོགས་དང་མཚུངས། །འབྲས་བུའི་རྣམ་རྟོག་གསེར་གླིང་རྡོ་འདྲ་བར། །ཤེས་ན་རྣམ་རྟོག་ཆོས་སྐུ་ལས་གཞན་མེད། །ཆོས་ཀུན་ངོ་བོས་གྲུབ་མ་མྱོང་བ་དེ། །གཞི་ཡི་ཕྱག་རྒྱ་ཆེན་པོར་ངེས་རྙེད་ནས། །ལམ་དུས་ཐབས་ཤེས་ཟུང་འབྲེལ་ཉམས་བླངས་པས། །འབྲས་བུ་སྐུ་གསུམ་མངོན་དུ་འགྲོ་བ་ཡིན། །ཆོས་ཀུན་སྟོང་པར་ལྟ་བའི་ཕྱག་རྒྱ་ཆེ། །གཉུག་མའི་མཉམ་གཞག་བསྒོམ་པའི་ཕྱག་རྒྱ་ཆེ། །དེ་ལས་བྱང་ཆུབ་སེམས་ཀྱི་རྩིས་ཟིན་ནས། །སྡོམ་གསུམ་ལ་གནས་སྤྱོད་པའི་ཕྱག་རྒྱ་ཆེ། རྣམ་རྟོག་བསྐྱོད་པ་མེད་པར་སེམས་གནས་ཚེ། །རྩེ་གཅིག་རྣལ་འབྱོར་རྒྱུད་ལ་སྐྱེས་པ་ཡིན། །ཆོས་ཀུན་སེམས་ཡིན་སེམས་ཀྱང་སྟོང་པའི་གཤིས། །ཐམས་ཅད་དག་ཚེ་སྤྲོས་བྲལ་རྣལ་འབྱོར་ཡིན། །སེམས་སྣང་སྣ་ཚོགས་ཡེ་ཤེས་རོལ་བ་སྟེ། །སྣང་སྟོང་དགག་སྒྲུབ་བྲལ་ཚེ་རོ་གཅིག་ཡིན། །བསྒོམ་བྱ་སྒོམ་བྱེད་བྲལ་བའི་བློ་འདས་ཀྱིས། །རྟོགས་པ་མངོན་དུ་གྱུར་ཚེ་སྒོམ་མེད་ཡིན། །དེ་ལྟར་དབུ་མ་ཕྱག་ཆེན་རྫོགས་ཆེན་ཞེས། །ཆེན་པོ་གསུམ་གྱི་ལྟ་བའི་དགོངས་པ་རྣམས། །ཐུན་མོང་སྤྱི་ཁྱབ་ངོ་སྤྲོད་མན་ངག་ལས། །བཏུས་ཏེ་ཚིག་ཉུང་དོན་ཚང་བཀོད་པ་འདིས། །དགེ་སློང་རིན་ཆེན་རྒྱ་མཚོ་ཞེས་བྱ་བས། །འབད་པ་ཆེན་པོས་ནན་གྱིས་བསྐུལ་བའི་ངོར། །འཇམ་མགོན་དཔལ་འབྱོར་ལྷུན་གྲུབ་གསུང་རྒྱུན་བཞིན། །ཟ་ཧོར་བནྡེས་གཡར་ཁྲལ་ཙམ་དུ་སྦྱར། །དཀོན་མཆོག་རྒྱ་མཚོའི་དཀྱིལ་འཁོར་འདུས་པའི་དཔལ། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་སྐྱབས་གནས་མ་ལུས་ཀུན། །འདིར་གཤེགས་སྙིང་དབུས་པདྨའི་ཟེའུ་འབྲུར་བཞུགས། །(༣༥བ)


GLG015_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ཕྲག་བརྒྱར་སྤྲུལ་པའི་བདག་ལུས་ཀྱིས། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །འཛད་མེད་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །དངོས་བཤམས་ཡིད་སྤྲུལ་ནམ་མཁའི་ཁྱོན་བཀང་འབུལ། །དུག་གསུམ་དབང་གིས་སྔོན་ནས་དེང་གི་བར། བགྱིས་པའི་སྡིག་ལས་སྟོབས་བཞིའི་སྒོ་ནས་བཤགས། །སྐྱེ་འཕགས་ཀུན་གྱིས་བསགས་དང་གསོག་འགྱུར་ཞིང་། །ད་ལྟར་སྤེལ་བའི་དགེ་ལ་རྗེས་ཡི་རང་། །རྒྱལ་དང་དེ་སྲས་སློབ་མར་བཅས་པ་རྣམས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་སྐོར་བར་བསྐུལ། །མཁའ་མཉམ་མར་གྱུར་འཁོར་བ་ལས་སྒྲོལ་ཕྱིར། །འོག་མིན་ཞིང་གི་མགོན་ལྟར་རྟག་བཞུགས་གསོལ། །པད་རྩ་ལྟར་དཀར་དགེ་ཚོགས་གང་བསགས་པ། །ཀུན་མཁྱེན་ཡེ་ཤེས་འཐོབ་པའི་རྒྱུ་རུ་བསྔོ། །བདག་སོགས་འགྲོ་ལ་རྩ་བརྒྱུད་བླ་མ་ཡིས། །ཕུལ་བྱུང་ཐུགས་རྗེ་འཇུག་པར་བྱིན་གྱིས་རློབས། །ཡི་དམ་ལྷ་ཡི་མཁྱེན་བརྩེ་ནུས་དཔུང་གིས། །མཆོག་ཐུན་དངོས་གྲུབ་སྩོལ་བར་བྱིན་གྱིས་རློབས། །མཁའ་འགྲོ་ཆོས་སྲུང་ནུས་པས་བར་ཆད་ཀུན། །ཞི་ཞིང་འཕྲིན་ལས་སྒྲུབ་པར་བྱིན་གྱིས་རློབས། །སྒོ་གསུམ་འབད་པས་ཚོགས་གསོག་སྒྲིབ་སྦྱོང་ན། །དེ་དོན་ལྷུན་གྱིས་འགྲུབ་པར་བདག་བྱིན་རློབས། །མཆོག་གསུམ་དམ་པའི་ཕུན་ཚོགས་དགེ་ལེགས་ཀྱིས། །དུས་རྣམས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་ཀུན་འདུས་ལ་ཡན་ལག་བདུན་པའི་སྒོ་ནས་བསགས་སྦྱངས་བྱེད་པའི་རིམ་པ་འདི་ནི་བདེ་མཆོག་ཆོས་རྗེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ། །གདན་གསུམ་ཚང་བའི་བཤེས་གཉེན་རྡོ་རྗེ་འཛིན། །ཚར་ཆེན་བློ་གསལ་རྒྱ་མཚོར་ངེས་(༣༦ན)


GLG015_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་ནས། །མགོན་ཁྱོད་སྒྲུབ་པའི་རྣལ་འབྱོར་འདི་ལྟར་རོ། །སྐྱབས་འགྲོ་སེམས་བསྐྱེད་ཉམས་ལེན་ཚུལ། །མན་ངག་ལྟར་བྱས་ངག་འདོན་ནི། །མཁྱེན་བརྩེ་ནུས་པས་འགྲོ་འདྲེན་སངས་རྒྱས་དང་། །བདེན་པ་གཉིས་དང་ལྡན་པ་དམ་པའི་ཆོས། །དེ་དོན་ཚུལ་བཞིན་སྒྲུབ་པ་དགེ་འདུན་ལ། །བདག་སོགས་འགྲོ་ཀུན་སྙིང་ནས་སྐྱབས་སུ་མཆི། །མཐའ་དང་ཚད་དུ་བྲལ་བའི་སེམས་ཅན་རྣམས། །ཟུང་འཇུག་སྐུ་བཞིའི་བདག་ཉིད་ཐོབ་པའི་ཆེད། །བདག་གིས་ཚར་ཆེན་རྡོ་རྗེ་འཆང་དབང་ལ། །བརྟེན་ནས་བླ་མའི་རྣལ་འབྱོར་སྒོམ་པར་བགྱི། །དངོས་གཞི་དམིགས་པའི་གསལ་འདེབས་སུ། །ཚིག་གི་ངག་འདོན་འདི་ལྟར་བྱ། །ཀུན་རྫོབ་ཆོས་རྣམས་གདོད་ནས་སྟོང་པའི་ངང་། །ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི་དང་། །ར་བ་དྲ་གུར་བླ་བྲེ་མེ་འབར་བ། །སྲ་བརྟན་འཇིག་མེད་སྲུང་བའི་འཁོར་ལོའི་ནང་། །བྷཱུཾ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་རྣམ་བཞི་ཅན། །རིན་ཆེན་རྒྱན་སྤྲས་ཚད་དང་མཚན་ཉིད་ཚང་། །དྭངས་ཤིང་ཐོགས་པ་མེད་པའི་དཀྱིལ་འཁོར་དབུས། །སེང་གེ་ཆེན་པོ་བརྒྱད་ཀྱིས་ཉེར་བཏེག་པའི། །མཛེས་ཤིང་བརྗིད་ཆགས་རིན་ཆེན་ཁྲི་སྟན་ལ། །འཁོར་བས་མ་གོས་སྣ་ཚོགས་པདྨ་དང་། །ཐབས་ཤེས་ཟུང་འཇུག་ཉི་ཟླའི་གདན་སྟེང་དུ། །སངས་རྒྱས་ཀུན་འདུས་ཚར་ཆེན་ཆོས་ཀྱི་རྒྱལ། །སྐུ་མདོག་དཀར་ལ་དམར་མདངས་ཞལ་རྒྱ་ཅན། །གཡས་པ་རྡོ་རྗེ་རྩེ་ལྔ་ཐུགས་ཀའི་ཐད། །འཛིན་ཅིང་གཡོན་པ་དྲིལ་བུ་དཀུ་ལ་བརྟེན། །བླ་གོས་ལ་སོགས་རབ་ཏུ་བྱུང་བའི་ཆས། །པདྨ་རཱ་གའི་མདངས་ཀྱི་རྗེས་འགྲོར་འཚར། །དབུ་ལ་ས་ཞུ་དམར་ཟླུམ་སྣ་རིངས་མཛེས། །ཞབས་གཉིས་(༣༦བ)


GLG015_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་སྤྱི་གཙུག་རིགས་ཀྱི་བདག །ཀུན་སྤངས་ཆོས་རྗེ་རྡོ་རྗེ་དྲིལ་བུ་འཛིན། །གདོང་ལྔའི་ཆིབས་ལ་ཕྱེད་སྐྱིལ་ཚུལ་གྱིས་འགྱིང་། །བདུད་ཚོགས་སྐྲག་ཕྱིར་ཅུང་ཟད་ཁྲོ་ཉམས་ཅན། །དེ་ལྟར་ཕ་མ་མཆོག་གཉིས་སྦྱང་གཞིའི་སྐུ། །གཅིག་འདྲེས་གནས་འགྱུར་སྦྱངས་འབྲས་ཀྱཻ་རྡོ་རྗེ། །སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་འཚེར་བའི། །རྩ་ཞལ་སྔོན་པོ་གཡས་དཀར་གཡོན་པ་དམར། །སྟེང་ཞལ་དུང་མདོག་ལྷག་མའི་ཞལ་བཞི་གནག །དུས་གསུམ་ཅིག་ཅར་གཟིགས་པའི་སྤྱན་གསུམ་ལྡན། །བདུད་བཞི་འཇོམས་པའི་མཆེ་བ་རྣམ་པར་གཙིགས། །དམར་སེར་དབུ་སྐྲ་གྱེན་བརྗེས་རྩ་ཞལ་གྱི། །སྤྱི་བོར་སྣ་ཚོགས་རྡོ་རྗེས་ལེགས་པར་མཚན། །རབ་དཀར་ཐོད་ནང་གཡས་ཀྱི་ཕྱག་བརྒྱད་པོས། །གླང་བོ་ཆེ་དཀར་རྟ་སྔོན་བོང་བུ་གྭ། །གླང་དམར་རྔ་མོ་ཐལ་ཁ་མི་དམར་པོ། །ཤ་ར་བྷ་སྔོན་བྱི་ལ་གྭ་པ་བསྣམས། །གཡོན་རིམ་ས་ཆུ་མེ་དང་རླུང་གི་ལྷ། །སེར་དཀར་དམར་དང་ལྗང་གུའི་ཁ་དོག་ཅན། །ཟླ་བ་དཀར་པོ་ཉི་མ་དམར་པོ་དང་། །གཤིན་རྗེ་སྔོན་པོ་ནོར་སྦྱིན་སེར་པོ་འཛིན། །ཡེ་ཤེས་ལྔ་ལྡན་ཐོད་སྐམ་དབུ་རྒྱན་དང་། །དབྱངས་གསལ་དག་པའི་ཐོད་རློན་དོ་ཤལ་འཕྱང་། །རིགས་དྲུག་བདག་ཉིད་རུས་པའི་རྒྱན་གྱིས་སྤྲས། རྩ་ཕྱག་གཉིས་ཀྱིས་རང་སྣང་རིག་མར་འཁྱུད། །གཡས་ཀྱི་ཞབས་གཉིས་བརྐྱངས་པའི་བརླ་ཡི་ངོས། །གཡོན་པའི་ཞབས་གཉིས་བསྐུམས་པའི་སོར་མོ་རྣམས། །བསྟན་པའི་སྐྱིལ་ཀྲུང་ཕྱེད་པས་བདུད་བཞི་པོ། །བརྩེགས་སྟེང་གར་དགུའི་ཉམས་ཀྱིས་རྣམ་པར་འགྱིང་། །མཁའ་ལ་མཁའ་ཡི་སྦྱོར་བ་ཇི་བཞིན་དུ། །དེ་ཡི་བར་དུ་རྡོ་རྗེ་བདག་མེད་མ། །སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། །ཤེས་རབ་ལང་ཚོ་རྒྱས་པའི་མཛེས་སྡུག་ཅན། །གཡས་པ་རྡོ་རྗེ་གྲི་གུག་མཁའ་ལ་བརྐྱང་། །(༣༧ན)


GLG015_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་བདུད་བཞིའི་ཁྲག་བཀང་ཐོད་འཛིན་འཁྱུད། ཐོད་སྐམ་དབུ་རྒྱན་དོ་ཤལ་ཕྱག་རྒྱ་ལྔ། །ཞབས་གཡོན་བརྐྱང་ཞིང་གཡས་པ་ཡབ་ལ་འཁྲིལ། །ཐབས་ཤེས་ཟུང་དུ་འཇུག་པའི་བདེ་སྟོང་མདངས། །བཞིན་ལག་རྣམ་པར་ཤར་བ་ཡབ་ཡུམ་ཟུང་། །ཡེ་ཤེས་མེ་དཔུང་རབ་འབར་དབུས་བཞུགས་པའི། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུཾ་སྔོན་མཚན། །གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་པར་ཤེས། །རིགས་ལྔའི་རང་བཞིན་གཅིག་བསྡུས་རྡོ་རྗེ་འཆང་། །ས་ཆུ་མེ་རླུང་ནམ་མཁའ་ཡུམ་ལྔ་དངོས། །དབང་ལྔ་ལུས་ཚིགས་རྩ་རྒྱུས་སེམས་དཔའ་བརྒྱད། །གཡས་གཡོན་ཕྱག་ངར་ཞལ་གསང་དཔུང་པ་ཟུང་། །པུས་གཉིས་སྤྱི་གཙུག་ཞབས་མཐིལ་ཁྲོ་བོ་བཅུ། །འདོད་ཡོན་ལྔ་དང་ཆོས་དབྱིངས་ལྷ་མོ་དྲུག །གདན་གསུམ་ཚང་བའི་ལྷ་ཡི་ངོ་བོར་གསལ། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དག་ཞིང་ནས། ལམ་འབྲས་གསེར་ཆོས་བཅུ་གསུམ་མགོན་ཟུང་གི །སྨིན་གྲོལ་མན་ངག་ལུང་སོགས་སློབ་བཤད་ཀྱི། །སྙན་བརྒྱུད་འཛིན་པའི་རྩ་བརྒྱུད་བླ་མ་དང་། རྒྱུད་སྡེ་བཞིའི་ལྷ་སངས་རྒྱས་དེ་སྲས་དང་། །ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྲུང་ཚོགས། །ཐོགས་པ་མེད་པར་བཛྲ་ས་མཱ་ཛཿ །རྩ་བའི་བླ་མའི་སྐུ་དང་གཉིས་མེད་གྱུར། །གང་དྲིན་ལ་སོགས་གསོལ་འདེབས་རིགས། །རྒྱས་བསྡུས་བློ་དང་སྦྱར་བྱས་ནས། །སྙན་བརྒྱུད་ཀུན་རིག་བླ་མའི་མཚན་རགས་རིམ། །བརྒྱུད་པའི་གསོལ་འདེབས་འདི་ལྟར་རོ། །རྡོ་རྗེ་འཆང་དབང་རྡོ་རྗེ་བདག་མེད་མ་རྣལ་འབྱོར་དབང་ཕྱུག་བིར་ཝ་པ། །ཤར་ཕྱོགས་ནག་པ་པོ་དང་རྒྱལ་རིགས་ཌཱ་མ་རུ་པ། །ཨ་ཝ་དྷཱུ་ཏཱི་པ་པ་པཎ་ཆེན་གྷཱ་ཡ་དྷ་ར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལོ་ཆེན་འབྲོག་མི་ཤཱཀྱ་ཡེ་ཤེས་སེ་སྟོན་(༣༧བ)


GLG015_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཞང་སྟོན་ཆོས་འབར། །མཁའ་སྤྱོད་དབང་མོ་པཎ་ཆེན་ནཱ་རོ་པ། །ཕམ་མཐིང་སྐུ་མཆེད་གཅེན་འཇིགས་མེད་གྲགས་པ་དང་གཅུང་ངག་དབང་གྲགས་པ། ཀློག་སྐྱ་ཤེས་རབ་བརྩེགས། མལ་བློ་གྲོས་གྲགས། ལོའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལ་བ་པ་དང་རྒྱལ་པོ། ཨིནྡྲ་བྷཱུ་ཏི། ལྕམ་ལེགས་ཀ་ར། སྨིན། །བྲམ་ཟེ་བིརྦ་པ་དང་རྗེ་བཙུན། མཻ་ཏྲི་པ། རྒྱ་གར་ཕྱག་ན་རྡོ་རྗེ་བྷ་རེནྡྲ་རུ་ཙེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བལ་པོ་ཡེ་ཤེས་རྡོ་རྗེ་འཕགས་པ། ལོ་ཀེ་ཤྭ་ར་དང་། །བྱང་སེམས་བློ་གྲོས་རིན་ཆེན་ཀ་མཱ་ལ་བཛྲ། ཛ་ཡ་སེ་ན་སུམ་པ་ལོ་ཙཱ་བར། དར་མ་ཡོན་ཏན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྗེ་བཙུན། རིགས་བྱེད་དབང་མོ་རྒྱལ་པོ། ལྷན་སྐྱེས་རོལ་པའི་ཞབས། རྡོ་རྗེ་གདན་པ་ཆེ་ཆུང་བ་རི་བ་རིན་ཆེན་གྲགས། །བྲམ་ཟེ། ས་ར་ཧ་དང་མགོན་པོ། ཀླུ་སྒྲུབ་ཤ་བ་དབང་ཕྱུག །རི། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བལ་པོ། ཧ་དུ་དཀར་པོ་རྗེ་བཙུན་རྡོ་རྗེ་ཆོས། བདེ་མཁའ་འགྲོ་མ། བ་རྒྱས་བྱེད་ཛེ་ཏ་རི་པ་དགྲ་ལས་རྣམ་རྒྱལ། དང་། །གྲུབ་ཆེན། རོལ་པའི་རྡོ་རྗེ་དེ་བཞིན་གཤེགས་པ་བསྲུང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྗེ་བཙུན་སྒྲོལ་མ་སྤྱན་རས་གཟིགས། སིངྷ་ནཱ་ད་དང་། །སློབ་དཔོན་ཙནྡ་གོ་མི་སློབ་མར་བཅས། །ཨ་ཐུ་ལ་ངྷ་ས་བཛྲ། མན་ཛ་གླིང་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གཉན། ཕུལ་བྱུང་བ། གཙུག་ཏོར་རྒྱལ་པོ་མངའ་རིས། གསལ་བའི་སྙིང་། །འཁོན་སྟོན་སྒྱེ་ཆུ་བ་དགྲ་ལྷ་འབར། མཁའ་འགྲོ་མ། རྡོ་རྗེ་གུར།(༣༨ན)


GLG015_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

། གྲུབ་ཆེན། བྲམ་ཟེ་མཆོག་སྲེད་ནོར་བུ་གླིང་པ་སློབ་དཔོན། བདེ་བའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །པཎ་ཆེན། དད་བྱེད་གོ་ཆ་ལོ་ཆེན། རིན་ཆེན། བཟང་པ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། །བ་ལིཾ་ཏ་པ་སངས་རྒྱས་ཡེ་ཤེས་ཞབས། །མར་མེ་མཛད་བཟང་པ། དང་དཔལ་བདེ་བ། བི་མཱ་ལ་གུཔྟ། སོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིན་ཆེན་རྡོ་རྗེ་རིན་ཆེན་གྲགས་པ། རྣམ་གཉིས་རི་སུལ་གྱི་རྣལ་འབྱོར་མ། །ལོ་ཆེན་གཉན་དར་མ་གྲགས། དང་ཉེ་གནས་གནམ། ཁའུ་པ། །ཨོ་རྒྱན་པདྨ་འབྱུང་གནས། ཁ་ཆེ། དྷཱརྨ་པཱ་ལའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གཤིན་རྗེ་གཤེད་པོ་ལྷ་ཆེན་མ་ཧཱ་དེ་ཝ། ཨཱ་ཙརྱ། ཉི་འོད་གྲགས། །པཎྜི་ཏ། ཟླ་བ་ནག་པོ་ཤྲཱི། དྷ་ར་ཀྲ་ཤུ་དང་། །ས་ཆེན་ཀུན་དགའ་སྙིང་པོ། རྗེ་བཙུན་བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། སྐུ་མཆེད་ས་སྐྱ། པཎྜི་ཏར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚོགས་སྒོམ་པ། ཉན་ཆེན་བསོད་ནམས་བརྟན་པ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། །དོ་བོ་སྟོན་ཚུལ་འགྲོ་མགོན། ཆོས་རྒྱལ་འཕགས་པའི་ཞབས། །རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །མཁས་པ་ཡོན་ཏན་ཁྲི། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁན་ཆེན། སེང་གེ་བཟང་པོ་ཤར་པ་ཤེས་རབ་འབྱུང་གནས། ཤར་པ། ཡེ་ཤེས། རིན་ཆེན། ཀུན་དགའ་བྱང་ཆུབ་མཁན་ཆེན། རྒྱལ་བཟང་དཔལ། བླ་མ། གྲགས་པ། དཔལ་ས་བཟང་། མ་ཏི་པཎ་ཆེན་ས་བཟང་འཕགས་པ། གཞོན་ནུ། བློ་གྲོས། ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དམ་པ་ཀུན་གྲགས་བདག་ཉིད་ཆེན་པོ། བཟང་པོ། དཔལ་དགའ་ལྡན་པ། ཀུན་དགའ། བསོད་ནམས། དང་། །གན་པ་རིན་ཆེན། རྒྱལ་མཚན། ཞང་སྟོན་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། །བཀྲ་ཤིས། འོད་ཟེར། གྲུབ་ཐོབ། འདར་ཆར་ཆོས་རྒྱལ། བོ་དོང་རིན་ཆེན། ཇོ་སྲས། སངས་རྒྱས། རིན་ཆེན། པར། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སློབ་དཔོན། ཤེས། རབ། མཚོ་བླ་མ། བསོད་ནམས། དབང་ཕྱུག་ལྕང་དཔེ་པ། སེང་གེ །འབུམ་མཁས་བཙུན་ནམ་མཁའ་ལེགས། པ། །བླ་མ་དམ་པ། བསོད་ནམས། རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། ཆོས་རྗེ། དཔལ་ལྡན། ཚུལ་ཁྲིམས་ཤར་ཆེན་པ་ཡེ་ཤེས་རྒྱལ་མཚན། །གྲུབ་ཆེན། བུདྡྷ་ཤྲཱི །ངོར་ཆེན་ཀུན་དགའ་བཟང་པོ། མུས་པ་དཀོན་མཆོག་རྒྱལ་མཚན། ཡར་ཀླུང་སེང་གེ་རྒྱལ་མཚན། པར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྔགས་འཆང་གཟུངས་ཀྱི། དཔལ་བ། ཐེག་ཆེན་ཀུན་དགའ། བཀྲཤི །ས་པ། ནམ་མཁའ། བཟང་པོ་ཉི་ལྡེ་བ། ངག་དབང་། གྲགས་པ། བདག་པོ་ཞ་ལུ་བ་བསོད་ནམས་རྒྱལ་མཚན། །རྒྱ་གར་ཤེས་རབ་རྒྱལ་མཚན། མཁས་གྲུབ། དགེ་བ། རྒྱན་མཚན། གྲ་ཐང་པ། ཤེས་རབ་ཟླ་རབ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དབྱངས། རྒྱལ་བ། མཆོག་ཡབ་འཇམ་དབྱངས། ནམ་མཁའ། རྒྱན་ལ་མཚོ། གྲུབ་ཆེན། དཔལ་ལྡན། རྡོར་རྗེ་ཀུན་མཁྱེན། བསོད་ནམས་སེང་གེ །བདག་ཆེན་རྡོར་རྗེ། འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན། ཀུན་སྤངས་རྡོ་རིང་པ། སྒོ་རུམ་པ་ཀུན་དགའ་ལེགས་པ། ཡེ་ཤེས། དཔལ་བློ་བཟང་དཀར་མོ། དཀོན་མཆོག་ཐུགས་རྗེ་ལ། །གསོལ་(༣༨བ)


GLG015_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གླིང་སྨད་པཎྜི་ཏ། ཤེས། རབ། སེང་གེ །དཔལ་ལྡན། རིན་ཆེན། ཆོས་མཆོག །མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། །འབྲས་སྤུངས་པ། ཚེ་དབང་། བཀྲཤི །ས་རྣམ་རྒྱལ་བཀྲ་ཤིས་ཇོ་གདན། ནམ་མཁའ། ལྷུན་བཟང་། པ། །བྲག་ཐོག་པ་བསོད་ནམས་བཟང་པོ་དང་དཔལ་འཛིན་བཟང་པོ་གཉིས། དང་ཆོས་རྗེ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བློ་གྲོས། རྣམ་རྒྱལ། ཆོས་རྗེ་འཕྲིན་ལས་པ་ཀུན་མཁྱེན། དཔལ་ལྡན། སེང་གེ །པ། རིན་ཆེན། བཀྲཤི །ས་རྟོགས་ལྡན། ཡོན་ཏན་མགོན་དང་བླ་མ། གཞོན་ནུ་དཔལ་བ། །རྡོ་རྗེ་རྒྱལ་མཚན་ཆོས་རྗེ། ཤེས་རབ་རིན་ཆེན་ལ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྙན་བརྒྱུད་ཆུ་བོ་ཀུན་འདུས་ཚར་པ་ཆོས། བློ་གསལ་རྒྱ་མཚ། རྗེ། །འཇམ་དབྱངས། མཁྱེན་བརྩེའི་དབང་ཕྱུག་བོད་མཁར་བ། མཱཻ་ཏྲིའི་དོན་གྲུབ་རྒྱལ་མཚན། ཞབས། །མཁན་ཆེན་གཞོན་ནུ། བློ་གྲོས། མཁན་ཆེན། བསླབ་གསུམ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བོ་དོང་རྟ་རྭ་བ་སྔགས་འཆང་། བསོད་ནམས་ལྷུན་གྲུབ། ཆོས་འཕེལ་བྱ་གཤོང་མཁན་ཆེན། ཀླུ་སྒྲུབ་རྒྱ་མཚོ་སྤྱན་སྔ། མི་ཕམ་ཞབས་ཆོས་ཀྱི་རྒྱ་མཚོ། །དྲུང་ཡིག་པ། བྱམས་པ་དོན་གྲུབ་རྡོ་རྗེ་འཆང་། དབང་ཕྱུག་རབ་བརྟན་དཔལ། །ཡངས་ཅན་མཁན་ཆེན། ངག་དབང་ཆོས་གྲགས་ལོ་པ་སྤྱན་སྔ། ཀུན་དགའ་དོན་གྲུབ་ལ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འ་ཞའི། རྡོ་རྗེ་འཆང་དངོས་མགོན་པོ་བསོད་ནམས་མཆོག་ལྡན། རྗེ། །ཟུར་ཆེན་ཐམས་ཅད་མཁྱེན་པ་པདྨ་དབང་གི་གྲོང་ཁྱེར། །གླང་ཕུ་ཆོས་རྗེ་ཆོས་སྐྱོང་དབང་ཕྱུག་ཞ་ལུ། མཁན་ཆེན་བྱང་གླིང་པར་རིན་ཆེན་བསོད་ནམས་མཆོག་གྲུབ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚར་ཆེན་ཉིད་ཀྱི་དྲི་མེད་གསུང་། །འདི་བཏོན་རྗེས་འཛིན་ཞལ་གྱིས་བཞེས། །བློ་གསལ་མང་ཐོས་ངུར་སྨྲིག་འཆང་བའི་གཙོ། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཛིན། །འཕྲིན་ལས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་ཅན། །དཔལ་ལྡན་ཡོངས་འཛིན་བཟང་པོའི་ཞབས་ལ་འདུད། །བདག་ནི་དེང་ནས་སྐྱེ་བ་ཐམས་ཅད་དུ། །རྗེ་བཙུན་བླ་མ་ཁྱོད་དང་མི་འབྲལ་(༣༩ན)


GLG015_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །ཅི་གསུང་བཀའ་བཞིན་བསྒྲུབས་པས་མཉེས་བྱས་ཏེ། །བརྩེ་བ་ཆེན་པོས་རྗེས་སུ་འཛིན་པར་ཤོག །དོན་གཉེར་གྱིས་བསྐུལ་བློ་བྲིད་དུ། །མེ་ཁྱེར་ཉི་ཟླའི་གྲལ་སྙེག་ཚུལ། །གསུང་ངག་ཆད་མེད་དབང་ཁྲིད་གདམས་པའི་མཛོད། །བློ་གྲོས་བུམ་བཟང་ལེགས་གཏམས་འཕྲིན་ལས་ཀྱིས། །རྒྱ་མཚོའི་མཐར་ཁྱབ་འཇིགས་མེད་གོ་ཆ་ཅན། །ཐུབ་བསྟན་ལང་ཚོའི་སྡེ་ལ་གསོལ་བ་བདེབས། །ལན་གྲངས་མང་པོར་གསོལ་འདེབས་འདི། །ནན་ཏུར་མཛད་པ་གོང་མའི་སྲོལ། །སངས་རྒྱས་ཀུན་འདུས་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་ལ་བློ་འགྲོ་དེ་དོན་ལམ་དུ་ལོངས། །འཁྲུལ་སྣང་བར་གཅོད་ཞི་བར་བྱིན་གྱིས་རློབས། །ཆོས་མིན་བློ་སྤངས་བྱམས་དང་སྙིང་རྗེ་འབྱོངས། །སྣང་བ་སེམས་རྟོགས་དེ་དོན་སྒྱུ་མར་ཤེས། བརྗོད་བྲལ་བློ་འདས་གནས་ལུགས་མངོན་དུ་གྱུར། །འགྲོ་ཀུན་དོན་དུ་རྡོ་རྗེ་འཛིན་གྱུར་ཅིག །མཆོད་འབུལ་དམིགས་རིམ་ཞིབ་ཆ་རྣམས། །ཞལ་ཤེས་ཁུངས་བཙུན་ཡི་གེ་བལྟ། །འཇིག་རྟེན་ཁམས་ན་བདག་པོས་བཟུང་བ་དང་། །མ་བཟུང་འདོད་པའི་ལོངས་སྤྱོད་ཅི་མཆིས་པ། །རྨད་བྱུང་མཆོད་པའི་ཚོགས་སུ་གྱུར་ཏོ་ཅོག །དཀོན་མཆོག་ཀུན་འདུས་རྩ་རྒྱུད་བླ་མར་འབུལ། །དགྲ་བགེགས་ཉེ་དུ་བར་མའི་སེམས་ཅན་སོགས། །འགྲོ་བ་རིགས་དྲུག་སྐྱེ་གནས་བཞིས་བསྡུས་པའི། །སེམས་ཅན་ཐམས་ཅད་སྐྱབས་མགོན་བླ་མ་ཡི། །བཀའ་ཡི་བྲན་དང་འབངས་ཀྱི་ཆེད་དུ་འབུལ། །མཚན་ལྡན་ཐོད་པར་བདག་ལུས་ཉེར་སྤུངས་པ། །སྔགས་ཀྱིས་བྱིན་བརླབས་བདུད་རྩིའི་རྒྱ་མཚོ་འདི། །རང་རང་དགྱེས་པའི་དངོས་པོར་བསྒྱུར་བྱས་ནས། །མཆོད་(༣༩བ)


