Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུད་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་གླེགས་བམ་དང་པོ།


 
previousསྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུད་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་གླེགས་བམ་དང་པོ། no next

སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུད་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་གླེགས་བམ་དང་པོ།


GLG016_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུད་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་གླེགས་བམ་དང་པོ་བཞུགས། །


GLG016_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མྱོས་ལྡན་ཞེས་པ་ས་མོ་ཡོས་ལོའི་བྱེད་གྲུབ་བཟང་ལྡན་སྐར་ནག་དགོངས་བསྟུན་གྱི་ལེའུ་ཐོ་ལག་བདར་དུ་བཟོས་པའི་ལོ་བཤད་དག་བྱེད་གངྒཱའི་ཆུ་རྒྱུན་སོགས། །ན་མ་ཤྲཱི་མ་ཏྠ་ཐ་མཱནཱ་མུཏྟ་མནཱ་ཐཱཡཱ། ཕུན་ཚོགས་ཇི་སྙེད་དཀྱིལ་འཁོར་འཁོར་ལོ་ཀུན་གྱི་མཆོག་གྱུར་དཔལ་ལྡན་ཐོག་མའི་མགོན། །མགོན་པོ་གང་དེའི་ལམ་ཀུན་ཀུན་ནས་ལུས་པ་མེད་པར་སྟོན་པ་རྩ་བའི་རྒྱུད། །རྒྱུད་དོན་ཚུལ་བཞིན་རྒྱས་མཛད་མཛད་པས་ཡོངས་གང་ཟླ་བཟང་ལ་སོགས་འཇམ་དཔལ་གྲགས། །གྲགས་སྙན་སྲིད་པ་གསུམ་ཁྱབ་ཁྱབ་བདག་བླ་མའི་ཚོགས་ཀྱིས་དགེ་ལེགས་འབྲས་བུ་སྩོལ། །རྒྱལ་བ་ཀུན་ཡུམ་ཡིད་བཞིན་འཁོར་ལོ་མ། །མ་ལུས་དབང་དུ་སྡུད་མཛད་རིག་བྱེད་ལྷ། །ལྷ་མཆོག་ངག་གི་དབང་ཕྱུག་ཚངས་སྲས་ཞབས། །ཞབས་པད་དུས་ཀུན་རྒྱུན་དུ་སྤྱི་བོས་བསྟེན། །དཔལ་སྟུག་བསྟན་པ་འཆི་མེད་སྐྱེད་ཚལ་དུ། །མཁས་མང་རྐང་འཐུང་འཕྲེང་བ་འཁྲིགས་པའི་དབུས། །བློ་བཟང་ཧ་རི་ཙནྡན་སྡོང་པོ་ལ། །གྲགས་པའི་དྲི་བསུང་འཕྲོ་དེར་གུས་པས་འདུད། །དྲི་མེད་འོད་ཀྱི་སྣ་ཚོགས་


GLG016_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འཕྲེང་། །ཕྱི་ནང་གཞན་གསུམ་དར་གྱི་སྲད་བུ་ལ། །ལེགས་དྲངས་སྐལ་ལྡན་ན་ཆུང་མགྲིན་རྒྱན་དུ། །འགོད་མཁས་དུས་འཁོར་ཞབས་པ་ཆོས་ཀྱི་གྲགས། །སྣ་མང་མཁས་དང་གྲུབ་པའི་རྒྱལ་མཚན་རྩེར། །ལུང་རྟོགས་ཡིད་བཞིན་ནོར་བཟང་དབང་གི་རྒྱལ། །མངོན་པར་རབ་བཀོད་ཡོན་ཏན་ཕུང་པོའི་ཁུར། །རྒྱ་མཚོའི་གོས་ཅན་འདི་ཡིས་ཐེག་པ་མཚར། །ལྷུན་གྲུབ་གཙུག་ལག་རྒྱ་མཚོ་ཆེན་པོ་ལས། །ལེགས་འོངས་སྐར་རྩིས་རྟ་ལྗང་འོད་རྣོན་གྱིས། །ཕྱོགས་འདིའི་ལོག་རྟོག་མུན་ཚོགས་འཇོམས་མཛད་པ། །ཁུ་དབོན་བརྒྱུད་པར་བཅས་པ་རྟག་ཏུ་རྒྱལ། །འདི་ན་མཛུབ་མོ་ངལ་བྱེད་གཞུང་མང་ཚོགས། །མ་ལུས་སྤངས་ནས་མཁས་པའི་གསུང་གི་ཕུལ། །པད་དཀར་ཞལ་གྱི་ལུང་བཟང་དགོངས་དོན་བཞིན། །འཁྲུལ་མེད་རི་མོས་གཏན་ལ་དེང་འདིར་འབེབས། །འཕགས་པའི་ཡུལ་དུ་པྲ་མ་ཏིར་བརྗོད་པ། །དེ་ཡི་སྐད་བསྒྱུར་བདེ་མཆོག་བསྟོད་འགྲེལ་ལས། །གངས་ཅན་ལྗོངས་འདིར་མྱོས་ལྡན་ཞེས་སུ་འབོད། །འདྲེན་མཆོག་བུ་རམ་ཤིང་པ་ལྕགས་སྤྲེལ་ལོར། །ལེགས་པར་བལྟམས་ནས་བུག་གཏེར་མདའ་


GLG016_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མིག་འདས། །ཕོ་བྲང་ཆེན་པོ་བྱང་ཕྱོགས་ཀ་ལཱ་པར། །རིགས་ལྡན་སེང་གེ་མི་འཇིགས་གདོང་ལྔའི་ཁྲིར། །ཞབས་སེན་མངོན་པར་འཁོད་ནས་ཉི་མའི་ལོར། །༼རྒྱ་གར༽གྲུབ་རྩིས་ལོ་གཟའ་བདེ་འབྱུང་གཙུག་རྒྱན་གྱི། །མཁའ་གླང་ལེགས་འཁྲིགས་ཆར་འབབ་སྨན་བཅུད་ལྡན། །ཆུ་ཀླུང་ལྟེང་ཀ་ནགས་ཚལ་མེ་ཏོག་རྒྱས། །འཇིག་རྟེན་ལྷས་སྐྱོང་ཁྱད་པར་རྗེ་རིགས་བདེ། །སྟོང་དང་དྲུག་བརྒྱ་ཉི་ཤུའི་ཡུལ་གྲུ་ན། །རྒྱུ་སྐར་ལྷ་མོ་ས་ཁམས་གདུ་བུ་ཡིས། །ལོ་ཡི་བདག་བྱེད་འབྲས་བུ་སྟོན་པ་ལ། །སྣག་གི་གཉེན་མཆོག་རིགས་ཀྱི་གཅེན་པོ་དང་། །ཕྱི་སྐྱེས་ཚོགས་རྣམས་ལོངས་སྤྱོད་རབ་རྒྱས་ཤིང་། །ལུས་ཅན་ཀུན་བདེ་ཆོས་སྤྱོད་སྐྱོང་རྣམས་ལ། །ནད་ཀྱི་གནོད་པས་ཅུང་ཟད་ཉེ་བར་འཚེ། །ནུབ་ཕྱོགས་མགྲོན་སྐར་འབྲས་བུ་ཕལ་ཆེར་བཟང་། ༼ཕྱི་རོལ༽བྱེད་པའི་ལོ་གཟའ་དྲང་སྲོང༌གསལ་ལྡན་གྱིས། །ཡུལ་ཁམས་བདེ་ཞིང་ལོ་ཚོགས་རྣམ་པར་འཕེལ། །རྒྱལ་འབངས་དགའ་སྟོན་ལ་རོལ་ཁྲིམས་ཀྱིས་འཚོ། །མཁས་རྣམས་ཡོན་ཏན་ལྡན་ཞིང་ཚངས་བྱུང་བདེ། །རྒྱལ་སར་ལྷ་མིན་བླ་མ་ལེགས་གནས་ཤིང་། །བློན་པོ་ཆུ་ཤེལ་དབང་པོའི་ལོ་འབྲས་ལ། །འཇིག་རྟེན་བདེ་ཞིང་འབྲུ་ནོར་ལོངས་སྤྱོད་རྒྱས། །ཁྱད་པར་བུད་མེད་རྐང་བཞི་ཕྱུགས་རྣམས་བདེ། །༼རྒྱ་ནག༽དབང་ཕྱོགས་རྒྱལ་པོར་ས་མོ་ཡོས་བརྗོད་པ། །འབྱུང་བ་གསུམ་ལྡན་ཁ་རལ་ཟླ་བའི་ཀླུངས། །དགུ་གླིང་དབུས་སུ་ལྡེ་ཐུང་བཙུན་མོ་གནས། །གཙུག་ལག་དེ་ཉིད་གསང་བའི་ཚིག་ལས་ནི། །བློན་གྱིས་རྒྱལ་ལ་རྩོད་ཅིང་སོ་ཟར་བཙོན། །གནག་རྣམས་འབྲིང་ཞིང་འབྲུ་ཡི་ཚོགས་སྤྱི་སྙོམས། །ཡམས་


GLG016_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཆོམ་རྐུན་དར་སོགས་འབྲས་ངན་ཡང༌། །དཀར་པོའི་ཕྱོགས་ཀྱིས་ནག་ཕྱོགས་བཅིལ་བའི་དགེ ། དེ་ལྟར་གཙུག་ལག་གདོང་བཞིའི་མགོ་སྐྱེས་ལས། །བདག་བློ་སྐལ་ལྡན་ཤིང་རྟས་ལེགས་དྲངས་པའི། །སྐར་ནག་རྩིས་ཀྱི་ཛ་ཧུའི་བུ་མོ་ཡིས། །བློ་གསལ་འཇུག་པ་བཅུ་པའི་དགའ་སྟོན་རྒྱས། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱིས་ས་ཡོས་དགུང་ཀེག་རྡེའུ་ཞེ་བདུན་མའི་སྒོ་ནས་མྱུལ་བའི་ཁྲ་མའི་ཆོས་སྤྱོད་སྤོར་ཐང་རྣམ་བཀྲ། དཔག་ཡས་མཁྱེན་པའི་ལྷ་ལམ་ཡངས་པ་ལ། །བརྩེ་ཆེན་རྟ་བདུན་བདག་པོའི་འོད་སྟོང་གིས། །བློ་གྲོས་པདྨའི་ཚལ་རབ་རྒྱས་མཛད་པ། །སྨྲ་བའི་སེང་གེ་འཇམ་དཔལ་དབྱངས་ལ་འདུད། །རྒྱ་ནག་རྩིས་ཀྱི་གཞུང་ལུགས་མ་ལུས་པ། །རྒྱས་མཛད་རྒྱ་བོད་མཁས་གྲུབ་ཚོགས་སྤྱི་དང་། །ཁྱད་པར་ཕྱོགས་འདིའི་ཤིང་རྟའི་སྲོལ་འབྱེད་མཁན། །དཔལ་མགོན་འཕྲིན་ལས་བདག་བློའི་པད་མཚོ་སྐྱོངས། །ས་ཡོས་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ཉིན་ཤར་གླིང་ནས་ཟླ་བ་དུས་མེས་གཟུང་བཞིན་པའི་མུས་ལྷོ་གླིང་འདིར་འཆར་བའི་སྒོ་ཡིག་མ་འོངས་མངོན་སུམ་སྟོན་པའི་མེ་ལོང་། རོ་རྐྱང་པད་དཀར་ས་མོས་གཉེན་གྱི་ཁམས། །དྷུ་ཏཱི་སེང་གེ་མ་བུའི་དཀྱིལ་འཁོར་དུ། །བཅོམས་ནས་མཆོག་ཏུ་འགྱུར་མེད་བདེ་ཆེན་ལ། །རོལ་མཛད་དཔལ་ལྡན་དང་པོའི་སངས་རྒྱས་མཆོག །རྒྱུད་རྒྱལ་སྤེལ་མཛད་ཟླ་བ་བཟང་པོ་ནས། །ཕྱག་ན་འཁོར་ལོའི་བར་དུ་རིམ་བྱོན་པ། །ཆོས་རྒྱལ་རིགས་ལྡན་མིག་བརྩེའི་གྲངས་ཚོགས་དང་། །འཕགས་ཡུལ་པུཎྜ་


GLG016_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཀའི་ཚལ་ཆེན་རྣམས། །བསྡུས་རྒྱུད་འོད་ཟེར་འཕྲེང་བས་རྒྱས་མཛད་པ། །དུས་ཞབས་འོད་དཀར་ཅན་སོགས་པཎྜི་ཏ། །གདོང་བཞིའི་མགོ་སྐྱེས་དང་མཚུངས་ཡུལ་དབུས་ནས། །ཛ་ཤྣུའི་བུ་མོ་ལྟ་བུའི་རྒྱུད་རྒྱལ་རྣམས། །པད་དཀར་མིག་འདྲའི་མཐའ་འཁོབ་བོད་ཡུལ་འདིར། །ཞབས་བསིལ་རྗེས་འགྲོའི་ཟབ་ལམ་རྒྱས་བྱའི་ཕྱིར། །རྒྱལ་རིགས་སྐལ་ལྡན་ཤིང་རྟར་འགྲན་བཟོད་པ། །སྐད་གཉིས་སྨྲ་བ་ལོ་ཆེན་གཤོང་སྟོན་ཞབས། །རྒྱུད་སྡེ་རྒྱ་མཚོའི་གསེར་གྱི་འཁོར་ལོ་ཡིས། །དབང་སྒྱུར་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །ཁྱད་པར་ཕྱོགས་འདིར་འཁྲུལ་པའི་དྲི་མའི་ཚོགས། །རབ་སྤངས་དུས་འཁོར་ཞབས་པ་ཆོས་ཀྱི་གྲགས། །ལམ་མཆོག་ཡིད་བཞིན་ནོར་བུའི་བང་མཛོད་ལ། །བཟང་པོའི་མཛད་པས་དབང་སྒྱུར་ཆོས་ཀྱི་རྗེ། །ལྷུན་གྲུབ་གཙུག་ལག་འཆི་མེད་དགའ་ཚལ་དུ། །སྐར་རྩིས་གཞུང་ལུགས་རྐང་འཐུང་ཕྲེང་བའི་ཚོགས། །མཁྱེན་རབ་རྒྱ་མཚོས་ཆེས་ཆེར་རྒྱས་མཛད་པ། ཁུ་དབོན་རྗེས་འབྲང་བརྒྱུད་པར་བཅས་པ་ལ། །དེང་ནས་བཟུང་སྟེ་ཁ་སྦྱོར་བདུན་ལྡན་གྱི། །གོ་འཕང་མ་ཐོབ་བར་དུ་འདུད་པར་སྤྲོ། འཕགས་པའི་ཡུལ་དུ་པྲ་མ་ཏི་ཞེས་བརྗོད། །ཕྱོགས་འདིར་མྱོས་ལྡན་ལོར་གྲགས་དབང་ཐང་དང་། །བསྟུན་པའི་སྐད་དོད་ས་མོ་ཡོས་ཀྱི་ལོར། །འདྲེན་མཆོག་ཀུན་མཁྱེན་བུ་རམ་ཤིང་པའི་ཞབས། །དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུའི་ལོར། །ལེགས་པར་བལྟམས་ནས༢༥༩༩


GLG016_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཉིས་སྟོང་ལྔ་བརྒྱ་དང་། །གོ་དགུ་འདས་ཤིང་ཕོ་བྲང་ཤམྦྷ་ལར། །རིགས་ལྡན་སེང་གེ་མི་འཇིགས་ཁྲིར་འཁོད་ནས། །ཉི་མ་༡༢་འདས་པ་འཁྲུལ་མེད་རྩིས་ཀྱི་ལོར། །ཤར་ཕྱོགས་རྒྱལ་ཁབ་སྟོན་ཟླ་ར་བར་གྲགས། །མཁའ་མེའི་ཞག་གི་གྲངས་ལྡན་མེ་ཕོ་སྤྲེལ། །ལུགས་འདིར་དབྱར་ར་སྣྲོན་གྱིས་ཉ་བ་ཡི། །དཀར་པོའི་ཕྱོགས་ཀྱི་རྫོགས་པ་གསུམ་པ་ལ། །གཉིས་སྐྱེས་རྒྱལ་པོའི་དཀྱིལ་འཁོར་རབ་རྒྱས་པར། །སྣ་ཚོགས་གཙུག་ཕུད་དག་གིས་སྒྲིབ་པའི་ཚུལ། །བྱེད་གྲུབ་དགོངས་པ་གཅིག་བསྡུས་དེང་འདིར་སྤྲོ། ཉིན་གྱི་ཆུ་ཚོད་སོ་གཉིས་རྫོགས་འཚམས་ནས་ཟླ་བ་ལ་སྒྲ་གཅན་འཇུག །ཆུ་ཚོད་གཅིག་རྫོགས་ནས་ལྷག་དྲུག་གི་རིང་གླིང་འདི་ནས་མཐོང་། ཤར་གླིང་དུ་མེ་ལྷའི་ཕྱོགས་ནས་འཛིན། ནུབ་བྱང་ནས་གཏོང༌ ། གཟའ་ལྷག་པ་དང་སྐར་མ་སྣྲུབས་ཀྱི་སྟེང་དུ་བཟུང་བས་འབྲུ་མང་། འབྲས་བུ་དང་འོ་མ་འཕེལ། ཆར་ཆེ། ལོ་ཕྱུགས་ལེགས། དེ་ལྟར་འོད་དཀར་ཅན་གྱི་དཀྱིལ་འཁོར་ལ། །མི་མཐུན་དུས་མེས་སྒྲིབ་ཚུལ་འཆར་ཡུན་སོགས། །བྱེད་གྲུབ་མན་ངག་མཁས་པའི་དགོངས་དོན་ལྟར། །རྟ་བདུན་བདག་པོ་འཁྲིག་ཁྱིམ་བབས་པ་ཡི། །དཀར་པོའི་ཕྱོགས་ཀྱི་དགའ་བ་གཉིས་པ་ལ། །དབུས་འགྱུར་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར། །བཀོད་པའི་དགེ་དེས་དཔལ་ལྔ་དེས་དཔལ་ལྡན་དུས་འཁོར་ལོའི། །ལུགས་བཟང་དབྱར་མཚོ་ལྟ་བུར་རྒྱས་གྱུར་ཅིག །


GLG016_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཕོ་འབྲུག་ལོའི་སྐར་ནག་དགོངས་བསྟུན་གྱི་ལེའུ་ཐོ་ལག་བདར་དུ་བཟོས་པའི་ལོ་བཤད་དྲང་སྲོང་དགའ་བའི་གླུ། ཙཱཀྵསུཁྱུཙཱམཧཱསཾབ་སནྟནེཏཱསངྒསྱཱཙཱཤྲིཏོམཱཤྲཡཱགྲ། ནཱཊཀྱུཀཱནྟཱཀིལྱཡོབནྱཀམྤཾ། བྱཱཙོདིཏྱཱཏུབུདྡྷ་ཛཱིརྨིརགྱེནཏཱཾ། །ཕུལ་བྱུང་མི་འགྱུར་བདེ་ཆེན་ལང་ཚོའི་དཔྱིད། །རྟེན་དང་བརྟེན་པའི་མཛེས་སྡུག་ཟུར་མིག་གི ། ཟློས་གར་རྣམ་པར་སྤྲོ་བའི་བྱེད་པོ་མཆོག །དང་པོའི་སངས་རྒྱས་རི་དྭགས་མིག་ཅན་རྒྱལ། ཤེལ་དཀཪ་ལྷུན་པོའི་མདངས་ལྡན་སྒྲ་དབྱངས་ལྷ། །ལྷ་སོགས་སྲིད་གསུམ་གཙུག་འགྱིང་དབང་གི་རྒྱལ། །རྒྱལ་ཀུན་མ་ལུས་སྐྱེད་བྱེད་ལེགས་སྦྱིན་མ། །མ་ལྟར་བརྩེར་དགོངས་མཆོག་ཐུན་དངོས་གྲུབ་སྩོལ། །སྔོ་བསངས་མ་དེར་


GLG016_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་རྩིའི་རྒྱལ་མཚན་ཅན། །འདབ་སྟོང་ཟུམ་ཞེས་སྨྲ་བ་ངེས་རྫུན་ཏེ། ལག་རྩེའི་གྲངས་ལྡན་མི་དབང་མཁྱེན་འོད་ཀྱིས། །འགོག་མེད་རྒྱུད་དོན་པད་ཚལ་བཞད་འདི་གང་། །བརྒྱ་ཕྲག་བགྲོད་དཀའ་ལམ་གྱི་ན་བཀྲའི་གྲོང་། །སྙིང་སྟོབས་གཟིངས་ལས་རྒྱལ་ཁབ་ནོར་གླིང་དུ། །ལེགས་སོན་ཕྱི་ནང་གཞན་གསུམ་ཡིད་བཞིན་དབང་། །ངེས་དོན་དགོས་འདོད་སྩོལ་མཛད་ལོ་པཎ་ཚོགས། །རྒྱ་ཆེན་རྒྱུད་སྡེའི་ཆོས་ཀྱི་ཨུདྡྷ་ཀའི། །གྲགས་པའི་སྒྲ་དབྱངས་རབ་བསྒྲགས་དུས་འཁོར་ཞབས། །ཤེས་རབ་བྱེད་པོས་ལེགས་སྦྱར་རིན་ཆེན་མཆོག །ཐུབ་བསྟན་རྒྱལ་མཚན་རྩེར་འགོད་ལོ་ཙཱ་བ། །བདེ་ཆེན་ཟླ་བའི་མ་མར་རྟག་རོལ་ཡང༌། །ཆེས་ཕྲ་རིག་པའི་ཡིད་བཞིན་ནོར་བཟང་མཐུས། །ལེགས་བཤད་འདོད་རྒུ་རྒྱ་མཚོའི་གོས་ཅན་བར། ཁྱབ་མཛད་མཁས་གྲུབ་གདེངས་ཅན་འདྲེན་པར་འདུད། །རྣམ་དཔྱོད་ལྷུན་གྲུབ་སྟོབས་ཀྱི་འཁྲུལ་འཁོར་ལས། །གཙུག་ལག་རྒྱ་མཚོ་བློ་གྲོས་ལྟོ་བར་འཇུག །དཔལ་ལྡན་ཐོག་མའི་མགོན་གྱི་འཕྲིན་ལས་རྣམས། །སྤེལ་མཛད་མཁས་དབང་བརྒྱུད་པར་བཅས་པ་རྒྱལ། །གང་དེའི་རིག་བྱེད་གཞུང་གི་ཆུ་གཏེར་ལས། །དྲང་སྲོང་གསང་ཚིག་བུམ་བཟང་བདུད་རྩིའི་བཅུད། ཁྱིམ་ཞག་འཁོར་ལོའི་རིན་ཅེན་ཡོལ་གོའི་ནང་། །མངོན་པར་འགེང་ལ་བདག་ཡིད་སྤྲོ་དགའ་བརྟས། །དབུས་འགྱུར་འཆང་དུ་བཱི་ར་ཞེས་བརྗོད་པ། །གང་དེ་སྐད་བསྒྱུར་བདེ་མཆོག་བསྟོད་འགྲེལ་ལས། །གངས་ཅན་ལྗོངས་འདིར་དཔའ་བོ་ཞེས་སུ་འབོད། །སྟོབས་བཅུ་མངའ་


GLG016_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན་མཁྱེན་ཟས་གཙང་སྲས། །ལྕགས་སྤྲེལ་ལོར་བལྟམས་མཁའ་མཁའ་དུས་མིག་འདས། །ཕོ་བྲང་ཆེན་པོ་བྱང་ཕྱོགས་ཀ་ལཱ་པར། །རིགས་ལྡན་སེང་གེ་འཇིགས་བྲལ་འཕྲོག་བྱེད་ཁྲིར། །ཞབས་ཟུང་མངོན་པར་འཁོད་ནས་འདོད་༡༣པའི་ལོར། །༼རྒྱ་གར༽གྲུབ་རྩིས་ལོ་གཟའ་སྔོ་བསངས་ལུས་ཅན་གྱིས། །འཆི་མེད་ལམ་དུ་སྤྲིན་འཁྲིག་གྲུ་ཆར་འབབ། །རྩི་ཤིང་ལོ་ཏོག་རབ་རྒྱས་འཇིག་རྟེན་དར། །མཁས་པའི་སྐྱེས་བུ་ཆོས་ལྡན་གྲགས་པ་ཐོབ། །རྟ་བདུན་དབང་པོ་ལུག་གི་སྐྱེད་ཚལ་ནང་། །མངོན་སླེབས་དམར་ཕྱོགས་དགའ་བ་གསུམ་པའི་ཉིན། །དྲང་སྲོང་འཆི་མེད་བླ་མ་རང་འགྲོས་ཀྱིས། །དལ་བུས་རྒྱུ་ཞིང་སྤྱོད་པའི་མི་ལྟུང་ཕྲེང་། །སྟོང་དང་དྲུག་བརྒྱ་ཉི་ཤུའི་ཡུལ་གྲུ་ནས། །འབབ་ལྡན་ཁམས་ལས་ལེགས་གྲུབ་ཆུ་སྟོད་ཀྱིས། །ལོ་ཡི་བདག་བྱེད་འབྲས་བུ་སྟོན་པ་ལ། །མཁའ་ལས་རླུང་གི་འབྲས་འབྱུང་ལོ་ཏོག་རྒྱས། །ཡུལ་གྲུ་ལ་ལར་ཚ་བའི་འཇིགས་པ་ཡིས། །ཀུན་གསལ་མཛེས་མ་ནམ་མཁའི་གླང་པོའི་གོས། །མངོན་པར་བྲལ་བས་ལོ་ཏོག་མི་སྨིན་ཅིང་། །བདེ་དང་འཐབ་རྩོད་ཉེར་འཚེ་འདྲེས་མར་འོང་། །༼ཕྱི་རོལ༽བྱེད་པའི་ལོ་གཟའ་སྐྱེད་བྱེད་བདུན་པ་ཡིས། །གྲུ་ཆར་ལེགས་འབབ་འབྲུ་དང་རྩི་ཤིང་རྒྱས། །རྟ་གླང་འཕེལ་ཞིང་འཇིག་རྟེན་ལྷ་ཡིས་སྐྱོང་། །མི་ཕྱུགས་ནད་བྲལ་ཁྱད་པར་བྲམ་ཟེ་བདེ། །རྒྱལ་པོ་ཆུ་ཤེལ་དབང་པོ་ལ་གནས་ཤིང་། །བློན་པོ་དྲང་སྲོང་བློ་ལྡན་ལོ་འབྲས་ལ། །རླུང་གི་


GLG016_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟའི་བཅུད་ཀྱིས་གསེར་ལྡན་མ། །ཀུན་ཁྱབ་སྨན་བཅུད་ཉལ་འགྲོ་རྐང་འཐུང་རྒྱསྭ། །ཁྱུ་མཆོག་ལ་སོགས་བཞོན་རྣམས་འོ་མ་འཕེལ། །མི་རྗེ་བྱམས་པས་འབངས་སྐྱོང་རྗེ་རིགས་བདེ། །ཚངས་བྱུང་རིག་བྱེད་སྤྲོ་ཞིང་གཞོན་ནུ་རྣམས། །རྩེད་འཇོ་ལ་རོལ་བློ་ལྡན་རིག་པ་རྒྱས། །༼དབྱངས་འཆར༽གཡུལ་ལས་རྣམ་པར་རྒྱལ་ཞེས་མགྲིན་སྔོན་གྱི། །གསང་ཚིག་འཁྲུལ་མེད་འཁོར་ལོའི་མན་ངག་ལས། །ཡུལ་དབུས་འབོད་གྲོགས་འབབ་ལྡན་ལྷོའི་ཕྱོགས་སུ། །བགྲང་བྱ་མ་རྫོགས་བར་དང་རྒྱལ་ཟླ་བའི། །ཕྱི་མའི་ཕྱོགས་ཀྱི་དགའ་བ་དང་པོ་ནས། །རྗེ་འབངས་རྣམས་ལ་འཐབ་རྩོད་ནད་རིམས་སོགས། །དུཿཁས་གཙེས་ལ་དགེ་ཚོགས་བསོད་ནམས་ཀྱིས། །ཐུབ་ཅེས་ཚད་ལྡན་མཁས་པའི་གཞུང་ལས་གསུངས། །༼རྒྱ་ནག༽དབང་ཕྱོགས་རྒྱལ་པོཪ་ལྕགས་ཕོ་འབྲུག་བརྗོད་པ། །འབྱུང་བ་གསུམ་ལྡན་སེ་ཤིག་མིག་དམར་ཀླུངས། །དགུ་གླིང་དབུས་སུ་གཡང་གི་མེ་ལོང་གནས། །གཙུག་ལག་དེ་ཉིད་གསང་བའི་ཚིག་ལ་ནི། །གྲོ་དང་དཀར་མོ་བཟང་ཞིང་སོ་ཟར་འབྲིང་། །ཆར་ཆེ་ནམ་སྟོད་ཐན་ཞིང་ནམ་སྨད་ཞོད། །ཡུལ་འཕོ་བཀྲེན་གྲང་ལ་སོགས་འབྲས་ངན་ཡང་། །དབང་ཐང་མིས་དབང་དཀར་ཕྱོགས་སྟོབས་ཀྱིས་དགེ། དེ་ལྟར་རྒྱུད་རྒྱལ་དགོངས་དོན་བྱེད་གྲུབ་རྩིས། །གཙུག་ན་ཟླ་བའི་གསང་ཚིག་དབྱངས་འཆར་གཞུང་། །རྒྱ་ནག་མཁས་པའི་གཙུག་ལག་དགོངས་མཐུན་པར། །བཀོད་འདིས་ཕུན་ཚོགས་དགའ་སྟོན་དཔལ་ལ་རོལ། །


GLG016_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་མོ་སྦྲུལ་ལོའི་སྐར་ནག་དགོངས་བསྟུན་གྱི་ལེའུ་ཐོ་ལག་བདར་དུ་བཟོས་པའི་ལོ་བཤད་རྣམ་པར་རྒྱལ་བའི་རུ་མཚོན། ཤྲཡཱཀུལབྷཱུཤྲཱིམཱཾཤཏམདྷྱ། །མཎྜལཙཀྲོདྱཱནཙནཱཐཱ། །པྲཱཔུཥནཱཀྵཏྲདྲུམཀལྦ། །ཤྲཡརྠཕལཱདཱཔུཥྐརུ་སིདྡྷི། །དཔལ་ལྡན་ཕུན་ཚོགས་རིགས་བརྒྱའི་ནོར་འཛིན་དབུས། །རྒྱུ་སྐར་དཀྱིལ་འཁོར་འཁོར་ལོའི་སྐྱེད་ཚལ་དུ། །རབ་རྒྱས་ཐོག་མའི་མགོན་པོ་དཔག་བསམ་ལྗོན། །དངོས་གྲུབ་འབྲས་བུའི་དཔལ་འབྱོར་རྒྱས་པར་མཛོད། །རྒྱུད་རྒྱལ་པདྨའི་ཚལ་ཀུན་མ་ལུས་རྒྱས་མཛད་ཆོས་རྒྱལ་རིགས་ལྡན་ཉིན་བྱེད་དབང་། །སྙིང་སྟོབས་བརྩོན་པས་རྒྱུད་འགྲེལ་དབུས་འགྱུར་འཆང་དུ་སྤེལ་མཁས་པཎ་ཆེན་རྣམ་པ་གཉིས། །འཕགས་ཡུལ་རིན་ཅེན་གླིང་ནས་ལུགས་བཟང་ནོར་བུ་ལེན་


GLG016_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ལོ་ཆེན་དེད་དཔོན་མཆོག །ཚུལ་འདིར་བཀའ་དྲིན་ཆེ་བའི་རྒྱལ་བློན་མཁས་གྲུབ་ཚོགས་ཀུན་ཞབས་ཟུང་སྤྱི་བོར་བསྟེན། །འཆི་མེད་ཚེ་ཡི་དཔལ་སྟེར་ལེགས་བྱིན་མ། །མ་ལུས་ངག་གི་དབང་ཕྱུག་དབྱངས་ཅན་ལྷ། །ལྷ་མཆོག་སྲིད་གསུམ་ཟིལ་གནོན་དབང་གི་རྒྱལ། །རྒྱལ་ཡུམ་རྣམ་གསུམ་དུས་ཀུན་ཕྱག་གི་ཡུལ། །གྲངས་མེད་མཁས་པའི་སྐྱེད་ཚལ་རབ་ཡངས་པར། །བློ་བཟང་རྒྱལ་བའི་ཡོངས་འདུ་ས་བརྟོལ་དབང་། །རྣམ་གསུམ་མཁས་པའི་མཛད་མཆོག་དྲི་བསུང་གིས། །གྲགས་པ་འཇིག་རྟེན་འདི་ན་མངོན་པར་རྒྱས། །དཔལ་ལྡན་ཆོས་ཀྱི་འཆི་མེད་རྫ་རྔའི་གྲགས་པས་ཀུན་ཁྱབ་དུས་འཁོར་ཞབས་པ་མིག་སྟོང་ཅན། །ཤེས་རབ་རིན་ཆེན་ཤིང་རྟས་ལྔ་རིག་གླིང་བཞིར་དབང་བསྒྱུར་ལོ་ཆེན་འཁོར་ལོས་སྒྱུར་རྒྱལ་ཆེ། །ལུང་རྟོགས་ཡིད་བཞིན་ནོར་བཟང་མཆོག་གི་མཁས་གྲུབ་རྒྱ་མཚོའི་གོས་ཅན་དབུས་ན་འགྲན་ཟླ་བྲལ། །ལྷུན་གྲུབ་གཙུག་ལག་རྒྱ་མཚོའི་མཐར་སོན་དཔལ་མགོན་འཕྲིན་ལས་གྲགས་པའི་བ་དན་རྒྱལ་གྱུར་ཅིག །གང་ཞིག་སྔ་མའི་འཁྲུལ་པ་ཁོ་ནའི་གཞུང༌། །རྨོངས་ཞེན་དབང་གིས་འཛིན་པའི་བླུན་པོ་མང་། །འཁྲུལ་མེད་གྲྭ་མདའ་ཕུག་པའི་ལུགས་བཟང་གི ། ཉིན་བྱེད་སྤྲོ་བོ་ཤེས་ལྡན་འདབ་བརྒྱ་འཛུམ། །འཕགས་པའི་ཡུལ་དུ་བྲྀ་ཥ་ཞེས་སུ་བརྗོད། །གང་དེའི་སྐད་བསྒྱུར་བདེ་མཆོག་སྟོད་འགྲེལ་ལས། །སྲིད་པའི་ལྗོངས་འདིར་ཁྱུ་མཆོག་མིང་དུ་གྲགས། །རྣམ་འདྲེན་མི་ཡི་སེང་གེ་ཉི་མའི་


GLG016_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན། །ལྕགས་སྤྲེལ་ལོར་བལྟམས་གཟུགས་མཁའ་དུས་མིག་འདས། །ཕོ་བྲང་ཆེན་པོ་བྱང་ཕྱོགས་ཀ་ལཱ་པར། །རིགས་ལྡན་སེང་གེ་མི་འཇིགས་གདོང་ལྔའི་ཁྲིར། །ཞབས་པད་མངོན་པར་འཁོད་ནས་མ་ནུའི་ལོར། །༼རྒྱ་གར༽གྲུབ་རྩིས་ལོ་གཟའ་དྲང་སྲོང་ཕུར་བུ་ཡིས། །གྲུ་ཆར་ལེགས་འབབ་འཇིག་རྟེན་ལྷ་ཡིས་སྐྱོང་། །མི་ཕྱུགས་ནད་བྲལ་འབྲུ་དང་རྩི་ཤིང་རྒྱས། རྟ་གླང་འཕེལ་ཞིང་ཁྱད་པར་བྲམ་ཟེ་བདེ། །ཉིན་མོར་བྱེད་པ་ལུག་གི་དགའ་ཚལ་ནང་། །རབ་སླེབས་དཀར་ཕྱོགས་རི་བོའི་ཚེས་ཀྱི་ཉིན། །ལྷ་ཡི་བླ་མ་རང་འགྲོས་སྟོབས་ཤུགས་ཀྱིས། །དལ་བུར་རྒྱུ་ཞིང་སྤྱོད་པའི་རྒྱུ་སྐར་འཕྲེང་། །སྟོང་དང་དྲུག་བརྒྱ་ཉི་ཤུའི་ཡུལ་གྲུ་ནས༌། །རྒྱུ་སྐར་ལྷ་མོ་ལག་མིག་གྲངས་འཛིན་པས། །ལོ་ཡི་བདག་བྱེད་འབྲས་བུ་སྟོན་པ་ལ། རྩི་ཤིང་ལོ་ཏོག་ཕུན་སུམ་རབ་ཚོགས་ཤིང་། །མེ་ཏོག་འབྲས་བུ་སྨིན་པའི་ས་ཡི་ཆར། །ནད་ཀྱི་འཇིག་པས་ཅུང་ཟད་གཙེས་འགྱུར་ཞིང༌། །གཞན་དག་ཡུལ་ཀུན་ཕལ་ཆེར་བདེ་སྐྱིད་དང་། །དགེ་བའི་དཔལ་ལ་སྤྱོད་ཅེས་མངོན་པར་གྲགས། །༼ཕྱི་རོལ༽བྱེད་པའི་ལོ་གཟའ་སྔོ་བསངས་ལུས་ཅན་གྱིས། །ཀུན་གསལ་མཛེས་མར་སྤྲིན་འཁྲིག་ཆར་ཆེན་འབབ། །འཇིག་རྟེན་དར་ཞིང་རྩི་ཤིང་ལོ་ཏོག་རྒྱས། །མཁས་པའི་ཚོགས་རྣམས་ཕུལ་བྱུང་གྲགས་པ་ཐོབ། །རྒྱལ་སར་སྐྱེད་བྱེད་འདུན་པ་ལ་གནས་པས། །ཆར་འབབ་འཛིན་མ་ལོ་ཏོག་གིས་མཛེས་ཤིང་། །ས་བདག་མངོན་པར་མཐོ་སོགས་འབྲས་


GLG016_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཡང་། །རྒྱལ་ཁ་བློན་བསྒྱུར་བཅུ་གཉིས་བདག་པོ་ཡིས། །ཆར་ཆུང་ལོ་ཏོག་འབྲུ་ཚོགས་མི་འཕེལ་ཞིང་། །ཉི་ཟླ་འོད་བྲལ་ཆུ་རྒྱུན་ཚ་བས་གདུང་། །དཀའ་ཐུབ་ཅན་ཕྱུག་མི་ཕྱུགས་ནད་ཀྱིས་འཚེ། །ཡུལ་དབུས་དམག་འཁྲུག་ལ་སོགས་འབྱུང་བར་འགྱུར། །༼དབྱངས་འཆར༽འཇིག་རྟེན་མེས་པོའི་གཙུག་ལག་དབྱངས་འཆར་ཞེས། །མ་འོངས་མངོན་སུམ་སྟོན་པའི་གསང་ཚིག་ལས། །དབུས་འགྱུར་འཆང་དང་དབང་པོ་ཀ་ལིང་ཀ ། ཨ་བྷྱ་བིཎྜ་ལྷོ་ནུབ་ཀོ་ཤན་ཏ། །ཡུལ་གྲུ་ཆེན་པོ་འགའ་རུ་རྒྱལ་ཕྲན་ལ། །ནད་རིམས་མུ་གེ་འཐབ་རྩོད་ལ་སོགས་པས། འཇིགས་ཤིང་ཁྱད་པར་ས་ག་ཟླ་བ་ཚུན། །ཧོར་ཡུལ་འཇིག་ཅིང་དེ་ནས་བདེ་བར་གྱུར། །སྣྲོན་ཟླ་ནས་བཟུང་གངས་ཅན་བ་རུ་ཎའི། །ཡུལ་དུ་ནད་ཡམས་མུ་གེ་འཐབ་རྩོད་སོགས། །ཉེར་འཚེ་མང་ཡང་དཀར་ཕྱོགས་བསོད་ནམས་ཀྱིས། །དགའ་བདེའི་དཔལ་ལ་སྤྱོད་སྙམ་ཡིད་ལ་དྲང་། །༼རྒྱ་ནག༽རྒྱ་ནག་རྒྱལ་ཁབ་ལྕགས་མོ་སྦྲུལ་བརྗོད་པ། །འབྱུང་བ་གསུམ་ལྡན་ཁ་རལ་སྤེན་པའི་ཀླུངས། །འཁྲུལ་མེད་སྐར་མགོའི་ལུགས་ལ་དགུ་གླིང་དབུས། །བརྒྱད་དཀར་ལྷ་བརྒྱད་མེ་ལོང་གནས་པའི་ལོར། །འབྲས་དང་སོ་བ་སྲན་ལེགས་ཁྲེ་ནོངས་ཤིང་། །སྣ་ཚོགས་སྐད་རིགས་མང་དང་གདང་སད་འོང་། །ལྷོ་ནུབ་ནུབ་བྱང་དམག་དང་འཁྲུག་པ་དར། །དབྱར་ཟླ་ར་བ་ནས་བཟུང་སྟོན་མཐའི་བར། །ནད་ཀྱིས་འཇིགས་ཤིང་འབྲུ་ཡི་ཚོགས་རྣམས་དཀོན། །དབང་ཐང་མི་མིན་དབང་སོགས་འབྲས་ངན་ཡང་། །ཕུན་ཚོགས་རྣམ་དཀར་དགེ་བའི་བྱེད་པོ་ཡིས། །ནག་ཕྱོགས་མ་ལུས་


GLG016_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་པས་རབ་ཏུ་དགེ ། འཁྲུགས་སྡེབས་མ་ཤེས་ཕྱོགས་རེའི་གཞུང་ཙམ་ལ། །ཞེན་པའི་ཚུལ་སྤངས་བྱེད་གྲུབ་དབྱངས་འཆར་གཞུང་། །རྒྱ་ནག་རྩིས་སོགས་དགོངས་པ་ཕྱོགས་གཅིག་ཏུ། །བསྡེབས་འདིས་མཁས་རྣམས་དགའ་བདེའི་དཔལ་ལ་སྤྱོད། །ཆུ་ལུག་སྨོན་ལམ་ཐོག་ཁལ་ཁ་ཨེར་ཏི་ནི་ཧོང་ཐའི་ཇིས་ཇོ་བོ་རིན་པོ་ཆེར་དངུལ་གྱི་མཎྜལ་ཕུལ་པའི་ཁ་ཡིག་སྐུ་གསུམ་རྒྱལ་མཚན་རྩེར་མཛེས། བྷཱུཀིལཱལཾཝརཱརཏྣམཎྜལལྱཙཱ། དཏྟིཤོནྡྷོདནེཙཱཤུབྷེནཱབིནེ། ཤཱསནཾརསྨིདདྷཱསཧསྲཔྲཛཱསུརླསུཁྱུཧི་ཏཱཨུཏྤལཱཔོཥཙཱ། །དབྱིག་ལྡན་མཛེས་རྒྱན་རིན་ཅེན་མཎྜལ་མཆོག །རྣམ་འདྲེན་ཟས་གཙང་སྲས་དྲུང་ཕུལ་བའི་དགེས། །དཔལ་སྟུག་བསྟན་པ་ཉིན་བྱེད་འོད་སྟོང་གིས། །སྐྱེ་རྒུའི་ཕན་བདེའི་ཨུཏྤལ་རྒྱས་པ་དང་།


GLG016_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལཁྱུཡཡུཥྨསམུདྲསིདྡྷིརཱ། ཁོནྟཱནཱབིསིཏཱཙྩཏཏྟཱཡ། །ཤོབྷགྲྭགྷནརཱུཔཙིཏྟཝཏྲ། །དྷཱཛུཀཱཡཛཡནྟུནྟཱ་མནྱཙཱ། །ཕུན་སུམ་ཚོགས་པ་ཚེ་རིང་གནམ་གྱི་བརྒྱུད། །དྲི་མེད་ལས་སོན་གང་དེའི་རྣམ་པར་དཀར། །དགེ་ཚོགས་རྒྱ་མཚོར་གྲུབ་པའི་ཡིད་བཞིན་ནོར། །སྐུ་གསུམ་རྒྱལ་མཚན་རྩེ་མོར་རྒྱལ་གྱུར་ཅིག །ཆུ་མོ་ལུག་ལོའི་སྐར་ནག་དགོངས་བསྟུན་གྱི་ལེའུ་ཐོ་ལག་བདར་དུ་བཟོས་པའི་ལོ་བཤད་ལྐོག་གྱུར་གཟུགས་བརྙན་གསལ་བའི་རྫིང་བུ་སོགས། ཨཀྵཱརཤཱནྱཻདིཧིཁསྟནཱམཧཱསོཁེནྡྲཙཱཔེནཨལིངྒཡོགྷནཾ། །ཤྲེཡེཥྚབཱཧུལུདཡསྱརཱཛཱཡིནྡཱདེརྩནཱཐཱརྀདྷཱ་མངྒལཾཀུརུ། །


GLG016_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་སྟོང་གཟུགས་ཀུན་གསལ་ལུས་ཕྲ་མ། །བདེ་ཆེན་འཇའ་རིས་ཀྱིས་འཁྱུད་ཟུང་འཇུག་ནོར། །དགེ་ལེགས་འདོད་རྒུ་སྩོལ་བའི་དབང་གི་རྒྱལ། །ཐོག་མའི་མགོན་པོས་དུས་ཀུན་ཤིས་པར་མཛོད། ཕུན་ཚོགས་དགེ་མཚན་འོད་སྟོང་འབར་བའི་སྣང་བས་རབ་མཛེས་ཀ་ལཱ་པ་ཡི་གྲོང་ཁྱེར་དབུས། །རྣམ་པར་རྒྱལ་བའི་ཁང་བཟང་ལ་ཡང་སྐྱེངས་པ་སྟེར་བྱེད་རིན་ཆེན་བརྩེགས་པའི་ཕོ་བྲང་གི ། གདོང་ལྔས་བཏེག་པའི་འཇིགས་བྲལ་ཁྲི་སྟེང་ཞབས་ཟུང་འདབ་སྟོང་མངོན་པར་བཀྲ་བའི་དྲི་བསུང་གིས། །སྐལ་བཟང་ར་ཡིག་གཉིས་པའི་དགའ་སྟོན་ཅི་ཡང་སྩོལ་མཛད་ཆོས་རྒྱལ་རིགས་ལྡན་ཚོགས་རྣམས་རྒྱལ། །འཆི་མེད་འདོད་འཇོ་ཡིད་བཞིན་འཁོར་ལོའི་དཔལ། །


GLG016_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མོའི་སྙེམས་པ་འཕྲོག་པ་ངག་གི་དབང་། །དབང་ཕྱུག་བརྒྱད་ལ་མངའ་སྒྱུར་རིག་བྱེད་མ། །མ་ལུས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །གྲངས་མེད་རྒྱུད་སྡེའི་ཛ་ཧྥུའི་ཞལ་སྒོ་ལས། །རྒྱུད་འགྲེལ་ཆུ་ཀླུང་འབེབས་མཁས་པཎ་ཆེན་ཟུང་། །གངས་ཁྲོད་ཕྱི་ནང་གཞན་གསུམ་ཀུནྡའི་ཚལ། །འཛུམ་བྱེད་སྐད་གཉིས་སྨྲ་བ་བསིལ་ཟེར་ཅན། །རྒྱ་ཆེན་ཆོས་ཀྱི་དབྱུག་གུས་གྲགས་པའི་རྔ། །སྒྲ་བརྒྱ་ཕྱོགས་བཅུར་སྒྲོགས་མཁས་དུས་ཞབས་པ། །ཤེས་བྱའི་གནས་ལ་མ་རྨོངས་རབ་ཡངས་བློ། །རིན་ཅེན་མཆོག་གིས་གཞལ་དཀའི་ལོ་ཙཱ་བ། །སྟོབས་བཅུའི་རྩལ་གྱིས་ནོར་བཟང་འོད་གཟིའི་མདངས། །རབ་ཡངས་རྒྱ་མཚོའི་གོས་ཅན་ཀུན་དུ་འབར། །ལྷུན་གྲུབ་རྩིས་གཞུང་རྒྱ་མཚོའི་མཐར་སོན་པས། །འཇིགས་མེད་མཁས་པའི་དབང་པོ་གྲ་ཕུག་པ། །ཚུལ་འདིར་འཁྲུལ་པ་བྲལ་བའི་ཤིང་རྟ་ཆེ། །དཔལ་མགོན་འཕྲིན་ལས་བརྒྱུད་པར་བཅས་པ་རྒྱལ། །ཕྲ་མོར་དཔྱོད་པའི་རིག་ལམ་ཚུལ་འདི་ལ། །རགས་རྩིས་མུ་ཅོར་སྨྲ་བའི་གླེགས་བམ་འགའ། །མཐོང་ཚེ་པད་དཀར་ཞལ་ལུང་དགོངས་དོན་བཞིན། །རི་མོར་བྱེད་ལ་དྭངས་པའི་སྤྲོ་བ་འཕེལ། །འཕགས་ཡུལ་འཛིན་མའི་ཐིག་ལེར་སཱུརྱ་ཞེས། །བརྗོད་པ་སྐད་བསྒྱུར་བདེ་མཆོག་བསྟོད་འགྲེལ་ལས། །གངས་ཅན་ལྗོངས་འདིར་ཉི་མ་ཞེས་སུ་འབོད། །འགྲོ་བའི་བླ་མ་ཤཱཀྱ་སེང་གེའི་ཞབས། །དྲག་པོ་ཅེས་པ་ལྕགས་ཕོ་སྤྲེའུའི་ལོར། །དབུས་འགྱུར་སྟོབས་ཀྱི་འཁོར་ལོས་སྒྱུར་རྒྱལ་གྱི། །


GLG016_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་སུ་བལྟམས་ནས་ཡོན་ཏན་༢༦༠ ༣མཁའ་དུས་དང་། །ལག་པ་འདས་པ་འཁྲུལ་མེད་རྩིས་ཀྱི་ལུགས། །གྲངས་མེད་གྲོང་ཁྱེར་འཕྲེང་མཛེས་ཤམྦྷ་ལར། །ཆོས་སྲིད་བླ་ན་མཐོ་བའི་འཇིགས་མེད་ཁྲིར། །རིགས་ལྡན་སེང་གེ་ཞབས་ཟུང་རབ་འཁོད་ནས། །མཚམས་དང་འོད་དཀར་ཅན་དུ་སླེབས་པའི་ལོར། །༼རྒྱ་གར༽གྲུབ་རྩིས་ལོ་གཟའ་འོད་ཟེར་བདུན་པ་ཡིས། །རྒྱལ་པོ་རྩོད་ཅིང་དུས་མིན་རླུང་ཆེན་གྱིས། །ས་བཞིན་ལྷ་ལམ་ཉི་ཟླའི་འོད་མདངས་དམན། །ཆར་དཀོན་འབྲས་བུ་མི་སྨིན་མུ་གེས་འཇིགས། །མི་ཕྱུགས་ཉམས་ཤིང་ཁྱད་པར་དཔྱོད་ལྡན་འཚེ། །མི་བསྲུན་རྐུན་པོ་གདོལ་པའི་རིགས་རྣམས་བདེ། །རྟ་ལྗང་ལུག་ཁྱིམ་འཕོས་པ་བུག་མཚེའི་ཉིན། །དབྱངས་བདག་མྱུར་འགྲོས་སྤྱོད་པའི་རྒྱུ་སྐར་འཕྲེང་། །སྟོང་དང་༡༦༢་དྲུག་བརྒྱ་ཉི་ཤུའི་ཡུལ་གྲུ་ན། །ལོ་སྐར་བྱང་ཕྱོགས་སྐྱོང་བ་ནམ་གྲུའི་འབྲས། །ལོ་ཚོགས་ལེགས་ཤིང་ཁྱད་པར་སྲན་མ་སྨིན། །ལ་ལར་མི་སྨིན་རྒྱལ་པོ་ཁྲིམས་ཀྱང་བསྲུང་། །༼ཕྱི་རོལ༽བྱེད་པའི་ལོ་གཟའ་བདེ་འབྱུང་གཙུག་རྒྱན་གྱིས། །བར་སྣང་མཛེས་མའི་ལྟོ་བར་མ་ཧེ་སྦྲུལ། །རྭ་དབྱིབས་ལྟ་བུའི་སྤྲིན་འཁྲིག་ཆཪ་རྒྱུན་འབེབས། །རྩི་ཤིང་མེ་ཏོག་ལོ་འབྲས་གཡུར་ཟ་ལྡེམ། །བཞོན་རྣམས་འོ་འཕེལ་མི་བདག་ཡུལ་འཁོར་སྐྱོང་། །གཞོན་ནུ་ན་ཆུང་སྣ་ཚོགས་རྒྱན་སྤུད་ཅིང་། །གླུ་གར་རོལ་མོ་དུས་ཀྱི་རྩེད་འཇོ་ཡིས། །དགའ་སྟོན་ལ་རོལ་ཁྱད་པར་རྗེ་རིགས་བདེ། །རྒྱལ་པོ་ཟླ་བུས་རྩི་ཤིང་རིག་པ་འཕེལ། །


GLG016_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ལེགས་རྒྱལ་འབངས་བདེ་སོགས་འབྲས་བཟང་ཡང་། །རྒྱལ་ཁ་བློན་སྒྱུར་དྲང་སྲོང་ཚངས་སྐྱེས་ཀྱིས། །ཡུལ་འཁོར་མི་ཕྱུགས་འཚེ་ཞིང་འབྲུ་ཚོགས་དཀོན། །བུད་མེད་བུས་འཆི་ཆུ་ཀླུང་སྐེམ་པ་སོགས། །དྲང་སྲོང་ཉི་བུའི་འབྲས་བུ་ཅུང་ཞིག་ངན། །༼དབྱངས་འཆར༽ལེགས་ལྡན་གཙུག་ན་ཟླ་བའི་གསང་ཚིག་ལས། །དབུས་འགྱུར་ཨ་བྷྱ་བིཎྜ་གངས་ཅན་ལྗོངས། །ཀོ་ཤོནྟ་ཡི་རྗེ་འབངས་གྲོང་ཁྱེར་ལ། །འཐབ་རྩོད་དམག་ནད་ཉེས་པས་རབ་ཏུ་གཙེས། །ཧོར་ཟླ་བཞི་པ་ནས་བཟུང་ཡུལ་དབུས་བདེ། །ས་ག་ཟླ་ནས་རྟ་ཆེན་ཟླ་བའི་བར། །ཤར་ནས་ནུབ་བར་ཕྱོགས་དང་མཚམས་ལྔ་ཡི། །གཡས་བསྐོར་ཟླ་ཟུང༌བཅད༌དེ༌ཉེ༌བར༌་འཚེ། །དབོ་ཟླ་ནས་བཟུང་ཀ་ལིང་ཀ་དང་ནི། །ཧོར་དང་གེ་སར་ཡུལ་གྲུ་འཇིག་པ་སོགས། །འབྲས་བུ་ངན་ཡང་རྣམ་དཀར་གཟི་འོད་ཀྱིས། །མི་མཐུན་མུན་པ་འཇོམས་ཕྱིར་མཆོག་ཏུ་ཤིས། །༼རྒྱ་ནག༽ཙི་ཎའི་རྒྱལ་ཁབ་ཆུ་མོ་ལུག་བརྗོད་པ། །འབྱུང་བ་བཞི་ལྡན་ཁ་རལ་ཟླ་བའི་ཀླུངས། །འཁྲུལ་མེད་སྐོར་མགོའི་ལུགས་ལ་དགུ་གླིང་དབུས། །དྲུག་དཀར་སྟེང་ན་ཡབ་ལྷ་དར་དཀར་འཕྱར། །འབྲུ་རིགས་འབྲས་དང་སོ་བ་ཁྲེ་རྣམས་ལེགས། །བྲ་སྲན་རློན་ཞིང་ཆར་ཆེ་གདོང་སད་འོང་། །རྗེ་བློན་འཁྲུག་ཅིང་མི་ཕྱུགས་ནད་ཀྱིས་འཚེ། །དབང་ཐང་མི་མིན་དབང་སོགས་འབྲས་ངན་ཡང་། །ཕུལ་བྱུང་རྣམ་དཀཪ་བྱེད་པོའི་དྲི་གསུང་གིས། །ནག་ཕྱོགས་ཚ་གདུང་འཇོམས་པས་རབ་ཏུ་དགེ ། བྱེད་གྲུབ་མགྲིན་


GLG016_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གཙུག་ལག་དབྱངས་འཆར་གཞུང༌། །དབང་ཕྱོགས་ཡུལ་གྲུའི་སྤོར་ཐང་བརྒྱད་ཅུ་སྐོར། །མ་འོངས་མངོན་སུམ་སྟོན་པ་རིག་པའི་འཕྲུལ། །གཅིག་ཏུ་བསྡེབས་འདིས་བློ་གསལ་འདོད་པ་འཇོ། །རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་དུ་གྱུར་པའི་མདོ་རྒྱུད་ཀྱི་བསྟན་བཅོས། ཕྱི་ནང་ཐུན་མོང་པའི་ཐ་སྙད་རིག་པའི་གཙུག་ལག་སོགས་གླེགས་བམ་སྟོང་ཕྲག་ཏུ་ཉེ་བའི་དཀར་ཆག་གསར་དུ་བསྒྲིགས་པའི་མཆོད་བརྗོད་ངོ་མཚར་རྒྱ་མཚོའི་འཕྲེང་བ། །ཛྙཱནོཏྟཱམསྱནིདྷིམཧནྟ ཨབྱཱཡཾགུནྱབྷནབཏེཛཿ པྲཛྭཙིཏྟིཀསཁིམནཏྟཾཧེབུདྡྷཀཱལིཀཀུརུཨཱཤྲེ། །ཡེ་ཤེས་མཆོག་གི་ཆུ་གཏེར་ཆེན་པོ་ལས། །མི་ཟད་ཡོན་ཏན་འོད་ཟེར་འབར་བའི་གཟིས། །སྐྱེ་རྒུའི་སྙིང་གི་མུན་སེལ་གཉེན་གཅིག་པུ། །ཟས་གཙང་སྲས་ཀྱིས་དུས་ཀུན་ཤིས་པར་མཛོད། །


GLG016_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འདྲེན་གསུང་རབ་མཐའ་ཡས་ལྕེ་ཡི་མཛོད། །དབྱང་བདུན་རྒྱུད་ཁུགས་མདོ་སྔགས་ཟ་མ་ཏོག །འཛིན་མཁས་རྒྱ་བོད་ལོ་ཎཔ་མཁས་གྲུབ་རྣམས། །གཟུར་གནས་ཤེས་ལྡན་ཀུན་གྱི་ཕྱག་བྱའི་གནས། །གངས་ཁྲོད་རྫོགས་ལྡན་གསར་བའི་དྲི་བཞོན་གྱིས། །རྣམ་པར་འགེད་པའི་ཆོས་རྒྱལ་མས་དབོན་གསུམ། །ཐུབ་བསྟན་ལང་ཚོ་གསར་བའི་ཛི་བ་ཀས། །ཡངས་པའི་ནོར་འཛིན་ལེགས་མཛེས་ཞི་བ་མཚོ། །རྒྱལ་བ་ཀུན་གྱི་མཁྱེན་པའི་ཕ་མཐས་ཀྱང་། །གཞལ་དཀའ་བཀའ་དྲིན་ཟླ་མེད་པདྨ་འབྱུང་། །ལྷ་ཆོས་བདུན་ལྡན་བསིལ་སྦྱིན་ག་བུར་ཐིགས། །སྐལ་བཟང་སྙིང་ལ་རག་པའི་ཨ་ཏི་ཤ ། རྒྱ་ཆེན་བློ་གྲོས་ཚང་ཚིག་འཁྲིགས་པའི་དབུས། །སྐལ་བཟང་དགའ་སྐྱེད་ཡོངས་འདུས་བརྟོལ་དབང་། །གྲགས་སྙང་འཁྲི་ཤིང་ཕན་པོའི་མེ་ཏོག་ཚོགས། །སྲིད་གསུམ་རྣ་བར་འགོད་མཁས་ལྟག་ཏུ་རྒྱལ། །སྡེ་སྣོད་རྒྱུད་སྡེའི་བཀའ་དང་དགོངས་འགྲེལ་གཞུང་། །མཁས་རྣམས་འཇུག་པའི་ཐུན་མོང་རིག་གནས་ལྔ། །ངོ་མཚར་གཏམ་གྱིས་བསྐྱེད་པའི་ཆོས་འབྱུང་སོགས། །རྨད་བྱུང་གླེགས་བམ་བཞུགས་ཐོ་འདི་ལྟར་རོ། །ཆོ་སྲིད་རིགས་འབྱོར་སོགས་ཀྱི་མཆོག་དམན་བར་བའི་ཡུལ་དུ་གྱུར་པ་རྣམས་ལ་འཕྲིན་ཡིག་བསྲིང་བའི་ཁ་བྱང་སོགས་ཆེ་ཆུང་རྣམ་པར་དབྱེ་བའི་བརྗེད་བྱང་མཛད་མེད་ནོར་བུའི་དབྱ། །


GLG016_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ས་ལོག་གསར་གྱི་འཕྲོས་དོན་རིན་ཆེན་འཕྲེང་བ་ཞེས་བྱ་བ་བཞུགས་སོ། སྭ་སྟི་པྲ་ཛཱ་བྷྱཿ ངོ་མཚར་གཏམ་གྱི་རི་མོ་མགྲིན་པའི་ནང་། །སྙན་འགྱུར་གཡས་སུ་འཁྱིལ་བའི་བཀྲ་ཤིས་དུང་། །མེས་པོའི་ཞལ་ལུང་བསེང་བུས་བསྐྱོང་བ་ཡིས། །དབྱར་རྔའི་སྤུན་ཟླའི་སྒྲ་འདི་སྲིད་ན་འབར། །མཁས་དབང་དམ་པའི་གསུང་རྒྱུན་བདུད་རྩིའི་བཅུད། །ལན་བརྒྱར་འཐུངས་པས་སྨྲ་བའི་སྒོ་འདི་ནས། །ལེགས་བཤད་རིན་ཆེན་སྐྱུག་པ་མ་གཏོགས་པ། །བླུན་གཏམ་ངན་སྐྱུགས་འབྱུང་བའི་གོ་སྐབས་ཅི། །དེ་ཕྱིར་ལོ་རྒྱུས་གཏམ་གྱི་སྟེགས་བུ་ལ། །རིག་པའི་ཁྱིའུ་རལ་གསོའི་གནས་འཆའ་བའི། །བློ་ལྡན་སུ་དག་རྣ་བའི་བཻཌཱུར་སྣོད། །ལེགས་པར་བཏེ་གཅིག་རོ་བརྒྱའི་དཔལ་འདི་ལྡུགས། །ལྷ་ས་ལོ་གསར་དུ་གྲགས་པའི་གཏམ་རྒྱུས་ཀྱི་འཕྲོས་དོན་ནི། །སྤྱིར་བསྡུས་རྒྱུད་ལས། རྒྱལ་པོ་ལོ་ནི་མཐའ་དག་རྗེས་སུ་ཉིན་ཞག་དུས་སྦྱོར་ཆུ་ཚོད་དག་དང་ཆུ་ཡི་སྲས་རྣམས་ཏེ། ཞེས་གསུངས་པ་ལྟར། དབུགས་སུ་ཆུ་སྲང་ཆུ་ཚོད་རྣམས་རིམ་པར་བསགས་ཤིང་འཕེལ་བས་ཞག་དང་། དེ་འཕེལ་བས་ཟླ་བ། དེ་འཕེལ་བས་ལོར་འཇོག་ལ། ལོའི་སྐད་དང་། སམྦ་ཏྶ་ར་ཞེས་པ་བགྲང་བྱ་ལ་འཇུག་ཅིང་། ཞག་གསུམ་གྱི་བགྲང་བྱའམ། བགྲང་བའི་གཞི་ཡིན་པས་སོ། དེ་ལྟ་བུའི་ལོ་དེའི་ཐོག་མ་ངོས་འཛིན་ཚུལ་ལ། མཛོད་འགྲེལ་དུ། སངས་རྒྱས་པ་རྣམས་ཀྱི་དུས་ཐོག་མ་ནི་དགུན་ནོ། ཞེས་པ་ལྟར། དགུན་ཟླ་རབ་ལ་ལོ་


GLG016_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འགོར་འདོད་ཀྱང་། །དེ་གང་ཡིན་ལ་མི་མཐུན་པའི་དབང་གིས། སྐྱིད་སྨད་འདུལ་འཛིན་པ་རྣམས་ཧོར་ཟླ་བརྒྱད་པ། པཎ་ཆེན་ཤཱཀྱ་ཤྲཱི། ཆག་ལེ། ཐང་པོ་ཆེ་པ་སོགས་ཧོར་ཟླ་དགུ་པ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་དང་། སྟག་ཚང་ལོ་ཙཱ་བ་སོགས། མཛོད་དུ། རི་དྭགས་མགོ་ཅན་གང་ཡིན་པ། དེ་ནི་ལོ་ཡི་ཐོག་མའོ། ཞེས་དང་ཚིག་གཏེར་ལས། སྨལ་པོ་ཞེས་པ་ལོ་ཡི་འགོ། ཞེས་སོགས་ཀྱི་རྗེས་སུ་འབྲངས་ནས་དུས་སྒོ། གྲུ་ནང་མ་དང་འདུལ་བའི་འགྲེལ་པ་སོགས་སུ་ཧོ་ཟླ་བཅུ་པ་ནས་ལོ་འགོ་འཛིན་པར་མཛད་པས། འདུལ་བ་འཛིན་པ་རྣམས་ཀྱང་མི་མཐུན་ལ། དུས་འཁོར་ཀྱི་ལུགས་ལ། འགྲེལ་ཆེན་དྲི་མེད་འོད་ལས། ས་གའི་ཉལ་སྐྱ་རེངས་ཤར་བའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷན་ཀཊ་ཀཪ། ཞས་གསུངས་པ་ལོ་འགོ་དང་ཟླ་འགོ་གཉིས་ཀ་ནག་པའི་ཟླ་བ་མཛད། རྩིས་ཀྱི་ངེས་པ་འཚོལ་བའི་ཟླ་བའི་ཐོག་མའང་ནག་པ་ལ་བྱེད་པས་འགྲུབ་བོ། དེ་ལྟན་འང་རང་ཅག་གངས་རིས་བསྐོར་བའི་ལྗོངས་འདི་ལོ་གསཏ་དུ་གྲགས་པ་ནི། རྒྱ་ནག་རྩིས་གཞུང་གི་རྗེས་སུ་འབྲངས་པ་ཡིན་ལ། དེལའང་སྔ་འགྱུར། བར་འགྱུར། གསར་འགྱུར་རྣམས་རྟ་ཆེན་གྱི་ཟླ་བ་ལ་ལོ་འགོར་མཛད་ཅིང་། དེའང་ལྔ་གི་རྒྱལ་པོའི་སྐབས། དུས་འཁོར་རྒྱ་ནག་ཏུ་ཕེགས་པ་ལ་བརྟེན་ནས། འབྱུང་བ་བསྐྱེད་རིམ་དང་མཐུན་པར་མཆུ་ལ་ལོ་འགོ་མཛད་ཟེར་བ་སོགས་རྒྱབ་ཆོས་ཀྱི་ལུང་ཤིན་


GLG016_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མང་ཞིང་། གཙོ་བོར་ནི། འཕོས་ཟླ་མཆུ་ཡི་ཟླ་བ་ལ། ཧོར་གྱི་བསྟན་པ་བྱུང་བས་ན། ཧོར་ཟླ་དང་པོ་ཞེས་སུ་གྲགས། ཞེས་གཙོ་བོར་ཧོར་རྒྱལ་པོའི་བསྟན་པ་བྱུང་བ་རྒྱུ་མཚན་དུ་བྱས་པས། སྒྲུབ་བྱེད་རྣམ་དག་མ་ཡིན་ཞིང་གསོ་བ་རིག་པའི་སྐབས། དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས། །རྟབ་དབོ་དང་ནག་པས་ན་ཚམཚོད་འཛིན། །ཞེས་མཁས་པ་ཟུར་མཁར་བས་འཆད་པ་ནི། ལུགས་དེ་གའི་ཐུན་མོང་མ་ཡིན་པའི་རང་སྐད་ཡིན་པས་མི་འཐད་པ་མ་ཡིན་ནོ། རྒྱ་ནག་བར་འགྱུར་བ་རྣམས། གཏེར་མཛོད་རིན་ཆེན་སྒྲོན་མེ་ལས། ཕུལ་གྱི་ཚེགས་ཤིང་རྒྱལ་གྱིས་ཉ། ལོ་གསལ་ཟླ་བ་གང་ཡིན་པ། ང་ལམ་འདྲི་རྒྱལ་ལ་དྲིས། ཞེས་སོགས་ཀྱི་ལུང་ལ་བརྟེན་པའི་མགོ་ཟླ་བ་ལ་ལོག་འཁོར་འཛིན་པ་འདི་ཉིད་ནག་རྩིས་ཀྱི་གཞུང་ཁུངས་ཏུབ་ཀྱི་དགོངས་པ་དང་། བོད་ཡུལ་གྱི་མཁས་པ་གྲ་ཕུག་པ་རྗེས་འབྲང་གི་ཕྱག་བཞེས་ཡིན་པས་འདི་ཁོ་ན་དག་པར་མངོན་ལ། ལྷ་ས་ལོ་གསར་དུ་གྲག་འདི་འང་། ཧོར་ཟླ་བཅུ་པའི་ནང་དུ་མཛད་པ་ལོ་གསར་མཚམས་ལ་རྒྱའི་དམག་སོགས་བཟློག་པའི་རིམ་གྲོ་སྔོན་དུ་གྱུར་པའི་དགོས་པ་ཡིན་པས་ཀྱང་སྒྲུབ་བྱེད་དུ་འགྲོའོ། འདི་ཉིད་ནི་མགྲ་གྱིས་རྒྱ་ཡུལ་དུ་ངན་ཆན་བྱས་པ་ལ་བརྟེན། དེའི་ངན་ལན་དུ་རྒྱའི་དམག་བྱུང་


GLG016_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོགས་ཏེ། བློན་འབངས་རྣམ་སྐརྒ་པ་ལ། དེའི་ཉེས་སེལ་དུ་ཆོས་རྒྱལ་གྱིས་མཛད་པ་ཡིན་ཞིང་། དེའང་སྨིན་དྲུག་ཟླ་བའི་ཚེས་བཅུ་གཉིས་ལ་སྟ་གོན། །བཅུ་གསུམ་ལ་ཆོས་རྒྱལ་ཡབ་ཡུམ་བློན་འབངས་རྣམས་དཀྱིལ་འཁོར་སྡིངས་སུ་ཚོགས་ཏེ། རིན་པོ་ཆེའི་རྒྱན་དང་། འདོད་པའི་ལོངས་སྤྱོད་དང་། མཆོད་པའི་བྱེ་བྲག་སྣ་ཚོགས་པ་དང་། ཁྱད་པར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆས་སུ་འོས་པའི་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། སྙན་པའི་གླུ། དགའ་བའི་རག་སོགས་འཛིན་མའི་ཁྱོན་ཐམས་ཅད་གོ་མཚམས་མེད་པར་ཁྱབ་ཅིང་། དཀོན་མཆོག་མཆོད་པ་དང་། བོད་འབངས་རྣམས་ཟས་ཀྱིས་ཆིམ་པར་མཛད། བཅུ་བཞི་ལ་མདའ་བཟང་ཁང་ནས་གཡག་ཏུ་དགྲ་བཟློག སྔགས་པའི་ཟོར་འདེབས་མི་ཁ་དགྲ་བཟློག་དགྲ་བསྒྱུར་བྱང་ཤར་མཚམས་སུ་བརྒྱག བཅོ་ལྔ་ལ་དགོས་འདོད་ཀྱི་ཐང་ལ་ཞིང་འདེབས། དེ་ལ་འབྲུ་སྣ་རྣམས་སེར་ཙམ་བརྔོས་པའི་ས་བོན། གཤོལ་ཆ་འགྲིག་བྱས། སྡིག་ཁུར་བ་གཉིས་མཛོད། ཁྲིམས་གཅོད་ལག་ལེན་པས་ཐོང་མཁན། ཧོར་ལས་པས་ས་བོན་འདེབས། དེ་རྣམས་ཀྱི་ཟས་ཆང་། རྩྭ་གཟན། ལམ་ཟན་འང་པས་བྱང་། ཟན་ཚུལ་སྦུག་ཏུ་འབངས་རྣམས་ལ་ལྟེར་བའི་ཟན་རྫིས་བྱེད། ཚ་ཚུལ་བས་ཟན་ཆང་ཐུག་པ་རྣམས་ཀྱི་ལག་ལེན། བཅུ་དྲུག་ལ་ཆོས་རྒྱལ་ཡབ་ཡུམ་གསུམ་ཤིང་རྟར་སྤྱན་དྲངས། བློན་འབངས་རྣམས་དང་བཅས་སྐོར་


GLG016_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་གདན་དྲངས་སྐོར་བ་མཛད། མཆོད་པ་རོལ་མོ་གླུ་གར་རྩེད་འཇོ་བསམ་གྱིས་མི་ཁྱབ་པ་དང་། སླར་དཀྱིལ་འཁོར་སྟེང་དུ་དགའ་སྟོན་གྱི་བློན་པོ་རྣམས་ཀྱིས་དགེ་བ་བཅུའི་ཁྲིམས་འཆའ་ཚུལ། ཐོན་མིས་ཡིག་ཕུང་དང་། བློན་པོ་རྣམས་ཀྱིས་གླུ་གར་དང་། དགོངས་ཕྱོགས་ནས་ཞིང་འདེབས་ཚུལ་བྱེད། མཛོ་ལྷོར་འདེད། ནུབ་རྒྱ་འདྲེ་འདེད། བྱང་དུ་ཐོང་མཁན་དང་སོན་མ་འདེད། ཤར་དུ་མི་ཁ་དང་རྒྱ་དམག་དེད་པའི་བོད་དམག་རྒྱལ་བའི་ཚུལ་བྱེད་སྤོ་སྒྲ་འདེབས། ལྷ་རྒྱལ་འཐེན། ས་སྤྲེལ་དང་། གནམ་སྤྲེལ་གཉིས་ཀྱིས་གར་བྱེད་པ་དང་། ཤིང་པ་བརྗོད་པའི་སྲོལ་ཡོད་འདུག་ཅིང་། ཕྱིས་སུ་ཏྲེ་ཧོ་དགའ་བདེ་བཟང་པོ་དང་། དྲུང་ཆེན་སྨོན་ལམ་རྡོ་རྗེ་སོགས་ཚལ་བའི་བསྟན་པ་རྒྱས་པའི་སྐབས་སུ་སྔར་གྱི་ཕྱག་སྲོལ་རྣམས་ཀྱི་སྟེང་དུ། ཕུར་བུ་ཁྲག་འཐུང་རྩ་བའི་འཆམས་དང་། སྨང་ལས་གདུག་པ་འདུལ་བའི་འཆམས། པུཏྲའི་འཆམས་སོགས་བསྣན་ཏེ་རྒྱས་པར་མཛད། དུས་ཕྱིས་སྡེ་སྲིད་ཕག་མོ་གྲུ་པའི་རྫོང་དཔོན་ནང་སོ་དགའ་ལྡན་པ་གཡུལ་རྒྱལ་ནོར་བུས་ལན་གཉིས་ཙམ་མཛད་པར་གླེང་ཞིང་། སླད་ནས་ཀྱང་ལེགས་པའི་ཆ་དེ་དག་སྤེལ་བར་རིགས་སོ། དེ་ལྟར་སྐབས་སུ་གླར་བར་འོས་པའི་གཏམ། ཡ་རབས་འཚོགས་པའི་འདུན་སཱི་དགའ་སྟོན་མཆོག སྔོན་མེད་ཡིད་བཞིན་ནོར་བུའི་ཕྲེང་བ་འདི། སྐལ་བཟང་དགའ་བའི་མགྲིན་པའི་རྒྱན་དུ་ལོངས། ཞེས་ལོ་གསར་གྱི་འཕྲོས་དོན་རིན་ཆེན་ཕྲེང་བ་འདི་འང་དཀོན་པ་གཉེར་སྡུས་སྲང་བའི་ངོར་ངག་དབང་བློ་རྒྱ་མཚོས་བྲིས་


GLG016_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཕོ་སྤྲེལ་ལོའི་སྐར་ནག་དགོངས་བསྟུན་གྱི་ལིའུ་ཐོ་ལག་བདར་དུ་བཟོས་པའི་ལོ་བཤད་གླང་ཆེན་ཤུགས་འགྲོའི་གོམ་སྟབས། སིདྡྷེརཱུཔྱེཤཱནྱསཀལདྷམྨམཱཡདྷནཉྩལསྠིརཀཱལིཀ ། ཨཱཀཱརསུཁཱལིདྷཱཉྩརོགཱབརཙཡུབནཧཱཀཱལ་ཙཀྲ། མཐའ་དག་བརྟན་གཡོའི་ཆོས་ཀྱི་སྒྱུ་མའི་ནོར། །སྟོང་པའི་གཟུགས་སུ་གྲུབ་པ་ན་ཚོད་གནས། །ངོ་མཚར་མཆོག་གི་ལང་ཚོའི་གཡོན་མིག་མས། །འཁྱུད་པས་བདེ་བའི་འབྱུང་གནས་དུས་འཁོར་ལོ། །རྩོད་དུས་རྫོགས་ལྡན་འགུགས་བྱེད་བྱ་མ་རྟར། །སྟོབས་ཀྱི་འཁོར་ལོའི་ཤིང་རྟ་མཁར་འཕགས་པ། །ས་སྤྱོད་ཆོས་རྒྱལ་བདུན་དང་རིགས་ལྡན་ཚོགས། །དབང་ཕྱུག་ཡོན་ཏན་བརྒྱད་ཀྱིས་བླ་ན་མཐོ། །མཛེས་སྡུག་བཞིན་


GLG016_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རས་ཟླ་ལྟར་རབ་དཀར་དཀར་འཇམ་ཡིད་འོང་འཆི་བའི་སྲོག་འཕྲོག་ལེགས་བྱིན་མ། །མ་དྲུག་མཚོན་ལྟར་རྣོན་པོའི་མཁྱེན་རབ་རབ་ཡངས་བློ་ཡིས་ཁྲུང་ཁྲུང་རྨོངས་འཇོམས་ཚངས་པའི་སྲས། །སྲས་བཅས་རྒྱལ་ཡུམ་དངོས་ཀུན་མ་ལུས་ལུས་པ་མེད་པར་རང་གིར་ལེགས་མཛད་དབང་གི་རྒྱལ། །རྒྱལ་བར་གྱུར་ཅིག་ཤིས་བརྗོད་དབྱངས་སྙན་སྙན་ཚིག་སྒྲོགས་ན་ལྷག་པའི་ལྷ་ཀྱེ་རྗེས་འཛིན་མཛོད། །ཕྱི་རོལ་རིག་སྨྲའི་དབྱར་སྐྱེས་གཞོན་ནུའི་འབྲས། །མཁྱེན་བརྩེའི་ཆར་གྱིས་སྨིན་ཕྱིར་འཇིག་རྟེན་དབང༌། །གཙུག་ན་ཟླ་བའི་ཟློས་གར་ཆུ་ཁུར་ལས། །ཐལ་བའི་སྙིང་པོར་གྱུར་པའི་འབྲུག་སྒྲ་དངར། །སྙིང་སྟོབས་དྲི་ཡི་ཤིང་རྟའི་ཤུགས་ཀྱིས་བགྲོད་དཀའི་ཟླ་འཕེལ་ལས་བརྒལ་ཏེ། །འཕགས་ཡུལ་ནོར་བུའི་གཏེར་གྱི་གླིང་ནས་ལེགས་བཤད་རིན་ཅེན་དྲངས་པའི་ཟོང་། །བསིལ་ལྡན་མང་ཐོས་དཔྱ་ཡིས་འཕོངས་ལ་རྣ་བའི་བཅུད་དུ་མ་སྨད་དཔྱིད། །དཔྱོད་ལྡན་དེད་དཔོན་སྐད་གཉིས་སྨྲ་རྣམས་གཟུཪ་གནས་ཡོངས་ཀྱིས་ཕྱག་བྱའི་གནས། །མཆོག་གི་དང་པོའི་རིན་ཅེན་ཁང་བཟང་དབུས། །འཇིགས་བྲལ་སྨྲ་བའི་གཉིས་འཐུང་སྟེང་འགྱིང་བ། །ཆོས་ཀུན་ཅིག་ཅར་གཟིགས་པའི་མིག་སྟོང་ཅན། །ལོག་སྨྲའི་སྦྱིན་སྐྱེས་ལས་རྒྱལ་གྲགས་པ་འབར། །ཤེས་རབ་མེ་ལོང་ངོས་སུ་གནས་ལྔའི་གཟུགས། །ཤར་བའི་རིན་ཅེན་ལྟ་བུའི་འཇིག་རྟེན་མིག །འདོད་རྒྱལ་བརྡ་ཡིས་མཁས་དང་གྲུབ་པའི་མཚན། །འཆང་མིན་དོན་གྱི་ཀུན་མཁྱེན་ནོར་བུ་བཟང་། །དྲེགས་ལྡན་ས་འཛིན་སྤོ་ལས་ལྷུན་པོ་ལྟར། །


GLG016_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བྲལ་གྲུབ་པའི་ཁུར་གྱིས་རྒྱ་མཚོ་ཆེ། །མ་བཟོད་རྔུལ་བའི་དལ་འགྲོའི་སྒྲ་འབྱིན་པར། །བྱེད་པོས་དབྱིག་གི་བློ་གྲོས་ཀླུབས་སམ་སྙམ། །ཨེ་མ་དཔལ་སྟུག་གསུང་གི་བཅུད། །ཐོག་མའི་མགོན་པོའི་བརྒྱུད་ཀྱི་དོན། །འཁྲུལ་མེད་སྟོན་པའི་འཕྲིན་ལས་ཀྱི། །སྒོ་འཕར་འབྱེད་མཁས་གྲྭ་ཕུག་པ། །ཀྱེ་མ་ཚུལ་འདིར་བློ་རྨོངས་ཀྱང་། །སྙེམས་པས་སྨྲ་བའི་མུ་ཅོར་ཀྱི། །ལུགས་ངན་རྗེས་སུ་བླུན་པོ་འགའ། །འབྲང་ཡང་ཤེས་ལྡན་སུ་ཞིག་འཇུག །དེ་ཕྱིར་བླང་དང་དོར་བྱ་ལ། །ངེས་བརྙེད་མཁས་པའི་བཀའ་དྲིན་མཐུས། །ཞལ་ལུང་དཔྱིད་ཀྱི་དོ་ཤལ་ལས། །རི་མོའི་ཨུ་དུམ་ཝཱ་ར་འཛུམ། །ཆུ་གཏེཪ་སྐེ་ཪགས་མཛེས་རྒྱན་ཡུལ་དབུས་སུ། །ལེགས་སྦྱར་སྐད་དུ་ཀ་ར་སོ་རླི་ཀར། །འབོད་པ་བསྒྱུར་ཚིག་བདེ་མཆོག་སྟོད་འགྲེལ་ན། །སཱ་ལའི་ལྗོངས་སུ་ཉི་སྒྲོལ་བྱེད་ཅེས་གྲགས། །བུ་རམ་ཤིང་པ་དྲག་པོ་ལྕགས་སྤྲེལ་ལོ། །ས་སྤྱོད་མཐོ་རིས་རྒྱལ་པོ་ཟས་གཙང་གིས། །སྲས་སུ་འཁྲུངས་ནས་རྒྱ་མཚོ་༢༦་༤མཁའ་འཚམས་དང་། །འཁྲིག་པ་འདས་པ་ཚད་ལྡན་མཁས་པའི་ལུགས། །ཕུལ་བྱུང་རིགས་ཀྱིས་མངོན་པར་མཐོ་ལྡན་པས། །གསང་ཆེན་ནཱ་དའི་སེང་གེའི་ང་རོའི་དབྱངས། །ཆ་བསགས་སྐྱེ་རྒུའི་སྒྲ་འཛིན་ལེགས་བརྒྱན་པ། །བཟང་པོའི་བསྐལ་པ་དར་བབས་རི་གཟུགས་ལོར། །༼རྒྱ་གར༽གྲུབ་མཐའི་ལོ་གཟའ་གཉིས་སྐྱེས་རྒྱལ་པོ་ཡིས། །


GLG016_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལམ་བཞིན་སྣོད་བྲང་འགྲོ་བྷྱ་མ་ར། །ཙནྡན་མ་ཧེའི་སྣང་བརྙན་ཆུ་འཛིན་ལས། །ཆར་འབབ་ནགས་ཀླུང་མེ་ཏོག་ལོ་འབྲས་རྒྱས། །མི་བདག་ས་སྐྱོང་བཞོན་རྣམས་འོ་མར་འཕེལ། །ཡིད་འོང་རྒྱན་གོས་ཀྱིས་སྤྲས་ན་ཆུང་དང༌། །སྐྱེས་པའི་ཚོགས་རྣམས་དགའ་སྟོན་རྩེད་འཇོར་རོལ། །ལོ་འཇུག་སད་འབྱུང་རྗེ་ཡི་རིགས་རྣམས་བདེ། །རྣམ་པར་རྒྱལ་བ་ལུག་གི་ལྡིང་ཁང་དུ། །བཅུ་གཉིས་བདག་པོས་རྩེ་བའི་ཐོག་མའི་དུས། །བློ་ལྡན་འབྱུང་འགྲོས་སྤྱོད་པའི་སྒྲོལ་བྱེད་འཕྲེང་། །ནམ་མཁའ་མིག་དུས་གཟུགས་ཀྱི་ཡུལ་གྲུ་ན། །ལོ་སྐར་ཤིང་འཕེལ་ཁམས་འཛིན་བྲ་ཉེའི་འབྲས། །མཁའ་གོས་ལས་འོངས་སྤྲིན་གྱི་མེ་ཏོག་གིས། །ས་གཞི་རབ་བརླན་ལྗོན་ཤིང་ལོ་ཏོག་རྒྱས། །ནོར་འཛིན་སྐྱོང་བའི་སྟོབས་ལྡན་དབང་པོ་རྒྱལ། །༼ཕྱི་རོལ༽བྱེད་པའི་ལོ་གཟའ་དྲང་སྲོང་ས་སྐྱེས་ཀྱིས། །དུས་མིན་ཤུགས་དྲག་བསེར་བུ་ལས་དྲངས་པའི་། ཚ་རེག་འཇིགས་པས་རྐང་འཐུང་ཚོགས་ཀུན་ཉམས། །སྐྱེ་དགུའི་བདག་པོ་ཕན་ཚུན་འཁྲུག་ཅིང་རྩོད། །ཕོལ་མིག་ཚ་བའི་རིམས་དང་དབུལ་འཕོངས་ཀྱིས། །གྲོང་ཁྱེར་ཀུན་འཚེ་མི་བསྲུན་ཆོམ་རྐུན་བདེ། །རྒྱལ་པོ་ཉི་ཤུ་བློན་པོ་བཀྲ་ཤིས་ཀྱིས། །རླུང་ལྡང་ཉི་ཟླ་ས་གཞི་མཁའ་འོད་དམན། །དལ་འགྲོ་ཁ་འབྲི་ནད་འཁྲུག་མུ་གེ་ཡིས། །ཡུལ་ཁམས་ཉམས་ཤིང་རིག་པའི་དཔའ་བོ་འཚེ། །འཆིང་བྱེད་མ་འགའ་བུས་འཆི་མི་རྗེ་རྩོད། །འཇབ་བུའི་ལྐོག་ནོར་ཡོངས་འཕེལ་གདོལ་


GLG016_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པ་དར། །༼དབྱངས་འཆར༽ལྐོག་གྱུར་ཆོས་ཀུན་རྗེན་པར་སྟོན་བྱེད་པའི། ཁྱུ་མཆོག་རྒྱལ་མཚན་གསང་བའི་མན་ངག་ལས། །ཀ་ལིང་ཀ་དང་བོད་ཡུལ་ཀོ་ཤནྟར། །དམག་ནད་དུཿཁས་མནར་ཞིང་བྱེ་བྲག་ཏུ། །བསིལ་ལྡན་ལྟེ་བ་འཕྲུལ་སྣང་གཙུག་ལག་གི ། གནོད་སྦྱིན་དབང་ལྡན་མེ་ལྷའི་རྗེ་འབངས་ལ། །མི་འདོད་གཡུལ་འཁྲུག་ནད་ཀྱི་འཇིགས་པས་གཙེས། །སྨིན་དྲུག་ཟླ་བའི་སྟོད་ཚུན་ལྷོ་ནུབ་དང་། །དེ་ནས་ནུབ་ཕྱོགས་འཚེ་ཞིང་རྒྱལ་ཟླའི་བར། །ཤར་ཕྱོགས་ཡུལ་དུ་མི་མཐུན་གནོད་པ་མང་། །སྣྲོན་ཟླ་ནས་བརྩམས་ཡུལ་དབུས་བདེ་བ་ལས། །ཕྱིར་གྱུར་ཁྱད་པར་མཆུ་ཁྲའི་ཟླ་ཟུང་འཛེར། །ལྷོ་ཕྱོགས་འདོད་དུས་རྫོགས་པའི་ནུབ་བྱང་སོགས། །དུག་ཅན་བགྲོད་པས་འཁྱུད་ལས་ཕྱིར་བརྒལ་བའི། །ཡུལ་གྲུ་ཀུན་ཏུ་བདེ་སྐྱིད་པད་དཀར་ཚལ། །སྟོབས་ལྡན་བསོད་ནམས་འགྲོས་ཀྱི་སྣང་བས་རྒྱས། །༼རྒྱ་ནག༽འཇམ་དབྱངས་གོང་མའི་ཁབ་ན་གྱ་ཤིང་དུ། །བརྗོད་པ་ཕྱོགས་འདིར་ཤིང་ཕོ་སྤྲེའུ་ཞེས། །འབྱུང་བ་གསུམ་ལྡན་ཁ་རལ་མིག་དམར་ཀླུངས། །དགུ་གླིང་དབུས་སུ་པྲ་ཧ་གསེར་སློག་གྱོན། །ལྷ་ལམ་སྐེད་མེད་མཆུ་ངོས་སོ་འཕྲེང་གི ། སྤྲིན་དཀར་ལང་ལོང་ཆེ་ལས་རབ་བབས་བརླན། །འདོད་ལྡན་ཞིང་པའི་སྙིང་ལ་དགའ་སྐྱེད་ཅན། །ཉེ་རེག་འབྲུ་ཚོགས་རྣམས་རྒྱས་སོ་ཟར་བཙོན། །ནམ་སྨད་ཆར་གྱི་སྟོབས་འཕེལ་ཇུ་ཚེ་རྒྱས། །གོད་རིམས་ངན་པའི་ཡན་ལག་ཅུང་དར་ཡང་། །ཆུ་ཤེལ་ཞུན་མའི་མདངས་ལ་རབ་འགོང་བ། །ལེགས་


GLG016_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་རྩལ་གྱི་སྟོབས་འདི་གང་གིས་འཕྲོག །གྲུབ་མཐའི་གླང་ཆེན་བྱེད་པའི་གསེར་སྦྱང་རྒྱན། །གཡུལ་རྒྱལ་མཚོན་ཆའི་འཁོར་ལོ་སྣར་བཀོད་པར། །ཙཱི་ཎའི་སྤོར་ཐང་སྨྱོ་ཆུས་ངར་བླུད་འདི། །ཤེས་ལྡན་དགའ་བ་སྐྱེད་པའི་ཡུལ་དུ་མཚར། །ཤིང་སྤྲེལ་ཧོར་ཟླ་བདུན་པའི་གནམ་བ་མ་སྒྲ་གཅན་གྱིས་འཛིན་པའི་ཡི་གེ་ལྷ་སྲིན་རྡོ་རིང་མཛེས་བྱེད་འཕྱུག་མེད་ཟབ་གསང་རྟོགས་པའི་ཟློས་གར། ཤནྟབྷཝམཧཱཀཱིརྟིསྭརཛལདྷཔྲབྷསཧསྲཙཛཱལིཀཤྲཱིམཉྩོདྩོདནསཱུརྻཉྩཏྭཡཱཛྫཀྲྀལོཀསུཁེ། སྲིད་དང་ཞི་བ་ན་ཀྲའི་གྲོང་ཁྱེར་ལས། །གྲགས་ཆེན་དབྱངས་ཀྱི་འོད་སྟོང་འབར་བ་ཅན། །དཔལ་ལྡན་ཟས་གཙང་སྲས་པོ་རྟ་ལྗང་དབང་། ཁྱོད་ཀྱིས་འཇིག་རྟེན་ཆུ་སྐྱེས་བདེ་བར་མཛོད།


GLG016_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་མཆོག་སྙིང་པོ་གསང་ཆེན་ནཱ་དའི་སྒྲས། །རིགས་རྣམས་ཁྱབ་བདག་དབང་པོར་ལྷུན་གྲུབ་པ། །རྣམ་ཀུན་མཆོག་ལྡན་ཟུང་འཇུག་དུས་འཁོར་ལོའི། །ཞབས་སེན་སྐལ་བཟང་འགྲོ་འདིའི་སྤྱི་བོའི་རྒྱན། །སུམ་རྩེན་འཛིན་མར་འཕོས་འདྲའི་གྲོང་ཁྱེར་གྱི། །འཁོར་ཡུག་རིན་ཆེན་བརྩེགས་པའི་ཕོ་བྲང་ནས། །ས་སྤྱོད་ཆོས་རྒྱལ་རིགས་ཀྱི་དབང་ཕྱུག་ལྡན། །རྩ་གཉིས་དམ་པའི་གསུང་མཆོག་རྣ་བར་འཇེབས། །བློ་གྲོས་རབ་བཟང་དྲི་བྲལ་ཉལ་འགྲོའི་ལྟོར། །རྒྱལ་བའི་ཆོས་ཚུལ་ཆུ་ཤེལ་དབང་པོ་དག །འགོག་མེད་ཤར་བ་མི་འཛད་གྲགས་པའི་གཟུགས། །ཤོང་བའི་སྣོད་འདི་མེས་པོས་སྤྲུལ་ལམ་ཅི། །ཚུལ་འདིའི་རིང་ལུགས་སྨྲ་བའི་དབང་ཕྱུག་དུས་འཁོར་ཞབས་པ་ཆོས་ཀྱི་གྲགས། །གནས་ལྔ་རིག་པ་མ་ལུས་ཀུན་མཁྱེན་ལོ་ཆེན་ཤེས་རབ་རིན་ཅེན་དཔལ། །མཆོག་ཏུ་མི་འགྱུར་བདེ་ཆེན་དབྱིངས་རོལ་མཁས་གྲུབ་ནོར་བུ་བཟང་པོའི་ཞབས། །གཙུག་ལག་རྩིས་རིག་སྨྲ་ལ་ཟླ་བྲལ་ལྷུན་གྲུབ་རྒྱ་མཚོར་རབ་ཏུ་འདུད། །གངས་རིའི་ལྗོངས་འདིར་སྐར་ནག་རྩིས་གཞུང་ལ། །མཁྱེན་པའི་དཔལ་མངའ་དཔྱོད་ལྡན་ཡོངས་ཀྱི་མགོན། །འཕྲིན་ལས་དོ་ཟླར་བྲལ་བའི་ཤིང་རྟ་ཆེ། །གྲ་ཕུག་ལུགས་བཟང་སྲིད་འདིར་རྒྱས་གྱུར་ཅིག །དབུས་འགྱུར་འཆང་དུ་ལེགས་སྦྱར་ལྷའི་སྐད་དུ། །ཀ་ར་སོརླི་ཀར་བརྗོད་གངས་ཅན་འདིར། །ཉི་སྒྲོལ་བྱེད་འབོད་དབང་ཕྱོགས་རྒྱལ་ཁབ་ཏུ། །གྱ་ཤིང་འབྱུང་བ་བཞི་ལྡན་ཤིང་སྤྲེལ་གྲགས། །ཟས་གཙང་སྲས་པོ་དྲག་པོ་ལྕགས་སྤྲེལ་ལ། །བལྟམས་ནས་རྒྱ་མཚོ་མཁའ་དུས་༢༦་མིག་འདས་ཤིང་། །རིགས་ལྡན་སེང་གེ་


GLG016_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྲལ་གདོང་ལྔའི་ཁྲིར། །ཞབས་ཟུང་འཁོད་ནས་རི་བོ་གཟུགས་༡༢ཀྱི་ལོར། །ཆུ་ཤེལ་དབང་པོ་གྲོ་བཞིན་ལུས་ཕྲ་མའི། །ལང་ཚོའི་དགའ་སྟོན་ལ་སྤྱོད་དམར་ཆ་ཡི། །དབྱངས་ཀྱི་རྒྱལ་མོ་ཨཽ་ཡིག་འཆར་བའི་ཚེ། །ཆུ་ཚོད་བདུན་འདས་སྲང་གི་དུས་སྦྱོར་ལ། །གཤིན་རྗེའི་ཕྱོགས་ནས་སྒྲ་གཅན་བཞིན་རས་ཀྱིས། །རྟ་བདུན་རྒྱལ་པོའི་དཀྱིལ་འཁོར་ཆ་བརྒྱད་སྒྲིབ། །དབྱུ་གུ་ལྔ་དང་ཆུ་སྲང་ཉི་ཤུ་དག །རྫོགས་འཚམས་ལྷོ་ཡི་ཕྱོགས་ནས་གསལ་འགྱུར་ཞིང་། །ལྕགས་སྲེག་ལྟ་བུའི་ཁ་དོག་མདངས་དང་ལྡན། །རེས་གཟའ་འཆི་མེད་བླ་མ་ལས་སྐར་གྲེ ། མེ་རླུང་ཁམས་ཀྱི་འབྲས་བུས་རྩི་ཤིང་དང་། ཁང་ཁྱིམ་གཡོ་ཞིང་གཟའ་སྐར་མཁའ་འོད་དམན། །མེ་ཡིས་བསྲེག་དང་དམག་འཁྲུག་འཚེ་བས་ཉམས། །རིམས་དང་ཡམས་སོགས་ནད་ཀྱིས་ཀུན་དུ་མནར། །སད་སེར་མུ་གེའི་གནོད་པས་རྣམ་ཉེན་ཡང་། །བསོད་ནམས་དགེ་བའི་ཚོགས་ཀྱིས་ཅིས་མི་འཇོམས། །ལེགས་བྱས་མྱུ་གུ་སྤེལ་བ་ལ། །ཐབས་མཁས་འཕྲུལ་གྱི་སྒོ་འཕར་ཅན། །འོད་རྣོན་སེང་གེ་མོ་བུ་ཡིས། །སྤྱོད་པའི་དབྱར་རྔ་རྣ་བར་མཛེས། །རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༩༽རྒྱལ་བ་བཙོང་ཁ་པ་ཆེན་པོས་ཇོ་བོ་ཤཱཀྱ་མུ་ནི་ལ་གསེར་སྦྲངས་དབུ་རྒྱན་འབུལ་བ་གནང་བའི་ངོ་བོ་བཅོས་བསླད་མེད་པ་ལ་ལྷན་ཐབས་ཀྱི་ཚུལ་དུ་ཨོ་རོད་ཁོ་ཤོད་ཀྱི་ད་ལས་ཀུན་ཅི་རྒྱལ་མོས་གསེར་ཞོ་ཉིས་བརྒྱ་ཉི་ཤུ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་སྤྲས་ཏེ་དཔངས་ཚད་མཐོ་བར་བྱས་ནས་ཕུལ་བའི་ཁ་ཡིག་ཕན་བདེའི་འདོད་འཇོ། ཆ་ཤས་གཟུགས་ཅན། ཕུན་ཚོགས་དཔུང་པ་སྐྱེས་ཀྱི་རིགས་མཆོག་


GLG016_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

མཁར། །དཔལ་ལྡན་སྟོབས་བཅུའི་འོད་ཟེར་སྟོང་འཆར་བ། །སྲིད་དང་ཞི་བར་གྲགས་པའི་བཅུ་དྲུག་ཆ། །རབ་འབར་ཟས་གཙང་སྲས་དེས་དུས་ཀུན་སྐྱོངས། །ཆ་ཤས་གཅིག་པའི་གཟུགས་ཅན་རྒྱལ་བའི་སྣང་བརྙན་མི་ཡི་སྲིད་བཟུང་གཟུགས། །བློ་ལྡན་འགྲོ་ལ་འཆང་བའི་ཟློས་གར་གྱིས། །བཟང་པོའི་སྐལ་པ་ཅན་ཀུན་ཆོས་ཀྱི་རྔའི། །གྲགས་སྙན་དབྱངས་སུ་སྤྱོད་པའི་བྱེད་པོ་ཡིས། །དགེ་བཅུའི་ཡོན་ཏན་མཐོ་རིས་གནམ་སྐས་ལས། །ལེགས་བབས་ཀུན་ནས་འཁྱིལ་བ་འཛིན་མའི་ཏོག །ཤཱཀྱའི་སྐྱེས་མཆོག་སྣང་བརྙན་སྒེག་མོའི་ཐོད། །གསེར་སྦྱངས་རྒྱན་གྱི་བནྡྷུ་ཛི་བ་ཀ ། སླར་ཡང་ས་སྤྱོད་དབང་མོ་ཀུན་ཅི་ཡིས། །ཉི་ཤུས་ལྷག་པའི་ཉིས་བརྒྱའི་གྲངས་ཀྱི་ཞོའི། །རིན་ཅེན་ཀཉྩ་ན་ཡིས་རབ་བརྒྱན་ཏེ། །མཛེས་བྱེད་བཀོད་པའི་ཁྱད་པར་གྱིས་བསྐྲུན་ནས། །ལེགས་ཕུལ་དགེ་དེས་རྣམ་འདྲེན་ལུང་རྟོགས་བསྟན། །རབ་རྒྱས་ཚུལ་འདི་དངོས་དང་བརྒྱུད་པའི་སྒོས། །ངལ་བ་བསྟེན་ཀུན་གནས་སྐབས་མཐར་ཐུག་གི ། ཕན་དང་བདེ་བའི་འདོད་འཇོ་རྒྱས་གྱུར་ཅིག །ར་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེའི་དབུ་རྒྱན་རྙིང་པའི་སྟེང་དུ་གསེར་ཞོ་དྲུག་བརྒྱ་བདུན་ཅུ། གཡུ་མུ་ཏིག་སོགས་རིན་པོ་ཆེའི་ཕྲ་རྒྱན་གྱིས་སྤྲས་ཏེ་ཨོ་རོད་ཁོ་ཤོད་ཀྱི་ད་ལས་ཀུན་ཅི་རྒྱལ་མོས་ཕུལ་བའི་ཁ་ཡིག་ལེགས་བྱས་ཆུ་རླབས་གྱེན་འཕྱུར་བཞུགས་སོ། །སྟོབས་བཅུ་མངའ་བ་མཐའ་དག་གི ། བླ་ན་མཐོ་བ་ཉི་མའི་གཉེན། །ཀླུ་ཡི་གྲངས་ཀྱི་ཟླ་འཕྲེང་ཅན། །ཐུན་མོང་སྣང་ངོར་ཤར་བའི་སྐུ། །ཕུན་