GLG015_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དགྱེས་བསྐྱེད་རིགས་དྲུག་ཚིམ་ཞིང་གྲོལ། །ཚིག་འདིས་གསོལ་གདབ་དབང་བཞི་རྣམས། །བྱིན་རླབས་ཚུལ་ལེན་གསུང་རྒྱུན་ལྟར། །སངས་རྒྱས་ཀུན་འདུས་བླ་མ་དམ་པ་ཡིས། །བདག་ལ་དབང་བསྐུར་ཟབ་མོ་སྩལ་དུ་གསོལ། །གསོལ་བ་བཏབ་པས་གནས་གསུམ་ཡིག་འབྲུ་ལས། །སྔགས་དང་འོད་ཟེར་རིམ་བརྒྱུད་ཅིག་ཅར་བྱུང་། །རང་གི་གནས་གསུམ་རིམ་བཞིན་ཐིམ་པ་ཡིས། །སྒོ་གསུམ་དྲི་མ་བག་ཆགས་བཅས་པ་དག །དབང་བཞི་བྱིན་གྱིས་བརླབས་པའི་ཚུལ་དུ་ཐོབ། །རྡོ་རྗེ་གསུམ་གྱི་དངོས་གྲུབ་བརྙེས་པར་བསམས། །དེ་ནས་བླ་མ་རང་སེམས་གཉིས། །དབྱེར་མེད་གདོད་མའི་རང་ཞལ་བལྟ། །དགྱེས་མཛད་ཡབ་ཡུམ་སྙོམས་ཞུགས་བྱང་ཆུབ་སེམས། །བདེ་བ་ཆེན་པོའི་རྣལ་འབྱོར་སྤྱི་གཙུག་ནས། །ཐིམ་པས་གསང་གསུམ་རང་གི་སྒོ་གསུམ་དང་། །དབྱེར་མེད་ཆུ་ལ་ཆུ་བཞག་བཞིན་དུ་འདྲེས། །མཆོད་བྱ་མཆོད་བྱེད་མཆོད་པའི་ངོ་བོ་ཀུན། །སྐྱེ་འགག་གནས་གསུམ་བྲལ་བའི་གནས་ལུགས་ཀྱི། །རང་ངོ་ཤེས་ནས་གསལ་སྟོང་ཟུང་འཇུག་ཏུ། །ཉམས་སུ་ལེན་པའི་སྐལ་བཟང་ཨེ་མའོ། །རྗེས་སུ་བྱ་བ་བསྔོ་སྨོན་དང་། །ཤིས་པ་བརྗོད་པའི་རིམ་པ་ནི། །དངོས་གྲུབ་ཀུན་འབྱུང་ལམ་ཟབ་རྣལ་འབྱོར་གྱི། །ལེགས་བྱས་ཟླ་བ་འབུམ་ལྟར་ཆེས་དཀར་བས། །བདག་སོགས་རྡོ་རྗེ་འཆང་དབང་མ་ཐོབ་བར། །གདན་གསུམ་ཚང་བའི་མགོན་གྱིས་རྗེས་འཛིན་ཤོག །ཟས་གཙང་སྲས་ཀྱི་བསྟན་པ་མ་ལུས་དང་། །ཁྱད་པར་ཉེ་ལམ་ཟབ་མོ་རྡོ་རྗེའི་ཐེག །ཡང་སྙིང་གསང་ཆེན་སློབ་བཤད་རིང་ལུགས་མཆོག །སྲིད་མཐའི་བར་དུ་དར་ཞིང་རྒྱས་གྱུར་ཅིག །ཐོག་མེད་དུས་ནས་དྲིན་གྱིས་ཉེར་བསྐྱངས་པའི། །ཉམ་ཐག་འགྲོ་བ་མར་གྱུར་(༤༠ན)


GLG015_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཀླས་ཀུན། །སྲིད་དང་ཞི་བའི་རྒྱ་མཚོ་ལས་བསྒྲལ་ཏེ། །ཚེ་གཅིག་ཉིད་ལ་ཀུན་མཁྱེན་འཐོབ་གྱུར་ཅིག །སྙན་བརྒྱུད་ཚད་མ་བཞི་ལྡན་བླ་མ་དང་། །ཡི་དམ་དགྱེས་མཛད་རྡོ་རྗེ་ཧེ་རུ་ཀ །ཆོས་སྐྱོང་གུར་མགོན་སྟོབས་འཕྲོག་དབང་པོ་ཡི། །བཀྲ་ཤིས་རྒྱ་མཚོས་དུས་ཀུན་ཁྱབ་གྱུར་ཅིག །ཅེས་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་བརྟེན་པའི་ཟབ་ལམ་བླ་མའི་རྣལ་འབྱོར་མ་དྲོས་ཆུ་ཀླུང་ཞེས་བྱ་བ་འདི་ནི་སེ་དཀར་རིགས་ཀྱི་ཐིག་ལེ་འཛིན་པ་འདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཅེས་ལེགས་སྦྱར་གྱི་བསྟན་བཅོས་པཱ་ཎི་ཀ་ཙན་དབྱངས་ཅན་མ་སོགས་བརྡ་སྤྲོད་ཀྱི་གཙུག་ལག་ལ་སྣང་བ་མཆོག་ཏུ་དཀར་བའི་སྐད་གཉིས་སྨྲ་བ་གང་གིས་ཉེ་བར་བསྐུལ་བ་ལ་བརྟེན་ནས་རྒྱས་བསྡུས་མ་གཏོགས་ལམ་ཟབ་ལས་གཞན་དུ་རང་བཟོས་མ་སྦགས་ཤིང་གསུང་ངག་གསེར་ཆོས། ཆོས་སྐྱོང་གི་བླ་མ་བརྒྱུད་པའི་མཚན་རྣམས་ཉིས་བལྡབ་ཏུ་མི་འཆོར་བའི་ཁྱད་ནས་གོ་རིམ་སྣ་ཚོགས་སུ་གྱུར་ཀྱང་དོན་གྱི་བརྒྱུད་པའི་ཚུལ་རྣམ་གྲངས་མང་པོའི་ཁྲོད་ནས་གཙོ་ཆེ་བ་རེ་ཚང་བའི་ལུགས་སུ་བྱས་ཏེ་ཚད་མ་བཞི་ལྡན་གྱི་སྙན་བརྒྱུད་ཟབ་མོ་རྣམས་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་པས་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་བསྟན་འཛིན་ནོ། །སྤྱི་གཙུག་པདྨ་ཉི་ཟླའི་སྟེང་། །དྲིན་ཅན་རྩ་བའི་བླ་མ་མཆོག །ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡི། །རྣམ་རོལ་སྐུ་བཞིའི་བདག་ཉིད་ཅན། །འབྲལ་བ་མེད་པར་རྟག་བཞུགས་ལ། །མི་ཕྱེད་དད་པས་གསོལ་བཏབ་ཚེ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཆར། །ཆད་མེད་སྙིང་གི་ཟེའུ་འབྲུར་ཕོབ། །ཚེ་འདིར་མངོན་(༤༠བ)


GLG015_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་མིག་གིས་མཐོང་། །ཁྱོད་གསུང་རྣ་བའི་བདུད་རྩིར་བསྟེན། །དེ་དོན་བསམ་དང་སྒོམ་པ་ཡིས། །ཉམས་སུ་ལེན་པར་བདག་བྱིན་རློབས། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་སྲུང་མ་སོགས། །དཀོན་མཆོག་ཀུན་འདུས་ཁྱོད་ཉིད་ལས། །གཞན་པའི་སྐྱབས་གནས་བདག་ལ་མེད། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །འགལ་རྐྱེན་བར་གཅོད་ཐམས་ཅད་སོལ། །ཅི་བསམས་འགྲུབ་པར་བྱིན་གྱིས་རློབས། །སྙིང་དབུས་ཟེའུ་འབྲུར་སྐྱབས་མགོན་ཁྱོད། །རྟག་ཏུ་འབྲལ་མེད་བསྒོམས་པའི་མཐུས། །རང་ལུས་རྩ་ཁམས་ཞི་ཁྲོའི་ལྷར། །མངོན་སུམ་འཆར་བར་བྱིན་གྱིས་རློབས། །མདོར་ན་དེང་ནས་རང་སེམས་དང་། །བླ་མ་ཡི་དམ་སྲུང་མ་རྣམས། །དབྱེར་མེད་དག་པའི་རང་ཞལ་དེ། །རྒྱུན་ཆད་མེད་པར་མཇལ་བར་ཤོག །ཅེས་ཐག་རིང་པོ་ནས་རྒྱང་འབོད་ཀྱི་ཚུལ་དུ་གསོལ་འདེབས་ཤིག་དགོས་ཞེས་དགའ་ལྡན་གསང་སྔགས་ཡང་རྩེའི་སློབ་དཔོན་ཟུར་པ་ཉག་རེ་རབ་འབྱམས་པ་བློ་བཟང་རྣམ་རྒྱལ་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །ཞིང་ཁམས་རྒྱ་མཚོའི་རྒྱལ་བ་སྲས་བཅས་རྣམས། །མགོན་ཁྱོད་ལུས་ཀྱི་དཀྱིལ་འཁོར་འཁོར་ལོ་རུ། །ཤར་ནས་སྐྱེ་དགུའི་བསོད་ནམས་རྒྱ་མཚོ་ཆེ། །རབ་སྤེལ་རྡོ་རྗེའི་སློབ་དཔོན་གཙུག་ཏུ་བསྟེན། །འདི་ན་རྒྱུན་ཁྱེར་རྣལ་འབྱོར་ཉུང་ངུ་ཡིས། །ཚེགས་ཆུང་ཉམས་ལེན་གྲུ་གཟིངས་ལ་བརྟེན་ནས། །ས་ལམ་ཆུ་གཏེར་ཕ་མཐར་བགྲོད་བྱས་ཏེ། །སྐུ་གསུམ་ནོར་བུར་ལོངས་སུ་སྤྱོད་འདི་མཚར། །དེ་ཕྱིར་ཕན་བདེའི་འབྲས་བཟང་དོན་གཉེར་བ། །བློ་གསལ་སྐལ་བཟང་མདོངས་མཐའི་དགའ་སྟོན་དུ། །རྣམ་(༤༡ན)


GLG015_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་ཆུ་འཛིན་ལང་ལོང་འཁྲིགས་པའི་དབུས། །ལེགས་བཤད་དབྱར་གྱི་རྔ་གསང་ཆེས་ཆེར་ལྡིར། །དེའང་རྒྱལ་དབང་བཙོང་ཁ་པ་ཆེན་པོས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཅན་རྗེ། །ཞེས་དང་། སྒྱུ་འཕྲུལ་དྲ་བ་ལས། ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །རྟག་པར་བླ་མ་ལ་ནི་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །ཞེས་འབྱུང་བ་ལྟར་ཚོགས་གསག་གི་ཞིང་ཕུལ་དུ་བྱུང་བ་དང་། ལེགས་ཚོགས་ཀྱི་གཏེར་མཛོད་རྡོ་རྗེ་སློབ་དཔོན་ཚུལ་བཞིན་དུ་མཆོད་པ་ལ་རག་ལས་པའི་ཕྱིར་རྒྱུན་གྱི་རྣལ་འབྱོར་དུ་བྱ་བ་འདི་ལྟར་རོ། །ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན་པར་བྱ། མཆོད་པ་དང་ནང་མཆོད་བྱིན་གྱིས་བརླབ་པ་ནི། འཇིགས་བྱེད་ཀྱི་ཆོ་ག་ནས་བཤད་པ་ལྟར་བྱེད། རྟེན་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི། ར་བ། དྲ་བ། གུར། བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་དབུས་སུ་བྷྲཱུཾ་ལས་འཁོར་ལོ་དཀར་པོ་བྷྲཱུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རིན་པོ་ཆེ་ལྔ་ལྡན་གྱི་རྩིག་པ། རྩིག་པའི་སྟེང་ནས་ཕ་གུ་དྲྭ་བ་དྲྭ་ཕྱེད། མདའ་ཡབ་པུ་ཤུས་རྣམ་པར་མཛེས་ཤིང་། འདོད་སྣམ་ནས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ་བ། ནང་རིན་པོ་ཆེའི་ཀ་བ་བརྒྱད་ཀྱིས་བཏེག་པའི་གདུང་བཞི་མིག་མང་རིས་སུ་བྲེེས་ནས་ཕུབ་པའི་ཐོག་རིན་པོ་ཆེའི་ཏོག་ཅན་དང་། རྟ་བབས་བང་རིམ་བཞི་པ། ཆོས་ཀྱི་འཁོར་ལོ་རི་དྭགས་སོགས་གཞལ་ཡས་ཁང་གི་ཚད་དང་མཚན་ཉིད་སོགས་རྫོགས་པའི་དབུས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་(༤༡བ)


GLG015_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མ། ཨ་ལས་ཟླ་བ་རྣམས་བརྩེགས་པའི་གདན་ལ་དྷཱིཿལས་རལ་གྲིའི་ཡུ་བ་ལ་དྷཱིས་མཚན་པ། དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་དང་གཉིས་སུ་མ་མཆིས་པའི་རྣམ་པ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། འཛུམ་ལྡན་ཞལ་གྱིས་འགྲོ་ཀུན་ཐར་པའི་ཁང་བཟང་དུ་བསུ་བ། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་ཀྱིས་མེ་ཏོག་ཨུཏྤ་ལའི་ཡུ་བ་ནས་བཟུང་བའི་འདབ་མ་སྙན་གཡས་གཡོན་གྱི་ཐད་དུ་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་དང་སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས་པ། སྐུ་ལ་ཆོས་གོས་རྣམ་པ་གསུམ་དང་། དབུ་ལ་པཎ་ཞུ་གསེར་གྱི་མདོག་ཅན་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་ཉིད་འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་སེར་པོ། གཡས་སྔོ། གཡོན་དཀར་པོ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་འོག་མ་གཉིས་ཀྱིས་རལ་གྲི་དང་མདའ། གཡོན་འོག་མ་གཉིས་ཀྱིས་ཨུཏྤ་ལ་དང་གཞུ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་འཇམ་པའི་རྡོ་རྗེ་མ་ཞལ་གསུམ་ཕྱག་དྲུག་མ། སྐུ་མདོག་ཕྱག་མཚན་ཡབ་དང་འདྲ་བས་འཁྱུད་པ། གཉིས་ཀའང་གཉིས་སུ་མེད་པའི་སྦྱོར་བ་ལ་གནས་ཤིང་། སྤྲུལ་པའི་འོད་ཟེར་འཕྲོ་བ། དེའི་དཔྲལ་པར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། བསྐྱེད་ཆོག་འདི་ནི་རྗེ་བཙུན་བཙོང་ཁ་པ་ཆེན་པོ་འཇམ་དཔལ་(༤༢ན)


GLG015_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་སྤྲུལ་པ་ཡིན་པས་དེ་དང་འབྲེལ་ཆགས་པའི་དབང་དུ་བྱས་ཀྱི་གཞན་དུ་ན་གསང་འདུས་མི་བསྐྱོད་པ། བདེ་མཆོག་ལུ་ནག །གཤིན་རྗེ་གཤེད་སོགས་ཡི་དམ་གྱི་ལྷ་གཞན་ལའང་སྦྱོར་རུང་བས་སྐབས་སྦྱར་གྱི་མངོན་རྟོགས་སྤོས་པས་ཆོག་གོ །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྒྱ་ཆེན་སྤྱོད་བརྒྱུད་ཟབ་མོ་ལྟ་བརྒྱུད། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་སོགས་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། གསང་བདེ་འཇིགས་གསུམ་སོགས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་། དམ་ཅན་གཤིན་རྗེའི་རྒྱལ་པོ་ཕྱི་ནང་གསང་གསུམ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། དཔལ་ལྡན་འདོད་ཁམས་ཀྱི་དབང་ཕྱུག་མ་སོགས་མདོར་ན་སྐྱབས་གནས་ཀྱི་ཡུལ་དུ་གྱུར་ཏོ་ཅོག་ཐམས་ཅད་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། ཚིགས་བཅད་ཀྱིས་སྤྱན་འདྲེན་པར་སྤྲོ་ན། བླ་མ་སངས་རྒྱས་བྱང་སེམས་ཉན་རང་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས།།དཀོན་མཆོག་གསུམ་གྱི་ངོ་བོར་བཞུགས་པ་ཀུན། །ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ། །ཨོཾ་རཏྣ་གུ་རུ་སརྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་ཛཿཧཱུཾ་བཾ་ཧོ༔ མཆོད་ཡོན་འབུལ་ཞིང་གདན་ལ་བཞུགས་སུ་གསོལ་བ་ནི། ཏིང་འཛིན་པིར་གྱིས་བྲིས་པའི་གཞལ་ཡས་དབུས། །རིན་ཆེན་པདྨ་ཉི་ཟླ་བརྩེགས་པའི་ཁྲིར། །བླ་མ་ཡི་དམ་ཆོས་སྐྱོང་མ་ལུས་པ། །ཀུན་འདུས་སྐྱབས་ཀྱི་དམ་པར་བཞུགས་སུ་གསོལ། །ཨོཾ་རཏྣ་གུ་རུ་སརྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཨོཾ་པདྨ་ཀ་མ་ལཱ་ཡེ་སྟཱཾ། ཕྱག་བྱ་བ་ནི། བྱེ་བ་ཕྲག་བརྒྱའི་རྟེན་དང་བརྟེན་པ་རྣམས། །སྤྲོ་ཞིང་སྡུད་མཛད་རིགས་ཀུན་ཁྱབ་བདག་མཆོག །དཔལ་ལྡན་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །རྩ་བརྒྱུད་བླ་མ་རྣམས་(༤༢བ)


GLG015_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གུས་ཕྱག་འཚལ། །མཆོད་པའི་ནང་ཚན་ཕྱི་མཆོད་ཀྱི་རིམ་པ་ལས་མཎྜལ་ནི། སྤོས་ཆུས་ཆག་ཆག་ལེགས་བཏབ་ནོར་འཛིན་གཞིར། འཁོར་ཡུག་ལྕགས་རི་གཅིག་གིས་ཡོངས་བསྐོར་དབུས། །རིན་ཆེན་སྣ་བཞི་ལས་གྲུབ་རི་རབ་རྩེར། །སུམ་ཅུ་རྩ་གསུམ་ལྷ་ཡི་ཁང་བཟང་མཛེས། །ཕྱོགས་མཚམས་གླིང་བཞི་གླིང་ཕྲན་བརྒྱད་དང་ལྡན། །རིན་ཆེན་རི་བོ་དཔག་བསམ་ལྗོན་པའི་ཤིང་། །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་རྒྱས། །རྒྱལ་སྲིད་སྣ་བདུན་མི་མཛད་གཏེར་བུམ་ཆེ། །སྒེག་འཕྲེང་གླུ་གར་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཀྱིས་མཆོད་མཛེས་སྡུག་མ། །ཉི་ཟླ་རིན་ཆེན་གདུགས་དང་རྒྱལ་མཚན་སོགས། །ཕུན་ཚོགས་ལྷ་མིའི་དཔལ་འབྱོར་མ་ལུས་པ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟར་སྤེལ་ནས། །མཆོག་གསུམ་ཀུན་འདུས་བླ་མ་མཆོག་ལ་འབུལ། །བརྩེ་བས་བཞེས་ཏེ་ལོངས་སུ་ཉེར་སྤྱད་ནས། སྐུ་གསུང་ཐུགས་ཀྱིས་བདག་བྱིན་བརླབ་ཏུ་གསོལ། །གཞན་ཡང་ས་བཞི་སྤོས་ཀྱིས་མ་དང་། བདག་གཞན་ལུས་ངག་ཡིད་གསུམ་སོགས་ཡོངས་གྲགས་ཀྱི་ཚིགས་བཅད་བྱེད་པར་སྤྲོ་ན་བྱའོ། ཆུ་བཞི་ཉེར་སྤྱོད་དང་བཅས་པའི་མཆོད་པ་ནི། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་སྩོལ། །ཨོཾ་རཏྣ་གུ་རུ་སརྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་པྲཏི་ཙྪ་ཡེ་སྭཱཧཱ། གོང་གི་ཡོན་ཆབ་ཀྱི་ཚབ་ཏུ་ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་བཅུག་ལ། ཨརྒྷཾ་གྱི་གནས་སུ་པཱ་དྱཾ། ཨཉྩ་མཱ་ཎཾ། པྲོཀྵཱ་ཎཾ། པུཥྤེ། དྷཱུ་པེ། དྷཱིཔེ། གནྡྷེ། ནེཝེདྱེ། ཤཔྟའི་བར་སྦྱོར། འདོད་ཡོན་ལྔ་འབུལ་བ་ནི། ཁ་དོག་དབྱིབས་ལེགས་(༤༣ན)


GLG015_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་རྒྱན་འཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །ཆོས་གོས་མཆོག་གསུམ་ངོ་བོར་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོ་རཏྣ་བུ་རུ་སརྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་རཱུ་པ་པྲ་ཏཱིཙྪ་སྭཱཧཱ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མཆིས་པ། །མོས་བློས་མཆོག་གསུམ་ངོ་བོར་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། ཨོཾ་རཏྣ་གུ་རུ་སརྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་ཤཔྟ་པྲ་ཏཱིཙྪ་སྭཱཧཱ། ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས་མཆོག་གསུམ་ངོ་བོར་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་རཏྣ་གུ་རུ་སརྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་གནྡྷེ་པྲ་ཏཱི་ཙྪ་སྭཱཧཱ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་མཆོག་གསུམ་ངོ་བོར་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་རཏྣ་གུ་རུ་སརྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་ར་ས་པྲ་ཏཱི་ཙྪ་སྭཱཧཱ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་མཆོག་གསུམ་ངོ་བོར་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་རཏྣ་གུ་རུ་སརྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་སྤརྴཔྲ་ཏཱི་ཙྪ་སྭཱཧཱ། རྒྱལ་སྲིད་སྣ་བདུན་འབུལ་བ་ནི། (༤༣བ)


GLG015_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འདི་འཁོར་ལོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། ཨོཾ་རཏྣ་གུ་རུ་སརྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། ཞིང་འདི་ནོར་བུ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །ཨོཾ་རཏྣ་གུ་རུ་སརྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་མ་ནི་རཏྣ་པྲ་ཏཱ་ིཙྪ་ཡེ་སྭཱཧཱ། །ཞིང་འདི་བཙུན་མོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་འབུལ། །ཨོཾ་རཏྣ་གུ་རུ་སརྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་ཝསྟྲརཏྣ་པྲ་ཏཱི་ཙྪ་ཡེ་སྭཱཧཱ། ཞིང་འདི་བློན་པོ་རིན་ཆེན་གྱིས། །མཁས་པ༝། དངོས་༝། །ཉིན་༝། །ཨོཾ་རཏྣ་གུ་རུ་ན། པུ་རུ་ཥ་རཏྣ༝། །ཞིང་འདི་གླང་པོ་རིན་ཆེན་གྱིས། །མཁས་པ༝། དངོས༝། ཉིན༝། །ཨོཾ་རཏྣ་གུ་རུ༝།གཛ་རཏྣ༝ཞིང་འདི་རྟ་མཆོག་རིན་ཆེན་གྱིས། །མཁས་པ༝། །དངོས༝། ཉིན་༝། །ཨོཾ་རཏྣ་གུ་རུ་ག་ཨ་ཤྭ་རཏྣ༝། ཞིང་འདི་དམག་དཔོན་རིན་ཆེན་གྱིས། །མཁས་༝།ཉིན༝། །ཨོཾ་རཏྣ་གུ་རུ་༝། གྲྀ་ཧ་རཏྣ་༝། ཉེར་མཁོའི་མཆོད་པ་ནི། ཡིད་འོངས་ཁང་བཟང་སྲ་བརྟན་རྡོ་རྗེའི་ཁྲི། །བླ་བྲེ་འཕན་འདུགས་རྒྱལ་མཚན་ལྡ་ལྡི་དང་། །ཇ་དཀར་བཏུང་བ་རྡུལ་ཆགས་སྨན་སྣ་ཚོགས། །ལྷ་མིའི་རྫས་ཀུན་སྐྱབས་གསུམ་ངོ་བོར་འབུལ། ཨོཾ་རཏྣ་གུ་རུ་སརྦྦ་ཤཱུ་ར་ཎ་ས་པ་རི་ཝཱ་ར་བི་ཤྭ་པཱུ་ཛ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། སྒྲུབ་པའི་མཆོད་པ་ནི། དལ་འབྱོར་ཞིང་སར་དགེ་བཅུའི་ས་བོན་ལས། །མངོན་མཐོའི་རྟེན་གྱི་འབྲས་བཟང་རབ་སྤེལ་ཞིང་། །ཐོས་དོན་བསམ་དང་སྒོམ་པའི་ངེས་ལེགས་ལམ། །ཚུལ་བཞིན་སྒྲུབ་པའི་མཆོད་པ་དམ་པ་འབུལ། །ཨོཾ་རཏྣ་གུ་རུ་སརྦྦ་ཤཱ་ར་ཎ་ས་པ་རི་ཝཱ་྄ར་ཤཱི་ལ་སིདྡྷ་པཱུ་ཛ་པྲ་ཏཱིཙྪ་༝། ནང་གི་མཆོད་པ་ནི། རབ་དཀར་མཚན་ལྡན་ཀ་པཱ་ལ་ཡི་ནང་། །རྫས་ཀུན་སྦྱངས་རྟོགས་སྦར་བྱས་ཟག་མེད་ཀྱི། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། །མཆོག་གསུམ་ཀུན་དངོས་རྗེ་བཙུན་བླ་མར་འབུལ། །ཨོཾ་རཏྣ་གུ་རུ་སརྦྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། གསང་བའི་མཆོད་པ་ནི། བཅུ་དྲུག་ལང་ཚོ་རབ་རྒྱས་མཛེས་སྡུག་མ། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་དང་། །མཉམ་སྦྱོར་དགའ་བཞིའི་ཡེ་ཤེས་རབ་རྒྱས་པའི། །བདེ་སྟོང་ཟུང་དུ་འཇུག་པའི་མཆོད་པ་འབུལ། །ཨོཾ་རཏྣ་གུ་རུ་སརྦྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་པཱུ་ཛ་པྲ་ཏཱི་ཙ་ཡེ་སྭཱཧཱ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། །མཆོད་པ་མཆོད་བྱེད་མཆོད་པའི་དངོས་པོ་ཀུན། །རང་བཞིན་གདོད་ནས་སྟོང་པའི་ནམ་མཁའ་ལ། །ཀུན་རྫོབ་ཙམ་དུ་འཇའ་ཚོན་ལྟར་བཀྲ་བའི། །སྣང་སྟོང་དབྱེར་མེད་བློ་འདས་མཆོད་པ་འབུལ། །ཨོཾ་རཏྣ་གུ་རུ་སརྦྦ་ཤཱ་ར་ཎ་ས་པ་རི་ཝཱ་ར་སརྦྦ་དྷརྨ་སྭ་བྷ་ཝ་ཤུ་དྷ་པུ་ཛ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ། བསྟོད་པ་ནི།(༤༤ན)


GLG015_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། ཞིང་འདིར་ངུར་སྨྲིག་འཛིན་པའི་ཟློས་གར་གྱིས། །བསྟན་འགྲོའི་ཕན་བདེ་མ་ལུས་སྤེལ་མཛད་པ། །དཀོན་མཆོག་གསུམ་དངོས་ཁྱོད་ལ་རྟག་ཏུ་འདུད། །གང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གདན་གསུམ་ཚང་བའི་ལྷ་ཡི་རྣམ་རོལ་ཅན། །རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་ཁྱོད་ལ་འདུད། །མཁའ་ལ་མཁའ་ཡི་སྦྱོར་བ་ཇི་བཞིན་དུ། །གཉིས་མེད་གཉིས་སུ་སྣང་བའི་ཟློས་གར་ཅན། །བདེ་ཆེན་ཉམས་ལྡན་འཇོ་སྒེག་སྒྱུ་དྲའི་གར། །ངོ་མཚར་མཚན་དཔེའི་རི་མོ་རྣམ་བཀྲར་འདུད། །སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ལྟར། །མེད་བཞིན་སྣང་བའི་ངོ་མཚར་མཐའ་ཀླས་ཀྱང་། །གང་གིས་མཚོན་དུ་མེད་པའི་གནས་ལུགས་མཆོག །བརྗོད་བྲལ་དོན་དམ་བྱང་ཆུབ་སེམས་ལ་འདུད། །གདུལ་བྱའི་ཁམས་དང་བསམ་པ་བག་ལ་ཉལ། །ཇི་བཞིན་གཟིགས་ནས་མཆོག་དམན་བར་མ་དང་། འཚམ་པར་གསང་གསུམ་འཁོར་ལོ་སྟོན་མཛད་པའི། །བཤེས་གཉེན་དམ་པ་མཆོག་ལ་ཕྱག་འཚལ་ལོ། །གཞན་ཡང་རྒྱུད་དང་མཁས་གྲུབ་གོང་མ་རྣམས་ཀྱིས་བསྟོད་པ་མཛད་པ་སྤྲོ་ན་བྱ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི་བླ་མ་སྤྱི་བསྟོད་འདི་གདོན་པར་འདོད་ན། མངོན་མཐོ་ངེས་ལེགས་ལེགས་ཚོགས་མ་ལུས་པ། །གང་གི་ཞབས་པད་ཁོ་ནར་རག་ལས་ཞེས། །རྒྱལ་བས་མདོ་རྒྱུད་ཀུན་ལས་ཆེར་བསྔགས་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། ཐོག་མེད་དུས་ནས་མི་ཁོམ་གནས་བརྒྱད་འཁྱམས། །ད་ལན་གཅིག་པུ་དལ་བ་རྙེད་དུས་འདིར། །དོན་ལྡན་སྙིང་པོ་ལེན་པའི་ཐབས་སྟོན་པ། །བླ་མ་རིན་པོ་ཆེ་ལ་༝། །ལས་ངན་མི་དགེ་སྡིག་པའི་རླུང་ཤུགས་ཀྱིས། །བཟོད་དཀའ་ངན་འགྲོའི་གཡང་དུ་མངོན་ཕྱོགས་ཚེ། །ཐུགས་(༤༥བ)


GLG015_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཕྱག་གིས་ཉེ་བར་འཛིན་མཛད་པ། །བླ་མ་༝། །སྡུག་བསྔལ་གསུམ་གྱི་རླབས་འཕྲེང་གཡོ་བ་ཅན། །འཇིགས་རུང་འཁོར་བ་ཆུ་སྲིན་འབྱུང་གནས་ལས། །འགྲོ་ཀུན་ཐབས་མཁས་གྲུ་ཡིས་སྒྲོལ་མཛད་པ། །བླ་མ་༝། །རང་ཉིད་གཅེས་པར་འཛིན་པའི་གདོན་གྱིས་བཟུང་། །རྣམ་མང་ཟུག་རྔུས་ཉམ་ཐག་གྱུར་པའི་ཚེ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་གསོ་མཛད་པ། །བླ་མ་༝། །མྱང་འདས་དམན་པའི་མྱ་ངམ་ཐང་ལ་འཁྱམས། །ཉེས་བརྒྱ་སྲིད་པའི་ཆོམ་རྐུན་གྱིས་བཅོམ་རྣམས། །ཕྱིན་དྲུག་ལམ་བཟང་མཆོག་ཏུ་ཁྲིད་མཛད་པ། །བླ་མ༝། །ཕྱོགས་བཅུའི་ཞིང་གི་རྒྱལ་བ་མ་ལུས་པ། །སྐལ་དམན་སྙིགས་དུས་སྐྱེ་བོ་འདུལ་བའི་ཕྱིར། །ཐབས་ལ་མཁས་པས་བཤེས་གཉེན་ཚུལ་འཛིན་པ། །སངས་རྒྱས་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །དཀྱིལ་འཁོར་འཁོར་ལོ་བྱེ་བ་ཕྲག་བརྒྱ་ཡང་། །ཁྱོད་ཐུགས་ལྷན་སྐྱེས་ངང་དུ་རོ་གཅིག་ཅིང་། །དངོས་གྲུབ་རྣམ་གཉིས་འདོད་དགུའི་ཆར་འབེབས་པ། །ཡི་དམ་ཀུན་འདུས་ཁྱོད་ལ་གསོལ་༝། །དྲན་པ་ཙམ་གྱིས་བར་ཆད་མ་ལུས་སེལ། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་མཛད་པ། །མཐུ་ལྡན་ཡེ་ཤེས་སྲུང་མ་ཀུན་གྱི་དངོས། །ཆོས་སྐྱོང་ཀུན་འདུས་ཁྱོད་ལ་༝། །སྐུ་གཉིས་མངོན་གྱུར་ཡང་དག་རྫོགས་སངས་རྒྱས། །བདེན་གཉིས་ཟུང་འཇུག་དམ་ཆོས་ཀུན་གྱི་མཛོད། །རིག་གྲོལ་གཉིས་ལྡན་འཕགས་མཆོག་ཀུན་གྱི་རྗེ། །སྐྱབས་གསུམ་ཀུན་འདུས་ཁྱོད་ལ་༝། །དེ་ལྟར་ཞིང་གི་དམ་པ་བླ་མ་ལ། །ཞིང་རྡུལ་མཉམ་པའི་ལུས་ཀྱིས་ཕྱག་འཚལ་ཞིང་། །དངོས་བཤམས་ཡིད་ཀྱི་སྤྲུལ་པའི་མཆོད་སྤྲིན་དང་། །བླ་མེད་སྒྲུབ་པའི་མཆོད་པ་རྟག་ཏུ་མཆོད། །ཐོག་མེད་དུས་ནས་དུག་གསུམ་ཉོན་མོངས་ཀྱིས། །སྒོ་གསུམ་བསགས་པའི་ཉེས་ལྟུང་ཐམས་ཅད་བཤགས། །འཁོར་འདས་ཀུན་གྱི་དགེ་ལ་ཡི་རང་ཞིང་། །ཟབ་ཡངས་ཆོས་འཁོར་རྟག་ཏུ་སྐོར་དུ་གསོལ། །(༤༥ན)


GLG015_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་ཀུན་གྱི་ཕན་བདེ་མ་ལུས་པ། །རྒྱལ་བའི་བསྟན་ལ་རག་ལས་དེ་ཡང་ནི། །བསྟན་འཛིན་སྐྱེས་བུ་རྣམས་ལ་རག་ལས་ཕྱིར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་སུ་གསོལ། །སྐྱེ་འཆི་སྤངས་པ་རྡོ་རྗེའི་སྐུ་བརྙེས་ཀྱང་། །གདུལ་བྱའི་དོན་དུ་སྐྱེ་འཆི་སྣ་ཚོགས་པ། །སྟོན་མཛད་ཕྱོགས་བཅུའི་ཞིང་བཞུགས་བླ་མ་རྣམས། །འཁོར་བ་མ་སྟོངས་བར་དུ་བཞུགས་སུ་གསོལ། །རྣམ་དག་མི་ཕྱེད་དད་པ་རྡོ་རྗེའི་གདན། །ལྷག་བསམ་རྣམ་པར་དཀར་བ་ཟླ་བའི་གདན། །ཤུགས་དྲག་སྨོན་ལམ་པདྨོའི་ཟེའུ་འབྲུ་ལ། །སྲིད་མཐའི་བར་དུ་བརྟན་པར་བཞུགས་སུ་གསོལ། །ཁྱོད་སྐུ་མིག་གི་བདུད་རྩིར་མི་འབྲལ་ཞིང་། །ཐེག་མཆོག་གསུང་གིས་རྟག་ཏུ་འཚོ་བ་དང་། །སྐུ་གསུམ་ཐུགས་ཀྱིས་ངེས་པར་བྱིན་བརླབས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སྐྱབས་མགོན་བླ་མ་རྣམས་ཀྱི་བཀའ་དྲིན་ལས། །འགལ་རྐྱེན་བདུད་སྡེའི་བར་ཆད་ཀུན་ལས་རྒྱལ། །གནས་སྐབས་མཐར་ཐུག་བསམས་པའི་དོན་ཀུན་འགྲུབ། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཡན་ལག་བདུན་གྱི་དང་པོ་གཉིས་སོང་ཟིན་ནས་ཕྱི་མ་ལྔ་ནི། །བདག་སོགས་རྣམས་ཀྱིས་འཁོར་བ་ཐོག་མེད་ནས། །ད་ལྟའི་བར་དུ་བསགས་པའི་སྡིག་ལྟུང་ཀུན། །སྔར་བྱས་ལ་འགྱོད་ཕྱིས་ནས་སྡོམ་སེམས་ཀྱིས། །རྟེན་མཆོག་དམ་པའི་སྤྱན་སྔར་མཐོལ་ལོ་བཤགས། །སྐོམ་པས་ཉེན་ལ་ཆུ་ཐིགས་བྱིན་པ་ནས། །ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་གི་ལམ། །བསྒྲུབ་པའི་དགེ་ཚོགས་ཕྲ་རགས་ཅི་མཆིས་པར། །བཅོས་མིན་བསམ་པ་ཐག་པས་རྗེས་ཡི་རང་། །རྣམ་མང་ཐེག་པའི་འཇུག་སྒོ་གྲངས་མང་པོར། གང་འཚམ་གདུལ་བྱ་ཁྲིད་ནས་ཐར་ལམ་ལ། །འགོད་ཕྱིར་སངས་རྒྱས་སྲས་དང་སློབ་མར་བཅས། །ཆོས་ཀྱི་འཁོར་ལོ་རྟག་ཏུ་སྐོར་དུ་གསོལ། །འགྲོ་བ་མཐའ་དག་བླ་མེད་བྱང་ཆུབ་ཏུ། །བཀོད་(༤༥བ)


GLG015_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དེ་སྲིད་ཞི་བར་མི་གནས་པར། །སྣ་ཚོགས་གཟུགས་སྐུ་མི་འགྱུར་རྡོ་རྗེ་བཞིན། །ནམ་ཡང་གཡོ་བ་མེད་པར་བཞུགས་གསོལ་འདེབས། །ལུས་ངག་ཡིད་ཀྱི་སྒོ་ནས་ཉེར་བསགས་པའི། །དགེ་ཚོགས་མཐའ་དག་དྲིན་ཅན་མར་གྱུར་འགྲོ། །འདྲེན་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་མཆོག་དེ་འཐོབ་པའི་རྒྱུ་རུ་བསྔོ། །སྨོན་ལམ་ནི། རྒྱལ་བ་སྲས་དང་སློབ་མར་བཅས་པ་སོགས། །སྐྱབས་གནས་ཀུན་འདུས་མཆོད་པའི་བསོད་ནམས་ཀྱིས། །བདག་སོགས་དེང་ནས་བྱང་ཆུབ་མ་ཐོབ་བར། །བཤེས་གཉེན་དམ་པའི་མགོན་དང་མི་འབྲལ་ཤོག །དལ་འབྱོར་རྙེད་དཀའ་འཇིག་སླ་ངན་སོང་གི །སྡུག་བསྔལ་མི་བཟད་ལས་འབྲས་སླུ་མེད་དུ། །ཤེས་ནས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་། །སྡིག་སྤོང་དགེ་བ་སྒྲུབ་པར་བྱིན་གྱིས་རློབས། །ལྷ་མིའི་རྟེན་ཐོབ་མངོན་མཐོའི་དཔལ་འབྱོར་ཀྱང་། །སྡུག་བསྔལ་བདེ་བར་རློམ་པའི་མཚང་རིག་སྟེ། །སྙིང་ནས་འཁོར་བའི་ཚུལ་ལ་ཡིད་ཕྱུང་ནས། །ཐར་པའི་གོ་འཕང་སྒྲུབ་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་དྲིན་གྱིས་བསྐྱངས་པའི་མ། །ཉམ་ཐག་སྡུག་བསྔལ་མྱོང་བ་མ་བཟོད་པར། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །རྒྱལ་སྲས་སྤྱོད་ལ་བསླབ་པར་བྱིན་གྱིས་རློབས། །གྲངས་མེད་བསྐལ་པར་ཚོགས་གཉིས་གསོག་པ་ལ། །བལྟོས་མིན་སྙིགས་དུས་ཚེ་ཐུང་འདི་ཉིད་ལ། །ཟུང་འཇུག་མངོན་དུ་བྱེད་ནུས་སྨིན་གྲོལ་ལམ། རྡོ་རྗེ་ཐེག་པའི་བསྟན་ལ་འཇུག་པར་ཤོག །དམ་ཚིག་སྡོམ་པ་མིག་གི་འབྲས་ལྟར་བསྲུང་། །སྐྱེ་ཤི་བར་དོ་སྐུ་གསུམ་ངོ་བོར་སྦྱང་། །ཟབ་ལམ་རིམ་པ་ལྔ་ཡི་རྣལ་འབྱོར་གྱིས། མི་སློབ་ཟུང་འཇུག་གོ་འཕང་ཐོབ་པར་ཤོག །བླ་མའི་སྐྱོན་ཀུན་རང་སེམས་མ་དག་པར། །ཤར་བའི་མཚང་དུ་རྟོགས་ནས་མཛད་པ་རྣམས། །ཡོན་ཏན་ཁོ་ནར་ངེས་པའི་དད་པ་ཡིས། །སངས་རྒྱས་དངོས་སུ་མཐོང་བར་བྱིན་གྱིས་རློབས།(༤༦ན)


GLG015_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

།དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བླང་བ་ནི། །བླ་མའི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་ཅན་དང་ཅིག་ཅར་བྱུང་། རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་སོགས་གནས་གསུམ་སོ་སོ་དང་། །ཐམས་ཅད་དུ་ཐིམ་པས་སྒོ་གསུམ་གྱི་དྲི་མ་གསུམ་སོ་སོ་དང་། དེ་རྣམས་ཀྱི་བག་ཆགས་ཐམས་ཅད་དག །རྡོ་རྗེ་གསུམ་སོ་སོ་དང་། ཐུན་མོང་གི་དངོས་གྲུབ་ཐོབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཞུགས། བུམ་དབང་གསང་དབང་ཤེས་རབ་ཡེ་ཤེས་དབང་བཞི་པ་རྣམས་ཐོབ། སླར་ཡང་འདོད་དོན་ལ་གསོལ་བ་བཏབ་པས་བླ་མ་རང་གི་སྤྱི་བོར་བྱོན་འོད་དུ་ཞུ་བ་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་བར་བསམ། ཡང་ན་འདི་སྐད་བརྗོད་དེ། དེ་ལྟར་སྐྱབས་གནས་རེ་ས་གཞན་སྤངས་ནས། །གདུང་ཤུགས་དྲག་པོས་གསོལ་བ་བཏབ་པ་ལས། །རྡོ་རྗེ་འཆང་དབང་བླ་མའི་གནས་གསུམ་གྱི། །ཡིག་འབྲུ་གསུམ་ལས་འོད་ཟེར་ཁ་དོག་གསུམ། །རང་གཞན་འགྲོ་བ་ཀུན་གྱི་གནས་གསུམ་ཐིམ། །སྒྲིབ་པ་གསུམ་དག་དངོས་གྲུབ་རྣམ་གསུམ་ཐོབ། བུམ་པ་གསང་བ་ཤེས་རབ་ཡེ་ཤེས་དང་། །བཞི་བའི་དབང་ཐོབ་བླ་མ་རྡོ་རྗེ་འཆང་། །ཛཿཧཱུཾ་བཾ་ཧོཿ རང་དང་རོ་གཅིག་གྱུར། །སླར་ཡང་སྙིང་གའི་པདྨོའི་ཟེའུ་འབྲུ་ལ། །རྟག་པར་ཁྱོད་བཞུགས་བྱིན་གྱིས་བརླབ་ཏུ་གསོལ། །ཤིས་བརྗོད་ནི། རྒྱ་ཆེན་སྤྱོད་པ་ཟབ་མོ་ལྟ་བ་དང་། །ཉམས་ལེན་བྱིན་རླབས་བརྒྱུད་སོགས་བླ་མའི་ཚོགས། །ཀུན་འདུས་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང་། །བློ་བཟང་གྲགས་པའི་དཔལ་གྱི་བཀྲ་ཤིས་ཤོག །གསང་བ་འདུས་པ་བདེ་མཆོག་ཧེ་རུ་ཀཿ། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ལ་སོགས་པ། །གྲངས་མེད་རྒྱུད་སྡེ་བཞི་ཡི་འཁོར་ལོའི་གཙོ། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །མྱུར་མཛད་མགོན་པོ་ལས་(༤༦བ)


GLG015_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་ཕྱི་ནང་གསང་། །རྣམ་མང་ཐོས་སྲས་དམག་ཟོར་ལྷ་མོ་སོགས། །རྒྱལ་བའི་བསྟན་པ་རིན་ཆེན་བསྲུང་མཛད་པའི། །ཆོས་སྐྱོང་དམ་ཅན་རྣམས་ཀྱི་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་པའི་རིམ་པ་ཅི་རིགས་བྱའོ། །དེ་ལྟར་བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་འདོད་འཇོ་ཞེས་བགྱི་བ་འདི་ནི་ཡར་ཀླུངས་ཕོ་བྲང་གེ་ར་བ་གསོལ་དཔོན་བློ་བཟང་མཁྱེན་བརྩེས་དོན་འདུས་ཤིང་། འཁྱེར་བདེ་གོ་སླ་བ་འདི་ལྟ་བུ་ཞིག་དགོས་ཞེས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །ཨོཾ་སསྟི་སིདྡྷཾ། བྱེ་བ་ཕྲག་བརྒྱའི་རྡུལ་སྙེད་ཞིང་ཁམས་སུ། སྣ་ཚོགས་སྤྲུལ་པའི་རོལ་གར་མཐའ་ཀླས་ཀྱང་། །ཞིང་འདིར་ངུར་སྨྲིག་ཚུལ་འཆང་ཁོ་ན་ཡིས། །ཐུབ་བསྟན་ཉི་ལྟར་གསལ་མཛད་བཙོང་ཁ་པ། །རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་པ་ཀུན། །བཤེས་གཉེན་གཟུགས་སུ་ཤར་ལ་ངེས་རྙེད་དེ། །ཚུལ་བཞིན་གསོལ་བ་གདབ་པའི་རྣལ་འབྱོར་གང་། །འཇམ་མགོན་བླ་མའི་གསུང་སྒྲོས་ཇི་བཞིན་འགོད། །དེ་ལ་འདིར་དམིགས་བརྩེ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་མཁས་པའི་དབང་པོ་སྟག་ལུང་གྲགས་པའི་གསུང་རྒྱུན་འཇམ་མགོན་བླ་མ་དཀོན་མཆོག་ཆོས་འཕེལ་གྱི་ཞལ་ལུང་ལས་བྱུང་བ་ལྟར་འགོད་པ་ལ་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་རྒྱས་པ་སྤྱི་ལྟར་རམ། བསྡུས་པ་ལ་དགའ་ན་སངས་རྒྱས་ཆོས་ཚོགས་མ་བྱ། ཚད་མེད་བཞི་སྒོམ་པ་སྔོན་དུ་འགྲོ་བས། དངོས་གཞིའི་རིམ་པ་ནི། སྭ་བྷཱ་ཝས་སྦྱངས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་མ་ཟླ་བའི་གདན་སུམ་བརྩེགས་ཀྱི་སྟེང་དུ་དྷིཿལས་རལ་གྲིའི་ཡུ་བ་དྷཱིཿས་མཚན་པ་དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་(༤༧ན)


GLG015_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་འཛུམ་བག་དང་ལྡན་ཞིང་། ཕྱག་གཉིས་ཐུགས་ཀར་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པའི་མཐེབ་སྲིན་གྱིས་མེ་ཏོག་ཨུཏྤ་ལའི་ཡུ་བ་ནས་འཛིན་པའི་གཡས་ཀྱི་འདབ་སྟེང་དུ་ཤེས་རབ་ཀྱི་རལ་གྲི་དང་། གཡོན་གྱི་འདབ་སྟེང་དུ་སྟོང་ཕྲག་བརྒྱ་པའི་གླེགས་བམ་བསྣམས་པ། དབུ་ལ་པཎ་ཞྭ་གསེར་གྱི་མདོག་ཅན་དང་། སྐུ་ལ་ཆོས་གོས་གསུམ་གྱིས་མཛེས་པ། སུམ་ལྡན་རྡོ་རྗེ་འཛིན་པའི་ཆ་ལུགས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་པད་ཟླའི་གདན་ལ་མགོན་པོ་འཇམ་པའི་དབྱངས་སྐུ་མདོག་དམར་སེར་གུར་ཀུམ་གྱི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་། གཡོན་མེ་ཏོག་ཨུཏྤ་ལའི་ཡུ་བ་ནས་བཟུང་བའི་འདབ་མའི་སྟེང་དུ་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་རིན་པོ་ཆེས་བརྒྱན་པ། དར་གྱི་ན་བཟའ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་རྩ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་དཀར་གྱི་འཕྲེང་བ་དང་། གཡོན་འོག་མས་པདྨ་དཀར་པོའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་གསོལ་བ། རི་དྭགས་ཁྲི་བརྙན་ས་ལའི་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཐུགས་ཀ་ཆོས་ཀྱི་འཁོར་ལོའི་དབུས་སུ་པདྨ་དང་ཉི་མའི་གདན་ལ་དཔལ་ཕྱག་(༤༧བ)


GLG015_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་པ་གསེར་གྱི་རྡོ་རྗེ་འཕྱར་ཞིང་།གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རིན་པོ་ཆེའི་རྒྱན་དང་སྦྲུལ་རིགས་ལྔས་བརྒྱན་པ། དར་སྔོན་མོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེ་ལྟར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཟབ་མོ་ལྟ་བརྒྱུད། རྒྱ་ཆེན་སྤྱོད་བརྒྱུད། ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་སོགས་སྐྱབས་གནས་ཀྱི་ཡུལ་ཐམས་ཅད་རིགས་གསུམ་མགོན་པོའི་རྣམ་པར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ས་གཉིས་སུ་མེད་པར་བསྟིམ། དེ་ལྟར་སྐྱབས་གསུམ་ཀུན་འདུས་སུ་གསལ་བཏབ་པ་ལ། ས་གཞི་སྤོས་ཀྱིས་སོགས་དང་། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་སྤྲིན། །བློ་ཡིས་བླངས་ཏེ་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་མཎྜལ་འབུལ། ཇི་སྙེད་སུ་དག་ཅེས་སོགས་བཟང་པོ་སྤྱོད་པ་ལས་འབྱུང་བའི་ཡན་ལག་བདུན་པ་བྱ། དེ་ནས་གསོལ་བ་གདབ་པ་ནི། རྒྱས་པར་སྤྲོ་ན་ས་གསུམ་མ་སོགས་བྱར་རུང་ཞིང་། བསྡུ་བར་འདོད་ན་དམིགས་བརྩེ་མས་ཆིག་དྲིལ་དུ་བྱས། སླར་ཡང་ཐལ་མོ་སྦྱར་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། ལུང་རྟོགས་དམ་ཆོས་ཀུན་གྱི་འབྱུང་གནས་གནས། འཕགས་པའི་དགེ་འདུན་ཀུན་གྱི་(༤༨ན)


GLG015_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་རྒྱན་དཔལ་ལྡན་བླ་མ་དམ་པ་རྣམས་ལ་གསོལ་བ་འདེབས་སོ། །བདག་གི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་རློབས་ཤིག །སངས་རྒྱས་མ་ཐོབ་ཀྱི་བར་དུ་གཞོན་ནུ་ནོར་བཟང་ལྟར་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པས་ཅི་མཛད་ལེགས་པར་མཐོང་ཤིང་ཅི་གསུང་བཀའ་བཞིན་སྒྲུབ་པར་བྱིན་གྱིས་རློབས་ཤིག །དལ་འབྱོར་རྙེད་པར་དཀའ་ཞིང་འཇིག་པར་སླ་བ། ལས་འབྲས་ཟབ་ཅིང་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བར་རྟོགས་ནས་སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སྡིག་སྤོང་དགེ་བ་ཚུལ་བཞིན་སྒྲུབ་པར་བྱིན་གྱིས་རློབས་ཤིག །མངོན་མཐོ་ལྷ་མིའི་བདེ་བ་ཐོབ་ཀྱང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་ཤིང་སླར་ཡང་ངན་སོང་དུ་སྐྱེ་བ་སོགས་ཟོ་ཆུན་གྱི་འཁྱུད་མོ་ལྟར་འཁོར་བའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཚུལ་ཤེས་ནས་ཐར་པ་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པས་ལམ་བསླབ་པ་གསུམ་ལ་སློབ་པར་བྱིན་གྱིས་རློབས་ཤིག །མཁའ་མཉམ་གྱི་མ་རྒན་སེམས་ཅན་རྣམས་ཉམ་ཐག་པའི་ཚུལ་ལ་བསམས་ན་རང་ཉིད་གཅིག་པུ་ཅི་ཐར་བྱེད་པ་དམན་པའི་བདེ་བ་དོན་དུ་མི་གཉེར་བར་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པར་བྱིན་གྱིས་རློབས་ཤིག །བསྐལ་ཆེན་གྲངས་མེད་གསུམ་གྱི་ཡུན་ཙམ་གྱི་བར་འགྲོ་བ་ཉམ་ཐག་པར་མ་བཟོད་པར་ངེས་གསང་རྡོ་རྗེ་ཐེག་པའི་བསྟན་པ་ལ་ཞུགས་ནས་སྨིན་གྲོལ་གྱི་ལམ་ཟབ་མོ་ཉམས་སུ་བླངས་ནས་ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་བྱིན་གྱིས་རློབས་ཤིག །མདོར་ན་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་མགོན་པོ་ཁྱོད་ཀྱི་བསྟན་པ་ལ་ཞུགས་ནས་སོ་སོ་ཐར་པ་ནས་བཟུང་སྟེ་ལམ་རིམ་པ་ལྔའི་ཉམས་ལེན་མཐའ་དག་འཁྲུལ་པའི་དྲི་མ་ཙམ་ཡང་མེད་པར་ཉམས་སུ་ལེན་ཅིང་། དེ་སྟོན་པའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་(༤༨བ)


GLG015_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐད་ཅིག་ཙམ་ཡང་མི་འབྲལ་བར་བྱིན་གྱིས་རློབས་ཤིག །དེང་ནས་སངས་རྒྱས་མ་ཐོབ་གྱི་བར་དུ་འཇམ་མགོན་བློ་བཟང་གྲགས་པའི་དཔལ་ཁྱེད་བདག་གི་སྙིང་གི་པདྨའི་ཟེའུ་འབྲུར་བཞུགས་ནས་འདི་དང་གཏན་གྱི་མདུན་མ་ཐམས་ཅད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། ཉི་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་བཞིན་དུ་བྱུང་། རང་གི་གནས་གསུམ་དུ་རིམ་པ་བཞིན་དུ་ཐིམ་པས། བུམ་དབང་གསང་དབང་ཤེར་དབང་རྣམས་རིམ་པ་བཞིན་བྱིན་རླབས་ཀྱི་ཚུལ་དུ་ཐོབ། འབྲས་བུ་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་གསུམ་ཐོབ་པའི་ནུས་པ་བཞག །སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཅར་དུ་འཕྲོས། གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག་འབྲས་བུ་ཟུང་འཇུག་ཐོབ་པའི་ནུས་པ་བཞག །དེ་ནས་བླ་མ་སྐུ་ཇེ་ཆུང་དུ་སོང་སྤྱི་བོ་ནས་རྩ་དབུ་མའི་ལམ་བརྒྱུད་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བྱོན། སྙིང་གའི་པདྨ་ཁ་ཟུམ། མཐའ་སྐོར་དུ་ཨོཾ་ཨ་ར་པ་ཙ་ན་དྷཱིཿསུ་མ་ཏི་ཀཱིརྟི་ཤྲཱི་བྷ་དྲ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་ཀུར་ཡནྟུ་ཞེས་པའི་སྔགས་ཀྱི་འཕྲེང་པས་དམ་དུ་བཅིངས་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་འབྲལ་བར་བསམ་མོ། །རྗེས་སུ་བསྔོ་བ་སྨོན་ལམ་ཅི་རིགས་པ་བྱའོ། །ཞེས་པ་འདི་ནི་ལུགས་གཉིས་ཀྱི་དཔྱོད་ལྡན་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་དམིགས་བརྩེ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞིག་དགོས་ཚུལ་བྱུང་བ་ལྟར་རྗེ་ལྷ་རི་བ་ཆེན་པོའི་ཐུགས་དམ་གྱི་ཉིང་ཁུ་ཡིན་ཞེས་གཙིགས་ཅན་དུ་མཛད་པའི་གསུང་རྒྱུན་བཞིན་ཟ་ཧོར་གྱི་བནྡེས་གོ་བདེ་བར་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་སོ། །ན་མོ་གུ་རུ་ཝེ། སངས་རྒྱས་ཆོས་ཚོགས་མའི་སྐུ་ལས་སྐྱབས་སེམས་སྡོན་དུ་བཏང་ནས། རང་གི་སྤྱི་བོར་སེང་ཁྲི་དང་། །པདྨ་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ནི། །དགེ་སློང་རྡོ་རྗེ་འཛིན་པའི་ཚུལ། །(༤༩ན)


GLG015_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་ཀུན་འདུས་བདག་ཉིད་ཅན། །མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །དོན་དང་ལྡན་པར་ངེས་མཛད་ལ། །མི་ཕྱེད་ཤུགས་དྲག་དད་པ་ཡིས། །ལུས་སྟོང་སྤྲུལ་ནས་ཕྱག་འཚལ་ཞིང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །སྡིག་ལྟུང་ཉེས་ཚོགས་ཐམས་ཅད་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །རྟག་ཏུ་ཆོས་འཁོར་སྐོར་བར་བསྐུལ། །བསྐལ་བརྒྱར་བརྟན་པར་བཞུགས་གསོལ་འདེབས། །བསོད་ནམས་བྱས་པ་མཐའ་ཡས་པ། །བླ་མེད་བྱང་ཆུབ་འཐོབ་ཕྱིར་བསྔོ། །བླ་མའི་གནས་གསུམ་ཡི་གེ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་ནི། །རིམ་གྱིས་པ་དང་ཅིག་ཅར་བྱུང་། །རང་གི་གནས་གསུམ་ལ་ཐིམ་པས་། །སྒྲིབ་པ་སྦྱང་ཞིང་དབང་བཞི་ཐོབ། །སྐུ་བཞིའི་ས་བོན་ལེགས་པར་བཞག །བླ་མ་འོད་ཞུ་རང་ཉིད་དང་། །དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་སྨོན་ལམ་ཚིགས་བཅད་ཅི་རིགས་པ་བྱའོ། །བླ་མའི་རྣལ་འབྱོར་ཉུང་ངུ་ལུས་ལ་བཅངས་ཆོག་པའི་ལག་བྲིས་མ་ཞིག་དགོས་ཞེས་དང་སྟོབས་ལྡན་པ་ཆོ་ཁུར་ཨོ་པ་ཤིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །བདེ་བར་གཤེགས་པ་ཞི་ཁྲོ་རབ་འབྱམས་ཚོགས། །མགོན་ཁྱོད་ལུས་ཀྱི་དཀྱིལ་འཁོར་ལ་རྫོགས་པ། །དཀོན་མཆོག་ཀུན་འདུས་པདྨ་ཐོད་འཕྲེང་ལ། །དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འགྲོ་རྣམས་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ཕྱིར། །མཚོ་སྐྱེས་རྡོ་རྗེ་རིགས་འཛིན་ཚེ་དབང་རྩལ། །རྟག་ཏུ་བསྙེན་ཅིང་མཆོད་བསྟོད་གསོལ་འདེབས་པའི། །ཟབ་ལམ་རྣལ་འབྱོར་ཉམས་སུ་བླང་བར་བྱ། །འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང་། །རྡོ་རྗེའི་ས་གཞིར་ར་བ་དྲྭ་གུར་དང་། །བླ་བྲེ་མེ་དཔུང་འབར་བའི་སྲུང་འཁོར་ནང་། །རིན་ཆེན་ཟུར་བརྒྱད་གཞལ་ཡས་ཁང་གི་དབུས། །(༤༩བ)


GLG015_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཉི་མ་ཟླ་བ་བརྩེགས་པའི་སྟེང་། །བདག་ཉིད་དབང་ཆེན་རྟ་མགྲིན་སྐུ་མདོག་དམར། །ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་འཕྱར། །གཡོན་པ་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད། །དབུ་གཙུག་རྟ་མགོ་ལྗང་ཁུས་རྟ་སྐད་འཚེར། །དུར་ཁྲོད་ཆས་བརྒྱད་རུས་རྒྱན་སྦྲུལ་གྱིས་སྤྲས། །ཞབས་གཉིས་གཡས་བསྐུམས་གཡོན་བརྐྱངས་དོར་སྟབས་བཞུགས། །པང་དུ་ཕག་མོ་དམར་མོ་གྲི་ཐོད་འཛིན། །ཡབ་ཀྱི་མགུལ་འཁྱུད་དུར་ཁྲོད་རུས་པས་མཚན། །སྤྱི་བོའི་གཙུག་ནས་ཕག་སྐད་ངུར་སྒྲ་སྒྲོག །ཞབས་གཡོན་ཡབ་འཁྱུད་གཡས་པ་གདན་ལ་བརྐྱངས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །སྤྱི་གཙུག་པད་སྡོང་ཉི་ཟླ་བརྩེགས་པའི་སྟེང་། །རང་གི་དྲིན་ཅན་རྩ་བའི་བླ་མ་དང་། གཉིས་མེད་མ་ཧཱ་གུ་རུ་པདྨ་འབྱུང་། །སྐུ་མདོག་དཀར་དམར་གཟི་འོད་རབ་འབར་བ། །གདུག་པ་འདུལ་ཕྱིར་ཅུང་ཟད་ཁྲོ་ཉམས་ཅན། །ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན། །གཡོན་པ་བདུད་རྩིས་གང་བའི་ཀ་པཱ་ལ། །ཁ་ཊྭཱཾ་རྩེ་གསུམ་སྐུ་ཡི་གཡོན་ཕྱོགས་བརྟེན། །སྔགས་པའི་ཆ་ལུགས་མཐིང་ནག་གསང་གོས་ཅན། །རབ་བྱུང་ན་བཟའ་ཆོས་གོས་པ་ཏྲ་རིས། །རྒྱལ་པོའི་ཆ་བྱད་ཟབ་ཆེན་བེར་སྨུག་གསོལ། །ཤ་བའི་མཉེན་ཞུ་པདྨའི་འདབ་ལྡན་ལ། །རྒོད་སྒྲོ་དར་སྣ་རྡོ་རྗེ་ཉི་ཟླས་སྤྲས། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་མོ་ཀྲུང་། །གཡས་ན་མནྡ་ར་བ་མཁའ་འགྲོའི་ཚུལ། །དཀར་མཛེས་བཅུ་དྲུག་ལོན་པ་སྒེེག་མོའི་གཟུགས། །དབུ་སྐྲ་ཐོར་ཚུགས་རིན་ཆེན་པྲོག་ཞུ་གྱོན། །རྣ་ཆ་མགུལ་རྒྱན་གདུ་བུ་དོ་ཤལ་ཕྲེང་། །འཇམ་མཉེན་དར་གྱི་སྟོད་གཡོགས་སྨད་ཤམ་མཛེས། །གཡོན་པ་བདུད་རྩིས་གང་བའི་ཀ་པཱ་ལ། །གཡས་པ་མཐེབ་སིན་ཕུད་གཏོར་ཕྱག་རྒྱ་ཅན། །གཡོན་ན་ཇོ་མོ་མཁར་ཆེན་བཟའ་འཚོ་རྒྱལ། །མཐོན་མཐིང་དབུ་སྐྲའི་ཐོར་ཅོག་ལྷག་པར་བཅིངས། །མུ་ཏིག་(༥༠ན)


GLG015_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཚོམ་ཕྲ་ཡིས་སྤྲས་པའི་ཐོད། །རིན་ཆེན་གསེར་གྱི་ཐུར་མས་རྣམ་པར་སྤྲས། །ནོར་བུའི་རྣ་རྒྱན་དཀར་དམར་རིན་ཆེན་ཤལ། །འཇའ་ཚོན་ལྟ་བུར་བཀྲ་བའི་ན་བཟས་མཛེས། །བདུད་རྩིས་གང་བའི་དངུལ་དཀར་སྣོད་བཟང་འཛིན། །སྟེང་ན་ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་རིགས་གསུམ་སྤྲུལ་པའི་སྐུ། རྒྱལ་པོ་ཛ་དང་ཆོས་རྒྱལ་འབྱོར་པའི་དབང་། །ཤྲཱི་སིདྷ་བི་མཱ་ལ་མི་ཏྲ། །དགོངས་བརྒྱུད་བརྡ་བརྒྱུད་རིགས་འཛིན་སྤྲིན་ལྟར་གཏིབས། །ཐུགས་དང་ཕྱོགས་བཞིར་བུདྡྷ་བཛྲ་དང་། རཏྣ་པདྨ་ཀརྨ་ཐོད་ཕྲེང་རྩལ། །རིན་ཆེན་རུས་པ་དཔའ་བོའི་རྒྱན་གྱིས་སྤྲས། །རང་སྣང་རིགས་ཀྱི་ཡུམ་དང་མཉམ་པར་སྦྱོར། །དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ། །པདྨ་འབྱུང་གནས་པདྨ་སཾ་བྷ་ཝ། །བློ་ལྡན་མཆོག་སྲེད་པདྨ་རྒྱལ་པོ་དང་། །ཉི་མ་འོད་ཟེར་ཤཱཀྱ་སེང་གེའི་ཞབས། །སེང་གེ་སྒྲ་སྒྲོག་རྡོ་རྗེ་གྲོ་བོ་ལོད། །དེའི་ཕྱི་འདབ་བརྒྱད་སྟེང་ལ་ཧཱུཾ་ཀ་ར། །དྷ་ན་སཾ་སྐྲྀ་འཇམ་དཔལ་བཤེས་གཉེན་དཔལ། །རྡོ་རྗེ་ཆོས་དང་ནཱ་གཱ་རྫུ་ནའི་ཞབས། །དོཾ་བུ་གུ་ཧྱ་ཙདྲཱ་པྲ་ཧ་སྟི། །ཤིནྟཾ་གརྦ་རྒྱ་གར་རིགས་འཛིན་བརྒྱད། །དེའི་ཕྱི་འདབ་མར་གནུབས་བན་ནམ་མཁའི་སྙིང་། །འབྲོག་མི་དཔལ་ཡེ་གནུབས་ཆེན་སངས་རྒྱས་དང་། །ཁྲི་སྲོང་ལྡེའུ་བཙན་ངན་ལམ་རྒྱལ་བ་མཆོག །རླངས་ཆེན་དཔལ་སེང་ཇོ་མོ་མཁར་ཆེན་བཟའ། །ལོ་ཆེན་བཻ་རོ་བོད་ཀྱི་གྲུབ་ཆེན་བརྒྱད། །དེ་ཡི་ཕྱི་རིམ་པད་འདབ་བཅོ་བརྒྱད་ལ། །གཡུ་སྒྲ་སྙིང་པོ་ཛྙཱ་ན་ཀུ་མཱ་ར། །རྡོ་རྗེ་བདུད་འཇོམས་སྔགས་པ་ཡེ་ཤེས་དབྱངས། །ལྷ་དཔལ་རྣམ་སྣང་ཡེ་ཤེས་དཔལ་དབང་ཕྱུག །ལྡན་མ་རྩེ་མང་སྐ་བ་དཔལ་བརྩེགས་ཞབས། །ཤུད་བུ་དཔལ་སེང་རྒྱལ་བའི་བློ་གྲོས་དང་། ཁྱེའུ་ཆུང་ལོ་དྲན་པ་ནམ་མཁའི་མཚན། །འོ་བྲན་དབང་ཕྱུག་རྨ་ཐོག་རིན་པོ་ཆེ། །ལྷ་ལུང་དཔལ་རྡོར་ལང་འགྲོ་དཀོན་མཆོག་འབྱུང་། །རྒྱལ་བ་བྱང་ཆུབ་རྗེ་(༥༠བ)