GLG016_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཨཱཥྚ་དྷཱ་ཏུའི་རྒྱུ། །འཆི་མེད་བཟོ་བོའི་སོར་རྩེ་ལས། །རབ་བསྒྲུབས་ལྷ་བཅས་སྐྱེ་རྒུ་ཡི། །ལེགས་བྱས་རྒྱ་མཚོའི་ཞིང་གི་མཆོག །རྒྱལ་པོའི་ཡུམ་གྱུར་ཁྲོ་གཉེར་ཅན། །བསམས་བཞིན་ནཻ་པཱ་ལ་ཡི་རྗེའི། །སྲས་མོར་སྲིད་བཟུང་ཁྲི་བཙུན་གྱིས། །སྤྱན་དྲངས་སྐུ་ཡི་ཅོད་པན་དུ། །དེང་གི་དུས་འདིར་བྱང་ཕྱོགས་ཀྱི། །ནོར་འཛིན་སྐྱོང་བ་ཀུན་ཅི་ཡིས། །བརྒྱ་ཕྲག་དྲུག་དང་བདུན་ཅུའི་གྲངས། །ཞོ་ཡི་འཁོར་ལོའི་ས་ལེ་སྦྲམ། །མུཀྟི་ཀ་དང་གཡུ་ལ་སོགས། །རིན་ཆེན་ཕྲ་ཚོགས་ཀྱིས་མཛེས་པ། །རྙོག་བྲལ་ཡིད་ཀྱིས་ཕུལ་བ་ལས། །བསོད་ནམས་དབྱར་མཚོའི་རླབས་འཁྲུག་པ། །སྲིད་པའི་རྩེ་མོར་འཕྱུར་པའི་སྒྲས། །ལུགས་གཉིས་འབྲུག་སྒྲ་མངལ་འཛིན་ཅན། །བདེ་ལེགས་རྣམ་བཀྲའི་གཤོག་རླབས་ཀྱིས། །མི་ཟད་དགའ་བའི་གར་བྱེད་ཤོག །དཔལ་ལྡན་འབྲས་སྤུངས་སུ་ངེད་རང་གི་མའི་ཆེད་དུ་དམིགས་ཏེ་དངུལ་ལས་གྲུབ་པའི་ཇོ་ཤཱཀ་གི་སྐུའི་འདྲ་ཅོག་གསར་བཞེངས་ལ་ཨོ་རོད་ཁོ་ཤོད་ཀྱི་ད་ལས་ཀུན་ཅི་རྒྱལ་མོས་གསེར་ཞོ་སྟོང་ཕྲག་ལས་གྲུབ་པའི་དབུ་རྒྱན་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་འཕྲས་སྤྲས་ཏེ་ཕུལ་བའི་ཁ་ཡིག་སྲིད་ཞིའི་འདོད་པ་འཇོ་བའི་ནོར་བུ། སྐུ་གསུམ་མི་ཟད་ཤེལ་གྱི་ཁང་བཟང་ཡངས་པའི་ནང་། །བསོད་ནམས་ཡེ་ཤེས་བེེཌཱུ་རྱ་ཡི་ཐེམ་སྐས་ལས། །བདེ་བར་བྱོན་པའི་བུ་རམ་ཤིང་པ་མིག་སྟོང་ཅན། ཁྱོད་ཀྱི་སྣང་བརྙན་སྐྱེ་རྒུ་ཡོངས་ཀྱི་བསོད་ནམས་ཞིང་། །དེ་ཕྱིར་གསེར་ལྡན་ལྟོ་བའི་ཁྱོན་ལ་བདེ་


GLG016_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཀྱིས། །མངའ་སྒྱུར་ས་སྤྱོད་རིགས་ལྡན་དབང་མོ་ཀུན་ཅི་ཡི། །མི་དམན་ལྷག་བསམ་ཟླ་སྣང་ལྟ་བུར་རབ་དཀར་བས། །སྟོང་ཕྲག་ཞོ་ཡི་གསེར་སྦྱངས་ལས་གྲུབ་མུ་ཀུཊར། །སྣ་ཚོགས་ར་ཏའི་འཕྲས་མཛེས་སྔོན་མེད་དབྱིག་འཛིན་རྒྱན། །མངོན་པར་སྤུད་པའི་དགེ་ཚོགས་རྒྱ་མཚོ་དངས་པ་ལས། །ཆོས་དང་སྲིད་ཀྱི་ཡིད་བཞིན་ནོར་བུ་དབང་གི་རྒྱལ། །ཐོགས་མེད་འགྲུབ་པའི་འདོད་རྒུའི་ཆར་ཆེན་སྙིལ་གྱུར་ཅིག །ཤིང་བྱ་སེ་ཆེན་ཆོས་རྗེ་རྒྱལ་བའི་འཕྲིན་ལས་པས་ཇོ་བོ་རིན་པོ་ཆེར་གསེར་ཀོང་ཕུལ་བའི་ཁ་ཡིག་གཏན་བདེའི་མུན་སེལ་སྣང་བ། མཱུཎཾཥཱཉྩསམཔྟསྟི ཀཱཡཾཙཀྲོརསྨིཡཧིསངྑཔྲམརྡིསརྦཛཱཡཱཨུཧདྷམྨཉྩཤོ། བྷསཾཁྱོབྷཱཝཀྲྀཔུཋཐ་ཀྱརཱཛཾ། སྐུ་གསུམ་འཁོར་ལོ་རྫོགས་པའི་འོད་ཟེར་གང་། །རྨོངས་པའི་དགྲ་ཚོགས་ཐམས་ཅད་རབ་འཇོམས་པའི། །ཆོས་ཀུན་མཁྱེན་པའི་དབང་ཕྱུག་ཟས་གཙང་སྲས། །གྲངས་མེད་དགེ་བའི་དངོས་པོ་རྒྱས་པར་མཛོད། །


GLG016_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པརྱནྟཛིཀརཿ ཀོཁསུཝཎྞདཱིཔཙདཏྟསྱཏུ། ཛཱནབརཿ པུནུབལིསྶཾགལཀཱལཱཉྩ་ལགྣཿཤྲཱི། མཐའ་སྦྱར་བའི་ཤིས་བརྗོད་ཀླས་སྣང་གསལ་སྣོད་བཟང་ས་ལེ་སྦྲམ། །རྒྱལ་བ་རྣམས་ཀྱི་འཕྲིན་ལས་པས་ཕུལ་པའི། །ལེགས་བྱས་སྟོབས་ཀྱིས་ཡེ་ཤེས་མཆོག་ཐོབ་ཅིང་། །དུས་རྣམས་ཀུན་ཏུ་ཤིས་པའི་དཔལ་གྱུར་ཅིག །ཤིང་མོ་བྱ་ལོའི་སྐར་ནག་དགོངས་བསྟུན་གྱི་ལེའུ་ཐོ་ལག་བདར་དུ་བཟོས་པའི་ལོ་བཤད་འཆི་མེད་བདག་པོའི་ལག་ཉལ་


GLG016_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། བྲྀཀྵཱཤཀུནབཏྶརསྱརྀཐོཙཏུརྐརྨཱསིདྡྷིབཻཌཱུརྻཔྤརིཏཱབིཧརཏིསྶ། །སམུདཱཛྫཱནཏིཤཏུཨམྲྀཏསྱ་ཀྲྀཔུནྱཙ། །ཛཡོརུཙིརཾཔཊུབརཛེརཱུསཁསཱུརྱཧྭ། ཤིང་མོ་བྱ་ལོའི་རྀ་ཐོ་ལས་བཞི་ཀུན་འགྲུབ་བཻཌཱུརྱའི་ཆུ་རྒྱུན་བཞུགས། །ཕུལ་བྱུང་ཡེ་ཤེས་ཆུ་གཏེར་ལས། །བསོད་ནམས་འཆི་མེད་བྱེད་པོ་ཡིས། །ཐུབ་བསྟན་ལྷ་ལམ་ལ་མཛེས་པ། །མཁས་མཆོག་བཅུ་གཉིས་བདག་པོ་རྒྱལ། །མཐའ་ཡས་སྟོང་པ་ཆེན་པོའི་གར་མཁན་མ། །མི་འགྱུར་བདེ་བའི་སྒྱུ་རྩལ་དྲུག་ཅུའི་མདངས། །གཉིས་མེད་གཉིས་སུ་འཆར་བ་སྒྱུ་མ་མཁན། །དཔལ་ལྡན་ཐོག་མའི་མགོན་དེས་ཤིས་པ་སྐྱོངས། །ངོ་མཚར་རྒྱ་མཚོའི་རང་བཞིན་ཀ་ལཱ་པར། །ཆོས་སྲིད་འབྱོར་བའི་འདོད་རྒུ་ཆར་སྙིལ་བ། །མིག་༣༢རྩེའི་གྲངས་ལྡན་ས་དབང་སྙན་པའི་རྔ། །ཕྱོགས་བྲལ་ཡོངས་ཀྱི་རྣ་བའི་རྒྱན་དུ་འཇེབས། །ཚེ་ཡི་མཆོག་སྟེར་ཡིད་བཞིན་འཁོར་ལོའི་དཔལ། །དཔལ་ལྡན་ཕྱོགས་


GLG016_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་རྒྱལ་རིག་བྱེད་མ། །མ་ལུས་མཁྱེན་བརྩེའི་གཏེར་གྱུར་དབྱངས་ཅན་ལྷ། །ལྷ་མཆོག་གསོལ་འདེབས་དུས་ཀུན་སྐྱོངས་ཤིག་ཀྱེ། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འོད་དཀར་ཅན། །ཕྱི་རོལ་སྟོན་པའི་ཡིད་ཀྱི་མཚོ་ནང་དུ། །ཐབས་མཁས་འཕྲུལ་གྱིས་ཤར་ལས་ཡང་དག་པའི། །ལམ་དུ་བཀྲི་མཛད་དཔལ་མགྲིན་དགེ་ལེགས་སྩོལ། །ཕྱི་ནང་གཞན་གསུམ་རི་སྐྱེས་ལས་གྲུབ་པའི། །རྒྱུད་རྒྱལ་ཤིང་རྟ་ཆེན་པོའི་ཁ་ལོ་བ། །པཎ་ཆེན་གཉིས་དང་རྭ་འབྲོ་ལོ་ཙཱ་བ། །ཤོངས་དཔང་མཁས་དབང་ཚོགས་རྣམས་ཕྱག་གི་ཡུལ། །གང་ཞིག་གཏིང་མཐའ་བྲལ་བའི་བློ་གྲོས་ཀྱི། །སྔོན་མེད་བཟང་པོའི་རྣམ་དཔྱོད་རྨད་བྱུང་འདིས། །རྒྱལ་ཀུན་མཁྱེན་པའི་ཕུང་པོའི་དཔེར་བསྟན་ཞེས། །གྲགས་པ་བློ་ལྡན་ཡོངས་ཀྱི་གཏམ་དུ་སྒྲོགས། །ཤེས་བྱའི་ཉལ་འགྲོ་ཧུབ་ཀྱིས་འཐུང་མཁས་ཆོས་ཀྱི་གྲགས་པ་ཛདྣ། །གནས་ལྔ་རིག་པའི་མཁའ་ལ་ཐོགས་མེད་ཤེས་རབ་རིན་ཆེན་འོད་དཀར་ཅན། །མཆོག་གི་དང་པོའི་གོ་འཕང་མངོན་གྱུར་དུས་འཁོར་ཞབས་པ་ནོར་བུ་བཟང་། །འཇིགས་བྲལ་སྨྲ་བའི་དབང་ཕྱུག་དམ་པ་ལྷུན་གྲུབ་རྒྱ་མཚོ་སྤྱི་བོར་བསྟེན། །གཙུག་ལག་བཻ་ཌཱུར་གསར་འཁྱིལ་མེ་ལོང་ལ། །ཕྲ་ཞིབ་རིག་པའི་གཟུགས་བརྙན་སྟོང་འཆར་བ། །བྱེད་པོ་དཔལ་མགོན་འཕྲིན་ལས་བརྒྱུད་པར་བཅས། །ཀུན་གྱི་རལ་པའི་བླ་ན་མཛེས་གྱུར་ཅིག །གྲ་ཕུག་ལུགས་བཟང་ཟླ་བའི་མ་མ་ལས། །སྙིང་པོར་ཡོངས་དྲིལ་ཟིལ་དངར་ལིའུ་


GLG016_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ། །བློ་གསལ་གཙུག་ན་ཟླ་བའི་མགྲིན་མཛེས་ཆེད། །ཟ་ཧོར་བནྡེ་ཚུལ་འདི་སྨྲ་ལ་སྤྲོ། །གྲགས་ཅན་རྣམ་འདྲེན་སྟོང་གི་ཡེ་ཤེས་མཆོག །བརྙེས་ཕྱིར་འཇིགས་མེད་གདན་གྱིས་ལེགས་སྤ་བའི། །འཕགས་ཡུལ་བརྡ་སྤྲོད་སྐད་དུ་བྷཱུ་པཱ་ལར། །འབོད་པ་བསྒྱུར་ཚིག་བདེ་མཆོག་སྟོད་འགྲེལ་ན། ཁ་བའི་ལྗོངས་འདིར་ས་སྐྱོང་ཞེས་སུ་གྲགས། །ཟས་གཙང་སྲས་པོ་དྲག་པོ་ལྕགས་སྤྲེལ་ལོར། །བལྟམས་ནས་འབྱུང་བ་ནམ་མཁའ་དུས་༢༦༠༥དང་ནི། །ལག་པ་འདས་པ་འཁྲུལ་བྲལ་རྩིས་ཀྱི་ལུགས། །གསང་ཆེན་དབྱར་སྐྱེས་རྔ་སྒྲས་ཀ་ལཱ་པའི། །སྐལ་བཟང་འབྲུག་སྒྲ་མངལ་འཛིན་ཡོངས་ཀྱི་རྣར། །སྤུད་མཛད་རིགས་ལྡན་སེང་གེ་ཆོས་ཀྱི་ཁྲིར། །ཞབས་པད་མངོན་པར་བཀོད་ནས་ཀླུ་༡༨གཟུགས་༡༨ལོར། །༼རྒྱ་གར༽གྲུབ་རྩིས་༢ལོ་གཟའ་བསིལ་སྦྱིན་མཁན་པོ་ཡིས། །ལྷ་ཡི་ལམ་ངོས་མ་ཧེ་སྦྲང་བུ་སྦྲུལ། །ཙནྡན་རྭ་དབྱིབས་ལྟ་བུའི་མཁའ་གོས་ལས། །ལེགས་འོངས་ཆར་གྱིས་འཛིན་མའི་ཁྱོན་བརླན་པས། །ལྗོན་ཤིང་ལོ་འབྲས་ཚོགས་རྣམས་གཡུར་ཟ་ཞིང་། །བཞོན་རྣམས་འོ་འཕེལ་མགྲོན་ཀུན་གླུ་གར་རྩེ། །སྟོབས་ལྡན་དབང་པོས་བྱམས་པས་ས་ཆེན་སྐྱོང་། །རྗེ་རིགས་ཚོགས་ཀུན་དགའ་བདེའི་དཔལ་ལ་སྤྱོད། །ཉིན་མོར་བྱེད་པ་ལུག་གི་ཁྱིམ་ནང་དུ། །དགྱེས་རྒུར་རྩེ་བའི་ཐོག་མའི་དུས་ཀྱི་ཉིན། །ལྷ་ཡི་བླ་མ་འབྱུང་འགྲོས་ཀྱིས་སྤྱོད་པའི། །རྒྱུ་སྐར་འཕྲེང་བ་མཁའ་འཁྲིག་༡༠༢་མི་བདག་གི ། ཡུལ་གྲུར་ས་ཁམས་ལྷ་མོ་སྣར་༣མའི་


GLG016_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས། །ལྗོན་ཤིང་གསེར་ལྕགས་སོར་མོའི་འདུ་བྱེད་ཀྱིས། །སྒྱུར་བའི་བཟོ་བོ་རྣམས་དང་བ་གླང་ལ། །མི་མཐུན་བྲོ་ནད་ཀྱིས་གཙེས་རྒྱལ་པོ་རྩོད། །གྲོ་ནས་ལ་སོགས་ལོ་ཡི་ཚོགས་སྤྱི་དང་། །དཀར་སེར་མེ་ཏོག་སྐྱེ་བའི་འབྲས་རྣམས་འཕེལ། །༼ཕྱི་རོལ༽བྱེད་པའི་ལོ་གཟའ་སྔོ་བསང་ལུས་ཅན་གྱིས། །ཡངས་པའི་ནོར་འཛིན་སྐྱོང་རྣམས་སྟོབས་འཕེལ་ཞིང་། །ལོ་ཏོག་རྩི་ཤིང་རབ་རྒྱས་འབངས་ཀུན་སྤྲོ། ཁྱད་པར་བློ་ལྡན་བདེ་ཞིང་རིག་པ་འཕེལ། །རྒྱལ་པོ་བཀྲ་༣ཤིས་འབྲས་བུ་ཚ་ཐན་གྱིས། །ལོ་ཏོག་ཀུན་འཇོམས་འཇབ་བུའི་ལྐོག་ནོར་མང༌། །ཚད་ཁྲིས་ཕོལ་ནད་འབྱུང་ཞིང་འཕོངས་པ་དར། །རྒྱལ་པོ་འཐབ་ཅིང་རྩོད་སོགས་ཆེས་ངན་ཡང་། །རྒྱལ་ཁ་བློན་སྒྱུར་ལྷ་མིན་བླ་མ་ཡིས། །བུ་རམ་ཤིང་དང་ལོ་ལེགས་ཚོང་ནོར་འཕེལ། །སྦྲུམ་མ་བདེར་བཙའ་རྗེ་འབངས་དགའ་སྟོན་རྒྱས། །ནད་རིགས་ཆེས་དཀོན་ཁྱད་པར་བུད་མེད་བདེ། །༼དབྱངས་འཆར༽ཁེངས་ལྡན་མི་བསྲུན་གདུག་པའི་རྒོལ་བ་ཀུན། །འཇོམས་བྱེད་གཡུལ་ལས་རྣམ་པར་རྒྱལ་བ་ཞེས། །འཇིག་རྟེན་བྱེད་པོ་དབང་ཕྱུག་གསང་བའི་ཚིག །ལྐོག་གྱུར་སྟོན་པའི་འཁོར་ལོའི་མན་ངག་ལས། །གངས་ཅན་ལྟེ་བ་འཕྲུལ་སྣང་དབུས་བཞག་པའི། །དབང་ཕྱོགས་མེ་དང་སྲིན་པོ་རླུང་ལྷ་ཡི། །ཡུལ་གྲོང་རྒྱལ་བློན་འབངས་འཁོར་བཅས་པ་ལ། །དམག་འཁྲུག་ནད་ཀྱིས་ཉེ་བར་འཚེ་འགྱུར་ཞིང་། །སྣྲོན་ཟླ་ཚུན་དུ་དབུས་དང་ཁྲུམས་ཟླ་ནས། །ལྷོ་ཕྱོགས་ཐ་སྐར་ཟླ་ནས་ལྷོ་ནུབ་དང་། །མགོ་


GLG016_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཟླ་བར་ནུབ་ཀྱི་ཕྱོགས་ཀུན་དུ། །སྟོབས་ལྡན་ནང་རྩོད་རྗེ་ལ་འབངས་སྡོ་ཞིང་། །ནད་རིམས་གཡུལ་འཁྲུག་ཡུལ་འཕོ་སྐྱ་མུག་སོགས། །དྲང་སྲོང་གདུག་པའི་ནུས་མཐུས་འབྱུང་བཤད་ཀྱང་། །ལེགས་བྱས་འབུམ་ཕྲག་ཞུན་མ་འཛག་བྱེད་པ། །རྨད་བྱུང་དགེ་བའི་ཚོགས་ཀྱིས་ཅིས་མི་བཟློག །༼བལ་པོ༽ཀར་མྱང་རྩིས་ལ་ཆར་འབྲས་རླུང་སད་དང༌། །ཕྲུག་གུ་འབྲུག་ཉུང་གྲང་ངད་ཐན་འཁྲུག་ཆེ། །སྐྱ་འཕམ་རྩི་བཅུད་སྙོམས་ཤིང་ལ་ལ་དག །བཞད་བཅས་ཡིན་པས་ཆར་པ་ཆེ་ཞེས་སྨྲ། །༼རྒྱ་ནག༽རྒྱ་ནག་གོང་མའི་ཁབ་ཏུ་ཡི་ཡིའུར། །བརྗོད་པ་བསིལ་བའི་ལྗོངས་འདིར་ཤིང་མོ་བྱ། །འབྱུང་བ་བཞི་ལྡན་ཁ་རལ་ཕུར་བུའི་ཀླུངས། །དགུ་གླིང་དབུས་སུ་ཀླུ་ཡི་མེ་ལོང་གནས། །གཙུག་ལག་གསང་ཚིག་སྐྱ་རྒྱལ་ཡུལ་ཁམས་བདེ། །བྲ་སྲན་རློན་ཅིང་ཁྲེ་རྒྱལ་ཇུ་ཚེ་འབྲིང་། །གྲོ་ནས་དམན་ཞིང་ཆོམ་རྐུན་ཁྲེལ་ཤོར་རིམས། །མང་དར་ན་ཚོད་ཡར་སོན་རྗེ་དཔོན་དང་། །རྟ་དང་བོང་བུའི་ཚོགས་ལ་ཅུང་ཟད་འཚེ། །ཁྱད་པར་དབྱར་ཟླ་ར་བར་འཁོར་འབངས་འགས། །གོང་མའི་རྒྱལ་པོར་རྒོལ་སོགས་ངན་པའི་འབྲས། །འགའ་ཞིག་མཆིས་ཀྱང་རྣམ་དཀར་སྟོབས་ཀྱིས་འཇོམས། །བྱེད་གྲུབ་དགོངས་མཐུན་ཤེལ་གྱི་བ་གམ་དབུས། །རྒྱ་ནག་སྤོར་ཐང་རིན་ཅེན་ཁྲིར་འཛེགས་ནས། །གཡུལ་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཆེ། །བསྒྲེངས་མཁས་ལྷ་དབང་གཉིས་པ་དེང་འདིར་ཤར། །དོན་ལྡན་མིང་གིས་མཛེས་པའི་རབ་འབྱམས་སྨྲ་བ་བློ་བཟང་ཆོས་


GLG016_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཀྱིས་ཆོས་འཁོར་གླིང་གྲ་ཚང་གི་མཆོད་རྫས་དེབ་ཏུ་བཀོད་པའི་ཤིས་བརྗོད་ཆ་གཙང་ཚུལ་ལས་མཛེས་པའི་བང་མཛོད་ཁ་འབྱེད། །སྭསྟི་པྲཛྭ་བྷྱ༔ ཉི་མའི་གཉེན་གྱི་བརྒྱུད་འཁྲུངས་མི་འཇིགས་བཞི། །གྲུབ་པའི་ཀུན་མཁྱེན་བླ་མེད་གན་མཛོད་ཅན། །སྐྱབས་མཆོག་ཆོས་དང་དགེ་འདུན་བཅས་པ་ཡིས། །དུས་རྣམས་ཀུན་དུ་དགེ་བའི་དངོས་པོ་སྩོལ། །རྒྱ་བོད་ཐུབ་བསྟན་མཛེས་བྱེད་ལོ་པཎ་ཚོགས། །བཀའ་གདམས་བསྟན་པའི་མེས་པོ་ཨ་ཏི་ཤ། །དུས་གསུམ་རྒྱལ་ཀུན་སྤྱི་གཟུགས་བཙོང་ཁ་པ། །སྐལ་བཟང་འགྲོ་བའི་རྒྱན་དུ་རྟག་བཞུགས་ཤིག །རྒྱལ་བའི་གསང་བ་ཀུན་གྱི་མཛོད་འཛིན་པ། །བཀའ་སྡོད་གནོད་སྦྱིན་ཆེན་པོ་ངལ་བསོས་པོ། །རྣམ་མང་ཐོས་པའི་སྲས་དང་བློན་པོར་བཅས། །མཁོ་རྒུའི་འདོད་པའི་བང་མཛོད་ཆར་དུ་ཕོབ། །ཆོས་ཚུལ་རྒྱ་མཚོར་འཁྱིལ་བའི་གཏིང་ཟབ་དབུས། །རིག་ལམ་ནོར་བུའི་ཐོད་འཆང་གདེངས་ཅན་དབང་། །བརྒལ་བརྟག་གསེར་གྱི་འཁོར་ལོ་འཛིན་བྱེད་པ། །མཁས་མང་གྲངས་ལྡན་འདུ་བའི་ནོར་གླིང་གི ། སྙིང་པོས་དབེན་པ་ཟང་ཟིང་ནོར་གྱི་ཚོགས། །མཆོག་གསུམ་མཆོད་པའི་རྫས་སུ་བསྒྱུར་བ་ན། །རང་གཞན་དོན་ཀུན་འགྲུབ་པའི་དཔལ་སྟེར་ཞེས། །གསེར་འགྱུར་རྩི་ལ་གདུང་བ་ལྷོད་པོར་བྱེད། །སྔོན་བྱོན་ཆ་གཙང་ལུང་དང་རིག་པའི་གཏེར། །སྤྱོད་པས་ངོམས་མིན་སྐུ་གསུང་ཐུགས་རྟེན་དང་། ཁྲིམས་ལྡན་འདུས་སྡེའི་ཉེར་དཔྱད་བདོག་པའི་ཚོགས། །རྣམ་ཐོས་ནེའུ་ལེའི་མགྲིན་ནས་འབྱུང་བ་བཞིན། །ས་སྐྱོང་ཤིང་བྱར་འབོད་པ་སྣྲོན་ཟླ་ཡི། །


GLG016_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཕྱོགས་བཟང་པོ་དང་པོའི་ཚེས་ཀྱི་ཉིན། །ཟླ་བ་གྲོ་བཞིན་འཛོམ་པའི་འགྲུབ་སྦྱོར་ལ། །བཀོད་ལེགས་ཡི་གེའི་ཕྲེང་བ་འདི་ལྟར་སྤེལ། མེ་ཕོ་ཁྱི་ལོའི་སྐར་ནག་དགོངས་བསྟུན་གྱི་ལེའུ་ཐོ་ལག་བདར་དུ་བཟོས་པའི་ལོ་བཤད་སུམ་རྩེན་དགའ་བྱེད། ཛཏརཱིབྷརཤོདྷོདནོཛལདྷིཙནྡསུཁཱིཡདཡཀུརཱཛྙརསྨིཔུཁཀུནྡ། །ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་པའི། །ཟས་གཙང་སྲས་པོ་བསིལ་སྦྱིན་མཁན། །མཁྱེན་དང་བརྩེ་བའི་འོད་ཟེར་གྱིས། །ཕན་བདེའི་ཀུནྡ་རྒྱས་པར་མཛོད། །གར་དགུའི་ཉམས་དང་ལྡན་པ་དབང་པོའི་གཞུ། །མཚན་དཔེའི་སྣང་བརྙན་བཀྲ་བ་ངོ་མཚར་ཅན། །སྔོན་མེད་ཐོས་འཛིན་རྒྱན་གྱི་དཔྱིད་གྱུར་པ། །དཔལ་ལྡན་དང་པོའི་སངས་རྒྱས་གཙུག་གི་རྒྱན། །སྙན་སྙན་ངག་གི་དབང་ཕྱུག་ཚངས་པའི་སྲས། །མང་མང་


GLG016_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞི་ཀུན་སྡུད་རིག་བྱེད་ལྷ། །ཡང་ཡང་ཚེ་དཔལ་སྟེར་མཁས་ལེགས་སྦྱིན་མ། །ལྷང་ལྷང་གསོལ་བ་འདེབས་ན་རྗེས་འཛིན་མཛོད། །ཕྱི་རོལ་རིང་ལུགས་ངན་པ་ལྕགས་ཀྱི་ཁམས། །ཕྱག་ན་པདྨའི་གང་འཚམས་ཟློས་གར་རྩིས། །ཡང་དག་ལམ་གྱི་གསེར་དུ་སྒྱུར་མཁས་པ། །དཔལ་ལྡན་གཙུག་ན་ཟླ་བས་དགེ་ལེགས་སྩོལ། །ངོ་མཚར་རྒྱལ་ཁབ་ལུས་ཕྲའི་བཞིན་རས་ངོས། །རྩ་གསུམ་ཆོས་རྒྱལ་རིག་ལྡན་འདྲེན་བྱེད་དཀྱུས། །ངེས་གསང་ལང་ཚོ་ཅན་གྱི་བརྟན་པ་ཀུན། །འཕྲོག་པའི་གྲགས་སྙན་དཔྱོད་ལྡན་སྒྲ་འཛིན་རྒྱན། །འཕགས་ཡུལ་རིན་ཅེན་གླིང་ནས་ཕྱི་ནང་གཞན་གསུམ་ནོར་བུའི་བང་མཛོད་རྣམས། །གངས་ཅན་ལྗོངས་འདིར་འདྲེན་ལ་ཟླ་བྲལ་རྭ་འབྲོ་ཤོང་ལོ་དེད་དཔོན་ཆེ། །གཡུལ་ལས་རྣམ་རྒྱལ་ཡན་ལག་བརྒྱད་ལྡན་ཆུ་ཀླུང་སྐྱུག་མཁས་གློ་བོ་པ། །རྨོངས་པའི་གཉེན་པོར་དགོས་འདོད་འབྱུང་བའི་དྲང་སྲོང་ཆེ་དེ་ཕྱག་གི་ཡུལ། །ཕུལ་བྱུང་བློ་གྲོས་སྙན་པའི་གླུ། །མཁས་བཙུན་བཟང་པོའི་མགྲིན་པ་ལས། །བླངས་ཚེ་གྲགས་པ་མཆོག་དམན་གྱི། །སྐྱེ་རྒུའི་རྣ་བའི་གསོས་སུ་འཇེབས། །ཆོས་ཀུན་གཟིགས་པའི་གྲགས་སྙན་ཅན། །བོད་ཡུལ་པཎ་ཆེན་སྟག་ཚང་པ། །མཁས་གྲུབ་འབྱུང་གནས་ནོར་བུ་བཟང་། །རྣམ་གསུམ་བླ་མ་གཙུག་ན་མཛེས། །ཕྱོགས་འདིར་རྣམ་དཔྱོད་ལྷུན་གྲུབ་སྒྲ། །རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་ཅིང་། །དཔལ་ལྡན་ཐོག་མའི་མགོན་པོ་ཡི། །འཕྲིན་ལས་སྤེལ་མཁས་གྲ་ཕུག་པ། །རིག་གནས་རྒྱ་མཚོའི་


GLG016_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་འཛིན་པ། །མཁས་མཆོག་སྨོན་འགྲོ་ལོ་ཙཱ་སོགས། །གཙུག་ལག་ཚུལ་འདི་སྟོན་མཛད་པའི། །ཡོངས་འཛིན་ཚོགས་རྣམས་རྒྱལ་གྱུར་ཅིག །མ་དག་རྙོག་པའི་རྫིང་བུར་ཟླ་བའི་གཟུགས། །འཆར་འདོད་བྱིས་པའི་བློ་ཡི་རང་མཚང་ལྟར། །པད་དཀར་ཞལ་ལུང་དང་བྲལ་འཁྲུལ་མེད་རྩིས། །སྨྲ་འདོད་ནམ་མཁའི་པདྨོར་ལག་པས་སྙེག །འདི་ན་བླང་དང་དོར་བྱའི་ཟློས་གར་ཀུན། །འཆར་བྱེད་གསར་བྱུང་ལེ་ཐོའི་ཨཱ་དར་ཤ ། མང་ཐོས་མཁས་པའི་དྲིན་ལས་རྙེད་པ་དེ། །དགའ་བའི་འཛུམ་གྱིས་བསུས་ཏེ་བརྗོད་པར་སྤྲོ། །རྣམ་འདྲེན་སྟོང་གིས་ཡེ་ཤེས་མཆོག་བརྙེས་པ། །དབུས་འགྱུར་འཕགས་པའི་ཡུལ་དུ་ཨཀྵ་ཡར། །བརྗོད་པ་སྐད་བསྒྱུར་བདེ་མཆོག་སྟོད་འགྲེལ་ན། །མི་ཟད་པ་ཞེས་ཁ་བའི་ལྗོངས་འདིར་འབོད། །སྟོབས་བཅུ་མངའ་བ་སྟོང་གི་ཏོག་གྱུར་པའི། །བུ་རམ་ཤིང་པ་དྲག་པོ་ལྕགས་སྤྲེལ་ལོར། །ཟས་གཙང་སྲས་སུ་བལྟམས་ནས་དུས་མཁའ་༢༦་༦འཚམས། །བགྲོད་པ་འདས་པ་མཁས་དབང་བཞེད་པའི་སྲོལ། །སྡེ་བཞིས་མངོན་པར་མཐོ་བ་རྒྱལ་པོའི་ཁབ། །དཔལ་ལྡན་ཤམྦྷ་ལ་ཡི་ཕོ་བྲང་ཆེར། །རིགས་ལྡན་སེང་གེ་ཆོས་སྲིད་ཁྲིར་འཁོད་ནས༢༧། །བུག་གཟུགས་ཟླ་བའི་ཕྲེང་བར་སླེབས་པའི་ལོར། །༼རྒྱ་གར༽གྲུབ་པའི་ལོ་གཟའ་དྲང་སྲོང་དམག་དཔོན་གྱིས། །མེ་སོགས་ཚ་བའི་སྟོབས་རྒྱས་ལོ་ཏོག་ཉམས། ཡུལ་འགར་ཆར་ཆེ་ཕལ་ཆེར་ཐན་པས་གདུང་། །མཁྲིས་ཚད་ཕལ་


GLG016_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ནད་འཕེལ་ཞིང་འཕོངས་པ་མང་། །རྒྱལ་པོ་ཕན་ཚུན་གཡུལ་འཁྲུག་འཐབ་རྩོད་ཆེ། །འཇབ་བུའི་ལྐོག་ནོར་ཅན་རྣམས་མང་ཞིང་བདེ། །ལུག་ཁྱིམ་དགའ་བའི་ཚལ་དུ་རྟ་ལྗང་ཅན། །དགྱེས་དགུར་སྤྱོད་པའི་ཐོག་མའི་ཚེས་ཀྱི་ཉིན། །དྲང་སྲོང་བློ་ལྡན་འབྱུང་འགྲོད་ཀྱིས་སྤྱོད་པའི། །སྟོང་དང་དྲུག་བརྒྱ་ཉི་ཤུའི་ཡུལ་གྲུ་ན། ༡༦༢་། རྒྱུ་སྐར་ལྷ་མོ་ཆུ་ཁམས་ལག་གི་འབྲས། །གྲུ་ཆར་ཆེས་དཀོན་ལྷུང་ལྷུང་སྒྲ་འབྱིན་པའི། །ཉལ་འགྲོའི་ཚོགས་རྣམས་སྐེམས་ཤིང་སྐྱ་ཡང་འཕམ། །ས་འཛིན་ངོས་སུ་གནས་པའི་སྲོག་ཆགས་དང་། །སྒོ་ང་ལས་སྐྱེས་འགྲོ་ལ་ཉེར་འཚེ་མང་། །སྟོབས་ལྡན་རྒྱལ་རྣམས་རྩོད་ཅིང་འཁྲུག་པ་དར། །༼ཕྱི་རོལ༽བྱེད་པའི་ལོ་གཟའ་ས་ག་ཟླ་བ་ཡི། །དཀར་ཕྱོགས་རྒྱལ་བ་གསུམ་པའི་ཚེས་ཀྱི་བར། །ལྷ་ཡི་བླ་མས་གྲུ་ཆར་དུས་སུ་འབེབ། །འབྲུ་དང་རྩི་ཤིང་རབ་རྒྱས་རྟ་གླང་འཕེལ། །མི་ཕྱུགས་ནད་བྲལ་ས་བདག་མངའ་ཐང་རྒྱས། །འཇིག་རྟེན་ལྷས་སྐྱོང་ཆོས་ལྡན་གྲགས་པ་འཐོབ། །མཆོད་སྦྱིན་འཕེལ་ཞིང་བློ་ལྡན་རིག་པ་རྣོ། ཁྱད་པར་གཙུག་ལག་འཛིན་པའི་བྲམ་ཟེ་བདེ། །འདོད་པའི་ཚེས་ཕན་འོད་ཟེར་བདུན་པ་ཡིས། །དུས་མིན་རླུང་ཆེན་གཡོ་བས་ནོར་འཛིན་དང་། །ལྷ་ལམ་མདངས་འཕྲོག་ཉི་ཟླའི་བཀྲག་འོད་དམན། །ཆར་དཀོན་ལོ་ཏོག་ཉམས་ཤིང་མུ་གེས་འཇིག །བུད་མེད་བུས་འཆི་རིག་བྱེད་མཁན་ལ་འཚེ། །རྐུན་པོ་རྒྱལ་ཞིང་གདོལ་པའི་ཚོགས་རྣམས་བདེ། །རྒྱལ་པོ་སྔོ་བསངས་ལུས་ཅན་བློན་པོ་ནི། །བསིལ་སྦྱིན་མཁན་པོའི་འབྲས་བུ་མ་ཧེ་སྦྲུལ། །ཙནྡན་ལྟ་བུའི་སྤྲིན་འཁྲིག་ཆར་ཆུ་འབབ། །རྩི་ཤིང་ལོ་ཏོག་ལེགས་སྨིན་འོ་མར་


GLG016_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ། །མི་བདག་བྱམས་པས་འབངས་སྐྱོང་དགའ་སྟོན་དར། །སྦྲུམ་མ་བདེར་བཙའ་ཁྱད་པར་རྗེ་རིགས་བདེ། །༼དབྱངས་འཆར༽མི་མཐུན་དགྲ་སྡེའི་གཡུལ་ལས་རྣམ་རྒྱལ་བ། །གཙུག་ལག་མ་འོངས་མངོན་སུམ་སྟོན་པ་ལས། །ལྷ་ལྡན་སྤྲུལ་པའི་ཁང་བཟང་དབུས་བཞག་པའི། །ཤར་ཕྱོགས་གནོད་སྦྱིན་སྲིན་པོ་དབང་ལྡན་གྱི། །ཡུལ་གྲུར་འཐབ་རྩོད་སྐྱ་མུག་ནད་རིམས་ཀྱིས། །འཚེ་ཡང་བཀའ་སྒྲོགས་མདོས་ཟོར་དཀར་ནག་ལྟོའི། །རིམ་གྲོའི་ག་བུར་གསར་པའི་ཐིགས་པ་ཡིས། །དུཿཁའི་ཚ་གདུང་མཐའ་དག་ཅིས་མི་འཇོམས། །༼བལ་པོ༽ཀ་ར་མྱངས་པ་ལྟ་བུ་ནཻ་པཱ་ལའི། །རྩིས་ལས་ཆར་དཀོན་འབྲུ་ཉུང་རྩ་ས་ངན། །གྲང་ངར་ཆེ་ཞིང་རླུང་དང་ཐན་པ་ཆུང་། །ཕྲུག་གུ་མང་སྐྱེ་སྐྱ་འཕམ་འཁྲུག་པ་དཀོན། །ཁྱད་པར་ཀུན་འཇུག་ཡིན་པས་ཆར་པ་ནི། །ཤིན་ཏུ་ཆུང་བ་བལ་ཡུལ་མཁས་པའི་ལུགས། །༼རྒྱ་ནག༽ཤར་ཕྱོགས་རྒྱལ་པོའི་ཁབ་ཏུ་བིང་ཟུའི་ཞེས། །བརྗོད་པ་ཕྱོགས་འདིར་མེ་ཕོ་ཁྱི་ཡི་ལོ། །འབྱུང་བ་བཞི་ལྡན་ཁོང་ནོར་སྤེན་པའི་ཀླུངས། །དགུ་གླིང་དབུས་སུ་གཉེན་གྱི་མེ་ལོང་གནས། །གཙུག་ལག་དེ་ཉིད་གསང་ཚིག་ཇུ་ཚེ་འབྲིང་། །སྔ་ཐན་ཆེ་ཞིང་སྐྱ་འཕམ་འབྲུ་ཚོགས་དཀོན། །འབྲས་དང་སོ་བ་ཉམས་ཤིང་གྲོ་སྲན་རློན། །དམག་ཀུན་རྒོད་ཅིང་གོད་རིམས་ནད་ཡམས་འོང་། །དབྱར་སྨད་ཆར་ཆེ་གཤོང་ཞིང་ཕལ་ཆེར་ཉེས། །མི་འབྲུ་ཆེས་སྙི་ཁོན་ཅན་མང་བ་སོགས། །འབྲས་བུ་ངན་ཡང་དགེ་བའི་ཉིན་བྱེད་ཀྱིས། །ལེགས་བྱས་


GLG016_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དཀར་པོའི་ཚལ་ཀུན་རྒྱས། །བྱེད་གྲུབ་ས་སྲུངས་དབང་པོའི་སྟེང་འགྱིང་ཞིང་། །ལྐོག་གྱུར་བལྟ་བའི་དབྱངས་འཆར་མིག་སྟོང་ཅན། །རྒྱ་ནག་སྤོར་ཐང་རྩེ་བརྒྱ་འཛིན་པ་ཡི། །རྀ་ཐོ་འཆི་མེད་བདག་པོ་དེང་འདིར་ཤར། །གངས་ཅན་སའི་ཐིག་ལེ་རྒྱལ་ཁབ་ཆེན་པོ་ཕོ་བྲང་ཕོ་ཏ་ལའི་རང་བྱོན་འཕགས་པ་ལོ་ཀེ་ཤྭ་རའི་གཙུག་ལག་ཁང་གི་རྟེན་མཆོད་ཀྱི་དེབ་ཐེར་རིན་ཅེན་བང་མཛོད། དྷཱུཏིཤུཀརཎབྷམཧཱབཱདྷཤྲེཡསཏྭཱནཾ། ཛཱ་ཏིའི་སྡེབ་སྦྱོར་མཆོག་དབྱངས། གཽ་ཏམཙནྡྲམྱོདཡཀརུཀཱལཤུབྷཀུརུཀྲྀཔཱལཱཐ། ཕུལ་བྱུང་མཁྱེན་དང་བརྩེ་བའི་འོད་ཟེར་གྱིས། །སྐྱེ་རྒུའི་ལེགས་བྱས་ཆུ་གཏེར་ཆེན་པོའི་ཚོགས། །རྒྱས་མཛད་བུ་རམ་ཤིང་པ་བསིལ་སྦྱིན་མཁན། །དུས་ཀུན་དགེ་བའི་ཤིས་པས་སྐྱོང་བར་མཛོད། །


GLG016_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྨད་བྱུང་སྙིང་སྟོབས་ཆེན་པོའི་དྲི་བཞོན་གསར་པ་ཡིས། །གདུལ་དཀའི་འགྲོ་འདིའི་ཚ་གདུང་མ་ལུས་རབ་འཕྲོག་པ། །འཇིག་རྟེན་ཀུན་ལ་ཕན་པའི་དབང་ཕྱུག་དམ་པ་མཆོག །གང་དང་དབྱེར་མེད་གཟུགས་སྐུའི་རྣམ་རོལ་དེ་ལ་འདུད། །རྒྱལ་ཀུན་གསང་གསུམ་མི་ཟད་ཡོན་ཏན་མ་ལ་ཡ་ཡི་དགའ་ཚལ་ནས། །ཆོས་ལྡན་རྒྱལ་པོའི་སྒྱུ་འཕྲུལ་རོལ་གར་སྔ་ན་མེད་པའི་དྲི་བསུང་ཅན། །གངས་ལྡན་ཕན་བདེའི་དགའ་སྟོན་སྤེལ་སླད་ཅིར་ཡང་སྤྲོ་བ་མི་ཡི་རྗེ། །འཇིག་རྟེན་དབང་ཕྱུག་སྲོང་བཙན་སྒམ་པོའི་རྨད་བྱུང་ཐུགས་རྗེས་རིང་དུ་སྐྱོངས། །བློ་ཆེན་གསེར་མངལ་ཅན་དང་གཙུག་ན་ཟླ་བ་འཆི་མེད་གཙོ་བོ་ལ་སོགས་ཀྱིས། །མཁྱེན་པའི་གཏིང་མཐའ་ཆ་ཙམ་རྟོགས་མིན་སྐལ་བཟང་འགྲོ་ལ་འཇམ་དབྱངས་གཞོན་ནུ་གང་། །མི་ཡི་སྲིད་བཟུང་ཟོལ་ལ་ཉེར་བརྟེན་བཙོང་ཁ་པ་ཞེས་གྲགས་པའི་དབྱངས་སྙན་པོ། །སྲིད་གསུམ་རྩེ་མོར་ཆེས་ཆེར་བསྒྲེངས་པས་དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་ལ་འདུད། །རིང་ནས་བསོད་ནམས་བྱེ་བའི་གསེར་འཁོར་ཐོགས་མེད་ཤུགས་ཀྱིས་སྡེ་བཞིའི་ཡོན་ཏན་མ་ལུས་པ། དྲངས་ཏེ་རང་གིར་ལོངས་སུ་སྤྱོད་པའི་ཆོས་སྲིད་དགའ་སྟོན་མ་སྨད་འབྱོར་པ་དང་ལྡན་པ། །ཐུབ་བསྟན་མ་ལུས་འཛིན་ལ་བློ་གྲོས་རབ་བརྟན་ས་ཡི་དབང་ཕྱུག་གནམ་བསྐོས་རྒྱལ་པོ་ཡི། །ཕོ་བྲང་མངའ་འབངས་ཆབ་སྲིད་མཚན་ཇུས་དཀར་ཕྱོགས་ཆུ་ཤེལ་དབང་པོ་ལྟ་བུར་འཕེལ་གྱུར་ཅིག །དགེ་བཅུའི་ཡོན་ཏན་འཕྱུར་བུར་སྤུངས་པ་ཡི། །ནོར་འཛིན་བུ་མོའི་མངལ་ཁུར་རབ་


GLG016_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལྕི་བ། །འགྱུར་མེད་ལྟེ་བ་གྲུ་འཛིན་ཕོ་བྲང་ཞེས། །ཡངས་པའི་འཛམ་གླིང་སྤོ་ལས་མངོན་པར་འཕགས། །ཕྱག་ན་པདྨའི་རང་བྱུང་སྐུ་བརྙན་སོགས། །བདེ་ལེགས་རྒྱ་མཚོ་སྤེལ་བའི་ཞིང་མཆོག་གིས། །ལེགས་བྱས་རྣམ་སྨིན་དཀར་པོར་ཆེས་འཛག་པས། །འོག་མིན་གནས་དེ་འདི་ལས་གཞན་དུ་ཅི། །མཐའ་བཞིའི་ནོར་གྱི་དཔྱ་ཁྲལ་འདོད་རྒུའི་ཚོགས། །རྩོལ་མེད་ལྷུན་གྱིས་གྲུབ་པར་འདུ་བ་ཡི། །འབྱོར་བའི་འདོད་རྒུ་ཆར་དུ་རབ་བསྙིལ་བས། །རྣམ་ཐོས་བུ་ཡི་མཛོད་ཀྱིས་འགྲན་དུ་མེད། །རྒྱ་ཧོར་སྟོད་སྨད་ཉི་འོག་རྒྱལ་པོའི་ཚོགས། ཁེངས་པའི་ངལ་བ་བཏང་སྟེ་ཕུ་དུད་དུ། །སོར་མོའི་འདབ་མ་སྙིང་ཁར་སྦྱོར་བྱེད་ན། །འཇིག་རྟེན་མེས་པོའི་དབང་གི་འགྲན་ཟླར་བྱས། །གྱ་གྱུའི་སེམས་ལྡན་རྒོལ་བ་ངན་པའི་སྙིང་། །འདར་དང་འཆི་བའི་འཇིགས་པ་ལྷན་ཅིག་ཏུ། །སྟེར་བས་ལང་ཀའི་བདག་པོའི་ཕོ་བྲང་དེ། །བསིལ་ལྡན་ཁ་བའི་ལྗོངས་འདིར་འོངས་བ་བཞིན། །ཨེ་མ་སྲིད་གསུམ་ཀུན་ལས་རབ་རྒྱལ་ཞིང་། །སྡེ་བཞི་མ་ལུས་གཅིག་ཏུ་སྤུངས་པ་ཡི། །རྩོད་དུས་གནམ་གྱིས་བསྐོས་པ་འཁོར་ལོ་སྒྱུར། །རྫོགས་ལྡན་མགྲོན་དུ་འགུགས་པའི་ཕོ་བྲང་འདིར། །འཇིག་རྟེན་ཀུན་ལ་རྨད་བྱུང་བརྩེ་བ་ཅན། །དབང་ཕྱུག་ཡོན་ཏན་བརྒྱད་ཀྱི་དཔལ་མངའ་བ། །རང་བྱོན་ལོ་ཀེ་ཤྭ་རའི་གཙུག་ལག་ཁང་། །རྟེན་མཆོད་དེབ་ཐེར་རིན་ཅེན་བང་མཛོད་སྤྲོ། ཞེས་སྙན་པའི་ཚིག་གིས་སྡུན་བསུས་ཏེ། སྒྲོན་མའི་བསྐལ་བ་བཟང་པོ་འདི་ལ་གྲགས་ཅན་


GLG016_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་འདྲེན་སྟོང་བྱོན་པ་རྣམས་ཀྱི་ནང་ནས་སྙིང་སྟོབས་ཕུལ་དུ་བྱུང་བས་པད་དཀར་ལྟ་བུར་བསྟོད་པའི་དབྱངས་ཀྱི་རྒྱལ་མོ་ཟད་མི་ཤེས་པའི་ཡུལ་དམ་པ་རང་ཅག་རྣམས་ཀྱི་འདྲེན་པ་ཟས་གཙང་གི་སྲས་པོ་འདི་ཉིད་ཀྱི་བསྟན་པ་རིན་པོ་ཆེ་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ་ལྟར། །དབུས་འགྱུར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་ལྗོངས་འདིར་དར་བའི་བྱེད་པོ་མཆོག་འཕགས་པ་རིགས་གསུམ་གྱི་མགོན་པོའི་ཟློས་གར་བོད་རྒྱལ་པོའི་གཟུགས་སུ་ཤར་བ་རིམ་པར་བྱོན་པ་རྣམས་ཀྱི་བཀའ་དྲིན་ཡིན་ལ། དེའི་ནང་ནས་མི་རྗེ་སྲོང་བཙན་སྒམ་པོས་རྒྱ་བལ་ནས་རྒྱལ་བ་དངོས་དང་དབྱེར་མ་མཆིས་པའི་ཇོ་ཤཱཀ་རྣམ་གཉིས་སོགས་བོད་འབངས་ཀྱི་བསོད་ནམས་རྒྱ་མཚོའི་ཞིང་དུ་སྤྱན་དྲངས་པས་མཚོན་ཏེ་བྲིས་འབུར་དང་རང་བྱུང་གི་རྟེན་ངོ་མཚར་བས་གསེར་ལྡན་གྱི་ཁྱོན་ཀུན་རབ་ཏུ་བཀང་ཞིང་། ཁྱད་པར་སྨིན་མཚམས་ནས་སྤྲུལ་པའི་དགེ་སློང་ཨཱ་ཀ་ར་མ་ཏི་ཤི་ལས་གདན་དྲངས་པའི་རང་བྱོན་ལོ་ཀེ་ཤྭ་ར་ཞེས་པ་བོད་ཀྱི་སྐད་ལ་འཇིག་རྟེན་དབང་ཕྱུག་ཏུ་གྲགས་པ་འདི་ཉིད་ཆོས་སྐྱོང་བའི་མི་བདག་སྲོང་བཙན་སྒམ་པོའི་མཆོད་པའི་ཞིང་གི་གཙོ་བོར་བཞུགས་ཤིང་། བར་སྐབས་སུ་རྒྱ་དམག་བྱུང་དུས་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་ལོ་མང་བར་བཞུགས་པ་རིམ་གྱིས་ར་མོ་ཆེར་ཕེབས། སླར་ཚལ་པ་སི་ཏུ་སྨོན་ལམ་རྡོ་རྗེས་རི་བོ་གྲུ་འཛིན་འདིར་བཞུགས་སུ་གསོལ་བ་ནས་བཟུང་། གནམ་བསྐོས་ཀྱི་རྒྱལ་པོ་ཕག་མོ་གྲུ་པའི་སྡེ་སྲིད་མ་ཉམས་བར་དུ་ཕྱི་འཁྱར་


GLG016_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བོད་འབངས་ཡོངས་ཀྱི་ལེགས་ལམ་རྒྱ་མཚོའི་སྒོ་འཕར་འབྱེད་པ་ལ་བཞུགས་ནའང་། །བོད་རྟེན་གཅིག་མཐའ་ལ་འཁྱར་ན་མཐའ་དབུས་འཇིག་པའི་ལུང་བསྟན་དུས་ལ་བབས་པས་ཡུལ་གྲུ་དུ་མར་ཕེབས་པ་ལས། ་བབས་ཏེ་བར་སྐབས་སུ་སྐྱེ་བོ་ཅི་རིགས་ཀྱི་བྱེད་པ་ལས། མི་རིང་བར་དགའ་ལྡན་ཕོ་བྲང་བ་དང་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་མཆོད་ཡོན་ཉི་ཟླ་ཟུང་གི་བསོད་ནམས་ཆེན་པོའི་དཔུང་དང་བཙན་པོའི་ལས་ཀྱི་ཤུགས་དྲག་པོས་བོད་གླིང་དགུའི་ས་ཐམས་ཅད་རང་བྱོན་དུ་ལྷུན་གྱིས་གྲུབ་པ་དང་ཆབས་གཅིག་པར་ས་དབང་ད་ལས་ཀུན་ཅི་རྒྱལ་མོའི་ཕུན་སུམ་ཚོགས་པའི་བསམ་སྦྱོར་བཟང་པོས་འཕགས་པའི་སྣང་བརྙན་མཐོང་ན་མི་མཐུན་པ་མེད་པའི་སྐུ་འདྲ་རིན་པོ་ཆེ་འདི་ཉིད་ཡར་གདན་དྲངས་པ་དང་། ཕོ་བྲང་ཆེན་པོ་གསར་བཞེངས་དུས་མཚུངས་སུ་རྩོལ་བྲལ་གྱི་རྟེན་འབྲེལ་རང་ཤུགས་ཀྱིས་འགྲིག་པ་ནས་རྟེན་གྱི་གཙོ་བོར་བཞུགས་པའི་རྟེན་གསུམ་ཀུན་ཏུ་བཟང་པོའི་མཆོད་པའི་བྱེ་བྲག་གི་ཚོགས་བྱུང་དང་འབྱུང་འགྱུར་གྱི་དེབ་ཐེར་གསར་དུ་བཀོད་པ་ལ། ཐམ་ཤུའི་རི་མོ་མི་གསལ་བ་མེ་ཁྱི་གསར་དུ་བརྐོས་པའི་ཐམ་ཕུད་སྲིད་གསུམ་བདག་མོར་ཕུལ་བའི་ཁ་ཡིག་བསམ་དོན་ཐོགས་མེད་མྱུར་འགྲུབ། རྒྱལ་བའི་ཡུམ་གཅིག་དབྱངས་ཅན་ལྷ། །དྲག་མོའི་སྐུར་བསྟན་དམག་ཟོར་མར། །དར་དཀར་ཟླ་རྒྱས་ཐམ་རིས་ཀྱིས། །རི་དྭགས་གཟུགས་ཅན་ཕུལ་བའི་མཐུས། །ཆོས་སྲིད་ལེགས་ཚོགས་འདོད་པའི་དོན། །སྔར་བཅོལ་འཕྲིན་ལས་གྲུབ་པ་ལྟར། །


GLG016_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ད་འཆོལ་ལས་ཀུན་བསམས་པ་བཞིན། །ཐོགས་མེད་མྱུར་དུ་འགྲུབ་པར་མཛོད། །མེ་མོ་ཕག་ལོའི་སྐར་ནག་དགོངས་བསྟུན་གྱི་ལེའུ་ཐོ་ལག་བདར་དུ་བཟོས་པའི་ལོ་བཤད་ཀུན་ཏུ་དགའ་བའི་དབྱངས་སོགས། ༢་ཅན་སུཀརཱདྷཱུཏཱམཎིནཱསམྦོ ཉཀུལཛགེཥུཙ། ནམཨཱཛྙཱཤཱཀྱམུནཡེཀྲྀཡཙྪསུཁཱིཡཙ། རྨད་བྱུང་མཛད་བཟང་ནོར་བུ་ཡིས། །རིས་བྲལ་ལུས་ཅན་ཐམས་ཅད་ལ། །ཕན་དང་བདེ་བ་སྩོལ་མཛད་པ། །ཀུན་མཁྱེན་ཉི་མའི་གཉེན་ལ་འདུད། །སྟོང་གཟུགས་ལང་ཚོ་རྒྱས་པའི་གཟུགས་སྐུའི་མཁའ། །བདེ་ཆེན་སྣ་ཚོགས་ལྷ་མོའི་དབང་གཞུས་འཁྱུད། །སྣང་བརྙན་ཅིར་ཡང་སྟོན་པའི་འཁོར་ལོའི་མགོན། །དཔལ་ལྡན་ཐོག་མའི་སངས་རྒྱས་ཕྱག་གི་ཡུལ། །སྲིད་གསུམ་


GLG016_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྡུད་དབང་གི་ལྷ་མོ་མཆོག །མཆོག་གི་ངག་སྩོལ་ངག་དབང་ལྷག་པའི་ལྷ། །ལྷ་མཆོག་དངོས་གྲུབ་དངོས་སུ་ཚེ་སྟེར་དཔལ། །དཔལ་མོའི་སྙེམས་འཕྲོག་སྙེམས་ལྡན་ལེགས་ཕྱིན་རྒྱལ། །ལྐོག་གྱུར་ཆོས་ཀྱི་སྣང་བརྙན་མ་ལུས་པ། །དྲི་བྲལ་རྣམ་དཔྱོད་མེ་ལོང་ངོས་འཆར་བའི། །བྱེད་པོ་གཙུག་ན་ཟླ་བའི་གྲགས་སྙན་རྔ། །བློ་གསལ་ཡོངས་ཀྱི་རྣ་བའི་རྒྱན་དུ་མཛེས། །ལེགས་པའི་ཆ་བསགས་གྲོང་ཁྱེར་ཤམྦྷ་ལར། །གསང་ཆེན་ཐེག་མཆོག་བདུད་རྩིའི་ཟ་མ་ཏོག །སྐལ་བཟང་ཀུན་ལ་སྟེར་བ་མི་ཡེ་རྗེ། །ཆོས་རྒྱལ་རིགས་ལྡན་རྣམས་ཀྱིས་དགེ་ལེགས་སྩོལ། །གང་གི་རིང་ལུགས་གསེར་གྱི་ཤིང་རྟ་ཆེ། །བོད་ཡུལ་ར་བར་འདྲེན་པའི་སྐད་གཉིས་པ། །རྭ་འབྲོ་ཤོང་དཔང་ཕུལ་བྱུང་མཛད་བཟང་ལ། །བསམས་ཚེ་སྙིམ་པའི་པདྨ་ད་གདོད་ཟུམ། །རང་སྡེ་ཆོས་སྲིད་པད་དཀར་ཚལ་རྒྱས་ཤིང་། །གཞན་ཕྱོགས་ཀུ་མུད་མ་ལུས་ཟུམ་བྱེད་པ། །གཡུལ་ལས་རྣམ་པར་རྒྱལ་བའི་ཉིན་བྱེད་དབང་། །འདྲེན་བྱེད་རྟ་ལྗང་གློ་བོ་ལོ་ཙཱ་བ། །རྒྱལ་བ་ཀུན་གྱི་མཁྱེན་རབ་ཕུང་པོ་དང་། །གང་གི་བློ་གྲོས་ཚད་མའི་སྲང་གཞལ་ཚེ། །ཅི་ཡང་རྟོགས་དཀའ་བཟང་པོའི་མཛད་པ་ཅན། །གྲགས་པའི་དབང་ཕྱུག་འཇམ་དཔལ་སྙིང་པོ་རྒྱལ། །སྒྲིབ་མེད་གནས་ལྔ་ཀུན་རིག་ཆོས་ཀྱི་གྲགས། །ཤེས་བྱ་ཐམས་ཅད་། ཟིགས་པ་སྟག་ཚང་བ། །མཆོག་གི་གོ་འཕང་མངོན་གྱུར་ནོར་བུ་བཟང་། །རྣམ་གསུམ་བླ་མའི་མཛད་པས་ཡིད་རབ་འཕྲོག །རབ་ཡངས་


GLG016_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པའི་མཁྱེན་པ་ཡིས། །རྩིས་གཞུང་རྒྱ་མཚོའི་ཕ་རོལ་མཐཪ་སོན་ཅིང་། །དཔལ་ལྡན་རྒྱུད་སྡེ་སྨྲ་བ་ཀུན་གྱི་མགོན། །འཕྲིན་ལས་མཚུངས་པ་མེད་པའི་གྲ་ཕུག་པ། །མཐའ་ཀླས་ཤེས་བྱ་རིག་གནས་རྒྱ་མཚོ་ཆེ། །རྣམ་དཔྱོད་སྲད་བུར་བརྒྱུས་པའི་འཕྲེང་འཛིན་པ། །གྲགས་པ་དོན་མཐུན་སྨོན་འགྲོ་ལོ་ཙྭ་སོགས། །ཚུལ་འདིའི་ལེགས་བཤད་སྩོལ་རྣམས་རྒྱལ་གྱུར་ཅིག །མངོན་རྗེས་ཚད་མས་གཞལ་དཀའ་སྲིད་པ་འདིར། །ལེགས་ཉེས་འབྱུང་འགྱུར་དངོས་སུ་སྟོན་པ་ཡི། །འཁྲུལ་མེར་དྲང་སྲོང་གསང་ཚིག་ལེའུ་ཐོ། །བཤད་ཚེ་ཀུན་མཁྱེན་ཡེ་ཤེས་གཉིས་པར་བྱས། །འཇིགས་མེད་རྡོ་རྗེའི་གདན་གྱིས་རབ་སྤ་བའི། །དབུས་འགྱུར་ལེགས་སྦྱར་སྐད་དུ་ཨཱ་ཛི་ཏར། །སྨྲ་བ་སྐད་བསྒྱུར་བདེ་མཆོག་བསྟོད་འགྲེལ་ན། །ཐམས་ཅད་འདུལ་ཞེས་སྭ་ལའི་ལྗོངས་འདིར་བརྗོད། །སྙིང་སྟོབས་མཆོག་ལ་པད་དཀར་ལྟར་བསྔགས་ཡུལ། །བུ་རམ་ཤིང་པ་དྲག་པོ་ལྕགས་སྤྲེལ་ལོར། །སྒྱུ་འཕྲུལ་ལྷ་མོར་བལྟམས་ནས་རི་མཁའ་རོ། །ལག་པ་༢༦་༧འདས་པ་འཁྲུལ་མེད་རྩིས་ཀྱི་ལུགས། །ཀ་ལཱ་པ་ཞེས་ཕོ་བྲང་ཆེན་པོའི་ཁྲིར། །ཆོས་སྲིད་འབྱོར་པས་སྐྱོང་བ་མི་ཡི་ལྷ། །རིགས་ལྡན་སེང་གེ་ཞབས་ཟུང་ལེགས་འཁོད་ནས། །ནམ་མཁའ་མིག་༢་གི་གྲངས་སུ་སླེབ་པའི་ལོར། །༼རྒྱ་གར༽གྲུབ་པའི་ལོ་གཟའ་ལྷ་ཡི་བླ་མའི་འབྲས། །གྲུ་ཆར་དུས་འབབ་འབྲུ་དང་རྩི་ཤིང་རྒྱས། །རྟ་གླང་རབ་འཕེལ་མི་ཕྱུགས་ནད་


GLG016_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ། འཇིག་རྟེན་ལྷས་སྐྱོང་ཆོས་ལྡན་གྲགས་པ་འཐོབ། །ས་སྤྱོད་རྒྱལ་པོའི་མངའ་ཐང་མངོན་པར་མཐོ། །བློ་ལྡན་ཀུན་འཕེལ་ཁྱད་པར་བྲམ་ཟེ་བདེ། །ནམ་མཁའི་ནོར་བུ་ལུག་གི་ཁྱིམ་ནང་དུ། །ཐོག་མར་སྤྱོད་པའི་མ་ནུའི་ཚེས་ཀྱི་༡༤ཉིན། །དྲང་སྲོང་ཕུར་བུ་འཁྱོག་པོར་བགྲོད་པ་ཡིས། །ནམ་མཁའ་མིག་༡༦༢་དུས་གཟུགས་ཀྱི་གྲོང་ཁྱེར་ན། །རྒྱུ་སྐར་ལྷ་མོ་མེ་ཁམས་རྒྱལ་༧གྱི་འབྲས། །ཆར་སྙོམས་རྩི་ཤིང་ལོ་འཕེལ་རྒྱལ་པོ་རྣམས། །འཐབ་རྩོད་ཞི་ཞིང་མངའ་འབངས་རབ་ཏུ་བདེ། །སྔགས་བོན་དར་བས་ལེགས་པའི་དངོས་གྲུབ་འཐོབ། །༼ཕྱི་རོལ༽བྱེད་པའི་ལོ་གཟའ་སྨིན་དྲུག་ཟླ་བ་ཡི། །ཀླུ་གཟུགས་༡༨ཚེས་ཚུན་འོད་ཟེར་བདུན་པའི་འབྲས། །དུས་མིན་རླུང་ལྡང་ས་གཞི་ཀུན་གསལ་གྱི། ཁ་དོག་མདངས་འཕྲོག་ཉི་ཟླའི་གཟི་བྱིན་དམན། །ཆར་དང་འབྲུ་དཀོན་སྐྱ་མུག་འཇིགས་པ་འབྱུང༌། །རིག་བྱེད་མཁན་ཉམས་ན་ཆུང་བུ་ཡིས་འཆི། གདོལ་པ་བདེ་ཞིང་རྐུན་པོའི་ཚོགས་རྣམས་རྒྱལ། །བུག་གཟུགས་༡༩ཚེས་མན་བཅུ་གཉིས་བདག་པོ་ཡིས། །ཚད་ནད་དར་ཞིང་དམག་དང་འཁྲུག་པ་འབྱུང་། །ཆར་དཀོན་སྲོག་ཆགས་གདུག་པས་འགྲོ་ལ་འཚེ། །རྐང་བཞིའི་ཕྱུགས་རིགས་ནད་ཀྱིས་རྣམ་པར་འཚེ། །རྒྱལ་པོ་མི་བསྲུན་དམངས་རིགས་རྣམས་ནི་བདེ། །རྒྱལ་པོ་ཟླ་གཞོན་བློན་པོ་བློ་ལྡན་གྱིས། །སྦྲུལ་དང་ཙནྡན་མ་ཧེ་སྦྲང་བུ་རྭའི། །དབྱིབས་ཅན་སྤྲིན་གྱིས་ཆར་འབབ་འབྲུ་ཤིང་རྒྱས། །བཞོན་རྣམས་འོ་འཕེལ་སྐྱེ་བོ་རྩེད་འཇོར་རོལ། །རྒྱལ་པོ་མངའ་འབངས་བཅས་


GLG016_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགའ་སྟོན་སྤྱོད། ཁྱད་པར་རྗེ་རིགས་བྲམ་ཟེའི་ཚོགས་རྣམས་བདེ། ༼དབྱངས་འཆར༽། གཡུལ་ལས་རྣམ་པར་རྒྱལ་བ་ཞེས་གྲགས་པ། །མ་འོངས་མངོན་སུམ་གསལ་སྟོན་གཙུག་ལག་ལས། །ར་ས་འཕྲུལ་སྣང་ཕོ་བྲང་དབུས་བཞག་པའི། །དབང་པོ་བྱང་ཤར་རླུང་ལྷའི་ཕྱོགས་རྣམས་སུ། །རྒྱལ་པོ་ཕན་ཚུན་རྩོད་ཅིང་འཁྲུག་པ་དར། །ནད་རིམས་མུ་གེ་སོགས་ཀྱིས་ཉེར་འཚེ་ཡང་། །དཀར་ཕྱོགས་རིམ་འགྲོའི་ག་བུར་ཐིགས་པ་ཡིས། །མི་བདེའི་ཚ་གདུང་ཀུན་ལས་གྲོལ་བར་ངེས། །༼བལ་པོ༽ཀར་མྱང་རྩིས་ལ་ཆར་ཆུང་འབྲས་བུ་ཉུང་། །རྩྭ་སོ་ངན་ཞིང་རབ་གྲང་རླུང་ཐན་ཆུང་། །ཕྲུག་གུ་མང་སྐྱེ་སྐྱ་འཕམ་འཁྲུག་པ་དཀོན། ཁྱད་པར་རྫིང་བུར་འཇུག་པའི་ཡུལ་གྲུ་འགར། །ཆར་ཆེ་ཕལ་ཆེར་ཀུན་ལ་ཆུང་བ་ནི། །ནཻ་པཱ་ལ་ཡི་མཁས་པའི་ཕྱག་བཞེས་ཡིན། །༼རྒྱ་ནག༽འཇམ་དབྱངས་རྒྱལ་པོའི་ཁབ་ཏུ་ཏིང་ཧའི་ཞེས། །བརྗོད་པ་ཕྱོགས་འདིར་མེ་མོ་ཕག་གི་ལོ། །འབྱུང་བ་གསུམ་ལྡན་ཁ་རལ་ཟླ་བའི་ཀླུངས། །དགུ་གླིང་དབུས་སུ་བདུད་ཀྱི་མེ་ལོང་གནས། །གཙུག་ལག་དེ་ཉིད་གསང་བའི་ཚིག་ལས་ནི། །ནུབ་ནས་དམག་གིས་རྒོལ་ཞིང་འཐབ་རྩོད་དར། །ཆར་དང་ཐན་པ་སྙོམས་ཤིང་གནག་རྣམས་ལེགས། །ལོ་ཏོག་སོ་ཟཪ་བཟང་ཞིང་ཁྲེ་རྣམས་ནོངས། །ནད་སྣ་ཆེས་མང་ནང་དུ་འཁྲུག་པ་འོང་། །དབང་ཐང་མི་མིན་དབང་སོགས་འབྲས་ངན་ཡང་། །རྒྱལ་བའི་བཀའ་སྒྲོགས་མདོས་ཟོར་དཀར་ནག་ལྟོས། །


GLG016_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་ཉེས་པའི་ཚོགས་ཀུན་སེལ་བར་ངེས། །སྐར་རྩིས་དཔྱིད་ཀྱི་མངལ་ལས་ལེགས་འོངས་པའི། །དབྱངས་འཆར་ཆོས་ཀུན་སྟོན་པའི་གློག་སྟོང་འཁྱུག །རྒྱ་ནག་སྤོར་ཐང་གྲུ་ཆར་ལེགས་བབས་པས། །རི་ཐོ་དབྱར་སྐྱེས་དགའ་སྟོན་འདི་ན་འཕེལ། ས་ཕོ་བྱི་བའི་ལོར་སྐར་ནག་དགོངས་བསྟུན་གྱི་ལིའུ་ཐོ་ལག་བདར་དུ་བཟོས་པའི་ལོ་བཤད་ཆོས་སྲིད་སྒོ་བརྒྱ་འབྱེད་པའི་དགའ་སྟོན། ༼ཛ་ཏིའི་སྡེབ་སྦྱོར་འཕགས་མ༽ཛཡཱུསརྦཏྲིཡཱདྷིཀྱེཤྭརུཤྲཱིམཱཉྩཱཀྱམུནེ པྲཛྭསཾཁྱོབྷརྱེབྷྱོཿཧེཔྲཡཙྪཙསུཁྱཧིཏ༔། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །དབང་ཕྱུག་དཔལ་ལྡན་ཟས་གཙང་གིས། །བགྲང་ཡས་སྐྱེ་རྒུའི་ཚོགས་རྣམས་ལ། །ཕན་དང་བདེ་བ་སྩོལ་ཞིག་ཀྱེ།


GLG016_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་གསང་བ་རབ་འབྱམས་བྱེ་བའི་སྒོ། །སྟོང་གཟུགས་ལྷན་སྐྱེས་བདེ་ཆེན་ཡེ་ཤེས་མདངས། །གཉིས་མེད་གཉིས་སུ་འཆར་བ་སྒྱུ་མ་མཁན། །ཟུང་འཇུག་དུས་ཀྱི་འཁོར་ལོ་ཐོབ་བྱའི་གཙོ། །བརྟན་གཡོའི་དངོས་ཀུན་དབང་སྡུད་རིག་བྱེད་མ། །མ་སྨད་ཚེ་འཕེལ་ཡིད་བཞིན་འཁོར་ལོའི་ཞབས། །ཞབས་པད་བསྟེན་པས་བློ་སྟེར་དབྱངས་ཅན་ལྷ། །ལྷ་མཆོག་རྣམ་གསུམ་སྙིང་གི་པད་མཚོར་རོལ། །རང་སྲིད་སྣང་བ་འབུམ་སྡེའི་མཆོད་སྦྱིན་མཁན། །མི་བསྲུན་མུན་ཚོགས་ཕ་མཐར་སྐྲོད་པའི་དཔྱིད། །དབྱངས་འཆར་རྟ་བདུན་དབང་པོའི་བྱེད་པོ་མཆོག །གཙུག་ན་ཟླ་བས་འཇིག་རྟེན་འདི་སྐྱོངས་ཤིག །གསང་ཆེན་ནཱ་དར་གྲུབ་པ་རྡོ་རྗེའི་གླུ། །འགག་མེད་ཚངས་པའི་དབྱངས་སུ་ལེན་མཁས་པ། །ལེགས་ཚོགས་ཆ་བསགས་འཇིགས་མེད་སེང་གེའི་ཁྲིར། །འགྱིང་མཛད་ཆོས་རྒྱལ་རིགས་ལྡན་ཕྱག་གི་ཡུལ། །མིང་ཚིག་རྟགས་སུ་གྲུབ་པའི་གླེགས་བུའི་ཁམས། །ཕྱི་ནང་གཞན་གསུམ་བཻཌཱུར་འཁྱིལ་བའི་ངོས། །བསིལ་ལྡན་སྐྱེ་བོའི་བློ་གྲོས་བཞིན་འཆར་བ། །བྱེད་པོ་རྭ་འབྲོ་ཤོང་དཔང་འཇིག་རྟེན་མིག །ལེགས་ལམ་རྒྱ་མཚོའི་དྲི་བསུང་ཆེས་མངར་ཞིང་། །ཕུང་བྱེད་ལས་སྦྱོར་དུག་སྦྲུལ་གྱིས་འཁྱུད་པའི། །གཡུལ་རྒྱལ་མ་ལ་ཡ་ཡི་ལྗོན་པ་ལ། །ལོངས་སུ་སྤྱོད་འདི་གློ་བོ་ལོ་ཙཱའི་དྲིན། །བློ་ཆེན་གོམ་པ་གཅིག་གིས་དུས་གསུམ་གྱི། །རྒྱལ་ཀུན་མཛད་བཟང་ས་ཆེན་འགོང་ནུས་པའི། །རྨད་བྱུང་གྲགས་པ་འདི་ཀོས་པད་དཀར་མིག །


GLG016_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་དང་དབྱེ་བ་གནས་ཀྱི་ཁྱད་པར་ཙམ། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་གྲགས་པའི་ཞབས། །ཐམས་ཅད་མཁྱེན་པ་སྟག་ཚང་ལོ་ཙཱ་བ། །རྒྱལ་བ་ཀུན་དངོས་མཁས་གྲུབ་ནོར་བུ་བཟང་། །རྣམ་གསུམ་བསྟན་ལ་ཀུན་མཁྱེན་གཉིས་པར་ངེས། །མཁྱེན་དཔྱོད་ལྷུན་གྲུབ་གདུགས་དཀར་སྲིད་པའི་རྩེར། །འཁོར་བས་རྩིས་གཞུང་རྒྱ་མཚོའི་ཕ་མཐའ་རྟོགས། །གཙུག་ལག་ཚུལ་འདིར་ཟླ་བྲལ་གྲྭ་ཕུག་པ། །དཔལ་མགོན་འཕྲིན་ལས་སྨྲ་བའི་ཉི་མ་རྒྱལ། །རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་མཁས་པ། །བོད་ཡུལ་པཎ་ཆེན་སྨོན་འགྲོ་ལོ་ཙཱ་སོགས། ཁོ་བོའི་བློ་གྲོས་ས་མོས་རྒྱས་བྱེད་པའི། །ཡོངས་འཛིན་འོད་དཀར་ཅན་རྣམས་ཕྱག་གི་ཡུལ། །ལྐོག་གྱུར་ཆོས་ཀྱི་སྣང་ཚུལ་ཟ་འོག་ཐགས། །མ་འདྲེས་གཟུགས་སུ་གསལ་བའི་རི་མོ་ཅན། །སྐར་ནག་རྩིས་ཀྱི་རྒྱུ་དྲའི་གར་མཁན་མས། །ཤེས་བྱ་ཐམས་ཅད་མངོན་སུམ་ཉིད་དུ་གསལ། །བྱིངས་དང་རྣམ་འགྱུར་རྐྱེན་གྱི་རང་བཞིན་ལས། །ལེགས་གྲུབ་ལྷ་ཡི་སྐད་དུ་སརྦ་དྷྲྀ་ཀ ། བརྗོད་པ་བདེ་མཆོག་སྟོད་ཀྱི་འགྲེལ་པ་ན། །ཀུན་འཛིན་ཞེས་པ་གངས་ཅན་ལྗོངས་འདིར་སྨྲ། །རྒྱལ་བ་ཟས་གཙང་སྲས་པོ་ལྕགས་སྤྲེལ་ལོར། །འཆི་མེད་བུ་མོའི་ཁེངས་འཕྲོག་སྒྱུ་འཕྲུལ་མའི། །སྲས་སུ་བལྟམས་ནས་ཀླུ་མཁར་དུས་དང་༢༦་༨མིག །འདས་པ་པདྨ་དཀར་པོའི་ཞལ་ལུང་ལུགས། །ཆོས་དང་སྲིད་ཀྱི་དཔལ་འབྱོར་རིན་ཆེན་སོགས། །འཕྱུར་བུར་སྤུངས་པའི་འཇིགས་མེད་གདོང་ལྔའི་ཁྲིར། །རིགས་ལྡན་མི་ཡི་སེང་གེ་ལེགས་བྱོན་མ། །ཟླ་བ་ལག་པའི་གྲངས་༢༡སུ་སླེབས་པའི་


GLG016_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལོར། །༼རྒྱ་གར༽གྲུབ་པའི་ལོ་གཟའ་ལྷ་མིན་༦བླ་མ་ཡིས། །རྒྱལ་པོ་འབངས་བཅས་བདེ་ཞིང་དགའ་སྟོན་འཕེལ། །འགྲོན་པོ་ལམ་བདེ་ཚོང་པས་རིན་ཅེན་རྙེད། །བུ་རམ་ཤིང་དང་ལོ་ཏོག་རྣམ་པར་རྒྱས། །ཡུལ་རྣམས་ནད་མེད་ཀུན་ཀྱང་དགའ་བར་སྤྱོད། །ཁྱད་པར་བུད་མེད་རྐང་བཞི་ཕྱུགས་རིགས་བདེ། །ཉིན་བྱེད་ལུག་ཁྱིམ་སླེབ་པའི་ཚེས་ཀྱི་ཉིན། །ལྷ་ཡི་བླ་༥མས་འཁྱོག་འགྲོས་ཀྱིས་སྤྱོད་པའི། །སྟོང་༡༦དང་དྲུག་༢བརྒྱ་ཉི་ཤུའི་ཡུལ་གྲུ་ན། །རྒྱུ་སྐར་ལྷ་མོ་མེ་ཁམས་རྟ་ཆུང་༡་འབྲས། །ཆར་རྣམས་དུས་འབབ་ལོ་ཏོག་རྩི་ཤིང་འཕེལ། །སེམས་ཅན་ཀུན་བདེ་ཁྱད་པར་མཛའ་གྲོགས་རྣམས། །ཕན་ཚུན་ཡིད་གཅུགས་དགའ་བའི་རྩེད་འཇོར་རོལ། །སྐྱ་རྒྱལ་སྐྱེ་བོའི་དོན་རྣམས་ཚེགས་མེད་འགྲུབ། །༼ཕྱིར་རོལ༽བྱེད་པའི་ལོ་གཟའ་ཐཾ་སྐར་ཟླ་བ་ཡི། །ཚེས་གཉིས་ཚུན་ལ་རྟ་༡བདུན་དབང་པོའི་འབྲས། །ཚད་ནད་དར་ཞིང་དམག་དང་འཁྲུག་པ་འབྱུང་། །ཆར་དཀོན་སྲོག་ཆགས་གདུག་པས་འགྲོ་ལ་གནོད། །རྐང་བཞིའི་ཕྱུགས་རིགས་ནད་ཀྱིས་རྣམ་པར་འཚེ། །རྩེ་མོའི་ཚེས་ཕན་ཆུ་ཤེལ་༢དབང་པོ་ཡིས། །སྦྲུལ་དང་ཙནྡན་སྦྲང་བུ་མ་ཧེ་དང་། །རྭ་དབྱིབས་ལྟ་བུའི་སྤྲིན་འཁྲིག་ཆར་ཆུ་ཆེ། །རྩི་ཤིང་མེ་ཏོག་ལོ་འབྲས་རྣམ་པར་རྒྱས། །བཞོན་རྣམས་འོ་འཕེལ་སྐྱེ་བོ་གླུ་གར་རྩེ། །ཡངས་པའི་ནོར་འཛིན་ཆོས་ལྡན་རྒྱལ་པོ་ཡིས། །ལེགས་པར་སྐྱོངས་ཞིང་ཁྱད་པར་རྗེ་རིགས་བདེ། །རྒྱལ་པོ་བློ་ལྡན་ཆར་འབབ་ལོ་ཏོག་སྨིན། །རྟ་གླང་འཕེལ་ཞོང་ཆོས་ལྡན་གྲགས་པ་ཐོབ། །ས་སྤྱོད་མངའ་ཐང་དར་


GLG016_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཡོན་ཏན་མཁན། །ནད་མེད་ཁྱད་པར་བྲམ་ཟེའི་ཚོགས་བདེ་ཡང་། །རྒྱལ་ཁ་བློན་སྒྱུར་ཉི་མས་༡ཚ་གདུང་ནད། །མང་ཞིང་ཉི་ཟླའི་འོད་དང་སྨན་སྟོབས་ཞན། །འབྲུ་རྣམས་མི་སྨིན་ཡུལ་དབུས་དམག་གིས་འཁྲུག །དཀའ་ཐུབ་ལྡན་ཕུག་དམ་ངས་རིགས་ཚོགས་རྣམས་བདེ། །༼དབྱངས་འཆར༽གཡུལ་རྒྱལ་གཙུག་ལག་འཁོར་ལོའི་མན་ངག་ལས། །ཆོས་ལྡན་རྒྱལ་པོའི་ཕོ་བྲང་པོ་ཏ་ལ། །དབུས་སུ་བཞག་པའི་དབང་ཕྱོགས་བྱང་ཤར་མེ། །ཡུལ་དབུས་ཆུ་ལྷར་བཅས་པའི་ཕྱོགས་རྣམས་སུ། །རྒྱལ་པོ་ཕན་ཚུན་འཐབ་ཅིང་རྩོད་པ་དང་། །མུ་གེ་སྐྱ་འཕམ་ནད་རིམས་སོགས་མང་ཡང་། །རྣམ་དཀར་འཇིགས་མེད་རྡོ་རྗེའི་ཐོག་མདའ་ཡིས། །མི་མཐུན་ཉེས་པའི་རྩ་བ་འབྱིན་པར་ངེས། ༼བལ་པོ༽ནེ་པཱ་ལ་ཡི་ཀ་ར་མྱང་རྩིས་ལ། །ཆར་ཆེ་འབྲས་ཉུང་རྩ་སོ་ངན་ཞིང་གྲང་། །རླུང་ཐན་ཆུང་ཞིང་ཕྲུ་གྲུ་མང་དུ་སྐྱེ། །སྐྱ་འཕམ་འཁྲུག་པ་ཆུང་ཞིང་ཁྱད་པར་དུ། །ཡང་དག་འཇུག་པའི་ཡུལ་ཀུན་ཆར་འབབ་པ། །བལ་ཡུལ་མཐིལ་དུ་གཏན་ལ་ཕབ་པའི་རྩིས། ༼རྒྱ་ནག༽། ཤར་ཕྱོགས་རྒྱལ་པོའི་མདུན་སར་ཝུ་ཙི་ཞེས། །འབོད་པ་ཕྱོགས་འདིར་ས་ཕོ་བྱི་བའི་ལོ། །འབྱུང་བ་ལྔ་ལྡན་བདུན་ཁུར་མིག་དམར་རླུང༌། །དགུ་གླིང་དབུས་སུ་ལྡེ་ཐུང་བཙུན་མོ་གནས། །གཙུག་ལག་གསང་བར་སྨྲ་བའི་ཚིག་ལ་ནི། །བློན་གྱིས་རྒྱལ་ལ་རྒོལ་ཞིང་ནད་སྣ་མང་། །འབྲས་དང་སོ་བར་བཙོན་ཞིང་ཐན་ཞིང་ལེགས། །གནག་འབྲིང་དབང་ཐང་མི་དབང་མཆོག་ཏུ་དགེ ། སྐར་ནག་རྩིས་གཞུང་ཡིད་བཞིན་དབང་གི་རྒྱལ། །རྣམ་དཔྱོད་ལེའུ་


GLG016_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཐོའི་རྒྱལ་མཚན་རྩེར་བཀོད་པས། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་འདོད་པའི་དོན། །ལྷུན་གྲུབ་བཀྲ་ཤིས་ཡར་ངོའི་ཟླ་བ་བཞིན། ཕྱག་མཛོད་ས་སྐྱོང་བསོད་ནམས་རབ་བརྟན་གྱི་སྙིང་སྟོབས་བརྩོན་པའི་དཔུང་པས་ཁུར་བཏེག་གྲོང་གསར་པ་པདྨ་རབ་བརྟན་གྱིས་བཀོད་པ་བྱས་ནས་རབ་བྱུང་བཅུ་གཅིག་པའི་ཤིང་མོ་བྱའི་ལོ་ནག་ཟླའི་ནང་དུ་རྨང་བཏིང་ནས་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོར་ལེགས་པར་གྲུབ་པའི་ཕོ་བྲང་ཆེན་པོ་པོ་ཏ་ལའི་ཡོན་ཏན་ཡོངས་སུ་བརྗོད་པ་འཇིགས་མེད་སེང་གེའི་རྒྱུད་པའི་སྒྲ་དབྱངས། ངོ་མཚར་སྣང་བ་འབུམ་སྡེའི་འཁོར་ལོ་མཚན་དཔེའི་རི་མོར་ཡོངས་སུ་གྲུབ་པ་སྔོན་མེད་འཛམ་བུའི་གསེར་སྦྱངས་ལྷུན་པོ་མཚམས་སྤྲིན་བླ་གོས་གསར་པས་མཛེས། །འགག་པ་མེད་པ་ཚངས་པའི་གསུང་ཀུན་ཏམྦུ་ར་ཡི་སྙན་འགྱུར་རྒྱུད་དུ་ཉེར་བཀུག་གཞོམ་མེད་ནཱ་དའི་སྒྲ་དབྱངས་ཉམས་དང་འགྱུར་བ་སྟོང་གི་དཔྱིད། །ཟབ་གསལ་གཉིས་མེད་ཆུ་མཚོར་མཐའ་ཀླས་ཤེས་བྱའི་སྣང་བརྙན་རབ་འཆར་རྨད་བྱུང་བརྩེ་ཆེན་རླུང་གིས་བསྐུལ་བས་འགྲོ་ལ་གཟིགས་པ་ཡོལ་མེད་རླབས་འཕྲེང་ཅན། །ཨེ་མ་བཟང་པོའི་བསྐལ་པའི་རྣམ་འདྲེན་ཚོགས་ཀྱི་དབུས་ན་མ་སྨད་སྙིང་སྟོབས་ཆོ་ག་ཡོངས་རྫོགས་སྲིད་གསུམ་བླ་མ་ཤཱཀྱ་སེང་གེ་རྒྱལ་གྱུར་ཅིག །མི་བསྲུན་དུས་དགྲའི་མུན་ཚོགས་མ་ལུས་ཕ་མཐར་སྐྲོད་པ་སྔོན་མེད་བཅུ་གཉིས་བདག་པོའི་དཀྱིལ་འཁོར་ཅན། །འགྱུར་མེད་རྟག་བརྟན་རྡོ་རྗེའི་དངོས་པོ་ལྷུན་གྱིས་གྲུབ་པའི་གྲངས་མེད་འོད་རྣོན་ཕྱོགས་བཅུར་འཕྲོས་པ་ཡིས། །ནམ་ཡང་འཆི་བ་མེད་པའི་རང་བཞིན་བླ་ན་མངོན་མཐོ་བདུད་རྩིར་འཁྱིལ་བ་རྨད་བྱུང་སྦྲང་རྩིའི་བཅུད། །


GLG016_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་བུང་བའི་ཚོགས་ལ་མི་འཇིགས་སྦྱིན་པའི་སྒོ་འཕར་འབྱེད་མཛད་ཚེ་དཔག་མེད་པས་འགྲོ་འདི་སྐྱོངས། །ཕུལ་བྱུང་མཛེས་སྡུག་ལང་ཚོ་དར་ལ་བབས་པའི་འཁྱོག་པོ་ལྟ་བའི་འདྲེན་བྱེད་ཀྱིས། །སྲིད་དང་ཞི་བའི་དངོས་ཀུན་སྐད་ཅིག་ཉིད་ལ་ཐོགས་པ་མེད་པར་དབང་སྡུད་པའི། །འཇམ་མཉེན་ཨུཏྤལ་ཉག་ཕྲན་དག་གིས་ཁམས་གསུམ་འབིགས་པའི་སྒྱུ་དྲའི་གར་མཁན་མ། །བཅོམ་ལྡན་རིགས་བྱེད་ལྷ་མོ་ཁྱོད་ཀྱིས་དངོས་གྲུབ་མ་ལུས་དུས་འདིར་ཆར་དུ་སྙིལ། །ཕྱག་ན་པདྨའི་གསང་བ་གསུམ་གྱི་མ་ལ་ཡ་ཡི་ནགས་ཀླུང་ནས། །བྱམས་བརྩེའི་རླུང་གིས་ཉེ་བར་དྲངས་པ་ཆོས་རྒྱལ་མེས་དབོན་དྲི་བསུང་ཆེས། །རྩོད་པའི་ཚ་གདུང་མ་ལུས་རབ་འཇོམས་རྫོགས་ལྡན་ཕན་བདེ་རྒྱས་མཛད་པ། །འཕགས་མཆོག་ཆོས་ལྡན་རྒྱལ་པོར་སྲིད་པ་བཟུང་རྣམས་བཀའ་དྲིན་བླ་ན་མེད། །དུས་གསུམ་རྒྱལ་བ་རྣམས་ཀྱི་མཁྱེན་པས་ལན་བརྒྱར་རབ་གཞལ་ཡང་། །ཕ་མཐའི་ཚད་བཟུང་རྟོགས་པར་ནུས་མིན་བློ་གྲོས་མཐུ་གྲུབ་པའི། །མཛད་བཟང་ནོར་བུའི་ཡུ་བས་ལེགས་བཏེག་གྲགས་སྙན་གདུགས་དཀར་ཅན། །སྲིད་རྩེར་འཁོར་ལོའི་འཇམ་དབྱངས་བླ་མ་བཙོང་ཁ་པ་ལ་འདུད། །ཤེལ་དཀར་རྡུལ་མང་བརྩེགས་པའི་རྗེས་འགྲོ་ཅན། །གངས་ཀྱི་རི་བོས་ཡོངས་སུ་བྲེས་པའི་ནང་། །དགེ་བཅུའི་ལོ་འདབ་ཕང་ཕུང་ཆེར་གཡོ་བ། །དབུས་གཙང་རུ་བཞིའི་དཔག་བསམ་ལྗོན་པ་མཛེས། །གང་དེའི་དབུས་གྱུར་སྐྱིད་ཤོད་ནོར་འཛིན་གཞིར། །རྒྱུ་སྐར་ས་ལ་བཀྲམ་འདྲའི་གྲོང་ཁྱེར་མཆོག །ལྷ་མིའི་འབྱོར་པ་མ་ལུས་འདུ་བའི་ས། །སུམ་རྩེན་ཡུལ་གྲུའི་ཁེངས་པ་རབ་འཕྲོག་པར། །ཟས་


GLG016_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་སྲས་ཀྱི་ཕུལ་བྱུང་ཐུགས་རྗེ་མཆོག །རིན་ཅེན་ཞུན་མར་ལྷན་ཅིག་འཁྱིལ་བའི་སྐུ། །ངོ་མཚར་སྣང་བརྙན་རྒྱ་མཚོའི་བྱེད་པོ་ཡིས། །ཕན་བདེའི་མགྲོན་ཀུན་རིང་ནས་འགུགས་པ་བཞིན། །བགྲང་ཡས་རྒྱལ་བའི་རང་སྣང་ཡེ་ཤེས་ཚོགས། །གཞལ་མེད་བ་གམ་དམ་པར་ལེགས་གྲུབ་པ། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་བཟང་ཞེས། །མཁའ་ལ་དབང་པོའི་གཞུ་བཞིན་རྣམ་པར་བཀྲ། །སྲོང་བཙན་ཡེ་ཤེས་སྒྱུ་མའི་འཁྲུལ་འཁོར་གྱིས། །ཚར་དུ་དངར་བའི་བཀོད་པ་འདི་བསྟན་ཚེ། །པད་དཀར་གཞོན་ནུ་ཁོང་ནས་དགའ་བའི་ཉམས། །ཡང་ཡང་ཕྱོགས་དེར་བལྟས་ནས་འཛུམ་པ་བཞིན། །མཐའ་བཞིའི་རྒྱལ་པོའི་ཁེངས་པ་སྦྱིན་སྐྱེས་གྲོང་། །སྣ་ཚོགས་སྤྲུལ་པའི་མདའ་ཡིས་ཉེར་བཅོམ་པས། ཕྱོགས་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་མཆོག །ཐོབ་པའི་སྔོན་མེད་མགྲིན་སྔོན་སྲོང་བཙན་རྗེ། །བདེ་སྟོང་ཟུང་འཇུག་ཀློང་དུ་རོ་གཅིག་ཀྱང་། །གཉིས་མེད་གཉིས་སུ་འཆར་བའི་ཁྲི་བཙུན་གྱིས། །ལེགས་བསྐྲུན་འཛིན་མའི་རྒྱན་གཅིག་ཕོ་བྲང་ཆེ། །དམར་པོ་རི་ཞེས་པོ་ཏ་ལ་གཉིས་པ། །ཡ་རབས་གོང་མའི་སྤྱོད་པ་དབྱར་གྱི་རྔ། །སྙན་བརྗིད་དལ་བུར་སྒྲོགས་པའི་སྒྲ་དབྱངས་ཀྱིས། །ལུགས་གཉིས་མདོངས་མཐའ་རབ་དགའི་གར་སྒྱུར་ཅན། །ཆེན་པོ་དུ་མས་བར་དུ་རབ་བཟུང་ཞིང་། ཁྱད་པར་རྩོད་པའི་དུས་འདིར་གནམ་བསྐོས་ལྷ། །སྡེ་སྲིད་ཕག་མོ་གྲུ་པའི་ལུང་ལས་ཀྱིས། །བྱང་ཕྱོགས་རྫོང་ཆེན་སྐྱོང་བའི་རྗེ་དཔོན་དུ། །ཉེར་བསྐོས་སྣེའུ་པ་སོགས་འགས་བཟུང་མཐར། །ཕྲ་ཞིབ་རྟོགས་དཀའ་ཤེས་བྱའི་གཟུགས་བརྙན་ཀུན། །


GLG016_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་མེ་ལོང་ངོས་སུ་གསལ་འཆར་བ། །རྒྱལ་བ་ཀུན་འདུས་པདྨ་ཀ་ར་ཡི། །ཞལ་ལུང་བདུད་རྩིའི་སྙིང་པོ་ཟ་མ་ཏོག །དཔའ་བོ་མཁའ་འགྲོའི་ཁ་རླང་ཆེས་མངར་བ། །དྲི་བསུང་ཟད་མི་ཤེས་པར་འཐུལ་བའི་རོ། །ལུང་བསྟན་ཇི་བཞིན་དུས་སུ་ཉེར་བབས་པས། །ས་ལ་རྣམ་པར་རྒྱལ་བའི་ཕོ་བྲང་ཆེ། །མཛེས་སྡུག་ལྷ་དབང་ཁང་བཟང་རྗེས་འགྲོ་ཞིང་། །རྔམ་བརྗིད་ལང་ཀའི་གྲོང་གི་སྤུན་ཟླར་བྱས། །འདོད་རྒུའི་ལོངས་སྤྱོད་འཕེལ་བས་ལྕང་ལོ་ཅན། །བདེ་སྐྱིད་དགའ་སྟོན་སྤེལ་ཕྱིར་གྲུ་འཛིན་དངོས། །མི་བསྲུན་གླགས་ལྟའི་མུན་སྟུག་མཐར་སྐྲོད་པར། །སྲ་བརྟན་ལྕགས་རིས་ཁོར་ཡུག་ཀུན་བསྐོར་བ། །སྡེ་བཞིའི་ལེགས་ཚོགས་འབྱུང་བའི་སྒོ་འཕར་གྱིས། །ལྕོག་རྣམས་རྒྱལ་ཆེན་བཞི་ཡི་མཁར་ལ་འགྲན། །འཛམ་གླིང་ཡོངས་ཀྱིས་ཉེར་བཏུད་སྐྱེ་བོའི་འགྲུལ། །ཆད་མེད་རྒྱུ་བའི་རིན་ཅེན་ཐེམ་སྐས་ཚོགས། །ལྷུན་པོ་ལྟ་བུར་མཐོ་བ་བྲག་རིའི་ངོས། །བྱེད་པོས་པིར་གྱིས་བྲིས་པ་ལྟ་བུར་མཛེས། །ཤེལ་དཀར་བརྩེགས་སྟེང་པད་རག་ཁ་བས་བརྒྱན། །སྒོ་འགྲམ་དབང་སྔོན་བྱུ་རུའི་ཀ་བས་བཏེག །གདུང་སོགས་སྣ་ཚོགས་རིན་ཆེན་ལས་གྲུབ་པའི། །ཕོ་བྲང་འདི་ཀོ་རྣམ་རྒྱལ་ཁང་བཟང་བཞིན། །འཛམ་བུའི་གསེར་སྦྱངས་ལས་གྲུབ་རྒྱལ་མཚན་གྱིས། །འོད་འབར་འཇིག་རྟེན་མ་ལུས་གསལ་བྱས་པས། །རྟ་བདུན་བདག་པོ་སྐྱེངས་ཏེ་ཐུན་མཚམས་མའི། །སྟེགས་ལས་མཆོངས་ཏེ་བྱང་གླིང་མཁའ་ལ་བྲོས། །འཚམས་སྤྲིན་འོག་པགས་ཀླུབས་འདྲའི་བ་གམ་དབུས། །རང་


GLG016_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་འཇིག་རྟེན་དབང་ཕྱུག་ལ་སོགས་པ། །འཕགས་ཡུལ་རྒྱ་དང་བོད་ཀྱི་སྐུ་བརྙན་སོགས། །བྱིན་རླབས་ལང་ལོང་གཡོ་བ་ཆུ་འཛིན་བཞིན། །མཆོག་ཐུན་དངོས་གྲུབ་འཛད་མི་ཤེས་པའི་གཏེར། །རིགས་བྲལ་ཡོངས་འཛིན་བླ་མ་རིན་ཅེན་འཕྲེང་། །མཐོང་ཐོས་དྲན་རེག་ཕན་དང་བདེར་སྦྱོར་བ། །འོག་མིན་སྟུག་པོ་འཀོད་པའི་དཔེ་ཟླར་བྱས། །བརྩེ་ལྡན་སྙིང་རྗེ་ཆེན་པོའི་འཛུམ་རླབས་ཀྱིས། །ལུས་ཅན་ཐར་པའི་གྲོང་དུ་བསུ་མཁས་པ། །རང་བྱོན་འཕགས་མཆོག་འཁོར་དང་བཅས་པ་ཡི། །རྟེན་དང་བརྟེན་པ་ཡེ་ཤེས་སྣང་བའི་ཞིང་། །འདྲེན་མཆོག་ཕྱག་སོར་ལས་འོངས་མེ་ཏོག་རྩིས། །འཕགས་ཡུལ་ས་འཛིན་བྱིན་བརླབས་སུ་ཝ་རྞར། །ལེགས་བསྒྱུར་ལོ་པཎ་ཆོས་རྒྱལ་གྱིས་བསྐྲུན་པའི། །ལི་རིགས་སྐུ་བརྙན་དུ་མ་ཚར་དུ་དངར། །ཙཱི་ཎའི་ཤེས་ལྡན་སོར་རྩེའི་འདབ་མ་ལས། །སྐུ་བརྙན་ར་ཡིག་གཉིས་པའི་གླུ་དབྱངས་ཀྱིས། །ངོ་མཚར་སྦྲང་རྩིའི་རོ་བཅུད་སྟེར་བྱེད་པ། །དབང་ཕྱོགས་རྒྱལ་པོའི་གན་མཛོད་ལས་འོངས་དཔལ། །རྩེ་མོར་བཻཌཱུར་སེར་པོའི་ཁུ་བ་ཡིས། །ལན་བརྒྱར་བྱུགས་པ་རྒྱ་ཕིབས་ནོར་བུའི་ཏོག །ཀུན་གསལ་འགྲམ་པར་སྙེག་པའི་འདབ་འཕྲེང་ལས། །དྲིལ་བུའི་སྒྲ་དབྱངས་དྲི་ཟའི་རྒྱུད་བཞིན་འཁྲོལ། །ཕྱོགས་ཀུན་ཡིད་འོང་བ་གམ་སྣ་ཚོགས་ཀྱིས། །རྣམ་པར་མཛེས་པ་ས་འཛིན་ལྷུན་པོའི་རྩེར། །ཉེ་དབང་ཚོགས་ཀྱི་བཀོད་ལེགས་ཁང་བཟང་གི ། རི་མོ་ཚར་དུ་དངར་བ་བྱས་པ་འདྲ། །བདེ་ཆེན་སྣང་བ་སྟོང་ཆེན་རབ་ཡངས་


GLG016_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མཁར། །ཞི་དང་ཁྲོ་བོའི་རོལ་གར་དབྱར་སྐྱེས་སྤྲིན། །དངོས་གྲུབ་ཆར་དུ་བསྙིལ་བ་གསང་སྔགས་ཀྱི། །དགའ་བའི་ཚལ་འདི་ཨྱོན་མཁའ་འགྲོའི་གླིང་། །དགྲ་སྡེའི་སྙིང་ཁྲག་དྲོན་མོས་ཆེར་སྨྱོས་ཤིང་། །དབུགས་བྲལ་བམ་ཆེན་སྟེང་དུ་གར་རྩེ་བ། །ཆོས་སྲུང་དྲེགས་པའི་ཚོགས་ཀྱིས་ཡོངས་གང་ཕྱིར། །བསིལ་བ་ཚལ་གྱི་དུར་ཁྲོད་གཉིས་པ་འདྲ། །སྲིད་ཞིའི་དགའ་སྟོན་ཀུན་གཟིགས་ཁམས་གསུམ་ལས། །རྣམ་པར་རྒྱལ་བའི་བདེ་བ་ཆེ་ལྡན་ས། །འཇིག་རྟེན་ཡོངས་ཀྱི་ཡང་རྩེར་རབ་སོན་པ། །འཆི་མེད་ཚལ་གྱི་སྤུན་ཟླ་གྲངས་མེད་མཛེས། །གནམ་གྱིས་བསྐོས་པའི་རྒྱལ་ཁབ་ཆེན་པོ་གང་། །ས་གཞི་ཆོས་བཞིན་སྐྱོང་བ་མི་ཡི་བདག །བསོད་ནམས་རབ་ཏུ་བརྟན་པའི་སྙིང་སྟོབས་དང་། །དཔལ་འབྱོར་བརྩོན་འགྲུས་བྱེད་པོའི་མཐུ་ཡིས་བསྐྲུན། །ངོ་མཚར་བཀོད་པའི་ཁྱད་པར་གསལ་བྱེད་མཁན། སྣང་སྲིད་གཟུགས་སུ་སྤེལ་ལ་བློ་གྲོས་ཀྱི། །རྣམ་དཔྱོད་རབ་ཡངས་བློ་ལྡན་ཕུར་བུའི་སྤུན། །གྲོང་གསར་པདྨ་རབ་བརྟན་ཞེས་སུ་གྲགས། །བཟོ་རིག་སྒྱུ་རྩལ་ཚུལ་ལ་གོམས་པའི་མངལ། །ཕྲ་ཞིབ་རིགས་པའི་དྲོད་ཀྱིས་ཉེར་བསྐྱངས་པས། །རྨད་བྱུང་ཁང་བརྩེགས་གསེར་སྒོང་སྦྲུམ་བྱེད་པོ། །གངས་ཅན་ར་བར་གནས་པའི་ཚངས་པ་བཞིན། །རིན་ཅེན་རྒྱན་སོགས་ཆས་ཀྱིས་རབ་མཛེས་ཤིང་། །ཡ་རབས་སྤྱོད་ཚུལ་སྒྲིགས་ཀྱིས་ཉེ་བར་སྤ། །རིགས་རུས་ཡོནྟན་ཚོགས་ཀྱིས་མངོན་མཐོ་བ། ཁུངས་ལྡན་སྐྱེ་བོའི་འདུ་འཁོད་ཕ་མཐའ་ཡས། །སྡེ་བཞི་དགྱེས་དགུར་དུད་པའི་དགའ་


GLG016_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ལ། །དུས་ཀུན་ལོངས་སུ་རྣམ་པར་སྤྱོད་པ་ཡི། །འཆི་མེད་དབང་པོའི་མདུན་སར་མཚུངས་པའི་ཚོམས། །ཕ་མཐའ་གསེར་ལྡན་དགའ་མའི་ལྟོ་བར་འཁུ། །གང་འདིའི་ཞལ་བའི་སྨིན་ལེགས་བཞིན་རས་ངོས། །རི་མོའི་འདྲེན་བྱེད་རྣམ་པར་བཀྲ་བ་དག །ཉམས་འགྱུར་སྣ་ཚོགས་གཡོ་བའི་གར་མཁན་མས། །ཀུན་ཡིད་བརྟན་པ་འཕྲོག་པའི་ལྕགས་ཀྱུ་འདི། །རྒྱལ་དང་རྒྱལ་སྲས་ཀུན་གྱིས་ཆེར་བསྔགས་པ། །གནས་ལྔ་རིག་པའི་ཆུ་སྐྱེས་ཕྲེང་བ་ལས། །རྗེས་འཛིན་བཟོ་རིག་ཨུཏྤལ་ཕོན་པོ་མཆོག །བློ་གསར་གཞོན་ནུའི་རྣ་བའི་རྒྱན་དུ་འཇེབས། །འགྲོ་མང་ལེགས་བྱས་སྤེལ་དང་སྨིན་བྱེད་ཀྱི། །བསྐྱེད་རིམ་ཟབ་ལམ་དམིགས་པ་གསལ་འདེབས་མཆོག །སྐུ་གཟུགས་སྣང་བ་གྲངས་མེད་སྤྲོ་བྱེད་པ། །དངོས་གྲུབ་རྒྱ་མཚོའི་འབྱུང་གནས་འདི་རྨད་བྱུང་། །མཚན་བཟང་སིན་ཝ་རའི་འདབ་མའི་ཁ། །སྒྲིབ་གཉིས་རི་དྭགས་གོས་ཅན་སོ་སྐྱེའི་ཟླས། །འབྱེད་ནུས་མིན་ཡང་གསུང་རབ་མཛེས་མ་ཡི། །འགྲམ་ཆང་ལ་བརྟེན་འཛུམ་པ་ཆོས་ཉིད་དེ། །དེ་ཕྱིར་དཀར་ནག་རྒྱ་དང་བོད་ཡུལ་འདིར། །གཙུག་ལག་གཉིས་པ་ཤེས་པའི་མིག་ཡངས་པ། །དུ་མས་མདོ་རྒྱུད་ལས་འོངས་ཆ་ཚད་དང་། མཐུན་པའི་བྲིས་འབུར་ཆོ་ག་གྲངས་མེད་བསྟར། འོན་ཀྱང་སྙིགས་དུས་རང་བཟོའི་ཆུ་ཚོད་ཀྱིས། །རྫུན་ལུང་གཏམ་གྱི་མཚན་མོར་ཉེར་འཁྲིད་དེ། །ཆ་ཚད་བྲལ་བའི་མུན་པར་མལ་འཆའ་བ། །བླུན་པོ་འགའ་ཡིས་རིང་ལུགས་འདི་ཉམས་བྱས། །


GLG016_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་ན་ཡང་ཉིན་བྱེད་དབང་པོ་དག །ཤར་ཚེ་མུན་པའི་སྨག་རུམ་གཞོམ་པ་ལྟར། །སྨན་ཐང་ལུགས་བཟང་གངྒཱའི་ཆུ་རྒྱུན་གྱིས། །བཟོ་རིག་དྲི་མ་ཀུན་བཀྲུས་དྲུངས་པར་བྱས། །ཀུན་ལ་ཆེས་སྨན་གཙུག་ལག་ཚུལ་འདིའི་བླ། །འཇམ་དཔལ་དབྱངས་དངོས་བློ་གྲོས་བཟང་པོའི་དཔལ། །ཡོན་ཏན་རྒྱ་མཚོ་པིར་ཐོག་མ་ལུས་པའི། །གཙུག་ན་དཀོན་ཅོག་ཇི་བཞིན་ལྷུན་གྱིས་གྲུབ། །ལེགས་བྲིས་ཡུལ་ནས་བི་ཤྭ་ཀརྨ་དག །པིར་ཐོགས་དབང་པོར་རྫུ་བའི་གར་མཁན་གྱིས། །བསིལ་ལྡན་གངས་ཅན་ལྗོངས་འདིར་འོངས་པ་ལ། །སྨན་ཐང་པ་ཞེས་སྙན་པའི་གྲགས་པ་འབར། །དེའི་སྲོལ་མཁའ་ལ་རྗེས་འབྲང་རྒྱུ་སྐར་གྱི། །འཕྲེང་དབུས་གྲངས་མེད་རྣམ་འགྱུར་འོད་དཀར་ཅན། །སྤྲོ་མཁས་ཆོས་དབྱིངས་རྒྱ་མཚོ་ལ་སོགས་པ། །སོར་མོའི་འཕྲུལ་གྱི་རྣམ་དཔྱོད་ཡངས་པ་རྣམས། །རྒྱུད་རྒྱལ་ཁ་སྦྱོར་སྡོམ་འབྱུང་ལ་སོགས་པ། །མདོ་རྒྱུད་ཚད་ལྡན་མཁས་པའི་བསྟན་བཅོས་ལས། །སྙིང་རྗེ་དད་དང་དུལ་ཞིང་དབང་པོ་གསལ། །སྦྱངས་འདྲིས་ཡོན་ཏན་བཤད་རྣམས་མ་ལུས་ཚང་། །དེ་ཕྱིར་མཛེས་བརྗིད་སྒེག་དཔའ་མི་སྡུག་སོགས། །རང་རང་ཉམས་ཀྱིས་མངོན་སུམ་ཇི་བཞིན་སྟོན། །སྲིད་པའི་ཟློས་གར་རི་མོའི་ལམ་འཕོས་པས། །འཇིག་རྟེན་མེས་པོའི་ཁེངས་པ་ཕྲོགས་ཀྱིས་དོགས། །འགྲོ་ལ་རྗེས་ཆགས་ཐུགས་རྗེའི་འཁྲི་ཤིང་ཚོགས། །རྨད་བྱུང་སྐྱེས་རབས་ལོ་འབྲས་གཡུར་ཟ་བའི། །ཕན་བདེའི་སྒྲིབ་བསིལ་ཆོ་ག་ལེགས་བསྟར་བ། །


GLG016_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྨད་ཡོངས་འདུའི་ཕྲེང་བ་ཚར་དུ་དངར། །ཆོས་རྒྱལ་མཛད་བཟང་གྲགས་སྙན་ཚོན་པིར་གྱིས། །དང་བའི་ཡིད་མཁར་རིན་ཅེན་རྩིག་ངོས་ལ། །ཡོངས་བྲིས་རླུང་གི་རྒྱལ་མཚན་ལང་ཚོའི་དཔྱིད། །སྨིན་པའི་ཚུལ་འདིས་འཇིག་རྟེན་ཁམས་ཀུན་སྟོན། །ཡུན་རིང་ཚེགས་ཀྱིས་མི་སྒྲུབ་སྐད་ཅིག་ལ། །བསྐལ་ཆེན་དུ་མར་བསྐྲུན་པ་རྒྱལ་སྲས་ཀྱི། །རྟོགས་བརྗོད་སྤེལ་ཚེ་སྤྲུལ་པའི་བཟོ་བོ་འགའ། །མཆིས་ཞེས་སྐབས་གསུམ་པ་རྣམས་གཏམ་དུ་གླེང་། །མེས་པོས་གདོང་བཞིར་སྤྲུལ་ནས་ཕྱོགས་ཀུན་དུ། །བལྟས་ཀྱང་ཕོ་བྲང་གང་འདིའི་དཔེ་ཟླའི་འོས། །མ་རྙེད་ངལ་བས་ཟག་བཅས་བདེ་བའི་རོའི། །མི་ཟད་གཉིད་ལ་བསྐལ་པའི་བར་དུ་གཡུར། །ལྷོ་ཕྱོགས་དལ་བུར་བསྐྱོད་པ་བསེར་བུའི་ཚོགས། །འདྲེན་བྱེད་གཟིགས་མོའི་དགའ་སྟོན་ལ་འོངས་པར། །ཙནྡན་དྲི་བསུང་འཁྱོགས་ལ་རབ་བཏེག་ནས། །འགྲོ་བའི་ཚ་གདུང་བཅིལ་བའི་རྫུ་ལ་བརྟེན། །འཛད་མེད་འདོད་རྒུའི་གཏེར་གྱི་ཚོང་འདུས་སུ། །མཁོ་རྒུའི་བདོག་པ་སྤེལ་ཕྱིར་མཐའ་བཞི་ཡི། །གྲངས་མེད་སྐྱེ་དགུ་འདུ་རྣམས་ཕོ་བྲང་ཆེའི། །ཡིད་འོང་བཀོད་པར་ལྟ་ལ་འོངས་སམ་སྙམ། །གནམ་སྔོན་འཛིན་མར་འཁྱིལ་འདྲའི་ཉལ་འགྲོའི་ཀླུང་། །རོ་བྲལ་གཏམ་ཀུན་བསྐྱུངས་ཏེ་དལ་མེད་པར། །ཤུལ་རིང་ལམ་དུ་ཞུགས་ནས་གང་འདི་ཡི། །སྙན་པ་ཕྱོགས་བཅུར་སྒྲོག་ལ་བྲེལ་བ་བཞིན། །མཁའ་དབྱིངས་ལུས་ཕྲ་གཅེར་བུར་རྒྱུ་སྐར་གྱི། །དོ་ཤལ་ཕྲེང་བས་སྤུད་དེ་ལྟ་


GLG016_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། །ཅུང་ཟད་སྐྱེངས་པས་ཐུན་འཚམས་གསར་པ་ཡི། །སྨད་གཡོགས་ལྷབ་ལྷུབ་གཡོ་བར་བྱས་པ་འདྲ། །གྲངས་མེད་དག་པའི་ཞིང་གི་རྟེན་བརྟེན་པ། །རྫོགས་ལྡན་གསར་པའི་བ་གམ་ལ་ཕྱོགས་པས། ཁྲིམས་ལྡན་འདུས་སྡེའི་གླིང་དུ་ཉེར་བརྫུས་ནས། །དགོན་སྡེ་ཟུང་གི་རྣམ་པར་བསྟན་ནམ་སྙམ། །བཀྲ་ཤིས་དགེ་མཚན་གཡས་སུ་རབ་འཁྱིལ་བའི། །བསོད་ནམས་སྙན་གྲགས་སྲིད་རྩེར་སྒྲོག་པའི་དུང་། །ཞིང་རྡུལ་བྱེ་བ་ཕྲག་བརྒྱའི་བཀོད་པ་རྣམས། །ཚར་དུ་དངར་བར་རབ་བསྐྲུན་དགེ་ཚོགས་ཀྱིས། །ཉི་མའི་བརྒྱུད་འཁྲུངས་སྐྱེ་རྒུ་རྣམས་ཀྱི་ལྷ། །ལྷ་མིའི་དབང་ཕྱུག་རྒྱལ་བ་ཟས་གཙང་སྲས། །སྲས་བཅས་ལུང་དང་རྟོགས་པའི་བསྟན་པ་ཀུན། །ཀུན་ནས་དཀར་ཕྱོགས་ཟླ་སྣང་ལྟར་འཕེལ་ཞིང་། །ཞིང་ཁམས་རྒྱ་མཚོར་རྒྱལ་ཀུན་སྙིང་རྗེའི་བདག །བདག་ཉིད་ཆེན་པོའི་འཕགས་མཆོག་འཇིག་རྟེན་དབང་། །དབང་ཕྱུག་བརྒྱད་ལྡན་སྲོང་བཙན་དགེ་བཅུའི་ཁྲིམས། །ཁྲིམས་གཉིས་གསེར་གྱི་གཉའ་ཤིང་ལྕི་གྱུར་ཅིག །འདྲེན་པ་མཆོག་གྱུར་མཆོག་གསུམ་དམ་པ་དངོས། །བློ་གྲོས་རབ་ཡངས་རབ་འབྱམས་ཆོས་ཀུན་གཟིགས། །བཟང་པོའི་སྙན་གྲགས་སྙན་འགྱུར་དྲུག་སྐྱེས་གླུ། །ཐམས་ཅད་ཀུན་གཟིགས་ཀུན་མཁྱེན་བཙོང་ཁ་པ། །འཇམ་དབྱངས་བླ་མ་མ་སྨད་རྣམ་དཔྱོད་ཀྱིས། །ལེགས་པར་རབ་བཤད་བཤད་དང་སྒྲུབ་པའི་བསྟན། །སྲིད་མཐའི་བར་དུ་དུ་མར་རབ་འཕེལ་ཞིང་། །གཡོ་མེད་ས་འཛིན་འཛིན་མ་ལྟར་


GLG016_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཤོག །ཁང་བཟང་འདུ་བྱེད་བྱེད་པོ་རྗེས་འབྲང་བཅས། །མཐའ་དག་གནས་སྐབས་སྐབས་གསུམ་དབང་པོ་ལྟར། །བདེ་སྐྱིད་དཔལ་དང་དང་པོའི་སངས་རྒྱས་ཀྱི། །གོ་འཕང་མ་ལུས་ལུས་པ་མེད་ཐོབ་ཤོག །ཀུན་གསལ་རབ་ཡངས་སྒོ་འཕར་ལས་འོངས་གནམ་གྱིས་བསྐོས་པའི་སའི་ཚངས་པ། །ཆོས་ལྡན་རྒྱལ་པོའི་ཁྲིམས་གཉིས་གསེར་གྱི་འཁོར་ལོ་ཐོགས་མེད་འགྲོ་བ་ཡིས། །གླིང་བཞིའི་དཔལ་ལ་འདོད་ནས་དབང་སྒྱུར་ཕན་བདེའི་རྫོགས་ལྡན་མ་ལུས་པ། །ཕུལ་དུ་བྱུང་བའི་དགའ་སྟོན་མཆོག་གིས་དུས་རྣམས་ཀུན་ཏུ་ཁྱབ་གྱུར་ཅིག །ཕོ་བྲང་ཆེན་པོ་ཏ་ལའི་ཚོམས་ཆེན་ལོགས་བྲིས་ཀྱི་ཁ་བྱང་དེབ་ཐེར་དུ་བཀོད་པ་ཀུན་གསལ་ཉི་མ། ཨོཾ་སྭསྟི་སིནྡྷུ། ཡེ་ཤེས་མཆོག་གི་དབང་པོའི་གཞུ་རིས་ཅན། །རི་མོ་ཡོངས་སྨིན་སྤྲུལ་པའི་ཆོས་རྒྱལ་གར། །སྒྱུར་མཛད་སྲོང་བཙན་ཐུགས་རྗེའི་བདུད་རྩི་ཡིས། །གངས་ཅན་འཆི་མེད་དགའ་སྟོན་རྒྱས་པར་མཛོད། །དེ་ཡང་གྲགས་ཅན་གྱི་བསྐལ་པ་འདི་ལ་སངས་རྒྱས་སྟོང་བྱོན་པའི་སྙིང་སྟོབས་ཀྱི་དབང་ཕྱུག་རྒྱལ་བ་ཟས་གཙང་གི་སྲས་པོའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་གངས་རིས་བསྐོར་བའི་ཡུལ་འདིར་འཕེལ་རྒྱས་སུ་མཛད་པའི་བྱེད་པོ་མཆོག །རྗེ་བཙུན་ལག་ན་པདྨ་མིའི་སྲིད་པའི་ཟློས་གར་ཅན་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཕོ་བྲང་དམར་པོ་རི་ཞེས་དཔལ་རི་བོ་གྲུ་འཛིན་དངོས་དང་ཁྱད་པར་མེད་པ་འདི་ཉིད། བར་སྐབས་སུ་


GLG016_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་རྒྱལ་པོའི་ལུང་ལ་བརྟེན་ནས་ཚལ་པ་ཁྲི་དཔོན་དང་སྡེ་སྲིད་ཕག་མོ་གྲུ་པའི་རྫོང་དཔོན་དང་སྡེ་སྲིད་ཕག་མོ་གྲུ་པའི་རྫོང་དཔོན་སྣེའུ་རྫོང་པ་ཞེས་ཀུན་མཁྱེན་བླ་མ་བཙོང་ཁ་པ་ཆེན་པོའི་བསྟན་པའི་སྦྱིན་བདག་ཏུ་གྱུར་པ་དེ་སོགས་ཆེ་གཉན་དུ་མས་ཉེ་བར་བཟུང་བའི་རྫོང་སྣ་ཚོགས་ཤིག་ཡོད་པ་རྣམས་ཀྱང་གློག་གི་བུ་མོའི་གར་མཁན་ལྟར་འདུས་བྱས་ཀྱི་ཆོ་ག་རྗེས་སུ་བསྟར་ཏེ་དུས་རེ་ཞིག་གི་བར་མཆོད་ཁང་ཙམ་མ་གཏོགས་རི་གཙང་དུ་གནས་པ་ལས་མི་རིང་བའི་ཚེ། །གཏེར་སྟོན་ཆེན་པོ་ཆོས་རྒྱལ་དྲི་མེད་ལྷུན་པོའི་ལུང་བསྟན་ལས། །སྤྱིར་ཡང་མཐའ་དམག་ལན་བདུན་ཐ་མ་ལ༔ བཛྲ་པཱ་ཎིའི་སྤྲུལ་པའི་རྒྱལ་པོ་གཅིག །བོད་ཁམས་དར་ཅིག་བདེ་ལ་སྦྱོར་བ་འབྱུང་༔ ཞེས་དང་། །རིགས་འཛིན་ཆེན་པོ་རཏྣ་གླིང་པའི་བསྟན་པ་སྤྱིའི་ལུང་དུ། བློ་གྲོས་སྟོབས་ལྡན་ཐུགས་རྗེའི་འོད་ཟེར་ཅན༔ སྣ་ཚོགས་ཐབས་ཀྱིས་འཁོར་ལོའི་ཁ་ལོ་སྒྱུར༔ ཆོས་ཀྱི་རྒྱལ་པོ་དཔུང་དང་བཅས་པ་འབྱུང་༔ འབྲི་ཡི་རྭ་ཅོ་ཕག་གི་མཇུག་མ་ཅན༔ གུང་གི་ཚང་འཆའ་ས་ཡི་ཟས་ཟ་ཞིང་༔ མིག་བཞིས་གྱེན་འཐུར་དག་ལ་ལྟ་བར་བྱེད། །ལྕེ་གཉིས་བདེན་རྫུན་གཉིས་ཀྱི་ཤན་འབྱེད་པ༔ དབུས་གཙང་ཐམས་ཅད་སྐུ་ཡི་མངའ་འོག་འདུ༔ རྫུ་འཕྲུལ་མཐུ་སྟོབས་བརྟན་པའི་བདག་པོ་འབྱུང་༔ ཞེས་པའི་དུས་རྟགས་ཀྱི་རྒྱུ་མཚན་འབྲི་གུང་པའི་བསྟན་སྲིད་འབྲིའི་གཟུགས་སུ་བཀོད་པའི་རྭ་ཅོ་ཙམ་དང་། ཕག་མོ་གྲུ་པའི་བསྟན་སྲིད་ཕག་གི་གཟུགས་སུ་བཀོད་པའི་མཇུག་མ་ཙམ་ལུས་པའི་དུས་སུ། མལ་གྲོ་གུང་དཀར་སོགས་ཀྱི་ཤིང་ཆ་དྲངས་ཏེ་སྐྱིད་པའི་ཚང་


GLG016_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འཆའ་བ། །ས་ཆེན་པོའི་ནོར་གྱི་དཔྱ་ཁྲལ་སོགས་ཟ་བ་སྟེ་སྡུད༌པར༌བྱེད་ཅེས་སོགས་ལུང་བསྟན་གྱི་འཕྲེང་བས་བསྔགས་པ་དུས་ལ་བབས་ཏེ། ལྕགས་མོ་སྦྲུལ་གྱི་ནང་དུ་སྲིད་གསུམ་ཐམས་ཅད་འདར་བར་ནུས་པའི་དཔུང་གི་ཚོགས་ཆེན་པོ་དང་ཆབས་ཅིག་པར་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཉིད་ངོ་བོ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་ལས་གཡོ་བ་མེད་བཞིན་དུ་རྣམ་པ་གཏུམ་དྲག་རྔམ་པའི་ཆ་བྱད་ཀྱིས་རིགས་ལྡན་དྲག་པོའི་འཁོར་ལོ་ཅན་གྱི་ངང་ཚུལ་ལ་འགྲན་བཞིན་པ་དང་བཅས་ཏེ། བོད་ཡུལ་གྱི་ལྟེ་བར་ཕྱགས་ཕེབས་པ་ཙམ་གྱིས་སྔོན་ཆད་དྲེགས་ལྡན་དུ་མས་མ་རྒྱལ་བ་ལས་རྣམ་པར་རྒྱལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཆེན་པོ་འབད་པ་མེད་པར་ལྷུན་གྱིས་གྲུབ་པས། ལྷ་སྡེ་མི་སྡེ་རང་ཉམས་ཀྱི་ངང་ཚུལ་ལ་ཆོག་མི་ཤེས་པར་ཕན་ལན་ལོག་པར་སྒྲུབ་པའི་དུག་སྦྲུལ་སྦྱོང་ཁྱེར་གྱི་སྣང་ཚུལ་མཐའ་དག་མཚོ་ལ་ཁ་བ་བབས་པ་ལྟར་མཐུན་པའི་རྐྱེན་འབའ་ཞིག་ཏུ་སོང་སྟེ། སྟོད་མངའ་རིས་ཁྱུང་རྫོང་དཀར་པོ་ནས་བཟུང་། ལྷོ་རྒྱ་གར་གྱི་གྲོང་ཁྱེར་རྩ་མཆོག་ཚུན། ཤར་ཀོང་པོ་དང༌། སྨད་དར་རྩེ་མདོ་ཚུན་གྱི་རྒྱལ་ཁམས་མཐའ་དག་བཀའ་ཁྲིམས་གཅིག་གི་འོག་ཏུ་མངོན་པར་བསྡུས་ཏེ་རྫོགས་ལྡན་གྱི་དགའ་སྟོན་ལ་སྤྱོད་པའི་དུས་སྔར་གྱི་ལུང་བསྟན་གྱི་འཕྲོ་ཉིད་ལས། ལྷ་ས་དམར་རི་དཔལ་གྱི་ཆུ་བོ་རི༔ ཧས་པོ་རི་སོགས་དབུས་རི་དེ་གསུམ་ལ༔ ཕོ་བྲང་བྱས་ན་དབུས་གཡོར་མཐའ་གསུམ་སྡུད༔ དེ་ལྟའི་བསྟན་


GLG016_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་ལོ་དྲུག་ཅུ་འབྱུང་༔ རྗེས་ཀྱི་བསྟན་མཇུག་དང་བཅས་བདུན་ཅུ་རུ༔ སེམས་ཅན་ཡོངས་ལ་བདེ་སྐྱིད་ངེས་པར་འབྱུང་༔ ཞེས་པ་ལྟར་ཤིང་མོ་བྱའི་ལོ་ལ་ཕོ་བྲང་ཆེན་པོའི་འདི་ཉིད་གསར་དུ་སྐྲུན་པའི་བཀྲ་ཤིས་ཀྱི་དགེ་མཚན་རྒྱ་ཆེན་པོའི་དུས་སུ། འཇིག་རྟེན་དབང་ཕྱུག་འཕགས་མཆོག་ལོ་ཀེ་ཤྭ་རའི་སྐུའི་སྣང་བརྙན་མཐོང་ན་མི་མཐུན་པ་མེད་པ་འདི་ཉིད་ཀྱང་ས་སྤྱོད་དབང་མོ་ད་ལས་ཀུན་ཅི་རྒྱལ་མོས་འབུལ་བར་བཏང་བ་སོགས་མ་བསྒྲིགས་པར་ངང་གིས་འགྲིག་པའི་རྟེན་འབྲེལ་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེན་པོ་འདི་ཉིད་ཀྱི་ཚོམས་ཆེན་འདིར། རྒྱ་མཚན་འབྲེལ་ཆགས་ཤིང་མཆོག་དམན་ཀུན་གྱི་མིག་ལ་བདུད་རྩི་སྦྱིན་པའི་སླད་དུ་ཆོས་རྒྱལ་མེས་དབོན་གྱི་རྣམ་པར་ཐར་པའི་ཞིང་བཀོད་རི་མོའི་འཕྲེང་བར་སྤེལ་བ་ལ་ཧ་ཅང་སྙན་ངག་གི་ལམ་ནས་དྲངས་ཚེ་ཚུལ་དེ་ལ་མཁས་པར་གྲགས་པ་རྣམས་ཀྱང་མགོ་བོ་འགལ་མེ་ལྟར་འཁོར་ན་སྐྱེ་བོ་ཕལ་ཆེར་གྱིས་རྟོགས་པའི་སྐལ་པ་ཕྲ་ལ། སྙན་ཚིག་དང་མི་ལྡན་པའི་ཚིགས་བཅད་ཀྱི་སྦྱོར་བ་བླུན་པོའི་ནང་ཟོང་སྟོན་པ་ཁོ་ནར་གདའ་བས་འདིར་ཚིག་ལྷུག་གི་སྒོ་ནས་བྲི་བར་བྱ་སྟེ། དེ་ཡང་རྒྱས་པར་ནི་ཆོས་འབྱུང་ཁུངས་མ་རྣམས་སུ་གསལ་བས་སྤྲོས་མ་དགོས་ཤིང་། སྙིང་པོར་དྲིལ་ན། སྟོད་མངའ་རིས་གཡའ་དང་གངས་རིས་བསྐོར་བ། བར་དབུས་གཙང་བྲག་དང་སྤང་ལྗོངས་ཀྱིས་བརྒྱན་པ། སྨད་མདོ་ཁམས་རྩི་ཤིང་ནགས་ཚལ་གྱིས་གང་བའི་ཡུལ་ཐམས་ཅད་གླང་པོ། རི་དྭགས། སྤྲེའུ། བྲག་སྲིན་སོགས་དུད་


GLG016_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་བཟུང་བས་གནས་ངན་ལེན་པའི་རྒྱུ་ཁོ་ན་སྤེལ་བའི་མཐུས་འོག་ཏུ་དམྱལ་བའི་ཟ་མ་ཏོག་ཡོད་པར་འགྲོ་བ་དེ་ཐམས་ཅད་ལྷུང་བ་སྐྱོབ་པའི་སླད་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་གིས་ལྷ་སའི་ཐད་ཀྱི་ནམ་མཁའ་ལ་ཕེབས་པའི་ཐུགས་རྗེས་དམྱལ་བ་མཐའ་དག་ལྷའི་དགའ་ཚལ་ལྟར་གྱུར། དེ་ཡང་བོད་ཀྱི་འགྲོ་བའི་དོན་མཛད་པར་བླང་དོར་ཤེས་དགོས་པར་དགོངས་ཏེ། །ཐུགས་རྗེ་ཆེན་པོ་དང་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་ལས་འཕེལ་བའི་མིས་བོད་ཆེན་པོའི་རྒྱལ་ཁམས་གང་། བོད་སྤྱི་ལ་དབང་བསྒྱུར་བའི་ཆེད་དུ་འཕགས་ཡུལ་གྱི་རྒྱལ་པོ་དམག་བརྒྱ་པའི་སྲས་གཡུའི་སྨིན་མ་སོགས་མི་ལས་འདས་པའི་ཁྱད་པར་ཅན་ཞིག་འཕགས་པའི་ཐུགས་རྗེས་སྤྲུལ་ཏེ་བཙས་པ་རྣམ་རྟོག་གི་དབང་གིས་སྤྱུགས་པ་ལྷ་རི་གྱང་མཐོའི་རྩེ་ལ་བྱོན་ནས་གཟིགས་པ་ན། ཡུལ་ཡར་ཀླུངས་སྐྱིད་པར་དགོངས་ཏེ་ལྷ་སྐས་ལས་བབས་ནས་བཙན་ཐང་སྒོ་བཞིར་བྱོན་པ་ན་བོན་པོ་སོགས་མི་བཅུ་གཉིས་ཀྱིས་མཐོང་བས་ལྷ་ལས་ཆད་པར་རིག་ནས་རྗེར་འཚལ་ལོ་ཞེས་གཉའ་བར༌བཏག་པས་གཉའ་ཁྲི་བཙན་པོར་གྲགས་ཤིང་། ཕོ་བྲང་ཡུམ་བུ་གླ་སྒང་བརྩིགས། རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོས་སྨར་ཁམས་ཀྱི་ཡུལ་ནས་ཁྲབ་བླངས་ཏེ་བློན་པོ་ལོ་ངམ་དང་འཐབས་པས་བློན་པོས་རྒྱལ་པོའི་དཔྲལ་བར་མདའ་བསྣུན་ཏེ་བཀྲོངས། སྲས་རྣམས་གླང་འཕུར་ཤེས་ལ་ཞོན་ཏེ་གོང་པོར་


GLG016_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྲོས། ཡར་ལྷ་ཤམ་པོའི་བུ་རུ་ལས་སྐྱེས་ཀྱིས་བློན་པོ་བསད་ནས་སྲས་བྱ་ཁྲི་རྒྱལ་སར་བསྐོས། གྲི་གུམ་གིས་རལ་གྲི་ཀླད་ལ་བསྐོར་བར་བརྟེན་རྨུ་ཐག་ཆད་དེ་སྤུར་བྱུང་བ་ཟངས་ཀྱི་གའུར་བཅུག་ནས་ཆུར་བསྐྱུར་བ་ཀླུ་སྲིན་གྱིས་སྙེད་པས་བློན་པོས་བང་སོ་བརྩིགས། ཆུ་དྲངས་ཏེ་ཞིང་རྨོས། དངུལ་ཟངས་ལྕགས་གསུམ་བཏོན་ནོ། །རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་རི་གཉན་བཙན་གྱི་དུས་ཕོ་བྲང་ཡུམ་བུ་གླ་སྒང་དུ་པང་སྐོང་ཕྱག་རྒྱ་པ། གསེར་གྱི་མཆོད་རྟེན། ཡི་གེ་དྲུག་པ། ཙནྡྲ་མ་ཎིའི་སྐོས་ཕོར་རྣམས་བབས་ཏེ་གསང་བ་གཉེན་པོར་མིང་བཏགས། །བསྟན་པའི་དབུ་བརྙེས། རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་གྱིས་རྒྱ་ཡུལ་ནས་རྩིས་དང་སྨན་པ་བོས་ཏེ་སྲོལ་བཏོད། ཕོ་བྲང་ཁྲི་བརྩེགས་འབུམ་གདུགས་བཞེངས། འབྲོང་བསད་པའི་ཤས་ཚ་རྙེད། དེའི་སྲས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དཔལ་ཀུན་ཏུ་བཟང་པོས་བདུད་རྩིའི་ཆུས་དབང་བསྐུར། ཕོ་བྲང་བྱམས་པ་མི་འགྱུར་གླིང་ནས་བཏེག་སྟེ་གེ་རེའི་འཕྲང་དུ་ཕེབས་པ་ན། ཚུར་རིའི་བྲག་ལ་ཡི་གེ་དྲུག་རང་བྱོན་དང་། ཕ་རིའི་བྲག་ལ་སྤྱན་རས་གཟིགས། རྟ་མགྲིན། སྒྲོལ་མ་རྣམས་ཀྱི་རང་བྱོན་ལ་འཇའ་ཕན་ཚུན་དུ་འབྲེལ། ཕོ་ཏ་ལར་ཕེབས་ཏེ་བཞུགས་པའི་ཚེ་སྙན་གྲགས་ཀྱིས་མཐའི་རྒྱལ་པོ་མཐའ་དག་གིས་བཀུར། བློན་པོ་ཐོན་མི་རྒྱ་གར་དུ་བརྫངས་ཏེ་བྲམ་ཟེ་ལི་བྱིན་དང་པཎྜི་ཏ་ལྷ་རིག་པའི་སེང་གེ་ལ་བརྡའ་སྤྲོད་པ་སོགས་རིག་པ་མང་དུ་བསླབས། སླར་བོད་དུ་བྱོན་ནས་རྒྱལ་བློན་གཉིས་ཀྱིས་ཉང་བྲན་ཕ་བོང་


GLG016_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་མཚམས་མཛད་ནས་བོད་ཡིག་གཏན་ལ་ཕབ། ལྷས་ལུང་བསྟན་པ་ལྟར་སྨིན་མཚམས་ནས་སྤྲུལ་པའི་དགེ་སློང་ཨཱ་ཀ་ར་མ་ཏི་ཤྲཱི་ལས་ཙནྡན་སྦྲུལ་གྱི་སྙིང་པོ་ལས་བཅུ་གཅིག་ཞལ་རང་བྱོན་དང་། ཙནྡན་ཧ་རིའི་སྡོང་པོ་ལས་ཝ་ཏི། དབུ་ཁང་། འཇའ་མ་ལི། ལོ་ཀེ་ཤྭ་ར་རྣམས་བྱོན་པའི་བཅུ་གཅིག་ཞལ་དང་ལོ་ཀེ་ཤྭ་ར་གཉིས། གཞན་ཡང་གནས་ཆེན་བརྒྱད་ཀྱི་ས་དང་དེ་བཞིན་གཤེགས་པ་འཁོར་བ་འཇིག་། འོད་སྲུངས། ཤཱཀྱ་ཐུབ་གསུམ་གྱི་རིང་བསྲེལ། །ཆུ་བོ་ནེ་རཉྫའི་བྱེ་མ་དང་རྩྭའི་ཆུན་པོ། །པོ་ཏ་ལའི་ཙནྡན་གོར་ཤའི་དུམ་བུ་རྣམས་སྤྱན་དྲངས་ཏེ་སྨིན་མཚམས་སུ་ཐིམ། ཐུན་མོང་མ་ཡིན་པའི་སྣང་ངོར་རྒྱལ་པོའི་སྤྱན་གཡས་ལས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྤྲུལ་ཏེ་བལ་ཡུལ་ནས་ཇོ་མོ་ཁྲི་བཙུན་དང་རྟེན་སྐལ་དང་ནོར་སྐལ་ལ་ཇོ་བོ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་འཁོར། ནོར་བུ་རཏྣ་དྷེ་ཝ། སྟག་ཤ་དྷེ་ཝ། བཻཌཱུ་རྱའི་ལྷུང་བཟེད་སོགས་དང་བཅས་ཏེ་བོད་དུ་བླངས། ཐུན་མོང་བའི་སྣང་ངོར་རིན་པོ་ཆེ་བཻཌཱུ་རྱའི་ཁྲབ་ཀྱི་རྟེན་བལ་པོའི་རྒྱལ་པོར་བསྐུར་བ་ལ་བརྟེན་ནས་བློན་པོ་རྟ་པ་ལྔ་བརྒྱས་གདན་དྲངས། བལ་མོ་བཟས་དམར་པོ་རིའི་ས་ཕྱོགས་སུ་ལྕགས་རིའི་ཕྲེང་བ་གསུམ་སྐོར་ཡོད་པ་མཁར་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་དམར་པོ་རིའི་རྩེའི་མཁར་ཐེ་བའི་སྟོང་ཕྲག་གཅིག་ཡོད་པ་རྔམ་བརྗིད་དང་ལྡན་པ་བརྩིགས། ཡང་ཐུན་མོང་མ་ཡིན་པའི་སྣང་ངོར་རྒྱལ་པོའི་སྤྱན་གཡོན་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྤྲུལ་ཏེ། རྒྱ་མོ་བཟའ། ཇོ་བོ་ཤཱཀྱ་མུ་ནེ་སོགས་རྟེན་


GLG016_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནོར་སྐལ་རྣམས་གདན་དྲངས་ཤིང་། ཐུན་མོང་བའི་སྣང་ངོར་རིན་པོ་ཆེ་བཻཌཱུ་རྱའི་རྨོག་རྒྱ་རྗེ་ལ་རྟེན་དུ་བསྐུར་ཏེ་མགར་གྱིས་གཙོས་པའི་བློན་པོ་རྟ་པ་ལྔ་བརྒྱ་བཏང་བ། གཡུ་ཕུབ་ཙམ་མིག་གཅིག་དཀྱིལ་དང་མིག་གཅིག་མཐའ་ལ་ཡོད་པ་ནང་གི་མིག་རྣམས་ཀྱང་ཕུབ་ཀྱི་སྤ་རིམ་ལྟར་ཡོད་པ་ཞིག་ལ་དར་ཡུག་ཚུད་པ་དང་། བྱ་མ་བརྒྱ་བུ་བརྒྱ། ཤིང་ཟླུམ་པོའི་རྩ་རྩེ། ཉིན་གཅིག་ལ་མི་རེས་ལུག་ཤ་བུབས་རེ་ཟོས་ཟིན་པ། པགས་པ་མཉེས་ཟིན་པ། ཆང་བན་རེ་བཏུངས་ཟིན་པ། མ་བཟི་བ། རང་གི་གནས་ཚང་དུ་མཚན་མོ་མ་ནོར་བར་སླེབ་པ་སོགས་འགྲུབ་པར་དཀའ་བའི་རིག་པ་མང་པོ་འགྲན་དུ་བཅུག་པ། པས་རྒྱལ་ཏེ་རྒྱ་མོ་བཟའ་ཐོབ། དར་ཟབ་བསྲེགས་པའི་ཐལ་བ། ཙནྡན་བསྲེགས་པའི་སོལ་མདུངས། ལུག་གི་མཚེར་ཁྲག །ནས་བརྔོས་ཏེ་ས་བོན་དུ་འདེབས་པ་སོགས་གཡོ་སྒྱུ་དུ་མས་རྒྱ་ནག་པོའི་རྒྱལ་ཁམས་ཆམས་ལ་ཕབ་སྟེ་ཐབས་མཁས་ཀྱིས་བོད་དུ་འོངས། །དེ་ནས་ཀོང་ཇོས་ས་དཔྱད་བཟང་ངན་དང་ས་དགྲ་འཆོས་ལུགས་སོགས་རྩིས་ཁོག་ནས་གཏན་ལ་ཕབ་སྟེ་བལ་མོ་བཟའི་གཡོག་མོ་ལ་འཕྲིན་བསྐུར་ཀྱང་སྒྲ་ཇི་བཞིན་པར་མ་འཁྱོལ་བས། མཚོ་བསུབ་ཏུ་མ་འདོད་ཅིང་སླར་རྒྱལ་པོ་དང་ལྷན་ཅིག་ཏུ་མཚོ་འགྲམ་དུ་བྱོན་ནས་སོར་གདུབ་བསྐུར་ཏེ་དམོད་བོར་པས། མཚོ་འོད་ཀྱི་དྲྭ་བས་ཁེབས་ཤིང་། བལ་པོའི་བཟོ་བོས་རྡོ་འཕངས་པ་རྣམས་དབུས་སུ་རྡོའི་མཆོད་རྟེན་ལྟར་གྱུར་པ་ལ་ཤིང་གི་རྩེ་དེ་སྟད་དེ་མཚོ་ལེགས་པར་ཟུབས་ཀྱང་བཅོས་ཐབས་རྣམས་མི་འབྱུང་བར་རྟེན་རྩིག་པའི་རྨང་བཏིང་བ་རྣམས་ལྷ་འདྲེས་བཤིག་པས། ཉང་


GLG016_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་ཕ་བོང་ཁར་མཁར་དགུ་ཐོག་བརྩེགས་ནས་ཆོས་རྒྱལ་ཡབ་ཡུམ་གསུམ་སྒྲུབ་པ་མཛད་པས་རིགས་གསུམ་མགོན་པོ་ཞལ་གཟིགས་ཤིང་རྡོར་ཐིམ་པས་རང་བྱོན་གསལ་བར་བྱོན། དེ་ནས་སྤྲུལ་པ་བཀྱེ་སྟེ་མི་འགྱུར་བའི་གཟེར་གྱི་གཙུག་ལག་ཁང་བཅུ་གཉིས་བརྩེགས། སྔར་སྤྲུལ་པའི་དགེ་སློང་གིས་སྤྱན་དྲངས་པའི་བྱིན་རླབས་རྟེན་བརྡར་བའི་ཕྱེ་མ་རྣམས་ལ་བཟོ་རྒྱུ་དང་བཅུ་གཅིག་ཞལ་རང་བྱོན་ནང་བཞུགས་སུ་འབུལ་བའི་སྟ་གོན་མཛད་པ་ལ་བཟོ་བོས་བཞེང་མ་དགོས་པར་རང་བྱོན་དུ་བྱོན་ཞིང་། ནང་བཞུགས་ཀྱི་སྐུ་འདྲ་སླར་འོད་ཟེར་གྱིས་དྲངས་ཏེ་ཐུགས་ཀར་བཞུགས། ཞལ་ལས་སྤྲོས་པའི་འོད་ཟེར་གྱིས་བདུད་སྡེའི་དཔུང་ཚོགས་ཐམས་ཅད་བཏུལ། ཟླ་ཚལ་གྱི་བྲག་ལ་སྣང་བ་མཐའ་ཡས་ཁ་སར་པ་ཎི། རྟ་མགྲིན་གསུམ་རང་བྱོན་དུ་བྱོན། དེ་ནས་རྒྱལ་པོས་སྤྲུལ་པ་དང་བཅས་ཏེ་ར་ས་འཕྲུལ་སྣང་དང་ར་མོ་ཆེའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་བསྐྲུན་ཞིང་ཐུགས་རྗེ་ཆེན་པོ་གཙོ་འཁོར་རྣམས་ཕོ་བྲང་གི་མཐོངས་ཁུང་མན་གཤེགས་ཏེ་གཙང་ཁར་བྱང་མར་སྤྲུལ་པའི་རྫུ་འཕྲུལ་གྱིས་ཕེབས་རབ་ཏུ་གནས་པ་མཛད། རུ་ཡོང་བཟའ་དང་། ཞང་ཞུང་བཟའ་དང་མོན་བཟའ་ཁྲི་ལྕམ་རྣམས་ཁབ་ཏུ་བཞེས་པར་སྔ་མ་གཉིས་ཀྱི་རྟེན་སྐལ་དུ་བྲག་ལྷ་དང་ཐིམ་བུ་ལྐོག་གི་ལྷ་ཁང་བཞེངས། ཕྱི་མ་དང་སྲས་གུང་རི་གུང་བཙན་གཉིས་ཀྱིས་ཡེར་པའི་ལྷ་ཁང་བཞེངས། མ་རུངས་པའི་སྐྱེ་བོ་རྣམས་གདུལ་བའི་སླད་དུ་ཁྲིམས་ལ་སྦྱར་བའི་སྤྲུལ་པ་བཀྱེ་བ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ལི་ཡུལ་


GLG016_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དགེ་ཚུལ་གཉིས་ལོག་ལྟ་སྐྱེས་པ་དེ་བསལ་ནས་སྐད་ཅིག་གིས་རང་ཡུལ་དུ་སླེབ་པ། ཁྲ་འབྲུག་ཏུ་བནྡེ་ཧྲུལ་པོ་ཞིག་གིས་མཆོད་རྟེན་སོར་རྩེས་བླངས་པའི་ལན་དུ་དབུ་ཐོད་ཕུད་ནས་ཨ་མི་དེ་ཝ་བསྟན་པ་སོགས་རྫུ་འཕྲུལ་དུ་མ་མཛད་ཅིང་། ཆོས་གཏེར། ནོར་གཏེར། དྲག་སྔགས་ཀྱི་གཏེར་མང་དུ་སྦ་བ་དང་ཞལ་ཆེམས་ལུང་བསྟན་གསུངས་ཏེ་ཐུན་མོང་མ་ཡིན་པའི་སྣང་ངོར་ཡབ་ཡུམ་གསུམ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ། དེ་ལས་འཕྲོས་པའི་འོད་ཟེར་གྱིས་གཙུག་ལག་ཁང་གི་ནང་རྣམས་ཁྱབ་པས་འོད་ཟེར་འཕྲོས་པའི་ལྷ་བརྒྱད་བྱུང་། ཐུན་མོང་བའི་སྣང་ངོར་རིམས་ནད་ཀྱིས་ཕན་ཡུལ་ཟལ་མོའི་སྒང་དུ་སྐུ་གཤེགས། དུས་དེར་རྒྱའི་དམག་གིས་ལྷ་སར་སླེབས་ཀྱང་རྨེ་བརྩེགས་ཀྱི་སྐུ་ལས་སྤྲུལ་པའི་དམག་གིས་ཕྱིར་བཟློག །ལན་དུ་མགར་གྱིས་བོད་དམག་འབུམ་ཚོ་ཁྲིད་ནས་རྒྱ་རྣམས་བཅོམ། སླར་རྒྱ་དམག་འོངས་ཀྱང་ཇོ་བོ་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་པས་འཁྱེར་མ་ཐུབ། མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་གི་སར་ཁྱེར། དམར་པོ་རིའི་ཕོ་བྲང་བལ་བཟས་བསྐྲུན་པ་མེ་ལ་བསྲེགས། རྒྱལ་རབས་སོ་དྲུག་པ་འདུས་སྲོང་གི་བློན་པོ་བདུན་གྱིས་གླང་པོ་ཆེའི་ཕྲུག་གུ་ཐེག་པ། གཡག་གྲུས་པོ་ཆེ་ཐེག་པ། མདའ་སྟེའུ་ཁ་མས་བྱ་ཁྲའི་སྐེད་པ་གཅོད་པ། མིག་རྒྱང་གསུམ་ལ་མདའ་རྒྱང་གིས་སླེབ་པ། ཤ་བའི་རླིད་བུ་བྱེ་མས་བཀང་བ་ཀླད་ལ་བསྐོར་བ། འབྲོང་འཐུར་ལ་རྒྱུགས་པ་གྱེན་ལ་འཐེན་པ། རྟ་གཡང་ལ་མཆོང་པ་གྱེན་ལ་འཐེན་ནུས་སྟེ་


GLG016_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དཔག་པར་དཀའ་བ་བདུན་སྟོན་ནུས་པ་བྱུང་། སྲས་མེས་ཨག་ཚོམས་ཀྱིས་ཐེག་པ་ཆེན་པོའི་གླེགས་བམ༌ལྔ༌བཞེངས་ཤིང་། བཞུགས་ཁང་དུ་བྲག་དམར་མགྲིན་བཟང་། བྲག་དམར་ཀེ་རུ། གསང་མཁར་བྲག །མཆིམས་ཕུ་སྣ་རལ། མ་ས་གོང་གི་ལྷ་ཁང་དང་ལྔ་བཞེངས། དེའི་སྲས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་རྒྱ་མོ་བཟའ་ཕྱི་མ་ལ་འཁྲུངས། སྣ་ནམ་བཟས་ཕྲོགས་པས་བོད་ཀྱི་ས་དཔྱད་མང་པོ་ཉ་མས་སུ་བཅུག །སླར་རྒྱལ་བུ་རང་གིས་མ་ངོས་བཟུང་བས་ས་དཔྱད་རྣམས་གསོས། སང་ཤི་རྒྱ་ནག་ཏུ་བརྫངས་པས་ཇུ་ཞག་མཁན་པོས་བོད་ནས་མི་འདི་འདྲ་བ་འོང་ཞེས་ལུང་བསྟན་པ་ལྟར་བྱོན། རྒྱ་རྗེས་གསེར་གྱི་གླེགས་བམ་སོགས་བྱ་དགའ་ཆེན་པོ་བྱིན། ཡར་ལམ་ཧྭ་ཤང་མངོན་ཤེས་ཅན་དང་ཕྲད་ནས་བོད་ཀྱི་བདེ་དོག་དྲིས་པ་རྣམས་ཞིབ་པར་བཤད། བོད་དུ་སླེབས་དུས་ཆོས་ཁྲིམས་བཤིག་འདུག་པའི་གླེགས་བམ་རྣམས་རྫ་གསེབ་ཏུ་སྦས། དུས་དེར་བློན་པོ་འགའ་ཞིག་གིས་ཆོས་ཁྲིམས་བཤིག་པའི་རྐྱེན་གྱིས་ཤི་བ་སོགས་མི་ཤེས་པ་ཁ་ཡར་བྱུང་བས་མོ་རྩིས་ལུང་བསྟན་ལྟར་ཤཱཀྱ་མུ་ནི་ས་འོག་ཏུ་སྦས་པ་བཏོན་ནས་སྐྱིད་གྲོང་དུ་བསྐྱལ། གསལ་སྣང་གི་བུ་མོ་ཤི་བ་ལ། ཁ་ནང་དུ་རྟགས་མཚན་རྒྱབ་ནས་བུ་མོ་བུར་སྐྱེ་བར་སང་ཤིས་གསར་དུ་ཁྲིད་འོངས་པའི་ཧ་ཤང་གིས་ལུང་བསྟན། ཧྭ་ཤང་རང་ཡུལ་དུ་ཕྱིར་སློག །སང་ཤིས་རྫ་གསེབ་ནས་གླེགས་བམ་རྣམས་བླངས་ཏེ་བཙན་པོ་ལ་བསྟན་པས་བཙན་


GLG016_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིད་ཆེས་ནས་སང་ཤི་རྒྱ་གར་དུ་བརྫངས་ཏེ་མཁན་པོ་ཞི་བ་འཚོ་མང་ཡུལ་དུ་སྤྱན་དྲངས། སླར་སང་ཤིས་རྒྱལ་པོའི་དྲུང་དུ་འོངས་ཏེ་མཁན་པོའི་གསུང་རྣམས་བསྐྱར། རྒྱལ་བློན་བཀའ་བགྲོས་ཏེ་ཐབས་མཁས་ཀྱིས་མ་ཞང་དུར་དུ་བཅུག །མཁན་པོ་གདན་དྲངས་ཏེ་ཆོས་གསུངས་ནའང་ལྷ་སྲིན་རྣམས་མ་དགའ་བས་ཕོ་བྲང་དམར་པོ་རིར་ཐོག་འབེབས་པ། ཡར་ཀླུངས་འཕང་ཐང་གི་ཕོ་བྲང་ཆུས་ཁྱེར་བ་སོགས་ཆོ་འཕྲུལ་སྣ་ཚོགས་བྱུང་བས་རེ་ཞིག་མཁན་པོ་བལ་པོར་སློག །མཁན་པོའི་ལུང་བསྟན་ལྟར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གདན་འདྲེན་ཀྱི་ཕོ་ཉ་བཏང་། ལམ་དུ་རྫུ་འཕྲུལ་སྟོན་པ་དང་ལྷ་སྲིན་འདུལ་བ་སོགས་མཛད་དེ་རིམ་གྱིས་ཕེབས་ནས་རྒྱལ་པོ་དང་མཇལ། སླར་མཁན་པོ་གདན་དྲངས་ཏེ་མཁན་སློབ་ཆོས་གསུམ་བཀའ་བགྲོས་ནས་བསམ་ཡས་ཀྱི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་བཞེངས་ཤིང་རབ་ཏུ་གནས་པ་མཛད། ཐམས་ཅད་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་པས་ཁ་སྐོང་བར་མཛད་དེ་མཁན་ཆེན་ཐམས་ཅད་མཁྱེན་པའི་དྲུང་དུ་སད་མི་མི་བདུན་གྱིས་རབ་ཏུ་བྱུང་། ལོ་པཎ་རྣམས་ཀྱིས་སྡེ་སྣོད་གསུམ་དང་རྒྱུད་སྡེ་འོག་མ་རྣམས་བསྒྱུར་ཅིང་གཏན་ལ་ཕབ། སླར་ཡང་། པཎ་ཆེན་བི་མ་ལ་མི་ཏྲ་གདན་དྲངས་ཏེ། ཐེག་པའི་ཡང་རྩེ་དུ་མ་རྒྱལ་བློན་ལ་གསུངས། བཻ་རོ་རྨ་གཉག་སོགས་ཀྱིས་མདོ་རྒྱུ་སེམས་གསུམ་གྱི་རྒྱུད་སྡེ་རྣམས་བསྒྱུར་ཅིང་འཆད་ཉན་གྱི་གཏན་ལ་ཕབ། མཆིམས་ཕུར་སློབ་དཔོན་ཆེན་པོས་རྗེ་འབངས་རྣམས་ལ་སྒྲུབ་པ་བཀའ་བརྒྱད་དང་


GLG016_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པའི་དབང་བསྐུར་ཞིང་རྗེ་འབངས་ཉེར་ལྔས་རྫུ་འཕྲུལ་དུ་མ་བསྟན། ལྷ་ལུང་དཔལ་རྡོར་གྱི་དུས་དེར་གྲུབ་པ་མ་ཐོབ་ཀྱང་ཕྱིས་ཡེར་པར་གྲུབ་པ་ཐོབ། ཧཱ་ཤང་མ་ཧཱ་ཡཱ་ན་དང་། ཀཱ་མ་ལ་ཤཱི་ལ་གཉིས་རྩོད་པས་ཧྭ་ཤང་ཕམ་སྟེ་རང་ཡུལ་དུ་ལོག །རྒྱལ་པོའི་སྲས་ཆེ་བ་མུ་ནེ་བཙན་པོས་བོད་འབངས་རྣམས་ལྟོགས་ཕྱུག་ལན་གསུམ་སྙོམས་ཤིང་། ཆུང་བ་མུ་ཏིག་བཙན་པོས་རྒྱལ་སྡེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། དེའི་སྲས་མངའ་བདག་ཁྲི་ལྡེ་སྲོང་བཙན་གྱིས་གསུང་རབ་རྣམས་སྐད་གསར་གཅད་ཀྱིས་གཏན་ལ་ཕབ། རྒྱ་བོད་དབོན་ཞང་འཁྲུགས་པ་ལས་བོད་འབངས་ཀྱིས་རྒྱའི་གྲོང་ཁྱེར་དུ་མ་བཅོམ་ཞིང་རྣམ་པར་རྒྱལ། སླར་ཧྭ་ཤང་དང་ལོ་པཎ་རྣམས་ཀྱིས་དབོན་ཞང་མཐུན་པར་མཛད། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་ཞེས་བྱ་བའི་ངོ་མཚར་ཅན་བོད་འབངས་ཡོངས་ཀྱི་ཕན་བདེའི་རྩ་བར་བསྐྲུན་པའི་བཀྲ་ཤིས་ཀྱི་དགེ་མཚན་ཕྱོགས་ཀུན་ཏུ་ཁྱབ་བོ། །རྣམ་དཔྱོད་ཆུ་འཛིན་གསར་པ་འཁྲིགས་པ་ལས། །ཉུང་ངུའི་གཏམ་གྱི་དབྱར་རྔ་སྒྲོགས་པ་ན། །ཤེས་ལྡན་གཙུག་ཕུད་ཅན་གྱི་དགའ་བའི་གར། །མཁས་མང་ཚོགས་པའི་མདུན་སར་སྒྱུར་ལ་བྲེལ། །ལྷ་རིགས་ནོར་འཛིན་སྐྱོང་བའི་དབང་པོ་ས་སྐྱོང་རྒྱ་རི་བས་མངོན་རྟོགས་རྒྱན་རྩ་འགྲེལ་གྱི་རྣམ་བཤད་བློ་བཟང་དགོངས་རྒྱན་འཇིགས་མེད་གདོང་ལྔའི་དབང་པོའི་དབྱངས་པར་དུ་བརྐོས་པའི་པར་བྱང་མཆོད་སྦྱིན་མི་ཟད་གཏེར་མཛོད། སྭསྟི་པྲ་ཛྭ་བྷྱ༔ དགེ་ལེགས་དབྱར་སྐྱེས་


GLG016_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཕྲའི་མངལ་གྱི་ཁུར། །རྣམ་པར་ལྕི་བ་མཚན་དཔེ་ཡོངས་འདུའི་ལྗོན། །སྐལ་བཟང་འགྲོ་བློར་སྒྱུ་འཕྲུལ་དྲ་བའི་གར། །སྟོན་མཁས་རྒྱལ་བའི་ཏོག་གྱུར་ཉི་མའི་གཉེན། །གང་གི་གསུང་རབ་གསེཪ་སྦྱངས་ཤིང་རྟ་ཆེ། །རྣམ་དཔྱོད་གཅིག་གིས་འདྲེན་པ་གྱད་ཀྱི་རིགས། །བསིལ་ལྡན་བསྟན་པའི་རྩ་ལག་བཙོང་ཁ་པ། །ཐམས་ཅད་མཁྱེན་དེའི་ལེགས་པར་བཤད་པ་ལས། །བརྒྱ་ཕྲག་དཀའ་སྤྱད་ཁྱོགས་ལ་མ་བླངས་ཀྱང་། །མི་ཕྱེད་མཛའ་བས་བཅིངས་པ་དབྱངས་ཅན་ལྷ། །མགྲིན་པར་རྩེད་འཇོའི་གར་གྱིས་འཁྱུད་པ་ཡི་། །ཚིག་ཉུང་དོན་རྒྱས་བསྟན་བཅོས་ཆེ་འདི་བསྐྲུན། །མཐའ་ཀླས་བསོད་ནམས་དཔུང་པའི་རྟ་ལྗང་གིས། །ནོར་འཛིན་རབ་ཡངས་མཁའ་ལ་ཉེར་དྲངས་པའི། །ས་སྤྱོད་ལྔ་རིགས་གསར་པ་ཉིན་བྱེད་དབང་། །ལུགས་གཉིས་འོད་སྟོང་ཕྱོགས་བརྒྱར་སྤྲོ་མཁས་པ། །འཆི་མེད་བདག་པོའི་རིགས་ཅན་བརྒྱུད་ཀྱིས་བཙུན། །གནམ་བསྐོས་མཐུ་ཡིས་གྲུབ་པ་སྟོབས་ཀྱི་བཙན། །ལེགས་བྱས་དཔུང་གིས་ཚངས་པ་མིའི་གཟུགས་ཅན། །ཡངས་པའི་ས་ཆེན་ཆོས་བཞིན་སྐྱོང་བའི་རྗེ། །ངག་གི་དཔལ་གྲུབ་དབང་ཕྱུག་བརྒྱད་མངའ་བ། །ཀུན་དགའི་རང་བཞིན་འཛུམ་པའི་བློ་ལྡན་གྱི། །ཆོས་སྲིད་མངོན་པར་རྒྱས་ཤིང་ཆེས་བརྟན་པ། །ལྷ་སྲས་ཟླ་བ་བཞུན་མའི་བསིལ་ཟེར་གྱིས། །འཛད་པ་མེད་པ་མཆོད་སྦྱིན་བརྒྱ་ཕྲག་སྒོ། །ལོངས་སུ་སྤྱོད་ལ་མི་ཟད་གཏོང་བའི་དཔྱིད། །སྔོན་མེད་པར་གྱི་ཀུནྡའི་དགའ་སྟོན་གྱིས། །བློ་གསལ་སྒེག་


GLG016_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་རྣ་བ་ཅི་ཡང་མཛེས། །འཇམ་དབྱངས་མི་ཡི་སྲིད་བཟུང་སམྦྷོ་ཊའི། །སྡེབ་ལེགས་ཡི་གེའི་ཕྲེང་བར་སྤེལ་བྱེད་པ། །ཙཱ་རི་དཪ་རྒྱས་བློ་བཟང་མཆོག་གྱུར་ཟུང་། །སྔོན་མེད་མིག་གི་དགའ་སྟོན་ཟློས་གར་མཁན། །ཚུལ་འདིར་རྒྱུ་སྦྱོར་ལུས་ངག་ཡིད་གསུམ་གྱིས། །དངོས་དང་བརྒྱུད་པའི་སྒོ་ནས་འབད་བྱེད་རྣམས། །ནད་གདོན་གློ་བུར་ཉེར་འཚེའི་གཡུལ་ངོ་ལས། །རབ་རྒྱལ་མཐུན་རྐྱེན་ལྷུན་གྱིས་གྲུབ་པར་ཤོག །ཚེ་རབས་ཀུན་ཏུ་མི་ཕམ་དབང་པོ་ཡི། །འདུན་སར་སྐྱེས་ནས་ཐེག་ཆེན་ཆོས་ཚུལ་ལ། །ལོངས་སུ་སྤྱད་དེ་སྟོབས་བཅུའི་གོ་འཕང་མཆོག །མངོན་དུ་བྱས་ནས་ཀུན་མཁྱེན་ཐོབ་གྱུར་ཅིག །མཐོ་བཙུན་འོད་གསལ་ལྷ་རིགས་ས་སྐྱོང་རྒྱ་རི་བས་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཅེན་འདྲེན་པའི་ཤིང་རྟ་པར་དུ་བརྐོས་པའི་པར་བྱང་ཚོགས་གཉིས་ནོར་བུའི་བང་མཛོད། སྭསྟི་པྲཛྭ་བྷྱ༔ ཚོགས་གཉིས་མན་ཤེལ་གསར་པའི་རྩིག་ངོས་ལ། །མཚན་དཔེའི་སྣང་བརྙན་བྱེ་བ་འཆར་བྱེད་པ། །ཉི་མའི་བརྒྱུད་འཁྲུངས་ཀུན་མཁྱེན་ཟས་གཙང་སྲས། །གང་གི་ཆོས་མངོན་སྡེ་སྣོད་གངྒཱའི་རྒྱུན། །རྨད་བྱུང་བློ་གྲོས་ཧུབ་གཅིག་གིས་འཐུང་བའི། །གནས་ལྔ་རིག་པ་དབྱིག་གཉེན་ཛདྣའི། །གཞུང་ལུགས་འཛིན་མཁས་འཇམ་དབྱངས་མིའི་སྲིད་པ། །ཡོངས་བཟུང་དཀོན་ཅོག་ཆོས་འཕེལ་གསུང་རྒྱུན་རྣམས། །ཚངས་དབང་སྲས་མོ་དགྱེས་པའི་འཛུམ་བག་གིས། །ནམ་ཡང་བཞད་པའི་རྩེ་དགའ་མི་གཏོང་བ། །བླུན་རྨོངས་ཀུན་འཇོམས་འཇིགས་མེད་རྡོ་རྗེའི་སྡེས། །ལེགས་བཤད་དྲི་ཟའི་རྒྱུད་མང་འཁྲོལ་བ་འདི། །


GLG016_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་བཙུན་འོད་གསལ་ལྷ་ཡི་གདུང་ལས་བྱོན། །ལུགས་གཉིས་རྣམ་པར་འབྱེད་པའི་མཁྱེན་སྤྱན་ཡངས། །སྡེ་བཞིའི་སྒོ་འཕར་མ་ལུས་ཡོངས་ཕྱེ་བ། །ངག་དབང་དགའ་ལྡན་རབ་བརྟན་དཔལ་བཟང་པོས་། །བློ་བཟང་རྒྱལ་བསྟན་ལུས་ཕྲའི་རྣ་ལུང་དུ། །མི་ཟད་ཆོས་སྦྱིན་པར་གྱི་ནོར་བུའི་དཔྱ། །རྣམ་པར་ལེགས་བརྒྱན་མཚུངས་མེད་སྙིང་སྟོབས་ཀྱིས། །ཡངས་པའི་ས་ཆེན་འདི་ཡང་འདེགས་སམ་སྙམ། །སྒྱུར་མའི་རོལ་གར་གཟིགས་མོར་མཚར་བ་ལ། །ཡིད་ཀྱི་མདུད་པ་འགྲོལ་བྱེད་སོར་མོའི་འཕྲུལ། །སྒྱུར་བའི་མཁན་པོ་རྩ་རི་དར་རྒྱས་དང་། །ཀརྨ་དར་པོའི་རྣམ་དཔྱོད་དག་ལས་སོ། །གང་ཞིག་ཚུལ་འདིར་འབད་པའི་སྐྱེ་བོ་ཀུན། །ཚོགས་གཉིས་ནོར་བུ་དབང་གི་རྒྱལ་པོ་ཆེས། འདོད་དོན་རེ་བ་བསྐོང་བའི་ཆར་ཆེན་པོ། །འཛད་མེད་ཀུན་ཏུ་སྙིལ་བའི་བཀྲ་ཤིས་ཤོག །འོད་གསལ་ལྷ་རིགས་ས་སྐྱོང་རྒྱ་རི་བས་རྒྱལ་རབས་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་པར་དུ་བརྐོས་པའི་པར་བྱང་རྫོགས་ལྡན་རྩེ་དགའ་ཡོངས་བཞད་སྭསྟི་པྲཛྭ་བྷྱ༔ ངོ་མཚར་གཏམ་གྱི་སྦྱོར་བའི་འོད་ཟེར་གྱིས། །ཤེས་ལྡན་ཐོས་འཛིན་པད་དཀར་འདབ་མ་བརྒྱ། །རྒྱས་བྱེད་དེབ་ཐེར་སྔོན་མེད་རྟ་བདུན་ཅན། །རྫོགས་ལྡན་མགྲོན་དུ་འགུགས་པའི་གླེགས་བམ་འདི། །མཐོ་རིས་ལྡིང་ཁང་གསར་པའི་ཐེམ་སྐས་ལས། །བསོད་ནམས་སྟོབས་ཀྱིས་འོངས་པ་མི་ཡི་རྗེ། །གནམ་སའི་དབང་ཕྱུག་དཔྱོད་ལྡན་དགྱེས་པའི་ལྷ། །ས་སྐྱོང་ངག་དབང་དགའ་ལྡན་རབ་བརྟན་གྱིས། །


GLG016_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

འཛད་མེད་རྒྱ་མཚོར་འགྲན་པའི་ཆོས་སྦྱིན་པར། །གཏོང་བའི་ཕྱག་གིས་རིས་མེད་འགྲོ་བ་ལ། །སྤེལ་བར་རབ་བརྩོན་གོ་ཆ་ཆེར་བགོས་ཚེ། །ཐམས་ཅད་སྒྲོལ་ཡང་ཁེངས་པ་བཏང་སྟེ་འདར། །ཚུལ་འདིར་ངལ་བརྒྱའི་དཀའ་ཐུབ་དྲག་པོ་ཡིས། །རྩ་རི་དར་རྒྱས་ཀརྨ་དར་པོ་ཟུང་། །སོར་རྩེའི་ཟློས་གར་བསྒྱུར་ཚེ་དབང་པོའི་གཞུ། །འགྲན་ཟླར་བྱེད་སྙམ་མཁའ་ལ་བྲོས་པ་བཞིན། །ལྷག་བསམ་ཟླ་ལྟར་དཀར་བའི་དབྱུ་གུ་ཡི། །ཕྱོགས་འདིར་ཕན་པ་བསྒྲུབས་པའི་རྫ་རྔ་ཆེ། །བསྣུན་རྣམས་དོན་གཉིས་སྙན་པའི་གྲགས་སྙན་སྒྲ། །སྲིད་པའི་རྩེ་མོའི་བར་དུ་འབར་གྱུར་ཅིག །རྩོད་ལྡན་མུན་པའི་སྨག་རུམ་ཀུན་འཇོམས་པ། །རྫོགས་ལྡན་རྩེ་དགའ་རྒོད་པའི་ལུགས་གཉིས་ཁྲིམས། །སྔོན་བྱོན་ཆོས་རྒྱལ་དམ་པའི་རྣམ་ཐར་ཀུན། །དེང་འདིར་འབད་པ་མེད་པར་ལྷུན་གྲུབ་ཤོག །དག་པ་དོན་དམ་འགྱུར་བ་མེད་པའི་ཁམས། །གཅིག་ལས་དུ་མར་འཆར་བ་མཆུ་ཟླའི་གར། །སྲིད་ཞིའི་སྣང་བརྙན་བཀྲ་བའི་ཆོ་ག་མཁན། །ངོ་མཚར་རྒྱ་མཚོའི་འབྱུང་གནས་མི་ཕམ་མགོན། གསེར་མངལ་སོར་མོའི་སྒྱུ་འཕྲུལ་དྲྭ་བའི་གར། །རྨད་བྱུང་གཟུགས་སྐུའི་དཔྱིད་དུ་ལེགས་གྲུབ་དཔལ། །མཐོང་ཐོས་དྲན་དང་རེག་པས་ལུས་ཅན་ཀུན། །རྣམ་གྲོལ་མཆོག་གི་ས་ལ་འགོད་འདི་མཚར། །རྒྱལ་ཀུན་གསང་བ་རབ་འབྱམས་བཀོད་པའི་ཞིང་། །མཐའ་ཀླས་རྡུལ་གྱི་གངས་ལྡན་མཁའ་མཉམ་འགྲོའི། ཁམས་དང་དབང་པོར་ཉེར་འཚམ་མཛད་བཟང་ལས། །


GLG016_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་མཆོད་པའི་དུས་ཀྱི་དགའ་སྟོན་ཚེ། །རླབས་ཆེན་བསོད་ནམས་ཨུཏྤལ་དཀར་པོའི་ཚལ། །རྩེ་དགའ་ཁོང་ནས་རབ་རྒོད་འཛུམ་རླབས་ཅན། །བྱེད་པོར་སྐལ་བཟང་ཉེར་འཚོའི་ཟླ་ཤེལ་སྐུ། །འདྲེན་པའི་སྔོན་མེད་ཤིང་རྟ་འཁོར་ལོ་གང་། །ཁམས་གསུམ་ཅིག་ཅར་ཡོངས་འདེགས་སྟོབས་ལྡན་ལ། ཁ་ལོ་སྐྱེས་བུ་གཅིག་གིས་སྒྱུར་ནུས་པའི། །ཐབས་མཁས་འཕྲུལ་གྱི་ཚུལ་ལ་སྒྱུ་མ་མཁན། །སྐྱེད་བྱེད་རྨད་བྱུང་ཚར་དུ་དངར་བ་འདི། །རྣམ་དཔྱོད་དཔལ་གྱི་བེའུའི་རི་མོ་གང་། །སྙིང་གར་ཡོངས་སུ་འཁྱིལ་བའི་ཤེས་རབ་ཀྱི། །མཐའ་ཀླས་རྒྱ་མཚོ་ཆེ་ལས་ཉེར་བསྐྲུན་ཚེ། །ས་འདིར་ཁྱབ་འཇུག་གཉིས་པ་གཞན་ཡོད་མིན། །མྱུར་མགྱོགས་བགྲོད་པའི་རྩལ་ལྡན་འཁོར་ལོ་ཞིག །གངས་ལྡན་ར་བ་དཀར་པོར་གནས་སོ་ཞེས། །མ་བཟོད་རྟ་ལྗང་ཅན་དེ་ཆུ་ལྷ་མའི། །ཐུན་མཚམས་གོས་དམར་ཕག་ཏུ་གཟིམས་པ་བཞིན། །གླིང་བཞིར་མངའ་སྒྱུར་ས་དབང་རྒྱལ་པོ་ལ། །ཉེར་འོས་རྩིབས་སྟོང་འཁོར་ལོར་འགྲན་གཟོད་པ། །རྩོད་པའི་དུས་འདིར་མཆིས་ཞེས་ངོ་མཚར་གཏམ། །སྐབས་གསུམ་བདག་པོའི་མདུན་སར་ལྷ་རྣམས་གླེང་། །འཁོར་བའི་ཕ་མཐའ་འཚོལ་ལ་རིངས་པའི་འགྲོས། །རྣམ་བཞིའི་མཆོད་སྦྱིན་གཏོང་བའི་འཛད་མེད་སྒོ། །བརྒྱ་ཕྲག་ཕྱེ་བས་གཏན་བདེའི་ཡིད་བཞིན་ནོར། །ལེགས་བྱས་རྒྱལ་མཚན་རྩེ་མོཪ་མངོན་པར་བརྗིད། །དྲི་མེད་དགེ་ཚོགས་རྒྱུད་མང་སྙན་པོའི་སྒྲས། །སྲིད་ན་ཉམ་ང་རྒུད་པའི་གྲུ་གཟིངས་དག །


GLG016_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་དང་སྙིང་རྗེ་ཟུང་འཇུག་ཆུ་གཏེར་ཀློང༌། །དག་པ་དོན་དམ་དབྱིངས་སུ་རོ་གཅིག་ཤོག །སྒོ་གསུམ་རབ་འབད་རྟ་བདུན་གྱིས་དྲངས་པ། །ལེགས་བྱས་ཉི་མ་འབུམ་གྱི་སྣང་བའི་གཟིས། །གཏན་བདེའི་པདྨ་དཀར་པོའི་ཚལ་ཆེན་པོ། །ནམ་ཡང་བང་བཞད་པའི་རྩེ་དགའ་གཏོང་མིན་ཤོག །འདི་སྣང་འཁྲུལ་པའི་རང་བཞིན་ཨཱ་དརྴར། །གྲངས་མེད་སྡེ་བཞིའི་སྣང་བརྙན་རབ་འཆར་བ། །གཅིག་ཏུ་གཟིགས་མོར་མཚར་བའི་དགའ་སྟོན་གང་། །སྐལ་ལྡན་ཤིང་རྟའི་རྒྱུན་ལ་འགྲན་གྱུར་ཅིག །བདག་སོགས་མཁའ་མཉམ་རིས་བྲལ་སྐྱེ་རྒུའི་ཚོགས། །དགེ་བའི་རིན་ཆེན་མ་སྐས་ལ་འཛེགས་ནས། །མི་ཕམ་ཆོས་ཀྱི་འདུན་སའི་དགའ་ཚལ་དུ། །བགྲོད་དེ་རྣམ་པ་ཐམས་ཅད་མཁྱེན་གྱུར་ཅིག །ཅེས་ཆོ་འཕྲུལ་མཆོད་པའི་དུས་བྱམས་མགོན་གྱི་སྐུ་བརྙན་འགྲོ་བ་ཀུན་གྱི་སྣང་བྱེད་དུ་འདྲེན་པའི་ཤིང་རྟ་འཁོར་ལོ་ཙཱི་ཎའི་རྒྱལ་ཁམས་ཀྱི་འཕྲུལ་ལ་འགྲན་པར་བཟོད་པ་ཞིག་ལུགས་གཉིས་ལ་ལྟ་བའི་རྣམ་དཔྱོད་ཅན་བོད་སོག་གི་ལོ་ཙཱ་བ་མེར་གན་དཀའ་བཅུ་ཤེས་རབ་རྒྱ་མཚོས་བཀོད་པས་གྲུབ་པར་བྱས་ཚེ་དེ་ཉིད་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་བསྟན་འཛིན་དབང་རྒྱལ་ལོ། །བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ཧོར་སོག་ལ་ཉེ་བར་མཁོ་བའི་ཥ་ཡ་ཁྲིམས་ཡིག་གསར་རྩོམ་མཛད་རྩིས་ཀྱི་འགོ་རྒྱངས་མཆོད་བརྗོད་རྣམ་པར་རྒྱས་པའི་རྫ་རྔ་


GLG016_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱབཤྩཤནྟསྱཤུབྷཉྩསརྦཾཨིཤཱརཧེཏཱམཎིཙིནྟབཱརཾ། གྲཏྲཔྲབྷུརྨཱཀུཊཨཱདིནཱཐསརྦདྷུཨཱཤིཥྱསམུདྲད་ཏྟི། སྲིད་དང་ཞི་བའི་དགེ་ལེགས་ཐམས་ཅད་ཀྱི། །དབང་ཕྱུག་ཕན་བདེའི་ཡིད་བཞིན་ནོར་བུ་མཆོག །ཁྱབ་བདག་རིགས་ཀྱི་ཅོད་པཎ་དང་པོའི་མགོན། །དུས་རྣམས་ཀུན་དུ་བཀྲ་ཤིས་རྒྱ་མཚོ་སྩོལ། །རིང་མོ་ཉིད་ནས་ལན་བརྒྱར་ཡོངས་གོམས་ཚོགས་གཉིས་བསེར་བུའི་དྲི་བཞོན་རྒྱུད་ཀྱིས་ཉེ་བར་དྲངས་ལས་རཔ་འོངས་པ། །མཚན་དཔེའི་རང་སྣང་སྤྲུལ་སྐུའི་ཟློས་གར་མ་ལ་ཡ་ཡི་དྲི་བསུང་དངར་བ་དལ་བུས་བསྐྱོད་ལས་འཐུལ་བ་ཡིས། །བགྲངས་ཡས་སྐྱེ་རྒུའི་དུག་གསུམ་ཚ་གདུང་མཐའ་དག་རབ་བཅིལ་ཟག་མེད་བདེ་ཆེན་བསིལ་བའི་རེག་བྱ་སྦྱིན་མཁས་པ། །བླ་མེད་སྐུ་གསུམ་ཙནྡན་ལྗོན་པའི་བདག་ཉིད་གཅིག་པུ་སྟོབས་བཅུ་མངའ་བ་ཤཱཀྱ་སེང་


GLG016_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གེ་རྒྱལ་གྱུར་ཅིག །རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་འཇམ་དབྱངས་མི་ཡི་སྲིད་པ་ཡོངས་བཟུང་ངག་གི་ལྷ། །ཤེས་བྱ་ཀུན་ལ་རྣམ་དཔྱོད་བློ་གྲོས་གོམ་པ་གཅིག་གིས་མཁས་བཙུན་བཟང་པོའི་གདོང་ལྔས་བཏེག་པའི་ཁྲིར་འཛེགས་ནས། །འཆད་རྩོད་རྩོམ་པའི་འཛམ་བུ་ཆུ་བོའི་གསེར་སྦྱངས་འཁོར་ལོས་དམ་པའི་ཆོས་ཀྱིས་གླིང་བཞི་ཡོངས་འ་སྒྱུར་བ། །དུས་གསུམ་རྣམ་འདྲེན་རྒྱུ་སྐར་འཕྲེང་དབུས་མངོན་པར་མཐོ་བ་ནམ་མཁའི་ནོར་བུ་བཙོང་ཁ་པ་ལ་གུས་པས་འདུད། །ལུས་ཅན་རྣམས་ལ་རྗེས་སུ་རབ་ཆགས་གཏིང་མཐའ་ཡོངས་བྲལ་སྙིང་རྗེ་ཆེན་པོའི་ཆུ་གཏེར་ལས་འོངས་པ། །འཇིག་རྟེན་དབང་ཕྱུག་ཕྱག་ན་པད་དཀར་མཛད་བཟང་ཆ་ཤས་མ་ལུས་ཡོངས་སུ་གང་བའི་བསིལ་ཟེར་ཅན། །རྨད་བྱུང་ཐུགས་རྗེའི་འོད་ཀྱིས་མཐའ་འཁོབ་མུན་པ་རབ་འཇོམས་བསོད་ནམས་ཆེས་དཀར་སྣང་བ་ལེགས་སྩོལ་བ། །རྒྱ་མཚོའི་རླབས་ལྟར་ཡོལ་བ་མེད་པའི་འཕྲིན་ལས་དབང་ཕྱུག་ཞབས་ཟུང་རྐང་དྲུག་སྙིང་དབུས་ཟེ་འབྲུཪ་བཞུགས། །ཚེ་ཡི་དངོས་པོ་མཐའ་དག་འགྱུར་མེད་རྟག་པའི་རང་བཞིན་གཡུང་དྲུང་དུ། །ལྷུན་གྲུབ་མགོན་པོ་ཕྱག་ན་འཆི་བས་རབ་དབེན་བདུད་རྩིའི་བུམ་བཟང་ཅན། །གྲངས་མེད་སྐལ་བར་གཞོམ་ཞིག་དང་བྲལ་དངོས་གྲུབ་འབྲས་བུའི་དཔལ་སྟེར་བ། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡོངས་འདུའི་ལྗོན་ཤིང་གཙུག་ན་མཛེས། །བརྟན་དང་གཡོ་བའི་ཆོས་ཀྱི་


GLG016_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་སྣང་བརྙན་སྣ་ཚོགས་རི་མོའི་གཟུགས། །མཁྱེན་པའི་མེ་ལོང་དྲི་བྲལ་གསར་པར་འགོག་མེད་རྗེན་པར་འཆར་བ་ཅན། །འཛུམ་ལྡན་ཞལ་གྱིས་རིང་ནས་ལེགས་བསུས་ལུགས་གཉིས་གཙུག་ལག་བྱེ་བའི་མགྲོན། །འགུགས་མཁས་འཇམ་མགོན་ཟུཪ་ཕུད་ལྔ་པ་མགྲིན་པའི་རྒྱན་དུ་རྟག་བཞུགས་ཤིག །མཛེས་སྡུག་ལང་ཚོ་རྣམ་པར་རབ་རྒྱས་ཟུར་མིག་དག་དང་ལྷན་ཅིག་ཏུ། །རྒྱུད་ལས་ཡོངས་འཕོས་ཨུཏྤལ་དམར་པོའི་འདབ་ལྡན་ཤུགས་ཀྱིས་སྲིད་པ་གསུམ། །རབ་འགུགས་རྗེ་བཙུན་རིགས་བྱེད་དབང་མོས་སྲིད་ཞིའི་དགེ་ལེགས་མ་ལུས་པ། །ཐོགས་པ་མེད་པར་དབང་དུ་བསྡུས་ལ་སྙིང་གི་ཟེ་འབྲུར་གར་མཛོད་ཅིག །བསོད་ནམས་དཔྱིད་ཀྱི་མངལ་ལས་ལེགས་འོངས་རྫོགས་ལྡན་དབྱར་གྱི་དུས་སྟོན་ལ། །ལོངས་སུ་སྤྱོད་མཛད་མང་པོས་བཀུར་སོགས་འཁོར་ལོར་སྒྱུར་བའི་རྐང་འཐུང་འཕྲེང་། །བོད་ཡུལ་དགེ་བཅུའི་དཔལ་ལ་རབ་འགོད་མེས་དཔོན་གསུམ་སོགས་ལྷ་ཡི་རྗེ། །འཕགས་ཆེན་དམ་པ་བསམས་བཞིན་རྒྱལ་པོར་སྲིད་བཟུང་རྣམས་ནི་ཕྱག་གི་ཡུལ། །མེས་པོ་ཚངས་པའི་ལུང་གིས་རྒྱ་ཧོར་བོད་སོགས་འཛིན་མའི་གཞིར། །ལེགས་བྱས་ཤེ་མོང་དཔུང་ཤུགས་དྲག་པོས་རང་གིར་དབང་བསྡུས་པས། །ལངྐའི་བདག་པོ་འདར་བར་བྱེད་པའི་དཔའ་མཛངས་རྟུལ་ཕོད་ཅན། །སེ་ཆེན་གན་སོགས་ཉི་འོག་རྒྱལ་ཕྲན་ཡོངས་ཀྱི་གཙུག་ན་མཛེས། །བསོད་ནམས་ཉིན་བྱེད་སྟོང་


GLG016_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཟི་བརྗིད་ཀྱིས། །རྩོད་པའི་མུན་པ་མཐར་བསྐྲད་རྫོགས་ལྡན་དཔལ། །སྣང་བ་གསར་པས་ཁྱད་པར་སའི་ཚངས་པ། །བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་གཏམ་འདི་ཉོན། །ཞེས་པ་སྙན་པའི་ཚིག་གིས་སྔུན་བསུས་ཏེ་རང་ཅག་མཐའ་ཡས་པའི་འགྲོ་བ་མ་ལུས་པ་ལ་ཕན་པ་དང་བདེ་བ་འབྱུང་བའི་སྒོ་དམ་པ་ནི་དགེ་བ་བཅུ་སྤྱོད་པ་དང་མི་དགེ་བ་བཅུ་སྤོངས་བའི་བླང་དོར་གྱི་གནས་ལ་ཚུལ་བཞིན་དུ་སྤྱོད་པ་གཙོ་བོར་མཆིས་ཤིང་། དེའི་རྒྱུ་མཚན་གྱིས་འགྲོ་བ་རྣམས་དགེ་བ་བཅུ་མཐའ་དག་ལ་སྤྱོད་པའི་ཚེ་རྫོགས་ལྡན་གྱི་བསྐལ་བ་ཞེས་བྱ་བ་ཚེ་ལོ་བརྒྱད་ཁྲི་ཐུབ་ཅིང་ལོངས་སྤྱོད་དཔལ་འབྱོར་ཡང་དེ་དང་མཚུངས་པའི་ལེགས་བྱས་ཀྱི་དངོས་པོ་ཟད་མི་ཤེས་པ་བྱུང་བའི་རྒྱུ་མཚན་དེས་ན་རྒྱུ་དང་འབྲས་བུའི་ཚུལ་ལ་འགྱུར་མེད་ཀྱི་ངེས་པ་བརྟན་པོས་ཡིད་དྲངས་ཏེ། ཡངས་པའི་ནོར་འཛིན་གྱི་གཞི་ཆེན་པོར་འཁོད་པའི་སྐྱེ་རྒུ་མཐའ་དག་བདེ་བ་ནས་བདེ་བར་ལོངས་སྤྱོད་པའི་ཆེད་དུ་ཁྲིམས་སུ་བཅའ་བའི་དྲན་ཐོ་མཆོག་དམན་ཀུན་གྱི་ཡིད་ཀྱི་མེ་ལོང་གཙང་མའི་ངོས་སུ་འཆར་བ་ནི། སྤྱིར་རྫོགས་ལྡན་གྱི་བསྐལ་པ་ལ་མང་པོས་བཀུར་བ་སོགས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིམ་པར་བྱོན་པ་ནས་བཟུང་། རྩོད་ལྡན་གྱི་དུས་སུ་ཡང་འཕགས་ཡུལ་རྒྱ་ཧོར་བོད་སོགས་ཡུལ་གྲུ་མང་པོར་ཆོས་ལྡན་གྱི་རྒྱལ་པོ་གྲངས་མེད་པ་བྱུང་བ་ནི་ལོ་རྒྱུས་སོ་སོར་གསལ་བས་འདིར་སྨོས་མ་དགོས། འདིར་རང་རེའི་བྱུང་ཚུལ་འོད་གསལ་ལྷ་ལས་ཆད་པ་དང་། ཆོས་སྐྱོང་རྒྱལ་པོའི་བརྒྱུད་པ་


GLG016_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་བྱུང་བའི་དེབ་ཐེར་གཏམ་རྒྱུད་སུ་གླེང་བ་མ་མཆིས་ཀྱང་། །བྱང་ཕྱོགས་ཧོར་གྱི་ཡུལ་གྲུའི་ཡ་གྱལ་ཨོ་རོད་ཚོ་པ་བཞིར་གྲགས་པའི་ནང་ཚན་ཧོར་ཤོད་ཅེས་པ་འབངས་ཁྲི་ཕྲག་དུ་མར་མངའ་སྒྱུར་བའི་རྗེ་བོའི་རིགས་སུ་བཙས་མ་ཐག་པ་ནས་མཚན་མཁན་རྣམས་ཀྱིས་འདི་ནི་ཐར་པ་བླ་ན་མེད་པའི་འབྱོར་བ་ལ་སྤྱོད་པའམ། ཡང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བ་ཉིད་དོ་ཞེས་སླུ་མེད་ཀྱི་འབྲས་བུ་འབྱུང་བའི་ལུང་བསྟན་གྱི་འཕྲེང་བས་བསྔགས། སྣང་སྲིད་ཀྱི་བདུད་ཚོགས་མ་ལུས་པ་ཟིལ་གྱིས་གནོན་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཟབ་གཏེར་མཐའ་ཀླས་པའི་ལུང་བསྟན་ཏམྦུ་རའི་རྒྱུད་ལས་ཉེ་བར་འོངས་པར་གསང་བའི་བདག་པོ་མིའི་ཟློས་གར་ཅན་དུ་བསྟན་ཅིང་། ནམ་ཡང་མི་ཕྱེད་མཛའ་བས་ཡིད་གཅུགས་པའི་རྣམ་དཀར་གྱི་ལས་ལ་བག་ཆགས་བཟང་པོས་ན་ཚོད་ཕྲ་མོའི་དུས་ནས་དགེ་སྡིག་གི་བླང་དོར་གཞན་ཕན་གྱི་ལྷག་བསམ་སོགས་འབད་པ་མེད་པར་ཡིད་ལ་ཤར། །དོན་དེ་ཉམས་སུ་བསྟར་བར་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་མ་སྨད་པར་གྱོན་པས་མཐོ་རིས་ཀྱིས་རྩེ་མོ་ནས་འཆར་བའི་སྔོན་མེད་པའི་ཉི་མ་ནི་ཁྱོད་ཉིད་དོ་ཞེས་འཇིག་རྟེན་གྱི་མེས་པོ་ཚངས་པས་སྤྱི་བོ་ནས་དབང་བསྐུར་ཏེ་སྟོང་སྤྱི་ཕུད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གནམ་གྱིས་བསྐོས། དམིགས་པ་མེད་པའི་སྙིང་རྗེ་ཆེན་བོའི་རང་ཤུགས་ཀྱིས་ཁར་ཁ་ཨོ་རོད་ཀྱི་གཞུང་འཁྲུགས་པའི་སྲིན་པོ་མི་ཡུལ་དུ་རྒྱུ་བའི་སྤྱོད་ཚུལ་ལྟ་བུར་ལུས་སྲོག་ལ་མ་བལྟས་པར་ཁར་ཁའི་ཁྲོད་དུ་ཚམ་ཚོམ་མེད་པར་ཕྱིན་ནས་


GLG016_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་བསམ་གྱིས་ཁ་ཏས་གཞུང་འདུམས་པར་བགྱིས་ཏེ། ད་ལྟའི་བར་དུ་རྫོགས་ལྡན་གྱི་པདྨ་རྒོད་པའི་བཞིན་རས་ལྟ་བུར་བདེ་འཇགས་ཀྱི་དར་དཀར་ཡུག་ནི་སྲིད་རྩེའི་བར་དུ་བརྐྱངས། ངང་ཚུལ་དེ་ལ་ཁར་ཁའི་རྒྱལ་པོ་བློན་འབངས་རྣམས་ཀྱང་རྗེས་སུ་ཡི་རང་སྟེ་ཏཱའི་གུ་ཤྲི་ཞེས་ཆེན་པོའི་མིང་དང་སྙན་པའི་གཏམ་གྱིས་དྲིལ་བསྒྲགས། ཀུན་མཁྱེན་བླ་མ་བཙོང་ཁ་པ་ཆེན་པོའི་བསྟན་པ་འབའ་ཞིག་གཅེས་པར་བཟུང་བའི་བློ་སྟོབས་ཀྱིས་དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀྱི་བདུད་རྩི་སྙིང་ལ་ཞུགས་པས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་ཐབས་མཐའ་དག་འབད་པ་མེད་པར་ལྷུན་གྱིས་གྲུབ། མེ་མོ་གླང་གི་ལོ་ལ་དཔུང་ཚོགས་བྱེ་བ་ཕྲག་བརྒྱ་བཤམས་ཏེ་མེ་ཏོག་མདའ་ཅན་དང་ཚངས་པར་མཚུངས་པར་སྤྱོད་པའི་ཆོག་ཐུ་དཔོན་གཡོག་གཏིང་སེལ་གཙང་བར་ཚར་བཅད། ཤར་ཕྱོགས་དབང་པོའི་མཐར་ཐུག་པའི་རྒྱལ་ཁམས་མཐའ་དག་ཆབ་འོག་ཏུ་བཅུག །ནོར་འཛིན་བུ་མོ་ཡང་འདོད་པ་འཇོ་བའི་མངལ་ཁུར་གྱིས་དུད། རིམ་གྱིས་དབུས་གཙང་ནོར་འཛིན་གྱི་ལྗོངས་སུ་སོན་ཏེ་བོད་ཡུལ་གྱི་ལྟེ་བ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཀུན་མཁྱེན་ཉི་མའི་གཉེན་དང་དབྱེར་མ་མཆིས་པའི་ཇོ་བོ་ཤཱཀྱ་མུ་ནིའི་སྤྱན་སྔར་ཏ་ལའི་བླ་མ་བཛྲ་དྷ་རས་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མིང་གི་ལུང་ལས་གནང་སྟེ་མངོན་པར་མཐོ། ཡོས་ནང་དུ་ཡན་ལག་རྣམ་བཞིའི་དམག་གི་དཔུང་ཚོགས་མདོ་ཁམས་ཀྱི་ཕྱོགས་སུ་བཤམས་ཏེ་སྟོབས་འབྱོར་གྱི་


GLG016_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པས་མྱོས་པའི་བེ་རེ་དཔོན་པོ་མངའ་འབངས་མཐའ་དག་ཆབ་འོག་ཏུ་བཅུག །རྗེ་བོ་ངན་པ་གནས་ནས་དབྱུང་མདོ་ཁམས་སྒང་གསུམ་མཐའ་དག་དབང་དུ་བསྡུས་ཀྱང་རང་ཉིད་གཅིག་པུ་མངོན་པར་མཐོ་བའི་བདེ་བ་ཉེ་བར་སྤངས་ཏེ་ཆོག་ཤེས་པ་ངོ་ཚ་ཁྲེལ་ཡོད་དང་ལྡན་པའི་ངང་ཚུལ་གྱིས་ཕྱོགས་དེའི་གྲུབ་མཐའ་རིས་མེད་ཀྱི་བླ་དཔོན་གནས་ནས་དབྱུང་བ་མཐའ་དག་རང་གནས་སུ་བསྐྱལ། ལྕགས་མོ་སྦྲུལ་ལ་གནམ་ས་འགུལ་བ་ཙམ་གྱི་དཔུང་ཚོགས་ཉང་སྨད་བསམ་གྲུབ་རྩེའི་མདུན་དུ་ཕབ། དབུས་གཙང་ཁྲི་བསྐོར་བཅུ་གསུམ་མཐའ་དག་རང་ཞབས་སུ་བཅུག །ཕན་ལན་ལོག་པར་སྒྲུབ་པའི་ཀར་སྲིད་རྣམས་ཀྱིས་བྱེད་སྤྱོད་དུག་སྦྲུལ་སྒོང་ཁྱེར་དང་མཚུངས་པ་ལ་ཡལ་བར་མི་འདོར་བའི་དགྲ་གདུགས་ཚ་བ་ནས་ཤར་ཕྱོགས་ཀོང་པོའི་ཡུལ་གྲུ་མཐའ་དག་དཔུང་ཤེད་ཀྱིས་བཅད། སྔར་དཔལ་ལྡན་ས་སྐྱ་པ་དང་ཡར་ཀླུངས་རྒྱལ་པོ་གཉིས་ཀྱི་མངའ་འོག་ཏུ་མ་འདུས་པའི་སྟོད་མངའ་རིས་ཁྱུང་རྫོང་དཀར་པོ་ནས་བཟུང་ལྷོ་རྒྱ་གར་གྱི་གྲོང་ཁྱེར་རྩ་མཆོག་ཚུན། སྨད་ཁམས་ཀོང་མདོ་སྨད་བར་གྱི་ཡངས་པའི་ས་ཐམས་ཅད་དབང་དུ་བགྱིས་པའི་བསོད་ནམས་ཀྱི་ཆེ་བས་འཇིག་རྟེན་ན་ནད་མེད་ཅིང་ཚེ་ཡང་རིང་དུ་ལྷག་པའི་མཚན་མ་བཟང་པོ་ཐོབ། རྫོགས་ལྡན་གཉིས་པའི་དགའ་སྟོན་ལ་མཛད་པ་མེད་པར་ལོངས་སྤྱོད་པའི་དུས་འདིར་བོད་ཀྱི་ཁྲིམས་ཡིག་སྔོན་བྱུང་བ་རྣམས་པས་གསར་དུ་བཟོ་བཅོས་མ་དགོས་ཤིང་། རང་རེ་ཨོ་རོད་ཀྱི་སྡེ་འདིར་སྔོན་ཆད་ཁུངས་ལྡན་གྱི་ཁྲིམས་ཡིག་ཞིག་མ་མཆིས་པས་གསར་དུ་


GLG016_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲུན་པ་ལ། །ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ལ་དམ། །རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྗིད་ནོན་ཆེ། །རང་ཁྲིམས་ཐེག་པ་ཁུར་བླངས་ཡོན་ཏན་ལྡན་ཞེས་པ་གསུམ་ཟུང་འབྲེལ་དུ་ཚང་དགོས་ཤིང་། དེ་ཡང་ཁྲིམས་མེད་གཙོ་བོར་བྱས་ན་འབོད་པ་སུ་ལ་རྒྱག་ཟེར་བ་ལྟར་བཅུ་དཔོན་ཙམ་ཞིག་ཡིན་ཡང་སྤྱི་སྙོམས་ཤིང་ཉེ་རིང་ཆུང་བ། བསམ་པ་ཆེ་ཞིང་བྲན་འཁོར་མཐའ་དག་བདེ་བར་སྐྱོང་བ་ཞིག་དགོས། གཡོག་ས་ནས་ཀྱང་གོང་སར་དད་ཞེན་ཚུད་པའི་དཔོན་གདུང་རབས་དང་གཡོག་མི་རབས་འདེད་པའི་དཔེ་ལྟར་གསེར་གཞོང་མར་ཁུས་ཁེངས་པ་ལྟ་བུའི་སྙིང་ཐོག་ཏུ་སྙིང་ཁེལ་བ། དཔོན་གྱིས་བསྐོས་པའི་སྣེ་མོ་ལས་འཛིན་རྣམས་ཀྱང་དཔོན་པོ་ལ་མངོན་ཤེས་མེད་པ་གཞིར་བཞག་སྟེ་ཁ་མཛེས་ཤིང་གཏིང་རང་འདོད་ཁོ་ན་ལྷུར་ལེན་པ་མ་ཡིན་པའི་མི་ཆོས་སྒོར་འཇུག་པ་ལ་རང་བནྡེ་གཙང་མ་ཟེར་བ་ལྟར་རང་གིས་ཁྲིམས་ཐུག་པའི་དཀོན་ཅོག་མི་ཁྲེལ་བ་ཞིག་དགོས་པས། མདོར་ན་དགྲ་འདུལ་བ་དྲག་པོ་དཔུང་བཾང་གི་སྦྱོར་བ་བཤམས་ཚུལ། གཉེན་སྐྱོང་བ་ཞི་བ་ཐབས་མཁས་ཀྱིས་སྤྱོད་ཚུལ། ངན་པ་རེངས་སུ་མི་འཇུག་ཅིང་བཟང་པོ་གཟེངས་སུ་བསྟོད་པ་སོགས་ཉེ་འགྱངས་མེད་པར་ས་ལ་དྲང་པོའི་ཐིག་འདེབས་པའི་ཁྲིམས་ཡིག །ཉི་ཟླ་མཁའ་ལ་འཆར་བ་ལྟར་ཉེ་རིང་མེད་ཅིང་གསེར་གྱི་གཉའ་ཤིང་ལྟ་བུར་རྩི་བའི་ཞལ་ཆེའི་ལག་ལེན་གྱི་རིམ་པ་བྲི་བ་ལ། བྱང་ཕྱོགས་ཧོར་སོག་གི་གཞུང་བདེ་བར་བྱེད་པའི་ཡིག་དན་གྱི་དོན་མི་འགྱུར་བའི་དཔང་པོ་མཆོག་གསུམ་