GLG015_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འབངས་ཉི་ཤུ་ལྔ། དེའི་ཕྱིར་འདབ་མར་ཉང་རལ་ཆོས་ཀྱི་དབང་། །རྒོད་ཀྱི་ལྡེམ་ཕྲུ་ཡར་རྗེ་ཨྱོན་གླིང་། །ཚེ་བརྟན་རྒྱལ་མཚན་གླིང་པ་བཅུ་གཅིག་དང་། །དྲི་མེད་རྣམ་གསུམ་པདྨ་དབང་རྒྱལ་མཚན། །གནམ་ལྕགས་མེ་འབར་བཀྲ་ཤིས་སྟོབས་རྒྱལ་སོགས། །སྤྲུལ་པའི་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཀྱིས། །ཉེར་མཚོན་གང་ཟག་སྙན་བརྒྱུད་བླ་མའི་ཚོགས། །འོག་ཏུ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ལྷ། མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་སྲུང་ཚོགས། །ཕྱོགས་བཅུར་གིང་ཆེན་ཕོ་ཉས་བདུད་དཔུང་སྐྲོད། །དེ་ལྟར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས། །འོད་འཕྲོས་པདྨ་འོད་ཀྱི་གཞལ་ལས་ནས། །རྩ་གསུམ་ལྷ་ཚོགས་བཛྲ་ས་མཱ་ཛཿ། །དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སྔོན་གྱི་བསྐལ་པའི་དང་པོ་ལ། །ཞེས་སོགས་ཚིག་བདུན་གསོལ་འདེབས་བདུན་ནམ་གསུམ་གང་རུང་བརྗོད། བླ་མ་ཡི་དམ་མཁའ་འགྲོའི་སྤྱན་སྔ་རུ། །རིན་ཆེན་སྣོད་དུ་གཏམས་པའི་མཆོད་ཡོན་དང་། །ཆུ་དང་ཐང་སྐྱེས་མེ་ཏོག་སྣ་ཚོགས་པ། །ཙནྡན་སྨན་སྤོས་སྦྱར་བའི་དུད་སྤྲིན་འཁྲིགས། །ཉི་ཟླ་ནོར་བུ་རྩི་མར་སྒྲོན་མེ་སྦར། །ཐུགས་ཀར་བྱུག་པ་དྲི་ཡི་ཆུ་རྒྱུན་སྦྲེེང་། །ཕུན་ཚོགས་རོ་བརྒྱ་འདའ་བའི་བཟའ་བཅའ་བཏུང་། །རྒྱུད་མངས་གླིང་བུ་སིལ་སྙན་རོལ་མོ་ལྡིར། རྩ་བརྒྱད་ཡན་ལག་སྟོང་ལས་སྦྱར་བའི་སྨན། །ཤ་ལྔ་བདུད་རྩི་ལྔ་ལྡན་བ་ལི་ཾཏ། །བསྒྲལ་དང་རང་བྱུང་རཀྟའི་རྦ་ཀློང་འཁྲུག །འདོད་ཡོན་ལྔ་ལྡན་ཚོགས་མཆོད་དམ་པ་ཡིས། །རྩ་བརྒྱུད་བླ་མའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཡི་དམ་རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་། མཁའ་འགྲོ་དམ་ཅན་སྲུང་མའི་ཐུགས་དམ་བསྐང་། །ཉམས་ཆགས་སོར་ཆུད་མཐུན་པའི་དངོས་གྲུབ་སྩོལ། །མཚོ་སྐྱེས་མཛེས་སྐུ་མཚན་དང་དཔེ་བྱད་ལྡན། །དྲུག་ཅུའི་གསུང་གིས་གདུལ་བྱའི་རེ་བ་སྐོང་། །ཆགས་ཐོགས་མེད་ཐུགས་ཤེས་བྱ་ཀུན་མཁྱེན་པ། །ཨྱོན་སངས་རྒྱས་གཉིས་པར་གསོལ་(༥༡ན)


GLG015_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །ཟབ་པ་གཏེར་དང་རྣམ་དག་བཀའ་མའི་རྒྱུན། །ཆད་མེད་སྩོལ་བའི་བརྒྱུད་པ་དྲུག་ལྡན་གྱི། །རྒྱ་བོད་མཁས་དང་གྲུབ་པའི་རིག་པ་འཛིན། །རིན་ཆེན་འཕྲེང་ལྟར་བྱོན་ལ་གསོལ་འདེབས། །ཁྱད་པར་ཁྱོད་སྐུ་མིག་གི་བདུད་རྩིར་གྱུར། །ཐེག་མཆོག་ཆོས་སྒྲ་རྣ་བའི་དབང་པོར་བཏག །རྨད་བྱུང་ཐུགས་རྗེས་ཐང་ལྷོད་མེད་འཛིན་པའི། དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །དཔལ་ལྡན་ཀུན་བཟང་ཁྲག་འཐུང་ཧེ་རུ་ཀའི། །རྣམ་པར་རོལ་ནས་བདུད་སྡེའི་སྙིང་ག་ལ། །རྔམ་པའི་གར་བསྒྱུར་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །མཁའ་འགྲོ་སྲུང་མར་བཅས་ལ་གསོལ་བ་འདེབས། །ལེའུ་བདུན་མ་སོགས་གསོལ་འདེབས་དང་ཕྱི་ནང་གསང་གསུམ་གྱི་བཟླས་པའི་རིམ་པ་བྱེད་པར་སྤྲོ་ན་སྐབས་འདིར་བྱ། །དེ་ལྟར་བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་སྲུང་མ་ཀུན་འདུས་བདག་ཉིད་ཅན། །པདྨ་ཐོད་ཕྲེང་རྩ་བའི་བླ་མ་གཉིས། །དབྱེར་མེད་རོ་གཅིག་རང་གི་རིག་པའི་རྩལ། །རང་སེམས་དོན་གྱི་པདྨ་འབྱུང་གནས་ལ། །མངོན་སུམ་རང་ངོ་འཕྲོད་པའི་རྣལ་འབྱོར་གྱིས། །མཆོད་བསྟོད་བཟླས་པ་གསོལ་འདེབས་ལྷུར་བླངས་སོགས། །ཟབ་ལམ་ཉམས་སུ་བསྟར་བའི་དགེ་ཚོགས་མཐུས། །ཀ་དག་དབྱིངས་ལས་ལྷུན་གྲུབ་རང་ཤར་ཏེ། །ཚེ་འདིར་སྣང་བཞིའི་ལམ་བཟང་ཟད་སར་འཁྱོལ། །ཕུང་པོ་འཇའ་ལུས་ཟག་མེད་རྡོ་རྗེའི་སྐུ། །ཀུན་བཟང་གདོད་མའི་མགོན་པོར་མངོན་འགྱུར་ཤོག །སྐལ་དམན་བརྩོན་འགྲུས་ཞན་པས་མ་འགྲུབ་ན། །སྒྱུ་ལུས་ཁང་སྟོང་ལྟ་བུར་བོར་བའི་དུས། །རྣམ་ཤེས་རྡོ་རྗེ་སེམས་དཔའ་གསང་ལམ་དུ། །སྐར་མདའ་འཕངས་པ་བཞིན་དུ་འཕོ་བར་ཤོག །གལ་ཏེ་མ་འཕོས་བར་དོ་ཤར་གྱུར་ན། །སྒྲ་འོད་ཟེར་སོགས་འཇིགས་སྐྲག་འཁྲུལ་སྣང་རྣམས། །ཞི་དང་ཁྲོ་བོའི་རྣམ་པར་ཡོངས་ཤེས་ནས། །མ་པང་བུ་རྒྱུག་བཞིན་དུ་ངོ་འཕྲོད་ཤོག །ཡུར་(༥༡བ)


GLG015_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྐེད་ཆད་ཝ་ཡིས་ཆུ་འདྲེན་ལྟར། །ལམ་བཟང་མངོན་དུ་གྱུར་མིན་སྲིད་འཁྱམས་ཀྱིས། །སྐྱེ་བར་ཐེག་མཆོག་བསྒྲུབ་པའི་དལ་འབྱོར་གྱི། །ལུས་རྟེན་རྒྱུན་ཆད་མེད་པར་འཐོབ་པར་ཤོག །དེར་ཡང་མཁའ་ལ་རིགས་འཛིན་གྲལ་མ་ཞིག །འོག་ཏུ་དཀྱིལ་འཁོར་ཐིག་ཚོན་བཀྲག་མ་ཡལ། །བར་དུ་མཁའ་འགྲོའི་ཁ་རླངས་མ་ཉམས་པའི། །རྡོ་རྗེའི་སློབ་དཔོན་དམ་པས་རྗེས་འཛིན་ཤོག །ཡང་སྲིད་ཀུན་ཏུ་ཚེ་རིང་ནད་མེད་ཅིང་། །དཔལ་འབྱོར་ལོངས་སྤྱོད་མཁོ་དགུའི་འབྱོར་བ་སོགས། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་མ་ལུས་པ། འབད་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཡངས་པའི་འཇིག་རྟེན་ཀུན་ཏུ་རྩོད་ལྡན་གྱི། །དུས་ཀྱི་ཆད་པ་ནམ་ཡང་མི་འབྱུང་ཞིང་། །འགྲོ་བ་ཐམས་ཅད་ཕན་དང་བདེ་བ་ལ། །སྤྱོད་པའི་རྫོགས་ལྡན་རྩེ་དགའ་དགོད་པར་ཤོག །ཁྱད་པར་ཁ་བས་བསྐོར་བའི་བོད་ཡུལ་འདིར། །མི་ཕྱུགས་ནད་རིམས་འཁྲུག་རྩོད་སྐྱ་མུག་སོགས། དཀར་མིན་འབྲས་བུའི་མིང་ཡང་མི་གྲགས་ཅིང་། །བདེ་སྐྱིད་ལྷ་ཡི་དཔལ་ལ་འགྲན་ནུས་ཤོག །དྲི་མེད་རྒྱལ་བའི་བསྟན་པ་རིན་ཆེན་དར། དེ་འཛིན་དམ་པའི་ཚོགས་རྣམས་ཞབས་པད་བརྟན། །མདོ་སྔགས་འདུས་པའི་སྡེ་རྣམས་འཕེལ་ཞིང་རྒྱས། །ཆོས་སྤྱོད་རྣམ་བཅུའི་བྱ་བ་མཐར་ཕྱིན་ཤོག །ས་སྤྱོད་རྒྱལ་པོའི་སྐུ་ཚེ་ཆབ་སྲིད་རྒྱས། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཕྲག་པར་ལྕི། །མཐའ་བཞིའི་ལས་སྒོ་མཐའ་དག་ངང་གིས་འདུ། །སྨོན་པའི་རེ་བ་མྱུར་དུ་འགྲུབ་པར་ཤོག །སྒོ་གསུམ་འབད་པའི་ལེགས་བྱས་གངྒཱའི་རྒྱུན། །ལྷག་བསམ་རལ་པའི་ལམ་གསུམ་ལས་བབས་པ། །མར་གྱུར་ལུས་ཅན་བྱང་ཆེན་ཆུ་གཏེར་ཀློང་། །ཆེས་ཆེར་རྒྱས་པའི་རྒྱུ་རུ་རོ་གཅིག་བསྔོ། །དེ་ལྟར་བླ་མའི་སྤྱི་མགྲིན་སྙིང་ལྟེ་བའི། །ཨོཾ་དཀར་ཨ་དམར་ཧཱུཾ་མཐིང་ཧྲཱིཿམ་ལས། །འོད་ཟེར་དཀར་དམར་མཐིང་དང་འཇའ་ཚོན་བྱུང་། །རང་གི་གནས་བཞི་སོ་སོར་(༥༢ན)


GLG015_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པ་ཡིས། །བུམ་གསང་ཤེས་རབ་རིག་པའི་རྩལ་དབང་ཐོབ། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་བྱང་ཞིང་དག །བསྐྱེད་རིམ་གཏུམ་མོ་ཕོ་ཉ་རྫོགས་པ་ཆེ། །སྒོམ་པར་ལེགས་དབང་སྐུ་བཞིའི་ས་བོན་ཐེབས། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་རྣམས། །སློབ་དཔོན་ཆེན་པོ་པདྨའི་ཐུགས་ཀར་བསྡུས། །དེ་ཡང་འོད་ཞུ་སྤྱི་གཙུག་ནས་ཐིམ་པས། །སེམས་དང་དབྱེར་མེད་བདེ་སྟོང་ཟུང་འཇུག་གྱུར། །དྲན་པ་ཙམ་གྱིས་སྲིད་ཞིའི་གདུང་བ་ཀུན། །སེལ་མཛད་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །དངོས་གྲུབ་མ་ལུས་ཆར་ལྟར་འབེབས་མཛད་པའི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག །ཡིད་སྲུབས་སྡེར་བཅས་ཐལ་བར་རློག་མཛད་པའི། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག །རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཀྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་དཔལ་ཨྱོན་སངས་རྒྱས་གཉིས་པ་དང་རང་གང་མོས་ཀྱི་བླ་མ་དབྱེར་མེད་དུ་བྱེད་པའི་རྣལ་འབྱོར་ལ་བརྟེན་ནས་མཆོད་བསྟོད་གསོལ་འདེབས་སྨོན་ལམ་བཀྲ་ཤིས་དང་བཅས་ཚང་བ་འདི་ལྟ་བུ་ཞིག་དགོས་ཞེས་འཕན་ཡུལ་སྔ་བ་རྟ་དཔོན་རྣམ་འཇོམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །སྲིད་དང་ཞི་བའི་ལེགས་ཚོགས་མ་ལུས་པའི། །འབྱུང་གནས་ཟབ་ལམ་བླ་མའི་རྣལ་འབྱོར་ལ། །བརྟེན་ནས་གསག་སྦྱང་ཇི་ལྟར་བྱ་བའི་ཚུལ། །རྒྱུན་དུ་སྐྱོང་བདེའི་ཉམས་ལེན་འདི་ལྟར་རོ། །སངས་རྒྱས་ཆོས་ཚོགས་མ་སོགས་སྐྱབས་སེམས་རྒྱས་བསྡུས་གང་རུང་སྔོན་དུ་བཏང་བའི་ཉམས་ལེན་དངོས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨཀོ་྅ཧཾ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་མདུན་གྱི་ནམ་མཁར་སེང་གེ་(༥༢བ)


GLG015_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་མ་ཟླ་བའི་གདན་གྱི་སྟེང་དུ་དཀོན་མཆོག་མ་ལུས་པ་འདུས་པའི་བདག་ཉིད་རྩ་བའི་བླ་མ་རྣམ་པ་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་ཨིནྡྲཱ་ནཱི་ལ་ལྟར་སྔོ་བ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ལྷག་མ་དཔུང་པའི་ཐད་དུ་གསིལ་བུར་འཕྱང་བ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། འོག་པག །ཕྱག་གདུབ། ཞབས་གདུབ་སོགས་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་། ལྷ་རྫས་ཀྱི་སྟོད་གཡོགས་དང་པཉྩ་ལི་ཀའི་ཤམ་ཐབས་ཅན། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། སྤྱན་སོགས་སེམས་དཔའ་བརྒྱད། ཕྱག་ངར་སོགས་ཁྲོ་བོ་བཅུ་སྟེ། གདན་གསུམ་ཚང་བའི་བདག་ཉིད་དུ་བཞུགས་པའམ། ཡང་ན་བཤེས་གཉེན་རྡོ་རྗེ་འཛིན་པའི་རྣམ་པ་ཅན་ཆོས་གོས་གསུམ་དང་ལྡན་ཞིང་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ། སྐྱིལ་མོ་ཀྲུང་གིས་བཞུགས་པ་སོགས་གང་མོས་སུ་གསལ་བཏབ་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ། རྒྱུད་སྡེ་བཞིའི་དཀྱིལ་འཁོར་ལྷ་ཚོགས། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ །ཆོས་སྐྱོང་སྲུང་མ་སོགས་སྐྱབས་གནས་ཀྱི་ཡུལ་དུ་གྱུར་ཏོ་ཅོག་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་མོས། གསག་སྦྱང་གི་གཙོ་བོ་ཡན་ལག་བདུན་པ་བྱ་བ་ནི། བྱེ་བ་ཕྲག་བརྒྱར་ཡོངས་སྤྲུལ་བདག་ལུས་ཀྱིས། །མགོན་པོ་སྲས་དང་བཅས་པ་མ་ལུས་པར། །མི་ཕྱེད་དད་པའི་ཤུགས་ཀྱིས་རབ་དྲངས་ནས། །ཡན་ལག་ལྔ་ཡིས་བཏུད་དེ་ཕྱག་བགྱིའོ། །ལུས་རེར་མགོ་བོ་མགྲིན་ལྕེ་གྲངས་མེད་དུ། །སྤྲུལ་ནས་མཆོག་གསུམ་དམ་པའི་ཡོན་ཏན་ལ། །ཆེས་ཆེར་རབ་བསྔགས་(༥༣ན)


GLG015_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པའི་གླུ་དབྱངས་སུ། །བླངས་ཏེ་བརྗོད་པ་རྣམ་དག་ཚིག་གིས་བསྟོད། །མགོན་པོ་ཉེས་སྐྱོན་ཀུན་ཟད་ཡོན་ཏན་རྣམས། །ཡོངས་རྫོགས་མཛད་པར་ཐོས་བསམ་གོམས་འདྲིས་ཀྱིས། །ངེས་རྙེད་དབང་རྣོན་ཆོས་ཀྱི་རྗེས་འབྲངས་བའི། དཀར་ཕྱོགས་ཟླ་འདྲར་འཕེལ་བའི་དད་པས་བཏུད། །ཤེལ་དཀར་བཻཌཱུར་པད་རཱག་གསེར་སྦྱངས་ཀྱི། །ལྷུན་པོ་གླིང་བཞི་གླིང་ཕྲན་རིན་ཆེན་རི། །ཡོངས་འདུ་ས་བརྟོལ་འདོད་པ་འཇོ་བའི་བ། །མ་རྨོས་ལོ་ཏོག་རྒྱལ་སྲིད་རིན་ཆེན་བདུན། །བུམ་བཟང་སྒེག་སོགས་བརྒྱད་ཀྱིས་རབ་སྤེལ་བའི། །མེ་ཏོག་འཕྲེང་བརྒྱུས་ཆུན་པོས་ལོ་མ་དང་། །སྨན་སྤོས་ཕྱེ་མ་ཕུར་མ་བདུག་མཆོག་དྲི། །མན་ཤེལ་རྩི་བཅུད་འབྲུ་མར་སྣང་བའི་གཏེར། །ཁྲུས་དང་བྱུག་པའི་སྨན་ཆབ་རྫིང་བུར་འཁྱིལ། །ལྷ་མིའི་བཟའ་བཏུང་རོ་མཆོག་བརྒྱ་ཕྲག་ལྡན། །མགྲིན་པའི་དྲིལ་འཁྲོལ་དབྱངས་དང་སིལ་སྙན་སྒྲ། །མཛེས་སྡུག་གར་གྱི་འགྱུར་བ་ཕ་མཐའ་ཡས། །ཉི་ཟླ་གདུགས་དང་རྒྱལ་མཚན་ལ་སོགས་པ། །ལྷ་མིའི་དཔལ་འབྱོར་མཆོད་པའི་སྤྲིན་ཕུང་རྣམས། །རང་རང་བློ་ཡི་ནུས་པ་དེ་ཉིད་ཀྱིས། །ཀུན་བཟང་མཆོད་པའི་སྤྲིན་དུ་སྤྲུལ་ནས་འབུལ། །མཐའ་མེད་སྐྱེ་བར་བསགས་སྡིག་རྗེས་དཔག་དང་། །ཚེ་འདིར་མངོན་སུམ་ཉམས་སུ་མྱོང་བ་ཡི། །ནག་པོའི་ལས་རྣམས་ཁོང་པར་སོང་བའི་དུག །ཇི་བཞིན་བཅོས་མིན་སྙིང་ནས་འགྱོད་སེམས་དང་། །སྲེད་མེད་ཚངས་པ་ལྷ་དབང་འཁོར་ལོས་སྒྱུར། །ལྷ་མིའི་དཔལ་འབྱོར་ཐོབ་པའི་ཁེ་སྤོགས་མཐོང་། །གཉིས་པའི་སྲོག་ལ་བབ་པའི་ཉེན་གྱུར་ཀྱང་། །དཀར་མིན་ལས་ལ་སྙིང་ནས་སྡོམ་སེམས་ཀྱིས། །རྟེན་གྱི་མཆོག་གྱུར་དཀོན་མཆོག་རྣམ་གསུམ་དྲུང་། །བཅོས་མིན་སྙིང་ནས་སྡིག་ལྟུང་མ་ལུས་བཤགས། །འདག་བྱེད་རྣམ་པར་དཀར་བའི་དགེ་བའི་ལས། །རང་གི་ཇི་ཙམ་ནུས་པ་བསྒྲུབ་པར་བྱ། །རྣམ་འདྲེན་(༥༣བ)


GLG015_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་དང་རྟོགས་པའི་ཡོན་ཏན་དང་། །རླབས་ཆེན་རྒྱལ་བའི་སྲས་ཀྱི་སྤྱོད་པ་ནས། །ཟན་ཆངས་གཅིག་གཏོང་མཐའ་རྟེན་དཀར་པོའི་ལས། །མཆོག་དམན་ཀུན་གྱི་དགེ་ལ་བདག་ཡི་རང་། །སངས་རྒྱས་ཆེ་འབྲིང་བྱང་སེམས་ཉན་ཐོས་ཀྱི། །གདུལ་བྱའི་ཁམས་དང་དབང་པོ་དང་འཚམ་པ། །སྣ་ཚོགས་ཐེག་པའི་ཆོས་ཀྱི་འཁོར་ལོའི་ཚོགས། །ནམ་ཡང་ཆད་པ་མེད་པར་སྐོར་བར་བསྐུལ། །ནམ་མཁའ་བཞིན་དུ་ཕ་མཐའ་རྙེད་དཀའ་བའི། །སྡུག་བསྔལ་རྒྱ་མཚོར་བྱིང་བའི་མ་རྒན་འགྲོ། །འདྲེན་ཕྱིར་བྱ་བ་ཡུལ་གྱི་འཕྲིན་ལས་རྒྱུན། །ཆད་མིན་མྱ་ངན་མི་འདའ་བཞུགས་སུ་གསོལ། །མདོར་ན་ལུས་ངག་ཡིད་ཀྱིས་གང་བསགས་པའི། །བསོད་ནམས་བྱས་པའི་ཕུང་པོ་ཅི་མཆིས་པ། །ཡིད་ཅན་མཐའ་དག་མི་གནས་མྱང་འདས་ཀྱི། །ལམ་བཟང་མངོན་དུ་བྱེད་པའི་རྒྱུ་རུ་བསྔོ། །བདག་སོགས་དེང་ནས་མི་ཁོམ་གནས་བརྒྱད་སོགས། །ལོག་པའི་སྲིད་པ་ནམ་ཡང་མི་འཛིན་ཅིང་། །མཐོ་རིས་ཡོན་ཏན་བདུན་གྱི་རྒྱན་ལྡན་པའི། །དལ་འབྱོར་ཚང་བའི་རྟེན་བཟང་འཐོབ་པར་ཤོག །ལྟར་སྣང་བཤེས་མིན་ཡང་དག་ཡོངས་འཛིན་གྱིས། །རྗེས་བཟུང་ཚུལ་ཁྲིམས་གཙང་མའི་ཞིང་ས་ལ། །ཐེག་ཆེན་རིགས་ཀྱི་ས་བོན་ཡོངས་བཏབ་ནས། །སྨིན་གྲོལ་གདམས་པའི་མྱུ་གུ་སྨིན་པར་ཤོག །གནས་སྐབས་སུ་ཡང་སུམ་རྩེན་བདག་པོ་དང་། །མཚུངས་པའི་ཚེ་རིང་སྟོབས་འབྱོར་ལོངས་སྤྱོད་རྒྱས། །འབངས་འཁོར་གཉེན་འདུན་རྩ་ལག་བཅས་པ་རྣམས། །ཕན་ཚུན་མཉེས་གཤིན་བྱམས་ལྡན་བདེ་བར་ཤོག །ཟས་གཙང་སྲས་ཀྱི་རིང་ལུགས་མཐའ་དག་དང་། །ཁྱད་པར་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །བསྟན་པ་བསྟན་འཛིན་འདུས་སྡེ་བཅས་པ་ཡིས། །རྒྱ་མཚོའི་གོས་ཅན་མ་ལུས་ཁྱབ་པར་ཤོག །དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང་། །རྟེན་ཅིང་འབྲེལ་འབྱུང་སླུ་མེད་བདེན་པའི་མཐུས། །བདག་(༥༤ན)


GLG015_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྨོན་ལམ་ཇི་ལྟར་བཏབ་པ་ཀུན། །བསམ་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་ཤོག །དེ་ནས་བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་ཅན་དང་ཅིག་ཅར་དུ་བྱུང་། བདག་གི་གནས་གསུམ་དུ་ཐིམ་པས་བུམ་གསང་ཤེས་རབ་ཡེ་ཤེས་ཚིག་དབང་དང་བཅས་པ་ཐོབ། སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ཆོས་སྐུ་ལོངས་སྐུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་ཅན་དུ་གྱུར་པར་མོས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་སོགས་ཀྱིས་གསོལ་བ་བཏབ་པས་བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམས་ནས་ཅུང་ཟད་མཉམ་པར་བཞག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱི་སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པ་བྱའོ། །དེ་ལྟར་བླ་མའི་རྣལ་འབྱོར་ལ་བརྟེན་པའི་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་འདི་ནི་རང་སྟོབས་ཀྱི་དབང་ཕྱུག་ཨ་པ་ལས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །སངས་རྒྱས་ཀུན་གྱི་མཁྱེན་པའི་ཡེ་ཤེས་གཟུགས། །ཟུར་ཕུད་ལྔ་ལྡན་རྒྱུ་འཕྲུལ་དྲ་བའི་གར། །བླ་མ་མཆོག་དང་དངོས་པོ་གཅིག་ལྟ་བའི། །རྣལ་འབྱོར་གསོལ་འདེབས་རིམ་པ་འདི་ལྟར་རོ། །སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱས་ནས་དངོས་གཞིའི་རིམ་པ་ལ། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས་སྟོང་པའི་ངང་ལས་རང་གི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཉི་མ་ཟླ་བའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་འཕགས་པ་འཇམ་དཔལ་གྱི་རྣམ་པ་ཅན་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་ཡུ་བ་ནས་འཛིན་པའི་འདབ་མ་སྙན་གཡས་གཡོན་གྱི་ཐད་ཀར་བྱེ་བ་ཤེས་རབ་ཀྱི་རལ་གྲི་དང་སྟོང་ཕྲག་བརྒྱ་པའི་གླེགས་(༥༤བ)


GLG015_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བམ་གྱིས་མཚན་པ་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་ཞི་ཞིང་འཛུམ་པ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་གར་ཧཱུྃ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ས་གཉིས་སུ་མེད་པར་བསྟིམ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་ཀྱིས་ཡན་ལག་བདུན་པ་རྒྱས་པར་འབུལ། གང་དྲིན་མ། གཞོན་ནུའི་ཆ་ལུགས་མ་རང་གང་མོས་ཀྱི་བླ་མའི་གསོལ་འདེབས་སོགས་རྒྱས་བསྡུས་སྐབས་དང་སྦྱར་ཏེ་གསོལ་བ་གདབ། བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་ཅན་དང་ཅིག་ཅར་དུ་བྱུང་སྟེ་རང་གི་གནས་སོ་སོར་ཐིམ་པས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་ཐོབ་པར་མོས་ནས་རང་སེམས་དང་བླ་མ་ངོ་བོ་དབྱེར་མེད་དུ་བྱས་པའི་ངང་དུ་ཅུང་ཟད་མཉམ་པར་བཞག །མཐར་དགེ་བ་རྫོགས་བྱང་དུ་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །ཞེས་པ་འདིའང་ཞིང་སྐྱོང་ནང་སོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྐྱབས་སེམས་སྔོན་དུ་བཏང་ནས། རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་སྟེང་། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་། །དམ་ཅན་སྲུང་མ་ལ་སོགས་སྐྱབས་གནས་ཀུན། །མ་ལུས་གཅིག་ཏུ་འདུས་པའི་བདག་ཉིད་ཅན། །རྩ་བའི་བླ་མ་ཆོས་གོས་གསུམ་ལྡན་པའི། །རབ་བྱུང་ཆ་བྱད་པཎ་ཞྭ་གསེར་མདོག་གསོལ། །ཆོས་འཆད་གླེགས་བམ་འཛིན་ཞིང་སྐྱིལ་ཀྲུང་བཞུགས། །ཇི་སྙེད་སུ་དག་སོགས་ཀྱི་ཡན་ལག་བདུན་པ་འབུལ། །དཀོན་མཆོག་ཀུན་འདུས་དཔལ་ལྡན་བླ་མ་ལ། །སྙིང་ནས་གསོལ་བ་འདེབས་སོ་བདག་བྱིན་རློབས། །(༥༥ན)


GLG015_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་བསྐུར་ལ་སྐུ་བཞིའི་ས་བོན་ཐོབ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་ཅན་དང་ཅིག་ཅར་དུ་བྱུང་། རང་གི་གནས་གསུམ་དུ་རིམ་ཅན་དང་ཅིག་ཅར་ཐིམ། སྒྲིབ་བཞི་དག་དབང་བཞི་ཐོབ། སྐུ་བཞིའི་ས་བོན་ཐོབ་པའི་ནུས་པ་ཁྱད་པར་ཅན་བཞག །དེ་ནས་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ཞེས་སོགས་ཀྱིས་གསོལ་བ་བཏབ་པས། བླ་མར་རང་གི་སྤྱི་བོར་བྱོན་འོད་དུ་ཞུ་ནས་ཐིམ་པས། རང་སེམས་དང་བླ་མ་ངོ་བོ་གཅིག་ཏུ་གྱུར་པ་ན་ཅུང་ཟད་མཉམ་པར་བཞག །བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །ཞེས་རང་གང་མོས་ཀྱི་བླ་མ་ལ་སྦྱར་ཆོག་པའི་རྣལ་འབྱོར་འཁྱེར་བདེ་བ་འདི་ནི་ས་སྐྱོང་རྒྱ་རི་བ་ངག་དབང་དགའ་ལྡན་རབ་བརྟན་གྱི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །སྟོབས་བཅུའི་རྩལ་འཆང་དཔལ་ལྡན་ཤཱཀྱའི་གཙོ། །ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་ཡབ་སྲས་དང་། །ཐམས་ཅད་མཁྱེན་པ་རྒྱལ་བ་བཙོང་ཁ་པ། །ཡན་ལག་མཆོག་གི་པད་མཚོར་རྟག་བཞུགས་ཤིག །ལས་ངན་དབང་གི་སྔོན་ཆད་འཁོར་བ་འདིར། །མཐའ་མེད་རིགས་དྲུག་སྐྱེ་བའི་སྲིད་གཟུང་ཡང་། །ཕུན་ཚོགས་དགེ་བས་འཕངས་པའི་དལ་བའི་རྟེན། །མི་ལུས་རིན་ཆེན་རྙེད་པ་སྲིད་པ་ཙམ། །ལུས་ཅན་སྤྱི་དང་ཁྱད་པར་འཛམ་གླིང་མི། །ངེས་མེད་དུས་ཀྱི་ཆད་པའི་ཕོ་ཉ་ཡིས། །ལུས་དང་ལོངས་སྤྱོད་སྟོབས་འབྱོར་ཀུན་བོར་ཏེ། །ཞི་བ་ལྷས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། ཞེས་པ་དང་མཐུན་པར་མདོ་རྒྱུད་དུ་མ་ལས་གསུངས་ཤིང་། །སྤྱན་སྔ་པས་དལ་འབྱོར་རྙེད་དཀའ་བ་འདི་བསམ་ཙ་ན་གཉིད་ལོག་ལོང་རང་མི་འདུག་གསུངས་པ་ལྟར་རོ། །དབང་མེད་འཇིག་རྟེན་ཕ་རོལ་འགྲོ་འདིས་འཇིགས། ཞི་བ་ལྷས།(༥༥བ)


GLG015_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཅིང་། །སྣོན་པ་གུད་ན་ཡོད་མེད་ན། །བདག་ལྟ་འཆི་བར་ཅིས་མ་འགྱུར། །ཞེས་དང་གླང་ཐང་པ་སྐུ་གཤེགས་ཁར་དམྱལ་བར་སྐྱེ་བའི་སྨོན་ལམ་བཏབ་པ་དང་། ཞང་སྟོན་ཆོས་བླ་གཤེགས་ཁར་མགུར་མཐེན་པ་ལྟར། རབ་འཆི་བ་ལ་བྲོད་འབྲིང་མི་འཇིགས་ཐ་མ་མི་འགྱོད་པ་ཐམས་ཅད་མི་རྟག་པ་ལ་ཐུག་གོ །དགེ་དང་སྡིག་པའི་རྒྱུ་ལ་ལོངས་སྤྱོད་པའོ། །དཀར་ནག་ལས་ཀྱི་གྲིབ་མ་སྲིད་པ་འདིར། །ཕྱི་བཞིན་འབྲངས་པའི་བདེ་དང་གནས་ངན་ལེན། །མ་འདྲེས་སོ་སོར་གྲུབ་པའི་འབྲས་འདི་མཚར། །རྡོས་དྲག་བཟོད་དཀའ་ཡུན་རིངས་སྡུག་བསྔལ་པའི། །དམྱལ་བ་ཡི་དྭགས་དུད་འགྲོའི་སྐྱེ་གནས་ལས། མདོ་ལས། དུས་ཀྱི་བསྙེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་འཛད་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་གང་དང་གར་འགྲོ་བར། །ལས་རྣམས་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་དང་། རྣ་བ་བྱེ་བ་ཉི་ཤུ་པ་དང་། དགེ་འདུན་བསྲུང་གི་རྟོགས་བརྗོད་དང་། འབན་གུང་རྒྱལ་གྱི་རྟེན་མཆོད་ལ་ཐལ་པ་གཏོར་བ་དང་། སློབ་དཔོན་ཇོ་བཙུན་གྱི་བླ་མའི་དུས་མཆོད་གཅད་པ་དང་སྣར་ཐང་པའི་བཙུན་ཆུང་གྲགས་རིན་གྱི་ལོ་རྒྱུས་ལྟ་བུ། །ལྡོག་ཕྱིར་རྒྱུ་འབྲས་ཚུལ་ལ་ངེས་རྙེད་ནས། །དགེ་སྡིག་བླང་དོར་མ་འདྲེས་སྤྱོད་པ་གཅེས། །མངོན་མཐོའི་བདེ་བ་འགྱུར་བའི་སྡུག་བསྔལ་ཅན། །སྲིད་འབྱོར་གློག་དང་མེ་འོབས་དུག་སྦྲུལ་ཚང་། །ཉེས་བརྒྱའི་གནས་སུ་ཤེས་ནས་གཏན་གྱི་བདེ། །བཤེས་སྤྲིང་ལས། འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །ལས་གྱི་དབང་གི་ཡང་བྲན་ཉིད་དུ་འགྱུར། །ཞེས་དང་འཕགས་པ་ཀཏྱ་ཡས། །ཕ་ཤ་ཟ་བཞིན་མ་ལ་འཚོག །ལས་ངན་དགྲ་བོ་པང་དུ་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས་ཏེ་ཞེས་དང་། །གླང་ཐང་པའི་གཡུ་བྱི་བས་བརྐུས་པའི་ལོ་རྒྱུས་ལྟར་རོ། །ཞི་བདེའི་ལམ་ལ་གཞོལ་ཏེ་འབད་པར་རིགས། །རང་ཉིད་སྔོན་ཆད་ངན་སོང་གནས་གསུམ་དུ། །མངོན་གྱུར་མི་བཟད་དུཿཁས་མནར་བ་དང་། །བདེ་འགྲོར་དངོས་དང་དེའི་རྒྱུ་བག་ལ་ཉལ། །ཉམས་སུ་མྱོང་བའི་ངང་ཚུལ་ཡང་ཡང་བསམ། །ད་ལྟར་རང་གི་ཉམས་སུ་མྱོང་བ་ལ། །རྗེས་སུ་དཔག་ཏེ་མར་གྱུར་འགྲོ་(༥༦ན)


GLG015_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན། །སྡུག་བསྔལ་བཟོད་དཀས་མནར་བའི་ངང་ཚུལ་ལ། །དམིགས་ཏེ་བཅོས་མིན་སྙིང་རྗེ་ཆེན་པོ་བསྐྱེད། །དེས་དྲངས་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ནས། །ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིར། བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། ཞེས་པ་ལྟར་རོ། །ཕ་རོལ་ཕྱིན་དྲུག་བསྡུ་དངོས་རྣམ་པ་བཞི། །རྒྱལ་བའི་སྲས་ཀྱི་སྤྱིད་པ་རླབས་ཆེན་ལ། །མི་ཞུམ་བརྩོན་པ་ཆེན་པོས་འཇུག་པར་བྱ། །རླུང་ཕར་འགྲོ་བ་དང་མཉམ་དུ། རང་བདེ་གཏོང་ཞིང་གཞན་གྱི་སྡུག་བསྔལ་རྣམས། །རླུང་ཚུར་རྡུབ་པ་དང་མཉམ་དུ། ལེན་པ་རླུང་ལ་བསྐྱོན་ནས་བསླབ་བྱ་ཞིང་། །དགྲ་གཉེན་བར་མར་ཆགས་སྡང་རྨོངས་སྐྱེས་པའི། །འགྲོ་བའི་དུག་གསུམ་འཇོམས་པའི་སྨོན་ལམ་བྱ། །སྣོད་ཡུལ་ཉམ་ང་ཞིང་ཕོངས་པ། བཅུད་སེམས་ཅན་མ་རུངས་པ། ངན་དང་དེ་འབྲས་རང་ཐོག་ཏུ་བབས་པའི། སྡུག་བསྔལ་ཀུན། རང་ཉིད་གཅེས་པར་བཟུང་བདག་འཇིན། ལས་བྱུང་ཤེས་ཤིང་། །འཁྲུལ་བའི་སྣང་བ་འདི་ཀུན་བཏགས་ཙམ་ལས། །བདེན་པར་རང་བཞིན་གྱི། གྲུབ་པ་ཅུང་ཟད་མེད་པར་ལྟ། །སྡུག་བསྔལ་སྤོང་ཕྱིར་མཐུན་རྐྱེན་མཎྜལ་འབུལ་བ་སོགས། ཚོགས་བསགས་སྒྲིབ་འགལ་རྐྱེན། པ་སྦྱངས་སྟོབས་བཞིའི་བཤགས་པ། །སྡུག་བསྔལ་ལྷག་མ་ཀུན་ཀྱང་སྨིན་པའི་གྲོགས། །འབྱུང་པོ་དེ་ཙམ་མི་ནུས་ན་གཏོར་མ་སྦྱིན་བར་ཆད་མི་བྱེད་པར་གྲོགས་འཆོལ། ལ་བཅོས་དཀར་ཕྱོགས་སྐྱོང་རྣམས་ལ། །བྱང་སེམས་སྒོམ་པའི་མཐུན་རྐྱེན་གསོལ་བ་གདབ། །བྱང་ཆུབ་དེ་རིང་ནས་མ་ཤི་བར། སྒྲུབ་བོ་སྙམ་པའི་འཕེན་པ་དང་། །ཡང་ཡང་། བྱང་ཆུབ་ལ་གོམས་ས་བོན་བསོད་ནམས་ཀྱི། ཚོགས་གསག་པ། །ཉེས་པ་ཀུན་གྱི་གཞི་ཡིན་པས །བདེན་འཛིན་སུན་དབྱུང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི། སྨོན་ལམ་བཏབ་(༥༦བ)


GLG015_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །སྟོབས་ལྔའི་ཆོས་དང་ཡང་ཡང་སྦྱར་བར་བྱ། །འཆི་ཚེ་ཆགས་ཞན་ཐམས་ཅད་སྤངས་སྨོན་ལམ་བཏབ། སྟོང་པ་ཉིད་ཀྱི་རྩིས་ཟིན་སྒོ་ནས་བར་དོར་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བའི་འཕེན་པ་བཏང་། པའི། །སྤྱོད་ལམ་གཞོགས་གཡས་ཕབ་ལ་ཉལ་ཏེ་བདེ་སྡུག་གཏོང་ལེན་སྤེལ་མར་སྦྱངས་པའི་ངོས། །བྱང་ཆུབ་སེམས་གཉིས་སྒོམ་པའི་མོད་ཉིད་ལ། །ལུས་སེམས་བྲལ་བ་འཕོ་བའི་གདམས་པ་མཆོག །སངས་རྒྱས་ཀྱིས་གསུངས་པའི། ཆོས་ཀུན་བདག་འཛིན་གཉེན་པོར་སོང་བ་དང་གོ་བ། །རང་ལ་རང་གིས་མ་ཁྲེལ་རྐྱེན་ངན་ཀུན་གྲོགས་སུ་སོང་ནས། །ལམ་དུ་འཁྱེར་ནུས་རྟ་རྩལ་ཅན་ཡེངས་ཀྱང་རྟ་ལས་མི་ལྟུང་བ་ལྟར། ཡེངས་ཀྱང་ཞེ་སྡང་སོགས། གྲོགས་སུ་སོང་ན་སེམས་རྒྱུད་འབྱོངས་བའི་ཚད། །བླང་དོར་ཁྱད་གསོད་ཐོ་ཅོའི་སྤྱོད་པ། མངོན་མཚན་ཆོས་དང་འཇིག་རྟེན་ཀྱི་སྐྱོན་བརྗོད་ནས། གཞན་སྨོད་སྤང་། །ཀུན་ལ་དག་སྣང་སྦྱོང་ཞིང་རང་རྒྱུད་ལ། །གཞན་འབྲེལ་བ་དགོས་ཀྱང་གཙོ་བོར། བརྟགས་ཏེ་ཉོན་མོངས་གང་ཆེ་ཐོག་མར་སྦྱོང་། །འབྲས་བུ་མྱ་ངན་འདས་པའི་རྒྱུ་རུ་བསྔོ། །དགྲ་ལ་ཁོན་འཛིན་ཕ་རོལ་གྱི་ལན་དུ། ཚིག་རྩུབ་གནོད་པའི་ལན་འཇལ་ནུས་པའི་དུས་བྱུང་ཚེ་བྱ་བ་དང་། །དྲག་སྔགས་སོགས་ཀྱིས། ལྷ་འདྲེ་གནད་དབབ་གཡོ་སྒྱུས། རང་ཉེས་གཞན་ལ་འགེལ། །གཞན་ཕུང་བའི་དངོས་པོ་རང་ལ་ཡོང་སྙམ་པ་ལྟ་བུའི། རང་སྐྱིད་ཐབས་སུ་འཚོལ་མི་བྱ། །གློ་བུར་སྡུག་བསྔལ་བྱུང་ན་སེམས་ཅན་ཐམས་ཅད་ལ། དེས་མཚོན་ནས། །བྱང་སེམས་ནན་ཏར་བསྒོམ་པ་ལོག་གནོན་གནད། །སྔ་དྲོ་སེམས་མཆོག་སྒོམ་པའི་འཕེན་པ་དང་། །ཉལ་ཁར་ཉིན་གྱི་སྤྱོད་ལམ་བཟང་ངན་བརྟག །བཤེས་གཉེན་མཇལ་དང་རང་བློ་ལས་སུ་རུང་། །མཐུན་རྐྱེན་འཛོམ་པ་རྒྱུ་ཡི་གཙོ་བོ་སྟེ། །ཡོན་ཏན་རྩ་བ་བླ་མར་མོས་གུས་དང་། །སེམས་ཅན་རྣམས་ལ་ཕྱོགས་མེད་བློ་སྦྱང་ཞིང་། །ཁྱད་པར་རང་ལ་འགྲན་པར་གྱུར་པ་དང་། །དངོས་དང་བརྒྱུད་པའི་སྒོ་ནས་གནོད་བྱེད་དང་། །སྔོན་ལས་དབང་གིས་ཡིད་དུ་མི་འོངས་ལ། །ལྷག་པར་སྙིང་རྗེ་ཆེན་པོ་(༥༧ན)


GLG015_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་གནད། །ཆོས་སྒྲུབ་པ་སོགས་ཀྱི། མཐུན་རྐྱེན་འཛོམ་དང་མ་འཛོམ་གང་བྱུང་ཀྱང་། །ཐམས་ཅད་སེམས་གཉིས་སྒོ་ནས་ལམ་དུ་འཁྱེར། །གཏན་གྱི་བདེ་བ་གཙོ་བོར་སྒྲུབ་པ་ཡིས། །འདི་ཕྱིའི་བདེ་འབྲས་ཐམས་ཅད་ཞར་གྱི་འབྱུང་། །ཆོས་བྱེད་པའི་དཀའ་བའི་སྡུག་བསྔལ། དང་དགྲ་འདུལ་གཉེན་སྐྱོང་སྡུག་བསྔལ་དང་། །ཆོས་ལ་འདུན། དང་ཚེ་འདིའི་དཔལ་འབྱོར་ལ་འདུན་པའོ། །ཆོས་ཀྱི་རོ་མྱང་བ་དང་འཇིག་རྟེན་བདེ་བའི་རོ་མྱངས་དང་། །སྡིག་པ་བྱེད་པར་ཆོས་ཕྱིར་དཀའ་སྤྱད་བྱེད། །ཆོས་ལ་སྦྱངས་དང་ཚེ་འདིའི་དཔལ་འབྱོར་ཆེ་ཐབས་དང་། །འཁོར་འདས་ཀྱི་དགེ་དང་དགྲ་བོ་ཉམས་ལ་དགའ་བ་རྣམས་དཔེར་ན་ཆོས་ཀྱི་ཕྱོགས་རྣམས་མ་འདོད་ལ་དེའི་ཅིག་ཤོས་རྣམས་འདོད་པ་ལྟ་བུ་ག་ལའོ། །རིམ་བཞིན་བཟོད་འདུན་རོ་མྱང་སྙིང་རྗེ་དང་། ཉ་སེམས་དགའ་བའི་གོ་ལོག་དྲུག་ཡིན་ནོ། །ཉམས་ལེན་ངེས་ཤེས་བསྐྱེད་ནས་རྒྱུན་དུ་བསྒོམ། །ཡུལ་ལ་བརྟེན་ནས་དུག་གསུམ་སྐྱེ་མི་སྐྱེ། །བརྟགས་ཏེ་སྐྱེ་ན་དེ་ཡི་གཉེན་པོར་བསྒོམ། །གཞན་ལ། ཕན་བཏགས་རང་གི །མཁས་བཙུན་ཐོས་བསམ་སྒོམ་པ་དང་། །དཀའ་སྤྱད་ལ་བརྟེན་པའི་བྱ་བ་བྱས་པ་ལ། གཞན་ལ་ཡུས་མི་བྱ། །ཅུང་ཟད་ཙམ་ལ་ཁྲོ་དགའི་རྣམ་འགྱུར་དང་། །ཕན་བཏགས་པ་ལ་སྙན་པའི་གྲགས་པ་དང་། །ལན་དང་རྣམ་པར་སྨིན་ལ་མི་རེ་བ། །ཐམས་ཅད་བྱང་ཆུབ་ལམ་ལ་བསྒྱུར་བར་བྱ། །མདོར་ན་སྙིགས་མ་ལྔ་བདོ་མཐུན་རྐྱེན་ཉུང་། །མི་མཐུན་འགལ་རྐྱེན་དུ་མས་གཙེས་དུས་འདིར། །བདེ་སྡུག་ཐམས་ཅད་ལམ་དུ་རབ་བླངས་ནས། །དུག་ལ་སྨན་དུ་གྱུར་པ་ལམ་གྱི་མཆོག །དེ་ལྟར་གསེར་གླིང་པ་དང་ཨ་ཏི་ཤས། །མན་ངག་སྙིང་པོ་རང་སེམས་འདུལ་བའི་ཚུལ། །ཧ་ཅང་ཚིག་གི་སྤྲོས་པ་མ་ཡིན་ལ། །སྙན་ངག་ཚིག་རྒྱན་མེད་པའི་གོ་བདེ་ཞིག །དགོས་ཞེས་མདོ་ཁམས་ཏྲེ་ཧོའི་ཡུལ་གྲུ་ནས། །དཔོན་ཚང་དཀའ་བཅུ་ངག་དབང་(༥༧བ)


GLG015_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་ཀྱིས། །བསྐུལ་ཚེ་ཟ་ཧོར་བནྡེ་སྙོམས་ལས་པས། །དཔལ་ལྡན་འབྲས་སྤུངས་ཆོས་སྡེ་ཆེན་པོར་སྦྱར། །སྤྱི་བོར་སེང་ཁྲི་པདྨ་ཉི་མའི་སྟེང་། །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་ལ། །བྱེ་བ་ཕྲག་བརྒྱར་ལུས་སྤྲུལ་གུས་ཕྱག་འཚལ། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་སྤྲོ། །སྟོབས་བཞིའི་སྒོ་ནས་སྡིག་ལྟུང་མ་ལུས་བཤགས། །རང་གཞན་ཀུན་གྱི་དགེ་ལ་སྙིང་ནས་རང་། །ཟབ་དང་རྒྱ་ཆེའི་ཆོས་འཁོར་སྐོར་བར་བསྐུལ། །འོག་མིན་ཞིང་གི་མགོན་ལྟར་རྟག་བཞུགས་གསོལ། །དགེ་བ་མ་ལུས་བྱང་ཆུབ་ཆེན་པོར་བསྔོ། །མགོན་ཁྱོད་ཐུགས་རྗེས་རྟག་ཏུ་བདག་བྱིན་རློབས། །ཞེས་པ་འདི་ནི་ཕོ་བྲང་ཆེན་པོ་པེ་ཅིང་གི་ཉེ་འདབས་སུ་ལྷ་ཁང་སེར་པོའི་བླ་མ་བསམ་བློ་ཨེར་ཏེ་ནི་ཆོས་རྗེས་དམིགས་བརྩེ་མ་དང་འབྲེལ་བའི་རྒྱུན་གྱི་ཁ་ཏོན་བྱེད་རྒྱུ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །བློ་ལྡན་སྐལ་བཟང་དོན་གཉིས་གྲུབ་པའི་གཟིངས། །རབ་བསྐྱོད་མངོན་མཐོ་ངེས་ལེགས་ནོར་གླིང་དུ། །འཁྲིད་མཛད་དམ་པའི་ཆོས་ཀྱི་དེད་དཔོན་ཆེ། །བསྟན་པའི་རྒྱལ་མཚན་འགྲོ་བའི་མགོན་པོར་འདུད། །གང་གི་ཞལ་ལུང་མ་དྲོས་མཚོ་ཆེན་ལས། །ཉེར་འདས་སྙན་བརྒྱུད་ཛ་ཧུ་ཡི་བུ་མོ། །མས་ལྡན་ལམ་གསུམ་དག་ཏུ་ལེགས་འབབ་པ། །ཆོས་ཕུང་ཆུ་གཏེར་དབུས་སུ་རོ་གཅིག་མཉམ། །དེ་ཕྱིར་སྔོན་ཆད་ཡི་གེར་མ་འཁོད་པའི། །ཟབ་ཟབ་གྲགས་པའི་དབྱར་གྱི་རྔ་གསང་སྒྲ། །སྙིང་ལས་ཆུང་ངུར་བགྱིད་འདོད་རྨ་བྱ་རྣམས། །དགའ་བའི་སྒྲོ་གཤོག་ཟླུམ་པོར་བསྒྱུར་ལ་ལོང་། དེའང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་མན་ངག་མཐའ་དག་མ་ཚང་བ་མེད་པ་ཉམས་སུ་ལེན་པའི་དབེན་ས་སྙན་བརྒྱུད་གསུང་སྒྲོས་འཁྲུལ་མེད་ལྟར་བཀོད་པས། །ཡིད་དུ་འོང་བའི་(༥༨ན)


GLG015_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་དཀོན་མཆོག་གི་རྟེན་བཀྲམ། ཅི་འབྱོར་བའི་མཆོད་གཏོར་བཤམས། བདེ་བའི་སྟན་ལ་འདུག་ནས་སེམས་ཀྱི་ཀུན་སློང་ཉོན་མོངས་པ་དང་འདི་ཕྱིའི་བདེ་འབྲས་ཙམ་དོན་གཉེར་གྱི་བློ་ཡོད་མེད་བརྟག་པ་བཀའ་བརྒྱུད་རིན་པོ་ཆེ་འདི་ཁྱད་ཆོས་ཡིན་གསུང་། །གལ་ཏེ་འདུག་ན་རྟོག་པ་དེ་དག་བསལ་ལ་སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་དང་ལྡན་པའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་སྔོན་གྱི་སྒྲོས་སྙིང་དུ། བདེ་ཆེན་ངང་ནས་རང་ཉིད་བླ་མ་ལྷ། །གང་དེར་གསལ་བའི་སྐུ་ལས་འོད་ཟེར་ཚོགས། །ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་བྱིན་བརླབས་པས། །དག་པ་རབ་འབྱམས་འབའ་ཞིག་ཡོན་ཏན་གྱི། །བཀོད་པའི་ཁྱད་པར་ཕུན་སུམ་ཚོགས་པར་གྱུར། །རབ་དཀར་དགེ་སེམས་ཆེན་པོའི་རང་ཉིད་ནས། །བདག་དང་མཁའ་མཉམ་མ་རྒན་སེམས་ཅན་རྣམས། །དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །ན་མོ་གུ་རུ་ཝེ། ན་མོ་བུདྡྷཱ་ཡ། །ན་མོ་དྷརྨཱ་ཡ། ན་མོ་སངྒཱ་ཡ། མ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་བླ་མ་ལྷར་གྱུར་ནས། །སེམས་ཅན་ཐམས་ཅད་བླ་མ་ལྷའི། །གོ་འཕང་མཆོག་ལ་འགོད་པར་བྱ། །མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཚེ་འདི་ཉིད་ལ་མྱུར་བར་མྱུར་བར་གདོད་མའི་སངས་རྒྱས་བླ་མ་ལྷའི་གོ་འཕང་མངོན་དུ་བྱས་ནས་མ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ། བདེ་ཆེན་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་ལྷའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གྲངས་མང་པོའི་བར་དུ་བརྗོད་ནས་རྒྱུད་འདྲེས་པར་བྱའོ། །མཆོད་གཏོར་རྣམས་གསང་བདེ་འཇིགས་གསུམ་ལྟ་བུའི་རྒྱུད་སྡེ་དང་འབྲེལ་བར་བྱིན་གྱིས་བརླབས། དངོས་གཞི་ལ། མདུན་གྱི་ནམ་མཁར་དཔག་བསམ་གྱི་ཤིང་གི་སྡོང་པོའི་སྟེང་དུ་པདྨ་བདུན་བརྩེགས་ཀྱི་རྣམ་པ་རྒྱ་ཁྱོན་དང་འདབ་མའི་གྲངས་མས་རིམ་ནས་ཇེ་ཆུང་ཇེ་ཉུང་དུ་སོང་བའི་སྟེང་མ་(༥༨བ)


GLG015_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པད་འདབ་བཞི་པའི་ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྒྱལ་བ་བཙོང་ཁ་པ་ཆེན་པོ་སྐུའི་དབྱིབས་ཡོངས་གྲགས་ལྟར་ལ། དེའི་ཐུགས་ཀར་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ། དེའི་ཐུགས་གར་རྡོ་རྗེ་འཆང་བསྒོམ། ཡང་ན་རྗེ་བཙུན་བཅོང་ཁ་པའི་ཚབ་ལ་རང་གི་རྩ་བའི་བླ་མ་གང་ཡིན་ཀྱང་སྒོམ་སྲོལ་ཡོད་གསུང་། ཤར་གྱི་འདབ་མ་ལ་གསང་འདུས་མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་དང་། དེར་མ་ཟད་འཇམ་རྡོར་སོགས་གསང་འདུས་སུ་གཏོགས་པའི་དཀྱིལ་འཁོར་གང་འདོད་བསྒོམ། དེས་མཚོན་པའི་བདེ་མཆོག་བསྒོམ་པའི་འདབ་མར་མ་རྒྱུད་ཀྱི་རིགས་ཀྱི་དཀྱིལ་འཁོར་གང་དགོས་བསྒོམས་བཞིན་རྣམས་ལའང་རིགས་པའི་འཕྲུལ་ཤེས་པ་བྱེད་གསུང་། ལྷོའི་འདབ་མར་འཁོར་ལོ་སྡོམ་པ། ནུབ་ཀྱི་འདབ་མར་རྡོ་རྗེ་འཇིགས་བྱེད། བྱང་གི་འདབ་མར་དུས་ཀྱི་འཁོར་ལོའི་ལྷ་ཚོགས་རྣམས་གསལ་འདེབས། དེའི་ཕྱི་རིམ་འདབ་མ་གཉིས་པ་ལ་མདུན་ནས་བརྩམས་ཏེ་ཀུན་རིག་སོགས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་གང་འདོད་བསྐྱེད་པའི་འདབ་མའི་ཁ་གྲངས་དཀྱིལ་འཁོར་ཙམ་ཡོད་དང་བསྟུན་ཆོག་པས་ངེས་པ་མེད། དེའི་ཕྱི་རིམ་གྱི་འདབ་མ་གསུམ་པར་རྣམ་སྣང་མངོན་བྱང་སོགས་སྤྱོད་རྒྱུད། དེའི་ཕྱི་རིམ་འདབ་མ་བཞི་པར་དམ་ཚིག་གསུམ་བཀོད་སོགས་བྱ་རྒྱུད། དེའི་ཕྱིའི་འདབ་མ་ལྔ་པར་བྱང་ཆུབ་སེམས་དཔའི་དགེ་འདུན། དེའི་ཕྱི་རིམ་འདབ་མ་དྲུག་པར་ཉན་རང་གི་དགེ་འདུན། དེའི་ཕྱིའི་འདབ་མ་བདུན་པའི་ཤར་གྱི་པད་འདབ་ལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་བཅས། དེའི་གཡས་སུ་མགོན་པོ་གདོང་བཞི་པ། ལྷོའི་འདབ་མ་ལ་མགོན་པོ་ཕྱག་བཞི་པ། ནུབ་ཀྱི་འདབ་མ་ལ་གུར་གྱི་མགོན་པོ། །བྱང་གི་འདབ་མ་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། ཤར་ལྷོའི་འདབ་མ་ལ་ལས་གཤིན་ཕྱི་སྒྲུབ་བམ་ནང་སྒྲུབ་གང་རུང་། ལྷོ་ནུབ་ཀྱི་འདབ་མ་ལ་ལྷ་མོ་དུད་པའི་སོལ་ཅན། ནུབ་བྱང་གི་འདབ་མ་ལ་དཔལ་ལྡན་དམག་ཟོར་མ།(༥༩ན)


GLG015_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཤར་གྱི་འདབ་མ་ལ་མ་གཅིག་དཔལ་གྱི་ལྷ་མོ། དེར་མ་ཟད་རང་གང་འདོད་པའི་ཆོས་སྐྱོང་ཅི་ཡོད་པད་འདབ་གྲངས་མང་དུ་བཏང་ནས་བསྒོམ་མཆོག་གསུང་། རྩ་བའི་བླ་མའི་དབུ་གཙུག་ན་རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་ལྟ་བརྒྱུད། ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་བླ་མ་རྣམས་དང་ཡི་དམ་ཆོས་སྐྱོང་སོ་སོའི་ཐད་དུ་བརྒྱུད་པའི་བླ་མ་རྣམས་བསྒོམ་གསུང་། དེ་ལྟར་གསལ་བའི་བླ་མ་ལྷའི་ཚོགས་ཀྱིས་གནས་གསུམ་བྱིན་གྱིས་བརླབས། ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་གྱིས་རང་གི་གནས་ནས་བསྒོམས་པ་དང་འདྲ་བའི་ལྷ་ཚོགས་སྤྱན་དྲངས་པར་བསམས་ལ། མ་ལུས་སེམས་ཅན་མ་སོགས་ཚིགས་བཅད་ཅི་རིགས་བརྗོད་ཅིང་ཛཿཧཱུཾ་བཾ་ཧོཿ ས་གཉིས་མེད་དུ་བསྟིམ། ཁྲུས་གསོལ་སྤྲོ་ན་སྤྱི་ལྟར་བྱ། སངས་རྒྱས་འདུས་སྐུ་སོགས་བླ་མ་སྤྱིའི་བསྟོད་པ་ཅི་རིགས་པ་བརྗོད་རྗེས། སྒོས་ཀྱི་བརྒྱུད་འདེབས། བདེ་ཆེན་མགོན་པོ་བློ་བཟང་གྲགས་པའི་དཔལ། །གྲགས་པ་རྒྱལ་མཚན་དར་མ་རིན་ཆེན་དང་། །འཇམ་དཔལ་རྒྱ་མཚོ་དགེ་ལེགས་དཔལ་བཟང་སོགས། །རྒྱལ་བ་ཡབ་སྲས་རྣམས་ལ་ཕྱག་འཚལ་ལོ། །ཤེས་རབ་སེང་གེ་དགེ་འདུན་གྲུབ་པ་དང་། །ཆོས་ཀྱི་རྒྱལ་མཚན་བློ་གྲོས་སྦས་པ་དང་། །ཆོས་ཀྱི་རྡོ་རྗེ་སྐྱབས་མཆོག་དཔལ་ལ་སོགས། །དགའ་ལྡན་མཁས་གྲུབ་རྣམས་ལ་ཕྱག་འཚལ་ལོ། །གྲུབ་པའི་དབང་ཕྱུག་རྒྱལ་བ་དབེན་ས་པ། །རྒྱལ་ཚབ་དམ་པ་སངས་རྒྱས་ཡེ་ཤེས་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་སྟེ། །བསྟན་པའི་སྒྲོན་མེ་གསུམ་ལ་ཕྱག་འཚལ་ལོ། །དེའང་ཤློ་ཀ་དང་པོ་གཉིས་རྗེ་སངས་རྒྱས་ཡེ་ཤེས་དང་ཕྱི་མ་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ཡིན་ནའང་། །དགེ་ལུགས་ཀྱི་བླ་མ་རགས་རིམ་བསྡུས་པའི་ངོ་མཚར་བརྒྱུད་པར་སྣང་། །འདི་གའི་བརྒྱུད་པ། རྡོ་རྗེ་འཆང་། ཐུབ་དཀར། འཇམ་དབྱངས། དཔའ་བོ་རྡོ་རྗེ། རྗེ་བཙུན་བཙོང་ཁ་པ། རྟོགས་ལྡན་འཇམ་དཔལ་(༥༩བ)


GLG015_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ། བ་སོ་ཆོས་རྒྱལ་བ། གྲུབ་ཆེན་ཆོས་རྡོ་རྗེ། རྗེ་བློ་བཟང་དོན་གྲུབ། བླ་མ་སངས་རྒྱས་ཡེ་ཤེས། དེ་ལ་པཎ་ཆེན་ཆོས་ཀྱི་རྒྱལ་པོས་གསན་ཞིང་། ཉེ་བརྒྱུད་དབེན་ས་པ་བློ་བཟང་དོན་གྲུབ་ཀྱིས་རྒྱལ་བ་བཙོང་ཁ་པར་དག་སྣང་གི་ཚུལ་དུ་གསན་པར་བཞེད། མཆོད་པ་རྒྱས་པར་སྤྲོ་ན་གསང་བདེ་འཇིགས་གསུམ་སོགས་རྒྱུད་སྡེ་ནས་བཤད་པའི་མཆོད་ཕྲེང་རྣམས་ལེན། བསྡུས་པར་འདོད་ན་མཎྜལ་ཕུལ་རྗེས་བཟང་པོ་སྤྱོད་པའི་ཡན་ལག་བདུན་པ་བྱ། གཉེན་པོ་སྟོབས་བཞིའི་བཤགས་པ་དང་སྡོམ་པ་གསུམ་གྱི་ཕྱིར་བཅོས་ཀྱང་བྱེད་གསུང་དེ་ནས་གུས་པ་ཆེན་པོས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལེགས་ཞུགས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ལེགས་པར་སྩལ་ནས་ནི། །བླ་མ་ཁྱེད་རང་ལྟ་བུར་བྱིན་བརླབས་ནས། །འགྲོ་ཀུན་བདེ་ཆེན་གནས་ལ་འགོད་པར་ཤོག །དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་། །དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །བདུད་དཔུང་མ་ལུས་འཇོམས་པའི་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས། །སྐྱབས་གསུམ་ཀུན་འདུས་བླ་མ་སངས་རྒྱས་ལ། །སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས། །རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཞེས་དབེན་ས་ལུགས་ཀྱི་དམིགས་བརྩེ་མ་ཐུན་མོང་མ་ཡིན་པ་དང་ཐུན་མོང་བ་ཡོངས་གྲགས་ཀྱི་དམིགས་བརྩེ་མའི་གསོལ་འདེབས་མང་དུ་བརྗོད་པས་བླ་མ་ལྷའི་སྐུ་ལས་བྱུང་བའི་འོད་ཟེར་རང་ལ་ཕོག་པས་སྡིག་སྒྲིབ་ནད་གདོན་ཐམས་ཅད་དག །བདུད་རྩི་དང་འོད་ཟེར་གྱིས་ལུས་གང་། ཚེ་བསོད་ནམས་དཔལ་འབྱོར་ངེས་འབྱུང་བྱང་ཆུབ་ཀྱི་སེམས་སྟོང་ཉིད་རྟོགས་(༦༠ན)


GLG015_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ་རིམ་གཉིས་ཀྱི་རྟོགས་པ་རྣམས་རྒྱུད་ལ་སྐྱེས་པར་བསམས། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས། །ཆོས་རྗེ་སངས་རྒྱས་རིན་ཆེན་ལ་གསོལ་བ་འདེབས། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །བླ་མ་དགོས་འདོད་ཀུན་འབྱུང་ལ་གསོལ་བ་འདེབས། །བླ་མ་སྐྱབས་གསུམ་ཀུན་འདུས་ཀྱི་བདག་ཉིད་བླ་མ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཞེས་མང་དུ་བརྗོད། དེང་ནས་བརྩམས་ཏེ་ཚེ་རབས་ཀུན་ཏུ་བདག །ཅེས་པ་ནས་བཟུང་སྟེ། འགྲོ་བའི་འདྲེན་པ་འགྱིད་པར་བྱིན་གྱིས་རློབས་ཀྱི་བར་ས་གསུམ་མ་ལྟར་བརྗོད། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ཁྲིད་དམིགས་ཉམས་སུ་ལེན་ན། སྐབས་འདིར་བྱ་གསུང་། དགའ་ལྡན་ཕྱག་ཆེན་དུ་གྲགས་པ་འདིའི་ལེ་ལག་ཡིན་པར་མཛད། དབང་བཞི་ལེན་པ་ནི། མཎྜལ་ཕུལ། གང་དྲིན་མ་དང་ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་བ་བཏབ། སངས་རྒྱས་ཆོས་ཚོགས་མས་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་། རིགས་ལྔའི་སྡོམ་གཟུང་དཀྱུས་ལྟར་བྱ། བླ་མ་ལྷའི་ཚོགས་རྣམས་ཀྱིས་བདག་ལ་ད་ལྟ་ཉིད་དུ་དབང་བཞི་རྫོགས་པར་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྤྲུལ་པའི་རང་འདྲའི་ཡེ་ཤེས་པ་ཕྱག་ན་བུམ་པ་སོགས་ཐོགས་པ་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བྱུང་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཧཱུཾཿ ཞེས་དབང་བསྐུར་བའི་ཐོག་མ་མེད་པ་ནས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ས་བོན་དང་བཅས་པ་ཐམས་ཅད་སྦྱངས། དེ་ཐམས་ཅད་རང་གི་ལུས་ལ་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཐམས་ཅད་བདུད་རྩིས་གང་། ལུས་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་སྤངས། བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་(༦༠བ)


GLG015_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པར་བསམ། ཡང་བླ་མ་ལྷའི་ཚོགས་ཐམས་ཅད་ཡུམ་དང་སྙོམས་པར་ཞུགས་པའི་སྦྱོར་མཚམས་དང་སྐུའི་ཆ་ཤས་ལས་བྱང་སེམས་དཀར་དམར་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བྱུང་ནས་རང་གིས་ཁ་དང་ལུས་གྱི་ཆ་ཐམས་ཅད་ལ་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང་། གསང་བའི་དབང་ཐོབ། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ས་བོན་དང་བཅས་པ་སྦྱངས། བདེ་བ་ཆེན་པོ་རྒྱུད་ལ་སྐྱེས། ངག་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་སྦྱངས། སྒྱུ་ལུས་སྒོམ་པ་ལ་དབང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པར་བསམ། ཡང་བླ་མ་ལྷའི་ཚོགས་རྣམས་ཀྱི་སྐུ་ལས་སྤྲུལ་བའི་ཡེ་ཤེས་ལྷ་མོའི་ཚོགས་དཔག་ཏུ་མེད་པར་བྱུང་ནས། རང་དང་རང་གི་ལྷ་མོ་ལ་ཐིམ། རང་རིག་མ་དང་སྙོམས་པར་ཞུགས་ནས་ལྷན་སྐྱེས་ཀྱི་བདེ་བ་ཁྱད་པར་ཅན་དང་བདེ་བ་དེས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐོག་མེད་ནས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ས་བོན་དང་བཅས་པ་ཐམས་ཅད་སྦྱངས། ཡིད་ཐ་མལ་དུ་ཞེན་པའི་དྲི་མ་སྦྱངས། འོད་གསལ་སྒོམ་པ་ལ་དབང་བར་བྱས། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པར་བསམ་མོ། །ཡང་བླ་མ་ལྷའི་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་སྐུའི་ཆ་ཤས་ལས་ཨོཾ་ཨཱཿཧཱུྃ་བདུད་རྩི་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བྱུང་ནས་རང་གི་ལུས་ཀྱི་ཆ་ཐམས་ཅད་ལ་ཐིམ་པས་དབང་བཞི་ཐོབ། ཐོག་མ་མེད་པ་ནས་བསགས་པའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ས་བོན་དང་བཅས་པ་དང་ཁྱད་པར་ཤེས་སྒྲིབ་ས་བོན་དང་བཅས་པ་སྦྱངས། བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་སྒོམ་པ་ལ་དབང་བར་བྱས། ལུས་ངག་ཡིད་གསུམ་ཐ་མལ་དུ་འཛིན་པའི་སྣང་ཞེན་གྱི་དྲི་མ་ཐམས་ཅད་སྦྱངས་ནས་འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་ཟུང་འཇུག་(༦༡ན)