GLG016_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་གསོལ་བ་བྱམས་བརྩེའི་ཞགས་པ། རྣམ་འདྲེན་ཀུན་གྱི་ཡབ་གཅིག་འཇམ་དཔལ་དབྱངས། །མཚམས་སྤྲིན་བླ་གོས་གསར་པའི་ཟློས་གར་ཅན། །ཁམས་གསུམ་འགྲོ་ཀུན་བླ་མ་བཙོང་ཁ་པ། །དུས་གསུམ་རྒྱལ་བའི་གཙོ་དེས་དགེ་ལེགས་སྩོལ། །འཆི་མེད་དཔལ་སྟེར་བཅོམ་ལྡན་ཚེ་དཔག་མེད། །ཁམས་གསུམ་དབང་དུ་སྡུས་པ་རིགས་བྱེད་མ། །སྲིད་ཞིའི་འདོད་པ་འཇོ་བ་ཛམྦྷ་ལ། །ལྷ་མཆོག་རྣམས་ཀྱིས་དངོས་གྲུབ་ཆར་ལྟར་ཕོབ། །བསྟན་དང་བསྟན་འཛིན་སྦྱིན་པའི་བདག་པོར་བཅས། །ལེགས་པར་མགོན་སྐྱབས་མཛད་པ་སྲུང་མའི་གཙོ། །འཇམ་དབྱངས་གཤིན་རྗེ་གཤེད་པོ་ཆོས་ཀྱི་རྒྱལ། །དམར་ཟླུམ་སྤྱན་གྱིས་ལེགས་ཉེས་གསལ་བར་གཟིགས། །ཕུང་ཀྲོལ་ཁོན་དང་རྩོད་པ་ཞི་བའི་ཕྱིར། །མཉེས་གཤིན་མཛའ་བར་དམ་བཅའི་ཡིག་དན་ལྟར། །ཚུལ་བཞིན་འགྲུབ་ཅིང་སྒྲུབ་རྣམས་སྲུང་སྐྱོབ་དང་། །ལོག་པར་འཁུ་བའི་ཚོགས་རྣམས་ཚར་ཆོད་ཅིག །གནོད་སྦྱིན་འཛིན་མར་འཁོད་པའི་སྐྱེ་རྒུ་རྣམས། །ངལ་གསོར་བྱེད་པ་གཏན་མདུན་རིན་ཆེན་སྟེགས། །བདེ་སྐྱིད་དགའ་སྟོན་དཔལ་ལ་ལོངས་སྤྱོད་པའི། །བདེན་ཚིག་འགྲུབ་པར་མཛོད་ཅིག་མཆོག་གསུམ་ལྷ། །ཕུན་ཚོགས་ལེགས་བྱས་བྱེ་བའི་འོད་སྟོང་གིས། །བསྟན་འགྲོའི་ཕན་བདེའི་སྣང་བ་རབ་གསལ་བ། །བདེ་ལེགས་རྒྱ་མཚོའི་སྒོ་འཕར་ཕྱོགས་ཀུན་ཏུ། །རྣམ་པར་འབྱེད་པའི་དཔལ་དེས་ཁྱབ་གྱུར་ཅིག །རྨད་བྱུང་ཐུབ་བསྟན་དར་བ་ཁ་བའི་ལྗོངས། །དགེ་བཅུའི་ཡོན་ཏན་ཀུན་ཚང་སྐྱིད་ཤོད་མཐིལ། །སྡེ་


GLG016_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་མངོན་མཐོ་བོད་ཡུལ་རྡོ་རྗེ་གདན། །འབུམ་ཕྲག་གྲོང་ཁྱེར་ལྡན་པ་ཡུལ་གྱི་ལྗོངས། །སྐར་ཚོགས་ས་ལ་འཕོས་འདྲའི་གྲོང་ཁྱེར་མཆོག །གནམ་ལ་འཁོར་ལོ་རྩིབས་བརྒྱད་གདུགས་ལྟར་ཕུབ། །ས་གཞི་པད་འདབ་བརྒྱད་པའི་ཚུལ་གྱིས་བརྟེན། །ཕྱོགས་མཚམས་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཛེས་ཤིང་། །གྲངས་མེད་དགེ་མཚན་ཚོགས་ཀྱིས་བསྐོར་བའི་དབུས། །སྤྱན་རས་གཟིགས་དབང་གངས་ཅན་ལྗོངས་ཀྱི་རྗེར། །བསམས་བཞིན་སྲིད་བཟུང་སྲོང་བཙན་སྒམ་པོ་ཡི། །ཐུགས་རྗེའི་སྒྱུ་འཕྲུལ་གར་ལས་ལེགས་གྲུབ་པ། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་བཟང་འདིར། །སྔོན་ཚེ་འཕགས་པའི་ཡུལ་དུ་ཤཱཀྱའི་ཏོག །ཟས་གཙང་སྲས་ཀྱིས་མུ་སྟེགས་རབ་བཏུལ་བའི། །ངོ་མཚར་བཀོད་པ་རྒྱ་མཚོའི་དགེ་མཚན་རྣམས། །གངས་ཅན་འགྲོ་བའི་དཔལ་དུ་སྐྲུན་མཛད་པ། །བློ་གྲོས་མཆོག་གིས་སྐལ་བ་བཟང་པོ་རུ། །སྒྱུར་མཁས་འཇམ་མགོན་བླ་མ་བཙོང་ཁ་པས། །ཆོ་འཕྲུལ་མཆོད་པའི་མཛད་ཆེན་རབ་སྤེལ་དུས། །ལུས་ཅན་རྣམས་ཀྱི་བསོད་ནམས་ཞིང་མཆོག་ཏུ། །སངས་རྒྱས་དངོས་དང་ཁྱད་པར་མ་མཆིས་པར། །ཞལ་གྱིས་བཞེས་པ་ཤཱཀྱ་མུ་ནི་སོགས། །རྒྱལ་དང་དེ་སྲས་སྣང་བརྙན་གྲངས་མེད་ཅིང་། །རྒྱ་ཆེན་མང་ཐོས་ལུང་གི་ཡོན་ཏན་དང་། །མངོན་རྟོགས་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་པ། །ཕྱོགས་བཅུའི་དགེ་འདུན་འདུས་པའི་ཚོགས་རྣམས་ཀྱིས། །དྲི་མེད་སྨོན་ལམ་དག་པས་མཚན་པ་དག་པས་མཚམས་སྦྱར་བ། །ཕུན་སུམ་


GLG016_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་དུས་ཆེན་འདི་ཉིད་ལ། །ལུས་ངག་ཡིད་ཀྱིས་བསགས་པའི་དགེ་བའི་ཚོགས། །ཅུང་ཟད་བགྱིས་ཀྱང་གྲངས་མེད་བསོད་ནམས་ཀྱི། །དངོས་པོ་ཟད་པ་མེད་ཕྱིར་འབད་པར་རིགས། །ཞེས་པ་འདི་ཡང་སྨོན་ལམ་ཆེན་མོའི་དམ་བཅའི་སྐབས་མ་ཎི་བསྐུལ་རྒྱུའི་འགོ་རྒྱངས་ཞིག་དགོས་ཞེས་བྱམས་གླིང་པ་མ་ནི་བ་དཀོན་ཅོག་བློ་གྲོས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་གྱི་སྒྲུབ་མཆོད་ཆས་ཞུགས་ཁང་། བསྐང་གསོ་གཏོར་ཟློག་གནས་ཟླ་བ་ངོ་རེ་དང་། དུས་རིམ་ཆེ་ཆུང་སོགས་ལ་མཁོ་བའི་ཉེར་དཔྱད་གྲྭ་ཚང་རང་དུ་རྩིས་སྤྲད་པའི་དེབ་ཀྱི་མཆོད་བརྗོད་འཛད་མེད་འདོད་རྒུའི་ཆར་ཆེན། སྭསྟི་སིདྡྷ། ངོ་མཚར་མཚན་དཔེའི་ཆ་ཤས་མ་ལུས་ཡོངས་སུ་རྫོགས་པའི་འོད་ཟེར་གྱིས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོའི་ཀུནྜའི་ཚལ་རབ་རྒྱས་པ་ལས། །གྲངས་མེད་ཕན་བདེའི་འདབ་སྟོང་འཛུམ་པའི་ཟེ་འབྲུ་གཡུར་དུ་ཟ་བ་ཡི། །ལུས་ཅན་རྐང་དྲུག་དགའ་སྟོན་འཕེལ་མཛད་ཤཱཀྱ་སེང་གེ་རྒྱལ་གྱུར་ཅིག །ཁྱུ་རུའི་ལྷུན་པོ་འབུམ་ཕྲག་ཉི་འོད་ཀྱིས། །མངོན་པར་ཀླུབས་ལ་གར་དགུའི་ཉམས་ལྡན་པ། །སྔོན་མེད་ས་འཛིན་དབང་པོ་ཚོགས་ཀྱི་བདག །གང་གིས་འདོད་རྒུའི་དཔལ་འབྱོར་ཆར་དུ་ཕོབ། །རྣམ་ཀུན་མཆོག་ལྡན་བདེ་ཆེན་ངང་ཉིད་ལས། །ཐོས་བསམ་བཤད་སྒྲུབ་བསྟན་པ་སྤེལ་བའི་ཕྱིར། །གནོད་སྦྱིན་དབང་པོའི་སྐུར་སྤྲུལ་རྣམ་ཐོས་སྲས། །དཔལ་ལྡན་རྒྱལ་པོ་ཆེན་པོས་ཤིས་པར་མཛོད། །སྣ་ཚོགས་བརྗོད་པ་ནམ་མཁའི་གླང་པོ་ལས། །


GLG016_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་འཛད་པ་མེད་པ་ཚིག་གི་ཆར། །རབ་དཀར་ཤོག་བུའི་ནོར་འཛིན་ལྟོ་བ་ན། །ཡི་གེའི་རྐང་འཐུང་འཕྲེང་བ་འཁྲིག་པ་བཞིན། །སྤྱི་བཀའ་དང་ཟུར་བཀའི་དབང་རྗེས་གནང་གི་ཆས་དང་། །ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཕུར་སྒྲུབ། གཤིན་རྗེའི་ཟོར། མདོས་བསྐང་མནན་སྲེག་སོགས་ཀྱི་དགོས་བྱེད་གལ་ཆེ་བ་མཆོད་དཔོན་བློ་བཟང་མཐུ་སྟོབས་ལ་རྩིས་སྤྲད་པའི་དེབ་ཀྱི་མཆོད་བརྗོད་འཛད་མེད་ནམ་མཁའ་གཏེར་མཛོད། སྭསྟི་པྲ་ཛྭ་བྷྱ༔ རྣམ་ཀུན་མཆོག་ལྡན་མི་འགྱུར་བདེ་ཆེན་བླ་ན་མེད་པའི་ཟིལ་དངར་ལ། །བརྟེན་ནས་བདུད་བཞིའི་འཆི་བའི་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་པ། །མཐའ་ཡས་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་སྐབས་གསུམ་པ་ཡི་བདག་ཉིད་ཅན། །ཁ་སྦྱོར་བདུན་ལྡན་རྗེ་བཙུན་བླ་མ་གསེར་མངལ་ཅན་དེ་ཕྱག་གི་ཡུལ། །རབ་དམར་ལྕགས་ཀྱུས་སྲིད་ཞིའི་ལེགས་ཚོགས་ཀུན། །ཅིག་ཅར་འགུགས་ནུས་ཁྲོ་ཆགས་སྒེག་མོའི་གཟུགས། །དྲན་པ་ཙམ་གྱིས་འདོད་རྒུའི་དཔལ་སྩོལ་བ། །བཅོམ་ལྡན་རིགས་བྱེད་ལྷ་མོས་དུས་ཀུན་སྐྱོངས། །གཟི་བརྗིད་ཉི་མའི་སྣང་བ་མི་འགོག་ཅིང་། །ཕུན་ཚོགས་དཔལ་འབྱོཪ་ཆཪ་རྒྱུན་རྟག་འབབ་པའི། །སྔོན་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་བརྒྱ། །འབྱེད་མཁས་རྣམ་ཐོས་སྲས་དེས་ཤིས་པར་མཛོད། །འཇམ་དཔལ་ཁྲོ་བོའི་སྒྱུ་འཕྲུལ་རོལ་གར་ལས། །སྣང་སྲིད་དྲེགས་པའི་སྡེ་དཔོན་སྐུར་སྟོན་པ། །གནོད་སྦྱིན་བཤན་པ་བེག་རྩེ་ལྕམ་དྲལ་གྱིས། །འགལ་རྐྱེན་བསོལ་ལ་དངོས་གྲུབ་ཆར་ལྟར་ཕོབ། །


GLG016_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དཀར་ཤོག་བུའི་རིན་ཅེན་ཡངས་པའི་སྣོད། །རྨུགས་འཛིན་ལོངས་སྤྱོད་འཁྱིལ་བ་ཡི་གེའི་འཕྲེང༌། །ཚིག་གི་སྲད་བུར་བརྒྱུད་དང་ལྷན་ཅིག་ཏུ། །རི་མོ་གསུམ་པའི་རྒྱུད་མངས་སྒྲ་དབྱངས་འཁྲོལ། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་རྟེན་གསུམ་སྔགས་ཆས་སྙན་དར་རོལ་མོ་འཕན་གདུགས་བླ་བྲེ་ཡོལ་བ་གོ་ཁྲབ་དཀར་སྡེར་དཔྱད་ཚོགས་གུར་སོགས་སྤྱི་རྫས་དེབ་འཁོད་ཀྱི་མཆོད་བརྗོད་རྨུགས་འཛིན་བང་མཛོད་འབྱེད་པའི་ལྡེ་མིག །སྭསྟི་པྲ་ཛྭ་བྷྱ༔ སྲིད་དང་ཞི་བའི་དགེ་ལེགས་ཀུན་གྱི་གཏེར། །འདོད་པའི་རེ་བ་ཡོངས་སྐོང་དབང་གི་རྒྱལ། །རྩ་བརྒྱུད་བླ་མ་ཡི་དམ་སྲུང་མ་ཡིས། །ཕུན་ཚོགས་བཀྲ་ཤིས་དཔལ་གྱིས་སྐྱོང་གྱུར་ཅིག །རྒྱལ་ཀུན་མི་འགྱུར་བདེ་སྟོང་ཟུང་འཇུག་གར། ཁྲོ་ཆགས་བཅུ་དྲུག་ལང་ཚོར་ལེགས་ཤར་བས། །བརྟན་གཡོའི་ཆོས་ཀུན་དབང་དུ་སྡུད་བྱེད་པ། །བཅོམ་ལྡན་རིགས་བྱེད་ལྷ་མོས་དགེ་ལེགས་སྩོལ། །ཉིན་བྱེད་འབུམ་གྱིས་འཁྱུད་པ་གསེར་བཞུན་རི། །གར་དགུའི་ཉམས་ཀྱིས་རོལ་པའི་འཇོ་སྒེག་ཅན། །འདོད་རྒུའི་ལོངས་སྤྱོད་ཆར་དུ་སྙིལ་མཛད་པ། །གནོད་སྦྱིན་དབང་པོ་རྣམ་ཐོས་སྲས་དེས་སྐྱོངས། །རབ་ཏུ་རྔམས་པ་མི་བཟད་སྲིན་པོའི་ཞལ། །ལོག་འདྲེན་དགྲ་ལ་གདངས་པའི་ཁྲོ་གཏུམ་ཅན། །སྲོག་བདག་བཤན་པ་བེག་རྩེ་ལྕམ་སྲིང་དེར། །སྤྲུལ་པའི་ཆོས་རྒྱལ་འཁོར་དང་བཅས་པས་སྲུངས། །རྣམ་པར་རྒྱལ་བ་རྡོ་རྗེ་ཐེག་པ་ལ། །བརྟེན་ནས་ཕན་བདེའི་ལེགས་ལམ་བྱེ་བའི་སྒོ། །བཤད་དང་སྒྲུབ་པའི་ཚུལ་གྱིས་རབ་འབྱེད་པ། །


GLG016_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་འཆང་བའི་ཁྲིམས་ལྡན་འདུས་སྡེའི་གླིང་། །གང་གི་རྟེན་གསུམ་མཆོད་དང་དམ་ཚིག་རྫས། །ཉེ་བར་མཁོ་བའི་ཡོ་བྱད་ལ་སོགས་པ། །དཀར་འཇམ་ཤིང་གི་མ་མའི་ཡོལ་གོའི་ནང་། །མི་ཟད་ཡི་གེའི་ནོར་བུ་གཡས་སུ་འཁྱིལ། ཨོཾ་སྭ་སྟིཔྲཛྙཱབྷུ༔ ཟུང་འཇུག་མི་ཟད་གསང་བ་འཁོར་ལོའི་མཛོད་། །མཚན་དཔེའི་སྣང་བ་དར་ལ་འབབ་པའི་དཔྱིད། །དཔལ་ལྡན་སྐུ་བཞིའི་འབྱོར་པར་དབང་བསྒྱུར་བ། །ལྷུན་གྲུབ་འཇམ་མགོན་བླ་མ་ཕྱག་གི་ཡུལ། །བློ་བཟང་གྲགས་སྙན་བསྟན་པ་མལླིཀ ། རྣམ་དཔྱོད་རྒྱན་དུ་སྤུད་པའི་ངོ་མཚར་གྱི། །དུས་གསུམ་རྒྱལ་རྣམས་གཟིགས་མོར་གཡེང་བ་ལ། །མེ་ཏོག་ཕལ་ཆེར་འཛུམ་ཞིང་དགོད་པ་འདྲ། །སྐྱེས་རབས་ཡོངས་འདུའི་ཕྲེང་མཛེས་དགའ་ཚལ་ན། །མཁས་བཙུན་བཟང་པོའི་ཡལ་འདབ་གཡུར་ཟ་ཞིང་། །སྐུ་གསུམ་རོ་བརྒྱའི་འབྲས་བུ་ལེགས་སྨིན་པ། །སྔོན་མེད་ལྗོན་ཤིང་དབང་པོ་ཁྱོད་མིན་སུ། །མགོན་ཁྱོད་ཟག་མེད་དགའ་བཞི་ཡོངས་རྫོགས་པས། །མཁའ་སྦྱོར་བདུན་ལྡན་གནས་འདིར་མངོན་གྱུར་ཕྱིར། །འདི་ལས་གཞན་དུ་དག་པ་རབ་འབྱམས་ཀྱིས། །ཞིང་ཁམས་འཚོལ་བར་བྱེད་རྣམས་བྱིས་པའི་བློ། །ཉེར་བཞིའི་ཡུལ་གྱི་ཡ་གྱལ་ལྷ་མོ་མཁར། །མཁས་གྲུབ་བྱེ་བའི་བསྟི་གནས་དམ་པ་འདིར། ཁྱབ་བདག་རྡོ་རྗེ་འཛིན་དེའི་སྐུའི་སྣང་བརྙན། །སྐལ་བཟང་ཡོངས་ཀྱི་དད་པའི་གསོས་སུ་འཇེབས། །མཐོང་ཐོས་དྲན་རེག་ཙམ་གྱི་བྱེད་པོ་ཡིས། ཐར་


GLG016_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་བོན་ཡོངས་སུ་འཇོག་བྱེད་ན། །ཚུལ་བཞིན་ཕུ་དུད་བསྒྲུབས་རྣམས་ཚེ་གཅིག་ལ། །མི་གནས་མྱང་འདས་ཐོབ་ལས་གཞན་དུ་ཅི། །དད་པའི་མྱུ་གུ་རབ་བསྟར་ཆོ་ག་ཡིས། །དོན་གཉིས་འབྲས་བུར་ལོངས་སུ་སྤྱོད་བྱེད་པ། །དཀར་ཆག་གཞན་གསོས་མགྲིན་པའི་དབྱངས་སྙན་པོ། །བསོད་ནམས་དཔྱིད་ཀྱི་མཐུ་ལས་དེང་འདིར་ལེན། །དེ་ལ་འདིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་དེ་ཉིད་ངེས་པའི་དོན་དུ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་དབྱེ་བ་མེད་པ་ལས་ཐུན་མོང་བའི་གདུལ་བྱ་རྣམས་རྗེས་སུ་འཛིན་པའི་སླད་དུ་ཇི་ལྟར་མཁའ་ལ་ཟླ་བའི་དཀྱིལ་འཁོར་གཅིག་ཤར་ཡང་རྫིང་བུ་བརྒྱ་ཕྲག་དུ་མར་སྣང་བརྙན་ཐ་དད་པ་སོ་སོར་འཆར་བ་ལྟར་འཕགས་པའི་ཡུལ་དུ་སློབ་དཔོན་ཆེན་པོ་ཤཱཀྱ་བཤེས་གཉེན་དང་། ཁ་བའི་ལྗོངས་འདིར་ཆོས་ཀྱི་རྒྱལ་པོ་འཕགས་པ་སོགས་མཁས་པ་དང་གྲུབ་པའི་འཁོར་ལོས་བསྒྱུར་པ་མཐའ་ཀླས་པའི་རྣམ་རོལ་བསྟན་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་། འགྲོ་བའི་ཕན་བདེའི་རྩ་ལག་དམ་པར་གྱུར་ཅིང་། ཁྱད་པར་སྐུ་ཚེ་འདི་ཉིད་ལ་མཁས་པའི་བྱ་བ་རྣམ་གསུམ་གྱི་སྒོ་ནས་ཀུན་མཁྱེན་བླ་མ་བཙོང་ཁ་པ་ཆེན་པོའི་དྲི་མ་མེད་པའི་རིང་ལུགས་ཡང་དག་པར་སྤེལ་བའི་མཛད་པ་ནི་རྣམ་པར་ཐར་པ་ལས་ཤེས་པར་བྱ་ཞིང་། དགུང་ལོ་ང་དགུ་པ་ས་མོ་ལུག་གི་ལོ་ལ་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་དེ་ཝི་ཀོ་ཊི་མིང་


GLG016_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཕོ་བྲང་མ་རུ་ཞེས་ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་དམ་པ་དུ་མས་བྱིན་གྱིས་བརླབས་པའི་ཕ་བོང་ཁའི་གནས་འདི་ཉིད་དུ་བཞུགས་ནས་སྒྲུབ་པའི་སྡེ་བཙུགས་ཏེ་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་རྒྱས་པའི་སྨོན་ལམ་ལ་ནན་ཏན་གཙོ་བོར་གནང་བ་ཡིན་ལ། དེའི་རྒྱུ་མཚན་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕན་བདེའི་རྩ་ལག་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གེགས་མེད་དུ་འགྲུབ་པའི་ཐབས་སུ་གནས་འདིར་སྒྲུབ་པ་མཛད་པས་རིགས་གསུམ་མགོན་པོ་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པས་ཇི་ལྟར་བཞེད་པ་བཞིན་འབད་མེད་དུ་འགྲུབ་པ་ནས་བཟུང་རབ་བྱུང་བཅུ་གཅིག་པའི་ས་གླང་འདི་ཡན་ལ་བོད་ཀྱི་བདེ་སྐྱིད་རྒྱས་མི་རྒྱས་གནས་འདིའི་དར་རྒྱས་ཀྱི་རྗེས་སུ་འགྲོ་ལྡོག་བྱུང་འདུག་པས་དེ་དག་གི་རྒྱུ་མཚན་ཐུགས་ལ་ཉེ་བར་མནགས་པ་དང། ཁྱད་པར་དེའི་སྐབས་ས་རྟའི་སྡེ་གཟར་ལ་བརྟེན་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཁྲག་མཚོ་འཁྱིལ་ཞིང་སེ་འབྲས་ལ་བཀག་པོ་ཕོག་པ་སོགས་དུས་ཉམ་ཐག་པ་ལ་འགྲོ་བའི་འདྲེན་པར་རློམ་པ་རྣམས་ནི་རང་གི་བདེ་བ་དོན་དུ་གཉེར་བ་ལས་སེམས་ཅན་གཞན་སྡུག་བསྔལ་གྱིས་མནར་བར་བ་སྤུ་གཡོ་འགུལ་ཙམ་ཡང་འབྱུང་བའི་གནས་མིན་ལ། རྗེ་བླ་མ་འདི་ཉིད་ནི་བསྟན་པ་དང་འགྲོ་བའི་དོན་ཁོ་ན་ཐུགས་ལ་འཆང་བ་ཡིན་པས་དེ་སྐབས་ཆོས་སྡེ་དུ་མའི་མཁན་ཐོག་ཏུ་ཕེབས་དགོས་པར་གསོལ་བ་འདེབས་པ་སོགས་ཕྱོགས་བྲལ་འཕྲིན་ལས་ཀྱི་སྒོ་འཕར་དུས་གཅིག་ཏུ་བྱེ་བར་གྱུར་ཀྱང་བོད་འབངས་ཀྱི་


GLG016_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཐབས་སྒྲུབ་པ་ལ་གཅིག་ཏུ་གཞོལ་བའི་རྨད་བྱུང་ལྷག་བསམ་མཆོག་གི་ཤིང་རྟ་བདུན་གྱིས་རྗེ་བཙུན་ཉིན་མོར་བྱེད་པ་དབེན་གནས་པདྨ་དཀར་པོའི་ཚལ་འདིར་ཉེ་བར་དྲངས་སོ། །དེ་ལྟར་སྐུ་ཚེའི་སྨད་ལ་དབེན་གནས་ཆེན་པོ་འདི་ཉིད་དུ་ཡུན་རིང་པོར་བཞུགས་ཏེ་བསྟན་འགྲོའི་སྨན་ཡོན་རླབས་པོ་ཆེ་བསྐྲུན་ནས་རྟག་པར་འཛིན་པ་རྣམས་དམ་པའི་ཆོས་ལ་བསྐུལ་བའི་སླད་དུ་ཆོས་སྐུ་བདེ་བ་ཆེན་པོའི་ཀློང་ཟད་མི་ཤིས་པའི་དབྱིངས་སུ་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་ནས་བགྲང་བྱ་བཅུ་གསུམ་དུ་སླེབས་པའི་ཚེ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་ཐུགས་རྗེ་ཆེན་པོའི་འཇུག་པ་དུས་ལས་མི་གཡེལ་བའི་རྟེན་འབྱུང་དུ་གནས་འདིར་དམ་པ་འདི་ཉིད་ཀྱི་ཞལ་སྐྱིན་ཞིག་བཞུགས་ན་ལེགས་ཚོགས་ཆེ་བར་བསམས་ཏེ་འགལ་བ་ཞེས་པ་ས་མོ་གླང་གི་ལོའི་ཁྲུམས་སྟོད་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོ་ཕུན་ཚོགས་སྦྱོར་བའི་གཟའ་ཚེས་དགེ་བ་ནས་བཟུང་ཉེར་བཞིའི་རྒྱལ་ཕུར་འཛོམས་པའི་འགྲུབ་སྦྱོར་ལ་ལེགས་པར་སྒྲུབ་པའི་སྐུ་འདྲ་རིན་པོ་ཆེ་འདི་ཉིད་བླ་ན་མེད་པའི་བྱིན་རླབས་ཀྱི་གཟི་འོད་མངོན་པར་འབར་བའི་བྱེད་པོར་ནང་བཞུགས་ཀྱི་རིམ་པ་ནི། བསྟན་པ་སྤྱིའི་བྱིན་རླབས་རྟེན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཕེལ་གདུང་གཉིས། སངས་རྒྱས་གླང་པོའི་གདུང་། རྒྱ་བཟའི་ཕྱག་བཟོའི་སངས་རྒྱས་བཏགས་སྐུའི་རིས་མ། བྱང་ཆུབ་ཀྱི་ཤིང་། རང་སངས་རྒྱས་ཀྱི་གདུང་རྡོའི་ཁམས་སུ་བྱིན་གྱིས་བརླབས་པ། དགྲ་བཅོམ་པ་འཆར་


GLG016_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་སྣམ་སྦྱར། མཁན་པོ་ཞི་བ་འཚོའི་ན་བཟའ། བྲམ་ཟེ་དཔལ་འཛིན་གྱི་རུས་རྒྱན། པཎ་ཆེན་ནཱ་རོ་པའི་སྙན་རྒྱན། གྲུབ་ཆེན་ནག་པོ་སྤྱོད་པའི་རུས་རྒྱན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞབས་ཕྱགས། དེའི་དུས་ཀྱི་སྤྲུལ་པའི་སྟག་གི་པགས་པ། བཀའ་གདམས་རིན་པོ་ཆེའི་བྱིན་རླབས་རྟེན་གྱི་སྐོར་ལ་དཔལ་ལྡན་ཨ་ཏི་ཤའི་སྣམ་སྦྱར་དེའི་གདུང་ནག་དེའི་དབུ་པཎ་དེའི་ཕྱག་གི་ཚ་པར་ལ་པར་བཏབ་པ་གཉིས། དགེ་བའི་བཤེས་གཉེན་སྒོམ་པ་བའི་སྐུ་རགས། དགེ་བའི་བཤེས་གཉེན་པོ་ཏོ་བའི་སྐུ་ཆོས། དགེ་བའི་བཤེས་གཉེན་ཤ་བོ་སྒང་བའི་གདུང་རུས། མཉམ་མེད་རི་བོ་དགའ་ལྡན་པའི་བྱིན་རླབས་རྟེན་གྱི་སྐོར་ལ། རྒྱལ་བ་བཙོང་ཁ་པའི་དབུ་ལོ། དེའི་ན་བཟའ། དེའི་ཕྱག་ཚ་གཅིག །རྒྱལ་ཚབ་ཐམས་ཅད་མཁྱེན་པའི་དབུ་སྐྲ། པཎ་ཆེན་བྱམས་པ་གླིང་པའི་ན་བཟའ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་གྱི་སྐུ་ཆོས། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་གདུང་རུས། སེམས་དཔའ་ཆེན་པོ་ཀུན་བཟང་བའི་དབུ་ལོ། །ཆོས་རྗེ་སྨོན་ལམ་དཔལ་བའི་ཤངས་ཕྱིས། ཆོས་རྗེ་མདུང་རྩེ་བའི་དབུ་ལོ། འདར་སྟོན་བློ་བཟང་གྲགས་པའི་གདུང་རུས། མཁས་གྲུབ་ནོར་བཟང་རྒྱ་མཚོའི་དབུ་ལོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དབུ་ལོ། དེའི་སྐུ་རགས། གླིང་སྨད་ལྷ་དབང་དཔལ་འབྱོར་གྱི་གདུང་རུས། པཎ་ཆེན་བསོད་ནམས་གྲགས་པའི་དབུ་ལོ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དབུ་ལོ། དེའི་དབུ་ཀླད། དེའི་པུར་རས། དེའི་སྐུ་སྲུང་


GLG016_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚས། ཆོས་རྗེ་རྗེ་བཙུན་པའི་དབུ་ལོ། གྲུབ་ཆེན་ན་ཁ་པའི་དབུ་ལོ། ཤར་པ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་དབུ་ལོ། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་དབུ་ལོ། རྡོ་རྗེ་འཆང་ཕ་བོང་ཁ་པ་ཉིད་ཀྱི་དབུ་ལོ། གསང་ཆབ། གདུང་རུས། ཕྱག་སེན། ཞབས་སེན། རྗེ་ཉིད་ཀྱིས་བསྒྲུབས་པའི་བདུད་རྩི་རིལ་བུ། རྗེ་དེ་ཉིད་ཀྱིས་དཀྱིལ་འཁོར་ཆེན་པོའི་བདག་འཇུག་མང་དུ་བཞེས་པའི་དབུ་རྒྱན་དར་དཔྱངས་དང་བཅས་པ། སྐུ་བེར་བུབས། ངེད་རང་གི་སྐྲ། གོས་ཀྱི་དུམ་བུ། དཔལ་ལྡན་ས་སྐྱ་པའི་བྱིན་རླབས་རྟེན་གྱི་སྐོར་ལ། རྣལ་འབྱོར་དབང་ཕྱུག་བིརྦ་པའི་རུས་རྒྱན། འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་ཕྱག་འཕྲེང་། རྗེ་བཙུན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོའི་ན་བཟའ། རྗེ་བཙུན་རྩེ་མོའི་གར་གོས། རྗེ་བཙུན་གྲགས་པའི་ཁ་ཊཾ་གྱི་འཕན་ལྕེ། རྗེ་བཙུན་ས་པཎ་གྱི་དབུ་ཞྭ། འཕགས་པ་རིན་པོ་ཆེའི་ན་བཟའ་དང་རྡོ་རྒྱུས་པང་ཁེབས། ཐེག་ཆེན་རིན་པོ་ཆེའི་པུར་རས་དང་པུར་སོལ། ངོར་ཆེན་རྡོ་རྗེ་འཆང་གི་སྐུ་ཆོས། རྗེ་བཙུན་རྡོ་རིང་པ་ཆེན་པོའི་པུར་ཚ། མཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་རགས། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་བསྒྲུབས་པའི་སྐྱེ་བདུན་རིལ་བུ། རིན་པོ་ཆེ་བོད་མཁར་བ་མེེ་ཏྲི་དོན་གྲུབ་རྒྱལ་མཚན་གྱི་དབུ་ལོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་བསྒྲུབས་པའི་སྐྱེ་བདུན་རིལ་བུ། ས་སྐྱའི་བདུད་རྩི་རིལ་བུ། གསང་སྔགས་རྙིང་མའི་བྱིན་རླབས་རྟེན་གྱི་སྐོར་ལ། གཏེར་སྟོན་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས་གཏེར་


GLG016_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཏོན་པའི་སློབ་དཔོན་རིན་པོ་ཆེའི་ཐུགས་དམ་སྡིག་པར་ལ་པར་དུ་བཏབ་པ་གཅིག །བཻ་རོ་ཙ་ནའི་ཕྱག་དཔེའི་ཆ་ཤས། བསམ་ཡས་བར་ཁང་གི་རྒྱ་དཔེ། མངའ་བདག་ཉང་གི་གཏེར་མའི་བདེ་འདུས་ཤོག་སེར། བྱང་གཏེར་ཤོག་སེར། ཆོས་དབང་རིན་པོ་ཆེའི་སྐུ་ཤ། དེས་བསྒྲུབས་པའི་བདུད་རྩི་ཆོས་སྨན། གཡར་པོ་གཡུང་སྟོན་རྡོ་རྗེ་དཔལ་གྱི་རིང་བསྲེལ། གཏེར་སྟོན་རཏྣ་གླིང་པའི་གདུང་རུས། གཏེར་སྟོན་ཀུན་སྐྱོང་གླིང་པའི་ཞབས་ངར། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སླེ་བེམ། མངའ་རིས་པཎ་ཆེན་རིན་པོ་ཆེའི་སྣམ་སྦྱར། རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེའི་དབུ་ལོ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་བསམ་ཡས་ཁམས་གསུམ་དུ་བཀའ་བརྒྱད་ཡོངས་རྫོགས་ཀྱི་སྒོ་ནས་བསྒྲུབས་པའི་བདུད་རྩི་ཆོས་སྨན། བྱང་བདག་རིགས་འཛིན་ཆེན་པོ་ངག་གི་དབང་པོའི་དབུ་སྐྲ། དེ་ཉིད་ཀྱིས་བསྒྲུབས་པའི་ཐུགས་རྗེ་ཆེན་པོ་འགྲོ་དོན་ལས་སྦྱོར་ལྔ་པའི་རིལ་བུ། ཡོལ་མོ་སྤྲུལ་པའི་སྐུ་བསྟན་འཛིན་ནོར་བུའི་དབུ་སྒྲ་དེ་ཉིད་ཀྱིས་བསྒྲུབས་པའི་འགྲོ་དོན་ལས་སྦྱོར་ལྔ་པའི་རིལ་བུ། ཟུར་གྱི་རིགས་འཛིན་ཆེན་པོ་ངག་དབང་བཀྲ་ཤིས་ཀུན་དགས་སྔ་འགྱུར་གྱི་དམ་རྫས་ཁོ་ན་ཕྱོགས་གཅིག་ཏུ་བསྡུས་ཏེ་ཚེས་བཅུའི་ཉིན་རིལ་བུར་བསྒྲིལ་བ་གྲངས་མེད་དུ་འཕེལ་བའི་ངོ་མཚར་ཅན། དྭགས་ཤངས་སོགས་གྲུབ་མཐའ་རིགས་མེད་སྣ་ཚོགས་ཀྱི་བྱིན་རླབས་རྟེན་གྱི་སྐོར་ལ། མཁའ་འགྲོ་མ་ནཻ་གུའི་གདུང་། མཁས་གྲུབ་ཁྱུང་པོའི་དབུ་ཐོད། བྱང་སེམས་ཟླ་བ་རྒྱལ་མཚན་གྱི་སྣམ་སྦྱར། མར་པའི་བེར་སེང་


GLG016_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཇིང་བསྣོལ། ཐུགས་དམ་པདྨ་ར་ག་པར་ལ་བཏབ་པ་གཅིག །དཔལ་སྒ་ལོའི་གདུང་འདམ། སྒམ་པོ་ཟླ་འོད་གཞོན་ནུའི་ཞབས་ཕྱགས། དཔལ་ཕག་མོ་གྲུ་པའི་དབུ་སྐྲ། ཨྱོན་པ་རིན་ཅེན་དཔལ་གྱི་སྒོམ་ཐག །པཎ་ཆེན་ཤཱཀྱ་ཤྲཱིའི་སྣམ་སྦྱར། བལ་པོ་མཧཱ་བོ་དྷིའི་དབུ་ལོ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་གདུང་། བུ་སྟོན་ཐམས་ཅད་མཁྱེན་པའི་ན་བཟའ། རྒྱལ་སྲས་དངུལ་ཆུ་ཆོས་རྫོང་པའི་ན་བཟའ། མཁས་པ་ཡེ་བཟང་རྩེ་པ་གཞོན་ནུ་དཔལ་བའི་དབུ་སྐྲ། དོན་གྱི་པཎྜི་ཏ་ཆེན་པོ་ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོའི་དབུ་སྐྲ། ས་སྣ་རྡོ་སྣ་ལ། བལ་པོ་ཤིང་ཀུན། མཆོད་རྟེན་བྱ་རུང་ཁ་ཤོར། བལ་པོ་སྟག་མོ་ལུས་བྱིན། བལ་ཡུལ་ཡང་ལེ་ཤོད། གངས་ཏི་སེ་རྣམས་ཀྱི་རྡོ། མཚོ་མ་ཕམ་གྱི་བྱེ་མ་སྣ་ལྔ། ལྷ་ས། བསམ་ཡས། ཁྲ་འབྲུག་སོགས་བོད་ཀྱི་གནས་ཆེན་རྣམས་ཀྱི་ས་སྣ་རྡོ་སྣ། ཙ་རིའི་མཚོ་སྣ་འདུས་པའི་ཟན་གྱི་དུམ་བུ། བདེ་བར་གཤེགས་པ་སྨན་གྱི་བླའི་ཞལ་ཐང་གཅིག །བྱམས་པ་སྨན་བླ་འོད་དཔག་མེད་གསུམ་གྱི་སྐུ། སཱཙྪ་གཅིག །མཁས་གྲུབ་ཀློང་ཆེན་རབ་འབྱམས་པའི་དགོངས་གཏེར་བླ་མ་ཡང་ཏིག་གི་གླེགས་བམ། བྱང་ཆུབ་ལམ་རིམ་ཆེན་མོ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་གཅིག །གཙོ་བོར་ཆོས་སྐུའི་རིང་བསྲེལ་རྒྱུད་སྡེ་བཞི་དང་མདོ་ནས་གསུངས་པའི་གཟུངས་སྔགས་ཤིན་ཏུ་མང་བ། དེ་ཡང་སྒྲིལ་ཚུལ་འཁྲུལ་པ་མེད་པ་གསང་སྔགས་སྦྲུལ་འཁྱིལ་བའི་དབྱིབས་ཅན་དུ་བགྱིས་པ་ལ་ནང་དུ་དྲི་བཟང་དང་ཕྱི་རོལ་དུ་དར་ཟབ་ལ་སོགས་


GLG016_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ན་བཟས་ཀླུབས་པ། སྐྱེས་མཆེད་བྱིན་གྱིས་བརླབས་པའི་གཟུངས་སྔགས་དུས་འཁོར་བདེ་དགྱེས་སོགས་རྒྱུད་སྡེ་རྣམས་ལས་གསུངས་པའི་ཕྱག་ལེན་འཁྲུལ་པ་མེད་པར་བསྟར། དབེན་ཞིང་ཉམས་དགའ་བའི་སྒྲུབ་པའི་བསྟི་གནས་ཡིན་པས་དོན་མེད་འཇིག་རྟེན་གྱི་རྣམ་གཡེང་ཟར་ཟིར་མང་པོ་དང་ཚེ་འདི་དོན་དུ་གཉེར་བའི་སྐྱེ་བོ་མང་བོའི་འདུ་ཚོགས་ལ་དགོས་པ་མི་འདུག་ཀྱང་། ཆོས་སྒྲུབ་པའི་མཐུན་རྐྱེན་འཛོམས་པ་དང་གཏན་གྱི་བདེ་བ་དོན་དུ་གཉེར་བའི་སྤོང་བ་བསམ་གཏན་པའི་གྲྭ་འཕེལ་བར་བྱེད་པའི་ཐབས་སུ་ཁམས་གསུམ་དབང་དུ་བསྡུ་བའི་མན་ངག་ཁྱད་པར་ཅན་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་རྡོ་རྗེ་གདན་པ་དང་བོད་ཡུལ་གྱི་རྡོ་རྗེ་འཆང་གཉིས་པ་རྗེ་བཙུན་བརྩེ་བ་ཆེན་པོའི་ཞབས་ལ་སོགས་པ་རྣམས་ཀྱི་སྙན་རྒྱུད་ཐུན་མོང་མ་ཡིན་པ། ཀླུ་པའི་གསེར་ཆོས་ཀྱི་མན་ངག་ལ་བརྟེན་ནས་དགེ་འདུན་དང་ལོངས་སྤྱོད་དབང་དུ་འདུ་བའི་འཁོར་ལོ་ཕྱག་ལེན་འཕྱུག་པ་མེད་པ་དང་། འཇམ་དཔལ་དཔའ་བོ་གཅིག་སྒྲུབ་ཀྱི་རྒྱུད་ནས་གསུངས་པའི་གནོད་སྦྱིན་འཁོར་ལོ་ཕོ་མོ་གོ་མ་ལྡོག་པའི་ཕྱག་ལེན་རབ་གནས་སྒྲུབ་པ་འཁྲུལ་མེད་སོགས་མདོར་ན་གཟུངས་འབུལ་ཚུལ་ཕྲ་ཞིབ་མཐའ་དག་མ་ཚང་བ་མེད་པར་འབད་པ་ཆེན་པོས་བསྒྲུབས་ཤིང་། བགེགས་སྐྲོད་པ་དང་ཡེ་ཤེས་པ་འཇུག་པ་སོགས་བྱིན་རླབས་ཀྱི་གཟི་འོད་ཕུང་པོར་བྱས་པ་ཡིན་ནོ། །དེ་ལྟར་མཆོག་གསུམ་ཐུགས་རྗེ་ཆེན་པོའི་གཟུགས། །བཤེས་གཉེན་དམ་པའི་རྣམ་པར་ལེགས་ཤར་བས། །ལྷར་བཅས་འགྲོ་བའི་གཉེན་


GLG016_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འཁོན་སྟོན་རྗེའི། །སྣང་བརྙན་འདི་ཀོ་བསོད་ནམས་ཟོང་གིས་བསྐྲུན། །འཕགས་མཆོག་དམ་པའི་མན་ཤེལ་ཁམས་ལས་གྲུབ། །མཁྱེན་བརྩེ་ནུས་པའི་དཀྱིལ་འཁོར་ཆ་ཀུན་རྫོགས། །འཆད་རྩོད་རྩོམ་པའི་འོད་སྟོང་རབ་སྤྲོ་བའི། །བཤེས་གཉེན་ཉིན་བྱེད་ཆུ་ལྷའི་ལྟོར་གཟིམས་ཀྱང་། །མཐོང་ན་མི་མཐུན་མེད་པའི་བསིལ་ཟེར་གྱིས། །ཕན་བདེའི་ཀུ་མུད་འཛུམ་གྱི་བསུ་མཁས་པ། །དམ་པའི་སྐུ་བརྙན་ཟླ་བ་གསར་པ་འདི། །ལེགས་བྱས་རླུང་གི་ཤིང་རྟས་རིང་ནས་དྲངས། །དགེ་འདིས་ཁ་བས་བསྐོར་བ་བོད་ཡུལ་འདིར། །འདྲེན་མཆོག་ཐུབ་པའི་བསྟན་པ་ཡོངས་འདུའི་ལྗོན། །ལུང་རྟོགས་འདབ་སྟོང་རྒྱས་པའི་གྲིབ་བསིལ་ལ། །འགྲོ་ཀུན་བདེ་སྐྱིད་ངལ་གསོར་སྤྱོད་གྱུར་ཅིག །ཁྱད་པར་འཇིག་རྟེན་དབང་ཕྱུག་སྲོང་བཙན་གྱི། །ངོ་མཚར་གྲུབ་པའི་བསྟི་གནས་ལྷ་མོ་མཁར། །ཁྲིམས་ལྡན་འདུས་པས་ཡོངས་གང་ཐོས་པའི་དོན། །བསམ་དང་སྒོམ་པས་ཉམས་སུ་ལེན་པར་ཤོག །འཁོར་བའི་ཤུལ་ལམ་འཁྲུལ་བའི་འཕྲང་རིང་པོར། །དཀར་ནག་ལས་ཀྱི་དབང་གིས་བགྲོད་པའི་ཚེ། །བདེ་བའི་ལམ་དུ་ཉེར་འཁྲིད་ས་མཁན་ཅན། །ཡོངས་འཛིན་མཆོག་གི་མགོན་དང་མི་འབྲལ་ཤོག། ཁྱད་པར་འཁོར་ལོའི་མགོན་པོ་ཧེ་རུ་ཀ ། ངུར་སྨྲིག་གར་མཛད་དཔལ་འབྱོར་ལྷུན་གྲུབ་ཀྱིས། །དེང་ནས་ཟུང་འཇུག་གོ་འཕང་མ་ཐོབ་བར། །རྗེས་སུ་བཟུངས་ཏེ་དོན་གཉིས་ལྷུན་གྲུབ་ཤོག །དེ་ལྟར་བོད་ཡུལ་སཱ་ལའི་ལྗོངས་ཆེན་པོ་འདི་ཉིད་ཀྱི་ཕན་བདེའི་རྩ་ལག་དམ་པར་གྱུར་


GLG016_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕ་བོང་ཁ་བྱང་ཆུབ་ཤིང་གི་ནགས་ཁྲོད་རྗེ་བླ་མ་དམ་པའི་སྒྲུབ་པའི་བསྟི་གནས་སུ། སྐུ་འདྲ་རིན་པོ་ཆེ་ཡིད་བཞིན་ནོར་བུ་བཞེངས་པའི་དཀར་ཆག་གི་རིམ་པ་འདི་ནི་བླ་མའི་བཀའ་འབངས་ཟ་ཧོར་གྱི་བནྡེས་སྦྱར། རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱིས་ལོ་འཇམ་དབྱངས་གོང་མ་རྒྱལ་པོས་ཉི་མ་ནུབ་ཕྱོགས་ཀྱི་ཆོས་སྲིད་བསྟན་པ་གཅིག་ཏུ་གྱུར་པའི་ལུང་ལས་གསེར་གྱི་བྱང་བུ་ལ་རྒྱ་བོད་ཧོར་གསུམ་གྱི་ཡི་གེ་བྲིས་པའི་འཇའ་ས་དང་བཅས་གནང་བའི་དུས་དཔལ་ལྡན་ལྷ་མོར་ཐམ་ཕུད་ན་བདེའི་དགའ་སྟོན། སརྦྦཛིནཱམཏྲཾབཛྲསརསྭསྟྲིཏྲིབྷཔཱཔཱཏིརེམཊྛི། དྷཏཱིཥུགཙྪསུཁཱིཡབརཱདེཝཉྩམདྷེ པརིཨཱཝཤནིརྟི། རྒྱལ་བ་ཀུན་ཡུམ་རྡོ་རྗེ་དབྱངས་ཅན་མ། །སྲིད་གསུམ་བདག་མོ་དཔལ་ལྡན་རེ་མ་ཏི། །ཕན་དང་བདེ་བའི་མཆོག་སྩོལ་ལྷག་པའི་ལྷ། །འདོད་པའི་ཁམས་ཀུན་ཡོངས་ལ་དབང་སྒྱུར་མར། །


GLG016_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་རྒྱ་མཚོའི་མཐར་ཁྱབ་སྐྱེ་རྒུ་ལ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་ལུང་ལས་ཀྱིས། །མཚམས་སྤྲིན་མདངས་ཀྱི་དཔལ་འཛིན་ཐམ་ཀའི་ཕུད། །འབུལ་གྱིས་དུས་ཀུན་བཀྲ་ཤིས་དགེ་ལེགས་སྩོལ། །བཤུལ་དུ་ནད་གདོན་ཉེར་འཚེ་དང་བྲལ་ནས། །འདབ་བཟང་དབང་པོ་ཇི་བཞིན་ཐོགས་མེད་དུ། །ཁ་བའི་ལྗོངས་སུ་སོན་ནས་དམ་ཆོས་ཀྱི། །དགའ་སྟོན་རྒྱུན་ཆད་མེད་པར་སྤྱོད་གྱུར་ཅིག །འཇམ་དབྱངས་གོང་མས་གནང་བའི་ཐམ་ཀའི་ཕུད་ཆུ་སྦྲུལ་སྒར་ཆེན་དབུས་སུ་བཏེག་ནས་འོར་དུས་སུའི་སྡེར་སླེབས་ཐོག་དར་གན་ནང་སོ་བོད་ལ་སྔ་མགྱོགས་སུ་བརྫངས་སྐབས་ཇོ་བོ་ཤཱཀྱ་མུ་ནེར་ཕུལ་བའི་ཁ་ཡིག་སྲིད་པའི་རྩེ་མོར་འཁོར་བའི་གདུགས་དཀར། ཤུབྷོདཀཱཀཱལཡསཱརསུཔྲཀུཎྞལོཀཎྛཱརནཱིཙཎྷོལ། །བསནྟཡཙྪོ༣མྲིཏཀརྞམཱདིཏུབཎྞཧེ༣ཧཾསཀྶཾསམྤན་ནྡ།


GLG016_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀུན་དགེ་བའི་ཆུ་ཀླུང་རབ་འཁྱིལ་བར། །བཀྲ་ཤིས་དབྱངས་ཀྱི་རྒྱལ་པོ་མགྲིན་པའི་རྔ། །སྒྲ་འཛིན་བདུད་རྩིར་བྱེད་པའི་ཀུན་དགའི་དཔྱིད། །སྩོལ་ཅིག་ལུས་དཀར་དབང་པོ་ཉི་མའི་གཉེན། ཨཱརྻམཱདྷུརཙཀཱཡཕལཱཙཏཱུཔཱཡཔྲཛྙབཱིཛསུརཔཱཀཨནུཏྟརཉྩ། བྷོགཱཡསམྦཛགཙཱབྷདྲབཱཾཀེཏབྷཏིཀོ་ཛཡནམཤྩམཧཱཤྲིམཎྱ། །ཚར་དུ་དངར་བའི་ཐབས་ཤེས་ས་བོན་ལས། །བླ་མེད་སྐུ་བཞིའི་འབྲས་བུ་སྨིན་པའི་བཅུད། །འགྲོ་རྣམས་ལོངས་སུ་སྤྱོད་པའི་སྐལ་བཟང་ཅན། །རྒྱལ་བའི་ཏོག་གྱུར་ཤཱཀྱ་སེང་གེར་འདུད། །


GLG016_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པརམཏིབྷཱུཏཔཌུསུགོམྱཧོཀལསཱུདཡཙཀཱིརྟིཡུབན། །མྲྀདུགྷོཥོ༣སཙེབོདྡུཊུསཾགཔྲཏིགགནབིམུཁྱུ། །བློ་གྲོས་མཆོག་གྱུར་མཁས་བཙུན་བཟང་པོ་ཡི། །རྨད་བྱུང་གྲགས་སྙན་ལང་ཚོ་ལེགས་དར་བས། །ཟུར་ཕུད་ལྔ་པ་དེ་དང་ཐ་དད་སྒོ། །རྣམ་པར་འབྱེད་པའི་བློ་གྲོས་གསལ་པ་བ་བཞིན། ཕུལ་བྱུང་མཁྱེན་བརྩེ་ནུས་པའི་དྲི་བསུང་གིས། །སྲིད་ཞིའི་ཚ་གདུང་སེལ་བའི་ཆོ་ག་མཁན། །རྒྱལ་སྲས་ཉན་རང་སློབ་མར་བཅས་པ་ཡི། །སྔོན་མེད་ཙནྡན་ལྗོན་པས་འགྲོ་འདི་སྐྱོངས། །གནམ་གྱི་མཐོངས་ནས་འཇིག་རྟེན་མེས་པོ་ཡིས། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་མཆོག་བྱིན་པས། །གསེར་ལྡན་མ་འདི་གང་གིས་རྗེས་འབྲང་བ། །ས་གཞིའི་དབང་ཕྱུག་འཇམ་དབྱངས་གོང་མ་ཆེས། །ནུབ་ཕྱོགས་ནོར་འཛིན་ཡངས་པའི་རྒྱལ་ཁམས་ཀྱི། །བསྟན་


GLG016_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་བདག་པོར་དེའི་ཆི་ཀྱིང་གང་སོགས། །ཆེན་པོར་བཀུར་བའི་ལུང་དང་ལས་ཀའི་རྟགས། །ཐམ་ཀ་པདྨ་རཱ་གའི་མདངས་འཛིན་ཕུད། །ཕུན་ཚོགས་སྐལ་བཟང་རྣམ་པར་རྒྱལ་བ་ཞེས། །ཉལ་འགྲོའི་གོས་གྱོན་འབྱུང་བ་གསུམ་ལྡན་ལོ། །ཆུ་སྟོད་ཟླ་བ་སྔོན་མའི་ཡར་གྱི་ངོ་། །རྒྱལ་ཕུར་འཕྲོད་ཀྱི་དགེ་བའི་དུས་བཟང་པོར། །མངོན་པར་རབ་བཀྲ་གན་གོས་ཨཱ་དརྴར། །རྒྱ་ཧོར་བོད་ཀྱི་ཡི་གེའི་གཟུགས་བརྙན་རྣམས། །ཐུན་འཚམས་གསར་པའི་མདོག་འཛིན་ཡོངས་ཤར་འདི། །སྡེ་བཞིའི་སྒོ་འཕར་ལེགས་ཕྱེའི་སྒར་ནས་ཕུལ། །རྒྱལ་ཀུན་ཐུགས་རྗེའི་ཡུ་བས་ཉེར་བཏེག་པ། །ཕུན་ཚོགས་ཕན་དང་བདེ་བའི་གདུགས་དཀར་པོ། །སྲིད་པའི་རྩེ་མོར་ཡོངས་འཁོར་གྲིབ་བསིལ་ལ། །འགྲོ་རྣམས་ཉེར་འཚོའི་སྐལ་བཟང་ཐོབ་གྱུར་ཅིག །གོང་ནས་བསྟན་འཛིན་ཆོས་ཀྱི་རྒྱལ་པོར་ཐམ་ཀ་འཇའ་ས་གནང་བའི་༢༥༣ དུས་ཇོ་བོ་ཤཱཀྱ་མུ་ནིར་ཐམ་ཕུད་ཕུལ་པའི་ཁ་ཡིག་གནམ་གྱི་ཤེ་མོང་དཔལ་འབར་སོགས། སྭསྟི་པྲཛྭ་བྷྱ༔ སྲིད་ཞིའི་དགེ་ལེགས་གཙུག་ཏོར་མཐོན་པོའི་རྩེར། །ཞབས་ཟུང་འཁོར་ལོའི་རི་མོ་རྣམ་བཀྲ་བ། །འགྲོ་བའི་བླ་མ་ཟས་གཙང་སྲས་པོ་ཡིས། །ངོ་མཚར་བཀྲ་ཤིས་གླུ་ཡི་རྒྱུད་མངས་འཁྲོལ། །བསོད་ནམས་རང་བཞིན་དར་བའི་འོད་སྟོང་གིས། །བསྟན་འགྲོའི་སྣང་བ་ཀུན་ནས་རབ་རྒྱས་དཔྱིད། །ས་དབང་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མིང་། །ངོ་མཚར་སྙན་གྲགས་གདུགས་དཀཪ་སྲིད་རྩེཪ་འཁོར་བ་ཡིས། །


GLG016_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གང་དེར་ཚེ་རིང་གནམ་གྱི་ཤེ་མོང་གིས། །སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སར། །དབང་གྱུར་འཇམ་དབྱངས་གོང་མ་ཆེན་པོ་ཞེས། །ས་ལ་སྤྱོད་པའི་མི་ཡི་ཚངས་པ་དེས། །ཆེན་པོའི་གོ་སར་བཀུར་བྱེད་ལུང་ལས་ཀྱི། །ལག་རྟགས་མཚམས་སྤྲིན་མདོག་ཅན་ཐམ་ཀའི་ཕུད། །འཛམ་གླིང་རྒྱན་གཅིག་ཤཱཀྱ་མུ་ནེའི་སྐུ། །ལུས་ཅན་བསོད་ནམས་ཞིང་གི་རྒྱ་མཚོ་ཆེར། །ལེགས་ཕུལ་དགེ་ཚོགས་མ་ལ་ཡི་དྲིས། །རྒུད་པའི་ཚ་གདུང་མ་ལུས་ཀུན་བཅོམ་ནས། །བླ་མེད་ཕན་བདེ་བསིལ་བའི་རེག་བྱ་ལ། །ལེགས་སྤྱོད་འདོད་དོན་རེ་བ་སྐོང་གྱུར་ཅིག །ཡེ་ཤེས་མཆོག་གི་བཻ་ཌཱུར་མཐིང་ཁའི་རྒྱུན། །རྨད་བྱུང་མཚན་དཔེའི་ལང་ཚོར་རབ་འཁྱིལ་སྐུ། །སྲིད་ཞིའི་རྒུད་པའི་ནད་ཀུན་འཇོམས་མཛད་ལྷ། །རྒྱལ་བ་སྨན་གྱི་བླ་མས་རྟག་ཏུ་སྐྱོངས། །རྒྱ་ཆེན་གསོ་རིག་གཞུང་ལུགས་གངྒཱའི་ཆུ། །བློ་གྲོས་ཧུབ་ཀྱིས་འཐུང་བ་དྲང་སྲོང་ཆེ། །རིགས་འདུས་སྨན་རྒྱལ་གུ་ཎ་རྡོ་རྗེ་འཆང་། །གཡུ་ཐོག་མགོན་དེ་སྙིང་གི་པད་མཚོར་རོལ། །འཆི་གསོའི་བདུད་རྩིའི་ཐིགས་པ་འགྲོ་ཀུན་གྱི། །སྙིང་ལ་སྦྲན་མཛད་ཕྱོགས་རིས་བྲལ་བའི་ནོར། །སྣང་རིགས་རྗེས་སྦྱངས་ལུས་ཅན་ཡོངས་ཀྱི་གཉེན། །ཚེ་ཡི་རིག་བྱེད་འཛིན་རྣམས་རྒྱལ་གྱུར་ཅིག །ངོ་མཚར་མཐོང་བས་ཡིད་འཕྲོག་ལྟ་ན་སྡུག །སྨན་གྱི་ནགས་ཀླུངས་སྟུག་པོའི་ཁོར་ཡུག་ཅན། །ལྷག་བཅས་དྲང་སྲོང་འདུ་བའི་གྲོང་ཁྱེར་ཆེ། །སྤྲུལ་པའི་གནས་དེ་འོག་མིན་ཞིང་གི་དཔྱིད། །གང་དེར་རྒྱལ་དབང་སྨན་བླས་བཀའ་སྩལ་པ། །


GLG016_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་ཞེས། །རྩ་བཤད་མན་ངག་ཕྱི་རྒྱུད་བཞིར་འདུས་པའི། །ཚིག་ཉུང་དོན་རྒྱས་ལེགས་བཤད་འདི་རྨད་བྱུང༌། །ཨེ་མ་ལྷོ་ཕྱོགས་ཙནྡན་དགའ་ཚལ་ནས། །བསེར་བུས་རབ་བསྐུལ་དངར་བའི་དྲི་བསུང་ཅན། །ཚད་པས་ཆེས་མནར་འགྲོ་རྣམས་གདུང་སེལ་ལ། །སྔོན་མེད་ཟླ་ཤེལ་ཞུན་མའི་སྤུན་ཟླ་གཞན། །དབྱངས་ཅན་འཕང་འགྲོའི་སྒྲ་ལྟར་རྣ་བ་ལ། །བདུད་རྩིར་ལོངས་སུ་སྤྱོད་པ་ཀུན་དགའི་དཔྱིད། །དཔྱོད་ལྡན་ཡིད་ཀྱི་གདུང་སེལ་མཛའ་ན་མོ། །ཨ་ཧོ་གསོ་རིག་གཙུག་ལག་ངོ་མཚར་རྨད། །བློ་གྲོས་མགྲིན་པ་གཟེངས་སུ་མཐོ་བའི་དུང་། །སྨྲ་མཁས་རི་མོ་གཡས་སུ་རབ་འཁྱིལ་བ། །མི་ཟད་དབྱངས་སུ་འཚེར་བ་སྙན་པའི་གླུ། །བླངས་ཚེ་མཁས་རྣམས་དགའ་བའི་འཛུམ་གྱིས་བསུ། །ཞེས་གསོ་བ་རིག་པའི་ཆེ་བརྗོད་ཀྱི་ཚིགས་སུ་བཅད་པ་འདི་ནི་གསོ་རིག་འཛིན་པ་ཚེ་བརྟན་རྡོ་རྗེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བྱ་རྒྱལ་པོ་བཀྲ་ཤིས་སོ། །འཇམ་དབྱངས་གོང་མའི་རིགས་ལས་ཁེ་ཤིང་ཆིན་དབང་གིས་ལྷ་ས་སྨོ་ལམ་ཆེན་མོའི་མཆོད་རྫས་སུ་དམིགས་ཏེ་སྣམ་སྦྱར་མངགས་བཏགས་ཕུལ་བའི་ཁ་ཡིག་བྱང་ཆུབ་མཆོག་ལ་རེག་པའི་བསོད་ནམས། ཨ་ཐ་སྲ་སྟི་སིདྡྷིར་སྟུ། ཐབས་ཤེས་ཟུང་དུ་འཇུག་པའི་ཆུ་གཏེར་ལས། །བླ་མེད་སྐུ་བཞིའི་འོད་ཀྱིས་འགྲོ་ཀུན་ལ། །རྣམ་པ་ཐམས་ཅད་མཁྱེན་གཟིགས་འབྲས་སྨིན་པའི། །གཏན་བདེ་སྩོལ་མཛད་ཐུབ་དབང་ཉིན་མོར་བྱེད། །གང་དེའི་རྫུ་འཕྲུལ་


GLG016_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད་སེང་གེའི་སྒྲས། །བདུད་དང་མུ་སྟེགས་རི་དྭགས་སྲོག་འཕྲོག་པ། །མཉན་ཡོད་མཆོད་པའི་ཆོ་འཕྲུལ་དུས་ཆེན་གྱི། །ཨེ་མ་འཕགས་ཡུལ་སྐལ་བ་བཟང་པོར་བྱས། །ངོ་མཚར་སྣང་བའི་གཟུགས་བརྙན་ཨཱ་དརྴར། །འཕོས་པ་ཇི་བཞིན་སྨན་ལྗོངས་གངས་ཅན་འདིར། །ལྷ་ལྡན་ཞིང་དུ་འཇམ་མགོན་བཙོང་ཁ་པས། །རྒྱལ་ཀུན་མཆོད་པའི་སྲོལ་བཏོད་འདི་རྨད་བྱུང་། །དུས་དེར་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ནས། །འདོད་ཡོན་སྣ་ལྔའི་གྲུ་ཆར་འབབ་པ་ལས། །འཇམ་མཉེན་རེག་བྱའི་དཔལ་གྱུར་རུང་མཐུན་གྱི། །དགེ་སྦྱོང་མཆོག་ལ་འོས་པའི་གོས་བཟང་འདི། །ཟ་ཧོར་བནྡེའི་ལྷག་བསམ་གྱིས་བསྐུལ་བས། །འཇམ་དབྱངས་གོང་མ་ཆེན་པོའི་གདུང་འཛིན་པ། །ནོར་ལྡན་སྐྱོང་བའི་ཁེ་ཤིང་ཆིན་དབང་གིས། །མཁྱེན་དཔྱོད་རབ་ཡངས་དད་པས་ལེགས་པར་བསྒྲུབས། །དགེ་དེས་བསྟན་དང་འགྲོ་བའི་ཕན་བདེའི་འོད། །ཉི་ཟླ་ཇི་སྲིད་གནས་པར་རབ་གསལ་ཞིང་། །སྦྱིན་པའི་བདག་པོའི་ཚེ་དཔལ་བསོད་ནམས་དང་། །མངའ་ཐང་རྫོགས་ལྡན་དཔལ་ལ་འགྲན་པར་ཤོག །ཕུལ་བྱུང་ཐུགས་རྗེའི་རྡོ་རྗེ་རྩེ་བརྒྱ་པས། །སྲིད་ཞིའི་རྒུད་པའི་རི་བོ་ཀུན་བཅོམ་ནས། །ཕུན་ཚོགས་བཀྲ་ཤིས་འཆི་མེད་དགའ་སྟོན་ཚོགས། །སྩོལ་ཀྱེ་དཀོན་ཅོག་རིན་ཅེན་ལྷའི་དབང་པོ། །དུས་ཀུན་རྣམ་པར་དགེ་བ་བཀྲ་ཤིས་ཀྱི། །སྙན་པའི་འགྱུར་ཁུགས་གཡས་སུ་ལེགས་འཁྱིལ་དུང་། །དམ་པའི་ཆོས་ཀྱི་དབྱངས་སུ་རབ་སྒྲོགས་སྒྲས། །ལུས་ཅན་ཡོངས་ཀྱི་རྣ་བའི་རྒྱན་གྱུར་ཅིག །


GLG016_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟ་དཔལ་ལྡན་འབྲས་སྤུངས་ཀྱི་འདུ་ཁང་ཆེན་མོར་དཔག་བསམ་འཁྲི་ཤིང་གི་ཞིང་བཀོད་བཞེངས་པའི་བར་མཚམས་ལ་བླ་མ་དང་སྒོ་སྲུང་གི་ཆོས་སྐྱོང་བྲིས་པའི་མཚན་བྱང་སྲིད་ཞིའི་གན་མཛོད། ཙིནྟརཱཛྭཝཤྭདཏྟལཀཱིཙཨཱཀོཥཤནྟབྷཝབྲེཡསུཁཱཧིཏ། ཀཱིརྟིནོནྣོདནཱཤུཀཱབཱཾཙཱཏྲབྷཝུགྲམདྡྷེཙཔཾསརྱ་ཏསྨིནྣམཿ སྲིད་དང་ཞི་བའི་དགེ་ལེགས་ཀུན་གྱི་མཛོད། །ཕན་བདེའི་དཔལ་སྟེར་ཡིད་བཞིན་དབང་གི་རྒྱལ། །ཟས་གཙང་སྲས་ཀྱི་གྲགས་པ་གདུགས་དཀར་ཅན། །སྲིད་པའི་རྩེ་མོའི་བར་དུ་འཁོར་དེར་འདུད། །


GLG016_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མནྡྷརུམཱལཱཀཨཝཱ་དནཱཛིནེནྡཱཀབུཀོཊསྶརབཱཙྩཙཱཔཌུ། ཏེཛཛྭལཱམུརྱསཧཱསྱཔུཎྱཤོབྷེནྲྀཉཔིཏཱཔུཏྲཙེ་བྷཱུམིཔཱལཀ ། རྒྱལ་དབང་རྟོགས་བརྗོད་མནྡྷ་ར་ཡི་འཕྲེང༌། །སྙན་དངགས་བྱེ་བའི་དབྱངས་སུ་ལེན་མཁས་པ། །ནོར་འཛིན་སྐྱོང་བ་དགེ་དབང་ཡབ་སྲས་ཀྱི། །བསོད་ནམས་ཉི་མ་སྟོང་གི་གཟི་བརྗིད་འབར།


GLG016_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཛེནཱནུབྱཉྫཙཱནིམིཏྟཱཡུབནོདཡཱབཱསནྟོབཛྲནིཛཱིཏྲིགུཧུཾཛམྦུདཱིཔེབྷིཤཱསནཱབཱཏིཀོཛིརྨཉྫོབྷཱནརུབྷཝྱམུཔ་ལནྟུ། རྒྱལ་བ་ཀུན་གྱི་གསང་གསུམ་རྡོ་རྗེ་གར། །མཚན་དཔེའི་ལང་ཚོ་དར་ལ་བབས་པའི་དཔྱིད། །འཛམ་གླིང་བསྟན་པའི་བདག་པོ་བཙོང་ཁ་པའི། །འཇམ་དཔལ་མི་ཡི་སྲིད་པ་ཅན་དེ་རྒྱལ། །


GLG016_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སམུཎྷཱཛཱཏཔུནཱཧོཛཱནཙདཱིབྷརིཀྱཙ། པཱནོཔདྨནམོཛགྱཤྩཨཱནཱཐེཙནཱཊཀི ། ངོ་མཚར་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གཉིས་རྒྱ་མཚོ་ལས་འཁྲུངས་པ། །ཕྱག་ན་པདྨའི་ཟློས་གར་ཆེར། །འགྲོ་བ་ཀུན་གྱི་མགོན་དེར་འདུད།


GLG016_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བྲཧྨཆྱེནེཤྭརུབྷཱཁབྷཝཉྩཱཤནྟཱནཱཐེཤྲཱི། །སེནཝགིནྡསུདྷིསཱགརུབྷིཥིཉྩཙཀུལྱཔཏེ། །གནམ་སའི་དབང་ཕྱུག་ཚངས་པ་ཡིས། །སྲིད་དང་ཞི་བའི་དཔལ་མགོན་དུ། །རིགས་ཀྱི་བདག་པོར་དབང་བསྐུར་བ། །ངག་དབང་བློ་བཟང་རྒྱ་མཚོའི་སྡེ།


GLG016_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཨཀྐོཥཎྚསམཱུཔརྦེཀལྤསྱཱབཱིཔྲལྱཉྩ། ཤྲཱིམདྨཧུཀྭལེཤཏུཿཀརྞཡམྱུཤཱསོརཀྵ། །མིག་སྨན་དང་མཚུངས་ས་འཛིན་ལ། །བསྐལ་པའི་མེ་དཔུང་རབ་འབར་བ། །དཔལ་ལྡན་དུས་ཀྱི་དགྲ་ཆེན་པོའི། །ལས་ཀྱི་གཤིན་རྗེས་བསྟན་པ་སྲུངས།


GLG016_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སེནཱཥྚེཤྭརསམྦཙཱམཧཱབིཀྵརྱསྱམཡཱཨསཾཁྱཙ། སྟོཏྲཱཀརྱཙསམྦདྷམྨརཱཛྙནིརྨཱམཧཱསཱདྷཀངྑཙ། །སྡེ་བརྒྱད་ཀུན་གྱི་དབང་ཕྱུག་ཆེ། །གྲངས་མེད་རྣམ་འགྱུར་སྒྱུ་འཕྲུལ་གྱིས། །འཕྲིན་ལས་ཐམས་ཅད་སྒྲུབ་མཛད་པ། །སྤྲུལ་པའི་ཆོས་རྒྱལ་ཆེན་པོར་བསྟོད། །


GLG016_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤངས་ཀྱི་འདུ་ཁང་ལ་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་གི་ལྡེབས་བྲིས་བྱས་སྐབས་ཞལ་བྱང་ཚིགས་སུ་བཅད་པ་ངོ་མཚར་དཔག་བསམ་སྙེ་མ་སོགས། ཤནྟོབྷཝཱཤབྷནིདྡིཉྩསོཁཾཤིདཏྟཏེཙིནྡཏཡིནྡུརཱཛ། །ཤོདྷོདནིརྨཱདྷརཀིརྟིཤཀཱཚཱཏྲོབྷཔཱགྲེཥུསཙཀྲན་མྱ སྲིད་དང་ཞི་བའི་དགེ་ལེགས་ཀུན་གྱི་མཛོད། །ཕན་བདེའི་དཔལ་སྟེར་ཡིད་བཞིན་དབང་གི་རྒྱལ། །ཟས་གཙང་སྲས་ཀྱི་གྲགས་སྙན་གདུགས་དཀར་ཅན། །སྲིད་པའི་རྩེ་མོའི་བར་དུ་འཁོར་དེར་འདུད། །རྒྱལ་དབང་རྟོགས་བརྗོད་མནྡྷ་ར་ཡི་ཕྲེང་། །སྙན་ངག་བྱེ་བའི་དབྱངས་སུ་ལེན་མཁས་པ། །ནོར་འཛིན་སྐྱོང་བ་དགེ་དབང་ཡབ་སྲས་ཀྱི། །བསོད་ནམས་ཉི་མ་སྟོང་གི་གཟི་བརྗིད་འབར། ༼༡༽། ངོ་མཚར་བཀོད་པའི་གྲོང་ཁྱེར་འོད་


GLG016_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དུ། །ཉི་མའི་གཉེན་དེ་ས་བདག་རབ་གསལ་ཞེས། །ནོར་འཛིན་བདག་པོར་གྱུར་ཚེ་གཉིས་འཐུང་དབང་། །གངས་རིའི་དུམ་བུ་ཆད་འདྲ་སྒོ་དྲུང་ལྷགས། །གང་དེ་འདུལ་བར་བཀའ་བསྒོས་པ། །ཇི་བཞིན་བྱེད་པོས་ལས་རུང་དུ། །དུལ་བར་བྱས་ལ་མིའི་བདག་པོས། །ཞོན་ནས་ཚང་ཚིང་ངོགས་སུ་བྱོན། །འདོད་པས་མྱོས་པའི་གླང་ཆེན་དེ། །རང་དབང་དང་བྲལ་རབ་བརྒྱུགས་པ། །ཕྲ་རྒྱས་ཞགས་པས་ཉེཪ་བཅིངས་པའི། །འགྲོ་འདིའི་རང་མཚང་སྟོན་པ་བཞིན། །ལྗོན་པའི་ཡལ་གར་འཆང་པས་རྒྱལ་པོའི་སྲོག །འཚོ་བའི་བདུད་རྩི་བསོད་ནམས་ཀྱིས་བསྐྲུན་པ། །རྒྱལ་ཁབ་ཆེན་པོར་ལོག་ནས་གླང་རྫི་ལ། །མི་བཟད་ཚིག་གི་མཚོན་ཆ་ཉེར་ཕབ་ཚེ། །ཚ་བསྲེག་རེག་བྱ་རྣམ་པར་འབར་བའི་ལྕགས། །རྫི་བོས་གླང་པོའི་ཟས་སུ་བྱིན་པ་ན། །མི་འདོད་བཞིན་དུ་ཟ་བའི་སྟ་གོན་གྱིས། །ལུས་དང་སེམས་གཉིས་འདུལ་ཚུལ་སོ་སོར་མཐོང་། །མ་རིག་སྔོན་ཆགས་འཁོར་བའི་འགྲོ་རྣམས་ཀྱི། །སྣ་ཚོགས་ཐབས་མཁས་བྱེད་པོས་ཐུལ་མིན་སེམས། །འདུལ་བྱེད་མཐོང་ཐོས་དྲན་པས་རྣམ་གྲོལ་བ། །སངས་རྒྱས་ཞེས་བྱའི་མཚན་གྱི་དབྱངས་འདི་སྙན། །ཚུལ་དེས་རབ་གསལ་དང་པོར་བྱང་ཆུབ་ཏུ། །ཐུགས་བསྐྱེད་མཁའ་ལ་ལེགས་བྲིས་ཚོགས་ལྷགས་ནས། །མྱུར་དུ་བླ་མེད་ཞི་བདེ་བདུད་རྩིའི་རོར། །ལོངས་སུ་སྤྱོད་པའི་དབུགས་དབྱུང་ཕན་བདེའི་དཔྱིད། ༼༢༽། ཨ་རིཥྛ་ཞེས་ཡངས་པའི་གྲོང་ཁྱེར་དུ། །ནོར་འཛིན་དགའ་


GLG016_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མས་འདུད་པ་དཔལ་གྱི་སྡེ། །མ་སྨད་སྡེ་བཞིའི་འབྱོར་བ་རྔ་བོ་ཆེ། །གྲགས་པའི་དབྱུ་གུས་སྙན་པ་སྲིད་རྩེར་སྒྲོགས། །དུས་དེར་རིག་བྱེད་སྟོན་པའི་སློབ་དཔོན་གྱིས། །རང་གི་སློབ་མར་རྒྱལ་པོ་དཔལ་གྱི་སྡེའི། །བཙུན་མོ་འཆི་མེད་ལུས་ཕྲའི་རྗེས་འགྲོ་དེ། །གཙུག་ལག་བསྟན་པའི་ཡོན་དུ་ཕུལ་ཞེས་སྨྲས། །སློབ་མས་རྒྱལ་པོའི་དྲུང་སོང་མཆིས་བྲང་དེ། །སློང་ལྟར་རེ་བ་ཡོངས་བསྐང་གྲགས་པའི་སྒྲ། །མཐོ་རིས་གནས་སུ་ཁྱབ་པས་བརྒྱ་བྱིན་གྱིས། །ལུས་སྨད་བྲལ་བའི་ཉམ་ཐག་བྲམ་ཟེར་སྤྲུལ། །ལྡབ་ལྡིབ་ཚིག་གིས་ཀྭ་ཡེ་མིའི་བདག་པོ། ཁྱེད་ཀྱི་ལུས་ཕྱེད་སྦྱིན་ཚེ་བདག་གི་སྲོག །འཚོ་ཞེས་ལྷ་རྣམས་སྨྲ་ན་རང་བདེ་ཀུན། །གཏོང་བའི་སྙིང་སྟོབས་ལྡན་པ་ཁྱོད་ཉིད་དགོངས། །གསོལ་ཚེ་བློན་འབངས་རྣམས་ཀྱིས་ཉེར་བཀག་ཀྱང་། །རི་གཟར་ཆུ་བོ་གྱེན་དུ་ལྡོག་མིན་ལྟར། །སྦྱིན་པའི་དམ་བཅའ་བརྟན་པའི་རྒྱལ་པོ་དེས། །རང་གི་ཁོག་སྨད་གསོག་ལེས་བཅད་དེ་བྱིན། །བརྒྱ་བྱིན་ངོ་མཚར་ལེགས་བྲིས་བདུད་རྩི་ཡིས། །ནོར་འཛིན་སྐྱོང་བའི་ལུས་ནི་སྔར་བཞིན་གསོས། །གཙུག་ལག་སྨྲ་བས་བཙུན་མོ་སླར་ཕུལ་ཞིང་། །འཛམ་གླིང་བདག་པོར་འཆི་མེད་དབང་བོས་བསྐུར། ༼༣༽། ལེགས་བྱས་མངོན་སུམ་མཐོང་བ་རང་བྱུང་གི ། ནོར་བུས་གཙུག་གི་རྒྱན་དུ་རབ་གསལ་ལྷ། །ཤཱ་ཀེ་ར་ཞེས་བྱ་བའི་གྲོང་ཁྱེར་དུ། །ས་ལ་ཉེར་སྤྱོད་བདག་པོར་ལྷུན་གྱིས་གྲུབ། །ཆུ་སྐྱེས་འདབ་བརྒྱའི་སྦུབས་ནས་བཙས་པའི་


GLG016_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལུས། །སྦྱིན་བསྲེགས་ལྷག་མའི་འོ་མས་རབ་བསོས་པ། །སྨིན་ལེགས་ལྟ་ན་སྡུག་པའི་མཛེས་མ་ཞིག །དྷྲྀ་ཀུའི་དྲང་སྲོང་ཞིག་གིས་བཙུན་མོར་ཕུལ། །དུས་དེར་སྦྱིན་སྲེག་ཆོ་གའི་མེ་དབུས་ནས། །ལྷ་དབང་སྲིན་པོར་ཡོངས་སྤྲུལ་སློང་བ་པོར། །བཟའ་དང་བཏུང་བའི་རོ་མཆོག་ཆེར་བསྟབས་ཀྱང་། །མ་འདོད་རང་གི་ལུས་ཀྱི་ཤ་ཁྲག་བྱིན། །རྒྱལ་པོ་སྲོག་དང་བྲལ་ལ་མངོན་ཕྱོགས་ཚེ། །བརྒྱ་བྱིན་རང་གཟུགས་བསྟན་ནས་བདུད་རྩི་ཡིས། །བསོས་པས་བཙུན་མོ་བློན་འབངས་བཅས་པ་རྣམས། །དགའ་བ་བསམ་གཏན་དང་པོའི་ལྷ་བཞིན་གྱུར། །སྦྱིན་པའི་སྙན་གྲགས་ཀྱིས་བཀུག་སློང་བའི་ཚོགས། །གླང་ཆེན་བཙུན་མོ་སྲས་དང་བདོག་པ་ཡིས། །རེ་བ་བསྐང་ཚེ་ཀུ་རུའི་རྒྱལ་པོ་དེས། །ལག་ལྡན་དབང་པོ་སློང་བའི་ཕོ་ཉར་མངགས། །གླང་པོ་གཞན་ལ་བྱིན་ཟིན་པས། །གང་དེའི་འདོད་པའི་རེ་བ་དག །མ་འགྲུབ་བརྣག་པས་གཡུལ་བཤམས་ཀྱང༌། །གཙུག་ན་ནོར་བུ་ཁྲོ་བ་བྲལ། །མཁའ་ལ་བྱོན་པའི་རང་སངས་རྒྱས། །བཞི་ཡིས་ཆོས་བསྟན་དེ་རྣམས་དང་། ལྷན་ཅིག་རྒྱལ་པོ་གངས་ཅན་ངོས། །གཤེགས་ནས་ཞི་བའི་བདུད་རྩི་ཐོབ། །སློང་བའི་ས་ནས་མི་བདག་སྲས། །བློན་པོས་བསླངས་ཏེ་དམག་ཚོགས་བཅོམ། །ནད་དང་མུ་གེས་ཕ་རོལ་ཡུལ། །མནར་བ་སྡིག་འབྲས་སྨིན་པ་བཞིན། །པད་ཅན་ཆོ་ངེས་མི་ཡི་བདག །བོས་ཚེ་གདུགས་དང་བྲལ་མཐོང་ནས། །དགའ་སྐྱོ་


GLG016_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན་རྗེས་སྨིན་ལེགས་མར། །ལོག་སྤྱོད་རྔོན་པ་སྐྲག་ཏེ་བྲོས། །ཀུ་རུའི་ཡུལ་གྱི་རྒུད་པའི་ཚོགས། །སེལ་ཕྱིར་གཙུག་གི་ནོར་བུ་མཆོག །སློང་བར་སྙིང་རྗེའི་གཞན་དབང་གིས། །བྱིན་ཀྱང་རྨ་མེད་སྔར་བཞིན་བསོས། །ཡབ་ཡུམ་ལྷན་ཅིག་གདན་འཛོམ་ཞིང་། །སླར་ཡང་རང་གི་ཕོ་བྲང་ཆེར། །ཆོས་སྲིད་འབྱོར་བའི་བདེ་བ་ལ། །ལོངས་སུ་སྤྱོད་པ་འདི་ཀོ་མཚར། ༼༤༽། འགྲོ་རྣམས་དཔག་མེད་ཚེ་ལོར་བདེ་བ་ལ། །ལོངས་སུ་སྤྱོད་པའི་རྒྱལ་པོ་གསོ་སྦྱོང་འཕགས། །རིག་སྔགས་ཀྱིས་བཏབ་བུམ་ཆུ་བཏུང་བའི་མཐུས། །སྤྱི་བོ་ལས་རྡོལ་འཁྲུངས་པའི་ང་ལ་ནུ། །སྐྱེ་བ་གཞན་དུ་སངས་རྒྱས་རྣམ་གཟིགས་ལ། །དད་པ་ཅུང་ཟད་སྲི་ཞུར་བགྱིས་པའི་འབྲས། །བསོད་ནམས་གསེར་གྱི་འཁོར་ལོས་ས་ཀུན་ལ། །དབང་སྒྱུར་ནོར་འཛིན་སྐྱོང་བ་ལྗོངས་རྒྱུ་ཚེ། །འཕུར་བའི་ནུས་བྲལ་གཉིས་སྐྱེས་ལྔ་བརྒྱ་ཞིག །བས་མཐར་འགྲོ་བ་གཟིགས་ནས་རྒྱུ་དྲིས་པས། །ཅ་ཅོས་ནགས་འདིའི་དྲང་སྲོང་བསམ་གཏན་ལ། །གནོད་པར་དམོད་མོས་འདབ་གཤོག་བྲལ་གསོལ་བ། །ཐོས་པས་ཀྱེ་མ་ཅུང་ཟད་མི་བཟོད་ཀྱང་། །བསམ་གཏན་པར་རློམ་མ་རུངས་གཡོ་ཅན་སྙམ། །རང་གི་མངའ་རིགས་དག་ལས་ཕྱིར་བསྐྲད་པས། །གླིང་བཞི་ལས་འདས་གསེར་རིའི་ངོགས་སུ་སོང་། །རིན་ཅེན་ཆར་དང་མ་རྨོས་ལོ་ཏོག་སོགས། །ཕུན་ཚོགས་འདོད་རྒུར་འབངས་ཀུན་ལོངས་སྤྱོད་པའི། །ཡུན་རིང་ཕན་བདེའི་མགྲོན་དུ་ང་ལ་ནུ། །བསོད་


GLG016_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དཔུང་གིས་རིང་ནས་བསུས་པ་བཞིན། །ནམ་ཞིག་ལྷ་གནས་བལྟ་ཕྱིར་ནམ་མཁའ་ལ། །ཡན་ལག་རྣམ་བཞིའི་དཔུང་བཅས་ཉེར་བགྲོད་ཚེ། །མ་རུངས་དྲང་སྲོང་སྤྱི་བོར་རྟ་གླང་སྦངས། །ལྷུངས་བས་དམོད་པོ་བགྲོད་པའི་ནུས་པ་བཏུལ། །དེའི་ལན་རྒྱལ་པོའི་བདེན་ཚིག་རྣོན་པོའི་མཚོན། །བསོད་ནམས་རྩིབས་སྟོང་གཡས་སུ་འཁོར་བ་དེས། །དྲང་སྲོང་རལ་པ་ནགས་ཀླུངས་ལྟ་བུའི་ཚོགས། །མི་བཟད་མྱ་ངམ་ཐང་གི་སྤུན་ཟླར་བྱས། །ཆོས་བཟང་མདུན་སར་འཆི་མེད་བདག་པོ་དང་། །ཕུན་ཚོགས་བཟང་པོའི་སྐལ་བ་མཉམ་བྱས་ཀྱང་། །ངན་སེམས་པི་ཝང་དང་པོའི་རྒྱུད་གཅིག་གིས། །ཕུན་ཚོགས་སྟོབས་ལྡན་གྲུ་གཟིངས་སྐད་ཅིག་བཞིག །༼༥༽གྲོང་ཁྱེར་བཟང་པོའི་བྲག་ཞེས་པར། །ཟླ་འོད་མཚན་ཅན་ས་བདག་ནི། །སློང་བའི་རེ་བ་ཀུན་སྐོང་བར། །སྔ་ན་མེད་པའི་དཔག་བསམ་ཤིང་། །དུས་དེར་དྲང་སྲོང་དྲག་པོའི་མིག །མི་བསྲུན་བསམ་དང་སྦྱོར་བ་ཡིས། །ས་སྐྱོང་དབུ་ནི་སློང་བའི་ཆེད། །གྲོང་ཁྱེར་ཆེན་པོའི་ནང་དུ་ཞུགས། །ཡུལ་དེའི་ལྷ་མོས་རྒྱལ་པོ་ལ། །ལུས་ཅན་ཉེར་འཚོ་ཁྱོད་ཉིད་དེ། །ང་གི་མགོ་བོ་སློང་བ་འདི། ཁོ་མོས་དགག་ཅེས་གསོལ་བ་ན། །ལན་དུ་བདག་གིས་གྲངས་མེད་ལུས། །བླངས་པ་ཆུ་ཤིང་སྙིང་པོ་སྟེ། །ད་ནི་འགྲོ་བའི་རེ་བ་རྣམས། །བསྐང་ན་འདོད་པའི་དོན་འགྲུབ་གསུངས། །ཟླ་དང་ས་འཛིན་བློན་གཉིས་ཀྱིས། །རིན་ཆེན་མགོ་མང་ཀྱིས་བསླུས་ཀྱང་། །བྲམ་ཟེས་མ་འདོད་མདུན་ན་འདོན། །


GLG016_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཕ་རོལ་ལྟད་མོར་སོང་། །སྙིང་སྟོབས་ལྡན་དེས་རིན་པོ་ཆེའི། །པྲོག་ཞུ་བཀྲོལ་ཚེ་གསེར་ལྡན་མ། །མ་བཟོད་འདར་བས་གྲོང་ཁྱེར་གྱི། །ཅོད་པན་ཐམས་ཅད་དུས་གཅིག་ལྷུང་། །ནགས་ཀྱི་ལྷས་ཀྱང་མ་བཟློག་པར། །ཙམ་པ་ཀ་ཡི་ལྗོན་ཤིང་དྲུང་། །སྤོས་ངད་ལྡན་གྱི་བྲམ་ཟེ་ལ། །དང་བའི་སེམས་ཀྱིས་མགོ་བོ་བྱིན། །དགེ་བའི་རིན་ཆེན་ཐེམ་སྐས་ལ། །འཛེགས་ནས་གཞན་འཕྲུལ་དབང་བྱེད་ལྷར། །སྐྱེས་པའི་རྣམ་སྨིན་རབ་དཀར་དེས། །རྒྱུ་ལས་འབྲས་འབྱུང་སླུ་མེད་མཚར། །༼༦༽འདྲེན་པ་མཆོག་གྱུར་ཟས་གཙང་སྲས། །དབུས་འགྱུར་འཆང་དུ་གཤེགས་པའི་བཤུལ། །ཆོམ་རྐུན་རྣམས་ལ་ནོར་བྱིན་ནས། །ཚོང་པ་ལན་དྲུག་བསྐྱབས་པར་མཛད། །མ་བྱིན་ལེན་ལ་བརྩོན་རྣམས་ཀྱིས། །བཅོམ་ལྡན་ཉི་མའི་གཉེན་འཁོར་བཅས། །བསོད་ནམས་མགྲོན་དུ་མཆོད་བྱས་ནས། །ངེས་པར་འབྱུང་བའི་ཚུལ་ཁྲིམས་བླངས། །ཆོམ་པོ་ཚངས་སྤྱོད་ལ་གནས་མཐུས། །འགྲོ་བའི་བསོད་ནམས་ཞིང་གྱུར་པར། །དེར་འདུས་ཀུན་རྟོག་འཆར་སྒོ་ཡིས། །སྔོན་གྱི་བྱུང་ཚུལ་དྲིས་པའི་ལན། །ཝ་ར་ཎཱ་སི་ཞེས་བྱ་བར། །དེད་དཔོན་ཤིན་ཏུ་དགའ་བ་ཡིས། །རྒྱ་མཚོ་ཆེ་ལས་ནོར་བླངས་ནས། །འགྲོ་བའི་དབུལ་ཕོངས་སེལ་བར་བརྩོན། །སྐབས་ཤིག་ལམ་དུ་ཆོམ་རྐུན་དང་། །ཕྲད་པར་ལན་དྲུག་ཚིམ་བྱས་ཀྱང་། །ད་དུང་ནོར་ལ་བརྐམ་ཆགས་པ། །མཐོང་བས་མྱ་ངན་ཁང་བུར་ཞུགས། །དེའི་ཚེ་ལྷ་ཡི་རྨི་ལམ་ལུང་། །བསྟན་པའི་མ་གྷ་ཞེས་བྱ་བ། །


GLG016_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་སུ་ཁྲིད་ནས་བཅུ་གཉིས་ལོར། །རོ་ཧི་ཏ་ཀའི་གླིང་དུ་བགྲོད། །རིང་མིན་གྲོགས་པོ་ཚེ་ཡི་དུས། །བྱས་ཀྱང་སྙིང་སྟོབས་མ་ཉམས་པར། །མ་གྷའི་ལུས་ཀྱི་བྱ་བ་ཀུན། །ཉེར་བསྒྲུབས་རིམ་གྱིས་ཕྱིན་པ་ན། །བགྲོད་ཀའི་རི་མཐོང་ཡིད་འབྱུང་ཚེ། །མི་མིན་དག་གིས་ཐབས་ཚུལ་བསྟན། །རིང་སོང་གསེར་གྱི་ཁང་བརྩེགས་ཤིག །མཐོང་བའི་ངང་ནས་གཉིད་ལ་ཡུར། །སྐབས་དེར་ལྷ་ཡི་ལུང་ཇི་བཞིན། །རིན་ཆེན་ཁང་མང་འདས་པའི་མཐར། །བསམ་འཕེལ་དབང་གི་རྒྱལ་པོ་བླངས། །དེའི་མཐུས་སྐད་ཅིག་རང་ཡུལ་སླེབས། །རྒྱལ་མཚན་རྩེ་མོར་ཡིད་བཞིན་ནོར། །མཆོད་ཅིང་གསོལ་བ་བཏབ་པ་ལས། །འགྲོ་བའི་དགོས་འདོད་མ་ལུས་པ། །ཆར་དུ་སྙིལ་བ་དེ་རྨད་བྱུང་། ༼༧༽སེར་སྐྱའི་ནྱ་གྲོ་དྷ་ཡི་ཚལ་ཆེན་པོར། །ཟས་གཙང་སོགས་ལ་རྒྱལ་བས་ཆོས་བསྟན་ཚེ། །མིང་ཆེན་ཆུང་མ་ཟླ་འོད་ཅེས་བྱ་བ། །ངེད་ཅག་ཆོས་ཉན་སྐལ་པ་དམན་ཞེས་ཞུམ། །དེ་ཚེ་རང་གི་ཁྱིམ་གྱི་བདག་པོ་ཡིས། །ཀུན་མཁྱེན་མ་འདྲིས་འགྲོ་བའི་གཉེན་ཡིན་པས། །ཤཱཀྱའི་མཆིས་བྲང་རྣམས་ལ་ཆོས་གསུང་པའི། །གོ་སྐབས་འབྱུང་ཞེས་གཏམ་གྱིས་དབུགས་འབྱུང་ལྟར། །ཐུབ་དབང་ཆོས་ཀྱི་བདུད་རྩི་ཉན་ཕྱོགས་ཚེ། །མིང་ཆེན་ཆུང་མ་ཧ་ཅང་རྒྱན་བཟང་བར། །བརྒྱགས་པའི་རྣམ་འགྱུཪ་སྤོངས་ཞེས་ཀུན་དགའ་བོས། །གསུངས་ཚེ་དེ་བཞིན་ཁྱིམ་དུ་བསྐུར་ཟིན་རྗེས། །ལ་ལ་ཐུབ་དབང་གསུང་ལ་མི་སེམས་པར། །རང་གི་


GLG016_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དང་ལང་ཚོས་དྲེགས་པ་ཡིས། ཁེངས་པ་གཞོམ་ཕྱིར་གཡོག་མོ་རོ་ཧི་ཏ། །སླར་ཡང་ཁྱིམ་དུ་རྒྱན་གོས་ལེན་པར་བཏང་། །འབངས་མོས་ཆོས་ཉན་སྐལ་པ་མ་ཐོབ་པས། །སེམས་ཁོང་ཆུད་དང་སངས་རྒྱས་ལ་དད་པ། །འགྲན་པའི་ངང་ནས་བ་ཡི་ར་རྣོན་པོས། །ལྟོ་བ་ཕུག་སྟེ་ལྔ་པའི༌ཕ་མཐར༌སོང༌། །འོན་ཀྱང༌སྨོན་ལམ་བཟང་པོའི་མཚམས་སྦྱོར་མཐུས། །སིངྒཱ་ལ་ཡུལ་རྒྱལ་པོའི་རིགས་བཙས་ཚེ། །མུཀྟི་ཀ་ཡི་ཆར་པ་ཆེར་བབས་པས། །མིང་ཡང་མུ་ཏིག་འཁྲི་ཤིང་ཞེས་སུ་གྲགས། །རིང་མིན་དབུས་འགྱུར་འཆང་གི་ཚོང་པ་འགའི། །ངག་ལས་སངས་རྒྱས་ཞེས་བྱའི་མཚན་ཐོས་ཚེ། །སྔོན་གྱི་བག་ཆགས་སད་པར་རྒྱལ་བ་ལ། །ཆེས་ཆེར་ཁྱད་འཕགས་འཕྲིན་ཡིག་ཕུལ་བའི་ལན། །རང་གི་སྐུ་གཟུགས་སྐྱབས་འགྲོའི་བསླབ་བྱར་བཅས། ལེགས་སྩལ་མཐོང་བའི་མོད་ལ་འཁྲི་ཤིང་ཅན། །རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་ཐོབ་ནས། །མུ་ཏིག་གིས་མཚོན་མཆོད་པའི་སྤྲིན་ཕུང་སྤྲོས། །༼༨༽རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་དཔལ་སྤས་ཞེས། །རྣམ་ཐོས་བུ་ལ་འགྲན་པའི་འབྱོར་བ་ཅན། །མུ་སྟེགས་ངན་པའི་གཏམ་གྱིས་ཡིད་དྲངས་ཏེ། །ཀུན་མཁྱེན་ཟས་གཙང་སྲས་ལ་གཤེ་བའི་བློས། །མེ་དང་དུག་གི་སྦྱོར་བ་སྣ་ཚོགས་པའི། །མ་རུངས་ལས་ཀྱི་སྟ་གོན་ཉེར་བྱས་ནས། །གཅམ་བུས་བདག་གི་ཁྱིམ་དུ་གདུགས་ཚོད་ལ། །འབྱོན་པར་གསོལ་བ་ཇི་བཞིན་ཞལ་གྱིས་བཞེས། །མ་ལ་ཁོ་བོའི་མི་བསྲུན་བསམ་པ་དང་། །ངན་སྦྱོར་འདི་ཙམ་རིག་པར་མ་


GLG016_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ན། །ཐམས་ཅད་མཁྱེན་ཅེས་བརྗོད་པ་བཞད་གད་ཀྱི། །གནས་སྙམ་དགའ་ཞིང་རང་གི་ཁྱིམ་དུ་ལོག །ལམ་དུ་དགེ་བསྙེན་ཞིག་གིས་སངས་རྒྱས་ལ། །རྒྱུ་མཚན་འདི་ལྟར་གཤེགས་པར་མི་རིགས་ཞེས། །གསོལ་བའི་ལན་དུ་ཚུལ་དེས་མི་གནོད་ཅེས། །སྔོན་གྱི་བྱུང་བའི་རྒྱུ་མཚན་རྒྱས་པར་སྩལ། །མེ་དོང་སྟེང་དུ་ཞབས་གཡས་བཞག་མ་ཐག །སྒྲ་དང་བཅས་པའི་འདབ་བརྒྱ་འཛུམ་སྟེང་ན། །ཐུབ་དབང་བཞུགས་པ་མངོན་སུམ་མཐོང་མ་ཐག །དཔལ་སྦས་གནོང་ཞིང་འགྱོད་པས་མཆི་མ་ལྷུང་། །ཆགས་དང་སྡང་བ་མི་མངའ་རྒྱལ་བ་ཡིས། །མི་དགེའི་བཤེས་ཀྱིས་བསླད་པའི་ཁྱིམ་བདག་དེ། །མཐོང་ཐོས་དྲན་དང་རེག་པས་རྗེས་བཟུང་ནས། །ཕན་དང་བདེ་བའི་དཔལ་ལ་སྦྱོར་བར་མཛད། ༼༩༽། རྒྱལ་པོའི་ཁབ་ཀྱི་རབ་བཟང་གིས། །ཆུང་མ་མངལ་དང་ལྡན་པ་ལ། །བུ་ཚ་ཇི་ལྟར་བཙའ་ཞེས་པའི། །རྒྱུ་མཚན་བཅོམ་ལྡན་འདས་ལ་གསོལ། །ལན་དུ་འདི་ལ་ཁྱེའུ་ཞིག །བཙའ་ཞིང་ལོངས་སྤྱོད་ཕུན་སུམ་ཚོགས། །མཐར་ནི་ང་ཡི་བསྟན་པ་ལ། །རབ་བྱུང་བྱང་ཆུབ་འཐོབ་ཅེས་གསུངས། །རྒྱུ་མཚན་མུ་སྟེགས་ཀྱིས་ཐོས་ནས། །འདི་ལ་སྐྱེས་པའི་བུ་དེས་ཁྱོད། །ཉམས་ཚུལ་གཏམ་གྱིས་དབྱེན་བཅོས་པས། ཁྱིམ་བདག་ཁྲོས་ནས་མཆིས་བྲང་བསད། །དེ་ཚེ་མུ་སྟེགས་དགའ་བཞིན་དུ། །བཅོམ་ལྡན་འདས་ལ་འཕྱ་ཞིང་སྨོད། །སངས་རྒྱས་གཟུགས་ཅན་སྙིང་པོར་བཅས། །བསིལ་ཚལ་