GLG015_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པར་བསམ། དབང་རྒྱས་པར་སྤྲོ་ན། གང་གི་པདྨ་འདབ་བདུན་གྱི་ལྷ་ཚོགས་ཀྱི་ཕྱི་རོལ་ཏུ་གཞལ་ཡས་ཁང་རྡོ་རྗེ་མེ་རི་སོགས་གང་རུང་བསྒོམ་ཞིང་རྡུལ་ཚོན་རས་བྲིས་ཚེམ་བུའི་དཀྱིལ་འཁོར་གང་རུང་ལ་བརྟེན་གསང་འདུས་ལྟ་བུའི་དཀྱིལ་ཆོག་ཁ་སྤོས་ནས་དབང་ཡོངས་རྫོགས་བསྐུར་བ་དང་ལེན་པ་སོགས་བྱས་ཆོག་གསུང་ཡང་འབྲུག་ལུགས་ཀྱི་ཤན་ཤོར་བ་འདྲ། འཇམ་དབྱངས་ས་པཎ་གྱི་སྡོམ་གསུམ་དང་མཁས་གྲུབ་རིན་པོ་ཆེའི་སྡོམ་གསུམ་རྣམ་གཞག་ལྟར་ན་འཕགས་བོད་ཀྱི་པཎ་གྲུབ་རྩོད་མེད་ཡོངས་གྲགས་ཀྱི་བཞེད་ལུགས་དང་མི་འབྲེལ་བའི་ཐེ་ཚོམ་གྱི་གཞིར་སྣང་ངོ་། །དབང་བླངས་རྗེས། གསང་བདེ་འཇིགས་གསུམ་གྱི་ཁྲིད་ཀྱི་ཉམས་ལེན་ཡང་བློའི་བབས་དང་བསྟུན་ནས་བྱ། རང་ལུས་ལ་བརྟེན་ནས་ཚོགས་གསོག་པ་ནི། མདུན་བསྐྱེད་ཀྱི་འོག་ཏུ་གདོན་བགེགས་སོགས་རིགས་དྲུག་གི་སེམས་ཅན་རྣམས་གསལ་བཏབ། བླ་མ་ལྷའི་ཚོགས་རྣམས་ཀྱིས་བདག་གི་ལུས་འདི་ལ་བརྟེན་ནས་ཚོགས་རྒྱ་ཆེན་པོ་གསོག་པར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཨོཾ་ཨཱཿཧཱུཾ་བརྗོད་པ་ལ་བརྟེན་མི་མགོའི་སྒྱེད་བུ་རི་རབ་ཙམ་པ་གསུམ་བྱུང་པར་མོས། རང་སེམས་བླ་མའམ་ཡི་དམ་གྱི་རྣམ་པར་སྤྱི་བོ་ནས་ཐོན། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོ་མ་གྲི་གུག་ཐོགས་པས་ཐོད་པ་ཕྲོག་ནས་སྒྱེད་བུའི་ཁར་བཙུགས། ལུས་ཐམས་ཅད་གཏུབས་ནས་བླུག་པར་མདུན་བསྐྱེད་བྱིན་གྱིས་བརླབས། མཁའ་འགྲོ་མ་ཐོད་པ་ཐོགས་པས་བཅུས་ཏེ་མཆོད་ཡུལ་རྣམས་ལ་འབུལ། རིགས་དྲུག་ལ་བྱིན་པས་ཚོགས་གཉིས་རྫོགས་པར་བསམ། བཟླས་པ་བྱ་བ་ནི། ཕྱི་སྒྲུབ་ལ་དམིགས་ནས། ཨོཾ་ཨཱཿགུ་རུ་སུ་མ་ཏི་ཀཱིརྟི་ཧཱུྃ། ཡང་ན་རྩ་བའི་བླ་མ་སུ་ཡིན་གྱི་མཚན་སྔགས་བརྗོད། ནང་སྒྲུབ་མུ་ནི། གསང་སྒྲུབ་བཛྲ་དྷྲིཀ །གསང་འདུས་སོགས་ཡི་(༦༡བ)


GLG015_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་སྐྱོང་རྣམས་ཀྱི་བཟླས་པ་སོ་སོའི་སྐབས་ནས་བྱུང་བ་བཞིན་བྱ། བཀང་གསོ་དང་གཏོར་འབུལ་ནི། ཐོག་མར་བླ་མ་མགོན་པོ་དབྱེར་མེད་ཀྱི་རྣལ་འབྱོར་དང་སྒྲིབ་སེལ་གྱི་མན་ངག་བཞིན་ཡིག་བརྒྱ་ཉེར་གཅིག་ཙམ་བཟླས། ཆོས་སྐྱོང་སོ་སོའི་བཤགས་པའམ་བསྡུ་ན་ཕྱག་དྲུག་པའི་བཤགས་པ་འདོན། བཀང་རྫས་བྱིན་གྱིས་བརླབས། ཕྱག་དྲུག་པའི་བཀང་བ་ལ་ཆོས་སྐྱོང་གཞན་རྣམས་བཀང་གྲལ་ཏུ་བཅུག་པའམ་སྤྲོ་ན་སོ་སོའི་བཀང་བ་གཏོང་། ལོང་ཡོད་ཅིང་སྤྲོ་བ་འདོད་ན་ཆོས་སྐྱོང་རྣམས་ཀྱི་བཟླས་པ་འདིར་བྱ་དགོས་པས་དེའི་སྔོན་དུ་མགོན་པོ་གནད་འབེབ་ཀྱི་རྣལ་འབྱོར་བསྒོམ། གཏོར་མ་གཞུང་བཞིན་བྱིན་གྱིས་བརླབས་ནས་སོ་སོའི་སྔགས་ཀྱིས་དབུལ་ཞིང་ནང་མཆོད་ཀྱང་འབུལ། བསྟོད་པ་ཅི་རིགས་པ་བྱ། རྒྱུན་འཁྱེར་བསྡུས་པར་འདོད་ན་གཏོར་བསྔོ་ཙམ་གྱིས་མཐུས། བར་ཆད་ཞི་བའི་དོན་དུ་དྲུག་ཅུ་པ་བསྡུས་པའང་སྐབས་འདིར་བསྔོ་རུང་གསུང་། ལྕགས་མཁར་ཟུར་བཅུ་དྲུག་པའང་འདིའི་ཆ་ལག་ཏུ་བཞེད་རུང་རྩ་ཚིག་ཞ་ལུ་པ་ལེགས་རྒྱན་གྱིས་མཛད་ཅིང་བོད་སྔ་རབས་པ་ལའང་གྲགས་པས་དཔྱད་གཞིར་སྣང་། འདོད་དོན་ལ་གསོལ་བ་གདབ་ཅིང་སྨོན་ལམ་བྱ། ཉེར་བསྡུ་ནི། བརྒྱུད་པའི་བླ་མ་རྣམས་དང་ཐེག་པ་གསུམ་གྱི་དགེ་འདུན། རྒྱུད་སྡེ་ཕྱི་མ་གསུམ་གྱི་ལྷ་རྣམས་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ། འདུས་པ་སོགས་བླ་མེད་ཀྱི་དཀྱིལ་འཁོར་བཞི་དང་ཆོས་སྐྱོང་སྲུང་མ་རྣམས་བདག་ལུས་ལ་བརྟན་པར་བཞུགས་སུ་གསོལ་ཞེས་གསོལ་བ་བཏབ་པས་རང་ལུས་རྩ་གསུམ་འཁོར་ལོ་ལྔ་ལྡན་དུ་གསལ་བར་བྱོན་ཏེ། སྤྱི་བོའི་རྩ་འདབ་སོ་གཉིས་ལ་འདུས་པ་ལྷ་སོ་གཉིས། མགྲིན་པའི་རྩ་འདབ་བཅུ་དྲུག་ལ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས། སྙིང་གའི་རྩ་འདབ་བརྒྱད་ལ་འཇིགས་བྱེད་ལྷ་བཅུ་གསུམ། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་གཉིས་ལ་དུས་ཀྱི་འཁོར་ལོའི་ལྷ་དྲུག་བརྒྱ་སོ་བཞི། གསང་གནས་ཀྱི་རྩ་འདབ་སོ་གཉིས་ལ་ཆོས་སྐྱོང་སྲུང་མ་རྣམས་(༦༢ན)


GLG015_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འགོད། ལྷ་དང་རྩ་གྲངས་ནང་མཐུན་ཀྱང་ཁྲོམ་ཚོགས་ལྟ་བུ་ཡིན་ནམ་སྙམ་ཞལ་ཤེས་ཟུར་པ་མི་སྣང་། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས་རྩ་བའི་བླ་མ་དེ་ཉིད་རང་གི་སྤྱི་བོ་ནས་ཐིམ་པས་རང་ཉིད་རྡོ་རྗེ་འཆང་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གྱུར་པའི་སྐུ་ལས་བདུད་རྩི་དང་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། དེ་ཐམས་ཅད་རྡོ་རྗེ་འཆང་དུ་གྱུར་པ་རང་ཉིད་ལ་ཐིམ་པར་བསམ། གསང་བདེ་འཇིགས་གསུམ་གྱི་རིམ་གཉིས་ཀྱི་སྨོན་ལམ་དང་ཤིས་བརྗོད་རྒྱས་པར་བྱའོ། །དེ་ལྟར་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ། །སྙན་བརྒྱུད་རི་བོང་འཛིན་པའི་འོད་ཟེར་གྱིས། །གདུལ་བྱའི་སྙིང་གི་ཀུནྡ་བཞད་པར་ཤོག །ཅེས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དབྱེར་མེད་དུ་སྒྲུབ་པའི་ཡི་གེ་འདི་ནི། ཤིང་རྟ་ལོ་གཡས་རུ་གཙང་གི་རྒྱལ་ཁམས་སུ་བགྲོད་པའི་ཚེ་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་ལུང་ལས་ཇི་ལྟར་ཐོས་པ་བཞིན་བརྗེད་བྱང་དུ་བཀོད་དེ་སྤྱན་སྔར་ཕབ་ནས་ཞུས་དག་པའི་རེག་ཟིག་གཅིག་ཡོད་པར་ཉེ་ཆར་སྐྱིད་ཤོད་ཆོས་རྗེ་བློ་བཟང་བསྟན་འཛིན་གྱིས་ནན་ཆེན་པོས་བསྐུལ་བ་ལ་བརྟེན་ནས་རང་བཟོ་སྤངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེའི་བྱེད་པོ་དཀར་བྲག་པ་ངག་དབང་བྱམས་པའོ། །བླ་མའི་རྣལ་འབྱོར་སྒོམ་པར་འདོད་པས། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་གྱིས་རྒྱུད་དག་པར་བྱས། སྭཱ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས། མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་ཁྲི། །པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད། །རྣམ་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། །སྐུ་མདོག་མཐིང་ཁ་ཨིནྜ་ནཱི་ལའི་མདངས། །མཚན་དཔེའི་དཔལ་འབར་ལོངས་སྐུའི་ཆ་ལུགས་ཅན། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །རང་སྣང་ཤེས་རབ་མ་(༦༢བ)


GLG015_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཉམ་པར་སྦྱོར། །སྐུ་ལ་དེ་བཞིན་གཤེགས་པ་ཡབ་དང་ཡུམ། །སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་རྫོགས། །འོད་འཕྲོས་ཉི་མ་བྱེ་བའི་གཟི་བརྗིད་ཅན། །དེ་ཡི་དཔྲལ་བར་ཨོཾ་དཀར་མགྲིན་པའི་དབུས། །ཨོཾ་དམར་ཐུགས་ཀར་ཧཱུྃ་མཐིང་གིས་མཚན་པའི། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་བླ་མ་དང་། །རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷ་ཚོགས་ལ། །སངས་རྒྱས་བྱང་སེམས་རང་རྒྱལ་ཉན་ཐོས་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས། ཐོགས་པ་མེད་པ་བཛྲ་ས་མཱ་ཛ། །དམ་ཆོས་ཡེ་ཤེས་གཉིས་སུ་མེད་པ་ཡི། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །བརྒྱ་ཕྲག་ལུས་སྤྲུལ་གྲངས་མེད་ཕྱག་འཚལ་ཞིང་། །ལྷ་མིའི་འབྱོར་བ་ཕུང་པོར་སྤུངས་ནས་མཆོད། །སྔོན་བསགས་ཕྲ་རགས་སྡིག་པ་སྙིང་ནས་བཤགས། །དགེ་ཚོགས་བསགས་པ་ཀུན་ལ་རྗེས་སུ་རང་། །མགོན་པོ་བསྐལ་བར་མྱ་ངན་མི་འདར་བསྐུལ། །ཐེག་གསུམ་ཆོས་ཀྱི་འགྲོ་ཀུན་སྨིན་གྲོལ་གསོལ། །རང་གཞན་རྣམས་ཀྱིས་ཆོས་དཀར་ཅི་བསགས་པ། །མཐའ་ཡས་སེམས་ཅན་ཡོངས་ཀྱི་དོན་དུ་བསྔོ། །རང་གང་མོས་པའི་བླ་མ་སུ་ཡིན་གྱི་གསོལ་འདེབས་ཀྱི་ཚིག་དང་བསྟུན་གསོལ་བ་ཕུར་ཚུགས་སུ་བཏབ་རྗེས། །བླ་མའི་དཔྲལ་བའི་ཨོཾ་ལས་འོད་དཀར་འཕྲོས། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་དག །བུམ་དབང་གིས་སྨིན་སྐུ་ཡི་དངོས་གྲུབ་ཐོབ། །མགྲིན་པའི་ཨཱ་ལས་འོད་ཟེར་དཀར་པོ་འཕྲོས། །རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་དག །གསང་དབང་གིས་སྨིན་གསུང་གི་དངོས་གྲུབ་ཐོབ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་འཕྲོས། །སྙིང་ཁར་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག །ཤེར་དབང་གིས་སྨིན་ཐུགས་ཀྱི་དངོས་གྲུབ་ཐོབ། །སླར་ཡང་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །ཅིག་ཅར་ཐིམ་པས་སྒོ་གསུམ་སྒྲིབ་པ་དག །ཚིག་དབང་གིས་སྨིན་དངོས་གྲུབ་མ་ལུས་ཐོབ། །སྐྱབས་གནས་ཐམས་ཅད་(༦༣ན)


GLG015_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་ངོ་བོ་ཉིད། །དཔལ་ལྡན་རྩ་བའི་བླ་མ་དམ་པ་ལ། །སྙིང་ཁུང་རུས་པའི་དཀྱིལ་ནས་གསོལ་བ་འདེབས། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས་ཏུ་གསོལ། །རྩེ་གཅིག་གསོལ་བ་བཏབ་པས་འོད་དུ་ཞུ། །འོད་སྔོན་བཻཌཱུར་ཞུན་མ་ལྟར་འཚེར་པ། །སྤྱི་བོར་ཐིམ་པས་བླ་མའི་སྐུ་གསུང་ཐུགས། །རང་གི་སྒོ་གསུམ་ངོ་བོ་དབྱེར་མེད་གྱུར། །ཞེས་ཅུང་ཟད་མཉམ་པར་བཞག་ནས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་བསྔོ་སྨོན་བྱའོ། །ཞེས་པ་འདི་ཡང་དཔོན་མོ་ཚེ་དབང་རྒྱལ་མོས་རྒྱང་རིང་པོ་ནས་བསྐུལ་བ་ལྟར་སྡོམ་བརྩོན་སྡེ་སྣོད་གསུམ་པ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །སྤྱི་བོར་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་ཞཱ་སེར་ཅོད་པཎ་འཛིན། །ངུར་སྨིག་གོས་ཀླུབས་ཆོས་འཆད་གླེགས་བམ་བསྣམས། །སྐྱབས་གསུམ་འདུས་པའི་ངོ་བོར་གསོལ་བ་འདེབས། །རང་བྱུང་དྷཱུ་ཏཱི་ལུས་ཀྱི་དཀྱིལ་འཁོར་ཆེར། །བདེ་ཆེན་ལོངས་སྤྱོད་ཆོས་ཀྱི་འཁོར་ལོའི་དབུས། །འཇམ་དབྱངས་འཇིག་རྟེན་དབང་ཕྱུག་གསང་བའི་བདག །དབང་པོའི་གཞུ་ལྟར་བཀྲ་ལ་གསོལ་བ་འདེབས། །བླ་མ་ཡི་དམ་རྣམ་པ་སོ་སོ་རུ། །ཤར་ཡང་ངོ་བོ་གཅིག་པར་རབ་ཤེས་པའི། །ངེས་རྙེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཐུགས་རྗེའི་བྱིན་རླབས་བདག་ཉིད་ལ་འཇུག་མཛོད། །ནད་གདོན་བགེགས་རིགས་མི་མཐུན་ཕྱོགས་སུ་བཞི། །ཚེ་དཔལ་བསོད་ནམས་ལུང་རྟོགས་ཡོན་ཏན་སོགས། །ཆོས་དང་སྲིད་གྱི་ལེགས་ཚོགས་མ་ལུས་པ། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །སངས་རྒྱས་ཆོས་དང་དགེ་འདུན་ཐུགས་རྗེ་དང་། །མཁའ་འགྲོ་དམ་ཅན་སྲུང་མའི་ནུས་མཐུའི་སྟོབས། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་ཡིས། །སྨོན་པའི་རེ་བ་མ་ལུས་སྐོང་བར་ཤོག །ཅེས་གར་མི་ཡོན་ཏན་གཡུང་དྲུང་གི་གདན་ས་ཆེན་པོ་རྫིང་ཕྱི་(༦༣བ)


GLG015_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆེན་ཅོ་ནེ་ཆོས་རྗེ་ཚུལ་ཁྲིམས་དར་རྒྱས་བསྟན་གཞུང་གི་ཆེད་དུ་བྱང་ཕྱོགས་ཧོར་གྱི་རྒྱལ་ཁམས་སུ་འདེག་པར་ཉེ་བའི་ཚེ་རྩ་བའི་བླ་མ་རིགས་གསུམ་མགོན་པོ་དང་དབྱེར་མེད་དུ་གསོལ་བ་བཏབ་ཆོག་པ་འདི་ལྟ་བུ་ཞིག་དགོས་ཞེས་གསུང་གིས་བསྐུལ་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་གྲགས་པའོ། །སྙིང་དབུས་པདྨ་འདབ་བརྒྱད་ཁ་བྱེ་བའི། །སྙིང་ཚིལ་ཟེའུ་འབྲུ་རབ་ཏུ་རྒྱས་པའི་སྟེང་། །མི་ཕྱེད་དད་པའི་ཉི་གཞོན་དཀྱིལ་འཁོར་ལ། །རང་སེམས་བླ་མ་འཇམ་དབྱངས་དབྱེར་མེད་པ། དྷཱི་ཧྲཱིཿདམར་སེར་རིང་ཆ་ཚེག་དྲག་ཅན། །ཡོངས་གྱུར་ཞལ་གཅིག་ཕྱག་གཉིས་གུར་གུམ་མདོག །ཞི་ཞིང་ལེགས་འཛུམ་ཉམས་དང་ལྡན་པའི་ཞལ། །དབུ་སྐྲ་བུང་བ་ལྟ་བུར་གནག་སྣུམ་མཛེས། ཕྱག་གཉིས་ཨུཏྤལ་བཟུང་བས་གླེགས་རལ་བཏེག །རིན་ཆེན་རུས་རྒྱན་དར་གྱི་ན་བཟའ་གསོལ། །རང་འདྲའི་དབྱངས་ཅན་ལྷ་མོ་སྐུ་ལ་འཁྲིལ། །ཡབ་ཡུམ་རྡོ་རྗེ་པདྨའི་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་པད་སྟེང་རིགས་ལྔ་ཡབ་ཡུམ་གྱི། །སྙིང་དཀྱིལ་ཟླ་ཉིར་ཐུགས་སྲོག་སྔགས་འཁོར་གྱི། །སྲས་བཅས་རྒྱལ་བའི་མཁྱེན་བརྩེའི་ནུས་པ་ལས། །འགྲོ་རྣམས་མི་ཤེས་རྨོངས་པའི་གཉིད་ལས་སད། །བདག་པོ་བློ་གྲོས་སྣང་བ་ཆེས་ཆེར་གསལ། །འཁོར་བའི་གཞི་རྩ་མ་ལུས་དྲུང་ནས་ཕྱུངས། །མྱ་ངན་འདས་པའི་ཡོན་ཏན་ཐམས་ཅད་ཐོབ། །མཁའ་མཉམ་འགྲོ་ཀུན་སྒྲོལ་བའི་ནུས་ལྡན་གྱུར། ཨོཾ་ཨ་ར་པ་ཙ་ན་དྷཱི་ཧྲཱི༔ ཞེས་ཅི་ནུས་སུ་བཟླས་མཐར། བླ་མ་ཡི་དམ་ངོ་བོ་དབྱེར་མེད་ལ། །ཤུགས་དྲག་གདུང་བས་གསོལ་བ་བཏབ་པའི་མཐུས། །འདི་ཕྱི་བར་དོ་ཀུན་ཏུ་རྗེས་བཟུང་ནས། །མཆོག་ཐུན་དངོས་གྲུབ་འགྲུབ་པར་མཛད་དུ་གསོལ། །ཞེས་པ་འདིའང་ཨུ་པ་ཤིང་ངག་དབང་རིན་ཆེན་གྱི་བསྐུལ་བའི་ངོར་ཟ་ཧོར་གྱི་བན་དེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དུ་འཇམ་དབྱངས་གྲགས་པའོ། །(༦༤ན)


GLG015_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་རྒྱས་པའམ་སངས་རྒྱས་ཆོས་ཚོགས་མ་ལྟ་བུ་སྔོན་དུ་བཏང་ནས། །སྭ་བྷཱ་ཝས་སྦྱངས། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཐའ་གཉིས་དང་བྲལ་བ་དབུ་མའི་ལམ་རང་བཞིན་གྱི་གྲུབ་པས་སྟོང་པའི་སྟོང་པ་ཉིད་ཀྱི་ངང་ནས། སྣང་སྟོང་སྒྱུ་མ་ཙམ་གྱི་རང་ཐ་མལ་དུ་གནས་པའི་སྤྱི་བོར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། པདྨ་ཉི་ཟླའི་སྟེང་དུ་བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྒྱལ་བ་ཀུན་གྱི་ཡབ་གྱུར་འཇམ་མགོན་བློ་བཟང་གྲགས་པའི་རྣམ་པ་ཅན་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་གསལ་ཟླ་བ་ལྟ་བུ་ལ་ཅུང་ཟད་དམར་བའི་མདངས་ཆགས་པ། ཞི་ཞིང་འཛུམ་པ། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་ཨུཏྤ་ལའི་ཡུ་བ་ནས་བཟུང་པའི་འདབ་མ་སྙན་གཡས་གཡོན་གྱི་ཐད་ཀར་ཁ་བྱེ་བའི་གཡས་སུ་མི་ཤེས་རྨོངས་པའི་དྲྭ་བ་གཅོད་པའི་ཤེས་རབ་ཀྱི་རལ་གྲི་དང་། གཡོན་ན་ཆོས་ཀུན་ལ་དེ་ཉིད་གསལ་བར་སྟོན་པ་སྟོང་ཕྲག་བརྒྱ་པའི་གླེགས་བམ་ཅན། གསེར་སྦྱངས་ཞུན་མ་བྱུགས་འདྲའི་པཎ་ཞྭ་དང་ཆོས་གོས་རྣམ་གསུམ་སོགས་རབ་ཏུ་བྱུང་བ་ལ་ཉེ་བར་འོས་པའི་རུང་མཐུན་གྱི་གོས་ཀྱིས་ལེགས་པར་མཛེས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་འཇམ་དབྱངས་གཞོན་ནུ་གླེགས་རལ་འཛིན་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་འཇིག་རྟེན་དབང་ཕྱུག་སེམས་ཉིད་ངལ་གསོ་གཡས་པདྨ་དཀར་པོ་དང་གཡོན་གདན་ལ་བརྟེན་པ། ཐུགས་ཀར་ཕྱག་ན་རྡོ་རྗེ་གཡས་ཨུཏྤལ་བཟུང་བའི་སྟེང་ན་རྡོ་རྗེ་དང་གཡོན་པུས་སྟེང་ན་སྡིགས་མཛུབ་མཛད་པ། གསུམ་གའང་ཞི་བའི་སྐུ་ཅན་ཞལ་གཅིག་ཕྱག་གཉིས་དང་ལྡན་པ་རལ་པ་ཐོར་ཚུགས་སུ་བཅིངས་ཤིང་དར་དང་རིན་པོ་ཆེས་སྤྲས་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླའི་སྟན་ལ་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ།(༦༤བ)


GLG015_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས་སྐྱབས་གནས་ཀྱི་ཡུལ་དུ་གྱུར་ཏོ་ཅོག་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་སོགས་ཤློ་ཀ་གཅིག་དང་། ཨོཾ་གུ་རུ་དེ་བ་ཤྩ་བུདྷཱ་བུདྡྷི་ས་ཏྭ་ཤེ་ཥྱ་པི་ར་ཌཱ་ཀ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱ་ཧེ་ཛཿཧཱུཾ་བཾ་ཧོ༔ ས་དམ་ཚིག་པ་དང་གཉིས་སུ་མེད་པར་བསམ་དེ་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་ཤློ་ཀ་གཅིག་གིས་ཕྱག་བྱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་དང་གོང་གི་སྔགས་སྦྱར་བའི་མཐར་ཨརྒྷཾ་པྲ་ཏཱི་ཙྪ་སྭ་ཧཱ། དེ་བཞིན་དུ། པཱདྱཾ། ཨཉྩ་མ་ནཾ། བཛྲ་པུཥྤེ་ནས་ཤཔྟའི་བར་དང་། རྒྱས་པར་སྤྲོ་ན་འདོད་ཡོན་ལྔ་རྒྱལ་སྲིད་བདུན་སོགས་རྒྱུད་སྡེ་སོ་སོ་ནས་བྱུང་བའི་མཆོད་པའི་རིམ་པ་སྦྱར། མནྜལ་ཚོམ་བུ་བདུན་མའམ་བསྡུ་ན་ས་གཞི་སྤོས་ཀྱིས་མ་དང་རྒྱ་མཚོ་མ་དང་། བླ་མ་སྤྱི་བྱེ་བྲག་གི་སྒོས་བསྟོད་རྒྱས་བསྡུས་ཅི་རིགས་པ་དང་གཞན་ཡང་། །ཚོགས་གཉིས་མཐུ་ལས་རྒྱལ་རྣམས་སྤངས་རྟོགས་ཀུན། །མཉམ་ཡང་སྙིང་སྟོབས་མཆོག་གི་པད་དཀར་བཞིན། །བསྔགས་ཡུལ་ཟས་གཙང་སྲས་བསྟན་འཛིན་པ་ལ། །ཟླ་བྲལ་བཙོང་ཁ་པ་ལ་གསོལ་བ་འདེབས། །ངག་དབང་བརྟན་པའི་འཁོར་ལོའི་རིང་ལུགས་ཚོོགས། །སྤེལ་ལ་བློ་ལྡན་མཁས་བཙུན་བཟང་པོའི་གར། །རྒྱ་ཆེན་རྣམ་དཔྱོད་མཚོ་བྱུང་ལྷ་མོ་ཡིས། །ལེགས་རྙེད་བླ་མ་མཆོག་ལ་གསོལ་བ་འདེབས། །དེང་ནས་བརྩམས་ཏེ་ཡང་སྲིད་ཐམས་ཅད་དུ། །དགེ་བའི་བཤེས་ཀྱིས་རྗེས་སུ་ཉེར་བཟུང་མཐུས། །རང་གཞན་དོན་གཉིས་ལྷུན་གྲུབ་སྟོབས་བཅུའིརྩལ། །རིང་པོར་མི་ཐོགས་རྫོགས་པའི་སྐལ་ཅན་ཤོག །ཅེས་དང་། བླ་མ་རིན་པོ་ཆེ་བདག་གི་བློ་ཆོས་སུ་འགྲོ་(༦༥ན)


GLG015_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱིན་གྱིས་བརླབ་ཏུ་གསོལ་སོགས་བླ་མའི་རྣལ་འབྱོར་སྤྱི་འགྲོ་ལྟར་གྱི་གསོལ་བ་ཕུར་ཚུགས་སུ་བཏབ་ནས། བླ་མའི་དཔྲལ་བའི་ཨོཾ་ཡིག་ལས་འོད་ཟེར་དཀར་པོ་སོགས་དབང་བཞི་སྤྱི་ལྟར་ལེན། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས་བླ་མ་རང་གི་ཚངས་བུག་ནས་ཞུགས། སྙིང་པདྨ་འདབ་བརྒྱད་ཀྱི་རྣམ་པ་ཅན་གྱི་དབུས་ཟེའུ་འབྲུར་བཞུགས་ལ་སླར་ཡང་གསོལ་བ་བཏབ་པས་བླ་མ་འོད་དུ་ཞུ། རང་སེམས་དང་དབྱེར་མེད་དུ་འདྲེས་པའི་བརྗོད་བྲལ་དེ་ཁོ་ན་ཉིད་ཀྱི་ངང་ལ་མཉམ་པར་བཞག་མཐར་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་བྱའོ། །ཞེས་པ་འདི་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་མཉམ་མེད་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་རིང་ལུགས་སྤེལ་བའི་བསྟན་པའི་སྒྲོན་མེ་གཅིག་བུ་པ་འཇམ་དབྱངས་བློ་བཟང་བསྟན་པའི་རྒྱལ་མཚན་ཀྱི་གསུང་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །སྤྱི་གཙུག་པད་ཉི་འཇིགས་བྱེད་དུས་མཚན་སྟེང་། །རིགས་ཀུན་ཁྱབ་བདག་གདོད་མའི་ངོ་བོ་ཉིད། །འཁོར་ལོ་སྡོམ་པ་ཨིནྜ་ནཱི་ལའི་མདོག །ཞལ་བཞི་བཅུ་གཉིས་སྣ་ཚོགས་ཕྱག་མཚན་ཅན། །ཕྱག་རྒྱ་དྲུག་སོགས་རྒྱན་དང་ན་བཟས་སྤྲས། །ཞབས་གཉིས་བརྐྱང་བསྐུམ་མེ་དཔུང་དབུས་བཞུགས་པར། །མཉམ་སྦྱོར་རྡོ་རྗེ་ཕག་མོ་བྱུ་རཱུའི་མདོག །བཅུ་དྲུག་ལང་ཚོ་ཞལ་གཅིག་ཕྱག་གཉིས་མ། །ཐབས་མཆོག་རིན་ཆེན་གར་གྱི་ཉམས་ལྡན་ཝཾ། །ཤེས་རབ་སྟོང་ཉིད་སྙིང་རྗེ་ཨ་ཡི་དབྱིབས། །ཟུང་འཇུག་ཕུང་ཁམས་ཡེ་དག་ཉེར་བཞིའི་ཡུལ། །མ་དང་མཁའ་འགྲོའི་འདུ་བའི་གྲོང་ཁྱེར་མཆོག །རྡོ་རྗེའི་ལུས་ལ་རྩ་གསུམ་འཁོར་ལོ་ལྔའི། །བདེ་ཆེན་འཁོར་ལོ་མ་ཉམས་ཁྲག་འཐུང་དཔལ། །ལྟེ་འོག་ཨ་བཤད་གཏུམ་མོ་རྣལ་འབྱོར་མས། །ཡོངས་བཞུ་(༦༥བ)