GLG016_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་གང་དེར་གཤེགས། །མ་ཡི་ལྟོ་བ་རྡོལ་བ་ལས། །མེ་འབར་ཁྲོད་ནས་བྱིས་པ་ཞིག །བྱུང་བས་མེ་སྐྱེས་ཞེས་བཏགས་ཤིང་། །གཟུགས་ཅན་སྙིང་པོས་རིང་ཞིག་བསོས། །ཡུལ་གཞན་ཚོང་གི་བྱ་བ་ལ། བུ་ཡི་ཞང་པོ་སོང་བ་དག །རང་ཡུལ་ལྡོག་ཚེ་གནས་ཚུལ་ལ། །འཁུ་བས་བརླང་པོའི་ཚིག་སྨྲས་པས། །མ་བཟོད་ཕ་ཡིས་རང་ཁྱིམ་དུ། །བླངས་ཚེ་འབྱོར་པ་རྨུགས་འཛིན་གྱིས། །རྗེས་སུ་འགྲོ་བ་ཀླུ་དབང་གིས། །གཙུག་རྒྱན་ནོར་བུ་ཐོབ་པ་བཞིན། །ཕུན་ཚོགས་གོས་བཟང་བཀྲུས་པ་དག །མ་སྐྱེས་དགྲ་ཡི་མགོར་ལྷུངས་པའི། །རྐྱེན་གྱིས་མི་བཟད་རྩོད་པ་ན། །ཆགས་མེད་འབྱོར་བ་མཐའ་དག་གཏད། །འཁོར་བ་མེ་དོང་ལྟར་ཤེས་ནས། །ཉི་མའི་གཉེན་དྲུང་རབ་བྱུང་ཞིང་། །བདེན་པ་མཐོང་བའི་ངོ་མཚར་གཏམ། ཨེ་མ་བློ་ལྡན་སྒྲ་འཛིན་རྒྱན། ༼༡་༽། ཐབས་ཤེས་ལང་ཚོ་དར་བའི་མངལ་ཡངས་པར། །ཕུན་ཚོགས་རྒྱུ་རྐྱེན་ས་བོན་སྨིན་པའི་འབྲས། །སྐྱེ་རྒ་ན་དང་འཆི་བའི་སྒྱུ་མ་མཁན། །མཐའ་མེད་འཁོར་བ་སྟོན་པའི་སློབ་དཔོན་བཞིན། །སྲོག་གཅོད་ལ་སོགས་མི་དགེའི་ལས་ལམ་བཅུའི། །མི་བཟད་སྡིག་པའི་ཆང་གིས་རབ་མྱོས་པས། །འཇིགས་རུང་ངན་འགྲོའི་གཡང་སར་གོམས་པ་དག །འཁྱོར་བ་མཐོང་ཚེ་ལུས་ཀྱི་བ་སྤུ་ལྡང་། །སྡིག་དང་མི་དགེའི་བཤེས་ཀྱིས་དབེན་པ་ཡི། །ཡིད་འོང་ལོ་མའི་སྤྱིལ་ཆུང་ཉམས་དགའ་བར། །བསམ་གཏན་སྒོམ་སོགས་དགེ་ལ་སྤྱོད་པ་རྣམས། །མངོན་པར་མཐོ་དང་ངེས་པའི་ལམ་


GLG016_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱོར། ༼༡༡༽། ནྱ་གྲོ་དྷ་ཡི་ཀུན་དགའ་ར་བ་ན། །རྒྱལ་བའི་སྤྱན་སྔར་མཛེས་དགའ་འོངས་པ་ལ། །རབ་ཏུ་བྱུང་ཞེས་གསུངས་ཀྱང་མ་འདོད་ནས། ཁྱིམ་དུ་དགའ་མར་རྩེ་ལ་རིང་ཞིང་སོང་། །སྐབས་ཤིག་བཅོམ་ལྡན་འཁོར་བཅས་སྤྱན་དྲངས་ནས། །མཆོད་རྗེས་དགའ་བོར་ལྷུང་བཟེད་བསྐུར་བ་ཡི། །ཟོལ་གྱིས་ཁྲིད་ཚེ་ཆུང་མས་བཟུང་བ་ན། །མྱུར་དུ་ལྡོག་ཅེས་སངས་རྒྱས་ཞབས་ཕྱིར་འབྲངས། །བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་བཀོད་པ་ཡིས། །དགའ་བོ་རབ་བྱུང་གཟུགས་སུ་བསྒྱུར་ན་ཡང་། །མ་དུལ་སེམས་དེ་འདོད་པའི་ཤིང་རྟ་ལ། །ཞོན་ནས་མཛེས་མའི་ཕྱོགས་སུ་ལན་བརྒྱར་བརྒྱུགས། །ཡིད་ཀྱི་ཞགས་པས་བཅིངས་པའི་མཛའ་ན་མོ། །ཐག་རིང་ཡུལ་གྱི་བསྐལ་བས་མངོན་སུམ་དུ། །མ་གྱུར་རྡོ་ལ་བྲིས་པའི་གཟུགས་བརྙན་ནི། །སེམས་ཀྱི་ངལ་གསོའི་རྟེན་དུ་ཡང་ཡང་ལྟ། །ཚུལ་དེ་སངས་རྒྱས་སྙན་དུ་གསོལ་བ་ན། །བག་མེད་རྒུད་པ་ཀུན་གྱི་གཞིར་གསུངས་ཤིང་། །གཙུག་ལག་ཁང་གི་ཕྱག་བདར་བྱེད་པ་སོགས། །སྣ་ཚོགས་ཐབས་ཀྱིས་དྲངས་ཀྱང་ལྡོག་མི་གྱུར། །མི་སྡུག་སྤྲ་མོ་ལྷ་ཡི་ལུས་ཕྲ་དང་། །འཇིགས་རུང་དམྱལ་བའི་གནས་སོགས་རིམ་བསྟན་མཐར། །སྙིང་ནས་འཁོར་བའི་ཚུལ་ལ་ཡིད་ཕྱུང་སྟེ། །ཚངས་སྤྱོད་དཔལ་གྱི་དངོས་པོ་བླ་མེད་བླངས། ༼༡༢༽། མིང་ཆེན་འབངས་མོ་འཕྲེང་ཅན་མ། །སངས་རྒྱས་ལ་དད་བསོད་ནམས་ཀྱིས། །རྒྱལ་པོ་གསལ་རྒྱལ་བཙུན་མོ་རུ། །གྱུར་ལས་འཕགས་སྐྱེས་


GLG016_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་བཙས། །ཤཱཀྱ་རྣམས་ཀྱི་འབངས་མོའི་བུ། །ཞེས་སྨྲས་པ་ལ་འཁོན་བཟུང་ནས། །རང་ཉིད་ས་ཡི་བདག་པོ་རུ། །གྱུར་ཚེ་དམག་གི་དཔུང་ཚོགས་བཤམས། །རྒྱལ་བ་ཐུགས་རྗེ་ལྡན་པ་དེས། །ཤཱཀྱ་དང་ཉེའི་ཤིང་སྐམ་འོག །བཞུགས་ནས་གཉེན་ལ་རྗེས་བརྩེ་བའི། །གསུང་གིས་རེ་ཞིག་འཁྲུག་པ་བཟློག །བཅོམ་ལྡན་འདས་ཀྱིས་ཤཱཀྱའི་ཚོགས། །ཆོས་ཀྱི་བདུད་རྩི་ལེགས་སྩལ་པས། །རྒྱུན་དུ་ཞུགས་ནས་དགྲ་བཅོམ་པར། །འབྲས་བུ་ཐོབ་པ་གྲངས་ལས་འདས། །སྐབས་ཤིག་རྒྱལ་པོ་འཕགས་སྐྱེས་པོ། །སྔར་གྱི་ཤ་འཁོན་དྲན་གྱུར་ནས། །དམག་གི་དཔུང་ཚོགས་ཆེར་བཤམས་ཀྱང་། །མོང་གལ་རྫུ་འཕྲུལ་མཐུ་ཡིས་བསྲུངས། །དེ་ནས་ཤཱཀྱ་ཀུན་བགྲོས་ཏེ། །འཚེ་བ་སྤོང་པའི་ཁྲིམས་བཅས་ཀྱང་། །ཤམ་བྷ་ཀ་ཡིས་འཕགས་སྐྱེས་པོའི། །དམག་རྣམས་བཅོམ་པས་ཡུལ་གཞན་བསྐྲད། །སླར་ཡང་མི་བསྲུན་འབངས་མོའི་བུས། །ཤཱཀྱ་བདུན་ཁྲི་བདུན་སྟོང་བསད། །བུ་མོ་ལྔ་བརྒྱའི་ལག་བཅད་པས། ཁྲག་འཁྱིལ་ལག་པའི་རྫིང་དུ་གྲགས། །བུད་མེད་དེ་རྣམས་བཅོམ་ལྡན་འདས། །ཡིད་ལ་བྱས་པས་ལྷ་ལུས་ཐོབ། །འཕགས་སྐྱེས་པོ་ཉིད་ཕྱིར་ལོག་ཚེ། །ཅུང་ཟད་རྐྱེན་གྱིས་རང་སྲས་བཀུམ། །དེ་ནས་རྒྱལ་བས་ལུང་བསྟན་ལ། །འཇིགས་ནས་ཞག་བདུན་ཆུར་ཞུགས་ཀྱང༌། །ནང་པར་རྒྱན་གྱི་མེ་ཤེལ་ལས། །འབར་བའི་ཞུགས་ཀྱིས་ཐམས་ཅད་ཚིག །༼༡༣༽གཟུགས་ཅན་སྙིང་པོའི་མངའ་འབངས་


GLG016_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །གནོད་སྦྱིན་འཕྲོག་མས་ཉེར་འཚེ་བར། །ཡུལ་དེའི་སྐྱེ་བོ་མ་ལུས་པས། །བཅོམ་ལྡན་འདས་ལ་སྐྱབས་སུ་གསོལ། །རྒྱལ་བས་འཕྲོག་མའི་གནས་བྱོན་ནས། །དེ་ཡི་བུ་གཅིག་བསྣམས་པ་ན། །མ་ཡིས་ཕྱོགས་ཀུན་བཙལ་བྱས་ཀྱང་། །མ་རྙེད་སྟོན་པའི་དྲུང་དུ་འོངས། །ཁྱོད་ལ་ལྔ་བརྒྱའི་གྲངས་ལྡན་པ། །ཡོད་བཞིན་འདི་ལྟར་སྡུག་བསྔལ་ན། །གཞན་གྱི་བུ་ལ་འཚེ་བ་དག །མི་རིགས་གསུངས་ནས་བསླབ་ལ་བཀོད། །ལྷུང་བཟེད་འོག་ཏུ་སྤས་པ་ཡི། །དགའ་བྱེད་ཅེས་བྱ་མི་བསྲུན་རིགས། །ཕྱིར་བཏང་སྔོན་གྱི་བྱུང་བ་དག །གསུངས་ནས་དགའ་ཞིང་རང་གནས་སོང་། །དངོས་བསྟན་དུ་འདུལ་བ་ལུང་བཞིན་ཚེས་བརྒྱད་ལས་མེད་ཀྱང་ལྡེབས་བྲིས་ལ་མཛངས་བླུན་གྱི་ལུགས་ལྟར་བྲིས་འདུག་པ་དེ་དང་བསྟུན་ནས་བཀོད་པ་ཡིན། །རྒྱལ་པོའི་ཁབ་ཏུ་ཟས་གཙང་སྲས་བཞུགས་ཚེ། །རང་བློ་རང་ལ་ལྐོག་གྱུར་གནག་ལྷས་སོགས། །ཕྲག་དོག་མུན་པ་སྟུག་པོས་རྒྱལ་བ་དང་། །འགྲན་ཚིག་ས་ཆེན་སྐྱོང་བ་དག་ལ་མོལ། །རིས་མེད་ཀུན་ལ་བརྩེ་བ་སངས་རྒྱས་ཀྱིས། །ལོག་པའི་ལམ་དུ་ཉེར་འཁྱམས་སྐྱེ་བོ་རྣམས། །རྗེས་སུ་གཟུང་ཕྱིར་རྫུ་འཕྲུལ་འགྲན་པའི་སྐབས། །ཕྱེ་ནས་རྒྱལ་བས་ཆོས་འཕྲུལ་ཁང་པ་བརྩིགས། །ཚེམས་ཤིང་བཙུགས་པས་འཕྲལ་དུ་ལོ་འབྲས་རྒྱས། །སྔོན་མེད་རི་ལ་འགྲོ་མང་ལོངས་སུ་སྤྱོད། །ཞབས་བསིལ་ཆུ་རྫིང་པདྨ་གཡུར་དུ་ཟ། །རྫིང་གི་ཡུར་བ་བརྒྱད་ཀྱིས་ཆོས་སྒྲ་སྟོན། །ཞལ་སྒོའི་འོད་ཀྱིས་སྟོང་གསུམ་གསལ་བར་མཛད། །འཁོར་རྣམས་ཕན་ཚུན་བསམ་པ་ཤེས་པ་དང་། འཁོར་


GLG016_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་སྒྱུར་པའི་རྣམ་པ་དག་ཏུ་བསྟན། །གསང་བདག་སྲིན་པོ་ལྔ་ཡིས་མུ་སྟེགས་བཅོམ། །ཚངས་པའི་འཇིག་རྟེན་སྲིད་རྩེའི་བར་ཁྱབ་པའི། །སྐུ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ། །མི་སྣང་འོད་ཀྱི་གོང་བུར་འཁྱིལ་བའི་སྐུ། །གསེར་གྱི་འོད་སྟོང་ཕྱོགས་བཅུར་འཕྲོ་བ་ཅན། །ལྟེ་བའི་པད་འདབ་གྱེས་ལ་སངས་རྒྱས་སྟོང་། །མེ་ཏོག་གཏོར་བ་རིན་ཆེན་ཤིང་རྟར་སོང་། །རོ་བརྒྱའི་ཟས་ཀྱིས་སྣོད་བཅུད་ཁེངས་པ་དང་། །དམྱལ་བ་བསྟན་སོགས་ཆོ་འཕྲུལ་བཅོ་ལྔར་གསུངས། ༼༡༥༽། ཐུབ་དབང་སུམ་ཅུ་རྩ་གསུམ་དུ། །ལྷ་རྣམས་ལ་ནི་ཆོས་སྟོན་ཚེ། །རྣམ་བཞིའི་འཁོར་གྱིས་མོ་གལ་བུ། །བཏང་ནས་འཛམ་བུའི་གླིང་གཤེགས་གསོལ། །བརྒྱ་བྱིན་བཻ་ཌཱུར་གསེར་དངུལ་གྱི། །ཐེམ་སྐས་བཙུགས་ཤིང་ལྷ་དང་མིའི། །མཆོད་པ་དང་བཅས་བཅོམ་ལྡན་འདས། །ཤང་ཀ་ཤྱ་ཡི་འགྲམ་དུ་བྱོན། །དེ་ཚེ་དགེ་སློང་ཨུཏྤ་ལ། །ཕྱག་བྱའི་སྐབས་ནི་མ་རྙེད་པས། །འཁོར་ལོས་སྒྱུར་རྒྱལ་གཟུགས་སྤྲུལ་བར། །འགྲོ་མང་འཁྲུལ་བའི་དྲྭ་བར་ཚུད། །ཚུལ་དེ་དགེ་སློང་འཆར་ཀ་ཡིས། །རིག་གནས་འདི་ནི་ས་སྤྱོད་མིན། །དགེ་སློང་ཨུཏྤ་ལ་ཡིན་ཞེས། །ཐེ་ཚོམ་དྲྭ་བ་རྣམ་པར་བཅད། །རྒྱལ་བ་རང་གི་གནས་བཞུགས་ཚེ། །དགེ་སློང་རྣམས་ཀྱིས་གསོལ་བ་ལས། །འཆར་ཀ་དང་ནི་ཨུཏྤ་ལའི། །སྔོན་བྱུང་གཏམ་ནི་ལེགས་པར་གསུངས། ༼༡༦༽། གྱད་རྣམས་འདུ་བའི་ཀུ་ཤའི་གྲོང་ཁྱེར་དུ། །ཐུབ་དབང་བསོད་ནམས་མགྲོན་དུ་


GLG016_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་བའི་སླད། །ས་ཕྱོགས་བྱི་དོར་ཆག་ཆག་ལེགས་བཏབ་ཅིང་། །ལྗོན་ཤིང་མེ་ཏོག་སོགས་ཀྱིས་བརྒྱན་པར་བྱས། །ལམ་གྱི་སྒོ་བཀགས་ཕ་བོང་ཆེན་པོ་ཞིག །སྟོབས་ལྡན་འབད་པས་བསལ་བར་མ་ནུས་པ། །སངས་རྒྱས་ཕྱག་གིས་ཚངས་པའི་འཇིག་རྟེན་བར། །མི་རྟག་ཅེས་པའི་སྒྲ་དང་བཅས་ཏེ་འཕངས། །སླར་ཡང་ཕྱག་ཏུ་བབས་པ་ཞལ་སྒོ་ཡི། །རླུང་གིས་རྡུལ་ཕྲན་ལྟ་བུར་གཏོར་བྱས་ཤིང་། །དེ་དག་གཅིག་གྱུར་སྟེང་བཞུགས་ཆོས་བསྟན་ནས། །གྱད་ཀུན་རྒྱུན་ཞུགས་སོགས་ཀྱི་ལམ་ལ་བཀོད། ༼༡༧༽། ཀླུ་རྣམས་ཀྱིས་གཙུགས་གདེངས་ཀའི་ཟམ་པ་ཡིས། །བཅོམ་ལྡན་འཁོར་བཅས་གངྒཱ་ལས་བསྒྲལ་ནས། །ལྗོན་པའི་ཚལ་དུ་བཞུགས་ཚེ་དེར་འཁོད་ལ། །ཕུལ་བྱུང་རིན་ཅེན་མཆོད་སྡོང་ལྟད་མོར་མཛད། །འཁོར་གྱིས་རྒྱུ་མཚན་ཞུས་པས་སྔོན་གྱི་དུས། །མང་པོས་བཀུར་བའི་རྒྱལ་པོའི་མཆོད་ཡུལ་དུ། །བི་ཤྭ་ཀ་རྨིས་བསྐྲུན་པའི་རིན་པོ་ཆེའི། །མཆོད་སྡོང་ངོ་མཚར་ཕུན་སུམ་ཚོགས་འདི་བསྒྲུབས། །སྐྱེ་བོ་ཕལ་ཆེར་ལྟ་བར་གཡེངས་པ་ཡི། །སོ་ནམ་ཚོང་དང་ཁེ་སྤོགས་ཉམས་པའི་མཐུས། །རྒྱལ་པོའི་དཔྱ་ཁྲལ་ཆད་པས་ཡིད་འཁྲུགས་ནས། །རིན་ཅེན་མཆོད་རྟེན་གངྒཱའི་ཆུ་ལ་བསྐྱུར། །མ་འོངས་འཁོར་ལོས་སྒྱུར་བ་དུང་གི་དུས། །འདི་ཉིད་དུམ་བུར་ཕྲལ་བའི་རྐྱེན་གྱིས་ནི། །བྱམས་པ་མཆོག་གི་སྤྲུལ་སྐུར་སངས་རྒྱས་སྟེ། །འགྲོ་བ་ཀུན་གྱི་འདྲེན་པར་འགྱུར་ཞེས་གསུངས། ༼༡༨༽། ཐུབ་དབང་མགོན་མེད་


GLG016_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སྦྱིན་གྱི། །ཀུན་དགའ་ར་བར་བཞུགས་པའི་ཚེ། །འཕགས་པ་འོད་སྲུངས་གཤེགས་པ་དག །མཛེ་མོ་ཞིག་གིས་མཐོང་བ་ཡིས། །སྔོན་ཡང་བསོད་ནམས་མ་བསགས་པས། །གནས་སྐབས་འདི་འདྲར་གྱུར་སྙམ་སྟེ། །བསོད་སྙམས་ཕུལ་བས་མཛུབ་མོ་རྣམས། །ལྷན་ཅིག་ལྷུང་བཟེད་ནང་དུ་དྲུལ། །དེ་ཉིད་ཚེ་འཕོས་ལྷ་ཡུལ་དུ། །སྐྱེས་པའི་ཕུན་ཚོགས་སྙན་གྲགས་ནི། །ས་བདག་གསལ་རྒྱལ་གྱིས་ཐོས་པས། །ཉིན་ཞག་མང་པོར་སྦྱིན་གཏོང་བྱས། །དེ་ནས་རྒྱལ་པོས་སངས་རྒྱས་ལ། །བྱང་ཆུབ་ཐོབ་པའི་ལུང་བསྟན་ཞུས། །དབུལ་པོའི་མར་མེ་ཆུང་ན་ཡང་། །ས་སྐྱོང་སྣང་གསལ་ཡུན་ལས་རིང་། །བཅོམ་ལྡན་འདས་ཀྱིས་གསལ་རྒྱལ་ལ། །བྱང་ཆུབ་རྙེད་དཀའ་བདག་ཅག་གིས། །སྐྱེ་བ་མང་པོར་སྦྱིན་པའི་ཚོགས། །བཏང་ཡང་མྱ་ངན་འདས་མ་ཐོབ། །རྒྱལ་པོ་མེ་ལོང་བཞིན་གྱུར་ཚེ། །བྲམ་ཟེ་དབྱུག་པ་ཅན་ཞེས་པས། །བ་ལང་བོར་ཞིང་རྟ་སྲོག་བྲལ། །སྟེའུ་ཆུར་ལྷུངས་ཐགས་མཁན་བཀུམས། །ཆང་ཚོང་བུ་བསད་ཉེས་པའི་ཚོགས། ཁྲིམས་ཀྱིས་སོ་སོར་མགུ་བར་བྱས། །དེ་ལྟ་ནའང་བྱང་ཆུབ་ནི། ཤེས་རབ་མཐུ་ཡིས་ཐོབ་པར་གསུངས། ༼༡༩༽། སྔོན་དུས་རྣམ་འདྲེན་རྒྱལ་པོའི་ཁབ། །བཞུགས་ཚེ་ཉན་ཐོས་ཤཱ་རིའི་བུས། །དགྲ་བཅོམ་མངོན་གྱུར་ཤེས་རབ་ལ། །ངོ་མཚར་འཁོར་གྱིས་དྲིས་པའི་ལན། །མིང་པོ་བྲམ་ཟེ་རང་རྒྱལ་གྱིས། །ཆོས་གོས་འཚེམ་པའི་ལས་བྱས་ཚེ། །སྲིང་མོས་ཁབ་ཀྱི་རྩེ་མོ་ལྟར། །


GLG016_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྣོའི་ཤེས་རབ་ཐོབ་གྱུར་ཅིག །ཅེས་པའི་སྨོན་ལམ་ལེགས་བཏབ་འབྲས། །དུས་འདིར་སྨིན་པ་ཤཱ་རིའི་བུ། །སྔོན་ཚེ་རྒྱལ་པོ་སྐྱེས་པའི་དུས། །ཕ་ཡིས་རབ་བྱུང་ལས་ལྡོག་པ། །རིང་མིན་གླང་པོ་ཆེ་ཞོན་ནས། །རྒྱུ་བའི་ལམ་དུ་དབུལ་པོ་ཞིག །མཐོང་ཚེ་མཐུན་པའི་རྐྱེན་བྱིན་ཏེ། །རབ་ཏུ་བྱུང་བ་དག་ལ་སྦྱར། །ནམ་ཞིག་རྒན་པོ་རང་སངས་རྒྱས། །ཐོབ་ནས་རྣམ་འདྲེན་དྲུང་འོངས་ཏེ། །རྫུ་འཕྲུལ་བསྟན་པས་རང་རིག་ལ། །མ་རངས་ཆོས་གེགས་འདི་འདྲ་སྙམ། །དམན་པའི་རིགས་ལས་རབ་བྱུང་བར། །སྨོན་ལམ་བཏབ་པ་ཤཱ་རིའི་བུ། །ཡིན་ཞེས་རྒྱལ་བས་འཁོར་རྣམས་ལ། །གསུངས་པའི་གཏམ་གྱི་སྦྱོར་བ་སྙན། ༼༢༠༽། སྔོན་ཚེ་སངས་རྒྱས་འོད་སྲུངས་མཆོད་རྟེན་ལ། །གསེར་སྦྱངས་བྱེ་བ་རེ་བའི་རིན་པོ་ཆེ། །ལེགས་ཕུལ་འབྲས་བུ་སྨིན་པའི་གྲོ་བཞིན་སྐྱེས། །གསེར་གྱི་མདོག་ཅན་ཕུན་ཚོགས་རྣ་རྒྱན་ཅན། ཚོང་ལ་ནོར་གླིང་བགྲོད་ཚེ་ཉལ་བའི་ཤུལ། །གྲོགས་རྣམས་རིང་སོང་རང་ཉིད་གཅིག་པུར་ལུས། །བཏུང་བ་འཚོལ་བར་ཕྱིན་པས་ལྕགས་ཁང་ནང་། །བཀྲེས་ཤིང་འཕོངས་པའི་ཡི་དྭགས་ལན་གཉིས་མཐོང་། །རིམ་གྱིས་བགྲོད་ཚེ་རིན་ཅེན་ཁང་བཟང་དུ། །མཚན་མོ་བདེ་ཞིང་ཉིན་མོ་སྡུག་བསྔལ་དང༌། །དེ་ལས་ཉིན་མཚན་གོ་ལྡོག་མཐོང་རྣམས་ལ། །འཇིགས་དང་ཡ་མཚན་ཀུན་རྟོག་ཅི་ཡང་ཤར། །རྒྱུ་མཚན་དྲིས་པས་ཚེ་སྔོན་སྲོག་གཅོད་དང་། །འདོད་ལོག་


GLG016_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་ཉིན་སྤངས་དེའི་ཅིག་ཤོས། །ལོངས་སུ་སྤྱད་པའི་རྣམ་སྨིན་འདི་ལྟར་གྱུར། །ཟེར་བ་ཐོས་ནས་རིམ་བཞིན་བགྲོད་པ་ན། །ཡིད་འོང་ལྷ་མོ་གནས་པའི་ཁྲི་རྐང་ལ། །མི་སྡུག་འཇིགས་སུ་རུང་བའི་ཡི་དྭགས་བཞི། །ཟས་སྐོམ་རྣག་ཁྲག་སོགས་སུ་གྱུར་མཐོང་ནས། །རྒྱུ་མཚན་དྲིས་པས་ལྷ་མོ་དེས་སྨྲས་པ། །བདག་སྔོན་བྲམ་ཟེར་གྱུར་པའི་དུས་ཀྱི་ཚེ། །འཕགས་པ་ཀཱ་ཏྱཱ་ཡ་ནར་བསོད་སྙོམས་ཕུལ། །ཆུང་མ་བུ་དང་མནའ་མ་བྲན་རྣམས་ཀྱིས། །ངན་སྨྲས་བྱས་པའི་འབྲས་བུ་འདིར་སྨིན་ཟེར། །དེས་མཚོན་སྔར་མཐོང་ཀུན་གྱི་ཁྱིམ་ནང་དུ། །གསེར་སོགས་རིན་ཅེན་བུམ་པའི་གཏེར་ཡོད་པས། །ཐོན་ལ་འཕགས་པ་ཀཱ་ཏྱཱ་ཡ་མཆོད་ཅེས། །འཕྲིན་བསྐུར་ཅུང་ཟད་ཉལ་བས་རང་ཡུལ་སླེབས། །ཕ་མ་གྲོ་བཞིན་སྐྱེས་བྲལ་མྱ་ངན་གྱིས། །ལོང་བ་དག་ཀྱང་མིག་ཐོབ་བདེ་ལ་སྤྱོད། །ཕྲ་ཞིབ་ལས་འབྲས་མངོན་སུམ་མཐོང་བ་དེ། །སྡིག་སྤོང་དགེ་བ་སྒྲུབ་པའི་བྱེད་པོ་བཞིན། །༼༢༡༽ས་བདག་རྒྱལ་པོ་འཕགས་སྐྱེས་པོ། །བློན་པོ་དུམ་བུ་ཅེས་པ་གཉིས། །གཞན་གྱིས་ཕྲ་མ་བཅུག་པ་ལས། །བློན་པོས་ཡངས་པ་ཅན་དུ་ཕྱིན། །དེ་ཉིད་འདས་ཤུལ་བུ་གཞོན་པས། །ཚོགས་ཀྱི་གཙོ་བོ་བྱས་པ་ན། །རྒན་པ་ཅུང་ཟད་མ་རངས་པར། །གཟུགས་ཅན་སྙིང་པོའི་དྲུང་དུ་བགྲོད། །རྒྱལ་པོ་བཙུན་མོ་དང་བྲལ་བའི། །མྱ་ངན་བྱེད་པ་དེ་མཐོང་ནས། །རང་གི་ནུ་བོའི་བུ་མོ་ལ། །ཡོན་ཏན་དུ་མའི་བསྔགས་པ་བརྗོད། །དེ་ཉིད་ལུས་


GLG016_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བརྐུར་བཏང་ཚེ། །ཙེ་ལ་ཐོབ་ནས་ཕྱིར་བྲོས་པར། །ཡངས་པ་ཅན་པས་རྗེས་བསྙེགས་ཀྱང་། །གནོད་པར་མ་ནུས་གནས་སུ་འཁོར། །དེ་ཚེ་མཚན་མཁན་ལ་བསྟན་པས། །ཙེ་ལ་ཞེས་པའི་བུད་མེད་འདི། །བཙུན་མོར་བསྐུར་ཚེ་བཙས་པའི་བུ། །ནར་སོན་དུས་ན་ཕ་གསོད་སྨྲས། །ཡངས་ཅན་ལི་ཙ་བྱི་ཆེན་པོའི། །ལྡུམ་རའི་ཨ་མྲའི་སྡོང་པོ་ལས། །བཙས་པའི་བུ་མོ་མཚན་ལྡན་གྱི། །སྙན་པ་གཟུགས་ཅན་སྙིང་པོས་ཐོས། །ཡངས་པ་ཅན་གྱི་ཁང་བཟང་ན། །རྒྱལ་པོ་སོ་སོའི་གཟུགས་དྲིས་པར། །གཟུགས་ཅན་སྙིང་པོའི་སྣང་བརྙན་ལ། །སྨིན་ལེགས་ཡིད་ཀྱི་གདུང་བ་འཕེལ། །དེ་ཚེ་རྒྱལ་པོས་གསང་ཐབས་སུ། །ཕྱིན་ནས་ཞག་བདུན་འདུས་པ་ལས། ཁྱེའུ་བཙས་ཤིང་ཡིད་ཆེས་སླད། །སོར་གདུབ་བསྐུར་ནས་བཏང་ཞེས་གྲགས། །དེའི་རྒྱུ་སྔོན་ཚེ་ཨ་སྨྲ་སྐྱོང་། །རྒྱལ་པོའི་ཁབ་ཀྱི་སྐྱེད་མོས་ཚལ། །སྲུང་བའི་བུད་མེད་ལུས་ཐོབ་དུས། །རང་སངས་རྒྱས་གཅིག་ཉེར་མཆོད་དེ། །བདག་ཅག་མི་གཙང་མངལ་གྱི་དྲིས། །གོས་མིན་གཡོན་མིག་མར་གྱུར་ནས། །ས་སྐྱོང་བཙུན་མོར་དབང་བསྐུར་བའི། །སྨོན་ལམ་བཏབ་པའི་འབྲས་གྲུབ་མཚར། ༼༢༢༽། མཉན་ཡོད་ཁྱིམ་བདག་སྦྱིན་པ་ཡི། ཁྱེའུ་སྦྱིན་ལ་ཆེས་དགའ་བས། །མགོན་མེད་ཟས་སྦྱིན་ཞེས་བྱའི་མིང་། །སྙན་པའི་གྲགས་པ་སྲིད་ན་འབར། །གང་དེས་ཁྱིམ་བདག་ནོར་ཆེན་ལ། །བུ་མོ་སློང་བར་བྲམ་ཟེ་མངགས། །དེ་ཉིད་ཚེ་ཡི་དུས་བྱས་པར། །མཆོག་ཟུང་


GLG016_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་རྗེས་སུ་བཟུང་། །སླར་ཡང་མགོན་མེད་ཟས་སྦྱིན་གྱིས། །བུ་མོ་སློང་དུ་ཕྱིན་པ་ན། །སངས་རྒྱས་དགེ་འདུན་ཞེས་པའི་མཚན། །ཐོས་པས་ཡིད་ཀྱི་སྤུ་ལོང་གཡོས། །བསིལ་བའི་ཚལ་བགྲོད་སངས་རྒྱས་ལ། །བཞུགས་གནས་གཙུག་ལག་ཁང་བརྩིགས་ཞེས། །གསོལ་བས་ཉན་ཐོས་ཤཱ་རིའི་བུ། །དེ་ཡི་ལས་བྱེད་གྲོགས་སུ་བསྐོས། །རྒྱལ་པོ་རྒྱལ་བྱེད་ཀྱིས་བཟུང་པའི། །ཚལ་དེ་རིན་ཅེན་སུ་ཝ་རྞ། །ས་དང་མཉམ་པའི་རིན་བྱིན་ནས། །ཐིག་གདབ་ཆུ་ཡིས་བྲན་པར་བྱས། །དེ་ཚེ་མུ་སྟེགས་མིག་དམར་གྱིས། །ས་ཧཱ་ཀ་རའི་ལྗོན་པ་དང༌། །པད་རྫིང་ལྟོ་འགྲོ་རོ་ལངས་སོགས། །སྣ་ཚོགས་རྫུ་འཕྲུལ་བསྟན་པ་རྣམས། །འདུལ་བའི་སྙིང་པོར་ཤཱ་རིའི་བུས། །རླུང་ཆེན་གླང་པོ་ནམ་མཁའ་ལྡིང་། །ཕུར་བུ་རྣམས་ཀྱིས་བཅོམ་པ་ན། །མིག་དམར་འཇིགས་ཏེ་སྐྱབས་སུ་སོང༌། །བསིལ་བའི་ཚལ་ནས་ཟས་གཙང་སྲས། །གཙུག་ལག་ཁང་བཟང་དེར་བཞུགས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི། །སྔོན་དང་ཕྱི་མའི་མཐའ་རྣམས་གསུངས། ༼༢༣༽། རྒྱལ་བས་བྱང་ཆུབ་མཆོག་བརྙེས་ཚེ། །ཡབ་ཀྱིས་རང་སྲས་ལྟ་འདོད་ནས། །ཕོ་ཉ་ལན་གྲངས་མང་མངགས་ཀྱང་། །རབ་ཏུ་བྱུང་ནས་ཕྱིར་མ་ལྡོག །དེ་ནས་འཆར་ཀ་བཏང་བ་ཡང་། །རབ་བྱུང་རིང་ཞིག་ལོན་ནས་ལོག །ད་དེ་ཞག་བདུན་བཅོམ་ལྡན་འདས། །འབྱོན་ཞེས་རྒྱལ་པོའི་སྙན་དུ་གསོལ། །ནྱ་གྲོ་དྷ་ཡི་གཙུག་ལག་ཁང་། །བཅོམ་ལྡན་འདས་ཀྱི་གནས་སུ་བཞེངས། །


GLG016_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་འཁོར་བཅས་རྣམས། །རྫུ་འཕྲུལ་མཐུ་ཡིས་མཁའ་ལ་བྱོན། །སངས་རྒྱས་ཐུགས་རྗེས་ལྷ་རྣམས་ཀྱང་། །སྐད་ཅིག་ལྷགས་ཏེ་ཆོས་ཉན་པས། །ཟས་གཙང་ལ་སོགས་ཤཱཀྱའི་ཚོགས། །བརྒྱགས་ཤིང་ཁེངས་པའི་ང་རྒྱལ་བཅོམ། །ཤཱཀྱའི་རིགས་རྣམས་དམ་ཆོས་ལ། །བཀོད་པས་ལྷས་བྱིན་མ་གཏོགས་པ། །རྒྱུན་ཞུགས་དགྲ་བཅོམ་བར་དག་གི ། འབྲས་བུ་བློ་དང་འཚམ་པ་ཐོབ། །བཟང་ལྡན་རྒྱལ་སར་དབང་བསྐུར་བར། །ལྷས་བྱིན་མ་རུངས་ཕྲག་དོག་པས། །ནོར་བུ་ཁྲག་གིས་སྦགས་བྱས་པ། །འདབ་ཆགས་ཁྲ་ཡིས་མཁའ་ལ་ཁྱེར། ༼༢༤༽། སྔོན་ཚེ་ཀུན་ཏུ་རྒྱལ་བའི་སྲས། །ཐམས་ཅད་སྒྲོལ་ཞེས་བྱ་བ་ནི། །སྦྱིན་གཏོང་བྱེད་པར་ཆེས་དགའ་བས། །རྒྱལ་བློན་རྣམས་ཀྱིས་གཞན་དུ་སྤྱུགས། །ལམ་དུ་སློང་བའི་བྲམ་ཟེ་ལ། །གླང་པོ་ཆེ་དང་སྲས་གཉིས་བྱིན། །བརྒྱ་བྱིན་བྲམ་ཟེར་སྤྲུལ་ནས་སུ། །བཙུན་མོ་བསླངས་པས་ཉེ་བར་བཏང་། །དེ་ཚེ་གཟུགས་བསྟན་ངོ་མཚར་བའི། །གཏམ་གྱིས་བསྔགས་པ་ཆེས་ཆེར་བརྗོད། །བྲམ་ཟེས་མིང་སྲིང་གཉིས་བཙོངས་པ། །རྒྱལ་པོས་ངོ་ཤེས་ནོར་གྱིས་བསླུས། །ལྷ་དབང་མཐུ་ཡིས་ཐམས་ཅད་སྒྲོལ། །སླར་ཡང་སྤྱན་དྲངས་རྒྱལ་སར་བསྐུར། །མངའ་འབངས་ཐམས་ཅད་བདེ་བ་ལ། །བཀོད་པའི་དགའ་སྟོན་བླ་ན་མེད། ༼༢༥༽། འོག་མིན་གནས་སུ་བླ་མེད་བདུད་རྩིའི་རོ། །རྙེད་ཀྱང་གྲངས་མེད་འགྲོ་བ་བསྒྲལ་བའི་ཕྱིར། །སྒྱུ་འཕྲུལ་ལྷ་མོའི་


GLG016_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུམས་ཞུགས་སྐུ་བལྟམས་པ། །དོན་ཀུན་གྲུབ་པའི་རྒྱལ་པོ་འདི་ངོ་མཚར། །གྲངས་མེད་རིག་པའི་གནས་དང་སྒྱུ་རྩལ་ལ། ཁེངས་ལྡན་གཞན་གྱིས་འགྲན་པའི་ཟླ་དང་བྲལ། །ཡིད་འོང་བཙུན་མོ་མདུན་ན་འདོན་དང་བཅས། །རྩོད་དུས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བཟུང་། །སྒོ་བཞིར་རྒས་འཁོགས་ན་འཆིའི་ངང་ཚུལ་དང་། །རབ་ཏུ་བྱུང་གཟིགས་འཁོར་བར་ཡིད་ཕྱུང་ཚེ། །མཚན་མཁན་རྣམས་ཀྱིས་ཞག་བདུན་ཚུན་ཆད་དུ། །བྱང་ཆུབ་རྙེད་དམ་འཁོར་ལོས་སྒྱུར་ཞེས་སྨྲས། །རྒྱལ་པོ་དགའ་དང་འཇིགས་པ་འགྲན་བཞིན་དུ། །གྲོང་ཁྱེར་སྒོ་རྣམས་སྲུང་བའི་དཔའ་བོ་དང་། །ནང་དུ་སྤྲོ་བ་སྲིང་བའི་ལུས་ཕྲ་སོགས། །སྣ་ཚོགས་ཐབས་མཁས་འཕྲུལ་གྱིས་བཀོད་པ་མཛད། །བུད་མེད་གཉིད་མྱོས་རྣམ་འགྱུར་ངན་པས་ཀྱང༌། །བསྐུལ་ཞིང་འདུན་པ་ལྔ་རྩེན་གྱིས་བསླངས་ཏེ། །ཆིབས་ཀྱི་སུག་བཞི་ལྷས་བཏེག་ཚངས་པ་དང་། །བརྒྱ་བྱིན་ལ་སོགས་ལེགས་བྲིས་འཁོར་ཚོགས་བཅས། །དེ་ཚེ་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱིས། །མཁའ་ལ་ཐོགས་པ་མེད་པར་གཤེགས་པའི་ཚེ། །མིང་ཆེན་གྱིས་མཐོང་ཁང་ཐོག་ནས་སྦྲན་ཀྱང་། །ལྷ་ཡི་ནུས་མཐུས་གཞན་གྱིས་ཐོས་མ་གྱུར། །རྟ་དང་རྒྱན་རྣམས་འདུན་པར་ཕྱིར་བསྐུར་ཅིང་། །རང་བྱུང་སྒོ་ནས་བསྙེན་པར་རབ་རྫོགས་ཏེ། །སྲིད་པ་འཁོར་བའི་འཇུག་ལྡོག་འགྲོ་རྣམས་ལ། །སྟོན་ཕྱིར་ཕྱག་དར་ཁྲོད་པའི་གོས་ཀྱིས་མཛེས། ༼༢༦༽། རྒྱལ་བས་རྡོ་རྗེ་གདན་གྱི་སྤོར། །རྩྭ་མཆོག་སྟན་ལ་བཞུགས་


GLG016_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སུ། །བྱང་ཆུབ་མངོན་དུ་མཛད་བཞེད་པ། །ནག་པོ་བདུད་སྡེས་མ་བཟོད་པར། །བློ་བྲིད་མཛེས་མ་བཏང་བ་དང་། །རྒན་མོའི་ལུས་སུ་བྱིན་གྱིས་བརླབས། །མི་སྡུག་གཟུགས་ཀྱིས་འཕངས་པའི་མཚོན། །མེ་ཏོག་ཆར་པ་དག་ཏུ་བསྒྱུར། །དཀར་ཕྱོགས་ལྷ་ཡི་དཔུང་ཚོགས་ཀྱིས། །བདུད་རྣམས་ལྕགས་རིའི་ཕ་མཐར་བསྐྲད། །མངོན་པར་རྫོགས་པ་སངས་རྒྱས་ཚེ། །ཚངས་པས་ཆོས་འཁོར་བསྐོར་བར་གསོལ། །ཐོག་མར་ཚོང་དཔོན་ག་གོན་དང་། །བཟང་པོས་བསྟབས་པའི་བསོད་སྙོམས་སྣོད། །ལྷུང་བཟེད་རྒྱལ་ཆེན་བཞིས་ཕུལ་བ། །བདག་གིར་མཛད་ནས་རྗེས་སུ་བཟུང་། །༼༢༧༽སྔོན་ཚེ་སངས་རྒྱས་ནྱ་གྲོ་དྷའི། །ཀུན་དགའ་ར་བར་བཞུགས་པའི་ཚེ། །ཤཱཀྱ་རྣམས་ཀྱིས་རྒྱལ་པོའི་རབས། །ཇི་ལྟར་བྱུང་བའི་རྒྱུ་མཚན་ཞུས། །རང་གིས་རང་རིགས་གསུང་བ་ལ། །མུ་སྟེགས་འཕྱ་བ་སྤང་བའི་སླད། །མོ་གལ་བུ་ཡིས་སྔོན་གྱི་མཐའ། །ཤེས་པར་བྱིན་གྱིས་བརླབས་པའི་མཐུས། །འབྱུང་བཞི་ལ་བརྟེན་སྣོད་ཆགས་པར། །ལྷ་ལས་ཉེར་བབས་བཅུད་ཀྱི་མི། །མཐའ་ཀླས་འཕེལ་བའི་རྗེ་བོ་རུ། །ཉེར་བསྐོས་མང་པོས་བཀུར་ཞེས་གྲགས། །ཚིགས་ལྔའི་རྗེས་སུ་ང་ལ་ནུ། །རིམ་བཞིན་སྟོང་ཕྲག་ཙམ་གྱི་མཇུག །ཀྲི་ཀྲི་དེ་ནས་བུ་རམ་ཤིང་། །འཕགས་སྐྱེས་པོ་ལ་སྲས་ལྔ་བྱུང་། །ཕུ་བོ་བཞི་པོ་གནས་གཞན་དུ། །བསྐྲད་པས་སེར་སྐྱའི་ཡུལ་བཟུང་ཞིང་། །མིང་སྲིང་ལྷན་ཅིག་འདུས་འཕེལ་བས། །ཤཱཀྱ་ཞེས་པའི་མིང་དུ་ཆགས། །


GLG016_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྐྱོངས་ཉི་ཁྲི་ལྔ་སྟོང་རྗེ། །ཤིང་རྟ་བཅུ་པ་དེ་འདས་ནས། །རིང་ཞིག་ལོན་ཚེ་སེང་གེ་འགྲམ། །དེ་སྲས་ཟས་གཙང་མཆེད་བཞིར་གྲགས། །བཅོམ་ལྡན་གཅུང་དགའ་ཟས་གཙང་སྲས། །སྐར་རྒྱལ་བཟང་ལྡན་ཟས་དཀར་སྲས། །མ་འགགས་མིང་ཆེན་བྲེ་ཟས་སྲས། །ཀུན་དགའ་ལྷས་བྱིན་བདུད་རྩིའི་སྲས། །བཅོམ་ལྡན་ཁབ་ཏུ་བཞུགས་པའི་བརྒྱུད། །གྲགས་འཛིན་མ་ལ་སྒྲ་གཅན་འཛིན། །འཁྲུངས་སོགས་སྔོན་གྱི་བྱུང་ཚུལ་རྣམས། །སྨྲས་པས་ཤཱཀྱའི་ཚོགས་རབ་མགུ། ༼༢༨༽། ཁྱིམ་བདག་གྲུ་འཛིན་ཞེས་བྱའི་བུ། །རྒྱུ་སྐར་གྲོ་བཞིན་ལ་བཙས་པར། །གསེར་སྲང་བྱེ་བ་ཉི་ཤུ་ཡིས། །དགའ་སྟོན་བྱས་པའི་མིང་ཅན་དེ། །འདུལ་བར་ཐུབ་པས་མོ་གལ་བུ། །ཆེད་དུ་མངགས་པས་ཡིད་ཕྲོགས་ཏེ། ཁ་ཟས་རོ་བརྒྱའི་དཔལ་ལྡན་པ། །བཅོམ་ལྡན་འདས་ཀྱི་དྲུང་དུ་ཕུལ། །རྒྱུ་དེས་གཟུགས་ཅན་སྙིང་པོ་ཡང་། ཁྱིམ་དུ་བལྟ་བར་ལྷགས་པ་ན། །བཟློག་ཕྱིར་བྱེ་བ་ཉི་ཤུ་པས། །མུ་ཏིག་དོ་ཤལ་ཁྱེར་ནས་འོངས། །ལམ་དུ་རྒྱལ་པོ་དང་ཕྲད་ནས། །ལྷན་ཅིག་སྟོན་པའི་དྲུང་འདེངས་ཚེ། །གྲོ་བཞིན་རྐང་འོག་གོས་བཏིང་པ། །རྒྱལ་པོའི་ཆེ་བའི་ཕྱིར་ལྡོག་ཀྱང་། །སླར་ཡང་རྒྱུ་བའི་ས་ཕྱོགས་ཀུན། །ལྷ་ཡི་གོས་ཀྱིས་རྣམ་གཡོགས་པ། །སྐྱེ་བ་གཞན་དུ་བསགས་པ་ཡི། །བསོད་ནམས་ཕུང་པོ་དངོས་སུ་རྒྱུ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། །ཚུལ་ལ་ངོ་མཚར་འཁོར་རྣམས་ཀྱིས། །རྒྱུ་མཚན་ཉེ་བར་གསོལ་བའི་ལན། །བྲམ་ཟེ་


GLG016_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ཞེས་བྱ་བའི། །དབུལ་པོར་གྱུར་ཚེ་རང་གོས་ཀྱིས། །ས་གཡོག་སངས་རྒྱས་རྣམ་གཟིགས་ལ། །བསོད་སྙོམས་ཕུལ་བའི་སྔོན་བྱུང་གསུངས། ༼༢༩༽། ལྷས་བྱིན་མ་རུངས་སེམས་ལྡན་པས། །མ་སྐྱེས་དགྲ་ཡི་བློ་བྲིད་དེ། །ཕ་དང་གོ་ཏཾ་བཀུམས་བྱས་ནས། །དེའི་ཚབ་བྱེད་པའི་གྲོས་ངན་བཤམས། །ཚུར་མཐོང་བྱིས་པའི་བློ་ཅན་དེས། །མྱོས་ཆུ་བྱིན་པའི་གླང་པོ་ཆེ། །བཏང་བས་ཀུན་དགའ་བོ་མ་གཏོགས། །འཁོར་གཞན་སྐྲག་ནས་ཕྱོགས་སུ་བྱེར། །སྟོན་པའི་ཕྱག་སོར་ལྔ་པོ་ལས། །སེང་གེ་སྤྲུལ་ནས་གླང་པོ་བཏུལ། །ཕྱོགས་ཀུན་མེ་ཡིས་འཁོར་བ་ན། །སླར་ཡང་སྟོན་པའི་དྲུང་དུ་བཏུད། །སྤྱི་བོར་ཕྱག་བཞག་བྱིན་བརླབས་པས། །ཚེ་འཕོས་ལྷ་ཡི་གནས་སུ་སྐྱེས། །ལྷས་བྱིན་ཁང་པའི་ཡང་ཐོག་ནས། །མཐོང་བས་མྱ་ངན་ཁང་བུར་ཞུགས། །འཁོར་གྱི་དགེ་སློང་ཚོགས་རྣམས་ཀྱིས། །ངོ་མཚར་ལོ་རྒྱུས་ཞུས་པ་ན། །རྒྱལ་བའི་གསུང་གི་ཚངས་དབྱངས་ཀྱི། །སྔོན་བྱུང་ད་ལྟར་བཞིན་དུ་བསྟན། ༼༣༠༽། ཝ་ར་ཎཱ་སིའི་རྒྱལ་པོ་ནི། །ཚངས་བྱིན་ཞེས་བྱ་གྲགས་པ་དཀར། །དེ་སྲས་ཀ་ཤི་མཛེས་པ་དང་། །དུས་ཀྱི་ས་ཞེས་མཆེད་གཉིས་བྱུང་། །ཕུ་བོ་ཡབ་ཀྱི་རྒྱལ་ས་རུ། །བསྐོ་བར་བརྩམས་ཀྱང་མ་བཞེད་ནས། ཁྱིམ་སྤངས་ནགས་སུ་དཀའ་ཐུབ་སྤྱད། །བཟོད་པར་སྨྲ་བ་ཞེས་སུ་འབོད། །ཆུང་བ་དུས་ཀྱི་སར་གྲགས་པ། །རང་རིགས་སྲིད་སྐྱོང་གྱུར་པའི་དུས། །དགའ་མགུར་རྩེ་ཕྱིར་ལྗོངས་རྒྱུའི་སླད། །ནམ་ཞིག་ནགས་


GLG016_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སོང་བའི་ཚེ། །དེ་ཡི་བཙུན་མོའི་ཚོགས་རྣམས་ཀྱིས། །དྲང་སྲོང་བཟོད་སྨྲར་གུས་བཏུད་པས། །རང་གི་གཅེན་དུ་མ་ཤེས་པར། །དཀའ་ཐུབ་ཅན་དེའི་ཡན་ལག་བཅད། །རིང་མིན་ཡུལ་དེའི་སྣོད་བཅུད་ལ། །སྣ་ཚོགས་མི་དགེའི་འབྲས་སྨིན་པ། །དྲང་སྲོང་ལ་གཤེའི་རྒྱུར་རིག་ནས། །སླར་ཡང་བཟོད་པར་གསོལ་བ་ན། །ཅུང་ཟད་ཙམ་ཡང་ཁྲོ་མེད་ཅེས། །བདེན་པའི་ཚིག་གིས་ལུས་རྣམས་ཀུན། །ཉམས་པ་མེད་པར་བསོས་པ་ཡི། །ངོ་མཚར་གཏམ་གྱི་འཕྲེང་བ་མཚར། ༼༣༡༽། རི་དྭགས་དབང་པོ་གསེར་གྱི་ལོགས་ཞེས་པ། །བྱ་རོག་ཞིག་དང་གྲོགས་པོར་གྱུར་བའི་ཚེ། །གཞན་གྱིས་ཆོམ་རྐུན་བཅིངས་ནས་ཆུར་འཕངས་པའི། །ཆོ་ངེ་ཐོས་པས་འདོན་པར་བརྩམས་པ་ན། །འདི་ནི་མི་བསྲུན་ཕན་ལན་གནོད་འཇལ་བས། །བཏང་སྙོམས་རིགས་ཞེས་བྱ་རོག་གིས་ཟེར་ཡང་། །སྙིང་རྗེས་མ་བཟོད་རྭ་རྩེ་ཐག་པ་ལ། །བརྒྱུས་ནས་སྐམ་བཏོན་བཅིངས་པ་རྣམ་པར་བཀྲོལ། །ང་ཡིས་ཁྱོད་ལ་ཕན་བཏགས་དྲིན་ལན་དུ། ཁོ་བོའི་གནས་ཚུལ་ཀུན་ལ་གསོང་སྨྲས་ཀྱང་། །དྲིན་ལན་ལོག་པར་འཇལ་བའི་སྐྱེ་བོ་ཡི། །རང་བཞིན་འདི་ལ་སུ་ཡིས་བཅོས་སུ་ཡོད། །དུས་དེར་རྒྱལ་པོའི་བཙུན་མོ་ཟླ་འོད་ཀྱི། །ངོ་མཚར་རི་དྭགས་རྨི་ལམ་དུ་ཤར་བས། །ས་བདག་ལ་གསོལ་རྔོན་པའི་ཚོགས་རྣམས་ཀྱིས། །འབད་པས་བཙལ་ཀྱང་མ་རྙེད་རེ་བ་བསྐྱུངས། །དེ་ཚེ་སྔོན་གྱི་ཆོམ་རྐུན་བསམ་པ་ལ། །གསེར་ལོགས་རི་དྭགས་བསྟན་ན་བྱ་དགའ་ཆེ། །འབྱུང་སྙམ་ལྷ་


GLG016_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བདག་ལ་རྒྱུས་མཆིས་ཞེས། །རྒྱལ་པོའི་དཔུང་དང་བཅས་པ་ཕྱོགས་དེར་ཁྲིད། །རི་དྭགས་ཚོགས་རྣམས་བསྐྱབ་ཕྱིར་རང་གི་བདེ། །བཏང་ནས་གསེར་ལོགས་རྒྱལ་པོའི་དྲུང་འོངས་པ། །མི་བསྲུན་རྐུན་པོས་རྒྱང་རིང་ནས་མཐོང་སྟེ། །རྒྱལ་པོར་བསྟན་པས་ལག་ཆད་ས་ལ་ལྷུང་། །གསེར་ལོགས་ཕོ་བྲང་སྤྱན་དྲངས་ཁྲི་ལ་བཞག །རྒྱལ་པོ་བཙུན་མོ་བློན་པོར་བཅས་པ་ལ། །དམ་ཆོས་བསྟན་པས་བདེན་པ་མཐོང་བར་གསུངས། །རི་དྭགས་སངས་རྒྱས་ཆོམ་རྐུན་ལྷས་བྱིན་ནོ། ༼༣༢༽། གྲོང་ཁྱེར་པ་ཊ་ལི་པི་ཡི། །མི་བདག་རིགས་སྲས་དགེ་བྱེད་དང་། །མི་དགེ་བྱེད་ཅེས་བྱ་བ་གཉིས། །སྣང་དང་མུན་པ་ལྟ་བུར་བྱུང་། །མཆེད་གཉིས་བཙུན་མོར་བསོད་ནམས་སྡེའི། །བུ་མོ་སྟེར་བར་ཁས་བླངས་ཤིང་། །ཕོ་བོ་སྦྱིན་པ་ལ་དགའ་བས། །རྒྱ་མཚོར་ནོར་བུ་ལེན་པར་ཆས། །ཡུལ་དུ་ལྡོག་ཚེ་གྲུ་ཞིག་ཀྱང་། །མཆེད་གཉིས་སྐམ་སར་བདེ་བར་ཐོན། །གཅེན་པོ་གཉིད་ལ་སོང་བ་ན། །ནུ་བོས་མིག་གཉིས་བཅར་ནས་སོང་། །ཕུ་བོས་བ་གླང་རྫི་ཞིག་གི ། བྲན་བྱས་དེ་ཡི་མཆིས་བྲང་གིས། །ལོག་གཡེམ་སྤྱོད་པ་བཟློག་བྱེད་ཀྱང༌། །གཡོ་སྒྱུར་རྫི་བོ་འཕྲུལ་ནས་བསྐྲད། །རིམ་བཞིན་རྒྱལ་པོ་བསོད་ནམས་སྡེའི། །ཕོ་བྲང་བཞི་མདོར་སླེབ་པ་ན། །རྒྱས་སྲས་ཤི་བའི་གཏམ་གྱི་སྒྲས། །བུ་མོ་སློང་བའི་ས་བདག་འདུས། འདམ་པར་ལུས་ཕྲ་ཉིད་བཏང་ཚེ། །གཉེན་ཟླ་གང་ལ་མི་སེམས་པར། །དགེ་བྱེད་མཐོང་བས་ཡིད་ཆགས་ཏེ། །ལོང་བ་དག་


GLG016_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གུས་པར་བྱས། །གཡོ་མེད་དྲང་ཞེས་བུད་མེད་དེས། །བདེན་ཚིག་བརྗོད་པས་མིག་གཡས་བསོས། །ལོང་བས་དགེ་བྱེད་ང་ཡིན་ཞེས། །བདེན་པ་བརྗོད་པས་མིག་གཡོན་བྱུང་། །སླར་ཡང་མི་བདག་བསོད་ནམས་སྡེའི། །རྒྱལ་སར་བཞུགས་ནས་ཆོས་སྲིད་བསྐྱངས། །མཆེད་གཉིས་དེ་བཞིན་གཤེགས་པ་དང་། །ལྷས་བྱིན་དག་ཏུ་ཐུབ་པས་གསུངས། ༼༣༣༽། ཀ་ལིང་ཀ་རྒྱལ་མྱ་ངན་མེད། །དེ་སྲས་ལོ་མ་རབ་ལོ་མ། །རྗེས་སུ་ལོ་མ་ཁྱད་པར་གྱི། །ལོ་མ་ཞེས་པའི་སྲས་བཞི་བྱུང༌། །ནམ་ཞིག་རྒྱལ་པོས་བུ་རྣམས་བསྐྲད། །བརྒྱགས་ཆད་རང་གི་ཆུང་མ་དག །བསད་ནས་ཟ་བར་བརྩམས་པའི་ཚེ། ཁྱད་པར་ལོ་མ་སྙིང་རྗེ་སྐྱེས། །གཞན་རྣམས་མ་ལྡོག་རང་ཉིད་ཀྱི། །ཆུང་མ་ཁྲིད་ནས་ཡུལ་གཞན་བྱིན། །བུད་མེད་བཀྲེས་ཤིག་ཕོངས་པ་ན། །རང་གི་ཤ་དང་ཁྲག་གིས་བསྐྱངས། །རྐང་ལག་ཆད་པའི་སྐྱེས་བུ་ཞིག །ཆུ་ཀླུང་ཆེན་པོས་ཁྱེར་བ་ན། །ཐབས་ཀྱིས་བཏོན་ནས་བསོས་པ་ཡི། །ཆུང་མ་དག་དང་མཛའ་བར་གྱུར། །བུད་མེད་གཡོ་སྒྱུའི་རང་བཞིན་ཅན། །རྒྱལ་པོ་སྤོང་བར་འདོད་པའི་ཐབས། །མགོ་བོ་རས་ཀྱིས་དཀྲིས་བྱས་ཏེ། །ན་བའི་ཚུལ་གྱི་རྫུ་ལ་བརྟེན། །ཤིན་ཏུ་གཟར་བའི་བྲག་ལོགས་ལ། །ཕན་པའི་སྨན་དེ་ཡོད་དོ་ཅེས། །རྒྱལ་བུས་ལེན་པར་ཕྱིན་པ་ན། །ཐག་པ་གློད་དེ་གཡང་ལ་ལྷུངས། །འོན་ཀྱང་སྲོག་དང་མ་བྲལ་བར། །པུ་ཀར་ཅན་གྱི་གྲོང་དུ་ཕྱིན། །སྲས་མེད་རྒྱལ་པོ་གཅིག་དང་ཕྲད། །རྒྱལ་སྲིད་གཏད་ནས་འབངས་རྣམས་


GLG016_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱངས། །སྐྱེས་བུ་ཡན་ལག་ཉམས་པ་དང་། །བུད་མེད་བཅས་པ་ཕྱོགས་དེར་འོངས། །རྒྱལ་པོས་སྔར་གྱི་ཚུལ་གསུངས་པས། །སྐྱེ་བོ་རྣམས་ཀྱིས་ཡུལ་གཞན་བསྐྲད། །ཁྱད་པར་ལོ་མ་ཞེས་བྱ་བའི། །རྒྱལ་བུ་སངས་རྒྱས་ཉིད་དང་ནི། །མ་རུངས་གཡོ་ཅན་བུད་མེད་དེ། །ལྷས་བྱིན་ཡིན་པའི་སྔོན་བྱུང་གསུངས། ༼༣༤༽། བཅོམ་ལྡན་རྒྱལ་བྱེད་ཚལ་བཞུགས་ཚེ། །རི་རབ་ལྷུན་པོའི་ངོགས་གནས་པའི། །དགེ་སློང་འགའ་ཞིག་ལུས་རིད་པ། །སངས་རྒྱས་སྤྱན་སྔར་མཆིས་པ་ན། །ལུས་རྣམས་ཉམས་པའི་རྒྱུ་ཞུས་པར། །དགའ་བོ་ཉེ་དགའ་ཞེས་པའི་ཀླུ། །ལྷུན་པོར་ལན་གསུམ་དཀྲིས་པ་ཡི། །དུག་གི་རླངས་པས་དེར་གྱུར་གསུངས། །རྒྱལ་བས་མོོ་གལ་གྱི་བུ། །ཀླུ་གཉིས་འདུལ་བའི་དོན་དུ་བཏང༌། །དལ་བུས་བསླང་ཡང་གཏི་མུག་གིས། །གཉིད་ལ་གཡུར་བ་མ་སད་པས། །དེ་ཡི་གཉེན་པོར་གདེངས་ཅན་ཆེའི། །གཟུགས་སུ་བསྒྱུར་ནས་རི་རབ་ལ། །འཁྱུད་དེ་ལྟོ་འགྲོ་དམ་བཙིར་བས། །གཉིད་སད་སྐྲག་ནས་ཕྱི་ལ་བྲོས། །དེ་ཚེ་ཉན་ཐོས་གཟུགས་བསྟན་ཏེ། ཁྱེད་གཉིས་འཇིགས་ཤིང་སྐྲག་གྱུར་ན། །སངས་རྒྱས་དག་ལ་སྐྱབས་གསོལ་རིགས། །སྨྲས་ནས་སྟོན་པའི་དྲུང་དུ་ཁྲིད། །རྒྱལ་བས་ཀླུ་ལ་བསླབ་ཁྲིམས་ཕབ། །རྒྱལ་པོ་ཀྲི་ཀྲིའི་བློན་པོ་རུ། །གྱུར་ཚེ་ས་སྤྱོད་རབ་བྱུང་ནས། །རྒྱལ་སྲིད་མདུན་ན་འདོན་ལ་གཏད། །སྲིད་སྐྱོང་དགེ་སྡིག་སྤེལ་མ་རུ། །སྤྱད་ཅིང་སངས་རྒྱས་འོད་སྲུངས་ལ། །གནས་


GLG016_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོ་བྱད་ཉེར་བསྟབས་འབྲས། །ལྷུན་པོ་ཐོབ་པའི་སྔོན་བྱུང་གསུངས། ༼ ༣༥༽། ཀླུ་རྒྱལ་དགའ་བོ་ཉེ་དགའ་གཉིས། །ཁྱིམ་བདག་གཟུགས་སྤྲུལ་སངས་རྒྱས་ལ། །མཆོད་ཅིང་དམ་པའི་ཆོས་ཉན་ཚེ། །ས་བདག་གསལ་རྒྱལ་གནས་དེར་འོངས། །རྒྱལ་པོར་གུས་པ་མ་བྱས་ཞེས། །ཆད་པ་གཅོད་པའི་ཆོ་ག་ལ། །ཕྱོགས་ཚེ་ཀླུ་ཡིས་ནམ་མཁའ་ནས། །རྡོ་དང་མཚོན་གྱི་ཆར་པ་ཕབ། །བཅོམ་ལྡན་ཐུགས་རྗེའི་རང་བཞིན་གྱིས། །མོའུ་གལ་གྱི་བུ་བཏང་སྟེ། །རྡོ་མཚོན་ཆར་གྱི་འཇིགས་པ་ཀུན། །ཆུ་སྐྱེས་འདབ་མའི་ཚོགས་སུ་གྱུར། །ཕྱོགས་དེར་མེ་ཡི་འཇིགས་པ་ཆེ། །བྱུང་བ་སངས་རྒྱས་ཐུགས་རྗེས་ཞི། །ས་བདག་མཚན་མོ་གྲོང་ཁྱེར་དུ། །མེ་ནི་མི་གཏོང་ཁྲིམས་ཀྱང་བཅས། རྒྱལ་པོས་ལེགས་བྱིན་བུ་བསད་པས། །ཕ་ཡིས་ནོར་རྣམས་སྦྱིན་པར་བཏང་། །སྦྱིན་པ་ཆུང་ངུ་གཏོང་བར་ཡང་། །བཅོམ་ལྡན་འདས་ཀྱིས་བསྔགས་བརྗོད་མཛད། །ལས་འབྲས་གླེགས་བམ་བལྟ་བའི་ཕྱིར། །མཚན་མོ་མར་མེ་སྤར་བ་ན། །རྒྱལ་པོས་ཁྲིམས་ལས་འགལ་ལོ་ཞེས། ཁྱིམ་བདག་ལེགས་བྱིན་བཙོན་དུ་བཅུག །གོ་རའི་ནང་དུ་ཚངས་པ་དང་། །བརྒྱ་བྱིན་ལ་སོགས་འོངས་པ་ཡི། །འོད་ཀྱིས་ཁྱིམ་རྣམས་གང་མཐོང་ནས། །འཇིགས་ཏེ་ཁྱིམ་བདག་བཙོན་ནས་བཏོན། །དེ་ཡིས་རྒྱལ་པོར་བསྙེན་བཀུར་བ། །སངས་རྒྱས་མཆོད་པའི་རྗེས་བྱས་པར། །མི་བདག་མ་རེངས་ཁྲོས་གྱུར་ནས། །ལེགས་བྱིན་སྐྲོད་པའི་ཆོ་ག་བརྩམས། །ཚུལ་ལ་ལྷ་རྣམས་


GLG016_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མ་དགའ་བར། །སྲོག་ཆགས་དུ་མས་གསལ་རྒྱལ་ལུས། །གཙེས་པར་དེའི་རྒྱུ་རྒྱལ་བ་ལ། །ཞུས་པས་ཇི་བཞིན་གསལ་བར་གསུངས། །བཙུན་མོར་བློན་འབངས་ཚོགས་རྣམས་ཀྱིས། ཁྱིམ་བདག་ཁྲོ་བ་ཞི་བར་བྱས། །ལེགས་བྱིན་སྲིད་པའི་ཕུན་ཚོགས་ལ། །ངེས་པར་བྱུང་ནས་བསྟན་ལ་ཞུགས། ༼༣༦༽། ཁྱིམ་བདག་ནོར་བཟང་ཞེས་བྱ་བ། །འཆར་བྱེད་རྒྱལ་པོའི་གམ་འོངས་པ། །སྐད་ཀྱི་གདངས་ལས་བློ་གྲོས་དང་། །གསེར་ཡོད་བཤེས་ནས་བློན་པོར་བསྐོས། །གཞན་གྱི་ཕྲ་མ་གཅུག་པ་ན། །བརྟག་པའི་ཕྱིར་དུ་ནག་པོའི་ལས། །གྱིས་ཞེས་བསྒོ་བ་མ་བསྒྲུབས་པས། །མི་རྗེ་ཁྲོས་ནས་ཁྱིམ་བདག་དབྱུང་། །དེ་ཡིས་སྦྱིན་པ་ཆེར་བཏང་ཚེ། །སྐོམ་པའི་དྲང་སྲོང་མང་པོ་ཡིས། །ལྗོན་ཤིང་ཞིག་ལ་ཆུ་བསླངས་པས། །རིན་ཅེན་རྒྱན་ལྡན་ལག་པས་བྱིན། །རྐང་འཐུང་གཞན་ལས་ཟས་བསླངས་པས། །སྐད་ཀྱི་གདངས་ལས་འདིའི་ཉེ་ལོགས། །ཟས་ནི་སྣ་ཚོགས་ཡོད་སྨྲས་པར། །ངོ་མཚར་རྒྱུ་མཚན་དྲིས་པ་ན། །ངེད་གཉིས་ལྷ་ཡིན་སྐྱེ་བ་སྔོན། །མགོན་མེད་ཟས་བྱིན་སྦྱིན་གཏོང་ཚེ། །མཛུབ་མོས་སྦྱིན་ཁང་བསྟན་པ་དང༌ ། །གཡོས་བྱེད་འབངས་མོར་གྱུར་ཚུལ་བཤད། །ཚུལ་དེ་ནོར་བཟང་རྣར་གསོན་མཐུས། །ཁྱིམ་བདག་ཟས་བྱིན་བལྟར་འོངས་པས། །སངས་རྒྱས་མཐོང་ནས་དམ་ཆོས་ཉན། །བསྟན་ལ་སྲི་ཞུ་བྱེད་དམ་བཅས། །དགེ་སློང་སྐུལ་བྱེད་ཞལ་ཏ་བར། །བསྐོས་ནས་


GLG016_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་བཟང་བརྩིགས། །དེ་ཡི་ཕྱག་བདར་བྱེད་པ་པོར། །འབངས་མོ་མགུ་བྱེད་ཅེས་པ་བསྐོས། །གང་དེས་བཅོམ་ལྡན་འདས་ཀྱི་ནི། །ཆོས་གོས་རྡོལ་མཐོང་གོས་ཧྲུལ་གྱི། །ཚལ་པ་ཕུལ་ནས་བླ་གོས་དང་། ཁ་དོག་མཐུན་པར་བྱིན་གྱིས་བརླབས། །དེ་བཞིན་གཤེགས་དང་ཁྱིམ་བདག་གཉིས། །མི་བདག་འཆར་བྱེད་རྣམ་བཞི་ཡིས། །ཝ་ར་ཎཱ་སིར་དགེ་འདུན་ལ། །བསྙེན་བཀུར་ཆེར་བསྟབས་བྱུང་བ་གསུངས། ༼༣༧༽། དེད་དཔོན་འབྱོར་བ་ཞེས་བྱ་བ། །འབྱོར་ལེན་ལ་སོགས་བུ་ལྡན་ཡང་། །ནམ་ཞིག་ནད་ཀྱིས་བཏབ་པའི་ཚེ། །བུ་དང་ཆུང་མ་ཀུན་གྱིས་བོར། །དེ་ཚེ་འབངས་མོ་འཕྲེང་ལྡན་མས། །རིམ་གྲོ་བྱས་པས་ནད་ལས་གྲོལ། །དྲིན་བསམས་ཁྱིམ་ཐབས་བྱས་པ་ལ། །གང་པོ་ཞེས་བྱའི་བུ་ཞིག་བཙས། །དེད་དཔོན་འཆི་བར་ཉེ་བ་ན། །འབྱོར་ལེན་དག་ལ་བསླབ་བྱ་བྱས། །སྤུན་རྣམས་སོ་སོར་གྱེས་པའི་དུས། །ཕོ་བོ་གསུམ་གྱིས་དཀོར་ནོར་བགོས། །རེ་ཞིག་བར་དུ་འབངས་མོའི་བུ། །དབུལ་བར་གྱུར་ཚེ་འབྱོར་ལན་གྱིས། །སླར་ཡང་ཕ་ཡི་ཚིག་དྲན་ནས། །གང་པོ་དང་ནི་ལྷན་ཅིག་གནས། །ཕལ་པའི་ཤིང་གི་རིན་ཙམ་གྱིས། །ཙན་དན་ཕུང་པོ་ཉོས་པ་ན། །ཕུ་བོས་རྒྱ་མཚོར་ལན་མང་པོར། །བགྲོད་པའི་རྙེད་པར་སྐྱེངས་པ་བྱིན། །གང་པོས་ནམ་ཞིག་རྒྱ་མཚོ་ལ། །བགྲོད་ཚེ་སངས་རྒྱས་མཚན་ཐོས་པས། །རྣམ་འདྲེན་སྤྱན་སྔར་ཕྱིན་ནས་སུ། །ཚུར་ཤོག་སྒོ་ནས་རབ་ཏུ་བྱུང་། །ནགས་ཀྱི་ལྗོངས་སུ་


GLG016_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ལ། །གནས་ཚེ་ཉག་ཕྲན་བརྡེག་རྩོམ་པའི། །རྔོན་པའི་ཚོགས་རྣམས་རྗེས་བཟུང་སྟེ། །དུལ་བའི་དཔལ་ལ་རྣམ་པར་བཀོད། །མ་རུངས་ཀླུ་བཏུལ་ཚོང་པ་རྣམས། །རླུང་གིས་འཆི་བའི་འཇིགས་བསྐྱབས་ཤིང་། །ཙན་དན་གྱིས་ཚིམ་ཤིང་དེ་ལས། །རྒྱལ་བ་བཞུགས་པའི་ཁང་བཟང་བསྐྲུན། །དེ་ནས་སངས་རྒྱས་རྫུ་འཕྲུལ་གྱིས། །གཤེགས་ནས་གཽ་ཏཾ་ནག་པོ་སོགས། །རྗེས་བཟུང་ཕྱག་འཚལ་མཆོད་རྟེན་མཛད། །མོ་གལ་མ་ཡང་ཐར་ལམ་བཀོད། །སླར་ཡང་རྒྱལ་བྱེད་ཚལ་གཤེགས་ནས། །གང་པོས་སྔོན་ཚེ་རབ་བྱུང་ལ། །གཤེ་བས་རིགས་དམན་དགེ་འདུན་ཚོགས། །མཆོད་འབྲས་དགྲ་བཅོམ་ཐོབ་པར་གསུངས། ༼༣༨༽། རབ་ཏུ་བྱུང་བ་རྫས་ལ་མངོན་ཞེན་རྣམས། །ལོག་པའི་ལམ་ལས་ལྡོག་ཕྱིར་རྒྱལ་བ་ཡིས། །ཟླ་གསུམ་བར་དུ་དགེ་སློང་དེ་དག་དང་། །མཇལ་བའི་གོ་སྐབས་མ་ཕྱེ་དབེན་པར་བཞུགས། །དེ་ཚེ་ཉེ་བའི་སྡེ་ཞེས་དགོན་པ་པ། །མཇལ་བར་བཏང་བས་གཞན་དག་འདོད་ཞེན་ཚོགས། །སྤངས་ནས་རྣམ་འདྲེན་དྲུང་དུ་ལྷགས་པ་ན། །ཆོས་བསྟན་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། །འདི་ཡི་སྔོན་བྱུང་འཁོར་གྱིས་གསོལ་བ་ན། །ཉི་མའི་གཉེན་ཉིད་ཚངས་བྱིན་རྒྱལ་པོ་ཡི། །སྲས་སུ་བཙས་ཚེ་བློན་པོ་ལྔ་བརྒྱ་པ། །དེ་ཡི་གྲངས་སྙེད་བུ་ཡང་དུས་གཅིག་བྱུང་། །རྒྱལ་སྲས་ཚེ་སྔོན་སྲིད་སྐྱོང་ལ་བརྟེན་པའི། །དམྱལ་བར་སྐྱེས་པ་དྲན་ནས་རབ་འབྱུང་བར། །གསོལ་ཡང་ཡབ་ཀྱིས་གནང་བར་


GLG016_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྱུར་པས། །རེ་ཞིག་ལྐུགས་པའི་ཚུལ་གྱིས་རྫུ་ལ་བརྟེན། །རྒྱལ་པོས་བདེན་པར་བཟུང་ཚེ་སྨན་པ་ཡིས། །འདི་ལ་སྐྱོན་མེད་བཅོས་མ་ཡིན་སྨྲས་པས། །གཤེད་མ་བསྐོས་ནས་གསོད་ལ་མངོན་ཕྱོགས་ཏེ། །ལན་གྲངས་མང་ཞིག་བསྡིགས་པས་གཏམ་འགའ་སྨྲས། །འོན་ཀྱང་ཚངས་བྱིན་དྲུང་དུ་ལྐུགས་པ་དང་། །ཞ་བ་ཁོ་ནའི་རྣམ་འགྱུར་བསྟན་པ་ན། །ཡབ་ཀྱིས་ཁྱོད་རང་འདོད་པའི་སྐབས་དབྱེ་ཞེས། །སྨྲས་ཚེ་སྔར་གྱི་རྒྱུ་མཚན་མ་ལུས་གསོལ། །རྒྱལ་བུ་བློན་པོ་ལྔ་བརྒྱའི་བུར་བཅས་པ། །དབེན་པར་རབ་ཏུ་བྱུང་ཚེ་འཁོར་རྣམས་ཀྱིས། །གསོག་འཇོག་བྱས་ལ་མ་རངས་རང་ཉིད་ནི། །གཅིག་པུར་གནས་པར་རི་དྭགས་རྣམས་ཀྱང་འདུད། །འཁོར་རྣམས་རང་གི་བྱ་བར་ཁྲེལ་གྱུར་ཏེ། །བདོག་པའི་རྫས་རྣམས་ཆུ་ཀླུངས་ཆེར་དོར་ནས། །རྒྱལ་བུའི་དྲུང་དུ་ལྷགས་ཏེ་ཆོས་ཉན་ཅིང་། །མྱ་ངན་འདས་པའི་གོ་འཕང་དོན་དུ་གཉེར། ༼༣༩༽། ཐུབ་དབང་བཟོད་པར་སྨྲ་ཞེས་པའི། །དྲང་སྲོང་ཆེན་པོར་རབ་གྱུར་ཚེ། །རྒྱལ་པོ་རྩོད་ལྡན་བཙུན་མོར་བཅས། །ཚང་ཚིང་ནགས་ཁྲོད་རྒྱུ་བ་ན། །བཙུན་མོ་དྲང་སྲོང་ལ་གུས་པར། །རྒྱལ་པོས་དེ་ཡི་ཡན་ལག་བཅད། །དྲང་སྲོང་གཞན་རྣམས་ཁྲོས་གྱུར་ནས། །དམོད་མོ་བོར་བར་བརྩམས་པ་ན། །བཟོད་སྨྲས་ཁྲོ་བ་མེད་པ་ཡིས། །བདེན་པ་བརྗོད་པས་ཡན་ལག་བསོས། །རྩོད་ལྡན་ནག་པོའི་འབྲས་སྨིན་ནས། །ཆུ་སྦུར་རྣག་ཁྲག་གདུངས་ཚོར་མྱོང་། །ཟུག་རྔུའི་ངང་ནས་ཚེ་འཕོས་ཏེ། །མི་


GLG016_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་དམྱལ་བའི་གནས་སུ་ལྷུངས། །བཟོད་པར་སྨྲ་དེ་སངས་རྒྱས་དང་། །རྒྱལ་པོ་ལྷས་བྱིན་ཡིན་པར་གསུངས། ༼༤༠༽། རྣམ་འདྲེན་ཡངས་པ་ཅན་བཞུགས་ཚེ། །ཉ་པ་ལྔ་བརྒྱའི་དོལ་ནང་དུ། །མགོ་བརྙན་བཅོ་བརྒྱད་ཡོད་པ་ཡི། །ཤིན་ཏུ་འཇིགས་པའི་ཉ་ཞིག་ཐོན། །བཅོམ་ལྡན་འདས་ཀྱིས་དེར་བྱོན་ཏེ། །སེར་སྐྱ་ངག་གི་ཉེས་པ་དག །དྲན་ནམ་མི་དགེའི་བཤེས་ཀྱི་མ། །ད་ལྟ་གང་ན་ཡོད་གསུངས་པར། །མི་ཡི་སྐད་དུ་ཉེས་བྱས་དྲན། །མ་ཡང་དམྱལ་བར་ཡོད་ཅེས་ཞུས། །ཐུབ་དབང་གསུང་གི་ཚངས་དབྱངས་ཀྱིས། །དམ་པའི་ཆོས་སྒྲ་རྣ་བར་བསྒྲགས། །དེར་འཁོད་མ་ལུས་ཐེ་ཚོམ་ཞིང་། །ཀུན་དགའ་བོ་ཡིས་རྒྱུ་ཞུས་པས། །པདྨ་ལྟར་རྒྱས་ཞལ་གྱི་སྒོ། །འཛུམ་པར་མཛད་ནས་འདི་སྐད་དུ། །སྔོན་ཚེ་སངས་རྒྱས་འོད་སྲུངས་དུས། །ས་སྐྱོང་ཀྲི་ཀྲིའི་རྒྱལ་ཁབ་ཏུ། །བྲམ་ཟེ་སྨྲ་བའི་སེང་གེ་ཡི། །རྩོད་པ་སེར་སྐྱས་བཟློག་པར་བྱས། །སེར་སྐྱ་འཆི་ཁར་རང་གི་བུ། །ཤེད་བུ་སེར་སྐྱས་གཞན་དག་ལ། །རྩོད་འོས་འོད་སྲུངས་ཉན་ཐོས་དང་། །མ་རྩོད་བཀུར་སྟི་གྱིས་སྨྲས་ཀྱང་། །ནམ་ཞིག་མ་ཡི་དབང་གྱུར་ནས། །དགེ་སློང་རྣམས་ལ་ཆོས་ལོག་བསྟན། །མགོ་བརྙན་འདི་ལྟར་འདྲ་ཞེས་པའི། །ངན་སྨྲས་འབྲས་བུ་སྨིན་པར་གསུངས། །ཉ་དེ་ཚེ་འཕོས་ལྷ་རུ་སྐྱེས། །སངས་རྒྱས་མཆོད་ཅིང་ཆོས་ཉན་པས། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། །ལས་འབྲས་སྟོན་པའི་མེ་ལོང་གསལ། ༼༤༡༽། སྒྲ་སྒྲོགས་རྒྱལ་པོ་ཨུ་ཊ་


GLG016_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ན་ཡིས། །གཟུགས་ཅན་སྙིང་པོར་རིན་ཅེན་གོ་ཆ་བསྲིངས། །དངོས་པོ་གཞན་གྱིས་སྐྱེས་ལན་མ་འོས་པར། །རྒྱལ་བའི་སྐུ་ཡི་སྣང་བརྙན་བྲིས་ནས་བསྐུར། །ཨུ་ཏྲ་ཡ་ནས་རིང་པོར་འོངས་ཏེ་བསུས། །མཐོང་ནས་བཅོམ་ལྡན་འདས་ལ་དད་པ་ཐོབ། །དགེ་སློང་རྫོངས་ཞེས་གཟུགས་ཅན་སྙིང་པོར་སྤྲིངས། །ཀཱ་ཏྱཱ་ཡ་ན་དགེ་སློང་རི་མ་བརྫངས། །ཕྱོགས་དེའི་འགྲོ་རྣམས་ཆོས་ཀྱི་ལམ་བཀོད་ཅིང་། ཁྱད་པཪ་ཁྱིམ་བདག་ཟུང་ཞིག་དགྲ་བཅོམ་ཐོབ། །དེ་གཉིས་འདས་པའི་ཤུལ་དུ་མཆོད་རྟེན་བཞེངས། །རྒྱལ་པོའི་བཙུན་མོ་ཪབ་བྱུང་ལྷ་གནས་སྐྱེས། །ལྷར་སྐྱེས་བཙུན་མོར་བསྐུལ་ནས་ས་སྤྱོད་དེས། །རིགས་སྲས་གཙུག་ཕུད་ཅན་ལ་སྲིད་གཏད་ནས། །ཆོས་བློན་གཉིས་བསྐོས་རང་ཉིད་སངས་རྒྱས་དྲུང་། །རབ་ཏུ་བྱུང་ཞིང་དགྲ་བཅོམ་འབྲས་བུ་ཐོབ། །བུ་ཡིས་ཆོས་བློན་གནས་དབྱུང་སྡིག་བློན་ལ། །བརྟེན་པ་ཕས་ཐོས་ལྡོག་ཕྱིར་འོངས་པ་ན། །སྡིག་པའི་བློན་པོས་དབྱེན་བཅོས་གཤེད་མ་མངགས། །ལས་ཀྱི་དབང་གིས་རྒྱལ་པོ་ལམ་དུ་བཀུམ། །ཕ་དང་དགྲ་བཅོམ་བསད་པའི་འགྱོད་སེམས་ཀྱིས། །སྡིག་སྤྱོད་བློན་པོ་གཞན་དུ་བསྐྲད་པ་ན། །མ་ཡིས་མྱ་ངན་བསང་ཕྱིར་ཁྱོད་ཀྱི་ཕ། །གང་ཟག་གཞན་དུ་སྨྲ་བའི་སླུ་འདྲིད་བྱས། ཁྱིམ་བདག་དགྲ་བཅོམ་ཐོབ་པའི་མཆོད་རྟེན་ནང་། །སྡིག་པའི་བློན་པོས་བྱི་ལ་བསོས་བྱས་ནས། །དགྲ་བཅོམ་མིང་བཏགས་དེ་ཡི་སྐྱེ་བ་ཞེས། །རྒྱལ་པོར་བསྟན་པས་ཆོས་ཀྱི་དད་པ་ལོག །ཀཱ་ཏྱཱ་ཡ་ནས་ཆོས་ཀྱི་བློན་པོ་ལ། །


GLG016_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་བདུན་རླུང་དང་མེ་ཏོག་གོས་དངུལ་གསེར། །ཆར་འབབ་དེ་རྗེས་ས་ཆར་བབས་པའི་འོག །རྒྱལ་པོ་འཁོར་བཅས་ནོན་པས་བྲོས་ཤིག་གསུངས། །བློན་པོའི་བུ་ཡིས་ཀཱ་ཏྱཱ་ཡ་ན་དེའི། །ཆོས་གོས་ལ་འཇུས་འཚེ་བ་མེད་པར་བགྲོད། །སྲས་མེད་རྒྱལ་པོ་གཞན་གྱི་བུ་བྱས་པས། །ཚེ་འདིར་ཕུན་སུམ་ཚོགས་པའི་འབྲས་བུ་སྨིན། ༼༤༢༽། སྔོན་ཚེ་ཁྱིམ་བདག་བརྟན་པའི་བུ། །མཁས་པ་ཞེས་བྱས་མཆོད་པ་དང་། །སྦྱིན་གཏོང་བསོད་ནམས་ཚོགས་བསགས་ནས། །སངས་རྒྱས་སྤྱན་སྔར་འོངས་པའི་ལམ། །དབུལ་པོ་ལྔ་བརྒྱས་ནོར་བསླངས་པ། །ཚིམ་ནུས་དངོས་པོ་མ་ཁྱེར་བས། །ཡིད་གཉིས་ཐེ་ཚོམ་གྱུར་པ་ན། །ལྷག་མ་ཅན་གྱི་ཀླུ་ཡིས་བྱིན། །སངས་རྒྱས་གསུང་བཞིན་མཆོད་སྦྱིན་གྱིས། །མཆོག་དམན་འགྲོ་རྣམས་ཚིམ་བྱས་ཚེ། །དབུལ་པོར་ཡོངས་བཏང་དངོས་པོ་རྣམས། །སོལ་བའི་ཕུང་པོ་ཆེན་པོར་སོང་། །སྦྱིན་འབྲས་དམན་སྙམ་ཁྱིམ་བདག་གིས། །དངོས་པོ་བཏོན་ནས་དབུལ་པོ་རྣམས། །སྦྱིན་པའི་བསོད་ནམས་གསོག་ཏུ་བཅུག །རྒྱུ་དེས་སོལ་བ་ནོར་བུར་གྱུར། །རིན་ཅེན་གསལ་རྒྱལ་ལ་ཕུལ་རྣམས། །སོལ་བར་སོང་བ་ནམ་མཁའ་ནས། །བྱུང་བའི་སྒྲ་ལྟར་ཁྱིམ་བདག་གིས། །སོལ་བར་ལོངས་སྤྱད་ནོར་བུར་གྱུར། །མཁས་པ་ཤ་རིའི་བུ་ཡི་དྲུང་། །རབ་བྱུང་ཆེད་དུ་བཤུལ་ཞུགས་ཆེ། །ཆུ་དང་སྨྱུག་མ་ལྗོན་པའི་ཤིང་། །རྩོལ་བས་ལས་སུ་རུང་མཐོང་ནས། །མཁན་


GLG016_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སེམས་མེད་དེ་ལྟར་ན། །སེམས་ལྡན་ལས་སུ་ཅིས་མི་རུང་། །གསོལ་ནས་མཉམ་པར་གཞག་པ་ཡིས། །དགྲ་བཅོམ་གོ་འཕང་མངོན་དུ་བྱས། །སྔོན་ཚེ་སངས་རྒྱས་འོད་སྲུངས་དུས། ཁྱིམ་བདག་འདི་ནི་དབུལ་གྱུར་ཀྱང་། །མཆོད་སྦྱིན་བྱེད་པར་ཡིད་བརྣགས་པས། །བརྒྱ་བྱིན་མཐུ་ཡིས་ནོར་རྙེད་ནས། །སངས་རྒྱས་མཆོད་ཅིང་ཚེ་རབས་སུ། །ནོར་དང་ལྡན་ནས་དབུལ་པོ་རྣམས། །རེ་བ་སྐོང་བའི་སྨོན་ལམ་གྱི། །འབྲས་བུར་རྒྱལ་བས་བཀའ་སྩལ་ཏོ། ༼༤༣༽། རྒྱལ་པོ་གསེར་མདོག་ཅེས་བྱ་བའི། །ཡུལ་དུ་མུ་གེ་བྱུང་བ་ན། །རང་གི་བང་མཛོད་མ་ལུས་པ། །མངའ་འབངས་རྣམས་ལ་སྦྱིན་པར་བཏང་། །བདག་ཉིད་འཚོ་བའི་ཟས་ཉུང་ངུ་། །ཡོད་པ་རང་སངས་རྒྱས་ལ་ཕུལ། །དེས་ཀྱང་བསྔགས་པ་ཆེར་བརྗོད་པས། །བསོད་ནམས་གཟུགས་ཅན་ལྟར་གྱུར་ཏེ། །འབྲུ་དང་རིན་ཅེན་གོས་དར་སོགས། །འདོད་པའི་ལོངས་སྤྱོད་ཆར་དུ་བབས། །ལེགས་བྱས་འབྲས་བུ་ནམ་དུ་ཡང༌། །བསླུ་བ་མེད་པའི་གཏམ་འདི་མཚར། ༼༤༤༽། ཁྱིམ་བདག་ལྷ་རྗེ་ཞེས་བྱའི་བུ། །ལག་གཉིས་གསེར་ལས་བྱས་པ་བྱུང་། །དེ་ལས་ཉིན་བཞིན་དངུལ་སྲང་འབུམ། །བབས་ནས་འཕོངས་རྣམས་དབུལ་བ་སེལ། །ནམ་ཞིག་དེ་ནི་ཐུབ་དབང་གི ། སྤྱན་སྔར་རབ་བྱུང་དགེ་སློང་རྣམས། །ངོ་མཚར་རྒྱུ་མཚན་ཞུས་པ་ན། །ཚེམས་དཀར་ཟེ་འབྲུ་ངོམས་ཞལ་ནས། །སྔོན་དུས་སངས་རྒྱས་འོད་སྲུངས་གདུང་། །སྦྱངས་པའི་རིན་ཆེན་མཆོད་སྡོང་ནི། །ཀྲི་ཀྲིས་བསྒྲུབས་


GLG016_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གསེར་ལག་འདི། །བཟོ་བོ་ཀནྡ་ལ་རུ་གྱུར། །མཆོད་རྟེན་དེ་ལ་གསེར་སྦྱངས་ཀྱི། །གཟུངས་བརྙན་མཛེས་པ་གཉིས་ཕུལ་ཏེ། །རྣམ་དག་སྨོན་ལམ་བཏབ་པ་ཡིས། །འབྲས་བུར་གསུངས་པ་ཨེ་མ་མཚར། ༼༤༥༽། ལྷས་བྱིན་ངན་པའི་གྲོགས་བསྟེན་པས། །མ་སྐྱེས་དགྲ་ཡིས་རང་གི་ཕ། །བཙོན་དུ་བཅུག་ཚེ་བཅོམ་ལྡན་འདས། །བུག་པའི་སྒོ་རུ་འཆག་པར་མཛད། །གཟུགས་ཅན་སྙིང་པོ་ཉམ་ཆུང་དེས། །སྐད་གདངས་ཞན་པས་སྡུག་བསྔལ་ལས། །སྐྱོབ་པར་གསོལ་མཐུས་སངས་རྒྱས་སྐུའི། །འོད་ཀྱིས་མུན་བསལ་བདེ་བར་བྱས། །ཚུལ་དེ་ཐོས་པས་མ་སྐྱེས་དགྲས། །གཟུགས་ཅན་སྙིང་པོའི་རྐང་པ་བཅད། །སྨྲེ་སྔགས་བཏོན་པས་རྒྱལ་བ་ཡིས། །ལས་འབྲས་ཆགས་བྲལ་དམ་ཆོས་བསྟན། །མྱུར་དུ་རྒྱལ་པོ་ཚེ་འཕོས་ནས། །ཁྱུ་མཆོག་ཅེས་བྱ་རྣམ་ཐོས་བུར། །སྐྱེས་ནས་དྲིན་ལན་བསབ་པའི་ཆེད། །ཟས་གཙང་སྲས་ལ་མཆོད་པ་བྱས། །མ་སྐྱེས་དགྲ་ལ་འགྱོད་བསལ་མདོ། །གསུངས་ཤིང་གཟུགས་ཅན་སྙིང་པོ་ཡང་། །སྔོན་ཚེ་རང་སངས་རྒྱས་ཀྱི་རྐང༌། །བཅད་པའི་འབྲས་བུར་བཀའ་སྩལ་ཏོ། ༼༤༦༽། ལྷས་བྱིན་སེན་མོར་དུག་བསྐུས་ནས། །སངས་རྒྱས་ཞབས་ལ་འབྱུག་སྙམ་པ། །གློ་བུར་བསྐལ་བའི་མེ་ནང་དུ། །ཆོ་ངེ་དང་བཅས་ལྷུངས་པར་གྱུར། །དེ་ལས་འཕྲོས་པའི་གླེང་གཞིའི་ལན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གྲོང་ཁྱེར་དགེ་བའི་


GLG016_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཞེས་པར། །ས་བདག་ཡིད་བཟང་བུ་གཉིས་ལས། །བྱས་ཤེས་སློང་བའི་རེ་བ་སྐོང་། །བྱས་མི་ཤེས་ནི་སྡིག་ལ་སྤྱོད། །རྒྱལ་པོ་བློ་གྲོས་དབྱངས་ཀྱིས་ནི། །བུ་མོ་སྟེར་བའི་དུས་ཀྱང་བཏབས། །རེ་ཞིག་སྲས་གཉིས་རྒྱ་མཚོར་བགྲོད། །ནོར་བུ་ལོན་ནས་ཚུར་ལོག་ཚེ། །གྲུ་གཟིངས་ཞིག་པའི་ཤིང་དུམ་ལ། །བརྟེན་ནས་མཆེད་གཉིས་སྐམ་སར་འཐོན། །ནུ་བོས་གཅེན་གྱི་མིག་བཅར་ནས། །ནོར་བུ་ཁྱེར་ཏེ་གཞན་དུ་བྲོས། །བྱས་ཤེས་བློ་གྲོས་དབྱངས་ཀྱི་ཡུལ། །བགྲོད་ནས་བ་གླང་སྐྱོང་བའི་ཚེ། །རྒྱལ་པོའི་བུ་མོས་ངོ་ཤེས་ཏེ། །དེ་དང་ལྷན་ཅིག་ཁྱིམ་ཐབས་བྱས། །ནམ་ཞིག་འཚོ་བ་སྦྱོར་འཕྱིས་ཚེ། །ཁོ་བོར་མི་སེམས་ཞེས་སྨྲས་པས། །དེ་ཡི་ལན་དུ་མཛའ་ན་མོས། །བདག་ནི་ཁྱོད་ཉིད་ཁོ་ན་ལ། །གུས་ཞེས་བདེན་ཚིག་བརྗོད་པ་ཡིས། །རྒྱལ་བུའི་མིག་གཡས་བསོས་པར་གྱུར། །རྒྱལ་བུས་གཅུང་ལ་ཁྲོ་མེད་ཞེས། །བདེན་པ་བརྗོད་པས་མིག་གཡོན་བསོས། །བློ་གྲོས་དབྱངས་ཀྱི་རྒྱལ་སྲིད་ལ། །རྒྱལ་བུ་བྱས་ཤེས་ཀྱིས་དབང་བསྒྱུར། །ནུ་བོ་བྱས་མི་ཤེས་པ་དེ། །འཁུ་ཡང་གུས་པ་ལྟར་འོངས་པ། །མཐོང་ཆོས་དངོས་སུ་མྱོང་གྱུར་ནས། །དམྱལ་བའི་མེ་དོང་ནང་དུ་ལྷུངས། ༼༤༧༽། རྒྱ་མཚོར་གནས་པའི་ཀླུ་དག་གིས། །མི་ཡི་གཟུགས་སྤྲུལ་སངས་རྒྱས་དྲུང་། །ཆོས་ཉན་པ་དང་ལྷན་ཅིག་ཏུ། །ས་བདག་གསལ་རྒྱལ་འཁོར་བཅས་འདུས། །ཀླུ་ཡིས་རྒྱལ་པོར་མ་འདུད་པས། ཁྲོས་ནས་དཔུང་གིས་ལམ་བཀག་ཚེ། །གདེངས་ཅན་ཚོགས་རྣམས་


GLG016_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བགྲོད་ནས། །སྣ་ཚོགས་མཚོན་ཆའི་ཆར་པ་ཕབ། །རྒྱལ་བས་མོ་གལ་བུ་བཏང་སྟེ། །མཚོན་རྣམས་ཟས་དང་བཏུང་བར་གྱུར། །མི་བདག་ངོ་མཚར་སངས་རྒྱས་ལ། །ཕྱིར་མི་ལྡོག་པའི་གུས་པ་ཐོབ། །དགེ་སློང་རྣམས་ཀྱིས་མི་བདག་འདིས། །སཱ་ལའི་ལྗོན་པ་བཙུགས་པ་རྣམས། །བུ་རམ་ཤིང་གི་སྡོང་བུ་རུ། །གྱུར་པའི་འབྱོར་ཚོགས་རྒྱུ་དྲིས་པས། །གསལ་རྒྱལ་སྔོན་དུས་བུར་ཤིང་པར། །གྱུར་ཚེ་རང་སངས་རྒྱས་ཤིག་ལ། །བུར་ཆུ་སོགས་ཀྱིས་རྒྱུ་བྱས་པའི། །མཆོད་ཚོགས་འབྲས་བུ་བླ་མེད་གསུངས། །བཅོམ་ལྡན་འཁོར་བཅས་ས་དབང་གིས། །ཉེར་མཆོད་དེ་ལ་ང་རྒྱལ་བས། །དགེ་འདིས་བདག་ཅག་འཁོར་བ་ལས། །གྲོལ་བར་འགྱུར་རམ་ཞེས་གསོལ་བས། །སངས་རྒྱས་ཉིད་ཀྱང་སློབ་ལམ་དུ། །སྦྱིན་སོགས་ཙམ་གྱིས་ཞི་བའི་ལམ། །རྙེད་མིན་རྨོངས་ཆེན་སྲིད་པའི་རྒྱུ། །ཉོན་མོངས་སྤངས་ཚེ་གྲོལ་བར་གསུངས། ༼༤༨༽། ཀླུ་ཡི་རྒྱལ་པོ་རྒྱ་མཚོའི་བུ། །དོན་ཀུན་གྲུབ་པ་ཚེ་འཕོས་ནས། །མི་ཡི་རྒྱལ་པོ་དོན་འགྲུབ་ཏུ། །གྱུར་ཚེ་རྒས་དང་དབུལ་པོ་མཐོང་། །ཚུལ་དེས་ཡིད་འབྱུང་གཞན་ཕན་ཆེད། །རྒྱ་མཚོར་ནོར་བུ་ལེན་པར་ཆས། །རིན་ཅེན་གླིང་ནས་ཚོང་པ་རྣམས། །འདོད་པའི་ནོར་བསྐུར་ཕྱིར་ལ་སློག །རྒྱལ་བུས་པུས་མོ་ཕྲག་པ་ཙམ། །ནུབ་པའི་ཆུ་བོ་བརྒལ་བའི་མཐར། །གནོད་སྦྱིན་འབོད་སྒྲོགས་ཡུལ་བགྲོད་ཚེ། །སྲིན་པོས་ཁུར་ནས་ཀླུ་ཡུལ་བསྐྱལ། །དེ་ན་ངུ་མོའི་སྒྲ་ཐོས་པས། །


GLG016_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཡིན་དྲིས་པར་ངེད་ཅག་གི ། རྒྱལ་པོ་དོན་ཀུན་གྲུབ་པ་ཤི། །ཟེར་བས་སྐྱེ་བ་སྔོན་མ་དྲན། །ཕ་ཡིས་ངོ་ཤེས་དགའ་བས་འཁྱུད། །ནོར་བུ་བྱིན་ནས་ཚུར་འོངས་ཚེ། །ལམ་དུ་རྒྱ་མཚོར་གནས་པའི་ལྷས། །ཐབས་ཀྱིས་བསླུས་ནས་ནོར་བུ་ཕྲོགས། །ལྷ་ཡི་དབང་པོས་གྲོགས་བྱས་ནས། །རྒྱ་མཚོའི་སུམ་གཉིས་ཕྱིར་ཕོ་བས། །འཇིགས་ནས་ཕྱིར་གཏད་རང་ཡུལ་འཁོར། །ནོར་བུས་འགྲོ་ཀུན་བདེ་ལ་བཀོད། ༼༤༩༽། ཁྱིམ་བདག་ལེགས་པ་རབ་གསལ་ལ། ཁྱེའུ་བཙས་དང་དུས་མཉམ་དུ། །གསེར་གྱི་གླང་པོ་ཞིག་བྱུང་བས། །བུའི་མིང་གླང་པོ་ཅན་ཞེས་བཏགས། །དེ་ཚེ་རྒྱལ་པོ་གསལ་རྒྱལ་ལ། །བུ་མོ་ཆོས་གོས་ལྡན་པ་བཙས། །དེ་གཉིས་ཕན་ཚུན་ཡིད་ཆགས་ཀྱང། །རྗེ་འབངས་ཁྱད་ཀྱིས་སོམ་ཉི་གྱུར། །ནམ་ཞིག་གཞོན་ནུས་གླང་པོ་ཡི། །མཆེ་བ་གཉིས་པོ་རྒྱལ་པོར་ཕུལ། །ཇི་ལྟར་འདོད་པ་གསོང་ངོར་སྨྲོས། །སྟེར་ཞེས་སྨྲས་ཚེ་བུ་མོ་བསླངས། །བློན་པོ་རྣམས་ཀྱིས་དམངས་ཕལ་པར། །རྒྱལ་པོའི་བུ་མོ་སྟེར་མི་རིགས། །འོན་ཀྱང་ཅི་འདོད་སྟེར་བ་ཡི། །དམ་བཅའ་མི་ཉམས་ཐབས་ཚུལ་གླེང་། །ཡིད་ཀྱིས་འགྱུ་བར་གསེར་གླང་དེ། །མཆེ་བ་ཕྱུང་ཚེ་ཤི་སྙམ་ནས། །བུ་མོ་བསུ་བར་གསེར་གླང་ལ། །ཞོན་ཞེས་རྒྱལ་བློན་རྣམས་ཀྱིས་སྨྲས། ཁྱིམ་བདག་དགའ་མགུ་ཡི་རང་སྟེ། །གསེར་གླང་ཞོན་ནས་ཁབ་ཏུ་འོངས། །རྒྱལ་པོའི་བུ་མོ་ཐོབ་ནས་ནི། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན། །སྔོན་ཚེ་ཁྱོ་ཤུག་


GLG016_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཀྱིས། །ཤིང་གླང་སངས་རྒྱས་རྣམ་གཟིགས་ལ། །ཕུལ་བའི་འབྲས་བུ་དགེ་བར་སྨིན། །ཞེས་པའི་ཡ་མཚན་གཏམ་གྱིས་བསྔགས། ༼༥༠༽། བྱ་རྒོད་ཕུང་པོའི་རི་བོ་ལ། །ཉན་ཐོས་ཤཱ་རིའི་བུ་བཞུགས་ཚེ། །བཅོམས་ལྡན་འདས་ཀྱི་མོ་གལ་བུ། །འབོད་པར་བཏང་བས་ཤཱ་རིའི་བུས། །རང་གི་བླ་གོས་སྣེ་གཅིག་ནི། །བྱ་རྒོད་ཕུང་པོའི་རི་ལ་བཏགས། །སྣེ་གཅིག་མོ་གལ་བུར་གཏད་ནས། །འཐེན་དུ་བཅུག་པས་རི་བོ་འགུལ། །རི་རབ་ལ་ཡང་དེ་བཞིན་སྟེ། །རྫོགས་སངས་རྒྱས་ཀྱི་བཞུགས་ཁྲི་ལ། །ཆོས་གོས་བཏགས་ནས་ཉེར་ཐེན་པས། །ཅུང་ཟད་ཙམ་ཡང་འགུལ་མ་ནུས། །མཆོག་ཟུང་སངས་རྒྱས་དྲུང་སླེབ་ཚེ། །ཀླུ་ཡང་རི་འགུལ་འཇིག་སྟེ་ལྷག །རྒྱུ་ཞུས་ཝ་ར་ནཱ་སི་རུ། །དུང་དང་བྲིས་པའི་བྲམ་ཟེ་བྱུང༌། །བྲིས་པས་ཉི་མ་ཤར་བ་ན། །དུང་གི་མགོ་འགས་དམོད་པ་བོར། །དེ་ཡི་ཉི་མ་མི་འཆར་བར། །དམོད་པ་བོར་བས་མུན་པར་གྱུར། །འགྲོ་རྣམས་མུན་སེལ་གསོལ་བཏབ་ཚེ། །དམོད་པ་བསྲུང་སླད་བྲིས་པ་ཡིས། །འཇིམ་པར་དུང་གི་མགོ་བོ་བཅོས། །ཉི་མ་ཤར་ཚེ་མགོ་དེ་གས། །བྲིས་པ་ད་ལྟ་ཤཱ་རིའི་བུ། །དུང་ནི་མོ་གལ་བུ་རུ་བསྟན། །དགེ་སློང་རྣམས་ཀྱི་སངས་རྒྱས་ལ། །ལས་བཅུའི་རྒྱུ་མཚན་ཞུས་པའི་ལན། །སངས་རྒྱས་མུག་དྷར་ཉེར་འཁྲུངས་ཚེ། །ནུ་བོ་གསད་པའི་རྣམ་སྨིན་གྱིས། །དམྱལ་བ་ཡུན་རིང་མྱོང་བའི་མཐར། །ལས་ཀྱི་ལྷག་མར་མཐེ་བོང་


GLG016_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གནད། །དེད་དཔོན་དོན་བྱིན་གྱུར་པ་ན། རྒྱ་མཚོར་བགྲོད་ཚེ་ཆོམ་རྐུན་བསད། །དམྱལ་བ་མང་བརྒྱུད་ད་ལྟ་འང༌། །རྐང་པར་སེང་ལྡེང་ཚལ་པ་ཟུག །བྲམ་ཟེའི་ཁྱེའུར་གྱུར་བའི་ཚེ། །རང་སངས་རྒྱས་ཀྱི་བསོད་སྙོམ་ཕོ། །སྐྱེ་བ་མང་པོར་དབུལ་གྱུར་ནས། །འདིར་ཡང་ལྷུང་བཟེད་སྟོང་པར་བྱུང་། །བྷ་ར་དྷ་ཛར་གྱུར་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག །༼མ༽པའི་དུས། །ཕུ་བོ་དགྲ་བཅོམ་ཚངས་སྤྱོད་ལས། །ཉམས་ཞེས་སྐུར་བཏབ་དམྱལ་བར་སྐྱེས། །འདིར་ཡང་བྲམ་ཟེའི་བུ་མོས་སྐུར། །པདྨའི་རྩ་ལག་གྱུར་པ་ན། །བཟང་མོ་བསད་ཅིང་རང་རྒྱལ་ལ། །ཉེན་ཁ་གཡོགས་པས་དམྱལ་བར་སྐྱེས། །འདིར་ཡང་མུ་སྟེགས་བུ་མོས་སྨད། །བྲམ་ཟེ་མ་ཐ་རར་གྱུར་དུས། །ནས་རུལ་ཟན་གྱིས་དགེ་སྦྱོང་རྣམས། །མཆོད་པར་འོས་ཞེས་སྨྲས་པ་ཡིས། །འདིར་ཡང་ནས་རུལ་ཟ་བར་གྱུར། །བྲམ་ཟེ་ཨུ་ཏྟ་རར་གྱུར་ཚེ། །བྱང་ཆུབ་ཐོབ་ལ་དཀའ་སྤྱད་དགོད། །སྨྲས་ནས་སངས་རྒྱས་མཆོད་ལྡོག་པས། །ལོ་དྲུག་དཀའ་བ་སྤྱོད་དགོས་བྱུང་། །སྨན་པ་ཁ་བའི་བཞིན་གྱུར་དུས། ཁྱིམ་བདག་ནོར་ལྡན་སྨན་ལོག་གིས། །རྒྱུ་མ་བཅད་པས་དམྱལ་བ་མྱོང་། །འདིར་ཡང་འཁྲུལ་བའི་ནད་ཀྱིས་བཏབ། །ཉ་པའི་བུ་རུ་སྐྱེས་པའི་ཚེ། །ཉ་ཤ་བཅད་པས་ངུ་སྒྲ་ལ། །དགའ་བར་བྱ་པས་དམྱལ་བར་སྐྱེས། །འདིར་ཡང་མགོ་བོ་ན་བར་གྱུར། །ལྗོན་པའི་གྱད་དུ་སྐྱེས་པ་ན། །གྱད་པ་གཞན་དག་སྲོག་དང་ཕྲལ། །རྒྱུ་དེས་དམྱལ་བ་ཉམས་མྱོང་ནས། །འདིར་ཡང་རླུང་གིས་བྱང་ཁོག་གཟེར། ༼༥༡༽།


GLG016_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཚེ་སངས་རྒྱས་དཀའ་ཐུབ་ནགས་གཤེགས་ཚེ། །ཞལ་འཛུམ་མཛད་པའི་རྒྱུ་རྐྱེན་བརྒྱ་བྱིན་གྱིས། །ཞུས་ལན་ཨུཏྤལ་ལྡན་གྱི་གྲོང་ཁྱེར་དུ། ཁོ་ཁོ་བུད་མེད་གསེར་ལྡན་ཞེས་བྱར་གྱུར། །དེ་ཚེ་བཀྲེས་པའི་གདུང་བ་དྲག་པོ་ཡིས། །ཆེས་ཆེར་ཉམ་ཐག་བུད་མེད་རང་གི་བུ། །ཟ་བར་མངོན་དུ་ཕྱོགས་པར་མཐོང་བ་ནི། །སྙིང་རྗེས་མ་བཟོད་ནུ་མ་བཅད་ནས་བྱིན། །ལྷ་དབང་ངོ་མཚར་བདེན་མཐུས་བུད་མེད་ལུས། །སྐྱེས་པར་གྱུར་ནས་ས་དེའི་རྒྱལ་པོ་ཐོབ། །དེ་ནས་ཚེ་འཕོས་ཡུལ་དེར་ཚོང་དཔོན་བུ། །སྙིང་སྟོབས་མཆོག་གྱུར་དེ་ཚེ་ལུས་བྱར་བྱིན། །དེ་ཉིད་ལུས་འཕོས་ཡུལ་དེའི་བྲམ་ཟེའི་བུ། །བདེན་པའི་བརྟུལ་ཞུགས་བྱ་བར་སྐྱེས་པའི་ཚེ། །སྟག་མོ་བཀྲེས་པ་མཐོང་ནས་རང་ལུས་ལ། །ཚམ་ཚོམ་མེད་པར་རྨ་ཕྱུང་ས་ལ་འགྱེལ། །སྟག་མོས་རང་ཤ་ཟ་བར་བརྩམས་པའི་ཚེ། །སྦྱིན་པའི་ཕར་ཕྱིན་རྫོགས་སྙམ་ཡིད་དགའ་བས། །སེམས་མེད་ནོར་འཛིན་མ་དེ་ངོ་མཚར་ནས། །ས་གཞི་གཡོ་བའི་རྫུ་འཕྲུལ་ཅི་ཡང་བསྟན། ༼༥༢༽། རྒྱལ་བ་འཛུམ་པ་མཛད་པའི་རྒྱུ། །བརྒྱ་བྱིན་གྱིས་ནི་ཞུས་པ་ན། །མཱ་སཱུ་ད་ཀའི་གྲོང་ཁྱེར་དུ། །བསོད་ནམས་མི་དམན་རྒྱལ་པོར་གྱུར། །གཞན་འབྱོར་ཕུན་ཚོགས་མི་བཟོད་པའི་། །ས་སྐྱོང་ཚངས་བྱིན་ཕྲག་དོག་གིས། །གཡུལ་གྱི་དཔུང་ཚོགས་ཆེར་བཤམས་པ། །རྩོད་ལྡན་རང་མཚང་ངོམ་པ་བཞིན། །མི་བདག་འཁོར་བར་ཡིད་ཕྱུང་ནས། །རྒྱལ་སྲིད་སྤངས་ཏེ་ནགས་སུ་སོང་། །འོན་ཀྱང་བློན་པོས་རྒྱལ་པོ་


GLG016_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དག །ཡོད་པའི་རྫུར་བརྟེན་འཁྲུག་པ་བྱས། །ཚངས་བྱིན་རྒྱལ་པོས་བྲམ་ཟེ་ཡི། །གཉེན་རྣམས་བཙོན་དུ་བཟུང་བ་དེ། །བསླུ་བའི་ཆེད་དུ་ནོར་འཚོལ་སླད། །བསོད་ནམས་མི་དམན་དྲུང་དུ་ལྷགས། །བདག་གི་ཉེ་དུ་འཇིགས་པ་ལས། །བསྐྱབ་ཕྱིར་དངོས་པོ་ཉེར་བསླངས་ཚེ། །རྒྱུ་མཚན་བཤད་པས་བྲམ་ཟེ་བརྒྱལ། །གཉིས་སྐྱེས་རེ་བ་བསྐང་བའི་ཕྱིར། །བདག་གི་མགོ་བོ་ཉེར་ཆོད་ལ། །ཚངས་བྱིན་ལ་ཕུལ་ཅེས་བསྒོ་བར། །ཧ་ཅང་བཟོད་པར་ཆེས་དཀའ་ཞེས། །བྲམ་ཟེས་བྱ་བར་མ་ནུས་པས། །དེས་ན་བདག་ཉིད་ཚངས་བྱིན་དྲུང་། །ཁྲིད་ལ་དགྲ་བོ་བཟུང་ཞེས་སྨྲོས། །དེ་ཡིས་ཁྱོད་ཀྱི་དོན་འགྲུབ་གསུངས། །བྲམ་ཟེས་དེ་ལྟར་བྱས་པ་ན། །མ་རུངས་པ་ཡི་ཚངས་བྱིན་ཀྱང་། །ངོ་མཚར་སྐྱེས་ནས་འཁོན་ཞི་སྟེ། །བསོད་ནམས་མི་དམན་རྒྱལ་སྲིད་དུ། །བསྐོས་ནས་བཀུར་དང་བསྔགས་པ་བྱས། ༼༥༣༽། སྔོན་ཚེ་ཝ་ར་ཎཱ་སི་རུ། །ཐུབ་པ་སངས་རྒྱས་བཅོམ་ལྡན་འདས། །མི་བདག་ལེགས་བཤད་འཚོལ་དུ་གྱུར། །དེ་ཉིད་དབུལ་ཕོངས་འགྲོ་བའི་གཉེན། ཁྱད་པར་ལེགས་བཤད་དོན་གཉེར་བས། །ནམ་ཞིག་བློན་པོ་བློ་བཟང་གིས། །ནགས་སུ་རྔོན་པ་མཁས་པ་དག །ཡོད་ཅེས་རྒྱལ་པོའི་སྙན་དུ་གསོལ། །མུ་ཏིག་འཕྲེང་བ་ཁྱེར་ནས་ཀྱང་། །གང་དེའི་དྲུང་དུ་ཉན་པར་ཕྱིན། །དོ་ཤལ་སླར་ཡང་ཕྲོགས་དོགས་པའི། །མ་རུངས་བསམ་པ་འཆད་པོར་སྐྱེས། །ཆོས་ཉན་སྲོག་དང་བྲལ་བའི་ཆེད། །ཚིགས་བཅད་ཐོས་རྗེས་རིའི་རྩེ་ནས། །མཆོང་བའི་དམ་བཅའ་


GLG016_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པ་བཞིན། །དེ་དོན་བསྒྲུབ་པར་ཞལ་གྱིས་མཆེས། །ལེགས་པར་བཤད་པར་ཐོས་པའི་རྗེས། །ལུས་ལ་མ་ཆགས་མཆོངས་པ་ན། །གནོད་སྦྱིན་རྣམ་རྒྱལ་གྱིས་བཟུང་སྟེ། །རྒྱལ་ཁབ་ཆེན་པོ་ཉིད་དུ་བསྐྱལ། །ནམ་ཞིག་རྔོན་པས་ཕྲེང་བ་དེ། །འཚོང་བར་འོངས་པས་མི་རྣམས་ཀྱིས། །རྐུན་པོར་དོགས་ནས་བཙོན་དུ་བཟུང་། །མི་བདག་གིས་ཐོས་བཙོན་ནས་བཏོན། ༼༥༤༽། རྒྱལ་བས་གནོད་སྦྱིན་འཕྲོག་བྱེད་ནི། །བཏུལ་ནས་ཞལ་འཛུམ་མཛད་པའི་དུས། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །དེ་ཡི་རྒྱུ་དང་རྐྱེན་དྲིས་པར། །སྔོན་ཚེ་དབང་ཆེན་སྡེའི་སྲས་པོ། །སེམས་ཅན་སྨན་དུ་བཅོམ་ལྡན་ཉིད། །གྱུར་ཚེ་ཐོས་དང་རེག་ཙམ་གྱིས། །འགྲོ་བའི་སྡུག་བསྔལ་མ་ལུས་བསལ། །དེ་ཉིད་ཚེ་འཕོས་ནགས་ཀྱིས་མཐའི། །རྫིང་འགྲམ་སྐུ་གདུང་ཚས་བཅས་བཞག །དེ་ལ་རེག་དང་དྲི་ཕོག་པ། །ཙམ་གྱིས་འགྲོ་བའི་ནད་ཀུན་བསལ། །རང་གི་སྔོན་གྱི་བྱུང་བའི་ཚུལ། །མ་བསྒྲིབས་གསལ་བར་དྲན་པས་ཀྱང་། །བདེ་བའི་དཔལ་ལ་སྤྱོད་འགྱུར་བ། །ངོ་མཚར་གཏམ་སྙན་དབྱངས་སུ་འཚེར། ༼༥༥༽། སངས་རྒྱས་ཐམས་ཅད་སྟེར་ཞེས་པའི། །རྒྱལ་པོར་གྱུར་ཚེ་ཕུག་རོན་ཞིག །འཇིགས་ཤིང་སྐྲག་ནས་མདུན་དུ་བྱུང་། །དེ་རྗེས་རྔོན་པ་ཞིག་ཀྱང་ལྷགས། །ཀྱེ་མ་བདག་ཅག་འཚོ་བའི་ཟས། །འདབ་ཆགས་འདི་ནི་ཡིན་ཞེས་ཟེར། །ཕུག་རོན་བསླུ་ཕྱིར་རང་གི་ཤ ། བཅད་ནས་སྟེར་བའི་སྦྱོར་བ་བརྩམས། །


GLG016_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པོར་གསེར་གྱི་རྔོན་པ་དག །སྦྱིན་ནོ་སྨྲས་པས་དངོས་པོ་ལ། །སྲེད་པའི་བྲམ་ཟེ་སེར་སྐྱ་ཞེས། །འོངས་ནས་ཤ་རྣམས་རིམ་གྱིས་བཅད། །ཕུག་རོན་ལྗིད་དང་མ་མཉམ་པས། །རྒྱལ་པོའི་ལུས་ཉིད་སྲང་དུ་བཅུག །ལྷ་ཡིས་མེ་ཏོག་ཆར་པ་ཕབ། །རྔོན་པ་ངོ་མཚར་རྒྱུ་མཚན་དྲིས། །སངས་རྒྱས་ཐོབ་ཕྱིར་དཀའ་སྤྱད་ཅེས། །བདེན་ཚིག་བརྗོད་མཐུས་ལུས་ཀྱང་གསོས། །དེ་ལྟར་རྒྱལ་བའི་སྲས་པོ་ཡི། །རླབས་ཆེན་སྤྱོད་པ་འདི་ངོ་མཚར། ༼༥༦༽། ས་བདག་ཚངས་བྱིན་ཞེས་བྱ་བས། །སངས་རྒྱས་འཁོར་བཅས་མཆོད་པ་ན། །གྲོང་ཁྱེར་དེ་ཡི་སྐྱེ་བོ་རྣམས། །སྟོན་པའི་སྤྱན་སྔར་ཉེ་བར་འདུས། །བ་ལང་སྐྱོང་ཞེས་བྱ་བའི་ཀླུའི། །དུག་གིས་མི་ནོར་འབྲུ་ཚོགས་རྣམས། །ཉམས་ཤིང་བརླག་པའི་སྡུག་བསྔལ་ལས། །ཐུགས་རྗེ་ཅན་གྱིས་སྐྱོབ་པར་ཞུས། །རྒྱལ་བས་ཆུ་ཡི་འགྲམ་དུ་བཞུགས། །མ་བཟོད་ཀླུ་ཡིས་རྡོ་ཆར་ཕབ། །དེ་ཀུན་མེ་ཏོག་ཆར་པར་གྱུར། །གདེངས་ཅན་བཏུལ་ནས་བསླབ་ལ་བཀོད། །མི་བསྲུན་གདུག་ཅན་གནོད་སྦྱིན་ཡང་། །ཞི་བའི་སེམས་ལ་རབ་ཏུ་སྦྱར། །ཞལ་འཛུམ་མཛད་པའི་རྒྱུ་མཚན་ནི། །ལྷ་ཡི་དབང་པོས་ཞུས་པ་ན། །གནས་འདིར་སངས་རྒྱས་མང་པོས་ཀྱང་། །བྱོན་ནས་འགྲོ་བའི་དོན་མཛད་གསུངས། །སྐུ་བལ་གྱི་ནི་རིང་བསྲེལ་ལ། །བརྟེན་ནས་རྔོན་པས་མཆོད་རྟེན་བཞེངས། ༼༥༧༽། བ་གླང་སྐྱོང་གིས་ཀླུ་བཏུལ་བའི། །གནས་དེར་མིག་སྟོང་ལྡན་པ་ཡིས། །གསོལ་བ་བཏབ་ནས་མཆོད་པའི་རྟེན། །མང་


GLG016_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྐྲུན་ནས་བསོད་ནམས་སྤེལ། །ཚོང་པ་ལེགས་པར་རབ་སད་དང་། ཁྱིམ་བདག་བཱ་ལོ་ཀྱར་གྲགས་པ། །ཌམྦ་ར་དང་མ་ལི་ཀའི། །གནོད་སྦྱིན་རྣམས་ལ་དམ་ཆོས་བསྟན། ཁྱིམ་བདག་གྲུ་འཛིན་མི་ལིནྡྲནས། །གྲོང་ཁྱེར་པཱ་ཊ་ལ་ཞེས་པར། །རྒྱལ་བ་སྤྱན་དྲངས་ཆོས་ཉན་ཅིང་། །སྐྲ་དང་སེན་མོའི་མཆོད་རྟེན་བྱས། ༼༥༨༽། སངས་རྒྱས་བསོད་ནམས་སྟོབས་ཞེས་པའི། །རྒྱལ་པོར་གྱུར་ནས་ལམ་ཞུགས་ཚེ། །ནད་པ་མཐོང་བས་སྙིང་རྗེ་སྐྱེས། །ཟས་སྨན་བཏབ་ཅིང་བྲན་གཡོག་བསྐོས། །ནམ་ཞིག་ནད་ཅན་བལྟ་བའི་ཕྱིར། །གླང་པོ་ཞོན་ནས་སོང་བ་ན། །ལྷ་དབང་ལོང་བའི་གཟུགས་སྤྲུལ་ནས། །མིག་སློང་མཚོན་གྱིས་ཕྱུང་ནས་བྱིན། །ལོང་བར་མིག་ཆུང་ཡ་གཅིག་ཀྱང་། །སྟེར་བར་བརྩམས་ཚེ་བརྒྱ་བྱིན་གྱིས། །གཟུགས་བསྟན་ཁྱོད་ནི་སྙིང་སྟོབས་ཅན། །ཨེ་མ་ངོ་མཚར་ཞེས་བསྔགས་བརྗོད། ༼༥༩༽། ས་སྐྱོང་མྱ་ངན་མེད་ཀྱི་སྲས། །ཀུ་ལཱ་ལ་ཞེས་བྱ་བ་ནི། །མིག་གི་མཛེས་ཆོས་ཁྱད་པར་ཅན། །ཀུན་གྱི་ཡིད་དུ་འོང་བར་གྱུར། །མངོན་ཤེས་དྲུག་དང་ལྡན་པ་ཡི། །གནས་བརྟན་གྲགས་པ་ཞེས་བྱ་བས། །རིག་ནས་ཁྱོད་ནི་རབ་ཏུ་བྱུང༌། །གཞན་དུ་མིག་ནི་ཉམས་ཞེས་བརྗོད། །ཡབ་ཀྱི་བཙུན་མོ་སྐར་རྒྱལ་དེ། །སྲས་ལ་བརྩེ་བར་མངོན་ཕྱོགས་ཀྱང་། །འོས་པ་མིན་ཞེས་ཕྱིར་ལྡོག་པས། །གཡོ་ཅན་བུད་མེད་ཁྲོས་པར་གྱུར། །རྡོ་འཇོག་རྒྱལ་པོ་གཞོམ་པའི་ཕྱིར། །ཀུ་ལས་དམག་དཔུང་བཅས་ཏེ་བགྲོད། །


GLG016_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཆེན་པོས་འབད་མེད་ཏུ། །ཕ་རོལ་གྱིས་བཏུད་རྒྱལ་སར་བསྐོས། །ནམ་ཞིག་རྒྱལ་པོ་མྱ་ངན་མེད། །ལྟོ་བ་འཁྲུ་བའི་ནད་ཀྱིས་གཟིར། །གཞན་གྱིས་མ་ཕན་སྐར་རྒྱལ་གྱིས། །དེ་འདྲའི་ནད་པའི་ལྟོ་བ་ཕྲལ། །ནང་དུ་སྲིན་བུ་མ་རུངས་པ། །དུག་སྨན་གཞན་གྱིས་མ་གསོད་གང་། །ལྷ་མིན་ཁྲག་གིས་འཆི་མཐོང་ནས། །སྒོག་པའི་སྨན་གྱིས་ས་སྤྱོད་བསོས། །བྱ་དགར་ཞག་བདུན་རྒྱལ་སྲིད་བསླངས། །འཕྱོན་མས་རྒྱལ་པོའི་བཀཪ་བརྫུས་ནས། །རང་གི་སྲས་ཀྱི་མིག་ཕྱུངས་ཞེས། །རྡོ་འཇོག་རྒྱལ་པོར་སྤྲིངས་ཡིག་བཏང༌། །ས་ཡི་བདག་པོས་ཉེར་བཀླགས་པས། །དོན་དེ་སྨྲ་བར་མ་ནུས་ཚེ། །ཀུ་ལཱ་ལ་ཡིས་རྒྱུ་མཚན་དྲིས། །བཤད་པས་ཡབ་ཀྱི་བཀའ་བཞིན་བསྒྲུབས། །ལོང་བ་པི་ཝང་བརྡུང་བཞིན་དུ། ཁ་ཟས་སློང་ཕྱིར་ཡུལ་མང་སོང༌། །ནམ་ཞིག་ཕ་ཡི་དྲུང་དུ་སླེབས། །རྒྱལ་པོ་ཡུད་ཅིག་དྲན་མེད་བརྒྱལ། །བསོས་ནས་ནན་དྲིས་རྒྱུ་མཚན་བསྙད། །བཙུན་མོ་གསོད་པར་བརྩམས་པ་ན། །ཁྲོ་དང་འཁོན་འཛིན་མེད་ཅེས་པའི། །བདེན་པའི་ཚིག་གིས་མིག་གཉིས་བསོས། །ཀུ་ལཱ་ལ་འདི་སྐྱེ་བ་སྔོན། །སངས་རྒྱས་སྐུ་གཟུགས་མིག་ཕྱུང་ནས། །སླར་ཡང་ཨིནྡྲ་ནཱི་ལ་ལས། །སྤྱན་གཉིས་བསྒྲུབས་པས་འབྲས་བཟང་ཐོབ། ༼༦་༽། རྒྱ་མཚོའི་འགྲམ་གྱི་ཀླུ་ཡི་ཁང་པ་ཞིག །བྱེ་ཚན་ཆར་གྱིས་ཉེན་པས་གདེངས་ཅན་བུ། །གཞོན་ནུ་ནོར་བཟང་སངས་རྒྱས་དྲུང་ལྷགས་ཏེ། །སྐྱབས་སུ་སོང་ཞིང་བསླབ་པའི་གཞི་ཡང་མནོས། །རང་གི་ཁྱིམ་


GLG016_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྤྱན་དྲངས་རིན་པོ་ཆེའི། །གཙུག་ལག་ཁང་བརྩེགས་བསྙེན་བཀུར་ཕུན་ཚོགས་བྱས། །དུས་ཀུན་དགེ་བའི་བསོད་ནམས་དཔག་མེད་ཚོགས། །འཐོབ་ཅེས་ཤཱཀྱའི་ཏོག་གིས་དབུགས་དབྱུང་ངོ་། །༼༦༡༽བྲམ་ཟེ་ནོར་མེད་བཀྲ་ཤིས་ཀྱིས། །དེ་བཞིན་གཤེགས་པ་བྱོན་མཐོང་ནས། །ཆུང་མ་ཟས་ཀྱི་སྦྱོར་བའི་ཚོགས། །བྱེད་དུ་བཅུག་སྟེ་རྒྱལ་བ་མཆོད། །སྨོན་ལམ་བཏབ་འབྲས་མྱུ་གུའི་ཚོགས། །འབད་པ་མེད་པར་གསེར་དུ་གྱུར། །ཕུན་ཚོགས་འབྱོར་ལྡན་བྲམ་ཟེ་དེས། །བཅོམ་ལྡན་འཁོར་དང་བཅས་པ་མཆོད། །ཆོས་ཉན་རྒྱུན་ཞུགས་འབྲས་བུ་ཐོབ། །རབ་ཏུ་བྱུང་ཞིང་ལྷག་མའི་ལམ། །ཉམས་སུ་བླངས་པས་དགྲ་བཅོམ་གྱུར། །བསོད་ནམས་འབྲས་བཟང་ཚེ་དེར་སྨིན། ༼༦༢༽ཁྱིམ་བདག་ལེགས་པར་རབ་སད་ཀྱི། །ནྱ་གྲོ་དྷ་ཡི་ཤིང་དྲུང་ཕྱིན། །བུ་ཡི་དངོས་གྲུབ་སྟེར་ན་མཆོད། །མི་བྱིན་སྡོང་པོ་གཅོད་ཅེས་སྨྲས། །ཤིང་དེའི་ལྷ་ཡིས་བརྒྱ་བྱིན་དྲུང་། །ཕྱི་ནས་བུ་ཡི་དངོས་གྲུབ་ཞུས། །ལྷ་བུ་བློ་བཟང་འཕོ་གཟིགས་ནས། ཁྱིམ་དེར་ཉིང་འཚམས་སྦྱོར་ཞེས་བསྒོས། །འཆི་མེད་བུས་ཀྱང་རབ་བྱུང་བར། །གེགས་མེད་གྱུར་ན་བྱེད་ཅེས་གསོལ། །ཤིང་གི་ལྷ་དེས་ཁྱིམ་བདག་ལ། །བུ་བཙའ་རབ་ཏུ་བྱུང་ཞེས་སྨྲས། །རིང་པོར་མ་ཐོགས་གསེར་མདོག་ཅན། །རིན་ཅེན་གདུགས་ཀྱིས་སྤྱི་གཙུག་ལ། །བརྒྱན་པའི་བུ་ཞིག་ཁྱིམ་བདག་གི ། ཆུང་མ་ལ་ནི་བཙས་པར་གྱུར། །ལྗོན་པའི་ལྷ་ཡི་ཚིག་དྲན་ཏེ། །ཕ་ཡི་སྒོ་ལ་མེལ་


GLG016_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བསྐོས། །ཆེར་སྐྱེས་ཤིང་རྟ་ལ་ཞོན་ནས། །སྐྱེད་མོས་ཚལ་དུ་རྒྱུ་བར་སོང་། །དེ་ཚེ་བདེ་གཤེགས་སློབ་མར་བཅས། །མཐོང་བས་ས་ལ་མྱུར་བབས་ཏེ། །ཞབས་རྡུལ་གཙུག་ཏུ་བླངས་པ་ན། །རབ་ཏུ་བྱུང་ཞེས་ལུང་ཡང་བསྟན། །བམ་དང་བུད་མེད་ར་རོའི་གཉིད། །མཐོང་བས་འཁོར་བར་སྐྱོ་བ་སྐྱེས། །བརྒྱ་བྱིན་ནུས་པས་སྒོ་སྲུང་ཀྱིས། །མ་ཚོར་ཐག་རིང་གནས་སུ་བགྲོད། །ཆུ་ཀླུང་ཆེན་པོའི་འགྲམ་སླེབས་ཆེ། །བསྙེན་སྲིང་མེད་པར་རབ་འཇུག་པའི། །སངས་རྒྱས་ཐུགས་རྗེས་ཕྱག་བརྐྱངས་ནས། །ཚུར་ཤོག་གསུངས་ཏེ་རབ་ཏུ་བྱུང་། །ཕ་ཡིས་གྲགས་སྦྱིན་འཚོལ་འོངས་པ། །རྣམ་འདྲེན་མཐུ་ཡིས་བུ་མ་མཐོང༌། །ཐུབ་དབང་ཁྱིམ་དུ་སྤྱན་དྲངས་ནས། །མཆོད་པས་དགྲ་བཅོམ་འབྲས་བུ་ཐོབ། ༼༦༣༽། བྲམ་ཟེ་ནྱ་གྲོདྷའི་ཏོག་གིས། །ཆུང་མར་རིང་མིན་ཁྱེའུ་ཞིག །པིཔྤ་ལ་ཡི་ཤིང་འོག་བཙས། །ཤིང་ལས་འབད་མེད་གོས་ཀྱང་བྱུང་། །ནར་སོན་ཁྱིམ་ཐབས་ལོང་ཞིག་ཅེས། །ཕ་ཡིས་བསྐུལ་ཚེ་མ་འདོད་ཀྱང་། །གསེར་སྦྱངས་ལས་བཟོས་བུ་མོའི་གཟུགས། བསྟན་ནས་འདི་འདྲ་དགོས་ཞེས་སྨྲས། །བྲམ་ཟེས་རང་གི་གྲོགས་པོ་ལ། །གསེར་གྱི་བུ་མོ་བསྐུར་ནས་བརྫངས། །བཟང་མོ་ཞེས་པའི་ངོ་མཚར་ཅན། །མཐོང་ནས་ཁྱིམ་དུ་ལོག་སྟེ་སྨྲས། །དེ་ཚེ་བུ་ཡི་སློང་མོ་བའི། །ཆས་གྱོན་བུ་མོ་བརྟག་པར་ཕྱིན། །བུ་མོ་ཚངས་པར་སྤྱོད་ཤེས་ནས། །ཕ་ཡི་འདོད་བཞིན་ཁས་བླངས་སོ། །དེ་ཚེ་བུ་དང་བུ་མོ་གཉིས། །ཚངས་སྤྱོད་བརྟུལ་ཞུགས་


GLG016_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཟུང་ནས། །གཉིད་ལོག་མེལ་ཚེ་རེ་མོས་སུ། །སྤྱོད་ལམ་མི་མཐུན་སོ་སོར་གནས། །ལུས་ཕྲས་ལག་པ་ཕྱིར་བརྐྱངས་ནས། །གཉིད་ལ་སོང་ཚེ་དུག་སྤྲུལ་ཞིག །བྱུང་བའི་འཇིགས་པ་བསྐྱབ་བའི་ཕྱིར། །དེ་ཡི་ལག་པ་གོས་ཀྱིས་བཀབ། །བུ་མོས་དམ་བཅའ་བརྗེད་སྨྲས་ཚེ། །པིཔྤ་ལ་སྐྱེས་རྒྱུ་མཚན་གླེང་། །ཏིལ་མར་ལས་བྱུང་སྡིག་པ་སོགས། །མཐོང་བས་འཁོར་བར་ཡིད་ནི་སྐྱོ། །གཉིས་ཀ་ཐུབ་པའི་སྤྱན་སྔར་ལྷགས། །སངས་རྒྱས་འོད་སྲུངས་མཆོད་རྟེན་དྲུང་། །རབ་ཏུ་བྱུང་བའི་དངོས་པོ་བསྒྲུབས། །མྱུར་དུ་དགྲ་བཅོམ་གོ་འཕང་ཐོབ། ༼༦༤༽། ནོར་བཟང་རྒྱལ་ཁབ་དང་ཉེ་བའི། །དབང་ཆེན་སྡེ་ཡི་རྒྱལ་པོ་ཡོད། །གང་དེའི་ཡུལ་དུ་ཆར་དཀོན་པས། །གྲོང་ཁྱེར་ཕལ་ཆེར་ཉམས་པར་གྱུར། །ནོར་བཟང་ཡུལ་དུ་ཀླུ་གནས་པས། །འགུགས་པར་རིགས་ཞེས་གྲོས་མཐུན་ནས། །ཚུལ་དེ་བསྒྲུབ་པར་ནུས་པ་ཡི། །རིག་སྔགས་འཆང་ཞིག་གནས་དེར་བཏང་། ཀླུ་ཡིས་ཤེས་ནས་རྔོན་པ་ལ། །གྲོགས་བཅོལ་དུས་དེར་སྔགས་མཁན་གྱིས། །སྦྱིན་སྲེག་བྱས་པས་མཚོ་ཁོལ་ཚེ། །རྔོན་པས་མདའ་འཕངས་སྔགས་པ་བསད། །ཀླུ་ཡིས་དྲིན་ལན་བསབ་པའི་ཆེད། །རྔོན་པ་རང་གི་ཡུལ་དུ་བོས། །ནོར་བུ་དོན་ཞགས་དེས་མཐོང་ནས། །ནན་གྱིས་སླངས་ལྟར་བྱིན་ནས་སོང་། །སྡིག་ཅན་དེའི་བུས་སྒྲ་སྙན་ཐོས། །དྲང་སྲོང་ལ་དྲིས་རྒྱུ་མཚན་བཤད། ཁྲུས་ཀྱི་རྫིང་བུའི་སར་ཕྱིན་ནས། །ཞགས་པ་འཕངས་ཏེ་


GLG016_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འཕྲོག་བཟུང་། །རིང་མིན་རྒྱལ་བུ་ནོར་བཟང་གིས། །རྔོན་པར་འདོད་པའི་ནོར་བྱིན་ནས། །ལྷ་མོ་ཡིད་འཕྲོག་ཁབ་ཏུ་བཞེས། །བག་མའི་དགའ་སྟོན་རྒྱ་ཆེར་བྱས། །ནམ་ཞིག་རྒྱལ་པོ་དམག་ལ་ཆས། །གཙུག་རྒྱན་ནོར་བུ་མ་ལ་བཅོལ། །བུ་མོའི་སྲོག་ལ་བབས་ན་གཏོད། །ཞེས་སོགས་བསླབ་བྱ་མང་དུ་མཛད། ཁྲག་གི་རྫིང་བུར་ཁྲུས་བྱས་ཤིང་། །མིའམ་ཅི་ཡི་ཚིལ་བུ་ལ། །སྦྱིན་སྲེག་བྱས་ན་རྒྱལ་པོ་ཡི། །ངན་ལྟས་བཟློག་ཅེས་སེར་སྐྱས་སྨྲས། །རྒྱལ་པོས་བཙུན་མོ་གསོད་བརྩམས་ཚེ། །མ་ཡིས་གཙུག་རྒྱན་ནོར་བུ་གཏད། །སྒེག་མོ་མཁའ་ལ་སྐད་ཅིག་མར། །མིའམ་ཅི་ཡི་ཡུལ་དུ་སོང་། །སོར་གདུབ་འཕྲིན་དང་བཅས་པ་ནི། །ལམ་གྱི་དྲང་སྲོང་དག་ལ་བཞག །ཕ་རོལ་གཡུལ་ལས་རྣམ་རྒྱལ་ཏེ། །ནོར་བཟང་སླར་ཡང་རང་ཡུལ་སླེབས། །རྒྱུ་མཚན་ཤེས་ནས་འཚོལ་བར་ཕྱིན། །དྲང་སྲོང་གིས་ནི་སོར་གདུབ་གཏད། །འཕྲིན་རྣམས་མ་ལུས་རྫོགས་པར་བཤད། །མིའམ་ཅི་ཡི་ཡུལ་དུ་བགྲོད། །ཡིད་འཕྲོག་དང་ཕྲད་ནམ་མཁའ་ལ། །འཕུར་ནས་རང་གི་ཡུལ་དུ་སླེབས། །ཟས་གཙང་གྲགས་འཛིན་ལ་སྡང་བའི། །སྔོན་དང་ཕྱི་མའི་མཐའ་རྣམས་གསལ། ༼༦༥༽། རྒྱལ་པོ་ཀ་ཤྱ་ཞེས་བྱ་བ། །སྲས་མེད་འབྱོར་བ་ཆེ་ལྡན་བྱུང་། །ནམ་ཞིག་བུ་ཚབ་འཚོལ་བ་ལ། །བློན་པོ་རྣམས་དང་གྲོས་བྱས་པས། །ཕ་ནི་དྲང་སྲོང་རི་དྭགས་ཀྱི། །མ་ལས་བཙས་པའི་ཁྱེའུ་ནི། །གསེར་གྱི་མདོག་ཅན་རྭ་གཅིག་པ། །དེ་ནི་འགུགས་


GLG016_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིགས་ཞེས་མཐུན། །ས་དབང་སྲས་མོ་པད་ལྡན་དེ། །དྲང་སྲོང་གཞོན་ནུའི་ཡིད་འཕྲོག་ཆེད། །ཚང་ཚིང་ལྗོངས་སུ་ཉེར་བཏང་ནས། །རྩེ་འཇོའི་རྣམ་འགྱུར་སྣ་ཚོགས་བྱས། །རྭ་གཅིག་པ་ཡིས་བུ་མོ་བུར། །འཁྲུལ་གཏམ་སྨྲས་པས་གླགས་རྙེད་དེ། །ཟས་བྱིན་ངོ་ཚ་ཉེར་བཏང་བའི། །འདོད་པའི་རྣམ་འགྱུར་སྣ་ཚོགས་བྱས། །བདག་གནས་རིང་མིན་ག་བུར་ཚལ། །ཡོད་ཅེས་ལག་འཁྱུད་ཤིང་རྟའི་སྟེང་། ཁྲིད་ཚེ་འདྲེན་རྟ་རི་དྭགས་སུ། །བསམས་ནས་རྐང་པ་མི་རེག་སྨྲས། །རླུང་ལྟར་མགྱོགས་པའི་ཤིང་རྟའི་མཐུས། །སྐད་ཅིག་ཡུལ་སླེབས་ཡབ་རྒྱལ་པོར། །རྒྱུ་མཚན་བསྙད་ཚེ་དྲང་སྲོང་གི ། དམོད་པ་ལ་འཇིགས་རེ་ཞིག་བཏང་། །གཞོན་ནུ་བུ་མོར་ཡིད་ཆགས་པར། །ཕ་ཡིས་ལྡོག་པའི་ཚིག་སྨྲ་བ། །རླུང་གིས་རབ་སྦར་ནགས་ཀྱི་མེ། །ཆུ་ཡི་ཐིགས་པས་གསོད་པ་བཞིན། །གངྒཱའི་འགྲམ་དུ་སྐྱེད་ཚལ་ལ། །འཁྲུལ་བའི་རྫིང་བཟོས་འཇོ་སྒེག་མས། །སླར་ཡང་རྭ་གཅིག་དེར་ཁྲིད་དེ། །ཆུ་རྒྱུན་ལ་བརྟེན་ཕོ་བྲང་འོངས། །གཞོན་ནུ་བློ་གཞན་མི་ཕྱོགས་པའི། །སྲེག་ཟ་འབར་བའི་ཆོ་ག་དང༌། །སྒོ་གསུམ་བདེ་སྟེར་དགའ་སྟོན་ནི། །སུམ་རྩེན་ས་ལ་འཕོས་པ་བཞིན། །སྐབས་ཤིག་རྭ་གཅིག་ཆུང་མར་བཅས། །ནགས་སུ་འོངས་ཚེ་བུ་ཡི་མས། །པད་ལྡན་མ་ནི་སུ་ཞེས་ལན། །སྦྱིན་སྲེག་ལས་ཐོབ་ཟོལ་ཚིག་སྨྲས། །རིམ་གྱིས་ཆུང་མར་ཤེས་གྱུར་ཏེ། །ཕ་མས་བག་མའི་ཆོ་ག་བསྒྲུབས། །སླར་ཡང་ཀཱ་ཤིའི་ཕོ་བྲང་གི ། རྒྱལ་སར་


GLG016_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་མངའ་འབངས་བསྐྱངས། ༼༦༦༽། རྒྱལ་པོ་བདེན་པ་དགའ་ཞེས་པར། །བཙུན་མོ་གཉིས་ཡོད་ཆེན་མ་ལ། །བུ་བཙས་རིང་ཞིག་ལོན་པ་ན། །ས་བདག་འཇིག་རྟེན་ཕ་རོལ་སོང་། །དེ་ཚེ་ཆུང་མར་བུ་ཞིག་བཙས། །མཚན་ངན་ཡིན་ཞེས་གྲགས་པ་ཡིས། །དེ་ཉིད་གསོད་པའི་གཤེད་མ་བསྐོས། །ཆོས་བཟང་མ་ཡིས་ཉ་གྲོང་སྦས། །དེ་ནས་ན་ཚོད་ལོན་པ་ན། །གཞོན་ནུ་སྙན་ངག་མཁན་དུ་གྲགས། །སླར་ཡང་ཤེས་ནས་གསོད་པར་བརྩམས། །མ་ཡི་གཙུག་རྒྱན་ནོར་བུ་བྱིན། །དེ་ཡི་ནུས་པས་ཆུས་མ་ཁྱེར། །གདེངས་ཅན་ཡུལ་དུ་སླེབ་པ་ན། །མངག་གཞུག་རྣམས་ཀྱིས་ཀླུ་ལ་བསྡིགས། །འཇིགས་ཏེ་ཁྲུས་མཁན་གནས་སུ་བསྐྱལ། །རིམ་གྱིས་རྫ་མཁན་ཁང་པར་བྲོས། །དེ་ལ་གཤེད་མས་བསྐོར་བ་ན། །རོ་ཡི་ཚུལ་གྱིས་གཞན་དུ་བསྐྱལ། །སླར་ཡང་དེད་པས་གཡང་ལ་མཆོངས། །གཙུག་གི་ནོར་བུ་ཤིང་ལ་འཐོགས། །ཕོ་ཉས་དེ་ཤེས་རྒྱལ་པོར་ཕུལ། ཁྱེའུ་གནོད་སྦྱིན་གྱིས་བཟུང་ནས། །ནགས་སུ་སླེབས་ཚེས་སུ་ད་སས། །གསོད་པར་བརྩམས་ལ་ཐུབ་པས་བསྐྱབས། །དེ་ཡིས་རྒྱལ་བུར་སྒྱུ་མ་བསླབས། །རང་གི་ཡུལ་འོངས་གར་མངས་སྦྲུལ། །སྒྱུ་མ་བཀྱེ་ནས་ཕོ་བྲང་ཕྱིན། །མགོ་ལ་རྡོ་བསྣུན་ཕུ་བོ་བསད། །རྒྱལ་པོའི་སྲིད་ལ་དབང་བསྒྱུར་ཅིང༌། །ཚེ་འཕོས་དམྱལ་བའི་གནས་སུ་སྐྱེས། །ཞེས་པའི་སྔོན་བྱུང་རྒྱལ་བས་གསུངས། ༼༦༧༽། དགེ་འདུན་སྲུངས་ཀྱིས་ཤཱ་རིའི་བུའི། །རྗེས་སུ་འབྲངས་ནས་རབ་ཏུ་


GLG016_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །ནམ་ཞིག་མཁན་པོ་ལ་ཞུས་ནས། །ཚོང་པ་རྣམས་དང་ལྷན་ཅིག་བགྲོད། །ཆུ་གཏེར་དབུས་སུ་རྫིངས་ཞིག་པར། །སྔོན་དུ་ཕྱོགས་ཚེ་ཆུའི་ནང་ནས། །ལུང་བསྟན་བྱུང་ལྟར་དགེ་འདུན་སྲུངས། །ཐེ་ཚོམ་མེད་པར་ཆུ་ལ་མཆོངས། །ཀླུ་ཡི་ཡུལ་དུ་ཕྱིན་ནས་ནི། །གདེངས་ཅན་རྣམས་ལ་དམ་ཆོས་བསྟན། །སླར་ཡང་ཀླུ་ཡིས་སྟེང་དུ་བསྐྱལ། །རིམ་ཕྱིན་གཉིད་གཡུར་རྗེས་སུ་ལུས། །རྒྱུ་དང་འབྲས་བུའི་རྣམ་གཞག་ཀུན། །མངོན་སུམ་ཚད་མས་ཉེར་གཞལ་བའི། །དུས་ལ་བབ་སྟེ་ནགས་ཀྱི་ཚུལ། །དགེ་འདུན་ཚོགས་པའི་ཁང་པར་ཕྱིན། །ཟས་ཀྱི་དུས་ལ་བབ་པ་ན། །ཕན་ཚུན་མགོ་བོ་ཐོ་བ་ཡིས། །བསྣུན་ཅིང་ཁྲག་གིས་འགེངས་པར་བྱེད། །དྲིས་པས་ཟས་རྩོད་རྣམ་སྨིན་ཟེར། །བཤུལ་དུ་ཞུགས་ཚེ་སྔར་ལྟ་བུའི། །དགེ་འདུན་ཚོགས་ནས་གདུགས་ཚོད་ཟས། །ལྕགས་ཁུར་གྱུར་པ་འདུས་སྡེ་ཡི། །བསྙེན་བཀུར་བཀག་པའི་འབྲས་བུར་གླེང༌། །རིམ་གྱིས་དྲང་སྲོང་ལྔ་བརྒྱ་ཡི། །གནས་སུ་སླེབས་དུས་ལྷས་བསྐུལ་ནས། །ཆོས་བསྟན་དགེ་འདུན་སྲུངས་ཉིད་ཀྱང་། །སྐད་ཅིག་དེ་ལ་དགྲ་བཅོམ་ཐོབ། །དྲང་སྲོང་རྣམས་ཀྱང་དད་གྱུར་ནས། །གསོལ་བ་བཏབ་པས་རྫུ་འཕྲུལ་གྱིས། །བཅོམ་ལྡན་འདས་ཀྱི་དྲུང་དུ་ཁྲིད། །གཉིས་སྐྱེས་ཚོགས་རྣམས་དགྲ་བཅོམ་གྱུར། །དེ་ཡི་སྔོན་གྱི་རྒྱུ་མཚན་ཀྱང་། །འོད་སྲུངས་དུས་སུ་དགེ་འདུན་སྲུངས། །ཞལ་ཏ་བྱེད་པའི་གྲོགས་པོ་ནི། །དྲང་སྲོང་ལྔ་བརྒྱ་ཡིན་པར་གསུངས། ༼༦༨༽། རི་དྭགས་ལས་བཙས་


GLG016_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ནི། །རྐང་པ་བཀོད་ཤུལ་འདབ་སྟོང་ཅན། །སྐྱེས་པས་པདྨ་ལྡན་ཞེས་པ། །རྒྱལ་པོ་ཚངས་བྱིན་དང་ཕྲད་ཚེ། །བཙུན་མོར་དབང་བསྐུར་སྲས་སྐྱེ་བར། །མངོན་དུ་ཕྱོགས་ཚེ་གཞན་དག་གིས། །ཕྲག་དོག་གཡོ་སྒྱུའི་འཁྲུལ་འཁོར་གྱིས། །མིག་གཉིས་བསྡམས་ནས་བཙའ་རུ་བཅུག །ཁྱེའུ་གསེར་མདོག་གཉིས་བྱུང་བ། །སྒྲོམ་དུ་བཅུག་ནས་ཆུ་ལ་བསྐྱུར། །བཙུན་མོའི་གདོང་ལ་ཁྲག་བྱུགས་ནས། །བུ་ཟོས་སྲིན་མོ་ཡིན་ཞེས་སྨྲས། །རྒྱལ་པོས་གསོད་པར་བརྩམས་པ་ན། །བློན་པོས་ཐབས་ཀྱི་ཁང་པར་སྦས། །བུ་མོས་མ་ཉེས་ཞེས་སུ་ལྷས། །སྒྲ་བསྒྲགས་རྒྱལ་པོ་མྱ་ངན་གྱུར། །ཆུ་ཡིས་ཁྱེར་པའི་སྒྲོམ་བུ་ནི། །ཉ་པས་རྙེད་དེ་ལྷ་ཡི་སྲས། །ཡིན་པར་ཤེས་ནས་ཕུལ་བ་དང་། །ལྷན་ཅིག་བློན་པོས་བཙུན་མོ་གཏད་། །རང་གི་ཁྱོ་ལ་མ་རངས་པས། །ཕར་གྲགས་དྲང་སྲོང་མཇལ་ཕྱིན་པ། །དེ་ཉིད་ལྔ་པའི་དབང་གྱུར་ནས། །མ་ཕྲད་གདུང་བས་འཁྱམས་པ་ན། །ཝ་ར་ཎཱ་སིར་ཀྲི་ཀྲི་ཡིས། །དོན་དུ་གཉེར་ནས་བདག་ཏུ་བཟུང། །ཚུལ་དེ་ཚངས་བྱིན་གྱིས་ཐོས་པས། །ཐབས་ཀྱིས་རང་གི་གམ་དུ་བཀུག །༼༦༩༽རྒྱལ་པོ་མྱ་ངན་མེད་ཅེས་པས། །བསོད་ནམས་བྱེ་བའི་ཞིང་མཆོག་ཏུ། །ཀླུ་ཡི་ཡུལ་ནས་སངས་རྒྱས་ཀྱི། །རིང་བསྲེལ་བླངས་ཏེ་མཆོད་རྟེན་བྱས། །གནས་བརྟན་གྲགས་པ་འཁོར་བཅས་རྣམས། །རབ་ཏུ་གནས་པ་བྱ་བའི་ཆེད། །ནམ་མཁར་སོང་བའི་གྲིབ་མ་ཡིས། །འཛིན་མའི་ཁྱོན་ཀུན་གཡོགས་པ་


GLG016_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །དེར་འོངས་རབ་བྱུང་རྒན་པོ་ལ། །ས་ཡི་བདག་པོར་རོ་བདའི་ཟས། །ཕུན་ཚོགས་རྙེད་བཀུར་ལེགས་བསྟབས་པ། །ཇི་བཞིན་ལོངས་སུ་ཉེར་སྤྱད་ཚེ། །དགེ་སློང་རྣམས་ཀྱིས་འདི་སྐད་དུ། །རྒྱལ་པོ་ཆོས་དོན་གཉེར་བའི་ཕྱིར། ཁྱོད་ལ་བཤད་རྒྱུ་ཨེ་ཡོད་ཅེས། །དྲིས་པས་མེད་སྙམ་སྡུག་བསྔལ་གྱུར། །ལྷ་ཡིས་ཚིགས་སུ་བཅད་པ་བསླབས། །དམ་ཆོས་དེ་ཉིད་རྒྱལ་པོར་བསྟན། །བརྩོན་པས་དགེ་སློང་དགྲ་བཅོམ་པ། །ཐོབ་པའི་ངོ་མཚར་གཏམ་འདི་རྨད། ༼༧་༽། དགྲ་བཅོམ་ཉི་མ་གུང་པ་ཡིས། ཁ་ཆེའི་ཡུལ་བྱོན་གཙུག་ལག་ཁང་། །རྩིག་པར་བརྩམས་ཚེ་དུག་ཅན་ཀླུས། །མཚོན་ཆར་ཕབ་པ་པདྨར་གྱུར། །ངོ་མཚར་སྐྱིལ་ཀྲུང་རྒྱ་ཁྱོན་དང་། །མཉམ་པའི་ས་གཞི་ཀླུ་ཡིས་ཕུལ། །རྫུ་འཕྲུལ་སྐྱིལ་ཀྲུང་ཡུལ་དགུའི་བར། ཁྱབ་པར་གཙུག་ལག་ཁང་མང་བརྩིགས། །སྤོས་ངད་ལྡན་ནས་གུར་ཀུམ་གྱི། །སོན་བླངས་ཁ་ཆེའི་ཡུལ་དུ་བཏབ། །ཇི་སྲིད་བསྟན་པ་གནས་ཀྱི་བར། །ཆད་མེད་སྐྱེ་བར་བྱིན་གྱིས་བརླབས། ༼༧༡༽། དགེ་སློང་ཤཱ་ནའི་གོས་ཅན་དེ། །བཅོམ་བརླག་ཡུལ་དུ་བྱོན་པའི་ལམ། །ལེགས་པའི་རང་བཞིན་མཆེད་གཉིས་ཀྱིས། །གང་གི་རྒྱུ་མཚན་དྲིས་པའི་ལན། །རང་རྒྱལ་སྙིང་ནད་གཟིར་བ་བསོས། །གོས་ཕུལ་ཆགས་བྲལ་མཐོང་བས་དད། །དེ་ཉིད་འདས་ཚེ་གདུང་བཞུ་ནས། །མཚུངས་པར་འགྱུར་བའི་སྨོན་ལམ་བཏབ། །བཅོམ་བརླག་ཡུལ་དུ་རྫུ་འཕྲུལ་གྱིས། །ཀླུ་བཏུལ་གཙུག་ལག་


GLG016_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་བཟང་བརྩིགས། །གྲོགས་ནི་ཡུལ་དེའི་ཚོང་དཔོན་བུ། །ན་ཌ་བྷཊྚ་ཞེས་པའོ། ༼༧༢༽། སྤོས་འཚོང་རིགས་ཀྱི་ཉེར་སྦས་ལ། །ནོར་ལྷས་བྱིན་གྱིས་སྤོས་ཉོས་ཤིང་། །ཕོ་ཉ་མངགས་ཏེ་འདོད་པའི་གཏམ། །སྨྲས་ཀྱང་བག་ཡོད་མཐུ་ཡིས་ལྡོག །སྨད་འཚོང་མ་དེའི་ཁྱིམ་ནང་དུ། །འདོད་པ་དོན་གཉེར་ཚོང་པ་སླེབས། །སླར་ཡང་དེ་ལས་ཕྱུག་པ་ཞིག །འོང་ཞེས་རྟེན་བཟང་འཕྲིན་ཡིག་འབྱོར། །གང་ཚེ་གཡོ་ཅན་བུད་མེད་དེས། །རང་གི་འདོད་པ་བསྒྲུབ་པའི་སླད། །སྔར་སླེབས་དུག་གི་སྦྱོར་བ་ཡིས། །བསད་པས་རྒྱལ་པོའི་ཆད་པ་ཕོག །ཁྲིམས་ཀྱིས་མནར་ལ་ཉེར་སྦས་དེས། །ཆོས་བསྟན་རྒྱུན་ཞུགས་ཐོབ་ནས་འདས། །ཉེར་སྦས་ཤཱ་ནའི་གོས་ཅན་དྲུང་། །རབ་བྱུང་དགྲ་བཅོམ་མངོན་དུ་གྱུར། །ཆོས་སྟོན་བདུད་ཀྱི་བར་གཅོད་ལན། །གཏོར་པའི་མེ་ཏོག་མི་སྦྲུལ་ཁྱིའི། །རོར་གྱུར་ཡིད་སྲུབས་ལུས་བརྒྱན་ཚེ། །འགྱོད་པ་སྐྱེས་ཤིང་སྐྱབས་སུ་སོང་། །བདུད་ཀྱིས་སྟོན་པའི་སྐུར་སྤྲུལ་པས། །རོ་ཡིས་བཅིངས་ལས་རྣམ་པར་གྲོལ། །ཉེར་སྤས་མཐུ་ཡིས་ཡུལ་དེའི་འགྲོ། །འབུམ་ཕྲག་བཅོ་བརྒྱད་དགྲ་བཅོམ་ཐོབ། ༼༧༣༽། རྒྱ་མཚོར་གྲུ་ཞིག་ཚོང་པ་རྣམས། །ནོར་དང་བྲལ་བར་གྱུར་པ་ན། །ས་བདག་མྱ་ངན་མེད་གང་དེར། །ཀླུ་ལ་སྤྲིངས་ཡིག་གནང་བར་གསོལ། །ཐེ་ཚོམ་གྱུར་པར་མངོན་ཤེས་དང་། །ལྡན་པའི་ལུང་བསྟན་བཞིན་བསྒྲུབས་ཀྱང་། །རེ་ཞིག་ཀླུ་ཡིས་ནོར་མ་གཏད། །འོན་ཏེ་ལྷ་ཡིས་སྨྲས་ལ་ཉན། །དཀོན་ཅོག་མཆོད་


GLG016_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྨོན་ལམ་བཏབ། །དགྲ་བཅོམ་སྟོང་ཕྲག་དྲུག་ཅུ་བྱོན། །གཙོ་བོའི་གསུང་ལྟར་རྒྱལ་པོ་དང་། །ཀླུ་ཡི་གཟུགས་བརྙན་གསེར་ལ་བྱས། །སངས་རྒྱས་དེ་གསུང་སློབ་མ་ལ། །མཆོད་པས་རྒྱལ་པོའི་གཟུགས་མཐོ་ཞིང་། །གདེངས་ཅན་འདྲ་འབག་ཉེར་དམའ་ཚེ། །སྤྲིངས་ཡིག་བཏང་བས་ནོར་རྣམས་ཕུལ། །སངས་རྒྱས་ལྟ་བར་འདོད་ན་ཡང་། །ཆོས་དབྱིངས་ཀློང་དུ་འདས་ཟིན་པས། །མགོ་ཆེ་ཞེས་བྱའི་རི་བོ་ལས། །ཉེར་སྦས་རྒྱན་དྲངས་བཀུར་སྟི་བྱས། ༼༧༤༽། ས་བདག་མྱ་ངན་མེད་པ་ཡིས། །དགེ་སློང་འབུམ་ཕྲག་གསུམ་མཆོད་ནས། །གསེར་སྲང་བྱེ་བ་དགུ་བཅུ་དང་། །རྩ་དྲུག་ཕུལ་ཞིང་བསོད་ནམས་བསགས། །ནམ་ཞིག་ནད་ཀྱིས་ཐེབས་པ་ན། །ཚ་བོས་མཛོད་བསྲུངས་སྦྱིན་པ་བཀབ། །རང་གི་ཟོས་སྐལ་སྐྱུ་རུ་རའི། །ཕྱེད་ཆ་ལེགས་བྱས་ཞིང་དུ་བཏབ། །བློན་པོའི་གྲོས་ལྟར་དགེ་འདུན་ལ། །ས་གཞི་ཕུལ་ཞིང་མི་ཡི་རྗེ། །ལྷར་སྐྱེས་ཚ་བོས་འཛིན་མའི་གཞི། །གསེར་སྲང་བྱེ་བ་ཕྲག་བཞིས་བསླུས། །ཐུབ་དབང་རྒྱལ་བྱེད་ཚལ་བཞུགས་ཚེ། །འཁོར་གྱི་དགེ་སློང་ཚོགས་རྣམས་ལ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལས། །བརྩམས་པའི་ཆོས་ཀྱི་དབྱངས་སྙན་བསྒྲགས། །འགྲོ་རྣམས་མ་རིག་རྩ་བ་ཡིས། །སྣ་ཚོགས་ལས་ཀྱི་འདུ་བྱེད་མཐུས། །ཀུན་གྱི་བྱེད་པོ་རྣམ་ཤེས་འགྲུབ། །དེ་ལས་མིང་གཟུགས་སྐྱེ་མཆེད་འབྱུང་། །ཡུལ་དང་ཡུལ་ཅན་ཚོགས་པ་ལས། །རེག་པ་དང་ནི་ཚོར་བའི་མཐུས། །བདེ་ལ་སྲེད་དང་ལེན་འདོད་པའི། །བྱེད་པོས་


GLG016_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྲིད་རྣམ་པར་འགྲུབ། །ལས་ཉོན་དབང་གིས་འཁོར་བ་རུ། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །རྒྱུ་འབྲས་ཚུལ་འདི་ངོ་མཚར་རྨད། ༼༧༦༽། སངས་རྒྱས་མཉན་ཡོད་གཤེགས་པའི་ལམ། །མ་ཧེ་ལྟ་བུའི་སེམས་ཅན་གྱི། །ལུས་སྨད་འབུས་ཟར་སྔོན་གྱི་གནས། །དྲན་ནས་གསུངས་པས་འཚལ་ཞེས་གསོལ། །འཁོར་གྱིས་རྒྱུ་མཚན་ཞུས་པ་ན། །ས་བདག་བི་དུ་རར་གྱུར་ཚེ། །བཙུན་མོས་སངས་རྒྱས་འབྲིང་མཆོད་པར། ཁྲོས་ནས་རང་རྒྱལ་ལུས་སྨད་བཅད། །སླར་ཡང་གཏུམ་པོའི་སྐྱེད་ཚལ་དུ། །རང་སངས་རྒྱས་ཤིག་གསོད་འགྱུར་བའི། །རྣམ་སྨིན་དཔག་ཚད་བརྒྱ་པ་ཡི། །ལུས་བླངས་དམྱལ་བར་སྐྱེ་བར་འགྱུར། །དེ་ནས་མི་ཡི་ལུས་ཐོབ་ཚེ། །རབ་བྱུང་བཙུན་མོའི་མཆོད་གནས་གྱུར། །རྒྱལ་པོ་ཕྲག་དོག་ལུས་བཅད་པས། །རྣམ་སྨིན་རིམ་གྱིས་བྱང་བར་གསུངས། ༼༧༧༽། དྲང་སྲོང་ཀེ་ན་ཡ་ཀ་དག །གདུལ་ཕྱིར་ཐུབ་དབང་གཤེགས་པ་ན། །སངས་རྒྱས་ཐུགས་རྗེས་རྒྱལ་ཆེན་བཞི། །དམ་པའི་ཆོས་ནི་མཉན་པར་ལྷགས། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྔོན་ཚེ་ཀླུར་སྐྱེས་འཕགས་པའི་རིགས། །གཞན་གཉིས་མཁའ་ལྡིང་གདུག་པ་ཅན། །དེ་ཚེ་ཁྱུང་གིས་ཀླུ་ལ་འཚེ། །ཀླུ་ཡིས་སངས་རྒྱས་འོད་སྲུངས་ལ། །སྐྱབས་སུ་སོང་བས་གནོད་མ་ནུས། །རྒྱུ་དེས་འདབ་བཟང་གཉིས་ཀྱང་དད། །སྔོན་གྱི་བྱུང་བ་ལེགས་པར་གསུངས། །ཀེ་ན་ཡ་ཀ་ངོ་མཚར་ཏེ། །ཆོས་ཉན་ཕྱིར་མི་འོང་དུ་གྱུར། །མཚུངས་པར་ཤེས་ལས་


GLG016_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་མཐོང༌། །དྲང་སྲོང་མང་པོ་སྨིན་པར་མཛད། །༼༧༨༽བརྒྱ་བྱིན་འཆི་བའི་ལྟས་བྱུང་ནས། །དགེ་སློང་རྣམས་ལ་སྐྱབས་གསོལ་བར། །འོངས་ཚེ་དེ་རྣམས་བརྒྱ་བྱིན་གྱི། །གཟི་བརྗིད་མ་བཟོད་ཕྱག་འཚལ་བས། །ཀྱེ་མ་བདག་གི་གཟི་བྱིན་ཀྱང་། །མི་བཟོད་ཚུར་ལ་འདུད་བྱེད་ན། །འཇིགས་ལས་སྐྱོབ་པ་ཅི་འཚལ་སྙམ། །མྱ་ངན་གྱིས་མནར་རང་གནས་ལོག །སླར་ཡང་སྟོན་པའི་དྲུང་དུ་འོངས། །མེ་ཡི་ཏིང་འཛིན་ལ་བཞུགས་པ། །ཟུར་ཕུད་ལྔ་པའི་རྒྱུད་མངས་ཀྱི། །སྒྲ་ཡིས་ཏིང་ངེ་འཛིན་ལས་བསླངས། །བརྒྱ་བྱིན་རྗེས་བཟུང་བདེན་པ་མཐོང་། །དྲིན་ལན་བསབ་པར་བྱ་བའི་ཕྱིར། ཏུམྦུ་རུ་ཡི་བུ་མོ་ནི། །ཟུར་ཕུད་ལྔ་པའི་ཆུང་མར་བྱིན། །སྔོན་ཚེ་གྲོང་ཁྱེར་མཛེས་ལྡན་ན། །ལྷ་དབང་མི་བདག་སྐལ་བཟང་དུ། །གྱུར་ཚེ་ལོག་པར་དད་སེལ་གྱི། །གདུང་ལ་བྱ་བ་བྱས་འབྲས་མཚར། །༼༧༩༽བྲམ་ཟེའི་འཚོ་བ་བདེ་ཞེས་པ། །རྒས་པ་ཆུང་མས་མ་འདོད་ནས། །ཐབས་ཀྱིས་ནོར་ནི་སློང་བར་བཏང་། །ལམ་དུ་ཆོམ་རྐུན་ཚོགས་ཀྱིས་བཅོམ། །ལྕེབ་པར་བརྩམས་ཚེ་རྒྱལ་བ་ཡིས། །ནོར་སྩལ་ཆུང་མའི་གམ་དུ་ཕྱིན། །དགའ་བར་མ་གྱུར་ཡིད་བྱུང་སྟེ། །སྟོན་པའི་དྲུང་འོངས་དགྲ་བཅོམ་ཐོབ། །བཅོམ་ལྡན་དབང་ཆེན་སྡེར་འཁྲུངས་ཚེ། །སློང་བའི་བྲམ་ཟེའི་རང་གི་ལུས། །བཅིངས་ནས་འགལ་ཟླའི་དགྲ་བོ་ལ། །བསྟོད་ཅེས་བསྒོ་བའི་སྔོན་བྱུང་གསུངས། ༼༨༠༽། སངས་རྒྱས་མྱ་ངན་བཟླར་བཞེད་


GLG016_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དྲི་ཟ་རབ་དགའི་གནས་སུ་གཤེགས། །སྣ་ཚོགས་ཐབས་ཀྱིས་ཁེངས་པ་བཅོམ། །ཐུབ་དབང་སྐུ་གཟུགས་བསྟན་ནས་ནི། །རྒྱུན་དུ་ཞུགས་པའི་འབྲས་བུར་བཀོད། །རབ་བཟང་ཨུ་དུམ་ཝ་རའི་ཚལ། །རང་གི་མཐུ་ལས་བྱུང་སྙམ་ཁེངས། །མེ་ཏོག་ཉམས་ལ་སྡུག་བསྔལ་ཆེ། །ལྷ་ཡིས་རྒྱུ་མཚན་བཤད་པ་ན། །སངས་རྒྱས་ལ་དད་སྤྱན་སྔར་ལྷགས། །ཆོས་བསྟན་བདེན་པ་མཐོང་བར་གྱུར། །རྒྱལ་བ་མྱ་ངན་འདར་བཞེད་ཚེ། །མུ་སྟེགས་ཅན་གྱིས་མི་གཡོ་ཞིང་། །མེ་ཡིས་མི་འཇིགས་ཚངས་སྤྱོད་པའི། །གྲོགས་ཀྱིས་འགྲུབ་པར་སྨོན་ལམ་བཏབ། ༼༨༡༽། ཙནྡན་དོན་གཉེར་ཚོང་པ་འགའ། །རྒྱ་མཚོར་བགྲོད་པས་གྲུ་རྫིངས་ཞིག །དེད་དཔོན་བསོད་ནམས་སྡེ་ཞེས་པས། །རྒྱལ་བར་གསོལ་བཏབ་བདེ་བར་བགྲོད། །སངས་རྒྱས་བསྙུང་བའི་ཚུལ་བསྟན་པར། །སྨན་པས་ཙནྡན་ཕན་ཞེས་སྨྲས། །གསེར་སྲང་འབུམ་ཕྲག་ཚོགས་ཀྱིས་ཀྱང་། །ཙནྡན་ཅུང་ཟད་རྙེད་མ་གྱུར། །དེ་ཚེ་ཚོང་དཔོན་བསོད་ནམས་སྡེས། །ཙནྡན་ལྡེ་གུ་ཕུལ་བ་ཡིས། །སངས་རྒྱས་རྒྱུ་ཡི་མཆོག་དེ་ཉིད། །བསྙུན་ལས་རྣམ་པར་གྲོལ་བར་གྱུར། །དེའི་མཐུས་དེད་དཔོན་ཁྲོན་པ་ནས། །ཙནྡན་དཔག་མེད་ལོངས་སྤྱོད་གྱུར། །མ་འོངས་དེ་བཞིན་གཤེགས་པ་མཆོག །ཙནྡན་དཔལ་དུ་འཚང་རྒྱར་གསུངས། ༼༨༢༽། ཁྱིམ་བདག་སྲིད་པའི་གོ་ཆ་དེ། །གྲོང་པའི་བུད་མེད་དང་མཛར་གྱུར། །


GLG016_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡི་མཚན་མོ་སྒོ་བསྲུངས་པ། །རལ་གྲིས་དེ་ཡི་མགོ་བོ་བཅད། །མཛའ་མོའི་སར་ཕྱིན་རྒྱུ་མཚན་བསྙད། །དེ་ཡང་མ་རངས་མི་མཛར་གྱུར། །རང་གི་ནང་འོངས་ཆོམ་རྐུན་གྱིས། །མ་བསད་ཅེས་ནི་ཆོ་ངེ་བཏོན། །འགྱོད་པ་སྐྱེས་ནས་རབ་ཏུ་བྱུང་། །ཅུང་ཟད་དམྱལ་བར་སྐྱེས་ན་ཡང་། །མྱུར་དུ་ལྷ་ཡི་ལུས་ཐོབ་པས། །རབ་བྱུང་མཐུ་ལས་བྱུང་བར་ཤེས། །སངས་རྒྱས་མཆོད་ཕྱིར་ལྷགས་བྱས་ནས། །བསྙེན་བཀུར་བསོད་ནམས་ཚོགས་ཆེན་བསགས། །དམ་པའི་ཆོས་ནི་ཐོས་པ་ཡིས། །མྱུར་དུ་བདེན་པ་མཐོང་བར་གྱུར། །༼༨༣༽རྒྱལ་པོ་མེ་ཏོག་ལྷ་ཞེས་པར། །བུ་ནི་ཉི་ཟླའི་མིང་ཅན་བྱུང་། །ཉི་མས་དཀའ་ཐུབ་བསྟེན་བྱས་ཤིང་། །ཟླ་བས་རྒྱལ་སྲིད་བཟུང་བའི་ཚེ། །ཉི་མས་རིལ་བ་སྤྱི་བླུགས་ནས། །མ་བླངས་ཆུ་ནི་བཏུངས་པས་འགྱོད། །གཅུང་གི་དྲུང་འོངས་ཆད་ལས་ཀྱིས། །སྡིག་པ་འདག་ཐབས་གྱིས་ཞེས་སྨྲས། །ཞག་དྲུག་བར་འགྱངས་བཀྲེས་པའི་འབྲས། །ཚེ་འདིར་ལོ་དྲུག་མངལ་དུ་གནས། །བ་གླང་རྫི་མོའི་བུ་མོ་ཡིས། ཁྲེས་ནི་ལྕི་བ་མ་ལ་བསྐུར། །རྒྱང་གྲགས་དྲུག་ཕྱིན་རྣམ་སྨིན་ལ། །བུ་ཡི་མངལ་ཁུར་ལོ་དྲུག་མྱོང་། །ཉི་ཟླ་བུ་མོ་རིམ་བཞིན་དུ། །སངས་རྒྱས་སྒྲ་གཅན་འཛིན་དེ་ཡུམ། ༼༨༤༽། མཁའ་ལས་རིན་ཅེན་སྦྲང་རྩིའི་ཆར། །བཙའ་བའི་དུས་སུ་བབས་པ་ཡིས། །སྦྲང་རྩིའི་དབྱངས་སུ་གྲགས་པ་དེས། །ཀུན་དགའ་བོ་མཐོང་ཕ་ལ་དྲིས། །འཕྲོས་དོན་སངས་རྒྱས་མཚན་


GLG016_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དང་། ཁྱིམ་དུ་སྤྱན་དྲངས་བསྙེན་བསྐུར་བསྟབས། །རབ་བྱུང་རྒྱལ་བྱེད་ཚལ་སྤངས་ཏེ། །ཤིན་ཏུ་དབེན་པའི་རི་བྲག་བསྟེན། །དུར་གའི་ཡ་སྟགས་འཚོལ་བའི་ཆེད། །ཆོམ་རྐུན་འོངས་པར་གཞན་དག་སྲོག །འཚོ་ཕྱིར་རང་གི་ལུས་བཏང་བ། །བཅིངས་ནས་སྲོག་གཅོད་གནས་དེར་ཁྲིད། །མ་ཧེ་སྲེ་པོའི་ལྟག་པ་ན། །ཤ་རུས་ལྤགས་པའི་ཡ་སྟགས་སོགས། །མི་བཟད་སྡིག་པའི་ལས་མཐོང་ནས། །སྙིང་རྗེ་སྐྱེས་པས་དགྲ་བཅོམ་ཐོབ། །རྐུན་པོའི་མཚོན་ཆ་མེ་ཏོག་ཏུ། །གྱུར་པས་ངོ་མཚར་རབ་ཏུ་བྱུང༌། །ཐམས་ཅད་རྣམ་འདྲེན་སྤྱན་སྔར་ལྷགས། །བཅོམ་ལྡན་འདས་ཀྱིས་དབུགས་དབྱུང་མཛད། ༼༨༥༽། གྲོང་ཁྱེར་ཤི་པིའི་དབྱངས་ཞེས་པར། །ནད་རིམས་བྱུང་བས་སྨན་པ་ཡིས། །སྐྱེས་ནས་ཇི་སྲིད་བར་དག་ཏུ། ཁྲོ་མེད་ཁྲག་གིས་ཕན་ཞེས་གསོལ། །དེ་ཚེ་རྒྱལ་པོ་གཞན་ཕན་འཚོལ། །རང་བདེ་གཏོང་བའི་སྙིང་སྟོབས་ནི། །འཁོར་གྱིས་ལྡོག་པར་མ་ནུས་པས། །དཔྲལ་བ་གཏར་ནས་ཁྲག་གིས་བསོས། །ནམ་ཞིག་རྒྱལ་པོ་ལུས་རིད་ཅིང་། །གཞོགས་བྱེད་བསྐམས་པར་གྱུར་བ་ན། །སྨན་པས་འདབ་ཆགས་ཤང་ཤང་གིས། ཁྲུས་བྱས་ཆུ་ཡིས་ཕན་ཞེས་སྨྲས། །བླངས་ཚེ་གཞོགས་བསྐམས་རང་རྒྱལ་གྱིས། །ཆུ་དེ་སློངས་པ་འཕང་མེད་བྱིན། །རང་རྒྱལ་བྲོ་འཚལ་བསོས་པ་དང་། །སྨོན་ལམ་བཏབ་པས་ས་བདག་བསོས། །སྔོན་ཚེ་བཅོམ་ལྡན་ཉེ་དགའ་དང་། །རང་རྒྱལ་དེའི་བློན་བྲམ་ཟེར་གྱུར། །རྫས་ཀྱིས་ཕོ་བོའི་གཞོགས་བསྐམས་


GLG016_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བསོས་པ་གཉིས་ཀའི་འབྲས་བུར་གསུངས། ༼༨༦༽། བ་མེན་རི་བོང་སྤྲེའུ་གླང་པོ་བཞིས། །ནྱ་གྲོདྷ་ཡི་ལྗོན་ཤིང་ལ་བརྟེན་ནས། །རྒན་གཞོན་བརྟགས་ཏེ་ཇི་བཞིན་བསྙེན་བཀུར་བའི། །འབྲས་བུར་ས་བདག་མངོན་པའི་ང་རྒྱལ་སྐྱེས། །མངོན་ཤེས་ཅན་གྱིས་རྒྱུ་མཚན་ཚངས་བྱིན་ལ། །གསུངས་པས་རྒྱལ་པོ་འཁོར་བཅས་བསླབ་ལ་བཀོད། །བ་མེན་སངས་རྒྱས་རི་བོང་ཤཱ་རིའི་བུ། །སྤྲེའུ་མོ་གལ་གླང་ཆེན་ཀུན་དགའ་བོ། ༼༨༧༽ཁྱིམ་བདག་པདྨ་ཅན་ཞེས་པས། །ཉེ་སྡེར་རབ་བྱུང་བསོད་སྙོམས་རྒྱུ། །སྨད་འཚོང་ཟླ་བའི་རི་མོ་ཡིས། །འདྲིད་ཀྱང་ཡིད་ནི་གཡོས་མ་གྱུར། །འདོད་ཅན་མ་དེས་འགུགས་བྱེད་མཁན། །གཏུམ་མོ་ཞེས་པས་བོས་ནས་ཀྱང་། །ཐབས་བྱས་པདྨ་ཅན་ཁུགས་ཚེ། །འདོད་པ་བསྟེན་ནམ་མེར་སྲེག་སྨྲས། །ཞུགས་ལ་མཆོང་བར་བརྩམས་པ་ནི། །ཤིན་ཏུ་བརྟན་པའི་བག་ཡོད་ལ། །ངོ་མཚར་ཆོས་ཀྱིས་ཉེར་ཚིམ་པས། །ལུས་ཕྲ་གཉིས་ཀས་དགྲ་བཅོམ་ཐོབ། །པདྨ་ཅན་ཡང་ཆགས་བྲལ་ཏེ། །རྒྱལ་བའི་སྤྱན་སྔར་འོངས་པ་ན། །སྔོན་ཚེ་འདི་གསུམ་ཁྱོ་ཤུག་སྟེ། །འོད་སྲུངས་བསྟན་ལ་རབ་ཏུ་བྱུང་། །དགེ་སློང་མ་ཡི་ཚོགས་ཁང་དུ། །ཆུང་མ་གཉིས་པོས་གཏུམ་མོ་དང་། །སྨད་འཚོང་མ་ཞེས་གཅིག་གིས་གཅིག །སུན་དབྱུང་ཚིག་རྩུབ་འབྲས་བུར་གསུངས། ༼༨༨༽། རྒྱལ་པོ་གཟུགས་ཅན་སྙིང་པོ་ཡི། །གླང་རྫི་ནག་པོ་ཞེས་བྱ་བ། །འཁོར་བར་ཡིད་ཕྱུང་རབ་ཏུ་བྱུང་། །ནམ་ཞིག་རང་


GLG016_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁྱིམ་དུ་འོངས། །སྔར་གྱི་ཆུང་མས་ཁྱོ་སོང་ཤུལ། །བྲན་གྱིས་བརྙས་སོགས་ཉོན་མོངས་པའི། །སྣ་ཚོགས་གཏམ་གྱིས་བྲིད་བྱས་པས། །བརྟན་པ་མ་ཐོབ་བསླབ་ལས་ཉམས། །དེ་ཚེ་ས་ཡི་བདག་པོས་ཀྱང་། །སྔར་བཞིན་གནག་རྣམས་སྐྱོང་བར་བསྐོས། །སངས་རྒྱས་དེར་བྱོན་འོད་ཟེར་གྱིས། ཁྱིམ་རྣམས་གང་བའི་རྫུ་འཕྲུལ་བསྟན། །གླང་རྫིས་བསྙེན་བཀུར་རབ་བྱུང་བསྐྱར། །དགྲ་བཅོམ་ཐོབ་གྱུར་ཚེ་སྔོན་ཡང་། །རང་རྒྱལ་མཆོད་ཅིང་མཆོད་རྟེན་བརྩེགས། །དེ་ཡི་འབྲས་བུ་ཡིན་པར་གསུངས། ༼༨༩༽། ཆུ་སྲིན་ཉ་ཡི་མིག་ཅེས་པ། །འདྲེན་བྱེད་ཉི་མ་བཅུ་གཉིས་ཀྱིས། །གཟི་འབར་གངས་རིའི་སོ་འཕྲེང་ཅན། །རྒྱ་མཚོར་ཚོང་པ་རྣམས་ཀྱིས་མཐོང་། །སྐྲག་ཚེ་རྣ་བ་འཛིན་ཅེས་པས། །ཐུབ་དབང་དྲན་པར་གྱིས་ཤིག་ཅེས། །བསྐུལ་ལྟར་སངས་རྒྱས་མཚན་བརྗོད་མཐུས། །ཆུ་སྲིན་ཁ་དེ་ཟུམ་པར་གྱུར། །རྒྱལ་བྱེད་ཚལ་དུ་ཚོང་པ་རྣམས། །འཇིགས་དང་དད་པ་འགྲན་བཞིན་དུ། །ཕྱིན་ཏེ་རྒྱལ་བའི་སྤྱན་སྔར་ལྷགས། །ཆོས་ཉན་དགྲ་བཅོམ་གོ་འཕང་ཐོབ། །ཏི་མི་ཤི་ནས་རོ་རུལ་བས། །ཀླུ་ཡིས་ཕྱིར་བཏོན་རི་ཙམ་སྤུངས། །ཆུ་སྲིན་མིར་སྐྱེས་རབ་ཏུ་བྱུང་། །མིང་ཡང་ཆོས་སྲེད་ཅེས་སུ་གྲགས། །དེ་ནི་སྔོན་གྱི་བག་ཆགས་ཀྱིས། །ཇི་ཙམ་ཟོས་ཀྱང་ཚིམ་པ་མེད། །དེ་ཚེ་སྦྱིན་པའི་བརྟུལ་ཞུགས་ཀྱིས། །དགེ་འདུན་མཆོད་སྟོན་ཟས་ཀུན་ཟོས། ཁྱིམ་བདག་འཇིགས་ཏེ་སངས་རྒྱས་ལ། །མི་མ་ཡིན་ནམ་ཞེས་ཞུས་པར། །


GLG016_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པར་བཀའ་སྩལ་ཆོས་སྲེད་ལ། །ན་ཀྲའི་རུས་ཕུང་བསྟན་པས་གྲོལ། །སླར་ཡང་མཁའ་ལ་འདབ་ཆགས་བཞིན། །ཐོགས་མེད་རྫུ་འཕྲུལ་མཐུ་ལ་ནི། །བརྟེན་ནས་མཉན་ཡོད་གནས་སུ་གཤེགས། །སྔོན་བྱུང་མ་ལུས་རྒྱས་པར་གསུངས། ༼༩༠༽། ཐུབ་དབང་བྲི་ཛིའི་ཡུལ་བཞུགས་ཚེ། །ཡངས་པ་ཅན་གྱི་བྲམ་ཟེ་རྣམས། །རྒྱལ་བར་བསྙེན་བཀུར་མ་ཟིན་པར། །གཞན་གྱིས་མི་བྱའི་ཁྲིམས་སུ་བཅས། ཁྱིམ་བདག་ནོར་ཅན་རང་ཁྱིམ་དུ། །རྣམ་འདྲེན་སློབ་མར་བཅས་པ་རྣམས། །སྤྱན་དྲངས་བསྙེན་བཀུར་བུ་དང་ནི། །བུ་མོ་རྣམས་ཀྱིས་ཉིན་བཞིན་བསྟབས། །གཞན་གྱིས་མཆོད་སྐབས་མ་རྙེད་པས། །གཉིས་སྐྱེས་ཁྲོས་ནས་གནས་དབྱུང་བར། །བརྩམས་ཚེ་ཐུབ་པས་བཟླུམས་མཛད་ཅིང་། །བྲམ་ཟེ་རྣམས་ཀྱིས་སངས་རྒྱས་མཆོད། །ནོར་ཅན་པདྨ་ཅན་ཞེས་པར། །སྐྱེས་ཚེ་བུ་དང་ཆུང་མ་ཡིས། །རང་སངས་རྒྱས་ལ་རེ་མོས་ཀྱིས། །རས་གོས་དང་ནི་མེ་ཏོག་ཕུལ། །རྒྱུ་དེས་འཕྲེང་རྒྱུད་མཁན་ཁྱོ་ཤུག །བུ་རྣམས་ནོར་ཅན་ཁྱིམ་བདག་མ། །རིགས་བརྒྱུད་བཅས་པར་ཚེ་འཕོས་པའི། །ད་ལྟའི་ཕུན་སུམ་ཚོགས་པ་གསུངས། ༼༩༡༽། རྒྱལ་པོ་ཤི་པི་ཞེས་བྱ་བ། །གཏོང་ཕོད་ལྡན་པའི་སྐྱེས་བུ་བྱུང་། །ལྷ་དབང་སྲིན་པོའི་གཟུགས་སྤྲུལ་ནས། །འོངས་ཏེ་ཆོས་ཀྱི་གཏམ་གླེང་ཉན། །འབོད་གྲོགས་ཇི་ལྟར་སྨྲས་པ་ལྟར། །ལེགས་བཤད་ཆོས་ཀྱི་སྐྱེས་སུ་ནི། །རང་གི་ཤ་ནས་བཅད་དེ་ཕུལ། །སེམས་ཅན་འདྲེན་པའི་


GLG016_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་བཏབ། །རྒྱལ་པོ་ཁྱོད་ལུས་གནད་པ་ལ། །སྡུག་བསྔལ་ལྡན་ནམ་སྲིན་པོས་བྲིས། །གཞན་ཕན་གྱུར་ན་ཅུང་ཟད་ཀྱང་། །མེད་ཅེས་བདེན་པར་རང་ལུས་བསོས། །བརྒྱ་བྱིན་རྗེས་སུ་ཡི་རང་ནས། །ཨེ་མ་ངོ་མཚར་ཞེས་སུ་སྨྲས། །རྒྱལ་པོ་དེ་ནི་བཅོམ་ལྡན་འདས། །ཡིན་པར་འཁོར་ལ་བཀའ་སྩལ་ཏོ། ༼༩༢༽། ཁྱིམ་བདག་མཛའ་བོ་ཞེས་བྱ་བའི། ཁྱེའུ་ཕལ་ཆེར་ཤི་བའི་མཐར། །བུ་གཅིག་བཙས་པ་གསོ་བའི་ཕྱིར། །མིང་ལ་མཛའ་བོའི་བུ་མོར་བཏགས། །ཡུལ་གྱི་ཚོང་ཟོང་ལས་རྙེད་པའི། །ཀརྞ་པ་ཎི་བཞིའི་ལྡབ་འཕར། །ཉིན་ཞག་མཚོ་ཡི་གྲངས་དེ་སྙེད། །རང་གི་མ་ལ་གུས་པས་ཕུལ། །མ་ཡིས་རྒྱ་མཚོར་མ་འགྲོ་ཞེས། །བཀག་པར་རྡོག་པས་བསྣུན་ནས་ཕྱིན། །ཆུ་སྲིན་གྱིས་ནི་གྲུ་བཤིག་ཀྱང་། །དེ་ཉིད་ཐབས་ཀྱིས་སྐམ་སར་ཐོན། །རིམ་གྱིས་གྲོང་ཁྱེར་བཞིར་ཕྱིན་པས། །ལྷ་མོ་བཞི་བརྒྱ་བཅུ་དྲུག་དང་། །སོ་གཉིས་ཀྱིས་མཆོད་བདེ་མྱོང་བ། །མ་ལ་པ་ཎི་ཕུལ་བའི་འབྲས། །དེ་ནས་ལྕགས་ཀྱི་ཁང་པར་སླེབས། །མགོ་བོར་འཁོར་ལོ་བསྐོར་མཐོང་ནས། །དྲིས་པས་མ་ལ་གནོད་འབྲས་ཟེར། །ཐོས་ཚེ་ཡིད་ལ་འཇིགས་པ་སྐྱེས། །ད་ལྟའི་སྡུག་བསྔལ་མྱོང་བཞིན་པའི། །ཟུག་རྔུ་གསར་བྱུང་སྐྱེས་བུ་ལ། །འཕོས་ཞེས་མཁའ་ལ་སྒྲ་བསྒྲགས་ཚེ། །འཁོར་ལོ་འཁོར་ནས་སྡུག་བསྔལ་གྱུར། །གཞན་གྱི་དུཿཁ་དང་ལེན་པའི། །ལྷག་པའི་བསམ་པ་སྐྱེས་མ་ཐག །ཚེ་འཕོས་ལྷ་ཡི་ལུས་བླངས་ཏེ། །ཕུན་ཚོགས་བདེ་ལ་ལོངས་སྤྱོད་གྱུར། ༼༩༣༽ཁྱིམ་བདག་


GLG016_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་མེད་ཟས་སྦྱིན་གྱི། །བུ་མོ་མ་ག་དྷ་བཟང་མོ། ཁྱུ་མཆོག་བྱིན་ལ་སྟེར་རམ་ཞེས། །གསོལ་བར་རྒྱལ་བས་སྣང་བ་སྩལ། ཁྱུ་མཆོག་བྱིན་དེས་བརྟག་པའི་སླད། །སློང་མོའི་ཆས་སུ་བསྒྱུར་ནས་འོངས། །བཟང་མོ་བུ་རམ་ཤིང་འཕེལ་དུ། །ཉེར་སོང་བག་མའི་དགའ་སྟོན་བསྒྲུབས། །དེ་ན་མཆོད་གནས་མུ་སྟེགས་པའི། །གཅེར་བུ་རལ་པ་ཅན་མཐོང་བར། །ཀྱེ་མ་འདི་འདྲའི་སྤང་བྱ་ལ། །སྐྱབས་གནས་འཆོལ༌ཞིང༌བསྟིང༌་ཚིག༌དང་། །བདེ་བར་གཤེགས་པ་བསྔགས་བརྗོད་པས། །སྐྱུག་མོས་སངས་རྒྱས་སྤྱན་དྲོངས་སྨྲས། །བཟང་མོས་བཀོད་མཛེས་མཆོད་པ་བཤམས། ཁང་ཐོག་ཕྱིན་ནས་གསོལ་བཏབ་པས། །རྒྱལ་བས་མཁྱེན་ནས་ཀུན་དགའ་བོར། །བུ་རམ་ཤིང་འཕེལ་གྲོང་ཁྱེར་དུ། །རྫུ་འཕྲུལ་སྟོབས་ཀྱིས་ཉེར་འགྲོ་བས། །ཚུལ་ཤིང་འགྲེམས་ཞེས་བཀའ་སྩལད་ཏོ། །ནང་པར་ཤིང་རྟ་རི་སེང་གླང་། །གསེར་པད་མཁའ་ལྡིང་འོད་ཟེར་འགྱེད། །གསེར་ཤིང་བཻཌཱུར་ཁང་པ་ལའང༌། །ངང་པ་ནགས་ལ་བརྟེན་ཆིབས་རྣམས། །ཀོ་ཌི་འོད་སྲུངས་མཆོག་ཟུང་གཉིས། །མ་འགགས་གང་པོ་རྟ་ཐུལ་དང་། །ཉེ་འཁོར་ཀཱ་ཏྱཱ་ཀཽཥྛི་ལ། །བི་ལིང་རྣ་བ་བྱེ་བར་གྲགས། །འཁོར་ལོས་སྒྱུར་རྒྱལ་སྒྲ་གཅན་འཛིན། །ཚངས་སོགས་ལྷས་བསྐོར་བཅོམ་ལྡན་འདས། །ཡིན་ཞེས་བཟང་མོས་ཀུན་ལ་བསྙད། །ཐོགས་པ་མེད་པར་མཁའ་ལ་གཤེགས། །ཕུན་ཚོགས་ངོ་མཚར་གཟི་བརྗིད་ཀྱིས། །མུ་སྟེགས་ངན་པའི་


GLG016_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་པ་བཅོམ། །མ་གདྷ་སོགས་ཕྱོགས་དེ་ཡི། །བསོད་ནམས་དབྱར་གྱི་མཚོ་ལྟར་སྤེལ། ༼༩༤༽། མཆེ་བ་དག་ལས་ཆུ་བབས་པས། །ཟས་ལ་སྲེད་པ་སྤོང་བྱེད་མཁན། །གྲགས་པའི་བཤེས་གཉེན་ཞེས་བྱ་བ། །སངས་རྒྱས་མཇལ་ཞིང་དགྲ་བཅོམ་ཐོབ། །ཚེ་སྔོན་སངས་རྒྱས་འོད་སྲུངས་དུས། །དགེ་འདུན་རྣམས་ལ་ཆུ་བྲིམས་པའི། །བྱ་བ་བྱས་པའི་འབྲས་བུ་རུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ༼༩༥༽། དེད་དཔོན་དོན་སྦྱིན་ཞེས་བྱ་བའི། །ཆུང་མར་བུ་ནི་མཚེ་མ་སྐྱེས། །ཕ་འདས་ནོར་རྣམས་ཟད་ང་ན། །བུ་གཉིས་ཆོམ་རྐུན་བྱེད་པར་གྱུར། །མ་སྐྱེས་དགྲ་ཡིས་ཐོས་ནས་ནི། །གཤེད་མ་བསྐོས་ཏེ་གསོད་པར་བརྩམས། །བཅོམ་ལྡན་རྒྱལ་བས་རྫུ་འཕྲུལ་གྱིས། །ཐོགས་མེད་བྱོན་ནས་སྲོག་བསྐྱབས་མཛད། །སྔོན་ཚེ་སྟག་ཏུ་གྱུར་པའི་ཚེ། །མ་ཡིས་བུ་གཉིས་ཟར་བརྩམས་པ། །སངས་རྒྱས་སྙིང་རྗེའི་རྡུལ་ཞེས་པར། །འཁྲུངས་ཚེ་རང་ལུས་བྱིན་ནས་བསྐྱབས། ༼༩༦༽། ས་བདག་འཆར་བྱེད་བཙུན་མོ་ཡིས། །དྲང་སྲོང་ལྔ་བརྒྱར་མེ་ཏོག་ཕུལ། །རྒྱལ་པོ་ཁྲོས་ནས་དྲང་སྲོང་རྣམས། །རྐང་ལག་ཐམས་ཅད་དུམ་བུར་བཅད། །དེ་ཚེ་བཅོམ་ལྡན་ཐུགས་རྗེའི་མཐུས། །བདུད་རྩི་ལྟ་བུའི་ཆར་ཕབ་སྟེ། །ཡན་ལག་རྣམས་ནི་ལེགས་འབྱར་ཞིང་། །ཕྱིར་མི་འོང་གི་འབྲས་བུ་ཐོབ། །སྔོན་ཚེ་དྲང་སྲོང་ལྔ་བརྒྱ་པ། །ཚངས་བྱིན་མདུན་ན་འདོན་གྱུར་ཚེ། །རྒྱལ་པོས་བློན་པོ་ལྔ་བརྒྱ་བསྐྲད། །དེ་རྣམས་སྡུག་བསྔལ་གྱུར་པ་ན། །སངས་རྒྱས་


GLG016_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གླང་ཆེན་ལ་འཁྲུངས་པས། །སྣ་ཞགས་ཀྱིས་ནི་ཆུ་བླངས་བྱིན། །གཡང་སར་མཆོངས་ནས་རང་གི་ཤས། །བཀྲེས་པས་གདུང་སེལ་གཏམ་དེ་མཚར། ༼༩༧༽། ཐུབ་དབང་རྒྱལ་པོའི་ཁབ་བཞུགས་ཚེ། །ལྷས་བྱིན་ལྔ་བརྒྱའི་འཁོར་དང་བཅས། །འོངས་ནས་སྟོན་པར་མཚོན་ཆར་ཕབ། །མཚོན་རྣམས་མེ་ཏོག་ཆར་པར་གྱུར། །དྲང་སྲོང་ཚོགས་རྣམས་ངོ་མཚར་ཏེ། །ཐུབ་དབང་ལ་བཏུད་དགྲ་བཅོམ་ཐོབ། །དེ་རྣམས་ཚོང་པར་སྐྱེས་པའི་ཚེ། །གྲུ་ཞིག་རུས་སྦལ་གྱིས་ནི་བཏོན། །དེ་ཉིད་གསོད་འདོད་རྡོ་འཕངས་པར། །མ་གནོད་འོན་ཀྱང་རང་ལུས་བྱིན། །ཚོང་པ་དེ་དག་བཀྲེས་པ་ལས། །ཐར་བྱེད་རུས་སྦལ་སངས་རྒྱས་སོ། །མུ་གེས་བཀྲེས་པའི་གྱད་མང་པོ། །བཅོམ་ལྡན་འདས་ཀྱིས་རྗེས་བཟུང་ནས། །དགྲ་བཅོམ་ཐོབ་ཅིང་གཞན་དག་གིས། །འཕྱ་བ་སྤངས་ཕྱིར་མཁའ་ལ་འཕུར། །སྔོན་ཚེ་སངས་རྒྱས་དཀའ་ཐུབ་ཅན། །དགེ་བའི་ངང་ཚུལ་ཞེས་བྱ་བར། །གྱུར་ཚེ་འདི་རྣམས་རྗེས་བཟུང་ནས། །མངོན་ཤེས་ལྔ་དང་ལྡན་པར་གསུངས། །སངས་རྒྱས་ཐུགས་རྗེའི་བདུད་རྩི་ཡིས། །ནད་པ་མང་པོ་བསོ་བར་མཛད། །སྔོན་ཚེ་ཝ་ར་ཎཱ་སི་རུ། །འགྲོ་རྣམས་སྟེང་གདོན་ཟུག་རྔུས་མནར། །དེ་ལ་ཐབས་གཞན་གྱིས་རྡུགས་པར། །སྨན་པས་རོ་ཧི་ཏ་ཡི་ཤ ། བྱུང་ན་ནད་ལ་ཕན་ནོ་ཞེས། །གླེང་ཡང་རྙེད་པར་མ་གྱུར་ཚེ། །ཐུབ་དབང་རྒྱལ་པོ་པདྨ་ཅན། །ཞེས་བྱར་