GLG015_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འབར་འཛག་བདེ་སྟོང་ཕྱག་རྒྱ་ཆེ། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་མཐུས། །ལམ་མཆོག་ཚེ་འདིར་ཉམས་སུ་རབ་བླངས་ལས། །རང་སེམས་སྐྱེ་མེད་ཧེ་རུ་ཀ་དཔལ་དངོས། །བཅུ་གསུམ་རྡོ་རྗེའི་ས་ལ་གར་བྱེད་ཤོག །ཅེས་བླ་མ་དང་བདེ་མཆོག་དབྱེར་མེད་དུ་གསོལ་བ་འདེབས་པ་འདི་ལྟ་བུ་ཞིག་དགོས་ཞེས་ཨུ་ཆུ་མུ་ཆུ་ཆེ་ཆིན་ཆིང་ཝང་གི་ཨུ་པ་ཤིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སྣང་བ་མཐའ་ཡས་དེ་སྲས་པད་དཀར་འཆང་། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་ལ། །བྱང་ཆེན་བར་དུ་སྐྱབས་འགྲོ་གསོལ་འདེབས་ན། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་མྱུར་དུ་སྩོལ། རང་ཉིད་ལེགས་ལྡན་ནག་པོ་ཕྱག་དྲུག་པར། །རབ་གསལ་སྤྱི་བོར་སྐྱབས་གནས་ཀུན་འདུས་པ། །རྩ་བའི་བླ་མ་གསེར་སྦྱངས་ཞུན་མའི་མདོག །འབུམ་ཕྲག་རྟ་ལྗང་གོས་ཀྱིས་ཀླུབས་པའི་གཟི། །རིན་ཆེན་རྒྱན་སྤྲས་ལོངས་སྐུའི་ཆ་ལུགས་ཅན། །ཡིད་བཞིན་ནོར་བུ་གསེར་གྱི་དྲིལ་བུ་འཛིན། །པད་ཉིའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །བླ་མགོན་ཕན་ཚུན་འོད་ཟེར་འཕྲོ་འདུ་ཡིས། །བདེ་སྟོང་ངང་ལ་གར་མཛད་འོད་དུ་མེར། །བླ་མགོན་དབྱེ་བ་མེད་པའི་ངོ་བོར་གྱུར། །ན་མོ་བུདྡྷ་ཡ། ན་མོ་གུ་རུ་བྷྱཿ བཛྲ་བཱི་ར་བཱི་རེ་ན་ཤྲཱི་ཡེ། ཌཱ་ཀ་ཌཱ་ཀི་ནཱི། ཛོ་ཀ་ཛོ་ཀི་ནི། སརྦ་བུདྡྷ་བོ་དྷི་ས་ཏྭ། ཤཱ་ར་ཎཾ་ག་ཙྪ་མི་ཀྱེ། ལན་གསུམ་ཐུགས་དམ་བསྐུལ་ཕྱིར་གསོལ་བཏབ་པས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །ཡི་དམ་དཔའ་བོ་དཔའ་མོ་རྣལ་འབྱོར་པ། དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི། །བྱིན་བརླབས་ནུས་མཐུ་ཐོགས་པ་མེད་པ་ཡིས། །བདག་ཡིད་ད་ལྟ་ཉིད་དང་མྱུར་བ་ཉིད། །འདུག་ས་འདི་རུ་བྱིན་གྱིས་རབ་རླབས་ཏེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རྩེ་གཅིག་(༦༦ན)


GLG015_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་ཤུགས་དྲག་པོས་གསོལ་བཏབ་པས། །བླ་མ་འོད་ཞུ་རང་གི་སྤྱི་གཙུག་ནས། །ཆུ་ལ་ཆུ་བཞག་ལྟ་བུར་གྱུར་པ་ཡིས། །བདེ་སྟོང་ཕྱག་རྒྱ་ཆེན་པོའི་ངང་དུ་གློད། །གསོལ་འདེབས་དང་བླ་མའི་རྣལ་འབྱོར་འདི་འདྲ་ཞིག་དགོས་ཞེས་བི་ལིག་ཐུ་རབ་འབྱམས་པས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སྤྱི་གཙུག་འདབ་སྟོང་རི་བོང་འཛིན་པའི་སྟེང་། །དྲིན་ཅན་བླ་མ་འཕགས་མཆོག་སྤྱན་རས་གཟིགས། །ཟླ་ཞུན་ལྟར་དཀར་ཞི་འཛུམ་ལོངས་སྐུའི་ཆས། །རྩ་ཕྱག་ཐལ་སྦྱར་ལྷག་མ་མན་ཤེལ་ཕྲེང་། །པདྨ་འཛིན་ཞིང་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དངོས་བརྒྱུད་ཀྱི། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྲུང་ཚོགས། །ཐོགས་པ་མེད་པར་བཛྲ་ས་མཱ་ཛ༔ །སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་ལ། །གྲངས་མེད་ལུས་ཀྱིས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་རང་གཞན་དགེ་ལ་རང་། ཆོས་འཁོར་རྟག་བསྐོར་མྱ་ངན་མི་འདའ་བར། །གསོལ་འདེབས་དགེ་ཚོགས་བྱང་ཆུབ་ཕྱིར་བསྔོས་མཐུས། །ཚེ་རབས་ཀུན་ཏུ་འཇིག་རྟེན་དབང་ཕྱུག་གིས། །རྗེས་བཟུང་རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པ་འདིའང་ཁ་འོམ་དགོན་བླ་མ་བློ་བཟང་རྒྱལ་མཚན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ངག་རིག་སྨྲ་བ་བསམ་མཐོང་བ་ཕུན་ཚོགས་དབང་པོའོ། །རང་གི་སྤྱི་བོར་སེང་གེས་བཏེག་པའི་ཁྲི། །མི་འགྱུར་རྡོ་རྗེས་ལེགས་མཚན་རེ་ཁཱའི་སྟེང་། །གདན་གསུམ་ཚང་བའི་རྡོ་རྗེ་སློབ་དཔོན་མཆོག །ཆོས་གོས་སུམ་ལྡན་རབ་བྱུང་ཆ་ལུགས་ཅན། །སེར་མདོག་ཞྭས་མཛེས་ཕྱག་གཡས་ཆོས་འཆད་ཀྱི། །སོར་མོས་པད་དཀར་ཡུ་བ་ནས་འཛིན་པ། །(༦༦བ)


GLG015_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་པའི་ཐད་ཀར་འདབ་མ་རབ་ཏུ་རྒྱས། །གཡོན་པ་མཉམ་གཞག་སྟེང་ན་རྒྱལ་བ་རྣམས། །བགྲོད་པ་གཅིག་པའི་སྐྱེས་བུ་གསུམ་གྱི་ལམ། །ལེགས་པར་སྟོན་པའི་པུ་སྟ་ཀཿཡིས་མཚན། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་མཐོང་ཞིང་ཐོས། །དྲན་རེག་མཐའ་དག་དོན་དང་ལྡན་མཛད་པའི། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དུས་གསུམ་གྱི། །རྣམ་འདྲེན་བྱང་སེམས་རང་རྒྱལ་ཐོས་སྒྲོག་པ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས། །ལུས་པ་མེད་པར་ཚད་མེད་ཐུགས་རྗེའི་མཐུས། །སྐད་ཅིག་ཉིད་ལ་བཛྲ་ས་མཱ་ཛཿ དབྱེར་མེད་སྐྱབས་གནས་འདུས་པའི་ངོ་བོར་གྱུར། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན་ཞེས་སོགས་ཡན་ལག་བདུན་པ་ཚར་གཅིག་བརྗོད། ངག་གི་དབང་ཕྱུག་མགོན་པོ་འཇམ་དཔལ་དབྱངས། །ངུར་སྨྲིག་གར་བསྒྱུར་བློ་བཟང་གྲགས་པའི་བསྟན། །རྒྱ་མཚོའི་གོས་ཅན་ཀུན་ཏུ་ཁྱབ་མཛད་པ། །ཚངས་སྲས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །ཐོག་མ་མེད་ནས་ད་ལྟར་ཐུག་གི་བར། རིགས་དྲུག་གནས་སུ་ཟོ་ཆུན་ཁྱུད་མོ་བཞིན། །འཁོར་ཡང་དལ་འབྱོར་མི་ལུས་རྙེད་པ་འདིར། །ཉིན་མོའི་སྐར་མ་ལས་ཀྱང་ཆེས་ཆེར་དཀོན། །བཙས་མ་ཐག་ནས་འཆི་བདག་ཞགས་པ་ཡིས། ཟིན་པས་ངེས་པར་འཆི་ཞིང་ནམ་འཆིའི་ཆ། །མ་ངེས་རླུང་ནང་མར་མེ་ཇི་བཞིན་དུ། །གསོན་རྐྱེན་ཉུང་ཞིང་འཆི་བའི་རྐྱེན་ནི་མང་། །ཕ་རོལ་སྐྱས་ཆེན་འདེགས་པའི་དུས་ཀྱི་ཚེ། །རྗེས་སུ་འབྲང་བ་དཀར་ནག་ལས་འབྲས་ཙམ། །དེ་ཕྱིར་ཕན་པ་དམ་པའི་ཆོས་ལ་ནི། །སྲིད་པའི་ཕུན་ཚོགས་ཕལ་ཆེར་གནོད་བྱེད་རྒྱུ། །ཤི་བའི་འོག་ཏུ་རྩ་སྦུར་མེ་བསྲེགས་ལྟར། །གཏན་མེད་མ་ཡིན་རྣམ་པར་ཤེས་པ་དེ། །བྱ་སྤུ་རླུང་ཁྱེར་བཞིན་དུ་སྲིད་པ་ཡི། །བར་དོར་འཁྱམས་རྗེས་ངེས་པར་ལུས་ཤིག་ལེན། །སྔོན་ཆད་མི་དགེ་མང་དུ་བསགས་པའི་འབྲས། །ཚ་གྲང་དམྱལ་བ་བཀྲེས་སྐོམ་ཡི་དྭགས་དང་། །གླེན་ལྐུགས་བྱོལ་སོང་གར་སྐྱེས་སྡུག་བསྔལ་གྱི། །(༦༧ན)


GLG015_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ལས་ངན་མ་ཟད་བར་དུ་མྱོང་། །བདེ་འགྲོའི་གནས་གསུམ་དག་ཏུ་ཟག་བཅས་ཀྱི། འགྱུར་བའི་བདེ་བ་སྡུག་བསྔལ་ཁོ་ནའི་རྒྱུ། །ལྷ་མིའི་དབང་ཕྱུག་རྣམས་ཀྱང་ལུས་དམན་པར། །སྐྱེ་ན་འཁོར་བ་ཆུ་ཤིང་སྙིང་པོ་དངོས། །སྐྱེས་བུ་འབྲུམ་ནད་བྱུང་བ་ཇི་བཞིན་དུ། །སྲིད་པའི་གནས་སུ་མི་ལྡོག་གཏན་གྱི་བདེ། །ཐར་པའི་ལམ་ལས་གཞན་ན་མ་མཆིས་པས། །གཅིག་ཏུ་བརྩོན་པས་བསྒྲུབ་ལ་འབད་པ་གཅེས། །དེ་ཕྱིར་འཁོར་བ་མཐའ་དག་མེ་འོབས་དོང་། །དུ༔ཁའི་འབྱུང་གནས་ཡིན་པར་ངེས་རིག་སྟེ། །ཚིག་ཙམ་མ་ཡིན་བསམ་པ་ཐག་པ་ཡིས། །རྣམ་དག་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས། །རང་ཉམས་ཀྱིས་གཞལ་མཁའ་མཉམ་སེམས་ཅན་ཀུན། །སྲིད་པའི་བཙོན་རར་འཁྱམས་པར་ཡོངས་ཤེས་ནས། །འདྲེན་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །རྒྱལ་སྲས་སྤྱོད་ལ་སློབ་པར་བྱིན་གྱིས་རློབས། །ཀུན་རྫོབ་ཙམ་དུ་འཁྲུལ་སྣང་མ་ལུས་པ། །སྒྱུ་མའི་རྟ་གླང་ལྟར་མཐོང་དོན་དམ་པར། །ནམ་མཁའ་ལྟ་བུར་མཐའ་བྲལ་དབུ་མའི་ལམ། །ཀླུ་སྒྲུབ་དགོངས་དོན་རྟོགས་པར་བྱིན་གྱིས་རློབས། །ཐུན་མོང་ཐེག་པར་བལྟོས་མིན་ཚེ་གཅིག་ལ། །སངས་རྒྱས་སྒྲུབ་པ་ཉེ་ལམ་རྡོ་རྗེའི་ཐེག །བསྐྱེད་རྫོགས་ཟུང་དུ་འཇུག་པའི་རྣལ་འབྱོར་གྱིས། །སྐུ་གསུམ་གོ་འཕང་ཚེ་འདིར་བརྙེས་པར་ཤོག །དེང་ནས་བཟུང་སྟེ་རྣམ་མཁྱེན་མ་ཐོབ་བར། །མགོན་པོ་ཁྱེད་ཀྱིས་འབྲལ་མེད་རྗེས་བཟུང་ནས། །སྲིད་དང་ཞི་བའི་བདེ་སྐྱིད་ཐམས་ཅད་ལ། །སྦྱོར་བའི་མཛའ་བཤེས་མཛད་པར་བྱིན་གྱིས་རློབས། །མི་ཕྱེད་སྙིང་ནས་དད་པས་གསོལ་བཏབ་ན། ཁྱི་སོ་རིང་བསྲེལ་ཕུང་པོར་སོང་བ་ལྟར། །རྒྱུ་དང་འབྲས་བུའི་རྟེན་འབྲེལ་མི་བསླུ་བས། །རེ་བ་དོན་དང་ལྡན་པར་གདོན་མི་ཟ། ཁྱད་པར་རང་བདེ་ལྷུར་ལེན་འཁྲི་བ་དང་། །མི་ལྡན་རྣམ་པར་དག་པའི་ལྷག་བསམ་གྱི། ཕྱི་ནང་འཛིན་སྐྱོང་སྤེལ་གསུམ་མཐའ་དག་ལ། ཁྲེལ་བའི་སེམས་(༦༧བ)


GLG015_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆ་ཤས་ཅུང་ཟད་མེད། །རང་ལ་སྤང་རྟོགས་ཡོན་ཏན་མེད་བཞིན་དུ། །གཞན་རྗེས་འཛིན་ཞེས་སྐད་གསངས་མཐོན་པོ་རུ། །སྒྲོག་པའི་ཁ་བྲོད་འདིང་བ་ཕ་རོལ་སེམས། །འདྲེན་པ་མོ་གཤམ་བུ་ཡི་ངང་ཚུལ་བཞིན། །འོན་ཏེ་སྲིད་ཞིའི་ཡོན་ཏན་མ་ལུས་པ། །བླ་མའི་ཞབས་ཏོག་བསྒྲུབས་པ་ལས་འབྱུང་བར། །གསུང་རབ་དགོངས་འགྲེལ་སྔོན་བྱོན་དམ་པ་ཡི། །རྣམ་ཐར་མང་པོ་འབྱུང་ལ་ཀླན་ཀ་སུ། དེ་ཕྱིར་དེང་ནས་སངས་རྒྱས་མ་ཐོབ་བར། །རྗེས་བཟུང་བླ་མེད་བྱང་ཆུབ་མངོན་གྱུར་ཚེ། །ཆོས་ཀྱི་བདུད་རྩི་ཐོག་མར་ལོངས་སྤྱོད་པར། །མཆོག་གསུམ་དཔང་པོར་བྱས་ནས་སྨོན་ལམ་འདེབས། །བདག་ལ་གདེངས་ཚོད་མེད་ཀྱང་དཀོན་ཅོག་གི །ཐུགས་རྗེ་མཐུ་དཔུང་ནམ་ཡང་མི་འཛད་ཅིང་། །རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པས་ན། །ངེས་པར་དོན་གཉིས་འཇུག་པར་ཐེ་མི་ཚོམ། །དེ་ལྟར་བསམ་པ་ཐག་པས་ཁས་བླངས་པར། །ཡིད་ཆེས་བརྟན་པོས་གསོལ་བ་བཏབ་པའི་མཐུས། །ཡོངས་འདུའི་ལྗོན་པ་ཇི་བཞིན་འདོད་པའི་དོན། །འབད་མེད་ལྷུན་གྱི་གྲུབ་པའི་བཀྲ་ཤིས་ཤོག །དེ་ནས་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ཞེས་སོགས་ཤློ་ཀ་གཅིག་གི་རྗེས་སུ། །བླ་མ་འཐེབ་སོར་ཙམ་གྱུར་དབུ་མའི་ལམ། །བརྒྱུད་དེ་སྙིང་དབུས་པདྨ་འདབ་བརྒྱད་དབུས། །བཞུགས་པ་བདེ་ཞུ་རང་སེམས་བླ་མ་དང་། །དབྱེར་མེད་རོ་གཅིག་ངང་དུ་ཨེ་མའོ། །བླ་མའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་ངེས་འབྱུང་ཁུལ་པ་ཞིག་དགོས་ཞེས་སྡེ་པ་བློ་བཟང་སྦྱིན་པས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སངས་རྒྱས་ཆོས་ཚོགས་མའི་སྐྱབས་སེམས་སྔོན་དུ་བཏང་ནས། རང་གི་སྤྱི་བོར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བ་ཉི་མའི་གདན་གྱི་སྟེང་དུ་ཧཱུཾ་དངུལ་ཆུའི་མདོག་ཅན་ཡོངས་སུ་གྱུར་པ་ལས་དྲིན་ཅན་རྩ་བའི་བླ་(༦༨ན)


GLG015_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མ་དེ་ཉིད་རྣམ་པ་དཔལ་འཁོར་ལོ་སྡོམ་པ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་ཀྱིས་ཚེའི་བདུད་རྩིས་གང་བའི་བུམ་པ་རེ་རེ་བཟུང་ནས་ཡུམ་ལ་འཁྱུད་པ་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་པོ་ལང་ཚོ་བཅུ་དྲུག་ལོན་པའི་ཉམས་ཅན། ནུ་མ་དང་བྷ་ག་རྒྱས་པ་ཞལ་གཅིག་ཕྱག་གཉིས་ཀྱིས་ཚེའི་བདུད་རྩིས་གང་བའི་ཐོད་པ་རེ་རེ་བཟུང་ནས་ཡབ་ལ་འཁྲིལ་བ། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་པདྨའི་སྐྱིལ་ཀྲུང་ཅན། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་དར་གྱི་སྟོད་གཡོགས་ཅན། །ཡབ་སྟག་གི་པགས་པའི་ཤམ་ཐབ་གྲོལ་བ་འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་སྐྱབས་གནས་ཀྱི་ཡུལ་དུ་གྱུར་ཏོ་ཅོག་ཐམས་ཅད་བཛྲ་ས་མཱ་ཛས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ས་གཉིས་སུ་མེད་པར་བསྟིམ། ཨོཾ་ཙཀྲ་ས་ཝ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྟའི་བར། རུ་པ་ནས་སྤར་ཤའི་བར། རྒྱས་པར་སྤྲོ་ན་རིག་མ་བཅུ་དྲུག་གིས་ཀྱང་མཆོད། །སྐྱབས་གནས་མ་ལུས་ཀུན་འདུས་པ། །འཆི་མེད་ཚེ་འདིའི་རྣམ་པ་རུ། །ཡོངས་ཤར་བདེ་མཆོག་ཡབ་ཡུམ་ལ། །ཕྱག་འཚལ་གསོལ་འདེབས་བདག་བྱིན་རློབས། །དབང་བཞི་བསྐུར་ལ་སྒྲིབ་བཞི་སྦྱོངས། །ཕུང་ལྔ་ཡེ་ཤེས་ལྔ་རུ་སྒྱུར། །རྟེན་འདིར་ཧེ་རུ་ཀ་དཔལ་གྱི། །གོ་འཕང་མངོན་དུ་འགྱུར་བར་ཤོག །ལས་འཕྲོ་ཞན་པས་མ་འགྲུབ་ན། །ཚེ་འདིར་དངོས་གྲུབ་ལེགས་སྩལ་ནས། །བསྐལ་བར་མི་ཤིགས་གཞོམ་མེད་ཀྱི། །སྲོག་གི་ཀ་བ་ཚུགས་པར་ཤོག །འདི་སྣང་འགགས་དུས་བླ་མ་དང་། །དབྱེར་མེད་ཧེ་རུ་ཀ་དཔལ་གྱིས། །རྗེས་བཟུང་མཁའ་སྤྱོད་དག་ཞིང་དུ། །ཁྲིད་ནས་བདེ་ཆེན་ལ་སྦྱོར་ཤོག །མདོར་ན་དེང་ནས་ཟུང་འཇུག་གི །ལམ་བཟང་མངོན་གྱུར་དེ་སྲིད་དུ། །བླ་མ་ཡི་དམ་མཁའ་འགྲོ་ཡིས། །འབྲལ་མེད་རྗེས་སུ་འཛིན་པར་ཤོག །ཅེས་གསོལ་བ་རྩེ་(༦༨བ)


GLG015_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཏབ་པས་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་བབས་པ་རང་གི་སྤྱི་བོ་ནས་ཞུགས་སྨིན་མཚམས་ཡན་ཆད་གང་བུམ་བའི་དབང་ཐོབ། མགྲིན་པ་ཡན་ཆད་གང་གསང་བའི་དབང་ཐོབ། །སྙིང་ག་ཡན་ཆད་གང་ཤེས་རབ་ཡེ་ཤེས་གྱི་དབང་ཐོབ། །ལུས་ཐམས་ཅད་གང་དབང་བཞི་པ་ཐོབ། །སླར་ཡང་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཐིམ། བླ་མ་དང་རང་སེམས་ངོ་བོ་དབྱེར་མེད་དུ་འདྲེས་པའི་ངང་ལ་མཉམ་པར་འཇོག །འཇུག་ཏུ་བསྔོ་སྨོན་ཤིས་བརྗོད་ཅི་རིགས་སུ་བྱའོ། །ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་སྙན་བརྒྱུད་བདེ་མཆོག་དཀར་པོ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་འདི་ནི། སའི་ཚངས་པ་འཇམ་དབྱངས་གོང་མའི་ལུང་ལས་ཀྱིས་མངོན་པར་མཐོ་བ་ཨུ་ཆུ་མུ་ཆུ་ཛ་སག་ཆེ་ཆེན་ཆིང་ཝང་གིས་གསོལ་བ་བཏབ་པའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །སྙིང་དབུས་པད་དཀར་ཟླ་བ་ཉ་གང་སྟེང་། །རྩ་བའི་བླ་མ་འཕགས་མཆོག་སྤྱན་རས་གཟིགས། །སྐུ་མདོག་དམར་པོ་ཞི་རྒྱན་ལོངས་སྐུའི་ཆས། །ཞལ་གཅིག་ཕྱག་གཉིས་ཤེལ་འཕྲེང་བུམ་འཛིན་པས། །གསང་ཡེ་པད་བུམ་འཛིན་དང་མཉམ་སྦྱོར་བར། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་མ་ལུས་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །བསྐལ་བར་བཞུགས་གསོལ་དགེ་ཚོགས་བྱང་ཆུབ་བསྔོ། །ཐོག་མེད་དུས་ནས་ད་བར་འཁོར་བར་འཁྱམས། །སླར་ཡང་ལས་ངན་ཁུར་གྱིས་ལྕི་བ་དག །ཕྱག་ན་པད་དཀར་འཛིན་པས་རྗེས་བཟུང་སྟེ། །སྲིད་པའི་འཆིང་ལས་གྲོལ་བར་གསོལ་བ་འདེབས། །སྣང་སྟོང་འཕགས་མཆོག་ཞི་ཁྲོའི་རོལ་གར་མཁན། །གྲག་སྟོང་ཡི་གེ་བཅུ་དང་དྲུག་པའི་གདངས། །རིག་སྟོང་ཡེ་དག་ཆོས་སྐུའི་ཀློང་ཡངས་ནས། །འགྲོ་ཀུན་ཕན་བདེའི་ས་ལ་འགོད་ནུས་ཤོག །ཚེ་འདིའི་སྣང་བ་འགགས་ཚེ་འོད་དཀར་སྦུབས། །བརྒྱུད་དེ་གྲུ་འཛིན་ཞིང་དུ་པདྨའི་ནང་། །རྫུས་སྐྱེས་རྒྱལ་བའི་སྲས་གྱུར་རང་གྲོལ་(༦༩ན)


GLG015_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མཁའ་མཉམ་འགྲོ་བ་འདྲེན་པའི་ཁུར་འཁྱེར་ཤོག །འཁྲུལ་ངོར་ཉམ་ཐག་ཆུ་ནང་ཟླ་གཟུགས་ལྟར། །མེད་བཞིན་སྣང་བའི་ལུས་ཅན་མཐའ་ཀླས་པ། །སྙིང་རྗེའི་དབང་གིས་བྱང་ཆུབ་སེམས་བསྐྱེད་ནས། །སྲིད་མཚོ་ལས་སྒྲོལ་དེད་དཔོན་བྱེད་པར་ཤོག །བདག་པས་གཞན་གཅེས་བློ་ཡིས་ལྷ་སྔགས་དང་། །ཡེ་ཤེས་ཏིང་འཛིན་ཉམས་སུ་བསྟར་བ་ལས། །དོན་གཉིས་ལྷུན་གྱིས་གྲུབ་པར་ལེགས་སྨོན་པ། །རེ་བ་དོན་དང་ལྡན་པར་བྱིན་གྱིས་རློབས། །ཞེས་འཕྱོང་རྒྱས་པ་ངག་དབང་ཀུན་དགས་ཐུགས་རྗེ་ཆེན་པོ་ལ་བརྟེན་པའི་གསོལ་འདེབས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །སྲིད་ཟླ་འཕེལ་འགྲིབ་མེད་པར་སྐྱིལ་མོ་ཀྲུང་། །གཅིག་གིས་མནན་པ་ཨེ་ཝཾ་ཟུང་འཇུག་གདན། །མ་ཆགས་པད་སྟེང་མཁའ་ཁྱབ་མཁའི་རྡོ་རྗེ། །རིགས་གསུམ་ཚང་བའི་མགོན་ཁྱོད་རྟག་ཏུ་རྒྱལ། །རང་བྱུང་ལུས་ཀྱི་བྱེ་བ་ཕྲག་བརྒྱའི་ཤེལ། །རྩིག་ངོས་རྒྱལ་བའི་སྣང་བརྙན་འབོད་སྒྲོགས་གཟུགས། །དབྱེ་བར་ཆུང་ངུའི་བློ་མིག་སྐལ་ཕྲ་དང་། །དཔྱོད་ལྡན་ཧ་ནུ་མནྠ་ཅི་ཞིག་མཚུངས། །དེ་ཕྱིར་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །འཇམ་དཔལ་རྡོ་རྗེ་དཀྱིལ་འཁོར་འཁོར་ལོ་རུ། །དངོས་པོ་གཅིག་ཏུ་བལྟ་བའི་རྣལ་འབྱོར་གྱིས། །དངོས་གྲུབ་ཆར་ཅན་འབེབས་པ་འདི་ནའོ། །དེ་ལ་འདིར་ཟབ་ལམ་བླ་མའི་རྣལ་འབྱོར་ཉམས་སུ་བསྟར་བ་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། སྐྱབས་ཡུལ་རྣམས་གསལ་བཏབ་པར། བདག་གིས་གཙོ་བྱས་མཁའ་མཉམ་གྱི་འགྲོ་བ་ཐམས་ཅད་སྐྱབས་སུ་འགྲོ་བར་མོས་ཏེ། སྐྱབས་འགྲོ་བཞི་སྐོར་རམ་དྲུག་སྐོར་གང་ཡང་རུང་བ་ཁ་ཙམ་ཚིག་ཙམ་མ་ཡིན་པ་རྒྱུད་དང་འདྲེས་ངེས་པ་བྱས། རང་ཉམས་ལ་དཔགས་ནས་སེམས་ཅན་མཐའ་དག་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་ཐར་པའི་ལམ་ལ་བཀྲི་བའི་ཕྱིར། ཐོག་མར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་(༦༩བ)


GLG015_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྙམ་པའི་སྨོན་འཇུག་སེམས་བསྐྱེད་པ་སྔོན་དུ་བཏང་། གཉིས་པ་དངོས་གཞི་ནི། རང་གི་མདུན་གྱི་ནམ་མཁར་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། སེང་གེ་ཆེན་པོ་བརྒྱད་ཀྱི་བཏེག་པའི་རིན་པོ་ཆེའི་ཁྲི། འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། ཐབས་ཤེས་ཟུང་དུ་འཇུག་པ་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ། དྷཱིཿ དམར་སེར་ལས་རལ་གྲིའི་ཡུ་བ་ལ་དྷཱི༔ ས་མཚན་པ། དེ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྩ་བའི་བླ་མ་སོགས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་བ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་གྱིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་ཡུ་བ་ནས་འཛིན་པའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་དུ་ཤེས་རབ་ཀྱི་རལ་གྲི་དང་སྟོང་ཕྲག་བརྒྱ་པའི་གླེགས་བམ་ཅན། དབུ་ལ་པཎ་ཞྭ་གསེར་གྱི་མདངས་ལྡན་དང་། ན་བཟའ་ཆོས་གོས་རྣམ་གསུམ་མནབས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྣམ་དག་དགེ་སློང་རྡོ་རྗེ་འཛིན་པའི་ངང་ཚུལ་ཅན། མཐོང་ཐོས་དྲན་དང་རེག་པས་རྣམ་པར་གྲོལ་བ། གཅིག་པུ་ཉིད་ལས་དུས་མཐའི་གར་གྱི་སྐད་ཅིག་དྲན་རྫོགས་སུ་འཇམ་དཔལ་རྡོ་རྗེ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་སེར་པོ། གཡས་སྔོ། གཡོན་དཀར་པོ། ཕྱག་དང་པོ་གཉིས་གྱིས་ཡུམ་ལ་འཁྱུད་པ། གཡས་འོག་མས་རལ་གྲི་དང་། གཡོན་འོག་མས་ཨུཏྤལ་དང་གདུགས་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་འཇམ་པའི་རྡོ་རྗེ་མ་ཞལ་གསུམ་ཕྱག་དྲུག་མ། སྐུ་མདོག་ཕྱག་མཚན་ཡབ་དང་འདྲ་བས་འཁྱུད་པ། གཉིས་ཀའང་གཉིས་སུ་མེད་པའི་སྦྱོར་བ་ལ་གནས་པ་སྤྲུལ་(༧༠ན)


GLG015_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོད་ཟེར་གྱི་དཀྱིལ་འཁོར་འབར་བའི་དབུས་ན་བཞུགས་པའི་ཐུགས་ཀར་མི་བསྐྱོད་པ་སྔོན་པོ་སྔོ་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་ཀྱི་རང་འདྲའི་ཡུམ་ལ་འཁྱུད་པ། གཡས་འོག་མས་འཁོར་ལོ་པདྨ། གཡོན་འོག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། དེའི་པང་དུ་ཡུམ་རེག་བྱ་རྡོ་རྗེ་མ་ལྗང་གུ་ལྗང་ནག་དཀར་བའི་ཞལ་ཅན། ཕྱག་དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་ཅིང་། གཡས་འོག་མས་ན་བཟའ་དང་རལ་གྲི། གཡོན་འོག་མས་པདྨ་དང་རིན་པོ་ཆེ་འཛིན་པ། སྤྱི་བོར་རྣམ་པར་སྣང་མཛད་དཀར་པོ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ། གཡས་འོག་མས་འཁོར་ལོ་དང་རལ་གྲི། གཡོན་འོག་མས་རིན་པོ་ཆེ་དང་པདྨ་འཛིན་པ། དེའི་པང་དུ་ཡུམ་སངས་རྒྱས་སྤྱན་མ་དཀར་མོ་དཀར་ནག་དམར་བའི་ཞལ་ཅན་ཕྱག་དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་ཅིང་། གཡས་འོག་མས་འཁོར་ལོ་དང་རལ་གྲི། གཡོན་འོག་མས་རིན་པོ་ཆེ་དང་པདྨ་འཛིན་པ། མགྲིན་པ་འོད་དཔག་མེད་དམར་པོ་དམར་ནག་དཀར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་ཀྱི་རང་འདྲའི་ཡུམ་ལ་འཁྱུད་ཅིང་། གཡས་འོག་མས་པདྨ་དང་རལ་གྲི །གཡོན་འོག་མས་འཁོར་ལོ་དང་རིན་པོ་ཆེ་འཛིན་པ། དེའི་པང་དུ་ཡུམ་གོས་དཀར་མོ་དམར་མོ་དམར་ནག་དཀར་བའི་ཞལ་ཅན། ཕྱག་དང་པོ་གཉིས་ཀྱི་ཡབ་ལ་འཁྱུད་ཅིང་། གཡས་འོག་མས་པདྨ་དང་རལ་གྲི །གཡོན་འོག་མས་འཁོར་ལོ་དང་རིན་པོ་ཆེ་འཛིན་པ། ལྟེ་བ་རིན་འབྱུང་སེར་ནག་དཀར་བའི་ཞལ་ཅན་ཕྱག་དྲུག་གི་དང་པོ་གཉིས་ཀྱི་རང་འདྲའི་ཡུམ་ལ་འཁྱུད་ཅིང་། གཡས་འོག་མས་རིན་པོ་ཆེ་དང་རལ་གྲི །གཡོན་༔འོག་མས་པདྨ་དང་འཁོར་ལོ་འཛིན་པ། དེའི་པང་དུ་ཡུམ་མཱ་མ་ཀི་སྔོན་པོ་སྔོ་དཀར་དམར་བའི་ཞལ་ཅན། ཕྱག་དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་ཅིང་། གཡས་འོག་མས་ཨུཏྤ་ལ་དང་རལ་གྲི །གཡོན་འོག་མས་པདྨ་དང་རིན་པོ་ཆེ་འཛིན་པ། གསང་གནས་སུ་དོན་གྲུབ་ལྗང་གུ་ལྗང་ནག་དཀར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ། གཡས་འོག་མས་རལ་གྲི་དང་སྣ་ཚོགས་རྡོ་རྗེ། (༧༠བ)


GLG015_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་འོག་མས་པདྨ་དང་རིན་པོ་ཆེ་འཛིན་པ། དེའི་པང་ན་ཡུམ་སྒྲོལ་མ་ལྗང་གུ་ལྗང་ནག་དཀར་བའི་ཞལ་ཅན། ཕྱག་དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་ཅིང་། གཡས་འོག་མས་ཨུཏྤ་ལ་དང་རལ་གྲི། གཡོན་འོག་མས་པདྨ་དང་རིན་པོ་ཆེ་འཛིན་པ། ཐམས་ཅད་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་པ། མིག་ཏུ་སའི་སྙིང་པོ་དཀར་པོ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་གསུམ། འཁོར་ལོ། རྡོ་རྗེ། པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རྣ་བར་ཕྱག་རྡོར་སྔོན་པོ་སྔོ་དཀར་དམར་པའི་ཞལ་ཅན། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ། རིན་ཆེན། འཁོར་ལོ། གཡོན་དྲིལ་བུ་པདྨ་རལ་གྲི་འཛིན་པ། སྣར་ནམ་མཁའི་སྙིང་པོ་སེར་པོ་སེར་ནག་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་གསུམ། རིན་པོ་ཆེ། འཁོར་ལོ། །རྡོ་རྗེ། གཡོན་དྲིལ་བུ་པདྨ་རལ་གྲི་འཛིན་པ། །ལྕེར་འཇིག་རྟེན་དབང་ཕྱུག་དམར་པོ་དམར་ནག་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་གསུམ། པདྨ྄། རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ལུས་ལ་སྒྲིབ་པ་རྣམ་སེལ་ལྗང་གུ་ལྗང་ནག་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་གསུམ་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པདྨ་ནོར་བུ་འཛིན་པ། ཡིད་ལ་འཕགས་པ་འཇམ་དཔལ་དམར་པོ་དམར་ནག་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་གསུམ་པདྨ་རྡོ་རྗེ་འཁོར་ལོ། །གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ཚིགས་ལ་ཀུན་ཏུ་བཟང་པོ་སྔོན་པོ་སྔོ་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་པདྨ་འཁོར་ལོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རྩ་རྒྱུས་ལ་བྱམས་པ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་གསུམ་ཀླུ་ཤིང་གི་སྡོང་པོ་འཁོར་ལོས་མཚན་པ་རྡོ་རྗེ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། སྙིང་གར་ཐུགས་རྡོ་རྗེ་སྔོ་ལྗང་སྔོ་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་རལ་གྲི་མདའ། གཡོན་དྲིལ་བུ་ཨུཏྤལ་གཞུ་འཛིན་པ། མགྲིན་པར་གསུང་རྡོ་(༧༡ན)