GLG016_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་དེས་སྙིང་སྟོབས་ཀྱིས། ཁང་པའི་ཡང་ཐོག་ནས་མཆོངས་ཏེ། །ཉ་དེར་སྐྱེ་བའི་སྨོན་ལམ་བཏབ། །བཱ་ར་ཞེས་བྱའི་ཆུ་ཀླུང་དུ། །རོ་ཧི་ཏ་རུ་གྲགས་པའི་ཉར། །སྐྱེས་ནས་ཤ་ཡིས་ནད་པ་ཀུན། །བསོས་ནས་བདེ་བ་ཆེ་ལ་བཀོད། །དུས་དེར་ཚོར་བ་དྲག་པོ་ཡིས། །མནར་བའི་གདུང་བ་མི་བཟད་ཅན། །ད་ལྟའི་དགེ་སློང་ཁྱེད་རྣམས་ཞེས། །རྒྱལ་བས་འཁོར་ལ་བཀའ་སྩལ་ཏོ། ༼༡༠༠༽། སངས་རྒྱས་ས་བདག་རབ་གསལ་དུ། །གྱུར་ཚེ་གླང་པོ་ཞོན་ནས་ཕྱིན། །འདོད་ལྡན་གླང་པོ་མ་རུངས་པས། །གླང་མོའི་ཆེད་དུ་ཕྱོགས་ཀུན་བརྒྱུགས། །འདོད་དང་བྲལ་བ་རྣམ་འདྲེན་ཞེས། །ཐོས་པས་བྱང་ཆུབ་སེམས་མཆོག་བསྐྱེད། །དེ་ཡང་ཚེ་སྔོན་རྫ་མཁན་གྱིས། །རྒྱལ་བ་མཆོད་པའི་འབྲས་བུར་གསུངས། ༼༡༠༡༽། ཟས་གཙང་མྱ་ངན་འདས་པ་ལ། །ཐུབ་པས་མཆོད་རྟེན་བཞེངས་པར་མཛད། །བྲམ་ཟེ་སྔོ་བསངས་ཞེས་བྱ་བར། །ཐུབ་དབང་གྱུར་ཚེ་ཕ་མ་མཆོད། །གཉིས་སྐྱེས་རི་དྭགས་པགས་པའི་གོས། །གྱོན་ནས་ཆུ་ཀླུང་འགྲམ་འོངས་ཚེ། །ཚངས་བྱིན་རྔོན་པར་རྒྱུ་དང་ཕྲད། །འཕྲུལ་ནས་མདའ་འཕངས་དྲང་སྲོང་རྨས། །མི་གསུམ་ཅིག་ཅར་བསད་ཟེར་བས། །རྒྱལ་པོ་འགྱོད་ནས་བཟོད་པར་གསོལ། །བུམ་ཆུ་བསྐུར་བ་ཕ་མར་གཏད། །ཕ་མས་གཏམ་ཐོས་མྱ་ངན་ནོན། །བརྒྱལ་སངས་བུ་ཡི་དྲུང་དུ་ཕྱིན། །བདེན་ཚིག་བརྗོད་པའི་བྱེད་པོ་ཡིས། །ལྷ་ཡི་བདུད་རྩིས་རྨ་བསོས་ནས། །སྔོ་བསངས་ཅན་དེ་ནད་ལས་


GLG016_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། ༼༡༠༢༽། ཚོང་པ་འབུམ་ཕྲག་དུག་སྦྲུལ་གྱིས། །བསྐོར་ཚེ་སེང་གེས་གླང་པོ་ལ། །ཞོན་ནས་སྦྲུལ་བསད་དུག་རླངས་ཀྱིས། །གླང་སེང་གཉིས་ཀྱང་ཤི་བར་གྱུར། །ཚོང་པས་གཉིས་འཐུང་སེང་གེའི་གདུང་། །མེ་ལ་བསྲེགས་ནས་མཆོད་རྟེན་བརྩིགས། །སེང་གླང་སངས་རྒྱས་ཤཱ་རིའི་བུ། །དུག་སྦྲུལ་ལྷས་བྱིན་ཡིན་པར་གསུངས། ༼༡༠༣༽ཁྱིམ་བདག་རྡོ་རྗེ་གཏུམ་པོ་ཡིས། །ས་བདག་ལྷུན་པོ་རབ་བཅོམ་ནས། །བུ་མོ་ཆུང་མར་བདག་ཏུ་བཟུང་། །བུ་བཙས་དགའ་བའི་གོང་བུར་གྲགས། །དེ་ཚེ་མ་རུངས་བློ་ལྡན་ལ། །བློན་པོ་ངན་པའི་ཡིག་རྫུས་ཀྱིས། །དབྱེན་བཅོས་ས་བདག་ལྷུན་པོ་ཡིས། །ཕོ་ཉ་དང་བཅས་སྤྲིངས་ཡིག་མངགས། །དགའ་བའི་གོང་བུས་བཟླུམས་པའི་སླད། །གངྒཱའི་གྲུ་ལ་ཞུགས་ནས་ཕྱིན། །མི་རྗེ་ལྷུན་པོས་བསུ་བར་འོངས། །ཕན་ཚུན་ཤིན་ཏུ་མཛའ་བར་གྱུར། ༼༡༠༤༽ཁྱིམ་བདག་ངང་པ་ཞེས་བྱ་བ། །རབ་ཏུ་བྱུང་ཡང་སྲིད་ལ་ཞེན། །སངས་རྒྱས་མཐུ་ཡིས་ཉོན་མོངས་དག །ཞི་བར་མཛད་ནས་བསླབ་ལ་བཀོད། །སྔོན་ཚེ་ཁྱིམ་བདག་ཐུབ་པའི་མིང༌། །རྣམ་འདྲེན་རི་བོང་གསལ་སྨྲར་འཁྲུངས། །ཆར་མེད་སྔོ་འབྲས་བསྐམས་པ་ན། །དྲང་སྲོང་གྲོང་དུ་འགྲོ་བར་ཆས། ཁྱོད་ཉིད་བཀྲེས་ན་བདག་ཟོ་ཞེས། །གསལ་བར་སྨྲ་བས་ཞུགས་ནང་མཆོངས། །དཀའ་ཐུབ་ཅན་གྱིས་མེ་ལས་བཏོན། །རི་བོང་གིས་ནི་བདེན་པ་བདར། །ཆར་བབས་ལོ་མ་འབྲས་བུ་འཕེལ། །ཐུབ་པས་དེ་ཡི་སྙིང་སྟོབས་དྲིས། །སངས་རྒྱས་


GLG016_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་གཉེར་བརྗོད་པས། །རྗེས་སུ་གཟུང་ཞེས་གསོལ་བ་བཏབ། ༼༡༠༥༽། དགེ་སྦྱོང་བརྟུལ་ཞུགས་གཙང་བ་ཞིག །ཆོས་གོས་ཚོས་ཀྱིས་བསྒྱུར་བའི་ཚེ། །བྲམ་ཟེས་བེའུའི་རོར་མཐོང་ནས། །རྒྱལ་པོར་གཏད་དེ་བཙོན་རར་བཅུག །བཅུ་གཉིས་ལོ་སོང་ནམ་མཁའ་ནས། །སྒྲ་བྱུང་རྐྱེན་གྱིས་བཙོན་ནས་བཏོན། །དགེ་སློང་ཤིན་ཏུ་རིད་པ་ལ། །རྒྱལ་པོ་འགྱོད་པ་སྐྱེས་པར་གྱུར། །དགེ་སློང་འདི་ཡི་སྐྱེ་བ་སྔོན། །ཤ་བརྐུས་རང་རྒྱལ་མདུན་དུ་བོར། །གང་དེ་ཉིན་ཞག་བཅུ་གཉིས་བར། །བཙོན་དུ་ཆུད་པའི་རྣམ་སྨིན་ནོ། ༼༡༠༦༽། གྲོང་ཁྱེར་གསེར་ཅན་ཞེས་བྱ་བར། །ས་བདག་གསེར་ཞེས་བྱ་བའི་སྲས། །རྒྱལ་བུ་གསེར་གྱི་གོ་ཆ་དང༌། །སྲིང་མོ་གསེར་འོད་ཅེས་བྱ་བྱུང༌། །རིམ་གྱིས་ལང་ཚོ་དར་བ་ན། །བློན་པོའི་བུ་དང་གསེར་འོད་གཉིས། །མཐུན་པ་ཡབ་ཀྱིས་མ་བཟོད་ནས། །སྲོག་དང་འབྲལ་བའི་སྦྱོར་བ་བརྩམས། །རྒྱལ་བུས་ཐབས་ཀྱིས་གཞན་དུ་བརྫངས། །དེས་རྐྱེན་སྲས་ཀྱང་གནས་ནས་དབྱུང་། །འཁྱམས་ཚེ་གྲོང་ཁྱེར་སྟོངས་པའི་དབུས། །རང་གི་སྲིང་མོ་དག་དང་ཕྲད། །རྒྱུ་མཚན་ཐོས་ནས་རྒྱལ་སྲས་ཀྱིས། །མདའ་བསྣུན་གནོད་སྦྱིན་ཕལ་ཆེར་བསད། །སྲིང་མོ་ཁྱོ་ཤུག་གཉིས་པོ་ཡིས། །རང་གི་མིང་བོ་དཔོན་དུ་བསྐོ། །དེ་ཚེ་ཡབ་ཀྱིས་ཕོ་ཉ་མངགས། །གསེར་གྱི་གོ་ཆ་རྒྱལ་སར་བཏོན། །འཁོར་ལོས་སྒྱུར་བའི་རྒྱལ་པོ་རུ། །གྱུར་པ་དེ་བཞིན་གཤེགས་ཉིད་ཡིན། ༼༡༠༧༽། སྔོན་ཚེ་ཁྱིམ་བདག་ཟས་གཙང་ཞེས། །འབྱོར་ལྡན་དབུལ་པོའི་རེ་སྐོང་ཅན། །བཅུ་གཉིས་ལོའི་བར་རྒྱ་མཚོར་


GLG016_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད། །ནོར་བུ་རིན་ཆེན་དཔག་མེད་ལོན། །མུ་ཏིག་དོ་ཤལ་ཕྱག་རྟེན་དུ། ཁྱེར་ནས་ས་སྤྱོད་མཇལ་བར་ཕྱིན། །དེ་ཚེ་རྒྱལ་པོའི་ཁང་བཟང་སྟེང་། །བུ་མོ་ལེགས་བཤད་གླུ་དབྱངས་འཚེར། །ལེགས་བཤད་གཏམ་གྱིས་ཡིད་ཕྲོགས་ཏེ། །བཅུ་གཉིས་ལོར་བསྒྲུབས་ནོར་རྣམས་ཀུན། །དམ་པའི་ཆོས་ཀྱི་སྐྱེས་ལན་དུ། །འཕངས་མེད་བྱིན་པ་ངོ་མཚར་གནས། །དེ་ཡང་སློབ་པ་ལམ་གྱི་དུས། ཁྱིམ་བདག་ཟས་གཙང་ཞེས་བགྱི་བར། །ཉི་མའི་གཉེན་གྱུར་ཤཱ་རིའི་བུ། །ཚངས་བྱིན་རྒྱལ་པོའི་སྲས་མོར་འཁྲུངས། ༼༡༠༨༽། གྲོང་ཁྱེར་གསེར་ཞེས་བྱ་བ་ན། །རྒྱལ་པོ་སྤྲིན་གྱི་ཏོག་གྲགས་པར། །གསེར་གྱི་ལྗོན་པར་ལོངས་སྤྱོད་བྱུང་། །བུ་ནི་སྤྲིན་གྱི་ཞོན་པ་སྐྱེས། །ཡབ་ཀྱིས་རྒྱལ་སྲིད་གཏད་ནས་ཀྱང་། །དབེན་པའི་གནས་སུ་བདེ་བར་རྒྱུ། །སྲས་ཀྱིས་ཡབ་དྲན་དྲུང་དུ་ཕྱིན། །རིམ་གྱིས་ནགས་མཐར་བགྲོད་པ་ན། །ལྷ་མོ་གོ་རིའི་གཟུགས་ཀྱིས་མདུན། །མཆོད་པ་བྱེད་པའི་མཛེས་མ་ནི། །མ་ལ་ཡ་ཅན་ཞེས་བྱ་མཐོང་། །ཕན་ཚུན་ཡིད་ནི་ཆགས་པར་གྱུར། །མངོན་འདོད་རྩེ་དགའི་རོ་མྱོང་ཅན། །བག་ཕེབས་གཏམ་གྱི་སྦྱོར་བའི་སྐབས། །ཕོ་ཉ་ཞིག་གིས་ཡབ་ཀྱི་དྲུང་། །ཤོག་ཅེས་མཛའ་ན་མོ་དེ་ཁྲིད། །ཟླ་བཞིན་ལ་འཁུའི་སྨིན་ལེགས་དེའི། །ཡིད་ཀྱི་ཤིང་རྟ་གཞོན་ནུའི་སར། །རྒྱུགས་ཚེ་འཁོར་ལ་ཉེར་ལྟ་བའི། །ཟོལ་གྱིས་མིག་ཟུར་ཕྱོགས་དེར་གཡོ། །དེ་དུས་སྤྲིན་ཞོན་ལྷ་མོ་ལ། །ཆགས་པའི་ཀུན་རྟོག་ཆེར་གཡོས་པས། །ཉོན་མོངས་མེ་ཡིས་


GLG016_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གདུངས་པའི་ཡིད། །རྣམ་འགྱུར་ཕྱི་རོལ་ལུས་ལ་ཤར། །གཉེན་བཟང་ཞེས་བྱའི་གྲོགས་པོ་ཞིག །དེར་འོངས་ཕན་ཚུན་གཏམ་འདྲེས་ཚེ། །སྔར་གྱི་རྒྱུ་མཚན་ཞིབ་བཤད་མཐར། །སྤྲིན་ཞོན་སླར་ཡང་ཤུགས་རིང་ཕྱུང་། །གྲོགས་ཀྱི་གཏམ་ལས་ཡབ་རྒྱལ་པོས། །མ་ལ་ཡ་ཅན་ལྷ་ཁྱོད་ཀྱི། །ཁབ་ཏུ་བསུ་བའི་སྟ་གོན་ལ། །བྲེལ་ཞེས་ཐོས་པས་ཡིད་ཀྱི་བསོས། །ཕྲ་རྒྱས་དབང་གིས་ཉིན་གཅིག་ཐུན། །ལོ་ཟླའི་ཡུན་ལྟར་རིང་སེམས་ངང་། །བག་མའི་དུས་སྟོན་དགའ་བ་ནི། །བསམ་གཏན་གསུམ་པའི་དྲང་སྲོང་བཞིན། །སྲས་ཀྱི་ནགས་ཚལ་མཐར་ཕྱིན་པས། །ནམ་མཁའ་ལྡིང་གི་ཟ་རེས་ལ། །བབ་པའི་གདེངས་ཅན་གཞོན་ནུ་ཡི། །མ་ཞིག་སྡུག་བསྔལ་གྱུར་པ་མཐོང་། །ཐེ་ཚོམ་མེད་པར་ཀླུ་ཡི་ཚབ། །བདག་གི་བྱ་ཞེས་རྡོ་ལེབ་སྟེང་། །གནས་ཚེ་ཁྱུང་གི་གཙུག་རྒྱན་ནོར། །ཤ་དང་བཅས་པ་བཅད་ནས་འཕང་། །ཡབ་ཡུམ་གཉིས་ཀྱི་མདུན་ལྷུང་པ། །མྱ་ངན་གྱིས་བརྒྱལ་སངས་པའི་མཐར། །མྱུར་ཕྱིན་ཅུང་ཟད་གཏམ་གླེང་ཚེ། །རྒྱལ་བུ་འཇིག་རྟེན་ཕ་རོལ་སོང་། །གདུང་དེ་མེ་ཐབ་ནང་བཅུག་ཚེ། །འཁོར་སྒྱུར་བཙུན་མོའི་ལུང་བསྟན་ལ། །མ་ལ་ཡ་ཅན་ཡི་ཆད་དེ། །མེ་ཏོག་སྲེག་ཁང་ནང་དུ་དོར། །རྒྱུ་དེས་ལྷ་མོ་གོ་རི་མས། །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །རྒྱལ་སྲས་སྤྲིན་ཞོན་ལུས་བྲན་པས། །བསོས་ཏེ་ཀུན་དགའི་འཛུམ་ཞལ་ངོམ། །མཁའ་ལྡིང་བདུད་རྩིས་རུས་ཕུང་བསོས། །བརྒྱ་བྱིན་ངོ་མཚར་མེ་ཏོག་འཐོར། །རྒྱལ་བུས་འཁོར་ལོས་སྒྱུར་རྒྱལ་ཐོབ། །བདེ་ཞིང་སྐྱིད་


GLG016_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔལ་ལ་སྤྱོད། །རྟོགས་བརྗོད་རྒྱ་མཚོའི་སྙིང་པོ་བདུད་རྩིའི་བཅུད། །ཚིག་ཉུང་དོན་ཚང་བུམ་པར་ལེགས་གཏམས་འདི། །རི་བོ་སྒྲིལ་བའི་རྩོལ་བར་ལྟོས་མིན་པ། །དབྱངས་ཅན་རྒྱུད་མངས་མགྲིན་པར་འཁྲོལ་ལས་སོ། །དགའ་ལྡན་ཕོ་བྲང་གི་གཟིམས་ཆུང་རབ་གསལ་གྱི་ལྡེབས་བྲིས་ལ་ཇོ་བོ་ཆེན་པོའི་ལམ་ཡིག་བྲིས་པའི་རྟེན་གཙོའི་མཚན་བྱང་ཕན་བདེའི་སྲོག་འཚོ་སོགས། །དཔལ་ལྡན་རྒྱལ་ཀུན་ཡེ་ཤེས་སྒྱུ་མའི་འཕྲུལ། །སྡོམ་བརྩོན་གནས་ལྔ་རིག་པའི་ཟློས་གར་ཅན། །མཁྱེན་སྤྱོད་བདུད་རྩིས་གངས་ཅན་ཕན་བདེའི་སྲོག །འཚོ་མཛད་ལྷ་གཅིག་དཱི་པཾ་ཀ་ར་རྒྱལ། །


GLG016_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་སྐུ་གསུམ་དངར་བའི་དྲི་བསུང་ཅན། །མཚན་དཔེའི་འདབ་མ་བཞད་པ་མ་ལླི་ཀ ། ཤཱཀྱའི་རིགས་ཀྱི་ཐིག་ལེ་ཆེར་འཁྲུངས་པ། །ཉི་མའི་གཉེན་གྱི་མེ་ཏོག་ཐོད་དུ་འཆིང༌། །ལོག་སྤྱོད་འཁྱོག་པོ་སྲོང་པའི་བཙན་པོའི་ཁྲིམས། །མཁྱེན་ཡངས་སྒམ་པའི་ཐུགས་ཀྱིས་ལེགས་གནོན་། ལག་ན་པད་དཀར་བོད་ཡུལ་རྒྱལ་པོ་ཡི། །སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅན་དེར་འདུད། །སྲིད་ཞིའི་མཐའ་སྒྲོལ་མ་ལུས་རྣམ་འདྲེན་ཡུམ། །ལོག་འདྲེན་གཉེན་པོར་ཁྲོ་གཉེར་བཞིན་རས་ཅན། །རྒྱ་བལ་སྲས་མོར་ལེགས་སྤྲུལ་ལུས་ཕྲ་མ། །ཀོང་ཇོ་ཁྲི་བཙུན་མཚན་སྙན་རྣ་བའི་བསོས། །ཡབ་ཡུམ་སོ་སོར་ཤར་བའི་ཉལ་འགྲོའི་


GLG016_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །ཆོས་དབྱིངས་རྒྱ་མཚོའི་ཀློང་དུ་རོ་གཅིག་པ། །གཉིས་མེད་གཉིས་སུ་སྣང་བའི་རླབས་ཀྱི་འཕྲེང་། །འཕགས་ཆེན་མཛད་བཟང་མི་ཟད་སྟོན་པ་བཞིན། །རྣམ་འདྲེན་སྲས་དང་སློབ་མར་བཅས་པའི་སྐུ། །བསྐྲུན་པ་སྐལ་བར་བསོད་ནམས་ཚོང་ཟོང་གིས། །འཇལ་བའི་འབྲས་ཞེས་མདོ་རྒྱུད་དུ་མ་ལས། །བསྔགས་ནས་བློ་དང་ལྡན་རྣམས་ཅིས་མི་འཇུག །དེ་ཕྱིར་གངས་ཅན་ལྟེ་བ་འཕྲུལ་སྣང་ལ། །སྲི་ཞུའི་བྱེད་པོ་སྦུས་སྲང་གསེར་ཁང་པ། །གསོ་རིག་སྨྲ་བ་བློ་བཟང་ནོར་བུ་ཡིས། །རབ་བསྒྲུབས་ཆོས་རྒྱལ་བཙུན་མོའི་སྐུ་བརྙན་འདི། །འཕགས་ཡུལ་བལ་བོད་རྒྱ་ནག་ལ་སོགས་པའི། །གནས་ཆེན་མང་པོའི་ས་རྡོ་ཤིང་ལོ་དང་། །སྣ་ཚོགས་རིན་ཅེན་འབྲུ་འབྲས་དར་ཟབ་སྨན། །ལེགས་བརྡར་གོང་བུར་བྱས་པའི་སྐུ་རྒྱུ་ལ། །དབང་སྔོན་པད་རག་ཤེལ་རྒྱན་འཇའ་འདྲའི་ཚོན། །བཙོ་སྦྱངས་གསེར་གྱི་ཤོག་བུ་སྟོང་བམ་བཅས། །ནོར་དར་སྐལ་ལྡན་ལ་སོགས་བཟོ་རིག་པ། །སོར་རྩེར་མིག་འཕྲུལ་སྟོན་པའི་སྒྱུ་མ་མཁན། །འཇམ་རྡོར་མི་བསྐྱོད་གཤེད་དམར་དགྲ་གདོང་འཇིགས། །བདེ་དགྱེས་དུས་ཀྱི་འཁོར་ལོ་རྡོ་རྗེ་དབྱིངས། །རྣམ་སྣང་མངོན་བྱང་གཟུངས་ཆེན་སྡེ་ལྔ་སོགས། །མདོ་སྔགས་ལས་བྱུང་ཆོས་སྐུའི་རིང་བསྲེལ་དང་། །བུ་རམ་ཤིང་པའི་ཤ་རཱི་རམ་གྱི་གདུང་། །པད་འབྱུང་སྲོང་བཙན་ན་བཟའི་ཆ་ཤས་དང་། །ཇོ་ཤཱཀ་ཞལ་གསེར་རང་བྱོན་ལྔ་ལྡན་གྱི། །པཉྩ་ལི་ཀའི་རས་མ་ལ་སོགས་པ། །


GLG016_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་གསང་སྔགས་རྙིང་མ་བཀའ་གདམས་དང༌། །དྭགས་ཤངས་ཞི་སྤྱོད་ས་ཞལ་དགེ་ལུགས་བཅས། །གངས་ཁྲོད་རིས་མེད་གྲུབ་མཐའི་སྐྱེས་ཆེན་གྱི། །སྐུ་བལ་རིང་བསྲེལ་དཀར་དམར་ངུར་སྨྲིག་གོས། །ཆོས་སྨན་བདུད་རྩི་རིལ་བུ་ལས་སྦྱོར་ལྔར། །གྲགས་སོགས་རྒྱུད་སྡེའི་དགོངས་པ་ལྟར་བསྒྲུབས་དང་། །རིལ་ནག་འཇའ་ཚུགས་སྐྱེ་བདུན་མིང་བཏགས་པ། །བསྒྲུབས་མིན་དམ་རྫས་ཚོགས་པའི་རིལ་བུས་གཏམས། །འཛད་མི་ཤེས་པའི་འདོད་རྒུའི་ཆར་ཆེན་པོས། །ཡོན་གྱི་བདག་པོ་རྨུགས་འཛིན་འབྱོར་པ་ཡི། །སྤུན་ཟླར་བྱེད་པོ་གནོད་སྦྱིན་འཁོར་ལོ་བཅས། །གཟུངས་འབུམ་རབ་འབྱམས་འཇམ་དབྱངས་གྲགས་པས་སོ། །སྒོ་གསུམ་རབ་འབད་ས་བོན་ལེགས་སྨིན་འབྲས། །ཚེ་དང་བསོད་ནམས་དཔལ་འབར་ལྗོན་པའི་ཤིང་། །མངོན་མཐོ་ངེས་ལེགས་ཕང་ཕུང་ལོ་འདབ་ཀྱི། །གྲིབ་མར་ཕན་བདེའི་ངལ་གསོར་ལོངས་སྤྱོད་ཤོག །འདི་ལྟར་གྱིས་ཞེས་བསྐུལ་ཚིག་ཟླ་ཟེར་གྱིས། ཁོ་བོའི་སྒྲ་འཛིན་ཨུཏྤལ་འདབ་མའི་ཁ། །ཡང་ཡང་ཕྱེ་ཚེ་རབ་དཀར་ཤོག་བུའི་ངོས། །སོར་མོའི་ཟློར་གར་ཇ་ཡུན་གཅིག་ལ་བསྒྱུར། །ཚིག་འཕྲེང་གངྒཱ་མགྲིན་པའི་ལམ་གསུམ་ནས། །སྐྱུག་མཁས་སྔོན་མེད་དྲང་སྲོང་ཛཧྣུ། །ཟ་ཧོར་རིགས་ལས་བྱ་བཏང་རྣམ་གཡེང་ཅན། །སྙན་དངགས་མཁན་པོ་ཚངས་སྲས་བཞད་པ་ཡིན། །དྭགས་པོ་ལྕང་ར་བ་ས་སྐྱོང་མགོན་པོ་ཚེ་བརྟན་གྱིས་ཐམས་ཅད་མཁྱེན་


GLG016_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་པར་དུ་བརྐོས་པའི་པར་བྱང་ཐར་པའི་ཐེམ་སྐས། སརྦྦ་དཱ་ལ་ཊཱི་བི་ཛ་ཡནྟུ། །ཨེ་མ་ངོ་མཚར་བྱེ་བའི་གཏམ་གྱི་རྒྱུད། །དབྱངས་ཅན་ལང་ཚོས་བསྐུལ་བ་སྙན་པའི་སྒྲ། །རྣ་བ་བདུད་རྩིའི་དཔལ་ལ་ལོངས་སྤྱོད་གླུ། །མ་སྨད་སྤོབས་པ་དགེ་བའི་མགྲིན་པར་བླངས། །ཕྱག་ན་པད་དཀར་འཛིན་མཛད་སྒྱུ་འཕྲུལ་གར། །བཤེས་གཉེན་དམ་པའི་གཟུགས་སུ་ལེགས་བསྒྱུར་བ། །ལུས་ཅན་བསོད་ནམས་རྒྱ་མཚོའི་ཞིང་མཆོག་དེའི། །རྟོགས་བརྗོད་འདི་ཀོ་སྔོན་མེད་ཡིད་བཞིན་ནོར། །གང་དེའི་ཆོས་སྦྱིན་མི་ཟད་གཏེར་གྱི་མཛོད། །གཏོང་བའི་སྒོ་འཕར་འབྱེད་པའི་སྙིང་སྟོབས་ཁུར། །རྣམ་དཔྱོད་ཕྲག་པར་ལེན་པའི་ལྕང་ར་བ། །ས་སྐྱོང་མགོན་པོ་ཚེ་བརྟན་ཞེས་སུ་གྲགས། །སོར་མོའི་འདུ་བྱེད་གཡོ་བའི་སྒྱུ་མ་ཡིས། །མིག་དཀྱུས་རྒྱ་མཚོའི་མཐར་ཡང་ཁྲིད་བྱེད་རྟ། །སྣང་བརྙན་མང་པོར་འབྱམ་ཀླས་ཡི་གེའི་གཟུགས། །པར་རྐོས་བློ་གྲོས་བཟང་པོའི་མཆོག་གྱུར་པ། །དར་རྒྱས་མིང་གི་ཕ་མཐར་ཡོངས་བསྟེན་པས། །ཙ་རི་ཨྱོན་འཇམ་དཔལ་དབྱངས་ཀྱི་མིང་། །བསོད་ནམས་མིང་ཟུར་དོན་དུ་ལྡན་པ་ཡི། །ཀུན་ཐུབ་རྡོ་རྗེ་རྒྱ་མཚོ་བསམ་པ་གྲུབ། །དཔལ་འབྱོར་གྲུབ་པའི་ལྷ་མོ་སྲིད་ལས་ཐར། །རྒྱ་མོན་ཡུལ་མཐར་གྲགས་ལྡན་ནོར་བུའི་མིང་། །འཇམ་དཔལ་དབྱངས་དངོས་རྡོ་རྗེ་རྣོན་པོའི་མཚོན། །རབ་འཛིན་ཐོན་མིའི་རྗེས་འཇུག་རྣམས་ཀྱིས་བགྱིས། །ཆུ་ཚོད་སྲད་བུར་


GLG016_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུས་པའི་ཉིན་ཞག་འཕྲེང་། །བཅུ་ཕྲག་འཚམས་སུ་འཛིན་པ་ནོར་བུའི་རྒྱན། །མཆོད་སྦྱིན་ཟ་མ་ཏོག་གི་ཁ་འབྱེད་པ། །བློ་བཟང་ཆོས་ཀྱི་དགེ་བའི་དཔལ་འཛིན་མ། །ཚུལ་འདིར་ལེགས་འབད་དགེ་ཚོགས་སྲད་བུ་རྣམས། །སྨོན་ལམ་ཐགས་སུ་བཏགས་པའི་ཟ་འོག་ཅན། །ཚེ་དཔལ་སྟོབས་འབྱོར་རི་མོ་རྣམ་བཀྲ་བ། །འདི་སྣང་གོས་བཟང་འཛད་མེད་ལོངས་སྤྱོད་ཤོག །ལེགས་བྱས་རིན་ཅེན་ཐེམ་སྐས་ལ་འཛེགས་ནས། །མངོན་པར་མཐོ་དང་ངེས་པར་ལེགས་པའི་སྒོ། །རབ་ཕྱེ་སྐུ་གསུམ་རིན་ཅེན་ཁང་བཟང་དུ། །འཇུག་པའི་སྐལ་པ་བཟང་པོར་བདག་གྱུར་ཅིག །ཆུ་སྦྲུལ་འཇམ་དབྱངས་གོང་མས་གནང་བའི་ཐམ་ཁའི་འདྲ་ཅོག་མེ་སྤྲེལ་བཟོས་པའི་ཐམ་ཕུད་ལེགས་བྱས་གནམ་གྱི་ཤེ་མོང་། སྲིད་གསུམ་དབང་དུ་སྡུད་པའི་མཐུ་སྟོབས་ཅན། ཁམས་གསུམ་ཀུན་ལ་མངའ་སྒྱུར་དམག་ཟོར་ལྷ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་མ། །གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ་མོའི་དྲུང་། །འཇམ་དབྱངས་གོང་མ་ཧོང་དའི་ལུང་ལས་ཀྱིས། །གནམ་འོག་སྐྱེ་འགྲོ་ཀུན་གྱི་ཅོད་པན་དུ། །རྟགས་ཀྱི་ལང་ཚོ་རྣམ་བཀྲའི་ཐམ་ཀ་ཡི། །བུ་ཡིག་བསྐྲུན་པའི་མཆོད་སྤྲིན་རབ་ཕུལ་བས། །ལེགས་བྱས་གནམ་གྱི་ཤེ་མོང་དཔུང་པ་ཡིས། །སྲིད་ཞིའི་བརྟན་གཡོ་ཀུན་ལ་དབང་སྒྱུར་བ། །ལས་བཞིའི་འཕྲིན་ལས་རྒྱ་མཚོ་ཆེན་པོའི་རླབས། །འཕྲེང་བ་དུས་ལས་ཡོལ་མེད་འགྲུབ་གྱུར་ཅིག


GLG016_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སརྦྦ་རྠ་སིདྡྷི་རསྟུ། མེ་སྤྲེལ་ལོ་སྤྱི་གཉེར་བླ་མ་བསྟན་པ་ཡར་འཕེལ། ངག་དབང་སྨོན་ལམ། གཤོང་ཁ་བ་གསུམ་གྱིས་དོ་དམ་བྱས་ནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་ཚོགས་ཁྲོ་གསར་བླུག་གི་ཁ་བྱང་རིན་ཅེན་འདུས་པའི་ཟ་མ་ཏོག །ཨེ་མ་འཆི་བ་མེད་པ་བདུད་རྩིའི་བཅུད། །འཐུངས་པས་ཚེ་རིང་དོན་དང་ལྡན་པའི་ཇ། །འབྱོར་པའི་དཔལ་དང་ལྷན་ཅིག་འཁྱིལ་བའི་སྣོད། །ཕུན་ཚོགས་རིན་ཅེན་འདུས་པའི་ཟ་མ་ཏོག །ཛཱ་ཏིའི་མེ་ཏོག་འཛུམ་པའི་ཡུལ་གྲུ་ནས། །ཟ་འོག་ཐགས་སུ་བསྐྲུན་པའི་ལྗོངས་ཚུན་གྱི། །ལོངས་སྤྱོད་ཆད་པ་མེད་པ་ཆུ་བོའི་རྒྱུན། །འབབ་པའི་ཡོལ་གོར་འཇིག་རྟེན་མེས་པོས་སྤྲུལ། །རྨད་བྱུང་བསོད་ནམས་གཤིན་པའི་ཞིང་ས་ལ། །ཕུན་ཚོགས་མཆོད་སྦྱིན་ས་བོན་བཏབ་པའི་འབྲས། །དོན་གཉིས་མྱུ་གུ་གཡུར་དུ་ལེགས་ཟ་བ། །སྐལ་བཟང་ཡོངས་ཀྱི་བསོད་ནམས་དཔྱིད་དུ་སྨིན། །རིན་ཅེན་ཞུན་མའི་ཁམས་ལས་གྲུབ་པའི་སྣོད། །སྲིད་པའི་འབྱོར་བ་དབང་དུ་བསྡུ་བའི་མཛོད། །བསོད་ནམས་ཡོལ་མེད་རླབས་འཕྲེང་གཡོ་བའི་མཚོ། །གཏན་བདེའི་ཡིད་བཞིན་ནོར་བུའི་འབྱུང་ཁུངས་ཅན། །རྨུགས་འཛིན་བང་མཛོད་ཕྱེ་བའི་གཏེར་གྱི་སྒོ། །འཛམ་གླིང་སྐྱེ་རྒུས་དྲངས་པའི་བསམ་འཕེལ་ནོར། །འདོད་པའི་རེ་བ་སྐོང་བ་དབང་གི་རྒྱལ། །རྣམ་སྨིན་དཀར་པོར་འཛག་པ་རོ་བརྒྱའི་བཅུད། །ཐོས་བསམ་ཟུང་དུ་འབྲེལ་བའི་གཤོག་རླབས་ཅན། །ལེགས་བཤད་གདུབ་


GLG016_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་འཁྲོལ་བ་ངང་པའི་སྡེའི། །ལོངས་སུ་སྤྱོད་པ་འོ་མཚོའི་ཟིལ་དངར་ཅན། །བཀྲ་ཤིས་མགྲིན་པའི་དབྱངས་དང་ལྷན་ཅིག་འཁྱིལ། མེ་སྤྲེལ་ལོ་དུང་གཤོག་ལ་རྒྱུ་སོང་ཁ་གསལ་ཐེབས་པ་བཞིན་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་། དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་མུ་ཏིག །གསེར་སོགས་ཀྱི་འདོན་ཆའི་རྐངས་བྱས། །དེ་འཕྲོས་སྤྱི་སོས་བཏོན་པའི་དོ་དམ་གཉེར་པ་བློ་བཟང་སྦྱིན་པས་བྱས་ནས་ཕན་བདེ་ལེགས་བཤད་གླིང་པའི་དུང་གཤོག་གསར་བཟོས་ཀྱི་ཁ་བྱང་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཚངས་དབྱངས། སརྦྦ་དཱ་མཾ་ག་ལ་སིདྡྷི་ར་སྟུ། མཆོག་གསུམ་མཆོད་པའི་དབྱངས་སྙན་ཚངས་པའི་སྒྲ། །བཀྲ་ཤིས་གཡས་སུ་འཁྱིལ་བ་ཆོས་ཀྱི་དུང༌། །ཕུན་ཚོགས་རིན་ཅེན་གཤོག་པ་ནོར་བུའི་འཕྲས། །བཀོད་ལེགས་མཛེས་པའི་རི་མོ་རྣམ་པར་བཀྲ ། ཚུལ་འདི་བསྒྲུབ་ལ་སྒོ་གསུམ་རབ་འབད་པའི། །དགེ་བའི་ས་བོན་ལས་འཁྲུངས་ཡོངས་འདུའི་ལྗོན། །འདི་ཕྱི་ཀུན་ཏུ་ཕན་དང་བདེ་བ་ལ། །སྤྱོད་པའི་དབང་གི་རྒྱལ་པོ་འགྲུབ་གྱུར་ཅིག །མེ་སྤྲེལ་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་ཟླ་བ་འཆར་བ་དང་མཉམ་དུ་དུས་མེས་བཟུང་ནས་རིལ་པོར་པའི་ཡི་གེ་དཔལ་ལྡན་འབྲས་སྤུངས་ཀྱི་ཀུན་དགའ་ར་བའི་སྒོ་རྒྱན་མཛེས་བྱེད་མངོན་སུམ་ཚད་མས་གཞལ་བྱ། ན་མ་ཤྴཱི་མ་ཏྐཱ་ལ་ཙཀྲོ྅་དྭིལགི་ནཱཐཀཪྻ་པཱདཱཡ། སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་རྒྱུ་མ་མཁན། །དུས་འཁོར་སྲོལ་འབྱེད་ཆོས་རྒྱལ་རིགས་ལྡན་ཚོགས། །དུས་ཞབས་རྭ་འབྲོ་ཤོང་དཔང་བུ་སྟོན་སོགས། །ཕྱོགས་འདིའི་ཤིང་རྟ་ཆེ་གྱུར་མཁས་རྣམས་དང་། ཁྱད་པར་དང་


GLG016_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སངས་རྒྱས་བཙོང་ཁ་པའི། །དྲི་མེད་བསྟན་ལ་ལུགས་འདི་འཁྲུལ་མེད་དུ། །སྟོན་མཛད་དོན་གྱི་པཎ་ཆེན་ནོར་བུ་བཟང་། །ཐམས་ཅད་མཁྱེན་ངེས་ཁྱོད་ནི་གཏན་གྱི་སྐྱབས། །ཕྲ་ཞིབ་རྣམ་དཔྱོད་ཉི་ཟེར་གྱིས་ཕྱེ་བ། །རྩིས་གཞུང་འདབ་བརྒྱ་བཞད་པའི་གྲྭ་ཕུག་པ། །ལེགས་བཤད་སྦྲང་རྩིའི་དགའ་སྟོན་སྦྱིན་མཛད་པའི། །ཡོངས་འཛིན་མཁས་པའི་ཚོགས་རྣམས་རྒྱལ་གྱུར་ཅིག །འཕགས་ཡུལ་སྐད་སྒྱུར་གདོང་ངན་ཞེས་འབོད་ཀྱང་། །རྒྱ་རྩིས་མེ་བྱ་གསར་ཚེས་ལོའི་ཐོག་མ། །ས་ཧོར་མཆོད་ཡོན་ཟླ་བ་བཅུ་གཅིག་པར། །ཡོངས་གྲགས་དུས་འཁོར་ལུགས་ཀྱི་དཀར་བའི་ཆ། །གཡུལ་ལས་རྣམ་པར་རྒྱལ་བའི་དམར་ཕྱོགས་ཀྱི། །དབྱངས་ཀྱི་རྒྱལ་པོ་ཨོ་ཡིག་འཆར་བའི་ཚེས། །དུས་སྦྱོར་འཁྲིག་པ་ཀ་རྐ་ཊ་ཡི་འཚམས། །ཟླ་བ་དབང་ཕྱོགས་ས་འཛིན་རྩེ་མོ་ལ། །འཛེག་པར་ཕྱོགས་ཚེ་ལྷ་མིན་དབང་པོ་ཡི། །མཇུག་མས་བྱང་ཤར་ཕྱོགས་ནས་ཐོག་མར་སྒྲིབ། །རྣམ་པར་དག་པ་གྲུབ་མཐའི་གཞུང་ལུགས་ལ། །སྔ་སྙོགས་རྩེ་མིག་གྲངས་ཡིན་རིལ་པོར་འཛིན། །དེ་བཞིན་ཕྱི་ནང་ཐུན་མོང་བྱེད་རྩིས་ལ། །དཀྱིལ་འཁོར་རྫོགས་པར་སྒྲིབ་པ་མཁས་པའི་ལུགས། །ལྷོ་ནུབ་ཕྱོགས་གཏོང་ལྕགས་བསྲེགས་མདོག་འདྲ་འབྱུང་། །ཉི་ཟླ་གཟས་བཟུང་མི་དགེའི་འབྲས་ཁོ་ནར། །འཇམ་དཔལ་རྩ་བའི་རྒྱུད་སོགས་རྒྱལ་གསུང་འགར། །གསུངས་པས་སླུ་མེད་དཀའ་ལས་ཅི་ཕྱིར་འགོང་། །


GLG016_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཀྱང་དྲང་སྲོང་གར་ག་ལ་སོགས་ཀྱིས། །ས་ཆུའི་སྐར་མ་བཟང་བར་བཤད་པས་ན། །གྲུབ་པའི་མཐའ་བཞིན་ཆུ་ཁམས་ལག་གི་འབྲས། །ལོ་ལེགས་ནད་མེད་སེམས་ཅན་བདེ་བར་བཤད། །དེ་ལྟ་ནའང་རེས་གཟའ་གཙོ་བའི་ཕྱིར། །ཐན་པས་རྩི་ཤིང་སྐེམ་ཤིང་མུ་གེ་ཡིས། །ཡུལ་འཁོར་ལ་གནོད་མི་རྗེའི་ཚོགས་ལ་འཚེ། །ཚ་བའི་ནད་སོགས་འབྱུང་བར་བཤད་པའི་ཕྱིར། །ཟློག་བྱེད་གངས་ཅན་འགྱུར་རོ་ཅོག་གི་བཀའ། །སྒྲོགས་ཤིང་གནས་ཆེན་རྣམས་ལ་སྲི་ཞུར་བྱེད། །དགེ་འདུན་བསྙེན་བཀུར་ངན་ལོང་སྦྱིན་པ་གཏོང་། །མདོས་ཟོར་དཀར་ནག་ལྟོ་སོགས་རིམ་གྲོར་འབད། །དུས་ཀྱི་སྦྱོར་བ་འཁྲིག་པའི་ཆུ་ཚོད་གཅིག །ཀརྐ་ཊ་དྲུག་སེང་གེའི་ལོངས་སྤྱོད་ལྔའི། །འབྲས་བུ་རི་བྲག་པ་དང་རྩིས་མཁན་གྱི། །ཆུང་མ་ཉམས་ཤིང་སྐྱ་འཕམ་འབྱུང་བར་བཤད། །དུས་དེར་དགེ་བ་གང་བྱས་འབུམ་འགྱུར་བདུན། །ཡིན་ཞེས་འཇམ་དཔལ་རྒྱུད་ལས་ལེགས་པར་གསུངས། །དུས་གཞན་དགེ་ལས་འགྱུར་ཁྱད་ཆེ་བ་རུ། །ལེགས་གྲུབ་རྒྱུད་དུ་ཆེས་ཆེར་བསྔགས་པ་མཛད། །གསུང་རབ་ཕལ་ཆེར་མཐུན་པར་ཟླ་བ་ལ། །དགེ་བ་ཁྲི་རུ་འཕེལ་བའི་འགྱུར་ཁྱད་གསུངས། །ལུགས་འདིར་རོ་རྐྱང་རླུང་གཉིས་དྷཱུ་ཏཱིའི་ནང་། །ཆུད་པའི་ཕྱི་ནང་སྦྱར་འབྲས་ཕན་ཡོན་ཐོབ། །དེ་ཕྱིར་སྐྱེད་རྫོགས་གནས་ལུགས་བདག་འཇུག་ལེན། །སྦྱིན་སོགས་རྒྱལ་སྲས་རླབས་ཆེན་སྤྱོད་པ་དང་། །གཞན་ཡང་དབང་པོར་འཚམ་པའི་རྣམ་དཀར་གྱི། །དགེ་ཚོགས་འབྲས་བུ་འབྱིན་ལ་འབད་པར་རིགས། །


GLG016_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འདིར་ནག་པོའི་ལས་ལམ་མི་དགེ་བཅུར། །སྤྱད་ཚེ་དགེ་བ་ཇི་བཞིན་འཕེལ་འགྱུར་བས། །རྟག་ཏུ་བག་དང་ལྡན་དཀའི་ཚོགས་རྣམས་ཀྱང་། །ཇ་ཡུན་གཉིས་པར་ཤེས་བཞིན་བྱ་ར་མཛོད། །དང་པོའི་ཞག་ལ་ཁ་ཆར་བབས་གྱུར་ན། །ས་སྐྱོང་ཚོགས་རྒྱས་གཉིས་གསུམ་འབྲུ་འབྲས་འཕེལ། །བཞི་ལ་འཐབ་རྩོད་ལྔ་པར་མུ་གེ་འབྱུང་། །དྲུག་པར་མཆོག་དམན་ཀུན་ལ་དགེ་བ་སྟེ། །ཞག་བདུན་ཚུན་ལ་གཏན་ནས་མ་བབས་ཚེ། །ནད་མུག་དགྲ་རྩོད་སྐྱ་འཕམ་འོང་བར་བཤད། །བདེ་སྡུག་ལེགས་ཉེས་སྟོན་པའི་སྣང་བརྙན་འདི། །རབ་དཀར་ཤོག་བུའི་མེ་ལོང་ངོས་སུ་ཤར། །ཀུན་རྫོབ་ཐ་སྙད་འཕྲུལ་སྣང་བཟང་ངན་རྣམས། །དོན་དམ་སྟོང་པའི་ངང་དུ་གར་མ་མཐོང་། །རྗེས་ཐོབ་སྒྱུ་མ་ལྟ་བུར་ཤར་བ་ཀུན། །ཆུ་ནང་ཟླ་བཞིན་རྫུན་པའི་རང་མཚང་རིག །གནས་ལྔ་རིག་པ་ཀུན་ལ་ལེགས་སྦྱངས་པའི། །དཔྱོད་ལྡན་མཁས་པ་ཉིན་མོའི་སྐར་མ་བཞིན། །བླུན་པོ་དམ་པར་སྒྲོ་བཏགས་བསྟན་འཛིན་མིང་། །མུན་སྤྲུལ་མཚན་མོའི་ཞགས་པས་ས་འདི་ཁེངས། །ཟས་ཀྱིས་ལྟོ་བ་གང་དང་མ་ཁེངས་པའི། །ཚོད་ཙམ་མི་ཤེས་སྒྲེགས་དྲིས་ནང་འགེང་བཞིན། །ལུང་བསྟན་འཇའ་ལ་སྦར་འཛིན་མཁན་རྣམས་ཀྱིས། །རང་མཚང་བཤང་གཅིའི་དྲི་ལ་སྣ་བ་སྤོས། །ཉི་ཟླའི་དཀྱིལ་འཁོར་སྒྲ་གཅན་གྱིས་འཛིན་སོགས། །བཟང་ངན་བདེ་སྡུག་མངོན་སུམ་སྟོན་ནུས་པ། །ལག་གསང་རྩིས་མངོན་ཤེས་རྟ་བདུན་པས། །ཟོག་རྫུན་མཁན་གྱི་འབྱུང་པོའི་བྱ་ཚོགས་ལོང་། །ཤེས་བྱ་


GLG016_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོར་སྦྱངས་པའི་རྒན་ཡུས་ཀྱི། །སྙེམས་པ་མེད་ཀྱང་བློ་གྲོས་མིག་བུ་ཡིས། །ལེགས་བཤད་མཐོང་བའི་སྙོམ་ལས་རྩིས་རིག་པས། །མཆོག་དམན་དགེ་ལ་བསྐུལ་བའི་ཕྱིར་དུ་སྦྱར། ཕྱག་མཛོད་ས་སྐྱོང་བསོད་ནམས་རབ་བརྟན་གྱི་ཐམ་ཀ་གསར་དུ་བརྐོས་པའི་ཐམ་ཕུད་འཕགས་པ་ལོ་ཀེ་ཤྭ་རར་ཕུལ་བའི་ཁ་ཡིག་ལེགས་ཚོགས་ལྷུན་གྲུབ་སོགས། ཕུལ་བྱུང་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར། །གཅིག་བསྡུས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་དྲུང༌། །རྣམ་བཀྲ་ཐམ་ཀའི་རི་མོ་འདི་ཕུལ་བས། །སྲིད་ཞིའི་ལེགས་ཚོགས་མ་ལུས་འགྲུབ་པར་མཛོད། །ཨོཾ་སྭ་སྟི་པྲ་ཛྭ་བྷྱ༔ ཆོས་ཉིད་འགྱུར་བ་མེད་པའི་རི་བོ་མཆོག །ཡེ་ཤེས་རྡོ་རྗེ་རྣོན་པོའི་རྩེ་མོ་ཡིས། །དུག་ལྔའི་རྟོག་ཚོགས་མ་ལུས་འབིགས་བྱེད་པ། །འཇམ་དབྱངས་དགྱེས་དགུར་སྤྱོད་པའི་ཞིང་མཆོག་ཏུ། །ཉོན་མོངས་དགྲ་ཚོགས་མཐའ་དག་རབ་བཅོམ་ནས། །ཐར་པའི་ཁང་བཟང་ཆེ་ལ་གནས་བཅས་པ། །རིག་གྲོལ་གཉིས་ལྡན་དགེ་འདུན་ལྔ་བརྒྱ་ཡི། །སྣང་བརྙན་བཀྲ་བའི་ལྷ་ཁང་སྲི་ཞུ་འདི། །ངོས་ཀྱིས་གོང་མ་ཆེན་པོའི་མདུན་སོན་ཚེ། །མཐུན་པའི་རྐྱེན་སྦྱར་རབ་འབྱམས་འཕྲིན་ལས་ཀྱིས། །དཀའ་བའི་ཁུར་ཆེ་བླངས་ནས་གེགས་མེད་དུ། །འགྲུབ་འདིར་ལུས་ངག་ཡིད་ཀྱི་ངལ་བསྟེན་དང༌། །ཟང་ཟིང་དངོས་པོས་ཕན་པ་བསྒྲུབས་པ་ཀུན། །ངོ་མཚར་རྨད་བྱུང་བཀོད་པའི་ཞིང་མཆོག་ཏུ། །འཇམ་པའི་དབྱངས་ཀྱིས་ཟབ་ཅིང་རྒྱ་ཆེའི་ཆོས། །ཉེར་བསྟན་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །གོང་མ་ཧོང་དེ་ལོ་བཅུ་པ་སྦྲུལ་གྱི་ལོ་ལ་ལྷ་ཁང་གསོ་བའི་མཐུན་


GLG016_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དང་ཕན་གྲོགས་བྱེད་དགོས་པའི་ལམ་ཡིག་བྱས། །ཟུང་ཆུ་རབ་འབྱམས་པ་འཕྲིན་ལས་ཀྱིས་འབད་པ་ཆེན་པོའི་སྒོ་ནས་ལོ་གསུམ་ལ་འགྲུབ་སྟེ་རྡོ་རིང་ངོས་ལ་རྐོ་རྒྱུའི་ཚིགས་བཅད་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། མེ་བྱ་ས་ག་ཟླ་བའི་ནང་དུ་ཕྲལ་དགོས་ཀྱི་ཐ་སྙད་རིག་པའི་གླེགས་བམ་སུམ་བརྒྱ་སྐོར་གྱི་དཀར་ཆག་བསྒྲིགས་པའི་མཆོད་བརྗོད་འཇམ་དཔལ་རྡོ་རྗེའི་རྣོ་མཚོན། པཱཎོོཔྲཛྙཱཏཱིཀྴྩཱཁདྷཱཡཱུརྑཱཛཱལཙྪཱདནྱཱཀྲྀ། །ཤྲཱིམཉྫོཿ ཀྵེཏྲཱཀཱབཱདྷཱཧེ྅དྭྱཱསཱིནཤྩིཏྟཱམདྷྱ། །ཕྱག་ན་ཤེས་རབ་རལ་གྲི་རྣོན་པོ་ཡིས། །རྨོངས་པའི་དྲྭ་བ་ཐམས་ཅད་གཅོད་མཛད་པ། །བརྟན་པའི་འཁོར་ལོ་དེ་དང་གཉིས་མེད་ཡུལ། །ཚངས་སྲས་མ་ཀྱེ་སྙིང་གི་དབུས་ན་བཞུགས། །


GLG016_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གཅོད་རྗེས་འཛིན་ནང་དོན་རིག་པའི་གནད། །སྟོན་བྱེད་རྒྱལ་གསུང་དགོངས་འགྲེལ་གསུང་རབ་དང༌། །ཕྱི་རོལ་གྲུབ་མཐའ་སྨྲ་མཁས་གཞུང་ལུགས་སོགས། །ངོ་མཚར་གླེགས་བམ་གྲངས་སུ་ཉེར་བསྟར་ན། །ཐོས་ཆུང་ཁྲོན་པའི་ཆུ་ཡིས་སྙེམས་ལྡན་རྣམས། །རིས་མེད་གཙུག་ལག་ལེགས་བཤད་རྒྱ་མཚོ་ཆེ། །མཐོང་ཚེ་རང་གཞུང་ཕྲ་མོའི་ཉལ་འགྲོ་ཡིས། །ཆ་ཙམ་བསྐྲུན་པའི་ནུས་བྲལ་སྙིང་འགས་སྙམ། །མི་ཤེས་མོང་རྟུལ་འཇིགས་ཆེན་བམ་རོ་དང་། །རིག་ལམ་བྱེ་བའི་སེམས་ལྡན་ཕན་ཚུན་སྣ། །ཐོས་བསམ་དབུགས་ཀྱི་རྒྱུ་བ་ཡུན་རིང་པོར། །འགྲོ་འོངས་བསྟེན་ཚེ་མཁས་པའི་གྲོང་དུ་འཇུག །དེ་ཕྱིར་འཆད་རྩོད་རྩོམ་ལ་སྤོབས་པའི་མགྲིན། །མཐོན་པོར་བཏེག་ནས་སྙན་འགྱུར་རྒྱུད་མངས་གླུས། །དཔྱོད་ལྡན་སྙིང་གི་བརྟན་པ་འཕྲོག་ནུས་པ། །པུསྟ་ཀ་འཕྲེང་གཅེས་པའི་ཡིད་བཞིན་ནོར། །བླུན་པོ་འདྲེན་པར་རློམ་པའི་གཅན་གཟན་མདུན། །མདོ་དང་རྒྱུད་སྡེ་ཐ་སྙད་རིག་པ་ཡི། །གླེགས་བུའི་རྩྭ་ལྗང་གཞོན་ནུ་ཆེར་སྤུངས་ཀྱང་། །ལོངས་སུ་མི་སྤྱོད་རང་གི་ངང་ཚུལ་ཡིན། །རྟག་ཏུ་དགེ་བ་ཆོས་ཀྱི་སོ་གའི་དུས། །འབོད་པའི་བཀའ་དང་བསྟན་བཅོས་ཡིད་འོང་བྱ། །དཔྱིད་ཀྱི་རྒྱལ་མོ་མགྲིན་དབྱངས་འཁྲོལ་པའི་ཚེ། །ཡིད་ཀྱི་ལྕུག་ཕྲན་དགའ་བའི་ལོ་འདབ་གཡོ། །ཁྱད་པར་ངག་ལ་ངག་དབང་ལྷག་པའི་ལྷ། །ཞུགས་པའི་སྨྲ་བ་ཀུན་གྱི་དབང་ཕྱུག་ཆེ། །འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་སྐད་གཉིས་པའི། །མི་མཛད་གཏེར་གྱི་བང་མཛོད་འདི་ནའོ། །


GLG016_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་སྣ་ཚོགས་ལྷ་མོ། སངྒྷརྨདྭྱཱཧོནིརཱབྷོགབུདྡྷཔྲཱདྷཱནཱགམུབྷཱུཏནིདྷྱཱཝབོདྷ། །ཤཱིམངྒིདྱཙཱམུཀྟིསཾགཱསཡཙྪཔྲཱསཱདལླབྷིམཾགལཱ་ཤྩཏྲིབརྱ་རྨད་བྱུང་དོན་གཉིས་ལྷུན་གྲུབ་སངས་རྒྱས་གཙོ། །ལུང་དང་རྟོགས་པའི་གཏེར་གྱུར་དམ་པའི་ཆོས། །རིག་དང་གྲོལ་བའི་དཔལ་ལྡན་དགེ་འདུན་བཅས། །མཆོག་གསུམ་ཐུགས་རྗེས་ཕུན་ཚོགས་བཀྲ་ཤིས་སྩོལ། །འཛམ་བུའི་གླིང་ན་ཆེ་བའི་རིག་སྔགས་འཆང་། །སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་། །འཇམ་མགོན་མི་ཡི་སྲིད་བཟུང་ཟློས་གར་ཅན། །རྒྱལ་བ་ཀུན་དངོས་བློ་བཟང་གྲགས་པའི་དཔལ། །ཕྱག་ན་པད་དཀར་ལེགས་འཛིན་སྒྱུ་མའི་འཕྲུལ། །བསོད་ནམས་རྒྱ་མཚོའི་མཚན་གྱི་གྲགས་འབར་སོགས། །དངོས་དང་བརྒྱུད་པའི་རྡོ་རྗེ་སློབ་དཔོན་གྱི། །སྣང་བརྙན་ཡིད་བཞིན་ནོར་བུའི་ཟ་མ་ཏོག །རྣམ་པར་རྒྱལ་བ་རིག་སྔགས་འཆང་བའི་སྡེ། །


GLG016_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེའི་འབྱུང་གནས་རྡོ་རྗེའི་ཐེག་པ་ཡི། །སྨིན་གྲོལ་འཕྲིན་ལས་རྣམ་བཞིའི་ལེགས་བཤད་དུང་། །རི་མོ་གཡས་འཁྱིལ་ཁྲིམས་ལྡན་འདུས་པའི་གླིང་། །གང་གི་སྔོན་འགྲོ་བསོད་ནམས་ཚོགས་གསོག་པའི། །ཟབ་ལམ་དམིགས་རྟེན་རབ་བཞེངས་མཐུན་རྐྱེན་དང་། །ལེགས་བྱས་གན་མཛོད་བྱིན་རླབས་ཡིད་བཞིན་ནོར། །འཕྱུར་བུར་ཡོངས་སྤུངས་དེབ་གཏེར་མདོ་ཙམ་བརྗོད། །མཆོག་ཐུན་དངོས་གྲུབ་བསྒྲུབ་པའི་ཡན་ལག་ཏུ། །བསྐྱེད་རིམ་མཚན་མའི་གསལ་སྣང་འདོན་པ་ལ། །རྩ་གསུམ་གཟུགས་སྐུའི་སྣང་བརྙན་ཪབ་བཀྲ་བའི། །བྱེད་པོ་བྲིས་འབུར་བཞེངས་ལས་དམིགས་སུ་མེད། །དེ་ཕྱིར་ཉི་ཤུས་ལྷག་པའི་བརྒྱ་ཕྲག་གི ། གྲངས་ལྡན་སྲང་གི་ལྗོན་དམར་གར་བུ་ཅན། །གསེར་སྦྱངས་བཙོ་བཏུལ་རིན་ཅེན་ས་ལེ་སྦྲམ། །དྲུག་ཅུར་ཉེ་བའི་ཞོ་ཡི་གྲངས་ལྡན་རྣམས། །ཆ་ཤས་ཙམ་མིན་བཟོ་རིག་ཕུལ་ཕྱིན་པས། །མིག་ལ་ངོ་མཚར་ལྟད་མོའི་སྒྱུ་འཕྲུལ་མཁན། །ཛྱེ་དྷ་དྷ་ན་ཛྙཱ་ན་བྷ་དྲ་ཡིས། །ལེགས་པའི་ཆ་ལ་གཙོ་བོར་བཏོན་ནས་བསྒྲུབས། །རྒྱལ་བས་དབང་པོ་དང་འཚམ་དམ་པའི་ཆོས། །ཐུན་མོང་ཐེག་པར་སྐུ་དང་ཐུགས་ཀྱི་རྟེན། །བསྒྲུབས་ཙམ་ཉིད་ནས་ལུས་ཅན་བསོད་ནམས་ཀྱི། །ཞིང་དུ་འགྱུར་ཞེས་བསྔགས་པ་ཆེས་ཆེར་མཛད། །འོན་ཏེ་ཐེག་པའི་ཡང་རྩེ་གསང་སྔགས་ཀྱི། །བགྲང་ཡས་རྒྱུད་སྡེ་དུ་མར་གཟུངས་འབུལ་དང་། །རབ་ཏུ་གནས་པ་རྒྱ་ཆེར་གསུངས་པ་ཡི། །རྗེས་སུ་འཕགས་བོད་ཚད་ལྡན་མཁས་ཀུན་འབྲང༌། །


GLG016_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚུལ་ཡིད་ཆེས་དམ་པའི་གསུང་རབ་དང་། །ཕྱག་བཞེས་མན་ངག་སྙན་བརྒྱུད་ཟབ་མོའི་གནད། །འཁྲུལ་བྲལ་ཇི་བཞིན་རིང་བསྲེལ་རྣམ་པ་བཞི། །གནོད་སྦྱིན་བང་མཛོད་བཅས་པའི་བཞུགས་ཚུལ་ལ། །ཟས་གཙང་སྲས་ཀྱི་འཕེལ་གདུང་མ་སྐྱེས་དགྲའི། །རྟེན་སྐལ་གྲུབ་པའི་དབང་ཕྱུག་ཨྱོན་པས། །སྤྱན་དྲངས་ཡར་འབྲོག་ཁྲི་སྐོར་ལེགས་བྱས་ཀྱི། །ཞིང་དུ་བཞུགས་པའི་འཁྲུལ་མེད་གྲགས་ཅན་དང་། །དེ་བཞིན་ལྷོ་བྲག་གནམ་སྐས་བྲག་སྒོ་ནས། །གཏེར་སྟོན་ཆེན་པོ་ཆོས་ཀྱི་དབང་ཕྱུག་གིས། །སྤྱན་དྲངས་ཤ་རཱི་རམ་གྱིས་ཐོག་དྲངས་པའི། །བསྟན་པ་སྤྱི་ཡི་དད་རྟེན་རིམ་པ་ནི། །རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ཤིང་། །རང་སངས་རྒྱས་དང་ཤཱ་རིའི་བུ་ཡི་གདུང་། །དགྲ་བཅོམ་ཉི་མ་གུང་པའི་སྣམ་སྦྱར་དང་། །གྲུབ་རིགས་དབང་ཕྱུག་ས་ར་ཧ་པ་ཡི། །སྒོམ་ཐག་རེག་འཇམ་སྦྲུལ་ལྤགས་ལས་གྲུབ་པ། །བོད་རྗེ་གཉའ་ཁྲི་བཙན་པོའི་སྐུ་ཡི་ཤ། འཕགས་པ་ལོ་ཀེ་ཤྭ་རའི་གསེར་ཆབ་ཀྱི། །གདན་ཞུས་ཕྱེ་དང་སྐུ་ཕྱིས་ཁྲུས་ཀྱི་དར། །གནུབས་རོང་ཆོས་ལུང་འཕགས་པའི་བཞུགས་གདན་ཤིང་། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞབས་ཕྱགས་དང་། །དེའི་དུས་སྤྲུལ་པའི་ཁྲ་རིང་སྟག་གི་པགས། །རྒྱ་མོ་བཟའ་ཡི་ཁྲུས་ལོང་རས་མའི་ཕྱེ། །དེས་བསྐྲུན་སངས་རྒྱས་བཏགས་སྐུའི་ཆ་ཤས་དང་། །རྒྱལ་པོ་འོད་ཟེར་གོ་ཆའི་སྙན་གྱི་རྒྱན། །མཁན་ཆེན་བོ་དྷི་ས་ཏྭའི་ན་བཟའི་དར། །སྤྲུལ་པའི་


GLG016_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་མངའ་བདག་ཁྲི་རལ་ཤ ། རྒྱ་གར་པཎ་ཆེན་དྷ་ན་ཤཱི་ལ་དང་། །རབ་འབྱོར་ཟླ་བ་གཉིས་ཀྱི་དབུ་སྐྱེས་སྐྲ། །འཕགས་ཡུལ་གཤིན་རྗེའི་གྲུབ་ཐོབ་དཔལ་འཛིན་དང་། །གྲུབ་ཆེན་ནཱ་རོ་ཟུང་གི་རུས་པའི་རྒྱན། །དགེ་སློང་དཔལ་མོའི་བུམ་ཆུའི་རིལ་བུ་དང་། །རྒྱ་གར་པཎ་ཆེན་འབུམ་ཕྲག་གསུམ་པའི་སྐྲ། །ལོ་ཆེན་རིན་ཅེན་བཟང་པོའི་རྟེན་འདམ་ཕྱེ། །བྱང་སེམས་ཟླ་བ་རྒྱལ་མཚན་སྐུའི་བླ་གོས། །ངམ་རིང་ནས་བྱོན་མ་གཅིག་ཞལ་སྒོའི་ཕྱེ། །འཇིག་རྟེན་མཁའ་འགྲོས་རྒྱ་གར་ཕྱག་ན་ལ། །གནང་བའི་ངོ་མཚར་རྡོ་ཡི་པུས་འཁྱུད་དང་། །ལྷོ་བྲག་མར་པའི་སེང་གེ་མཇིང་བསྣོལ་བེར། །རྔོག་པའི་སྔགས་འཆང་མདོ་སྡེའི་ན་བཟའ་དང་། །རྒྱ་གར་དམ་པ་སངས་རྒྱས་ཞབས་ཀྱི་སྟེགས། །བལ་པོ་ཨ་སུའི་རྡོ་ཡི་སྒོམ་ཐག་ཕྱེ། །མཻ་ཏྲི་པ་ཡི་པུས་འཁྱུད་ཁ་ཊྭཱཾ་ག །ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཡི། །དབུ་སྐྲ་སྣམ་སྦྱར་ལྷུང་བཟེད་ཤུབས་དང་ནི། །བྱང་ཆུབ་ལྗོན་པ་ལས་གྲུབ་འཁར་གསིལ་ཤིང༌། །བུ་སྟོན་ཐམས་ཅད་མཁྱེན་པའི་དབུ་ཞྭ་དང་། །སྐུ་བེམ་གདུང་རུས་བཞུགས་འདིང་ཞབས་སྒྲོག་བཅས། །རྒྱ་བོད་མཁས་གྲུབ་དུ་མའི་དབང་གི་ཆུ། །མ་ནུབ་གཅིག་བསྡུས་བུམ་པའི་ཆུའི་རིལ་བུ། །ལོ་ཆེན་བྱང་ཆུབ་རྩེ་མོའི་དབུ་ལོ་དང་། །རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་སྣམ་སྦྱར། །ཇོ་ནང་དོལ་པོ་སངས་རྒྱས་དབུ་སྐྱེས་སྐྲ། །དེ་ཡི་ཕྱག་འཁར་མདུད་པ་ཅན་གྱི་ཤིང་། །བལ་པོའི་པཎ་ཆེན་མ་ཧཱ་བོ་དྷི་དང༌། །


GLG016_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྤངས་ཆེན་པོ་ཆོས་ཀྱི་རིན་ཅེན་ཞབས། །བསམ་སྡིངས་ཆོས་བཟང་གསུམ་གྱི་དབུ་ལོ་དང་། །མཁན་ཆེན་དཀོན་ཅོག་བཟང་པོའི་ན་བཟའ་རྣམས། །སྤྱི་དང་བྱེ་བྲག་སྟན་གཅིག་ཇོ་ཞལ་རྟེན། །ཡོངས་ཀྱི་ཕྱོགས་ལྷུང་བྲལ་བར་བསྔགས་པའི་གཞི། །བཀའ་གདམས་ཇོ་བོ་ཡབ་སྲས་དད་རྟེན་ལ། །དཔལ་ལྡན་ཨ་ཏི་ཤ་ཡི་སྐུ་གདུང་རུས། །སྣམ་སྦྱར་དབུ་ཞྭ་ཕྱག་ཚའི་ས་ཕྱེ་མ། །གང་དེའི་ཕྱག་དྲེག་མ་ཡི་རྒྱ་དཔེ་དང་། །འབྲོམ་སྟོན་ཆོས་ཀྱི་རྒྱལ་པོའི་ན་བཟའ་གདུང་། །རྔོག་ལོ་ཁུ་དཔོན་གཉིས་ཀྱི་ན་བཟའ་དང་། །དགེ་བའི་བཤེས་གཉེན་སྒོམ་པ་པའི་སྐུ་རགས། །འཇམ་དབྱངས་པོ་ཏོ་རིན་ཅེན་གསལ་སྣམ་སྦྱར། །གསང་བདག་སྤྱན་སྔ་ཚུལ་ཁྲིམས་འབར་གྱི་སྐྲ། །དགེ་བའི་བཤེས་གཉེན་ཤ་པོ་སྒང་པའི་གདུང་། །ཟུལ་ཕུ་བྱ་འདུལ་ཆེན་པོའི་དབུ་སྐྲ་དང་། །ལྷོ་བྲག་ཕྱག་རྡོར་སྐུ་ཤ་དབུ་སྐྲ་རྣམས། །ལྷ་ཆོས་བདུན་ལྡན་བསྟན་འཛིན་བྱིན་རླབས་རྟེན། །བཀའ་བརྒྱད་འདི་ཡི་གདམས་པའི་ཉིང་ཁུའི་མཆོག །སྐྱེས་བུ་གསུམ་གྱི་ལམ་རིམ་མ་ནོར་བར། །ཐོས་བསམ་སྒོམ་པས་བསྟན་པ་ལེགས་འཛིན་པ། །མཉམ་མེད་དགའ་ལྡན་པར་གྲགས་དད་རྟེན་ལ། ཁམས་གསུམ་ཆོས་ཀྱིས་རྒྱལ་པོ་བཙོང་ཁ་པའི། །དབུ་སྐྲ་ཆབ་སེར་རིལ་བུ་ཕྱག་ཚའི་ཕྱེ། །རྡུལ་གཟན་བེར་ཟླམ་ཕྱག་ཚ་ཕྱག་ནས་བཅས། །རྒྱལ་ཚབ་མཁས་གྲུབ་རྫེ་དང་ཞ་ལུ་བ། །བ་སོ་ཆོས་རྒྱན་བློ་གྲོས་ཆོས་སྐྱོང་དང༌། །བློ་གྲོས་བརྟན་པ་སྨོན་


GLG016_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དཔལ་བ་སྟེ། །འཇམ་དབྱངས་བདུན་བརྒྱུད་ཅེས་གྲགས་མཚན་ལྡན་པའི། །དབུ་སྐྲ་ཕྱག་སེན་གཅིག་བསྡུས་རིལ་བུ་དང་། །མཁས་གྲུབ་དགེ་ལེགས་དཔལ་བའི་སྨན་འཕྲེང་ཕྱེ། །རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་ཞབས་ངར་རུས། །བ་སོ་ཆོས་ཀྱི་རྒྱལ་མཚན་དབུའི་ལོ་མ། །པཎ་ཆེན་བྱམས་པ་གླིང་པའི་ན་བཟའ་དང་། །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་བླ་གོས། །འཇམ་དབྱངས་སྨོན་ལམ་དཔལ་བའི་ཤངས་ཕྱིས་དང༌། །ཆོས་རྗེ་མདུང་རྩེ་རས་པའི་དབུ་སྐྱེས་སྐྲ། །འདར་སྟོན་བློ་བཟང་གྲགས་པའི་ཕྲེང་ཐག་དང་། །མཁས་གྲུབ་ནོར་བཟང་དབུ་ལོ་གདུང་རུས་བཅས། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ཡི། །དབུ་ལོ་སྐུ་རགས་པཎ་ཞྭའི་ཆ་ཤས་དང་། །གླིང་སྨད་ལྷ་དབང་རྒྱ་མཚོའི་གདུང་རུས་ཕྱེ། །པཎ་ཆེན་བསོད་ནམས་གྲགས་པའི་ན་བཟའ་སྐྲ། །སྔགས་རམ་རྡོ་རྗེའི་འཆང་གི་དབུ་སྐྱེས་སྐྲ། །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཡི། །དབུ་ཀླད་དབུ་སྐྲ་སྤུར་རས་རྟེན་འདམ་བཅས། །མགོན་ཁང་དམར་པོའི་རྡོ་ནག་མཎྜལ་འབྲུ། །མངའ་རིས་ལྷ་ཡི་བཙུན་པའི་དབུ་སྐྲ་དང་། །རྗེ་དྲུང་བསྟན་པ་རྒྱ་མཚོའི་ན་བཟའ་སྐྲ། །ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་ཡི། །དབུ་སྐྲ་སྤུར་རས་ཤངས་མཚལ་ཕྱེ་མ་བཅས། །མཁན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི། །ན་བཟའི་ཆ་ཤས་རྟེན་བསྡུས་རིལ་བུ་དང་། །སྨྲ་བའི་དབང་ཕྱུག་དཀོན་ཅོག་ཆོས་འཕེལ་གྱི། །དབུ་སྐྲ་རྟེན་རྣམས་བསྡུས་


GLG016_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིལ་བུར་བཅས། །རྡོ་རྗེ་འཆང་དངོས་དཔལ་འབྱོར་ལྷུན་གྲུབ་ཀྱི། །དབུ་ལོ་ཐུགས་ཀྱི་ཕྱེ་མ་ཕྱག་སེན་དང་། །གདུང་ཚ་བཏབ་པའི་སྒྲོལ་དཀར་སྤྱན་བདུན་སྐུ། །ངོས་ཀྱི་སྐྲ་གོས་མཚལ་ཁྲག་ལ་སོགས་པས། །མཐའ་རྟེན་ཙམ་དུ་བགྱིས་ནས་དགེ་ལུགས་རྟེན། །ཐེག་པའི་ཡང་རྩེ་གསང་ཆེན་རྙིང་མ་པའི། །བྱིན་རླབས་དད་རྟེན་བཞུགས་པའི་རིམ་པ་ལ། །དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང་། །ཤྲཱི་སིདྷ་བི་མ་ལ་རྣམས་ཀྱི། །དབུ་ལོ་ཕྱག་སེན་ཨྱོན་ཡབ་ཡུམ་གྱི། །བྱང་སེམས་དཀར་དམར་བྲམ་ཟེ་དུང་གི་ཕྲེང་། །ཏ་ཐཱ་ག་ཏ་ངན་ལམ་རྒྱལ་བ་མཆོག །མངའ་བདག་ཡབ་སྲས་ཆོས་དབང་ཐུགས་སྲས་དང་། །པདྨ་གླིང་པ་རྣམས་ཀྱི་སྐུ་ཡི་ཤ ། ཆོས་སྨན་སྣ་ཚོགས་གཅིག་ཏུ་ཉེར་བསྡོམས་པའི། །རྟ་བརྒྱ་མཛོ་བརྒྱ་རི་བའི་རིལ་བུ་དང་། །བྱེ་བྲག་ཤྲི་སིདྷའི་དབུ་སྐྱེས་སྐྲ། ཨྱོན་ཆེན་པོའི་དབུ་སྐྲ་ལྕང་ལོ་མ། །དེ་ཡི་ཆོས་གོས་གསེར་གྱི་པ་ཊ་རིས། །རིགས་འཛིན་པདྨ་གླིང་པའི་གཏེར་མར་བཅས། །ཨྱོན་ཡབ་ཡུམ་བྱང་ཆུབ་སེམས་དཀར་དམར། །པཎ་གྲུབ་ཆེན་པོ་བི་མ་ལའི་སྐུ་རགས། །ཁྲི་སྲོང་ལྡེ་བཙན་དབུ་སྐྱེས་ལྕང་ལོ་མ། །མཁར་ཆེན་བཟའ་ཡི་འཚོ་རྒྱལ་དབུ་ལོ་དང་། །བསམ་ཡས་ལོ་པཎ་དམ་ཆོས་བསྒྱུར་པའི་ཁྲི། །ལོ་ཆེན་བཻ་རོ་ཅོག་རོའི་ཕྱག་བྲིས་དང་། །མཁས་པ་ལྡན་མ་རྩེ་མང་ཡི་གེའི་སྒྲིལ། །ཉང་བན་ཆེན་པོ་ཏ་ཐཱ་ག་ཏའི་གདུང་། །ལྷ་ལུང་དཔལ་ཀྱི་རྡོ་རྗེའི་


GLG016_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་རྒྱན་ཤིང་། །བསམ་ཡས་བར་ཁང་རྒྱ་དཔེ་འཁྲུལ་པ་མེད། །རྒྱ་སྟོན་ཞང་ཁྲོམ་གཏེར་མའི་ཤོག་སེར་དང་། །མངའ་བདག་ཉང་གི་གདུང་རུས་དབུའི་རལ་པ། །དེ་ཡི་གཏེར་བྱོན་བཀའ་བརྒྱད་བདེ་གཤེགས་འདུས། །ལྷ་མོ་པ་ཊ་ཀུན་བཟང་ཤོག་སེར་ཟུང་། །ཐུགས་སྲས་མི་བསྐྱོད་རྡོ་རྗེའི་དབུ་སྐྲ་དང་། །བླ་མ་བྱ་ནག་ཆེན་པོས་གཟའ་བདུད་ཀྱི། །སྒྲུབ་གནས་ཁྱབ་འཇུག་ཐིམ་པའི་སྦྲ་ནག་གུར། །ཆོས་སྐྱོང་ཁྲ་བོར་གྲགས་པའི་བེར་ཆ་ཤས། གུ་རུ་ཆོས་དབང་དབུ་སྐྲ་སྐུ་ཡི་ཤ ། མྱོང་བས་གྲོལ་བ་ཆོས་སྨན་དམ་རྫས་མཆོག །ཐུགས་སྲས་པདྨ་དབང་ཆེན་སྐུ་ཡི་ཤ ། ཆོས་བདག་སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུའི་གདུང་། །གུ་རུ་ཡེ་ཤེས་ཁྱུང་གྲགས་ཤོག་སེར་དང་། །གཡོར་པོ་གཡུང་སྟོན་གདུང་གི་ཤ་རཱི་རཾ། །ཨྱོན་ཕྱག་གི་རྗེས་ལྡན་ངོ་མཚར་བའི། །ཤོག་སེར་ཨྱོན་གླིང་པས་སྤྱན་དྲངས་པ། །གཏེར་སྟོན་དྲི་མེད་ཀུན་དགའི་དབུ་སྐྱེས་སྐྲ། །རིགས་འཛིན་རྒོད་ཀྱི་ལྡེམ་ཕྲུའི་དབུ་རལ་དང་། །ཡུན་རིང་བཞེས་པའི་དབུ་ཞྭའི་ནང་གི་དར། །དེའི་གཏེར་རྣམ་སྲས་འཇང་ཡུལ་མའི་དར་ལྕེ། །གཏེར་སྟོན་སངས་རྒྱས་གླིང་པའི་དབུ་ལོ་དང་། །དེ་ཡི་གཏེར་མའི་དམ་རྫས་རོལ་པ་ཆེ། །ཨྱོན་རྡོ་རྗེ་གླིང་པའི་ན་བཟའ་དང༌། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཡི། །དབུ་སྐྲ་སླེ་བེམ་གཏོར་མ་ཚེའི་དམ་རྫས། །གླིང་པ་གསུམ་གྱི་མཚན་ལྡན་རཏྣ་ཡི། །གདུང་རུས་གསིལ་བུ་དང་ནི་ཤོག་སེར་བཅས། །སྤྲུལ་སྐུ་པདྨ་གླིང་པའི་སྤུར་གྱི་རས། །དཀར་པོ་ཀུན་གྲགས་དབུ་སྐྲ་ལྕང་


GLG016_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མ། །མདོ་སྔགས་གླིང་པ་མཆོག་ལྡན་མགོན་པོ་དང༌། །གཏེར་སྟོན་ཀུན་སྐྱོང་གླིང་པ་གཉིས་ཀྱི་སྐྲ། །བསེ་སྟོན་རིན་རྒྱན་དབུ་རལ་སྐུ་ཤམ་དཀར། །མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི། །སྐུ་གདུང་རུས་པའི་ཕྱེ་མ་སྣམ་སྦྱར་བཅས། །མངའ་རིས་རིགས་འཛིན་ལེགས་ལྡན་རྡོ་རྗེ་ཡི། །དབུ་སྐྲ་གདུང་རུས་སྐྱེ་བདུན་རིལ་བུ་དང་། །གཏེར་ཁ་དུ་མའི་ཚེ་དཔག་མེད་མགོན་གྱི། །སྒོ་ནས་ཉེ་བར་བསྒྲུབས་པའི་ཚེའི་དམ་རྫས། །ཨྱོན་ལས་འཕྲོ་གླིང་པའི་ཤོག་སེར་དང་། །འབྲི་གུང་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ཀྱི། །དབུ་རལ་དམ་རྫས་བདུད་རྩི་ཆོས་སྨན་བཅས། །རྒྱལ་སྲས་བསྟན་པའི་འབྱུང་གནས་ཀྱི་རྟེན་འདམ། །མཉམ་མེད་ནུབ་དགོན་བྱམས་པ་ཆོས་རྒྱན་གྱི། །གསོལ་ཕོད་རྡོ་རྗེའི་གོང་པའི་དུམ་བུ་དང་། །ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་དབུའི་རལ་པ། །སྐུ་རགས་པཎ་ཞུ་ཚེ་བདག་སྒྲུབ་གཏོར་ཕྱེ། །གསང་རྫོགས་སྒོ་ནས་བསྒྲུབས་པའི་བདུད་རྩི་སྨན། །བཀའ་དགུའི་བུམ་ཆུ་གཅིག་བསྡུས་རིལ་བུར་བཅས། །ལྷ་བྲོ་ཀརྨ་གུ་རུའི་ཆོས་སྨན་དང་། །སྣང་གསལ་ཀུན་དགའ་ཚེམ་ཆོག་དབུ་ཡི་ཞྭ། །བྱང་པ་རིགས་འཛིན་ངག་གི་དབང་པོ་ཡི། །དབུ་སྐྲ་འགྲོ་དོན་ལས་སྦྱོར་ལྡང་རིལ་བུ། །དེའི་གཅུང་རིགས་འཛིན་འཕྲིན་ལས་རྣམ་རྒྱལ་ཞེས། །མཚོ་སྐྱེས་བཞད་པའི་དབང་པོའི་གདུང་རུས་དང་། །ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུ་ཡི། །དབུ་ཪལ་གདུང་རུས་བསྒྲུབས་པའི་སྐྱེ་བདུན་རིལ། །


GLG016_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འཛིན་ཀུན་བཟང་རྣམ་རྒྱལ་གྱིས་བསྒྲུབས་པའི། །ཐུགས་རྗེ་ཆེན་པོའི་ལས་སྦྱོར་ལྔའི་རིལ་བུ། །རིགས་འཛིན་སྲོག་སྒྲུབ་འཆི་མེད་ཚེ་ཡི་རྫས། །རིགས་ཀུན་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི། །དབུ་སྐྲ་མྱོང་གྲོལ་རིལ་བུ་འཕེལ་ཁ་ཅན། །བདེ་འདུས་སྒོ་ནས་བསྒྲུབས་པའི་བདུད་རྩི་སྨན། །ཚེ་དཔག་སྐུ་གསུམ་རིགས་བསྡུས་དབང་གཏོར་དང་། །ཉི་ཟླའི་ཕབ་རྒྱུན་བཅས་པ་ངོ་མཚར་ཅན། །སྤྲུལ་པའི་སྐྱེས་མཚོག་རཏྣ་གླིང་པ་སོགས། །གཏེར་ཁ་མང་པོའི་དམ་རྫས་ཚེ་རིལ་ཏེ། །འཆི་མེད་གྲུབ་པའི་བྱིན་རླབས་གཟི་འབར་ཅན། །དཔལ་ལྡན་ས་སྐྱའི་དད་རྟེན་རིམ་པ་ལ། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་བིརྺ་པའི། །རུས་པའི་རྒྱན་དང་བདུད་རྩི་རིལ་བུ་བཅས། །ཀླུ་དབང་བསྲུང་སོགས་འཁོན་སྟོན་རིམ་བྱོན་གྱི། །གདུང་དང་རིང་བསྲེལ་ཐེག་ཆེན་ཆོས་རྗེའི་ཤ། དཀར་པོ་རྣམ་པ་གསུམ་གྱིས་ལེགས་བསྒྲུབས་པའི། །བདུད་རྩི་རིལ་བཅས་ཕྱོགས་གཅིག་བསྡུས་པ་ཡི། །རྟ་བརྒྱ་མཛོ་བརྒྱ་རི་བའི་རིལ་བུ་དང་། །འཁོན་རོག་ཆེན་པོ་ཤེས་རབ་ཚུལ་ཁྲིམས་ཀྱི། །རུས་པའི་རྒྱན་དང་གསང་སྔགས་བཟླས་པའི་འཕྲེང་། །བ་རི་ལོ་ཙཱ་རིན་ཅེན་གྲགས་ན་བཟའ། །དཀོན་ཅོག་རྒྱལ་པོའི་ཀ་ལིའི་ན་བཟའ་དར། །དེ་དང་ཐུགས་སྲས་རྗེ་བཙུན་བརྩེ་བ་ཆེ། །ཐུན་མོང་ན་བཟའ་ཡུན་རིང་ལོངས་སྤྱོད་པ། །ས་ཆེན་ཉིད་ཀྱི་སྐུ་བེམ་རུས་པའི་རྒྱན། །སློབ་དཔོན་བསོད་ནམས་རྩེ་མོས་ཡུན་རིང་དུ། །བཞེས་པའི་ན་བཟའ་དང་ནི་གར་ཕོད་བཅས། །


GLG016_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་གྲགས་པའི་ཕྱག་འཕྲེང་མེ་འབར་མ། །བདུད་རྩི་རིལ་བུ་ན་བཟའ་ཁ་ཏྭཱཾ་འཕན། །ས་སྐྱ་པཎ་ཆེན་སྣམ་སྦྱར་དབུ་ཞྭ་དང་། །འགྲོ་མགོན་འཕགས་པའི་རྡོ་རྒྱུད་ཀྱི་པང་ཁེབས། །སྐུ་བེམ་ནང་ཤ་ཕྱག་འཕྲེང་ལུང་ཐང་མ། །དཔལ་ལྡན་བླ་མ་དམ་པའི་སྐུའི་བླ་གོས། །རྗེ་བཙུན་གོང་མའི་ཕུར་པའི་རྡུལ་ཚོན་ས། །སྔགས་འཆང་གཟུངས་ཀྱི་དཔལ་བའི་ཕོད་ཀ་དང་། །ཐེག་ཆེན་ཆོས་རྗེའི་སྐུ་ཤ་སྤུར་རས་གདུང་། །ངོར་ཆེན་ཀུན་དགའ་བཟང་པོའི་བླ་གོས་དང་། །ཆོས་རྗེ་རྡོ་རྗེ་གདན་པའི་སྐུའི་ཤམ་ཐབས། །བདག་ཆེན་རྒྱ་གར་ཤེར་རྒྱན་གདུང་རུས་དང་། །བདག་ཉིད་ཆེན་པོ་བློ་གྲོས་རྒྱལ་མཚན་གྱི། །གདུང་རུས་བདུད་རྩི་རིལ་བུ་ལུང་བསྟན་མ། །ས་སྐྱའི་རྟེན་འདམ་དཔེ་བྲལ་མ་ཡི་ཕྱེ། །ཀུན་སྤངས་རྡོ་རིང་ཆེན་པོའི་སྤུར་གྱི་ཚྭ། །ས་ལོ་འཇམ་དཔལ་རྡོ་རྗེའི་ན་བཟའ་སྐྲ། །སྒོ་རུམ་ཀུན་དགའ་ལེགས་པའི་དབུ་སྐྲ་གདུང་། །མཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་རགས་དང་། །དབུ་ལོ་ཤངས་མཚལ་གདུང་ཚ་སྒྲོལ་དཀར་སྐུ། །ཚེ་དཔག་མེད་མགོན་རྣམ་གྲངས་དུ་མ་ཡི། །སྒོ་ནས་བསྒྲུབས་པའི་འཆི་མེད་ཚེའི་དམ་རྫས། །ཐུགས་དམ་རྟག་གཏོར་བདུན་ཚར་ཕྱེ་མར་བཅས། །རྗེ་བཙུན་ཀུན་དགའ་གྲོལ་མཆོག་དབུ་ལོ་དང་། །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཤངས་མཚལ་གདུང་། །གསར་རྙིང་ཚེ་དཔག་མེད་མགོན་དུ་མ་ཡི། །སྒོ་ནས་བསྒྲུབས་པའི་འཆི་མེད་བཅུད་ལེན་རྫས། །སྐྱེ་བདུན་བདུད་རྩིའི་རིལ་བུ་སྤྱན་རས་གཟིགས། །


GLG016_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་མང་ལུགས་བཞིན་བསྒྲུབས་པའི་རིལ་བུར་བཅས། །བོད་མཁར་དོན་གྲུབ་རྒྱལ་མཚན་དབུ་སྐྲ་དང་། །མཁན་ཆེན་གཞོན་ནུ་བློ་གྲོས་ཀྱིས་བསྒྲུབས་པའི། །བདུད་རྩི་རིལ་བུ་རྟག་གཏོར་བདུན་ཚར་ཕྱེ། །བོ་དོང་མཁན་ཆེན་བསླབ་གསུམ་རྒྱལ་མཚན་གདུང་། །སྔགས་འཆང་ཆེན་པོ་བསོད་ནམས་ཆོས་འཕེལ་གྱི། །གདུང་ཚ་བཏབ་པའི་རྣམ་རྒྱལ་གདུགས་དཀར་སྐུ། །བདག་ཆེན་བསོད་ནམས་དབང་པོའི་དབུ་སྐྲ་དང་། །དམ་རྫས་བདུད་རྩི་རིལ་བུཪ་ཕྱེ་མར་བཅས། །རྡོ་རྗེ་འཛིན་པ་དབང་ཕྱུག་རབ་བརྟན་གྱི། །ན་བཟའ་བདུད་རྩི་རིལ་བུ་བསྒྲུབ་གཏོར་བཅས། །འཁོར་ལོའི་མགོན་པོ་བསོད་ནམས་མཆོག་ལྡན་གྱི། །དབུ་སྐྲ་བཀའ་འགྱུར་གེགས་སེལ་སྔགས་ཐུན་དང་། །ཀྱེ་རྡོར་མན་ངག་ལུགས་ཀྱི་རྡུལ་ཚོན་དང་། །ས་སྐྱ་པར་གྲགས་གྲུབ་པའི་མཐའ་ཡི་རྟེན། །ཤངས་པ་བཀའ་བརྒྱུད་གྲགས་པའི་དད་རྟེན་ལ། །ནཱ་རོའི་ལྕམ་མོ་མཁའ་འགྲོ་ནེ་གུའི་གདུང་། །ཟུང་འཇུག་སྐུ་བརྙེས་འབྱུང་པོའི་གདུང་ཐལ་དང་། །མཉམ་མེད་རྨོག་ལྕོག་རིན་ཅེན་བརྩོན་འགྲུས་གདུང་། །ཐུགས་རྗེ་ཆེན་པོ་སྐྱེར་སྒང་པའི་ན་བཟའ། །གྲུབ་དབང་ཀུན་དགའ་རྒྱལ་མཚན་གྱི་པུས་འཁྱུད། །དེ་ཡི་གསང་ཡུམ་ཀུན་དགའ་དཔལ་མོ་ཞེས། །མཁའ་འགྲོ་འགྲོ་བ་བཟང་མོའི་སྤྲུལ་པའི་གདུང་། །དྭགས་པོ་བཀའ་བརྒྱུད་ཕྱོགས་ཀྱི་དད་རྟེན་ལ། །རྗེ་བཙུན་མི་ལས་དགུང་ལོ་བཞི་བཅུ་ནས། །བརྒྱད་ཅུའི་བར་བཅངས་སྒོམ་ཐག་བྱིན་རླབས་ཅན། །སྒམ་པོ་ཟླ་འོད་གཞོན་ནུའི་དབུ་ལོ་འཕྲེང་། །དཔལ་ལྡན་


GLG016_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་གྲུ་པའི་དབུ་སྐྱེས་སྐྲ། །ན་བཟའ་བདུད་རྩི་རིལ་བུ་ཕྱག་ནས་དང་། །སྐུ་འབུམ་བྲག་གི་འགྲོ་མགོན་གསུང་བྱོན་མའི། །སྐུ་ཤ་བྱི་བས་ཟོས་པའི་རས་མའི་ས། །འབྲི་ཁུང་སྐྱོབ་བ་འཇིག་རྟེན་གསུམ་མགོན་དང་། །སྤྱན་སྔ་ཆོས་ཀྱི་རྒྱལ་པོ་གཉིས་དབུ་སྐྲ། །ཡང་མགོན་ཐུགས་ཀྱི་རྡོ་རྗེའི་དབུ་སྐྲ་དང་། །གྲུབ་པ་མཆོག་བརྙེས་གཡའ་བཟང་ཆོས་སྨོན་ལམ། །རྟོགས་པའི་མངའ་བདག་གླིང་རས་གཉིས་ཀྱི་གདུང་། སྙིང་རུས་མཐར་ཕྱིན་རྒོད་ཚང་པའི་དབུ་སྐྲ། །སྤྱན་སྔ་ལྷ་གཟིགས་རས་པའི་ཤངས་ཕྱིས་གདུང་། །འཇའ་ཚུགས་རིལ་བུ་མ་བུ་རིམ་པ་གཉིས། ཁམས་པ་དབུ་སེ་པཀྴི་གཉིས་ཀྱི་སྒྲ། །ཨྱོན་རིན་ཅེན་དཔལ་པའི་སྒོམ་ཐག་དང་། །མཁྱེན་པའི་སྤྱན་སྔ་རང་བྱུང་རྡོ་རྗེའི་གདུང༌། །ཆོས་རྗེ་རོལ་པའི་རྡོ་རྗེའི་ན་བཟའ་དང་། །དྲུང་པ་མཐོང་བ་དོན་ལྡན་ཤངས་མཚལ་ཕྱེ། །སྤྱན་སྒ་ཞྭ་དམར་བཞི་པ་ཆོས་གྲགས་པའི། །ཤངས་མཚལ་ཕྱེ་མ་ན་བཟའི་དུམ་བུ་དང་། །འབབ་རོང་དྷརྨ་དབང་ཕྱུག་དབུ་སྐྱེས་སྐྲ། །དཔལ་ལྡན་ཁམས་པ་སྒ་ལོའི་གདུང་སོལ་དང་། །མལ་ཡེར་ཆེན་པོ་སྨོན་ལམ་བཙན་གྱི་གདུང་། །འགྲོ་བའི་མགོན་པོ་གཡུ་བྲག་པའི་ན་བཟའ། །བཀའ་བརྒྱུད་སྤྱི་དང་བྱེ་བྲག་བཅས་པའི་རྟེན། །ཡུངས་འབྲུ་ལྟ་བུ་སྐུ་གདུང་སྐུ་བལ་གྱི། །རིང་བསྲེལ་གསུམ་གྱི་གྲངས་ཙམ་བརྗོད་ཟིན་ནས། །གཙོ་བོཪ་ཆོས་སྐུའི་ཪིང་བསྲེལ་སྙིང་པོ་ཅན། །མདོ་དང་རྒྱུད་སྡེའི་གཟུངས་སྔགས་རིམ་པ་ལ། །རྣམ་རྒྱལ་དྲི་མེད་


GLG016_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་རིང་བསྲེལ་དང་། །བྱང་ཆུབ་རྒྱན་འབུམ་རྟེན་འབྲེལ་སྙིང་པོ་སྟེ། །ཡོངས་སུ་གྲགས་པའི་གཟུངས་ཆེན་སྡེ་ལྔ་དང་། །ཆེ་མཆོག་ཡང་དག་འཇམ་དཔལ་རྟ་མགྲིན་དབང་། །ཕུར་པ་མངོན་རྫོགས་རིགས་འཛིན་དྲེགས་པ་འདུལ། །སྟོབས་ལྡན་ནག་པོ་བཀའ་བརྒྱད་སྤྱི་ཡི་སྔགས། བྲག་བཅོམ་ལྡན་བཛྲ་ཀི་ལཱ་ཡ། །ཟིལ་གནོན་སྐུ་གསུང་ཐུགས་སྔགས་ཨྱེེ་རིང་དང་། །པདྨ་ཡང་གསང་ཁྲག་འཐུང་ལྷ་དགུའི་སྔགས། །གསང་འདུས་མི་བསྐྱོད་རྡོ་རྗེ་སོ་གཉིས་ལྷ། །དགྲ་གདོང་འཇིགས་གསུམ་སྙིང་པོ་ཕྲེང་སྔགས་དང་། །དཔལ་ལྡན་དུས་ཀྱི་འཁོར་ལོའི་ཉེ་བའི་སྙིང་། །རྐང་པ་བཅུ་དྲུག་པ་ཡི་ཕྲེང་སྔགས་བཅས། །ཀྱེ་རྡོར་མན་ངག་ལུགས་ཀྱི་སྙིང་པོ་དང༌། །འཕྲེང་བའི་གསང་སྔགས་མཆོག་གྱུར་ཨཱཥྚཱའི་གཟུངས། །བཅོམ་ལྡན་བདག་མེད་ལྷ་མོ་དགུ་ཡི་སྔགས། །མཁའ་འགྲོ་རྡོ་རྗེ་གུར་གྱི་རྩ་བའི་གཟུངས། །དེ་ལས་གསུངས་པའི་ཁྲོ་བོ་བཅུ་ཡི་སྔགས། །ཀྱེ་རྡོར་བཅུ་བདུན་མ་དང་བདག་མེད་མ། །ཀུ་རུ་ཀུལླེ་རྣམས་ཀྱི་གཟུངས་སྔགས་དང་། །བདེ་མཆོག་ལུ་ནག་དྲིལ་གསུམ་ཡབ་ཡུམ་གྱི། །སྙིང་པོ་འཕྲེང་བའི་སྔགས་རིང་དང་བཅས་པ། །བདེ་མཆོག་གདན་བཞི་རྣལ་འབྱོར་ནམ་མཁའ་ཡི། །ཡབ་ཀ་ཡུམ་ཀ་གཉིས་ཀྱི་གཟུངས་སྔགས་དང་། །བདེ་མཆོག་འཁོར་ལོས་སྒྱུར་དྲུག་སྒྱུ་མ་ཆེ། །དཔལ་ལྡན་སངས་རྒྱས་ཐོད་པ་རྣམས་ཀྱི་གཟུངས། །ནཱ་རོ་མཁའ་སྤྱོད་སྙིང་པོ་ཨོཾ་གསུམ་མ། །གུར་ལས་གསུངས་པའི་ཡི་གེ་བརྒྱ་པ་དང་། །རྡོ་རྗེ་དབྱིངས་དང་ཀུན་རིག་རྩ་བའི་སྔགས། །


GLG016_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་དབྱིངས་ཆོས་དབྱིངས་སྔགས་དབྱིངས་སྙིང་པོ་གསུམ། །རབ་ཏུ་གནས་པར་བྱེད་པའི་གསང་སྔགས་དང་། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་སྔགས། །དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་དང༌། །སངས་རྒྱས་དྲི་མེད་སྙིང་པོ་སྨན་གྱི་བླ། །རྣམ་སྣང་མི་བསྐྱོད་རིན་འབྱུང་འོད་དཔག་མེད། །དོན་ཡོད་གྲུབ་པ་འཇམ་དཔལ་བློ་འཕེལ་དང་། །འཇམ་དཔལ་རྡོ་རྗེ་དཔའ་བོ་གཅིག་སྒྲུབ་པའི། །འཇམ་དབྱངས་གཟུངས་དང་སྲོག་ཤིང་བརྟན་པའི་སྔགས། །ཚེ་དཔག་མེད་ཀྱི་མཚན་སྔགས་བརྒྱ་རྩ་བཅས། །རྔ་སྒྲའི་ཚེ་གཟུངས་དཔའ་བོ་གཅིག་གྲུབ་དང་། །སྦྱོང་རྒྱུད་རྣམས་ལས་གསུངས་པའི་ཚེ་ཡི་གཟུངས། །སྤྱན་རས་གཟིགས་དབང་ཕྱག་རྡོར་གཟུངས་རིང་དང༌། །འགྲོ་བ་ཀུན་སྒྲོལ་རིགས་དྲུག་གནས་འདྲེན་སྔགས། །གདུགས་དཀར་རྣམ་འཇོམས་མི་འཁྲུག་ཀཾ་ཀ་ནི། །སོར་འབྲང་སྟོང་ཆེན་རབ་འཇོམས་རྨ་བྱ་ཆེ། །གསང་སྔགས་རྗེས་འཛིན་བསིལ་བའི་ཚལ་གྱི་གཟུངས། །རྡོར་སེམས་ཡི་གེ་བརྒྱ་པ་ཞལ་བཞི་པའི། །གཟུངས་དང་རྒྱུད་སྡེ་འོག་མའི་ཁྲོ་བཅུའི་སྔགས་། །མཚམས་མེད་སྒྲིབ་སྦྱོང་བྱམས་པས་དམ་བཅས་གཟུངས། །ཤེས་རབ་ཕར་ཕྱིན་ཡི་གེ་ཉུང་ངུ་དང་། །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་གཉིས་ཀྱི་གཟུངས། །མཆོད་པའི་སྤྲིན་དང་འཕགས་པ་གཙུག་གི་ནོར། །རིན་ཆེན་ཁང་བུ་བརྩེགས་པ་དག་གི་གཟུངས། །ཡེ་ཤེས་མགོན་པོ་ཕྱག་དྲུག་ལས་གཤིན་དང་། །རྣམ་སྲས་རྟ་བདག་