GLG015_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དམར་པོ་དམར་ནག་དཀར་བའི་ཞལ་ཅན། ཕྱག་དང་པོ་གཉིས་འཁྱུད་པའི་ཚུལ་ཅན། གཡས་འོག་མས་པདྨ་དང་རལ་གྲི། གཡོན་འོག་མས་འཁོར་ལོ་དང་རིན་པོ་ཆེ་འཛིན་པ། དཔྲལ་བར་སྐུ་རྡོ་རྗེ་དཀར་པོ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་འཁྱུད་པའི་ཚུལ་ཅན། གཡས་འོག་མས་འཁོར་ལོ་དང་རལ་གྲི །གཡོན་འོག་མས་རིན་པོ་ཆེ་དང་པདྨ་འཛིན་པ། མིག་ཏུ་གཟུགས་རྡོ་རྗེ་མ་དཀར་མོ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དང་པོ་གཉིས་ཀྱིས་རང་འདྲའི་ཡབ་ལ་འཁྱུད་ཅིང་། གཡས་འོག་མས་མེ་ལོང་དང་རལ་གྲི། གཡོན་འོག་མས་རིན་པོ་ཆེ་དང་པདྨ་འཛིན་པ། རྣ་བར་སྒྲ་རྡོ་རྗེ་མ་སྔོན་མོ་སྔོ་དཀར་དམར་བའི་ཞལ་ཅན། ཕྱག་དང་པོ་གཉིས་ཀྱིས་རང་འདྲའི་ཡབ་ལ་འཁྱུད་ཅིང་གཡས་འོག་མས་པི་ཝང་དང་རལ་གྲི། གཡོན་འོག་མས་པདྨ་དང་རིན་པོ་ཆེ་འཛིན་པ། སྣར་དྲི་རྡོ་རྗེ་མ་སེར་མོ་སེར་ནག་དམར་བའི་ཞལ་ཅན། ཕྱག་དང་པོ་གཉིས་ཀྱིས་རང་འདྲའི་ཡབ་ལ་འཁྱུད་ཅིང་། གཡས་འོག་མས་ཞལ་ཟས་དང་རལ་གྲི། གཡོན་འོག་མས་འཁོར་ལོ་དང་རིན་པོ་ཆེ་འཛིན་ཏེ། གསང་གནས་སུ་ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དང་པོ་གཉིས་ཀྱིས་རང་འདྲའི་ཡབ་ལ་འཁྱུད་ཅིང་། གཡས་འོག་མས་ཆོས་འབྱུང་དང་རལ་གྲི། གཡོན་འོག་མས་པདྨ་དང་རིན་པོ་ཆེ་འཛིན་པ། རང་སྣང་གི་ཐབས་དང་ཤེས་རབ་སྙོམ་པར་འཇུག་ཅིང་། རིན་པོ་ཆེ་དང་དར་གྱི་ན་བཟས་མཛེས་ཤིང་། སྐྱིལ་མོ་ཀྲུང་གིས་བཞུགས་པ། ལག་པ་གཡས་ལ་གཤིན་རྗེ་མཐར་བྱེད་ནག་པོ་ནག་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་འཁྱུད་པའི་ཚུལ་ཅན། གཡས་འོག་མ་ཐོ་བ་དང་རལ་གྲི། གཡོན་འོག་མས་རིན་པོ་ཆེ་དང་པདྨ་འཛིན་པ། ལག་པ་གཡོན་པ་ཤེས་རབ་མཐར་བྱེད་དཀར་པོ་དཀར་(༧༡བ)


GLG015_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་འཁྱུད་བའི་ཚུལ་ཅན། གཡས་འོག་མས་དབྱུག་ཏོ་དང་རལ་གྲི། གཡོན་འོག་མས་པདྨ་དང་རིན་པོ་ཆེ་འཛིན་པ། ལྕེར་པདྨ་མཐར་བྱེད་དམར་པོ་དམར་ནག་དཀར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་འཁྱུད་བའི་ཚུལ་ཅན། གཡས་འོག་མ་པདྨ་དང་རལ་གྲི། གཡོན་འོག་མས་འཁོར་ལོ་དང་རིན་པོ་ཆེ་འཛིན་པ། གསང་གནས་སུ་བགེགས་མཐར་བྱེད་ལྗང་གུ་ལྗང་ནག་དཀར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་འཁྱུད་བའི་ཚུལ་ཅན། གཡས་འོག་མས་སྣ་ཚོགས་རྡོ་རྗེ་དང་རལ་གྲི། གཡོན་འོག་མས་པདྨ་དང་རིན་པོ་ཆེ་འཛིན་པ། དཔུང་པ་གཡས་ལ་མི་གཡོ་བ་སྔོན་པོ་སྔོ་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་འཁྱུད་བའི་ཚུལ་ཅན། གཡས་འོག་མས་རལ་གྲི་དང་རྡོ་རྗེ། གཡོན་འོག་མས་འཁོར་ལོ་དང་ཞགས་པ་འཛིན་པ། དཔུང་པ་གཡོན་ལ་འདོད་རྒྱལ་ནག་པོ་ནག་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་འཁྱུད་པའི་ཚུལ་ཅན། གཡས་འོག་མས་ལྕགས་ཀྱུ་དང་རལ་གྲི། གཡོན་འོག་མས་རིན་པོ་ཆེ་དང་པདྨ་འཛིན་པ། པུས་མོ་གཡས་ལ་དབྱུག་སྔོན་ཅན་སྔོན་པོ་སྔོ་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་འཁྱུད་པའི་ཚུལ་ཅན། གཡས་འོག་མས་དབྱུག་པ་དང་རལ་གྲི། གཡོན་འོག་མས་རིན་པོ་ཆེ་དང་པདྨ་འཛིན་པ། པུས་མོ་གཡོན་ལ་སྟོབས་པོ་ཆེ་ནག་པོ་ནག་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་འཁྱུད་པའི་ཚུལ་ཅན། གཡས་འོག་མས་རྩེ་གསུམ་དང་རལ་གྲི། གཡོན་འོག་མས་རིན་པོ་ཆེ་དང་པདྨ་འཛིན་པ། སྤྱི་གཙུག་ཏུ་ཧཱུཾ་མཛད་ནག་པོ་ནག་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་འཁྱུད་པའི་ཚུལ་ཅན། གཡས་འོག་མས་རྡོ་རྗེ་དང་རལ་གྲི། གཡོན་འོག་མས་ཞགས་པ་དང་ལྕགས་ཀྱུ་འཛིན་པ། རྐང་མཐིལ་གཉིས་སུ་གནོད་མཛེས་ནག་པོ་ནག་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་དང་པོ་གཉིས་འཁྱུད་པའི་ཚུལ་ཅན། གཡས་འོག་མས་རྡོ་རྗེ་དང་རལ་གྲི། གཡོན་འོག་མས་རིན་པོ་ཆེ་དང་པདྨ་འཛིན་པ། ཐམས་ཅད་ཀྱང་རིན་པོ་ཆེ་དང་རྒྱན་གྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། ཁྲོ་འཛུམ་གྱི་རྣམ་པ་ཅན། གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་(༧༢ན)


GLG015_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དམར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿ ལས་པདྨ་དམར་མོ་ཨཱཿ ས་མཚན་པ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ། རྒྱུད་སྡེ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ནམ་མཁའི་ཁམས་གང་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། དཔལ་ལྡན་བླ་མ་དམ་པ་འཇམ་དཔལ་རྡོ་རྗེ་གདན་གསུམ་ཚང་བའི་སྐུར་གསལ་བ་ལ་ཛཿཧཱུཾ་བཾ་ཧོཿ ས་གཉིས་སུ་མེད་པར་བསྟིམ། ཡན་ལག་བདུན་གྱི་སྔོན་འགྲོ་ཕྱག་བྱ་བ་ནི། གང་གི་དྲིན་ལས་ཟུང་འཇུག་སྐུ་བཞིའི་ལམ། རིན་ཆེན་དབང་གི་རྒྱལ་པོ་ཚེ་གཅིག་ལ། །སྩོལ་བའི་དབང་པོ་ཁྱབ་བདག་འཁོར་ལོའི་མགོན། །དཔལ་ལྡན་རྩ་བའི་བླ་མ་ཕྱག་འཚལ། །ཤེས་བྱ་ཐམས་ཅད་མཁྱེན་པས་མཁས་རྩེར་སོན། །ཉེས་ལྟུང་ཕྲ་མོས་མ་གོས་བཙུན་པའི་མཆོག །བདག་གཞན་མཉམ་བརྗེའི་བྱང་ཆུབ་སེམས་ཀྱིས་བཟང་། །བློ་བཟང་གྲགས་པའི་ཞབས་ལ་མགོས་ཕྱག་འཚལ། །མགོན་ཁྱེད་ཐུན་མོང་གདུལ་བྱ་འདུལ་བའི་ཚེ། །ངུར་སྨྲིག་གོས་ཀྱིས་ཀླུབས་པའི་དགྲ་བཅོམ་ཚུལ། །བསྟེན་ཀྱང་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུ་ཡི། །བྱེད་པོ་ཁ་སྦྱོར་བདུན་ལྡན་ལ་ཕྱག་འཚལ། །འཇམ་དཔལ་རྡོ་རྗེའི་ངོ་བོར་བཞེངས་པའི་སྐུ། །གཤེགས་པ་གཤེགས་མ་སེམས་དཔའ་སེམས་མ་དང་། ཁྲོ་བོ་ཁྲོ་མོ་མ་ལུས་ཡོངས་རྫོགས་པ། །རྟེན་དང་བརྟེན་པའི་འཁོར་ལོར་ཕྱག་འཚལ་ལོ། །མདོར་ན་སྲིད་པ་འཁོར་བའི་རྒྱ་མཚོ་ལས། །སྐྱབས་མགོན་དཔུང་གཉེན་གླིང་དུ་གྱུར་པ་ལ། །དཀོན་མཆོག་མ་ལུས་འདུས་པའི་བདག་ཉིད་ཅན། །རྗེ་བཙུན་བླ་མ་དམ་པར་ཕྱག་འཚལ་ལོ། །གཉིས་པ་མཆོད་པའི་ཡན་ལག་ནི། ལྷ་རྫས་ལས་གྲུབ་ཡན་ལག་བརྒྱད་ལྡན་ཆུ། །འཐུངས་པས་གདུངས་ལ་མཆོད་ཡོན་ཡིད་འོང་འདི། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །བཀང་སྟེ་བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་ཨཱརྱ་མཉྫུ་ཤྲཱི་མཎྜ་(༧༢བ)


GLG015_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་ཆུ་བཞི་ལ། ཚིག་རྐང་དང་པོ་དང་ཕྱི་མ་གཉིས་འདྲ་བ་ལ། དུས་དང་མཐུན་པའི་ཞབས་བཀྲུ་ཡིད་འོང་འདིར། །རེག་ན་བསིལ་བའི་འཐོར་འཐུང་ཡིད་འོང་འདི། །ཞལ་གྱི་དྲི་འཇོམས་ཞལ་བསིལ་ཡིད་འོང་འདི། །ཡང་རྐང་པ་ཕྱི་མ་གཉིས་འདྲ་བ་ལ། །མཛེས་ཤིང་ལྟ་བས་མི་ངོམས་ཡིད་འཕྲོག་པའི། །རིན་ཆེན་གསེར་དངུལ་མེ་ཏོག་དྲི་བཟང་ལྡན། ཟག་བཅས་ཟག་མེད་དག་ལས་བྱུང་བ་ཡི། །དྲི་ཞིམ་ཡིད་འོང་བདུག་པའི་སྤྲིན་ཚོགས་ཀྱིས། །མི་ཤེས་མུན་སེལ་ཡེ་ཤེས་སྒྲོན་མེ་དངོས། །ཉི་ཟླ་རི་རབ་སྒྲོན་མེའི་སྣང་བ་ཡིས། །རེག་ཅིང་ཚོར་བས་གདུང་བ་ཀུན་སེལ་ཞིང་། །ཟག་མེད་བདེ་བསྐྱེད་དྲི་བཟང་ཡིད་འཕྲོག་པས། །སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས་བྱུང་བའི། །བདེ་བའི་རོ་ལྡན་སྣ་མང་ཞལ་ཟས་ཀྱིས། །རྟེན་འབྲེལ་ལས་བྱུང་སྐྱེ་མེད་རང་བཞིན་ཅན། །ཆོས་རྣམས་སྐྱེ་མེད་སྟོན་པ་རོལ་མོའི་སྒྲས། །ཞེས་བརྗོད་ཅིང་སོ་སོའི་སྔགས་ཕྱག་རྒྱས་འབུལ། །རོལ་མོའི་སྐབས་སུ་ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྷ་ཀྵེ་ཏྲ་པྲ་ཙ་ལི་ནི་པྲ་ཛྙཱ་པཱ་ར་མི་ཏ་ནཻ་ཧཱ་སྭ་བྷཱ་ཝེ། བཛྲ་ས་ཏྭ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད། དེ་ནས་གོས་ཟུངས་བྱིན་གྱིས་བརླབས་ཏེ། སྲབ་འཇམ་ཡང་ལ་ཤིན་ཏུ་དྲི་ཞིམ་པའི། །ལྷ་རྫས་ན་བཟའ་ཁ་དོག་སྣ་ལྔ་པས། །བཛྲ་ཝ་སྟ་ཞེས་པས་དབུལ། འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང་། །གླང་པོ་རྟ་མཆོག་དམག་དཔོན་རིན་པོ་ཆེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཙ་ཀྲཱ་དཾ་མ་བྷ་རཏྣ། ཞེས་པ་དང་། གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་དང་། །ཚ་གྲང་གནོད་པ་སྐྱོབ་པའི་པགས་པ་དང་། །ཡང་འཇམ་ཉོན་མོངས་སྤངས་པའི་མལ་ཆ་དང་། །དགའ་མགུ་རྩེ་བར་བྱེད་པའི་ཡིད་འོང་ཚལ། །གང་འདོད་ལྟ་ནུས་བདེ་བར་ཉལ་བའི་ཁྱིམ། །ཐགས་བཟང་བསྲེགས་བཅད་མི་ནུས་འཇམ་པའི་གོས། །ཆུ་ལ་མི་འབྱིང་ངལ་དུབ་མེད་པའི་ལྷམ། །ཉེ་བའི་རིན་ཆེན་སྣ་བདུན་འདི་དག་འབུལ། །ཨུ་པ་སཔྟ་རཏྣ་ཞེས་དང་། ལྷ་ཡི་དབང་པོ་ལྷ་མིན་(༧༣ན)


GLG015_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་རྒྱལ་ཚེ། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་རྣམས་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །མངྒ་ལཱཥཱུ་དྲ་བྱ། ཞེས་དང་། ཡིད་འོང་གཟུགས་དང་སྙན་པའི་སྒྲ་དབྱངས་དང་། །དྲི་དང་རོ་དང་རེག་བྱ་དམ་པ་རྣམས། །མོས་བློས་དཀྱིལ་འཁོར་ལྷ་དང་བདག་འབུལ་གྱིས། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །རུ་པཱ་དི་པཉྩ་ཀཱ་མ་གུ་ཎ་ཞེས་དང་། གཞན་ཡང་མཆོད་པའི་རྣམ་པ་ནི། །བླ་བྲེ་གདུགས་དང་རྒྱ་མཚན་དང་། །བ་དན་སིལ་སྙན་རོལ་མོ་ཡིས། །གུས་པས་དཀྱིལ་འཁོར་ལྷ་རྣམས་མཆོད། །རྡུལ་ཡབ་སྦྲང་ཡབ་གསིལ་ཡབ་དང་། ཁྱམས་དང་སྐྱེད་མོས་ཚལ་ཉིད་དང་། །གཟིམས་མལ་དང་ནི་གདན་ཁྲི་དང་། །མྱུར་འགྲོ་རྟ་དང་གླང་པོ་ཆེ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །རྟ་བབས་དང་ནི་བླ་བྲེ་སོགས། །བཟའ་བཏུང་རོ་མཆོག་སྣ་ཚོགས་པ། །གླུ་གར་ལ་སོགས་མཐའ་དག་མཆོད། །བུམ་པ་བཟང་པོ་འདོད་འཇོའི་བ། །རིན་ཆེན་ལག་དང་ནམ་མཁའི་མཛོད། །བློ་ཡིས་བླངས་ནས་འབུལ་བར་བགྱི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གསུམ་པ་བཤགས་པའི་ཡན་ལག་ནི། བདག་སོགས་རྣམས་ཀྱིས་འཁོར་བ་ཐོག་མེད་ནས། །ད་ལྟའི་བར་བསགས་སླད་ནས་གསོག་འགྱུར་གྱི། །མི་དགེ་སྡིག་པའི་ལས་ངན་ཅི་བསགས་པ། །གཉེན་པོ་སྟོབས་བཞི་ཚང་བས་སྙིང་ནས་བཤགས། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། །སྐྱེ་འཕགས་ཡོངས་ཀྱིས་དུས་གསུམ་བསགས་པ་ཡི། །རྣམ་དཀར་དགེ་ཚོགས་ཀུན་ལ་རང་ཉིད་ཀྱིས། །བསགས་པ་ཇི་བཞིན་དང་བའི་སེམས་ཀྱི་མཐུས། །སྤྲོ་དགའ་ཆེན་པོའི་སྒོ་ནས་རྗེས་ཡི་རང་། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། །ལུས་ཅན་སོ་སོའི་ཁམས་དང་བསམ་པ་ཡིས། །ཁྱད་པར་ཇི་བཞིན་རྟོགས་ནས་དབང་པོ་དང་། །འཚམ་པའི་ཉན་ཐོས་བྱང་སེམས་གསང་སྔགས་ཀྱི། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བའི་ཡན་ལག་ནི། །བརྣག་པར་ནུས་དཀའ་ཆར་དོང་(༧༣བ)


GLG015_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཡི། འགྲོད་དཀའི་འགྲོ་ལ་སྐྱོ་སུན་མི་མངའ་བར། །འགྲོ་རྣམས་སངས་རྒྱས་ས་ལ་མ་བཞག་བར། །མྱ་ངན་མི་འདའ་བརྟན་པར་བཞུགས་གསོལ་འདེབས། །བདུན་པ་བསྔོ་བའི་ཡན་ལག་ནི། །བསོད་ནམས་བྱས་པའི་ཕུང་པོ་རང་གི་དོན། །ཉེར་བྱེད་དམན་པའི་བསམ་པ་རིང་དོར་ནས། །དྲིན་ཅན་མར་གྱུར་སྐྱེ་དགུའི་ཚོགས་རྣམས་ཀུན། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །བསླུ་བ་མེད་པའི་སྐྱབས་གནས་ཡིན་ནོ་ཅོག །གདན་གསུམ་ཚང་བའི་འཁོར་ལོར་ཡོངས་གསལ་བ། །དབང་རྣོན་ཆོས་རྗེས་འབྲངས་པའི་དད་པ་ཡིས། །གསོལ་བ་འདེབས་ན་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་རུ། །མི་ཟད་ལས་ངན་རླུང་ཤུགས་དྲག་པོས་གཡེང་། །ཉོན་མོངས་ཆུ་སྲིན་གདུག་པས་གཙེས་པས་ཉེ། །མྱང་འདས་གྲོང་ཁྱེར་སྐམ་སར་རྒྱབ་ཀྱིས་ཕྱོགས། །བདག་སོགས་རྒྱུད་ལྔའི་སྐྱེ་དགུ་མ་ལུས་རྣམས། །མགོན་པོ་ཐུགས་རྗེའི་གཟིངས་ཀྱིས་ཉེར་བསྒྲལ་ཏེ། །ངེས་པར་ལེགས་པའི་རིན་ཆེན་གླིང་ཡངས་པོར། །ཁྲིད་ནས་ཕན་བདེའི་ནོར་བུར་སྤྱོད་བྱིན་རློབས། །ལས་འཕྲོ་སྐལ་བ་དམན་པས་གྲོལ་བའི་ལམ། །རེ་ཞིག་ཐོབ་ནུས་མིན་ན་སྐྱེ་བའི་འཕྲེང་། །རིམ་པར་དལ་བརྒྱད་འབྱོར་བཅུའི་རྟེན་རྙེད་ནས། །དགེ་བའི་བཤེས་གྱིས་རྗེས་སུ་འཛིན་པར་ཤོག །དལ་འབྱོར་རྙེད་དཀའ་ངེས་མེད་མྱུར་དུ་འཆི། །དཀར་ནག་ལས་འབྲས་ནམ་ཡང་བསླུ་མི་སྲིད། །ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་གླགས་མེད། །དེ་ལས་སྐྱོབ་ཅིང་བདེ་འགྲོ་ཐོབ་བའི་ཆེད། །དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་འགྲོ་དང་། །སྒོ་གསུམ་ནག་པོའི་ལས་སྤངས་དགེ་བ་བཅུ། །ཚུལ་བཞིན་བསྒྲུབ་པས་སྐྱེས་བུ་ཆུང་ངུ་ཡི། །ལམ་གྱི་རིམ་པ་ཉམས་སུ་ལེན་པར་ཤོག །ལྷ་མིའི་བདེ་བ་ཡུན་དུ་སྤྱད་སྤྱད་ཀྱང་། །ངན་འགྲོར་སླར་ཡང་མི་ལྡོག་གདེངས་མེད་ཅིང་། །ལྷ་མིའི་དབང་ཕྱུག་རྣམས་ཀྱང་དམྱལ་བའི་མེའི། །བུད་ཤིང་འགྱུར་ན་སྲིད་པའི་བདེ་བ་ཡང་། །བཟོད་དཀའ་མེ་དཔུང་འབར་བའི་ཀླུབས་ལྟ་བུར། །རིག་ནས་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱིས། །ལྷག་པའི་(༧༤ན)


GLG015_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་གསུམ་པོ་ཉམས་བསྟར་བའི། །སྐྱེས་བུ་འབྲིང་གི་ལམ་ལ་བསླབ་པར་ཤོག །རང་ཉིད་གཅིག་པུ་རིགས་དྲུག་གནས་ངན་ལས། །ཅི་ཐར་བྱེད་པ་དམན་པའི་ལམ་མཐོང་སྟེ། །བདག་གཞན་མཉམ་པར་བརྗེ་བའི་སེམས་བཟང་པོས། །སྦྱིན་གཏོང་ཚུལ་ཁྲིམས་བསྲུང་ཞིང་བཟོད་པ་བསྒོམ། །བརྩོན་འགྲུས་མཐུ་ལས་ཞི་གནས་ཏིང་འཛིན་ལ། །གཞོལ་བས་ལུས་སེམས་ལས་རུང་བདེ་ཆེན་འདྲེན། །ཤེས་པ་རྣོན་པོས་བདག་འཛིན་རབ་བཅད་ནས། །སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་ཤོག །འགྲོ་རྣམས་བསྐལ་མང་འཁོར་འཁྱམས་མྱུར་འདྲེན་ཆེད། །རྡོ་རྗེ་སློབ་དཔོན་སྤྱན་སྔར་མཚན་ཉིད་ཀུན། །ཡོངས་རྫོགས་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཀྱི། །དབང་བཞིས་རང་རྒྱུད་ཡོངས་སུ་སྨིན་པར་ཤོག །དཔལ་ལྡན་ཆོས་སྐྱོང་གསུང་ངག་གཞི་ལམ་འབྲས། །སྦྱོར་དྲུག་རིམ་ལྔ་རིམ་བཞི་དཔྱིད་ཐིག་དང་། །གཤེད་དམར་སྤྲོ་མེད་མཁའ་འགྲོ་སྙན་བརྒྱུད་སོགས། །རྫོགས་རིམ་ཟབ་མོས་ཚེ་འདིར་གྲོལ་བར་ཤོག །མདོར་ན་དེང་ནས་སྐྱེ་བ་ཐམས་ཅད་དུ། །མི་དགེའི་བཤེས་གཉེན་སྡིག་པ་སྤེལ་བའི་གྲོགས། །ཆོས་མིན་ཆོས་ལྟར་བཅོས་པའི་བློ་བྲིད་སོགས། །བདུད་ཀྱི་ལས་དང་ནམ་ཡང་མི་འཕྲད་ཤོག །ཐུབ་གསུང་དགོངས་འགྲེལ་བཅས་པ་དཔང་པོ་རུ། །བཟུང་སྟེ་ལུང་རིགས་གཏན་ཚིགས་རྣམ་དག་གི །སྒོ་ནས་ཐོས་བསམ་སྒོམ་པ་ལ་སྦྱོར་བར། །སྐྱེ་བ་ཀུན་ཏུ་ཡོངས་སུ་འཛིན་པར་ཤོག །ངོ་མཚར་རྨད་བྱུང་བཀོད་པའི་འཇིག་རྟེན་ན། །བཞུགས་ཀྱང་རྒྱ་ཧོར་བོད་སོགས་མགོན་ཁྱོད་ཀྱི། །གདུལ་བྱ་རྣམས་ལ་ཐུགས་རྗེའི་སྤྱན་གྱི་དཀྱུས། །རིང་པོར་ཁྱོངས་ཞེས་གསོལ་བ་དོན་ལྡན་ཤོག །ཉེ་དང་རིང་བར་བལྟོས་མིན་སྐད་ཅིག་ལ། །བྱིན་རླབས་བདུད་རྩི་སྙིང་གི་ཟ་མ་ཏོག །རབ་གང་མཆོག་དང་ཐུན་མོང་དངོས་གྲུབ་ཀྱི། །འདོད་དགུའི་ཆར་ཆེན་འབེབས་བར་བྱིན་གྱིས་རློབས། །ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་བླ་མའི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་བདུད་རྩིའི་རྒྱུན་བྱུང་ནས་དབང་བཞི་ལེན་ཚུལ་(༧༤བ)


GLG015_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་སྤྱི་འགྲོ་ལྟར་བྱ། །གསུམ་པ་རྗེས་ནི། དེ་ནས་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །ཞེས་སོགས་ཤློ་ཀ་གཅིག་གིས་གསོལ་བ་བཏབ་པས་སྲུང་འཁོར་གདན་དང་བཅས་པ་འོད་དུ་ཞུ་བླ་མ་ལ་ཐིམ། བླ་མ་འཇམ་དཔལ་རྡོ་རྗེར་གསལ་བ་རང་གི་སྤྱི་བོ་ནས་ཞུགས། སྙིང་པདྨ་འདབ་བརྒྱད་ཀྱི་ཟེའུ་འབྲུའི་ཁར་བྱོན་པ་དང་། པདྨ་ཁ་ཟུམ་ནས་བྱང་ཆུབ་གྱི་བར་དུ་འབྲལ་བ་མེད་པར་བསམ་ཞིང་བླ་མ་དང་རང་སེམས་དབྱེར་མ་མཆིས་པའི་ངང་དུ་མཉམ་པར་བཞག །མཐར་བསྔོ་བ་སྨོན་ལམ་ཤིས་བརྗོད་ཅི་རིགས་པ་བྱའོ། །བློས་བྱས་སྒྲོ་གཤོག་འགྲིག་འགྲིག་མདོངས་མཐའ་བཀྲ། གཡོ་སྒྱུས་གདུགས་ལྟར་མ་ཕུབ་རྒྱུད་སྡེའི་དོན། དབྱར་རྔ་བསྒྲགས་ཚེ་བྱིན་རླབས་མངལ་ཁུར་ལས། །ཟུང་འཇུག་སྒོ་བརྒྱ་གྲོལ་བའི་ཆོ་ག་རྫོགས། །སྦྱངས་འབྲས་སྐུ་ཡིས་བདག་བྱིན་བརླབ་པའི་གནས། །མ་རྟོགས་ཕུར་བཙུགས་ཁབ་ཀྱིས་གོར་མ་རྡོ། །འབིགས་འདོད་བརྩོན་པའི་ཁུར་གྱིས་ངལ་བའི་མཐར། །དོན་མེད་མལ་དུ་གཏི་མུག་གཉིད་ལ་ཡུར། །དེ་ཕྱིར་དཀོན་མཆོག་བགྲང་བྱར་འདྲེན་འོས་རྣམས། །མ་ཚང་མེད་པ་འཇམ་དཔལ་རྡོ་རྗེའི་སྐུར། །རྫོགས་པའི་རྣལ་འབྱོར་པད་དཀར་ཆུན་པོའི་རྒྱན། །སྐལ་བཟང་ལེགས་བྲིས་ཐོད་དུ་ཆིངས་ཤིག་བུ། །བླ་མའི་རྣལ་འབྱོར་དངོས་གྲུབ་ཆར་འབེབས་ཞེས་པ་འདི་ནི་འཇམ་དབྱངས་ཆོས་ཀྱི་རྗེའི་སྤྲུལ་པའི་སྐུ་ཆིང་གིས་གནམ་གྱི་རྒྱལ་པོའི་རིགས་སུ་བྱོན་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་བཀྲས་བཏག་མཆོག་གསུམ་མ། གསེར་གྱི་མཎྜལ། དངུལ་གྱི་ཀ་པཱ་ལ་བཅུད་ལྡན། གོས་ཡུག་གཉིས། བཀྲས་བཏགས་སྣ་ལྡན་རྣམས་ཀྱི་རྟེན་དང་བཅས་ཏེ་རྒྱང་རིང་པོ་ནས་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་རིགས་ལས་སྡོམ་བརྩོན་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་མངོན་རྟོགས་དང་མཆོད་འཕྲེང་རྣམས་ཡིག་རྙིང་དེ་ཁུངས་མ་རྣམས་ལས་བསྡུས་ཏེ་བློ་ངན་དུ་འཁོར་བ་ལྕགས་མོ་བྱའི་ལོ་ཆུ་སྟོད་ཟླ་(༧༥ན)


GLG015_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀར་ཆའི་རྒྱལ་བ་གཉིས་པའི་ཚེས་ལ་རང་བྱུང་འཕགས་པའི་གཞལ་མེད་ཁང་དུ་སྦྱར་བའི་ཡི་གེ་པ་ནི་རྩིས་དཀར་ནག་དང་རྒྱ་བོད་ཀྱི་ཡིག་རིགས་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པ་མཐར་རྒྱས་པ་བློ་བཟང་དབང་པོའོ། །སྤྱི་གཙུག་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །གདན་གསུམ་ཚང་པའི་བཤེས་གཉེན་རྡོ་རྗེ་འཛིན། །ཀུན་འདུས་ཡིད་བཞིན་ནོར་བུའི་བདག་ཉིད་ལ། །བྱེ་བ་ཕྲག་བརྒྱའི་ལུས་སྤྲུལ་གུས་ཕྱག་འཚལ། །ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་མཆོད་སྤྲིན་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །བདག་གཞན་རྣམ་དཀར་ཚོགས་ལ་རྗེས་ཡི་རང་། །རྒྱལ་སྲས་སློབ་བཅས་ཆོས་འཁོར་བསྐོར་བར་བསྐུལ། །བསྐལ་བར་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །བསོད་ནམས་བྱས་ཀུན་བྱང་ཆེན་རྒྱུ་རུ་བསྔོ། །མི་ཕྱེད་སྙིང་ནས་གསོལ་བ་བཏབ་པའི་མཐུས། །གནས་གསུམ་ཡི་གེ་གསུམ་ལས་འོད་འཕྲོས་པས། །དབང་བཞི་བསྐུར་ཞིང་ཉོན་མོངས་རྣམ་ལྔ་སྦྱངས། །ཕུང་ལྔ་གནས་གྱུར་ཡེ་ཤེས་རྣམ་པ་ལྔ། །མངོན་གྱུར་བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །ཚེ་འདིར་ཐོབ་པའི་ས་བོན་ལེགས་པར་བཏབ། །གསུང་ངག་དབང་བཞི་མཐོ་རིས་ཆུ་བོའི་རྒྱུན། །བློ་ལྡན་སྐལ་བཟང་གདུལ་བྱའི་དགའ་སྟོན་དུ། །འབེབས་མཛད་དཀྱིལ་འཁོར་རྒྱ་མཚོའི་བྱེད་པོ་མཆོག །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །བདག་སོགས་གདུལ་བྱའི་ངོ་བོར་མགོན་པོ་ཁྱོད། །འོད་མཚན་སྟོང་འབར་དེ་བཞིན་གཤེགས་པ་ལྟར། །མི་འགྱུར་རྟག་བརྟན་རང་གི་སེམས་ཉིད་དང་། །དབྱེར་མེད་སྐྱེ་བ་ཀུན་ཏུ་རྗེས་འཛིན་ཤོག །ཅེས་བླ་མའི་རྣལ་འབྱོར་ཡན་ལག་བདུན་པ་དང་འབྲེལ་བའི་སྨོན་ལམ་ཚིག་ཉུང་དོན་ཚང་ཞིག་དགོས་ཞེས་དྷཱི་ཚ་སྤྲུལ་པའི་སྐུ་བློ་བཟང་གར་དབང་ཆོས་གྲགས་དབང་པོའི་གསུང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོོག་པ་སམ་མཐོང་ལོ་ཙཱ་བ་ཕུན་ཚོགས་དབང་པོའོ། །


previousཡོན་ཏན་གྱི་གཞི་རྟེན་བླ་མའི་རྣལ་འབྱོར་ཉམས་ལེན་གྱི་རིམ་པ་ཞིང་ཁམས་རྒྱ་མཚོའི་བྱིན་རླབས་མྱུར་འདྲེན།next