GLG016_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་གཟུངས་སྔགས་རྣམས། །དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མའི། །སྙིང་པོ་བྷྱོ་བདུན་འཆར་ཀའི་ཤ་རི་བྷྱོཿ། །གནམ་སྨན་བདུད་དང་མ་མོ་གཤིན་རྗེ་བདུན། །ཉི་ཤུ་རྩ་བརྒྱད་སོ་སོའི་སྲོག་གི་སྔགས། །གུར་མགོན་ཞལ་དང་པུ་ཏྲ་བེག་རྩེ་ཡི། །བོད་རྦད་བསད་པའི་སྔགས་རྣམས་མ་ཚང་མེད། །ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དབང་ཕྱུག་དང་། །ལྷ་མོ་བརྒྱད་དང་ཕྱོགས་སྐྱོང་ནམ་མཁའ་ལྡིང་། །རྒྱལ་ཆེན་བཞི་དང་ཚེས་གྲངས་གཟའ་སྐར་གཟུངས། །ཏིལ་གྱི་གང་བུ་ལྟ་བུར་གང་བ་དང་། །ཉེས་པ་མ་ལུས་སེལ་བའི་གཟུངས་སྔགས་ཏེ། །ཕ་རྒྱུད་མ་རྒྱུད་ཡོ་ག་བྱ་སྤྱོད་དང་། །ཆོས་སྐྱོང་སོ་སོའི་འདོད་གསོལ་སྐབས་ཐོབ་སྦྱར། །ཀུན་ཀྱང་སྦྱོང་རྒྱུར་དགོངས་པ་ཇི་བཞིན་དུ། །རྩ་བའི་རིག་པ་སྦྲུལ་འཁྱིལ་ལྟར་སྒྲིལ་བ། །སྟོད་སྨད་བར་དང་པདྨར་བཅས་པའི་གཟུངས། །གོང་འོག་མ་འཁྲུགས་དཔྱད་བཟོད་ཁོ་ནར་བཞུགས། །སྤྲེལ་ཟླའི་ཚེས་བཅུར་བཏབ་པའི་ཨྱོན་སྐུ། །ས་ར་ཧ་དང་ཀླུ་སྒྲུབ་བིརླ་པ། །ཇོ་བོ་ཆེན་པོ་ཁ་ཆེ་པཎྜི་ཏ། །ས་པཎ་རྗེ་བཙུན་དཔལ་འབྱོར་ལྷུན་གྲུབ་ཞབས། །དྲག་པོ་སྩལ་དང་ཕུར་པ་དཔལ་རྟ་མགྲིན་། །རྡོ་རྗེ་འཇིགས་བྱེད་ནཱ་རོ་མཁའ་སྤྱོད་མ། །ཚེ་དཔག་མེད་མགོན་སྒྲོལ་དཀར་རྣམ་པར་རྒྱལ། །འཇམ་དབྱངས་གདུགས་དཀར་ལོ་མ་གྱོན་མ་དང་། །ཀུ་རུ་ཀུལླེ་ལྷ་ཆེན་འདོད་པའི་རྒྱལ། །དཔལ་ལྡན་ཕྱག་དྲུག་པ་དང་གུར་གྱི་མགོན། །ལས་ཀྱི་གཤིན་རྗེ་རྒྱལ་ཆེན་རྣམ་ཐོས་སྲས། །བླ་མ་ཡི་དམ་བྱང་སེམས་ཆོས་


GLG016_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་སྐུ། །དྲི་བཟང་མདངས་ཀྱིས་མདོག་བསྒྱུར་སྲོག་ཤིང་ལ། །སྟེང་འོག་བྲི་བྱའི་གཟུགས་བརྙན་ལེགས་བཀོད་ཕྱིར། །སྲོག་ཤིང་བརྟེན་པ་རིག་པ་ཆེན་མོ་དག །རིན་ཅེན་གསེར་སྦྱངས་ཁུ་བས་དག་པར་བྲིས། །སྐུ་གསུང་ཐུགས་གསུམ་བྱིན་གྱིས་རློབ་བྱེད་པའི། །མཚན་མ་སྔགས་དང་ཏིང་འཛིན་ཟུང་འཇུག་དང་། །རིགས་ལྔ་ཡབ་ཡུམ་འཁོར་ལོ་ཁ་སྦྱོར་རྣམས། །འཁྲུལ་པ་མེད་པའི་མན་ངག་ཇི་བཞིན་བཞུགས། །བྱེ་བྲག་སྐུ་བརྙན་སོ་སོའི་དམིགས་བསལ་ལ། །རིགས་འཛིན་ཨྱོན་པདྨ་འབྱུང་གནས་སྐུར། །ཟང་ཐལ་བདེ་འདུས་ཁྱབ་འཇུག་བླ་བརྒྱུད་མཚན། །ཤྲཱི་སིདྷ་ཆེ་མཆོག་གཟའ་གདོང་སྐུ། །ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་སྐུར། །གསང་འདུས་འཇིགས་བྱེད་རྒྱ་ཆེན་སྤྱོད་པ་དང་། །ཟབ་མོ་ལྟ་བ་ཉམས་ལེན་བྱིན་རླབས་བརྒྱུད། །ཕྱག་དྲུག་རྣམ་སྲས་ལས་གཤིན་བླ་བརྒྱུད་མཚན། །ལྷོ་བྲག་གྲུབ་ཆེན་འཇིགས་བྱེད་ལས་གཤིན་སྐུ། །པད་དཀར་འཛིན་པ་བསོད་ནམས་རྒྱ་མཚོའི་སྐུར། །འཁོར་ལོ་སྡོམ་པ་ནཱ་རོ་མཁའ་སྤྱོད་དང་། །གུར་མགོན་ཞལ་དང་བེག་རྩེའི་བླ་བརྒྱུད་མཚན། །སྔགས་རམ་རྗེ་དང་བདེ་མཚོག་བེག་རྩེའི་སྐུ། །འདྲ་འབག་ནང་དུ་སྐུ་གསུམ་རིགས་བསྡུས་དང་། །འཆི་མེད་དཔལ་སྟེར་རྡོ་རྗེ་དྲག་པོ་རྩལ། །ཚེ་ཕུར་གསུང་ངག་རྣམ་རྒྱལ་དམག་ཟོར་ལྷའི། །བླ་བརྒྱུད་མཚན་དང་བཅས་པའི་བླ་མ་མཆོག །ཟིལ་གནོན་རེ་མ་ཏི་ཡི་སྐུའི་སྣང་བརྙན། །དབང་རྟགས་ཅོད་པན་སླར་སྐྱེས་སྦུགས་དང་


GLG016_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །ཀུན་ཀྱང་བཞུགས་གནས་འཁྲུལ་པ་མེད་པ་ལ། །རང་རང་སྐབས་དང་སྦྱར་བའི་འདོད་གསོལ་ཅན། ཁྱད་པར་ཆོས་སྐྱོང་རྣམས་ལ་དགོན་གནས་སྟེ། །བཤད་སྒྲུབ་བཅའ་ཁྲིམས་ཕྱི་ནང་མཐུན་རྐྱེན་སོགས། །འཕྲིན་ལས་རྣམ་བཞིའི་སྒོ་ནས་གཉེར་གཏད། །ས་སྣ་རྡོ་སྣ་ཤིང་སྣའི་རིམ་པ་ལ། །རྫོགས་སངས་རྒྱས་ལ་ཀླུ་ཡིས་ཕུལ་པའི་ཁྲི། །རྒྱལ་པོའི་ཁབ་དང་ནཻ་རཉྫ་རའི་ས། །བལ་པོ་ཤིང་ཀུན་བྱ་རུང་ཁ་ཤོར་དང་། །སྟག་མོ་ལུས་བྱིན་ཡང་ལེ་ཤོད་ཀྱི་ཕུག །ཏི་སེའི་ས་རྡོ་གངྒཱའི་ཆུའི་རིལ་བུ། །མ་ཕམ་མཚོ་ཡི་བྱེ་མ་རྣམ་པ་ལྔ། །ཆུ་བོ་ཆེན་པོ་མ་དྲོས་པའི་མཚོ་ཟན། །རྒྱ་ནག་རི་བོ་རྩེ་ལྔའི་ས་དང་རྡོ། །འཇམ་དབྱངས་ཆིབས་ཀྱི་སེང་གེའི་ཞབས་རྗེས་ས། །ལྷ་ས་བསམ་ཡས་ཁྲ་འབྲུག་ཡེར་པ་དང་། །ཡང་རྫོང་མཆིམས་ཕུ་ཤེལ་བྲག་གཡའ་མ་ལུང་། །ཡུམ་བུ་གླ་སྒང་མཁར་ཆུ་ཟམ་ཕུ་ལུང་། །ཏེ་དྲོར་མཁའ་འགྲོས་བརྩིགས་པའི་ཨྱོན་གྱི། །བཞུགས་ཁྲི་དང་ནི་མཁའ་འགྲོའི་ཟས་ཀྱི་ཕྱེ། །བསམ་ཡས་མཆོད་རྟེན་དཀར་དམར་སྔོ་གསུམ་ས། །ཡེར་པའི་སྒྲུབ་ཆུ་རྣམས་ཀྱི་རིལ་བུ་དང་། །སྐེག་སྲི་གཅོད་པ་གུང་ཐང་ཁྱི་འབུམ་ས། །མེ་ཏོག་ཨུ་དུམ་ཝ་ར་ཨུཏྤ་ལ། །སྦས་ཡུལ་འབྲས་གཤོངས་ས་རྡོ་ཤིང་སྣའི་རིགས། །ཆོས་འཁོར་རྒྱལ་གྱི་དམག་ཟོར་ལྷ་མོ་དང་། །མགོན་པོ་ཞལ་སོགས་བླ་མཚོ་མང་པོ་ཡི། །རྡེའུ་ས་སྣ་མཚོ་ཡི་རིལ་བུ་དང་། །ཡེ་ཤེས་འཁོར་ལོ་ཙ་རི་ཏྲའི་མཚོ་ཟན། །གནས་དེའི་དངོས་གྲུབ་ལེན་


GLG016_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚོ་བཞི་ལ། །ལེགས་པར་སྤངས་པའི་འཇམ་མཉེན་རས་དཀར་ཏེ། །བཀྲ་ཤིས་བྱིན་རླབས་གཡང་དུ་ཉེར་ཆགས་པ། །མི་ཟད་སྣོད་ཀྱི་ཡོན་ཏན་ངོ་མཚར་གཏེར། །སྲིད་ཞིའི་བརྟན་པ་མ་ལུས་ཡོངས་འཕྲོག་པའི། །བཅོམ་ལྡན་རིག་བྱེད་ལྷ་མོའི་འཁྲུལ་འཁོར་གྱི། །བཤད་སྒྲུབ་ཐོས་བསམ་སྒོམ་དང་དཔལ་འབྱོར་སོགས། །དབྱར་གྱི་ཆུ་བོའི་སྤུན་ཟླར་བྱེད་ཐབས་དང་། །སྦྱིན་པའི་བདག་པོའི་ལོངས་སྤྱོད་བསྒྲུབ་པ་ལ། །དཔའ་བོ་གཅིག་སྒྲུབ་རྒྱུད་ནས་ཉེཪ་གསུངས་པའི། །གནོད་སྦྱིན་ཕོ་དགུ་མོ་དགུའི་འཁོར་ལོ་ཡང་། །ཞབས་སྡོམས་དང་བཅས་མ་ནོར་ལེགས་བྲིས་པ། །དཀར་གསུམ་ལ་སོགས་གཙང་སྦྲ་སྔོན་འགྲོ་བས། །བགེགས་སྦྱངས་དམ་ཚིག་པ་ལ་ཡེ་ཤེས་བཅུག །མཆོད་དང་བསྟོད་པར་བྱེད་པའི་ཏིང་འཛིན་དང་། །འབུམ་ཕྲག་ཉེ་བའི་བཟླས་བརྗོད་བསྙེན་པས་བསྒྲུབས། །རྣམ་རྒྱལ་མཆོད་རྟེན་རིང་བསྲེལ་རྣམ་པ་བཞི། །སྲོག་ཤིང་གནོད་སྦྱིན་བང་མཛོད་ལ་སོགས་པ། །གོང་དང་ཆ་མཚུངས་ཙམ་ལས་ཁྱད་པར་དུ། །དྲི་མེད་འོད་ཀྱི་མཆོད་རྟེན་སྲོག་ཤིང་སྔགས། །མཆོད་རྟེན་ཡོ་བྱད་བྱིན་གྱིས་རླབས་པའི་གཟུངས། །མཆོད་རྟེན་ར༴་གནས་མཆོད་སྐོར་གྲིབ་སེལ་གྱི། །གཟུངས་དང་འཆི་བ་མེད་པའི་འདོད་གསོལ་རྣམས། །ལེགས་པར་སྦྱར་བའི་སྐད་ཀྱི་དག་པར་བསྒྲུབས། །བུམ་རྫས་ཉེར་ལྔ་ལ་སོགས་སྨན་སྣ་དང་། །སྤོས་


GLG016_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲི་བཟང་གསེར་དངུལ་འབྲུ་སྣ་ཕྱེ། །དར་ཟབ་རས་སོགས་མཁོ་རྒུའི་བདོག་པ་ཡིས། །གསེར་འཕྱང་ཞེས་པ་མེ་མོ་བྱ་ཡི་ལོ། །ཆུ་སྟོད་ཟླ་བའི་དཀར་པོའི་ཕྱོགས་ཉིད་ཀྱི། །དགའ་བ་དང་པོ་རྒྱལ་ཕུར་འགྲུབ་སྦྱོར་ནས། །ཡོ་བྱད་ཀུན་ལ་སྦྱངས་གསུམ་སྔོན་འགྲོ་བའི། །གང་བབས་རབ་གནས་མདོར་བསྡུས་སྐྱེད་ཆོག་སོགས། །རང་བཟོའི་སླ་བཅོས་མིན་པའི་དཔྱད་བཟོད་ཀྱི། །གཟུངས་རྣམས་གོ་རིམ་ཇི་བཞིན་ཕུལ་བའི་མཐར། །ཚེས་བཞི་རེས་གཟའ་རྟ་བདུན་དབང་པོ་དང༌། །ཟླ་སྐར་ཁྲ་འཛོམ་སྦྱོར་ཆེན་དཔའ་བོ་སྟེ། །སྦྱོར་ཆུང་མེ་རླུང་སྡིག་པའི་དུས་སྦྱོར་སྐབས། །ཕུར་པའི་གཞུང་བསྲངས་བསེ་སྒྲོམ་མའི་ལུགས་བཞིན། །རབ་ཏུ་གནས་ཤིང་བཀྲ་ཤིས་དགའ་སྟོན་གྱིས། །ཕུན་ཚོགས་དཔལ་གྱིས་ཁྱབ་དེ་རྨད་དུ་བྱུང་། །གང་འདིའི་བྱེད་པོར་ལུས་ངག་ཡིད་གསུམ་གྱིས། །མི་ཟད་འབད་པའི་ཁུར་ཆེན་གཉེར་ལས་ཐོག་པ་བློ་བཟང་སྦྱིན་པ། བློ་བཟང་སངས་རྒྱས། བློ་བཟང་རབ་རྒྱས། བསྟེན་པ་དང་། །མཚོ་ལ་ཆུ་ཕྲན་འདུ་ལྟར་དགེ་ཚོགས་ཀྱི། །ལས་དཀར་ས་བོན་མཐུན་རྐྱེན་རབ་བློ་བཟང་མཐུ་སྟོབས་དང་བློ་བཟང་ཡོན་ཏན་གཉིས་ཀྱིས་ཞལ་འདེབས་གསེར་སྲང་གང་། ཟས་དུས་བཅུ་གཅིག ལྦ་དར་སྟེར་སྦྱིན་བདུན་ཚན། བློ་བཟང་བསྟན་འཛིན་གྱིས་ཟས་དུས་གཉིས་ལྦ་དར། བློ་བཟང་རྒྱ་མཚོས་ཟས་དུས་གཅིག་ལྦ་དར་


GLG016_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ཆོས་པས་ཟས་དུས་གཅིག་ལྦ་དར། བསམ་གྲུབ་བྱམས་གླིང་པས་ཞལ་འདེབས་ཟངས་ཀྱི་གའུ། ངག་དབང་རབ་བརྟན་གྱིས་ཞལ་འདེབས་གསེར་ཞོ་གང་། བྲག་ཆོས་པ་དང་མཚོ་སྨད་ངག་དབང་དོན་གྲུབ་གཉིས་ཀྱིས་ཟས་དུས་གཅིག་དང་ལྦ་དར། ཚོགས་པ། །དེ་ལྟའི་དགེ་ཚོགས་འཛད་མེད་ཆར་གྱི་རྒྱུན། །སྐུ་གསུམ་འབྲས་བུ་དར་བའི་ཆོ་ག་མཁན། །གཏན་བདེའི་དབྱར་གྱི་རྔ་གསང་ཆེར་སྒྲོགས་པ། །རྣ་བ་བདུད་རྩིར་མྱོང་བའི་བཅུད་ལེན་མཁན། །ཚུལ་འདིར་སྒོ་གསུམ་འབད་པའི་སྐྱེ་རྒུ་རྣམས། །ཚེ་དཔལ་བསོད་ནམས་ཡར་ངོའི་ཟླ་བ་ལྟར། །འཕེལ་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་མཆོག་གི་དགའ་སྟོན་རྒྱས་གྱུར་ཅིག །བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །རྡོ་རྗེའི་ཐེག་པ་ཕན་དང་བདེ་བའི་གཞི། །སྨིན་གྲོལ་ལེགས་བཤད་རིག་སྔགས་འཆང་བའི་གླིང་། །སྲིད་མཐའི་བར་དུ་དར་ཞིང་རྒྱས་གྱུར་ཅིག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཟབ་ལམ་བླ་མའི་རྣལ་འབྱོར་གྱི་རྟེན་དུ་བཞེངས་པའི་སྐུ་བརྙན་རྣམས་ཀྱི་དཀར་ཆག་མཐོང་བས་དོན་ལྡན་འདི་ནི་ལས་བྱེད་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ལོ། །དྭགས་པོ་ལྕང་ར་བ་ས་སྐྱོང་མགོན་པོ་ཚེ་བརྟན་གྱིས་ཐམས་ཅད་མཁྱེན་པ་ཀུན་པ—— ཡོན་ཏན་རྒྱ་མཚོའི་རྣམ་ཐར་ནོར་བུའི་འཕྲེང་བ་པར་དུ་བརྐོས་པའི་པར་བྱང་ངེས་ལེགས་སྒོ་འབྱེད་སོགས། ཨོཾ་ཨ་ཐ། འཛད་མེད་མགྲིན་པ་ལོངས་སྤྱོད་འཁོར་ལོའི་མཚོར། །


GLG016_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་གཏམ་གྱི་གཉིས་སྐྱེས་ལུས་དཀར་ཅན། །སྙན་འགྱུར་ལོ་རྒྱུད་གདུབ་སིལ་འཁྲོལ་བའི་སྒྲ། །ཤེས་ལྡན་རྣ་བའི་གསོས་སུ་བདུད་རྩིའི་བཅུད། །གང་དེའི་གླེགས་བམ་བགྲང་ཡས་གཏེར་གྱི་སྒོ། །རིས་མེད་འགྲོ་ལ་འབྱེད་མཁས་ལྕང་ར་བ། །ནོར་འཛིན་སྐྱོང་བ་མགོན་པོ་ཚེ་བརྟན་གྱི། །མཁྱེན་དཔྱོད་ལྷག་བསམ་རྣམ་དག་བྱེད་པོས་བསྐྲུན། །མཁའ་གཟུགས་ཞག་གི་འཚམས་སུ་མཐུན་པའི་རྐྱེན། །གྱ་ནོམ་བཏུང་བའི་ལོངས་སྤྱོད་གངྒཱའི་རྒྱུན། །ལྷག་བསམ་མེས་པོའི་ཐོད་ལས་འདྲེན་པ་ཡི། །བློ་གསལ་སྐལ་བཟང་ཆོས་ལ་མོས་འཛིན་ཅན། །ལྗོན་པའི་ཤིང་གི་མཁའ་ལ་སོར་མོའི་འཕྲུལ། །རྣམ་དཔྱོད་འདབ་གཤོག་མཐུ་ཡིས་བགྲོད་བྱེད་པ། །བློ་གྲོས་རྩལ་ཀུན་རྫོགས་པའི་དར་པོ་སོགས། །གཙུག་ལག་གཉིས་པ་ཤེས་པ་མ་ནུའི་གྲངས། །ཚུལ་འདིར་སྒོ་གསུམ་ཟང་ཟིང་སྣ་ཚོགས་ཀྱིས། །ངལ་བརྒྱས་འབད་པའི་དགེ་ལེགས་རིན་ཅེན་ལ། །མཐོ་རིས་བགྲོད་པའི་ཐེམ་སྐས་རབ་འགྲུབ་ནས། །ཐར་པའི་ཁང་བཟང་མཆོག་ཏུ་འཇུག་གྱུར་ཅིག །གནས་སྐབས་ཉེཪ་འཚེའི་གཞན་འཕྲུལ་བདག་པོའི་ལུས། །ལེགས་བྱས་མགྲིན་སྔོན་མིག་གི་མེས་བསྲེགས་ནས། །ཚེ་དཔལ་སྟོབས་འབྱོར་ཟླ་ཤེལ་དཀྱིལ་འཁོར་གྱིས། །འདི་སྣང་རལ་པའི་རྒྱན་དུ་མཛེས་གྱུར་ཅིག །དག་པ་གཉིས་ལྡན་ལྷུན་གྲུབ་སངས་


GLG016_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་། །ཡོན་ཏན་བརྒྱད་ལྡན་དེའི་གསུང་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་གྱིས། །དུས་རྣམས་ཀུན་ཏུ་བཀྲ་ཤིས་དགེ་ལེགས་སྩོལ། །སྭབྷཝཔརམཨརྠཙཛྙཱནབརཱཡཀྵརཱབྷཱུཔྲཧཱིཎདྭིཨནྟཱམཧོཎྱདྷཱུཏེེཉྩཱརིཀསྱབལབིཔརིཤུདྷཱདཱནཱདིཙཱམཱཧཧཏངྒཉྫཀུཊཱསུཀརཡཱསུབེཔཱཀིཀོཛཱཏཙ། །དོན་དམ་རང་བཞིན་རྣམ་པར་ཡོངས་དག་མཐའ་གཉིས་སྤངས་པ་ཡེ་ཤེས་མཆོག་གི་འགྱུར་བ་མེད་པའི་ས་གཞི་ལ། །སྦྱིན་སོགས་བསོད་ནམས་ཕུང་པོ་ཆེར་སྤུངས་མ་སྨད་རླབས་ཆེན་སྤྱོད་པའི་ས་བོན་ལེགས་པར་སྨིན་ལས་འཁྲུངས་པ་ཡི། །


GLG016_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པྲབྷཝཏིསུཕལཱགྲཀརཡབྷུརིཤྱེནསཱཁེརྡལཾདྷམྨརཱུཔཱཤརཱིརནྡུམཱམདྷྱཙཱཛིནསུབྷགཤུབྷ྅ཐཡཙྪནྟུགོཏམྱསརྦྦཎཀཱལེཥུཙཔྲམྦཏཱརུཎྱཀལྤཅུམ། །ཆོས་སྐུའི་སྡོང་བུ་དར་ལ་བབས་པའི་འཕྲིན་ལས་ལོ་འདབ་གཡུར་ཟའི་རྩེ་མོཪ་གཟུགས་སྐུའི་འབྲས་བཟང་རབ་དུད་ཅན། །བསྐལ་བཟང་རྣམ་འདྲེན་ལྗོན་ཤིང་དབུས་ན་ཤཱཀྱ་སེང་གེ་ཡོངས་འདུའི་དབང་པོས་དུས་ཀུན་དགེ་བའི་བཀྲ་ཤིས་སྩོལ། །དོན་གཉིས་དང་ལྡན་མཁྱེན་བརྩེ་ནུས་པའི་ཕ་མཐའ་མི་མངོན་སངས་རྒྱས་ཞེས་བྱའི་ཆུ་གཏེར་ལས། །སྡུག་ཀུན་ཉེར་ཞིའི་རླབས་འཕྲེང་ཡོལ་མེད་བདེན་གཉིས་ཆོས་ཀྱི་མི་ཟད་བང་མཛོད་སྒོ། །ལེགས་འབྱེད་རིག་གྲོལ་གདེངས་ཀ་གཡོ་ལྡན་མྱང་འདས་གཙུག་ན་ནོར་བུའི་དགེ་འདུན་ཀླུའི་དབང་པོ། །སྟོན་དང་བསྟན་པ་དེ་འཛིན་སློབ་མཪ་བཅས་པའི་དཀོན་ཅོག་རིན་ཆེན་གསུམ་ལ་སྤྱི་བོས་འདུད། །ཐུབ་དབང་དཔལ་གྱི་མགྲིན་པ་


GLG016_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཛེས་བཀྲ་ཤིས་གཡས་འཁྱིལ་དུང་དཀར་པོ། །སྨྲ་བའི་ལྗགས་ཆེན་རབ་བསྐྱོད་འཕྲུལ་གྱིས་ཚངས་པའི་དབྱངས་སུ་ཉེར་བསྒྲགས་སྐད། །ཡན་ལག་བཅུ་གཉིས་གསུང་ཪབ་སྒྲ་སྙན་སྲིད་གསུམ་རྣ་བའི་བཅུད་ལེན་ཅན། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་བསོད་ནམས་མ་དྲོས་མཚོར་འཁྱིལ་ལས། །མདོ་རྒྱུད་བཀའ་ཡི་གླེགས་བམ་པཀྵུའི་ཀླུང་། །གངས་ཅན་ར་བ་དཀར་པོའི་ཁོར་ཡུག་འདིར། །ཉེར་བབས་མི་དགེའི་དྲི་མ་ཀུན་འཁྲུད་པ། །ལེགས་བྱས་གཏེར་གྱི་བཏུང་བ་ཟད་མི་ཤེས། །མཁའ་ལྟར་ཚད་བྲལ་སེམས་ཅན་ཐམས་ཅད་ཀྱི། །བསམ་པའི་ཁྱད་པར་ཤེས་ནས་དྲང་ངེས་ཐེག །ལེགས་གསུངས་ཆོས་ཀྱིས་འགྲོ་རྣམས་འདྲེན་མཛད་པ། །སངས་རྒྱས་ཁོ་ནར་ངེས་པའི་དད་པ་དང་། །མཐའ་མེད་མ་རྒན་ཀུན་ལ་རྗེས་བརྩེ་བས། །དྲངས་པའི་རབ་དཀར་ལྷག་བསམ་རྣམ་དག་གིས། །རྒྱལ་གསུང་ཡི་གེར་ཤར་བའི་པུསྟ་ཀ ། སྙིང་སྟོབས་བརྩོན་པས་རབ་སྐྲུན་བྱེད་པ་པོ། །རྡོ་རྗེའི་གདན་ལས་བྱང་ཕྱོགས་སཱ་ལའི་ལྗོངས། །གསེར་ལྡན་ལུས་ཕྲ་དགེ་བཅུའི་མངལ་ཁུར་ཅན། །ཉང་སྟོད་ནོར་འཛིན་ཡངས་པའི་ཐིག་ལེ་ཆེ། །སུམ་རྩེན་ས་ལ་འཕོས་འདྲའི་ཡུལ་གྲུ་ན། །མི་དགེ་སྡིག་པའི་གཡུལ་ལས་རྣམ་རྒྱལ་བའི། །བྱམས་བརྩེའི་རུ་མཚོན་


GLG016_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲེང་མཛད་མི་ཕམ་མགོན། །ས་སྐྱོང་རྗེ་བོའི་སྒྱུ་འཕྲུལ་དྲྭ་བའི་གར། །རབ་བརྟན་ཀུན་བཟང་འཕགས་ཞེས་སྲིད་ན་སྙན། །གང་གི་དགེ་བློ་སྟོན་ཟླ་ལས་དཀར་བས། །སྒྲིབ་གཉིས་མུན་པ་ཆེས་སྲབ་ལེགས་ཚོགས་ལམ། །རབ་གསལ་སྣང་བའི་དཔལ་ལྡན་འདུས་ཚོགས་གྲྭ ། རྣམ་གསུམ་འཁོར་ལོའི་ཆོས་ཀྱི་སྡེ་ཆེན་པོར། །བག་ཡོད་ཁྲིམས་ཀྱི་རྒྱུན་བརྟན་ལྔ་ཕྲུག་ཀྱི། །ཡོན་ཏན་རྩེ་མོར་སོན་ལ་མཁན་པོ་ཞེས། །ཆོས་འདུལ་གཞུང་བརྒྱ་ནས་བཤད་དགེ་བའི་བཤེས། །རིན་ཅེན་འཕྲེང་བ་ལྟ་བུར་སྤེལ་ལེགས་མཐར། །བླང་དང་དོར་བྱར་ལྟ་བའི་ཤེས་རབ་ཀྱི། །ཡོན་ཏན་ཕུང་པོའི་ཁུར་གྱིས་རབ་ལྕི་བས། །ཆོས་དང་སྲིད་ཀྱི་མིག་དཀྱུས་ཆེས་རིང་བའི། །ཕ་མཐའ་ནམ་མཁའི་སྐེ་རགས་ལ་འགོང་དེས། །འཇམ་མགོན་ཐོན་མིའི་རིང་ལུགས་སོར་མོའི་འཕྲུལ། །སྡེབ་གཟུགས་བརྡ་ཡི་གཙུག་ལག་མིག་ཡངས་ཅན། །མང་པོར་སྲི་ཞུའི་གཏོང་བའི་སྒོ་འཕར་བརྒྱ། །ཕྱེ་བས་དགེ་ཚོགས་འདོད་འཇོ་དེང་འདིར་གྲུབ། །སྙིགས་མར་སྤྱོད་པས་ཆེས་ཆེར་གདུལ་དཀའ་བ། །འདུལ་ལ་དཔའ་བ་ཤཱཀྱའི་ཏོག་གི་བསྟན། །ལུང་རྟོགས་ཉི་མའི་དངོས་པོ་བརྒྱ་ཡི་ལུས། །འོད་ཀྱིས་འཇིག་རྟེན་ཕན་བདེ་གསལ་བར་ཤོག །བུ་རམ་ཤིང་པས་གང་གཟིགས་ཤེས་བྱའི་ཡུལ། །


GLG016_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་མཁྱེན་པའི་སྟོན་པ་ཚད་མའི་མགོན། །བློ་བཟང་གྲགས་པའི་དཔལ་གྱུར་བཙོང་ཁ་པའི། །ཆོས་སྲིད་གྲིབ་མར་འགྲོ་རྣམས་ངལ་གསོར་ཤོག །བསོད་ནམས་དངོས་སྤེལ་མཐུན་པའི་རྐྱེན་གྱིས་མཚོན། །སྨོན་ལམ་པིར་གྱིས་ཚེ་དཔལ་སྟོབས་འབྱོར་གཟུགས། །རི་མོའི་བཀོད་པ་ངོ་མཚར་རྒྱ་མཚོའི་དཔལ། །སྲིད་འདིར་དགེ་འབྲས་གཟིགས་མོར་མཚར་གྱུར་ཅིག །རང་རྒྱུད་སྒྲིབ་པའི་དྲི་མ་འཁྲུད་བྱེད་ཆུ། །ལེགས་བྱས་སྤུངས་པ་དར་བ་གངྒཱའི་རྒྱུན། །རྣམ་པ་ཐམས་ཅད་མཁྱེན་པའི་རྒྱ་མཚོ་ཆེར། །དབྱེར་མེད་ངོ་བོ་གཅིག་ཏུ་འཇུག་གྱུར་ཅིག །འདི་སྣང་བདེ་བའི་དཔལ་བེ་སྙིང་ཁར་འཁྱིལ། །ཚོགས་གཉིས་གོམ་པས་གཏན་བདེའི་ས་ཆེན་ཁྱབ། །སྟོབས་བཅུའི་ཁྱུང་ཆེན་གཤོག་པའི་རྩལ་ཆེན་པོས། །འཕྲིན་ལས་ནམ་མཁའི་མཐར་ཁྱབ་བགྲོད་གྱུར་ཅིག །ཅེས་པ་འདི་ནི་ཉང་སྟོད་དཔལ་འཁོར་ཆོས་སྡེའི་མཁན་པོ་ཡོངས་གྱི་དགེ་བའི་བཤེས་གཉེན་ཤེས་རབ་ཡོན་ཏན་གྱིས་སྡེ་སྣོད་གསུམ་གྱི་བཀའ་འགྱུར་རོ་ཅོག་དང་རྒྱུད་སྡེ་ཐོར་བུ་གསར་དུ་བསྐྲུན་སྐབས་མཆོད་བརྗོད་དང་འདོད་དོན་སྤེལ་ཚིགས་སུ་བཅད་པ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་འཇམ་དབྱངས་དགའ་བའི་བཤེས་གཉེན་དུ་འབོད་པའི་ལྡོམ་བུ་པས་ཐུན་འཚམས་ཀྱི་ངེས་པ་ཞིག་པ་སྦྱར་བ་ཤྲཱི་ཛ་ཡནྟཱ།


GLG016_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཤྱོཛེབྷིརྨཱཐཏེཛོདཤབལབྷུཀེ ཀལྤམདྨེསྶཧསྲཱཔཉྩཱཀལྐོདཡཱནཱཉྫགཔལདཡེརུཏྟརསྱཱབྷིབཱིར། ཤྭཱ་སོཏྠརྫནྱམཧཱདཡཀརུཎཤཡཱབནྡྷུབྷཱུཏེནཤཱཀྱོཛགཱམིཏཱནུཀཱུལཱནཀུལཛིནཙསསྦྲུམྱཔཱུཛཏྲིལོཀ ། བཟང་པོའི་བསྐལ་པར་སྟོབས་བཅུའི་དཔལ་གཟི་བརྗིད་པའི་མགོན་པོ་སྟོང་གི་དབུས། །སྙིང་སྟོབས་མཆོག་གིས་མངོན་པར་དཔའ་བས་སྙིགས་མ་ལྔ་བདོའི་འགྲོ་བ་རྣམས། །བརྩེ་ཆེན་ཐུགས་རྗེའི་ཕྱག་གིས་དབུགས་དབྱུང་ཉི་མའི་གཉེར་གྱུར་ཤཱཀྱའི་བརྒྱུད། །མ་འདྲིས་སྐྱེ་རྒུའི་མཛའ་བཤེས་དམ་པ་འཇིག་རྟེན་གསུམ་གྱི་མཆོད་སྡོང་རྒྱལ། །རྣམ་འདྲེན་རིགས་ཀྱི་མྱུ་གུ་གསར་པ་རྣམས། །ཆོས་གཟུགས་སྙེ་མ་སྨིན་པའི་ཆོ་ག་མཁན། །དྲང་ངེས་གསུང་གསང་བདུད་རྩིའི་ཆུ་ཀླུང་ཆེ། །བཞི་ལྡན་འཁོར་ལོ་ཅན་གྱི་སྣོད་དུ་འཁྱིལ། །ནངས་ཀྱི་དུས་ནས་བསྐྲུན་པའི་ལེགས་བྱས་མཐུས། །འཁོར་བ་ཤལླི་ཀ་ཡི་ཚང་ཚིང་ནགས། །ཟ་བར་བག་ཡངས་ཅི་བདེར་རྒྱུ་


GLG016_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། །ས་སྲུང་དབང་པོའི་གོམ་འགྲོས་འདི་ན་མཚར། །སྲིད་མཚན་མུན་རུམ་ཕག་ཏུ་ཉལ་བའི་འགྲོ། །མ་རིག་གཉིད་སློང་དགེ་ཚོགས་སྐྱ་རེངས་མ། །འདྲེན་པའི་ལྷག་བསམ་རླུང་འགྲོས་ཀྱིས་འཁོར་བར། །དཀར་མིན་ཉི་མའི་ལོངས་སྤྱོད་དེས་བཟློག་མིན། །ཚོགས་ཀྱིས་ལེགས་བསྒྲུབས་རང་སྣང་དག་པའི་དབྱིངས། །འོག་མིན་གནས་སུ་སྤང་རྟོགས་ཀུན་རྫོགས་པས། །དཔལ་གྱི་མགུར་ནས་ཞིང་ཁམས་རྒྱ་མཚོའི་རྡུལ། །དེ་སྙེད་གསུངས་པའི་ཆོས་ཕུང་ཚད་བཟུང་ཅི། །འོན་ཏེ་ལས་དག་སོ་སྐྱེའི་དབང་ཤེས་སུ། །འཆར་བྱེད་མཆོག་གི་སྤྲུལ་པའི་སྒྱུ་མ་མཁན། །རྡོ་རྗེའི་གདན་གྱིས་སྤ་བར་སངས་རྒྱས་ནས། །རྣམ་གསུམ་ཆོས་ཀྱི་འཁོར་ལོའི་གྲངས་སུ་བསྐོར། །གངས་ཅན་ཕན་བདེའི་དཔལ་གྱི་ཞབས་བསིལ་དུ། །རྒྱལ་གསུང་ཡན་ལག་བཅུ་གཉིས་གངྒཱའི་ཆབ། །འདྲེན་པའི་ལོ་པཎ་སྐལ་ལྡན་ཤིང་རྟའི་དྲིན། །འཛམ་གླིང་ནོར་བུས་བཀང་ཡང་གཞལ་ནུས་མིན། །རྣམ་གསུམ་སྡེ་སྣོད་ཕྱོགས་འདིར་འགྱུར་རོ་ཅོག །རྩ་བཤད་ཕྱི་རྒྱུད་ཐོར་བུ་དང་བཅས་པ། །བརྒྱ་ཕྲག་བརྒལ་བའི་གླེགས་བམ་རིན་ཅེན་འཕྲེང་། །མཁའ་ལ་སྒྱུ་སྐར་རྣམ་བཀྲའི་དོ་ཤལ་བཞིན། །བརྡ་གཟུགས་གཙུག་ལག་གཉིས་པ་ཤེས་པའི་མིག །རབ་ཡངས་སོར་རྩེས་ཤར་དུ་སྒྱུར་བའི་འཕྲུལ། །གཟིགས་མོར་ངོ་མཚར་ཚུལ་འདིས་སམྦྷོ་ཊ། །སྙེམས་པའི་ངལ་བ་བཏང་སྟེ་ཞིང་གཞན་སོང་། །


GLG016_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བཻ་ཌཱུར་ཞུན་མ་བྱུགས་པའི་ནེ་གསིང་ངོས། །འཛམ་བུའི་གསེར་གྱི་སྙེ་མ་གཡུར་ཟ་བ། །མཐོ་རིས་དགའ་བའི་ཚལ་ལ་ཅོ་འདྲི་བས། །འཆི་མེད་བདག་པོ་མིག་སྟོང་སྤྲུལ་ནས་ལྟ། །སྲིད་འབྱོར་སྒྱུ་མའི་སླུ་འདྲིད་ཡ་མ་བརླ། །འཁོར་བའི་བཙོན་རར་འཆིང་བའི་ལྕགས་ཀྱི་སྒྲོག །རྣམ་དཔྱོད་ཐབས་ཤེས་རྩི་ཡིས་སུ་ཝ་རྞར། །བསྒྱུར་བས་གཏན་བདེའི་དངོས་པོ་འཛད་དུ་མེད། །སྐལ་བཟང་ཨ་གསྟྱ་ཡི་སྒྲ་འཛིན་དུ། །ཐོས་པས་རྣམ་པར་གྲོལ་པ་བཅུད་ཀྱི་མ། །སྡིག་པའི་དྲི་མ་ཀུན་འཁྲུད་མཐོ་རིས་ཀྱི། །ཆུ་གཉེར་ཡིག་འབྲུའི་གཟུགས་ཅན་འབྱམས་སུ་ཀླས། །གསང་གསུམ་ནང་ནས་མཆོག་གི་ཁྱད་པར་དུ། །རབ་གྱུར་གསུང་གི་རྡོ་རྗེ་ཚངས་པའི་དབྱངས། །ལུས་ཅན་ཀུན་གྱི་སྒྲིབ་གཉིས་བརྒྱ་ཕྲག་ནད། །མ་ལུས་སེལ་བར་བྱེད་པ་སྨན་གྱི་དཔྱིད། །མཆོད་སྦྱིན་བརྒྱ་ཡིས་ལེགས་བྲིས་དཔལ་ཐོབ་ན། །ཐུབ་གསུང་རི་མོར་བྱས་པའི་བསོད་ནམས་ཀྱི། །འབྲས་བུ་བླ་མེད་བྱང་ཆུབ་ཨ་ཤྭ་ཏྠ། །ཕན་བདེའི་གྲིབ་བསིལ་རྒྱས་ལ་གཅིག་ཏུ་སྤྲོ། །ཨེ་མ་ནོར་བུ་ཀེ་ཏ་ཀས། །དྲུངས་པའི་ཆུ་ཀླུང་རྙོག་མེད་དུ། །གཟུགས་བརྙན་འཆར་བའི་རྟེན་འབྲེལ་གྱི། །ངང་ཚུལ་དེ་ལ་སུ་ཡིས་སླུ། །དགེ་བའི་ས་བོན་སེམས་སྐྱེད་ཆུས། །རབ་གཤེར་ཡོངས་འདུའི་ལྗོན་པ་ལས། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །རོ་བརྒྱའི་འབྲས་བཟང་ཅིས་མི་དུད། །སྡིག་ཏོའི་ཚེར་མ་རྣོན་པོ་ཡིས། །ཉེར་ཕུག་འཁོར་བའི་


GLG016_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་རྔུ་དག །དབྱུང་བར་བྱེད་པའི་ལས་དཀར་གྱི། །ཆ་སྤྱད་འདི་ནི་སྨན་དུ་ཆེ། །རྣམ་པར་གནག་པའི་མངལ་ཁུར་གྱིས། །སྦྲུམ་མིན་བསོད་ནམས་བྲང་སྟེངས་སུ། །ཉེར་བསྐྲུན་བདེ་སྐྱིད་རྒོད་མ་ཁ། །འཁོར་བའི་མཚོ་མཐའ་བརྒལ་ཏེ་འབར། །ལུས་མེད་བརླང་པོར་སྤྱོད་པའི་དཔུང་། །གདོང་པ་སྨད་དེ་འདུད་བྱེད་པ། །ལྷ་ཆེན་མིག་ལས་སྦར་བའི་མེའི། །སྤུན་ཟླ་འདི་ཀོ་ལས་གཞན་གང་། །ལེགས་བྱས་ཟད་པ་མེད་པ་ཡི། །ནམ་མཁའི་མཛོད་ལ་དབང་བསྒྱུར་བས། །རེ་བ་ཡོངས་སྐོང་ཡིད་བཞིན་ནོར། །གཞན་དུ་རྙེད་པའི་གོ་སྐབས་བྲལ། །དག་པའི་སེམས་ཀྱི་ཁྱད་པར་ལས། །མངོན་པར་ལྕི་བའི་ཁྱུ་མཆོག་གིས། །ནོར་འཛིན་ལུས་ཕྲ་རྔུལ་བ་ཡི། །བཞིན་རས་མུ་ཏིག་འཕྲེང་དཀར་མཛེས། །དེ་ལྟའི་རྒྱུ་དང་འབྲས་བུའི་ངང་ཚུལ་རྣམས། །མེ་ལོང་ནང་གི་གཟུགས་ལྟར་གསལ་མཐོང་བས། །དབང་རྣོན་ཆོས་ཀྱི་རྗེས་འབྲང་དད་པ་ཡིས། །གཅིག་ཏུ་དཀར་བའི་རྣམ་སྨིན་རྒྱུ་འདི་བསྐྲུན། །ཐོས་བསམ་སྡོང་བུ་དར་བབས་སྒོམ་པའི་དྲི། །ལེགས་དངར་ཐུབ་བསྟན་མ་ལ་ཡ་ཡི་ནགས། །སྐྱེ་རྒུའི་གདུང་བ་སེལ་ལ་ཉི་ཟླ་ཡིས། །འཇིག་རྟེན་སྣང་བ་དེ་སྲིད་འཕེལ་གྱུར་ཅིག །འཆར་དང་ནུབ་པ་མེད་པའི་འོད་ཆེན་པོ། །སྔོན་མེད་ཉིན་མོར་བྱེད་པ་ལེགས་གསུངས་ཆོས། །


GLG016_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་དཔལ་གྱིས་འཁོར་མུན་མཐར་བསྐྲད་དེ། །འགྲོ་ཀུན་ངེས་ལེགས་དཔལ་ལ་སྦྱོར་གྱུར་ཅིག །ཕ་མཐའ་ཚད་དུ་བཟུང་དཀའི་མར་གྱུར་འགྲོ། །མི་བཟད་མྱ་ངམ་ཐང་ལ་འཁྱམས་པ་རྣམས། །རླབས་ཆེན་སྤྱོད་པའི་རིན་ཅེན་ཐེམ་སྐས་ལ། །ཁྲིད་ནས་སྐུ་གསུམ་ཁང་པར་འཇུག་གྱུར་ཅིག །སྔོན་གོམས་བསོད་ནམས་བཙན་པོའི་ལས་ཤུགས་ཀྱི། །དཔུང་པས་ནོར་འཛིན་ཁྱོན་ཀུན་འདེགས་པ་ལ། །སྙིང་སྟོབས་རབ་ཏུ་བརྟན་པ་མི་ཡི་བདག །མི་ཁོམ་སྐྱོན་གྱིས་རེག་མིན་རྟེན་ཐོབ་ཤོག །སྐྱེ་བར་སྨིན་པའི་མ་རིག་སྒོ་ངའི་སྦུབས། །འཁོར་བ་གནས་ངན་ལེན་གྱི་རྒྱ་དྲལ་ནས། །མྱང་འདས་འདབ་གཤོག་རྫོགས་པའི་རྩལ་ཆེན་པོས། །གཏན་བདེའི་མཁའ་ལ་རྩེད་འཇོར་རོལ་བར་ཤོག །རང་བདེ་གཞན་ལ་གཏོང་བའི་ཚོང་ཟོང་གིས། །དོན་གཉིས་ལྷུན་གྲུབ་ཡིད་བཞིན་ནོར་བླངས་སྟེ། །བརྗོད་པ་དོན་ལྡན་སྲིད་ཞིའི་གདུང་སེལ་མཁན། །བླ་མེད་སྟོབས་བཅུ་མངའ་བའི་དཔལ་ཐོབ་ཤོག །གཏོང་བའི་སྒོ་ཕྱེ་བརྩོན་པའི་ལག་བདར་ཏེ། །ལུས་ངག་ཡིད་ཀྱིས་ལེགས་ལམ་སྤེལ་མཛོད་ཁ། །འབྱེད་རྣམས་ཚེ་དཔལ་འོད་མཚན་མགོན་པོ་དང་། །སྟོབས་འབྱོར་རྣམ་ཐོས་བུ་དང་ཐུན་མོང་ཤོག །རྡོས་བཅས་སྒྲིབ་པའི་ལུས་ཅན་སྤྱི་བོ་རུ། །ལྷ་ཡི་ལྷར་གྱུར་མཁྱེན་བརྩེའི་གཙུག་ནོར་གྱིས། །རེག་ཚེ་འཆི་བ་མེད་པའི་འོད་ལུས་སུ། །འགྱུར་བའི་སྐལ་བ་


GLG016_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་ཐོབ་པར་ཤོག །མི་དགེའི་ཆུ་གཏེར་ཡོངས་སུ་འཁྱིལ་བའི་ཀློང་། །འཇིགས་ཆེན་བརྒྱད་ཀྱི་ཆུ་སྲིན་གདུག་ཅན་ལུས། །ལེགས་བྱས་སྐད་སྙན་དུང་གི་རབ་ཕུག་སྟེ། །ཀུན་དགའ་རིན་ཅེན་གླིང་དུ་བགྲོད་པར་ཤོག །དུས་གསུམ་རྣམ་དཀར་འཕེལ་ལས་ཆེས་གང་བའི། །ཟླ་ཟེར་གྱིས་བྱུགས་འཇིག་རྟེན་ཁམས་ཀྱི་ཚལ། །བདེ་སྐྱིད་དཔལ་གྱིས་འདབ་བརྒྱ་རབ་བཞད་འཛུམ། །རྫོགས་ལྡན་གསར་པའི་དགའ་སྟོན་བསུ་བར་ཤོག །འཁོར་དང་མྱ་ངན་འདས་པའི་དགེ་མཚན་ལས། །ཉེ་བར་ལེགས་བལྟམས་མུ་ཏིག་འཁྲི་ཤིང་གི ། གཅིག་ཏུ་རབ་དཀར་བསིལ་བའི་གྲིབ་མ་ལ། །ལུས་ཅན་ཀུན་གྱིས་ངལ་གསོ་ཐོབ་པར་ཤོག །ཅེས་པ་འདི་ཡང་ནོར་འཛིན་གྱི་ཁྱོན་ལ་མངའ་སྒྱུར་བའི་མཛོད་པ་བསོད་ནམས་རབ་བརྟན་དུས་ཀྱི་གཞན་དབང་དུ་གྱུར་པའི་ཚེ་ལེགས་བྱས་ཀྱི་རྣམ་སྨིན་དཀར་པོར་འཛག་པའི་བྱེད་པོར་བདེ་བར་གཤེགས་པའི་སྡེ་སྣོད་གསུམ་གྱི་གླེགས་བམ་གངས་ཅན་གྱི་ཁྲོད་འདིར་འགྱུར་རོ་ཅོག་དང་རྒྱུད་སྡེ་རིན་པོ་ཆེ་ཐོར་བུ་དང་བཅས་པ་རྒྱ་ཤོག་བཻ་ཌཱུཪྻ་ལྟ་བུའི་ངོས་སུ་རིན་པོ་ཆེ་གསེར་ཞུན་མས་བྲིས་ཏེ་བཞེངས་པའི་དུས་དཀར་ཆག་དང་འདོད་དོན་སྤེལ་ཚིག་མདོར་བསྡུས་ཀྱི་ཚུལ་དུ་ཟ་ཧོར་གྱི་བནྡེས་ཕོ་བྲང་ཆེན་པོ་པོ་ཏ་ལར་བཀོད་པའི་ཡི་གེའི་རིག་བྱེད་པ་ནི་འཇམ་དབྱངས་དཔལ་བཟང་གིས་བགྱིས་པ་སིདྡྷི་རསྟུ། །


GLG016_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཛོད་བསོད་ནམས་རབ་བརྟན་ལ་དམིགས་ཏེ་བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས་པའི་བང་རིམ་ལ་གཟུངས་སྔགས་བྱིན་རླབས་ཅན་ལཉྩཱར་འབུལ་བ་ཅུང་ཟད་མ་ཁེངས་པའི་བར་སྟོང་ཚོར་ལའུ་འབུལ་རྒྱུའི་འདོད་གསོལ་རྒྱ་སྐད་དུ་བསྒྱུར་བ་མཚན་དོན་ལྷུན་གྲུབ། ཛེེནིཀྱེནཨམྲྀཏྱམནྨཐཱལློཀྱཛོཀྲྀདཱིཔཨུཏྟམ། །ཨཱསིདྡྷྱརྦནབྷཻཿསམཱརདྷིཥྛནེཝཱཏཝནཱམསིདྡྷིཙ། །མེ་ཏོག་མདའ་ཅན་ལས་རྒྱལ་ལྷ། །འཇིག་རྟེན་སྣང་བྱེད་སྒྲོན་མེ་མཆོག །དོན་ཀུན་གྲུབ་པས་མཁའ་མཉམ་འགྲོ ། ཁྱོད་མཚན་བཞིན་དུ་འགྲུབ་བྱིན་རློབས། །


GLG016_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕག་ས་སྐྱོང་བསོད་ནམས་རབ་བརྟན་གྱི་ལེགས་བྱས་སྤེལ་བའི་ཆེད་དུ་ཇོ་ཤཱཀྱ་ཡིད་བཞིན་ནོར་བུར་གསེར་སྲང་ཉིས་བརྒྱ་བརྒལ་བ་ལས་བསྐྲུན་པའི་མཎྜལ་ཕུལ་བའི་ཁ་ཡིག་བྱང་ཆུབ་མཆོག་ལ་ལེགས་སྦྱོར། །སྡེབ་སྦྱོར་མེ་ཏོག་འཕྲེང་ཅན། པོོཛམེགོནརོལེཁསཛུགུཊེརྐམཙསྐནྡྷཔཱཎྞསམནྟཱ་ཤུབྷ། །བུདྡྷཏཏྠོདྡྷཤིཉྩེགཎཱསེགགཎཱུསམབྷིཛགཱནྠེ་ཀརཱཎྷོཀཏི། །ནོར་འཛིན་ལྷ་མིར་བཅས་པའི་འདོད་ཡོན་གྱི། །ཕུང་པོར་ལེགས་སྤུངས་ཀུན་བཟང་མཆོད་པའི་སྤྲིན། །རྒྱལ་དང་དེ་སྲས་སློབ་མའི་ཚོགས་བཅས་པར། །མཁའ་མཉམ་སེམས་ཅན་དོན་དུ་འབུལ་བྱེད་ན།


GLG016_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པྲཏྱཀྵསིབུདྡྷབཧཱུཔསིདྷཱཏུཀྑེཏྲཤུདྡྷེནརཛེཥུཙཱཨཧོ། །ཡཱནཻརྨཧཱདྷམྨཨམྲྀཏྱནཀྵཡ པཱཎཤྲིཡོབྷོག་ཤཏཱརསཱཝཧོ། །ངོ་མཚར་དག་པའི་ཞིང་ཁམས་རྡུལ་སྙེད་དུ། །དེ་བཞིན་གཤེགས་མང་མངོན་སུམ་ཉེར་བསྟེན་ནས། །ཐེག་ཆེན་ཆོས་ཀྱི་བདུད་རྩི་ཟད་མི་ཤེས། །རོ་བརྒྱའི་དཔལ་གྱི་བཏུང་བར་ལོངས་སྤྱོད་ཤོག །


GLG016_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཛམྨོཔྤནྣམྲྀཏོག ཏིཎྞསམྦཛྙཱམོཀྵབྷཱཁེཛགོདཀ ། ཡོགེཤཀྟིཨནུཏྟརཱཛཔོལེཔུཎྱེཔྲདྲྀཎྷེནབོདྷིཡཿ སྐྱེ་རྒ་ན་འཆིའི་ཆུ་ལས་འགྲོ་བ་རྣམས། །བསྒྲལ་ནས་ཐར་པ་ཐམས་ཅད་མཁྱེན་པའི་སར། །སྦྱོར་ནུས་བླ་ན་མེད་པའི་བྱང་ཆུབ་གང་། །བསོད་ནམས་རབ་ཏུ་བརྟན་པས་ཐོབ་པར་ཤོག །རིན་ཆེན་སྙིང་པོ་པདྨར་ལེགས་སྤུངས་པ། །གསེར་ཞུན་བཙོ་སྦྱངས་དྲྭ་བའི་ཁོར་ཡུག་ཅན། །སྒྲ་འཛིན་མུན་པའི་མལ་ནས་སློང་བྱེད་རྒྱན། །ཡ་རབས་མདུན་སར་འོས་པའི་ཀརྣིཀ ། མཐོང་བས་དོན་ལྡན་རྒྱལ་བའི་སྐུ་བརྙན་མཆོག་ཤཱཀྱ་མུ་ནེར་ལེགས་ཕུལ་དགེ་ཚོགས་ཀྱིས། །ས་ཆེན་ཆོས་བཞིན་སྐྱོང་བ་མི་ཡི་བདག །མངོན་མཐོའི་རྟེན་གྱི་ཡང་སྲིད་འཛིན་པར་ཤོག །བྱུ་རུའི་སྡོང་པོ་ལས་གྲུབ་རྣ་བའི་རྒྱན། །གསེར་གཡུའི་ཕྲ་ཚོམས་དུང་གི་ཁ་རྒྱན་ཅན། །རང་བྱུང་ཐུགས་


GLG016_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོར་ཕུལ་བའི་དགེས། །ས་སྤྱོད་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདི་ནི་ས་སྐྱོང་བསོད་ནམས་རབ་བརྟན་གྱི་དགོངས་པ་རྫོགས་བྱེད་དུ་ལྷ་ས་བྱང་གླིང་པ་བསམ་གྲུབ་རྒྱལ་པོས་གཡསགཡོན་གྱི་རྣ་རྒྱན་གཉིས་ཇོ་ཤཱཀྱ་དང་རང་བྱོན་ལྔ་ལྡན་ལ་ཕུལ་དུས་ཀྱི་ཁ་བྱང་དུ་ཟ་ཧོར་གྱི་བནྡེས་བྲིས། ས་ཕག་གི་ལོ་ཐམ་ཤུ་རྒྱ་ཡིག་མ་གསར་དུ་བརྐོས་པའི་ཐམ་ཕུད་འཕགས་པ་ལོ་ཀེ་ཤྭ་ར་དང་དཔལ་ལྡན་འདོད་ཁམས་དབང་ཕྱུག་མར་ཕུལ་བ་ཆོས་སྲིད་བསྟན་པ་གཅིག་གྱུར། ཚད་མེད་རྣམ་བཞིའི་སྒོ་འཕར་ལེགས་ཕྱེ་ནས། །འགྲོ་རྣམས་བདེ་ཆེན་གནས་སུ་འཁྲིད་མཛད་པ། །འཇིག་རྟེན་དབང་ཕྱུག་ཕྱག་ན་པདྨ་དཀར། །ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་རས་སུ། །ནུབ་ཕྱོགས་ཆུ་ལྷའི་བུ་མོའི་མངལ་ཡངས་པོར། །སྦྲུམ་པས་ལུགས་གཉིས་ཟུང་དུ་འཇུག་པའི་ལྗིད། །ཁུར་གྱིས་ཉེར་དུད་བདེ་ལེགས་རྔུལ་ཆུའི་རྒྱུན། །རི་མོ་མུ་ཏིག་འཕྲེང་མཛེས་འདི་ཕུལ་བས། །ཀཻ་ལ་ཤ་ཡི་ཁོར་ཡུག་ར་བ་འདིར། །མ་སྨད་བསོད་ནམས་ཕུང་པོ་ཉེར་བརྩེགས་པ། །ནམ་ཡང་འཛད་མེད་ཕུན་ཚོགས་དགའ་སྟོན་ལ། །ལོངས་སུ་སྤྱོད་པའི་སྐལ་བ་བཟང་པོར་མཛོད། །འཆི་མེད་བུ་མོ་བསམ་འཕེལ་དབང་གི་རྒྱལ། །འདོད་པའི་རེ་བ་ཡོངས་སྐོང་ཡིད་བཞིན་ནོར། །སྲིད་གསུམ་བདག་མོ་དཔལ་ལྡན་རེ་མ་ཏིའི། །དྲི་མེད་དཀྱུས་རིང་སྤྱན་ཟུར་ཉེར་འཇུག་རྫས། །ཆོས་སྲིད་བསྟན་པ་གཅིག་ཏུ་གྱུར་པའི་གཏམ། །རབ་སྙན་འཇིགས་མེད་སེང་གེའི་རྒྱུད་ཀྱི་དབྱངས། །མ་ཧྭ་ཙཱི་ཎའི་ཡི་གེའི་གཟུགས་ཤར་བ། །རྣམ་བཀྲ་ཐམ་ཀའི་རི་མོའི་ཕུད་འབུལ་ན། །ལེགས་བྱས་སྟོང་གི་ཆུ་བོ་འབབ་པའི་རྒྱུན། །དབང་


GLG016_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་རྒྱ་མཚོ་ཆེན་པོར་འཁྱིལ་བའི་དབུས། །ཆོས་སྲིད་གདེངས་ཅན་གཙུག་ན་འོད་འབར་བའི། །ཕན་བདེའི་རིན་ཅེན་སྣང་བས་ཁྱབ་པར་མཛོད། ཕྱག་མཛོད་ས་སྐྱོང་བསོད་ནམས་རབ་བརྟན་དུས་ཀྱི་གཞན་དབང་དུ་གྱུར་པའི་ཚེ་ལེགས་བྱས་རྒྱ་མཚོའི་བྱེད་པོར་ས་ཕག་ལོ་དངུལ་གྱི་བདེ་གཤེགས་མཆོད་རྟེན་བརྒྱད་རིན་པོ་ཆེའི་ཕྲ་ཚོམ་ཅན་གྲོང་གསར་བ་པདྨ་རབ་བརྟན་གྱིས་དོ་དམ་བགྱིས་ཏེ་ངོ་མཚར་བཀོད་པས་ཁྱད་འཕགས་བཞེངས་པ་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཞུགས་པའི་མཆོད་ཁང་གསར་པའི་དེབ་གཏེར་གྱི་འགོ་རྒྱང་བསོད་ནམས་རྒྱ་མཚོའི་རླབས་འཕྲེང་། སྡེབ་སྦྱོར་དབང་པོའི་རྒྱན། དྷརྨའུརཱུཔསྱཤརཱིརསཱགརོདཱརདྲིགཎཱུཙཨཧོཨནུཏྟར། །ཀུཎྜལྱམྲྀཏྱཱདྷཱུཏིཀོཔཛཱིབནསིངྒྷནྠསོཁེདྷཏ་ཛི ཀརཎྜཙ། །རྒྱ་ཆེན་ཚོགས་གཉིས་ཟླ་བའི་མ་མ་ལས། །ངོ་མཚར་བླ་ན་མེད་པ་ཆོས་གཟུགས་སྐུ། །རྨད་བྱུང་བདུད་རྩིར་འཁྱིལ་བའི་ཟ་མ་ཏོག །ཕན་བདེའི་ཉེར་འཚོ་ཟས་གཙང་སྲས་པོ་རྒྱལ། །


GLG016_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་གསང་གསུམ་ལངྐའི་དབང་པོའི་གཟུགས། །འགྲོ་བློའི་རིན་ཅེན་རྩིག་པར་ཤར་བ་ཡི། །གྲངས་མེད་སྒྱུ་འཕྲུལ་དྲ་བའི་མཐའ་དང་ཚད། །ཚུར་མཐོང་སྐྱེ་བོའི་གཞལ་བྱའི་ཡུལ་ལས་འགོང་། །འོན་ཏེ་རྡོ་རྗེའི་གདན་གྱིས་ཆེས་སྤ་བར། །མཆོག་གི་སྤྲུལ་སྐུར་ལེགས་བསྟན་རོལ་གར་ལས། །བདེ་བར་གཤེགས་པའི་མཆོད་རྟེན་རྣམ་བརྒྱད་ཅེས། །བསོད་ནམས་རྒྱ་མཚོ་བསྐྲུན་པའི་ཞིང་སའི་དཔྱིད། །དེའི་ཚུལ་རྟོགས་པའི་བློ་དང་བརྩོན་པ་ཡིས། །དབང་གཞུས་འཁྱུས་པའི་ཀཻ་ལ་ཤ་ཡི་རི། །བྱེད་པོས་ཚར་དུ་དངར་བར་བྲིས་འདྲ་འདི། །ཀུན་གྱི་གཟིགས་མོར་བྱེད་པའི་ཚད་དུ་ཆེ། །ས་ལ་དགའ་ལྡན་ཆོས་ཀྱི་ཕོ་བྲང་ན། །འཇམ་དཔལ་སྙིང་པོས་ཟུང་འཇུག་སྐུ་བཞིའི་དཔལ། །མངོན་དུ་མཛད་པའི་འོག་མིན་ཞིང་ཁམས་ཀྱི། །རབ་མཛེས་རྒྱན་མཆོག་ཁྱད་པར་ཅན་གྱིས་སྤུད། །བྱིན་རླབས་གཟི་འབར་རྣམ་བཞིའི་རིང་བསྲེལ་དང་། །རིན་ཅེན་དུ་མ་འདུས་པའི་རྒྱུ་ཚོགས་སོགས། །གསལ་བྱེད་དཀར་ཆག་དེབ་གཏེར་ཨཱ་དརྴ། །མཐོང་བས་དོན་དང་ལྡན་པ་འདི་ན་བཀོད། །ཅེས་ཆེད་དུ་བརྗོད་པས་སྔུན་བསུས་ཏེ་དེ་ཡང་བསླུ་བ་མེད་པ་ཚད་མའི་བཀའ་བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་མཆོད་རྟེན་ལ་བྱ་བ་བྱས་པའི་ཕན་ཡོན་ནམ་མཁའི་མཐས་ཀྱང་ཚད་བཟུང་གཞལ་བར་དཀའ་བ་ལྟ་བུའི་བསྔགས་བརྗོད་དང་མཐུན་པའི་རྒྱུ་ལས་འབྲས་བུ་འབྱུང་བ་གོར་མ་ཆག་པར་ཡིད་ཡོངས་སུ་


GLG016_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་དེ། མཛོད་པ་བསོད་ནམས་རབ་བརྟན་དུས་ཀྱི་ཆོས་ཉིད་དུ་གྱུར་པ་ལ་གཅིག་ཏུ་ཕན་པ་དགེ་བའི་ཚོགས་ཀྱིས་ཡིད་དུ་མི་འོང་བའི་འབྲས་བུ་རྣམས་ཀྱང་ཀྱང་རྣམ་སྨིན་དཀར་པོར་འཛག་པའི་ཆེད་དུ་སྐུའི་རྟེན་ལ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་གསེར་སྐུ་མི་ཚད་མ། གསུང་གི་རྟེན་དུ་བདེ་བར་གཤེགས་པའི་བཀའི་གླེགས་བམ་བརྒྱ་དང་བཅུ་གཅིག་གི་གྲངས་ལྡན་གསེར་ཞུན་མའི་ཁུ་བས་བྲིས་པ། ཐུགས་ཀྱི་རྟེན་དུ་དངུལ་དཀར་ལས་གྲུབ་པའི་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་མུཀྟ་ཀ་དང་གཡུ་པདྨ་རཱ་ག་སོགས་རིན་པོ་ཆེའི་ཕྲ་ཚོམས་ཀྱིས་བཀོད་པའི་ཁྱད་མཚར་དང་བཅས་བཞེངས་པའི་ཐུགས་རྟེན་རྣམས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཞུགས་སུ་གསོལ་བའི་དཀར་ཆག་གི་རིམ་པ་ནི། ས་ཕག་ལོ་གཉེར་པ་ངག་དབང་སྨོན་ལམ་དང་གཤོང་ཁ་བ་གཉིས་ཀྱིས་ཁུར་ཁུར་ཏེ་དཔལ་ལྡན་འབྲས་སྤུངས་ཀྱིས་སྤྱི་བླུགས་དངུལ་ལས་གྲུབ་པའི་རྒྱན་དྲུག་གསར་བཟོས་ཀྱི་ཁ་ཡིག་གཙང་བྱེད་སྦྲེང་བའི་ཟ་མ་ཏོག །གཙང་བྱེད་དྲི་མེད་ཆུ་རྒྱུན་སྦྲེང་བའི་སྣོད། །རབ་དཀར་རིན་ཅེན་ལས་གྲུབ་རྒྱན་དྲུག་མ། །ངུར་སྨྲིག་འཆང་བ་ཁྲིམས་ལྡན་འདུས་པའི་སྡེར། །ཉེ་བར་མཁོ་བའི་ཡོ་བྱད་དམ་པ་ཟུང་། །ལྷག་བསམ་པདྨའི་རྩ་བ་ལྟར་དཀར་དང༌། །འབད་དང་བརྩོན་པའི་སྦྱོར་པ་ལ་བརྟེན་ནས། །སྒོ་གསུམ་ངལ་བར་བྱས་པའི་སྐྱེ་བོ་རྣམས། །འདི་དང་གཏན་གྱི་མདུན་མ་ལྷུན་གྲུབ་ཤོག །


GLG016_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕག་ཧོར་ཟླ་དགུ་པའི་ཚེས་བཅུ་ནས་ལས་འགོ་བཙུགས། ལྕགས་བྱི་ཟླ་བ་དང་པོའི་ཚེས་བཅུ་གཅིག་ལ་གྲུབ་པའི་དབུ་རྒྱན་དར་དཔྱངས་སྙན་རྒྱན་དང་བཅས་པ་གསེར་ཞོ་སུམ་བརྒྱ་སྐོར་ལ་ལྗང་བརྡུངས་སུ་བྱས་པར་གཡུ་གྲངས་སྟོང་མུ་ཏིག་དགུ་བཅུ་སྐོར་གྱིས་སྤྲས་པ་གྲོང་གསར་བ་པདྨ་རབ་བརྟན་གྱིས་དོ་དམ་བྱས་ནས་བཀོད་པ་ཕུན་སུམ་ཚོགས་པས་བསྐྲུན་ཏེ་འཕྲུལ་སྣང་དུ་འཕགས་པ་རང་བྱོན་ལྔ་ལྡན་ལ་ཕུལ་བའི་ཁ་ཡིག་འདི་ཕྱིའི་གཏན་འདུན་ལྷུན་གྲུབ། དགེ་བའི་འོད་ཀྱིས་བསྟན་འགྲོའི་ཕན་བདེའི་ཚལ། །རབ་རྒྱས་ཚུལ་འདིར་འབད་པའི་སྐྱེ་རྒུ་སོགས། །མཁའ་མཉམ་འགྲོ་རྣམས་མངོན་མཐོ་ངེས་ལེགས་སུ། །འདྲེན་ཕྱིར་རྣམ་པ་ཐམས་ཅད་མཁྱེན་གྱུར་ཅིག །ས་ཕག་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བདུན་ལ་འགོ་བཙུགས། ལྕགས་བྱི་ཟླ་བ་ལྔ་པའི་ཉེར་གཉིས་ལ་གྲུབ་པའི་དབུ་རྒྱན་དར་དཔྱངས་སྙན་རྒྱན་དང་བཅས་པ་གསེར་ཞོ་ལྔ་བརྒྱར་ཉེ་བ་ལ་ལྗང་བརྡུངས་སུ་བྱས་པར་གཡུ་གྲངས་བདུན་བརྒྱ་སྐོར། །མུ་ཏིག་བརྒྱར་ཉེ་བ། བཻཌཱུ་ཪྻ་དཔངས་ལ་རྩེ་སོར་དོ་ཞེང་ལ་སོར་ཕྱེད་དོ་ཡོད་པས་སྤྲས་པ་གྲོང་གསར་བ་པདྨ་རབ་བརྟན་གྱིས་དོ་དམ་བྱས་ནས་གཟིགས་མོར་ཚར་དུ་དངར་བ་འཕྲུལ་སྣང་དུ་བྱམས་པ་ཆོས་ཀྱི་འཁོར་ལོར་ཕུལ་བ་བྱམས་པའི་འཛུམ་ཞལ་མཐོང་བའི་སྐལ་བཟང་། བྱམས་བརྩེའི་ཆར་གྱིས་འགྲོ་བའི་ཞེ་སྡང་མེ། །ཞི་ནས་བདག་གཞན་བརྗེ་བའི་སེམས་བསྐྱེད་ཅིང་། །འཛམ་བུའི་གླིང་འདིར་ཁྱོད་ཉིད་སངས་རྒྱས་ཚེ། །དམ་པའི་ཆོས་ཀྱི་བདུད་རྩི་འཐུང་བར་ཤོག །ལྕགས་བྱི་རང་བྱོན་ལྔ་ལྡན་གྱི་དབུ་རྒྱན་རྙིང་པའི་སྟེང་དུ་སླར་གསེར་སྲང་ལྔ་


GLG016_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བསྣན་པའི་བཀོད་པ་ལེགས་སུ་བཏང་། གཡུ་མུ་ཏིག་སོགས་ཕྲ་རྙིང་པ་གང་འདུག་གིས་སྤྲས་ནས་ཁྲ་འབྲུག་ཇོ་མོ་སྒྲོལ་མར་ཕུལ་བ་སྲོང་བཙན་བཞེད་པའི་རེ་སྐོང་། འཇིགས་ཆེན་བརྒྱད་སོགས་སྲིད་ཞིའི་སྡུག་བསྔལ་ལས། །འགྲོ་ཀུན་ཉེར་སྒྲོལ་ཁྱད་པར་བོད་འབངས་རྣམས། །བདེ་སྐྱིད་དཔལ་ལ་སྦྱོར་ཅིག་ཏཱ་རེ་ཀྱེ། །སྲོང་བཙན་སྒམ་པོའི་བཞེད་པ་ལྷུན་གྲུབ་མཛོད། ལྕགས་བྱི་ཟླ་བ་གཉིས་པའི་ཉེར་ལྔ་ནས་འགོ་བཙུགས་ཟླ་བ་བཞི་པའི་ཉེར་བརྒྱད་ལ་གྲུབ་པའི་དབུ་རྒྱན་དར་དཔྱངས་སྙན་རྒྱན་དང་བཅས་པ་གསེར་ཞོ་ཕྱེད་ལྔ་བརྒྱ་ལ་ལྗང་བརྡུངས་སུ་བྱས་པར་གཡུ་གྲངས་སུམ་བརྒྱར་ཉེ་བ། མུ་ཏིག་བཞི་བརྒྱ་སྐོར། ཤེལ་བདུན་ཅུ་ལྷག་བཅས་ཀྱིས་སྤྲས་པ་གྲོང་གསར་བ་པདྨ་རབ་བརྟན་གྱི་དོ་དམ་བྱས་ནས་སྒྱུ་མའི་ཁེངས་པ་འཕྲོག་པའི་བཀོད་ལེགས་འཕྲུལ་སྣང་དུ་དུང་ཁ་ཡིག་སྲིད་ཞིའི་ལེགས་ཚོགས་ལྷུན་གྲུབ། ངེས་པའི་དོན་དུ་རྡོ་རྗེ་དབྱིངས་ཕྱུག་མ། །སྣ་ཚོགས་འགྲོ་བློའི་ངོ་བོར་གདོང་བཞི་པའི། །མཆེ་བ་ལས་འཁྲུངས་དྲི་ཟའི་བུ་མོ་དེ། །དུང་སྐྱོང་རྒྱལ་མོའི་སྒྱུ་འཕྲུལ་གར་མཁན་མས། །རྒྱ་ཧོར་བོད་ཡུལ་ཀུན་ཏུ་རྒུད་པའི་མུན། །རབ་ཞི་ཕན་བདེའི་སྣང་བས་ལེགས་ཁྱབ་ཅིང་། །ཅོད་པན་འདིའི་ཆེད་སྒོ་གསུམ་འབད་པ་རྣམས། །སྲིད་ཞིའི་ལེགས་ཚོགས་ལྷུན་གྱིས་གྲུབ་པར་མཛོད། ལྕགས་བྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དྲི་གཙང་ཁང་སོགས་སུ་ཐུབ་པ་ཚུལ་ཁྲིམས་མས་གཙོས་པའི་རྟེན་གསུམ་སླར་བསྒྲིགས་བཀོད་བྱས་པའི་དེབ་གཏེར་གྱི་འགོ་བརྗོད་ངོ་མཚར་འཕྲེང་བ་སྤེལ་ལེགས།


GLG016_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འདིར་བསོད་ནམས་རྒྱ་མཚོའི་ཞིང་། །ཐུབ་དབང་དེའི་གསུང་སློབ་མར་བཅས། །ཕན་བདེའི་འབྲས་བཟང་སྩོལ་མཛད་པའི། །སྔོན་མེད་ཡོངས་འདུའི་ལྗོན་པ་རྒྱལ། །སངས་རྒྱས་ཀུན་གྱིས་གང་གཟིགས་ཤེས་བྱའི་གནས། །མ་ལུས་གསལ་བར་མཁྱེན་པའི་བློ་གྲོས་ཀྱིས། །སྐལ་བཟང་འགྲོ་ལ་ཆོས་ཀྱི་གྲགས་པའི་སྒྲ། །སྒྲོག་མཛད་ཀུན་མཁྱེན་བཙོང་ཁ་པ་ལ་འདུད། །བྱེ་བ་ཕྲག་བརྒྱའི་ཞིང་ཁམས་རྡུལ་སྙེད་དུ། །གསང་གསུམ་བཀོད་པའི་ངོ་མཚར་སྒྱུ་དྲའི་གར། །ལེགས་བསྟན་ལས་དག་སྐྱེ་རྒུའི་སྤྱོད་ཡུལ་ཅན། །ངོ་མཚར་གནས་ཀྱི་ཕ་མཐའ་འབྱམས་སུ་ཀླས། །འོན་ཏེ་མཆོག་དམན་ལུས་ཅན་


GLG016_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཤེས་ཀྱི། །ཡུལ་གྱུར་ས་ལ་གནས་པའི་འོག་མིན་ཞིང་། །ཟུང་འཇུག་རྡོ་རྗེ་འཆང་གི་འབྱུང་གནས་ཆེ། །དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་གྲགས། །ཇི་སྙེད་དཀྱིལ་འཁོར་འཁོར་ལོ་མ་ལུས་པ། །རྟེན་དང་བརྟེན་པར་བཅས་པའི་གནྡྷོ་ལ། །མཐོང་བས་དོན་ལྡན་ཐོས་ལས་རྣམ་གྲོལ་བ། །སྐུ་གསུང་ཐུགས་ཀྱི་སྣང་བརྙན་ཚར་དུ་དངར། །བཀོད་ལེགས་འཕྲེང་བར་སྤེལ་སོགས་སྲི་ཞུ་ཡི། །བསོད་ནམས་རབ་དཀར་ཐོད་བཅིངས་མེ་ན་ཀ ། འཇམ་མཉེན་ཤིང་གི་མ་མའི་ངོས་ཡངས་པོར། །ཟློས་གར་བསྒྱུར་བའི་གཟིགས་མོར་འདི་ན་ཆེ། །ཞེས་པས་སྔུན་བསུས་ཏེ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་དབང་ཕྱུག་མགོན་པོ་འཇམ་པའི་དབྱངས་གངས་རིའི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བའི་སླད་དུ་ངུར་སྨྲིག་འཛིན་པ་དགེ་བའི་བཤེས་གཉེན་གྱི་ཚུལ་བསྟན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། འཕགས་ཡུལ་བ་སརྦ་ཝཱན་དུ་འབོད་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོ་ཆུ་ཤེལ་གྱི་དབང་པོ་སྣྲོན་གྱིས་ཉ་བའི་ཚེས་གྲངས་དགེ་བར་ཐུབ་དབང་ཚུལ་ཁྲིམས་མས་གཙོ་བྱས་རྟེན་གསུམ་རྣམས་སླར་ཡང་གསར་བསྒྲིགས་བྱས་པའི་དེབ་གཏེར་གྱི་རིམ་པ་ལ། ལྕགས་བྱིའི་ལོ་རྒྱལ་ཁྲིམས་ཀྱི་བྱེད་པོར་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ། རྒྱལ་པོ་མཆེད་གཉིས། ཇུ་ནང་སོགས་


GLG016_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོམ་ཐོག་ནས་མཛོད་ཀྱི་ཁུར་ལེན་དུ་བསྐོས་སྐབས་ཐམ་ག་གསར་དུ་བསྐྲུན་པའི་ཐམ་ཕུད་ཇོ་ཤཱཀྱ་འཕགས་པ་ལོ་ཀེ་ཤྭ་ར་དཔལ་ལྡན་འདོད་ཁམས་དབང་ཕྱུག་མ་གསུམ་ལ་ཕུལ་བའི་ཁ་ཡིག་གསེར་གྱི་གཉའ་ཤིང་འཛིན་རི། སྭསྟི་པྲཛཱ་བྷྱཿ དགེ་ལེགས་ཚོགས་གཉིས་ས་བོན་ཡོངས་སྨིན་ལས། །ཆོས་གཟུགས་སྡོང་བུ་ཡལ་འདབ་རབ་རྒྱས་རྩེར། །ཕན་བདེའི་འབྲས་བུ་གཡུར་དུ་ཟ་བ་ཡི། །ཐུབ་དབང་དཔག་བསམ་ཡོངས་འདུའི་ལྗོན་པའི་དྲུང་། །མ་སྨད་ཕུན་ཚོགས་བསོད་ནམས་མངལ་ཡངས་པར། །ཆོས་སྲིད་གསེར་གྱི་སྒོ་ང་དར་དྲག་པ། །སྡེ་བཞིའི་རི་མོ་རྣམ་བཀྲ་ཐམ་ཀའི་ཕུད། །མི་ཕྱེད་དད་དང་གུས་པས་ཕུལ་བའི་དགེས། །ཁྲིམས་གཉིས་གདུགས་དཀཪ་རབ་འཁོར་གྲིབ་བསིལ་ལ། །བསྟན་དང་སྐྱེ་རྒུ་བདེ་བར་ངལ་གསོ་བའི། །བསམས་དོན་ལྷུན་གྱིས་གྲུབ་པ་ནོར་བུའི་ཏོག །འོད་ཀྱིས་འཇིག་རྟེན་མ་ལུས་སྣང་བར་ཤོག །གངས་ཅན་ལྷ་གཅིག་ལག་ན་པད་དཀར་འཆང་། །འཕགས་མཆོག་དཀྱུས་རིང་སྤྱན་གྱི་བྷ་མ་ར། །རབ་བཀྲ་ཐམ་ཀའི་འདབ་བརྒྱ་བཞད་པའི་དབུས། །ངོ་མཚར་རི་མོའི་ཟེ་འབྲུར་དགྱེས་རོལ་ཏེ། །ཁྲིམས་གཉིས་གསེར་གྱི་གཉའ་ཤིང་འཛིན་པའི་རི། །མཆོག་དམན་ཀུན་ལ་མངོན་པར་རབ་ལྕི་བས། །ཆེན་པོ་བོད་ཀྱི་ལྗོངས་འདིར་སུམ་རྩེན་གྲོང་། །འཕོས་འདྲའི་བདེ་སྐྱིད་དགའ་སྟོན་ལ་སྤྱོད་ཅིང་། །མགོན་ཁྱོད་གདུལ་བྱའི་ཞིང་གྱུར་སཱ་ལའི་ལྗོངས། །པུར་རྒྱལ་བོད་ཀྱི་ཡངས་པའི་རྒྱལ་ཁབ་འདིར། །ཆོས་ནོར་འདོད་དང་ཐར་ལམ་སྡེ་བཞི་པོས། །


GLG016_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཁྱབ་རྫོགས་ལྡན་གསར་པའི་དགའ་སྟོན་སྩོལ། ཁམས་གསུམ་ཀུན་ལས་རྒལ་བའི་མཐུ་སྟོབས་གྱིས། །སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏི། །དུས་གསུམ་སངས་རྒྱས་བསྟན་སྲུང་མཐུ་རྩལ་ཅན། །གནས་གསུམ་མཁའ་འགྲོའི་དབང་ཕྱུག་གང་དེའི་དྲུང་། །རི་མོ་གཡས་འཁྱིལ་ཐམ་ཀའི་དུང་དཀར་པོ། །དྲང་ཐིག་ཁྲིམས་ཀྱི་སྒྲ་དབྱངས་སྙན་སྒྲོགས་པ། །འདྲེན་བྱེད་ཐོས་འཛིན་ཡུལ་དུ་ལེགས་བསྟར་བས། །ལྷ་ཁྱོད་དགྱེས་ཞལ་རྩེ་དགའ་ཁོང་ནས་འཛུམ། །མི་བསྲུན་གཞན་སྲིད་བ་དན་ས་ལ་སྙོལ། །རང་སྡེ་རྣམ་པར་རྒྱལ་བའི་རུ་མཚོན་སྒྲོངས། །ཆོས་སྲིད་ཉི་ཟླ་ཟུང་དུ་འཇུག་པའི་འོད། །རབ་ཡངས་ནོར་འཛིན་ཀུན་ལ་ཁྱབ་པར་མཛོད། །ལྕགས་བྱིའི་ལོ་མཆོད་ཡོན་ཐུན་མོང་གི་ཐམ་ཀ་དམར་པོ་གསར་དུ་། བསྐྲུན་པའི་ཐམ་ཕུད་འདོད་ཁམས་དབང་ཕྱུག་མར་ཕུལ་བའི་ཁ་ཡིག་འཛམ་གླིང་འདོད་འཇོའི་མངལ་ཁུར་སོགས། སྲིད་གསུམ་བདག་མོ་འདོད་ཁམས་དབང་ཕྱུག་མས། །འཛམ་གླིང་ཡངས་པའི་ནོར་འཛིན་འདོད་འཇོའི་མངལ། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་དང་སྲིད་ཀྱིས་ལྕི་བའི་དགའ་སྟོན་སྩོལ། །ལྕགས་བྱིའི་ལོ་བསྟན་འཛིན་དཱ་ཡན་རྒྱལ་པོའི་ཐམ་ཕུད་ཇོ་བོ་ཤཱཀྱ་མུ་ནི་དང་དཔལ་ལྡན་ལྷ་མོར་ཕུལ་བ་གནམ་ས་ཀུན་ལ་དབང་སྒྱུར། བླ་མེད་ཡེ་ཤེས་དཔག་བསམ་ཡོངས་འདུའི་ལྗོན། །མཚན་དཔེའི་འབྲས་བཟང་དུད་པ་རོ་བརྒྱའི་བཅུད། །ཡོངས་སུ་སྨིན་པའི་ཉི་མའི་གཉེན་གྱི་


GLG016_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །སངས་རྒྱས་ཀུན་གྱི་དངོས་པོ་གཅིག་གྱུར་དྲུང་། །གནམ་དང་ས་ཡི་དཀྱིལ་འཁོར་ཡངས་པ་ལ། །བཀའ་རྟགས་ཕྱག་རྒྱ་གཅིག་གིས་མངའ་སྒྱུར་བས། །ནོར་འཛིན་དབང་པོ་གྲུབ་པའི་མིང་གི་གཟུགས། །རྣམ་བཀྲ་རི་མོར་ལེགས་ཤར་ཐམ་ཀའི་ཕུད། །ཉེཪ་ཕུལ་བསོད་ནམས་བརྒྱ་པའི་དངོས་པོའི་ལུས། །ཉི་མ་འབུམ་གྱི་དཔལ་འཛིན་གཟི་འོད་ཀྱིས། །རྩོད་པའི་མུན་པ་ཕ་མཐར་ཡོངས་བསྐྲད་དེ། །བདེ་སྐྱིད་རྫོགས་ལྡན་གཉིས་པའི་དགའ་སྟོན་སྩོལ། །དམག་ཟོར་མར། གནམ་སའི་དཀྱིལ་འཁོར་ཀུན་ལ་བསོད་ནམས་ཀྱི། །རྩིབས་སྟོང་འཁོར་ལོས་མངོན་པར་དབང་བསྒྱུར་ཏེ། །འཇིག་རྟེན་ཀུན་ཏུ་རྟོགས་ལྡན་གསར་པའི་མགྲོན། །འགུགས་པའི་སྐལ་བཟང་ལེགས་ཐོབ་དགའ་སྟོན་སྩོལ། །མཁྱེན་བརྩེ་ནུས་པའི་འོད་མཚོན་སྣང་བྱེད་རྒྱུན། །མཉམ་མེད་ཤཱཀྱ་མུ་ནིར་ཕུལ་བ་ཡིས། །ངག་དབང་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །འོག་མིན་ཞིང་གི་མགོན་ལྟར་བརྟན་གྱུར་ཅིག །མཆོད་སྤྲིན་སྟོབ་བྱེད་བསམ་གྲུབ་རྒྱལ་པོ་སོགས། །ཚེ་དང་བསོད་ནམས་དཔལ་འབྱོར་རབ་འཕེལ་ཞིང་། །ཡང་སྲིད་ཀུན་ཏུ་རྒྱལ་བའི་བསྟན་དང་མཇལ། །དེ་དོན་ཉམས་བླངས་སངས་རྒྱས་ཐོབ་པར་ཤོག །ཅེས་ཇོ་བོ་ཤཱཀྱ་མུ་ནིར་རྒྱུན་མཆོད་བཙུགས་པའི་ཀོང་གི་ཞལ་བྱང་འདི་ལྟ་བུ་ཞིག་དགོས་ཞེས་བྱང་གླིང་བསམ་གྲུབ་རྒྱལ་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། ལྕགས་གླང་ཧོར་ཟླ་གཉིས་པའི་ཚེས་གཅིག་ནས་འགོ་བརྩམས་ཧོར་ཟླ་བདུན་པ་སྔ་མའི་ཚེས་ལྔའི་ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ་ཇོ་ཤཱཀ་ཡིད་བཞིན་གྱི་ནོར་བུར་གསེར་ལྗང་བརྡུངས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཀོད་པའི་དབུ་རྒྱན་དར་དཔྱངས་


GLG016_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་རྒྱན་དང་བཅས་གྲོང་གསར་བ་པདྨ་རབ་བརྟན་གྱིས་དོ་དམ་བྱས་ནས་ངོ་མཚར་བཀོད་ལེགས་ཕུལ་བའི་ཁ་ཡིག་ཆོས་གཟུགས་གསེར་གྱི་སྙེ་མ། ཆོས་་གཟུགས་གསེར་གྱི་སྙེ་མ་ཡོངས་དུད་པ། །ཚོགས་གཉིས་འབྲས་སྨིན་སྡོང་བུ་དར་བབས་དཔྱིད། །དོན་ཀུན་གྲུབ་པ་རྣམ་འདྲེན་ཟས་གཙང་སྲས། །སྔོན་མེད་དཔག་བསམ་ཡོངས་འདུའི་ཞལ་སྐྱིན་ལ། །བཀོད་ལེགས་ནོར་བུའི་ཕྲས་མཛེས་གསེར་སྦྱངས་ཀྱི། །ཅོད་པན་ཕུལ་པས་ངེས་པ་ལྔ་ལྡན་ལྟར། །འཕྲུལ་སྣང་ཞིང་འདིར་མི་གཡོ་རྟག་བཞུགས་ནས། །བདེ་སྐྱིད་སྣང་བས་བསྟན་འགྲོ་ཀུན་ཁྱབ་ཤོག །ཚུལ་འདིར་སྒོ་གསུམ་འབད་དང་མཐུན་པའི་རྐྱེན། །སྤེལ་རྣམས་འདི་ཕྱིའི་ལེགས་ཚོགས་ཀུན་འགྲུབ་ཅིང་། །མཁའ་མཉམ་མ་རྒན་འགྲོ་བ་མ་ལུས་པ། །ཀུན་མཁྱེན་ཡེ་ཤེས་ཐོབ་པའི་རྒྱུར་གྱུར་ཅིག །ལྕགས་གླང་ཧོར་ཟླ་བདུན་པར་ཇོ་བོ་རིན་པོ་ཆེར་དབུ་རྒྱན་སྙན་རྒྱན་དར་དཔྱངས་དང་བཅས་ཕུལ་བའི་ཁ་བྱང་ཚིགས་བཅད་ལྷུག་སྙན་རྒྱན་གཡས་གཡོན་ལ་བཀོད་པ་དགེ་ཚོགས་མི་ཟད་གཏེར་བུམ། མ་འདྲིས་སྙན་རྒྱན་གཡས་ཀུན་ལ་བརྩེ་བའི་ཐུགས་རྗེའི་རླབས། །ཡོལ་མེད་སྒྲིབ་བྲལ་གཟིགས་པའི་སྤྱན་གྱི་དཀྱུས། །རིང་པོ་བརྒྱུད་ལྔའི་འགྲོ་ལ་ཉེར་འཇུག་པ། །གདུལ་དཀའ་གདུལ་མཛད་བུ་རམ་ཤིང་པ་ཀྱེ། །བདོག་པ་སྤེལ་དང་ལག་ཏུ་བསྟར་བའི་འབྲས། །དེང་ནས་བྱང་ཆུབ་བར་དུ་ཟླ་ཞུན་ལྟར། །རབ་དཀར་ཕུང་པོ་ཟད་པ་མེད་པའི་རྒྱུན། །སྤྱོད་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །དོ་དམ་རབ་འབྱམས་ཀུན་དགའ་བསྟན་འཛིན་དང་། །སྡིངས་ཆེན་བློ་བཟང་དབང་ཕྱུག་ཟུང་གི་སྟེངས། །གྲོང་གསར་པདྨ་རབ་བརྟན་རྣམ་དཔྱོད་ཀྱི། །བཀོད་པས་ཁྱད་འཕགས་གཟིགས་མོར་


GLG016_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་དུ་དངར། །ཛྱེ་དྷ་ཨ་མྲ་སིང་དང་ལ་ན་ཤྲཱི། །མུ་ནེ་ཛྙ་དེ་སུ་རྩའི་བལ་བུ་ཡི། །སོར་མོའི་འཕྲུལ་གྱིས་ཟློས་གར་བསྒྱུར་བའི་ཚེ། །སྒྱུ་མ་མཁན་ཡང་ཁེངས་སྐྱུངས་འོས་སུ་བྱས། །ཀ་ཅའི་འབྲེལ་འཇོག་དངོས་དང་བརྒྱུད་པ་ནས། །དགེ་འདིས་བསྐྲུན་པའི་བྱེད་པོར་གཏོགས་སོ་ཅོག །འཇིགས་ཆེན་བརྒྱད་སོགས་རྒུད་པ་རྣམས་ཞི་ཞིང་། །མཐུན་རྐྱེན་ཀུན་ཚང་བསམ་པ་ལྷུན་གྲུབ་ཤོག །ཡང་སྲིད་ཀུན་ཏུ་ཐེག་ཆེན་ཆོས་དང་མཇལ། །དད་བརྩོན་ཤེས་རབ་ཚེ་འབྱོར་ལེགས་ཚོགས་ཚང་། །རིང་མིན་མུ་མཐའ་བྲལ་བའི་སྐྱེ་རྒུ་རྣམས། །འདྲེན་ཕྱིར་རྣམ་པ་ཐམས་ཅད་མཁྱེན་གྱུར་ཅིག །འཇིག་རྟེན་སྤྱི་དང་ཁྱད་པར་གངས་ཅན་འདིར། །འཐབ་རྩོད་ནད་མུག་འབྱུང་བ་འཁྲུག་ལ་སོགས། །སྙིགས་མ་ལྔ་བདོའི་ཉེས་བརྒྱ་དྲུང་ཕྱུང་སྟེ། །རྫོགས་ལྡན་གསར་པའི་རྩེ་དགའ་དགོད་པར་ཤོག །རྒྱལ་བསྟན་སྤྱི་དང་ཁྱད་པར་བཙོང་ཁ་པའི། །ཆོས་སྲིད་དེ་འཛིན་སྡེ་དང་སྦྱིན་པའི་བདག །ཉི་ཟླ་ཟུང་དུ་ཉེར་འབྲེལ་འོད་སྣང་གིས། །རབ་ཡངས་ནོར་འཛིན་ཀུན་ལ་ཁྱབ་པར་ཤོག །མཁྱེན་བརྩེ་ནུས་པའི་ནོར་བུ་ཀེ་ཏ་ཀས། །རྣམ་སྨིན་ནག་པོའི་དྲི་མ་དྲུངས་བྱས་ཏེ། །ལུས་ཅན་རྣམས་ཀྱི་གྲངས་རིང་སྐྱེ་བའི་ཆུར། །ཕན་བདེའི་བཞིན་རས་གསལ་བར་འཆར་གྱུར་ཅིག །སྭསྟི་པྲཛཱ་བྷྱཿ སྙན་རྒྱན་གཡོན། ལོངས་སྤྱོད་རྫོགས་པའི་སྐུ་རྣམས་འཁོཪ་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བཞུགས་པས་ན་ཇོ་བོ་ཤཱཀྱ་མུ་ནི་བརྟན་པར་བཞུགས་པའི་ཆེད་དུ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས་དབུ་རྒྱན་ཕུལ་བ་འདི་བྱིན་རླབས་དང་རྟེན་འབྲེལ་གྱི་རྒྱུན་ལ་མ་ཉམས་པར་


GLG016_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ལེགས་པར་མཐོང་བས་རང་སོར་བཞག །གསར་དུ་བསྟན་འགྲོའི་བདེ་ཐབས་དང་ཚོགས་གསོག་གི་ཆེད་དུ་ངེད་རང་གི་བཀོད་པ་ལྟར་མཛོད་པ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོས་ཁུར་བླངས། དོ་དམ་འཕྱོང་རྒྱས་རབ་འབྱམས་པ་ཀུན་དགའ་བསྟན་འཛིན། གྲོང་གསར་བ་པདྨ་རབ་བརྟན། སྡིངས་ཆེན་པ་བློ་བཟང་དབང་ཕྱུག །བརྡུང་འཕུལ་ཕྲ་གསུམ་གྱི་བཟོ་བོ་ཛྱེ་དྷ་ན། ཨ་མྲ་སིང་། ལ་ན་ཤྲཱི། མུ་ནི། ཛྙཱ་ན་དེ་བ། སུ་རྩ་རྣམས་དང་། གཟིགས་མོར་ཚར་དུ་དངར་བའི་ཕུན་ཚོགས་བཀོད་པའི་ཁྱད་པར་གྲོང་གསར་པ་པདྨ་རབ་བརྟན་གྱི་བློ་གྲོས་ཡངས་པའི་སྒོ་འཕར་ལས་ཉེ་བར་འཐོན་པའི་ཅོད་པན་སྙན་རྒྱན་དང་བཅས་པ་འདི་ཞལ་འདེབས་ཀྱི་གསེར་ཞོ་དྲུག་ཅུ་རེ་བརྒྱད་ཐེ་བའི་གསེར་ཞོ་སྟོང་དང་ལྔ་བརྒྱ་བདུན་ཅུ་སྐོར། ཕ་བོང་ཁའི་གདན་ས་པ་འཇམ་དབྱངས་གྲགས་པ། རབ་འབྱམས་པ་ཀུན་དགའ་བསྟན་འཛིན། སྒོ་སྤེ་རབ་འབྱམས་པ་ཆོས་གྲགས་རྒྱ་མཚོ། གྲོང་གསར་བ། རྟག་རུ་བ། གྲྭ་བསམ་དར་བ། མཁར་ལྡན་པ། སྐྱར་པོ་བ། འབྲང་རྒྱས་ཤག་དགོས་དགོས། བྱང་གླིང་བསམ་འགྲུབ་རྒྱལ་པོ། པུ་ཤུད་པ། སྡིངས་ཆེན་པ། སྦྱར་ར་བ། སྤུས་སྲང་གསེར་ཁང་པ། ཀ་བརྒྱད་སྨད་པ། གོང་དཀར་བསོད་ནམས་རྣམས་ཀྱི་གསེར། ཞལ་འདེབས་ཀྱི་གཡུ་ཀླན་མཁར་ཡ་ཐ་དང་གླང་རུ་ལྷས་ནང་གི་གཙུག་གཡུ། ཟན་ཚུལ་ནོ་ནོར་དང་ལྷ་ས་ཚེས་བཅུའི་ཕུད་ཀྱུ། བརྒྱ་དང་བཞི་བཅུ་ཐེ་བའི་གཡུ་སྟོང་དང་དགུ་བརྒྱ་སྐོར། །ཞལ་འདེབས་གཡུ་པད་གསུམ་ཐེ་བའི་གཡུ་པད་གྲོང་གསར་པ་པདྨ་རབ་བརྟན། ཀུན་ལྷ། ལྷ་ས་སྤྱི་ཁང་པ་གསུམ་གྱི་ཕུབ་སྒོར། བཅོ་བརྒྱད་དང་མུ་ཏིག་ལྔ་བརྒྱ་སྐོར། དངུལ་སྲང་སུམ་ཅུ་སྐོར་སོགས་ལས་བསྐྲུན་ཏེ་རབ་བྱུང་བཅུ་གཅིག་པའི་འགལ་བ་ཞེས་པ་ལྕགས་མོ་གླང་གི་ལོ་ཧོར་ཟླ་གཉིས་པའི་ཚེས་གཅིག་ནས་དབུ་བརྩམས། ཧོར་ཟླ་


GLG016_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པའི་འགོར་ཕོ་བྲང་ཆེན་པོ་པོ་ཏ་ལར་གྲུབ་པ་སརྦ་ཀཱ་ལེ་སྭ་སྟི་ཛ་ཡནྟུ། །ལྕགས་གླང་ཧོར་ཟླ་བདུན་པའི་ནང་དུ་ར་ས་འཕྲུལ་སྣང་གི་དེབ་གཏེར་གསར་དུ་བསྒྲིགས་པའི་དཀར་ཆག་ནམ་མཁའ་མཛོད་ཀྱི་གཏེར། (སྡེབ་སྦྱོར་མེ་ཏོག་འཕྲེང་འཛིན། )སྐནྟེབལྱདྭིགནྱྭཀཊཀབྷཝཤིཝཱགུཎྱཝཤྱཱསམཱསཱནུབྱཛྙནཱནིམིཏྟཡུབནདྷརཙཱསུརྻཀོཊེཀྴརཱིརཾ། བཱམོཙརྨཱདྷཀྲྀཥྞནྟཀྲྀབྷཝཏམཚཱགོམཧཱཀུལྱཛཱིཔེཀརྨཱཎཾཤཱཀྱརཱཛོཔཨཝཏརཔཊོཉཱནམོ྅ངྐོཏྟམེན། །ཚོགས་གཉིས་ཕུང་པོར་སྤུངས་པའི་ཤུགས་ཀྱིས་སྲིད་ཞིའི་ཡོན་ཏན་མ་ལུས་པ། །དབང་དུ་སྡུད་པའི་མཚན་དཔེའི་ལང་ཚོ་ཉི་མ་བྱེ་བའི་ལུས་འཛིན་པས། །མིག་སྨན་ལྟར་གནག་འཁོར་མུན་མཐར་བྱེད་འཕྲིན་ལས་སྣང་བ་འོད་པོ་ཆེ། །རིས་མེད་འགྲོ་ལ་ཉེ་བར་འཇུག་མཁས་ཤཱཀྱ་སེང་གེར་སྤྱི་བོས་འདུད། །བྱམས་བརྩེའི་ཚལ་དུ་ས་བོན་སྨིན་ཙམ་ནས། །སྲིད་པའི་གདུང་སྐྱོབ་སྒྲིབ་ཏུ་ཉེར་བསིལ་བའི། །ཐུགས་རྗེའི་ཡལ་འདབ་མཐོན་པོར་ཡོངས་དུད་པ། །མི་ཕམ་པད་དཀར་ཅན་


GLG016_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འགྲོ་བའི་གཉེན། །གཙུག་ལག་བ་གམ་བརྩེགས་པའི་རི་བྱིའི་རྣར། །རྒྱལ་དང་དེ་སྲས་རྡུལ་སྙེད་གངྒཱའི་རྒྱུན། །དོག་མིན་གཅིག་ཏུ་སྤུངས་པའི་འཕྲུལ་སྣང་ཞེས། །ཞིང་ཁམས་རྒྱ་མཚོའི་དཔལ་གྱིས་རྩེ་དགའ་རྒོད། །རིགས་གསུམ་མཁྱེན་བརྩེ་ནུས་པའི་གར་མཁན་མ། །འོད་གསལ་ལྷ་རིགས་དམུ་ཐག་ལམ་བརྒྱུད་དེ། །ཟླ་མེད་གནམ་བསྐོས་ཡངས་པའི་ཁབ་ཆེན་པོ། །ལེགས་བྱོན་ཆོས་རྒྱལ་མུ་ཏིག་འཕྲེང་བཞིན་མཛེས། །ཁྱད་པར་གདེངས་ཅན་ཞགས་དཀྲིས་ལྷུན་པོའི་ཤིང་། །སྙིང་སྟོབས་ཁྱབ་འཇུག་ལག་བསྟར་སྲིད་པའི་མཚོ། །བསྲུབས་ལས་ཕན་བདེའི་བདུད་རྩིས་སྡེ་བཞི་ཡི། །འཆི་མེད་དགའ་སྟོན་དབང་ཕྱུག་སྲོང་བཙན་རྗེ། །ཤེས་བྱར་སྲིད་ལ་འཁྲུལ་པ་ཕྲ་མོའི་ཆས། །གོས་མིན་ཚད་མའི་སྟོན་པ་ཐམས་ཅད་མཁྱེན། །བརྗོད་པ་མ་ནོར་བློ་བཟང་གྲགས་པའི་དཔལ། །སངས་རྒྱས་ཀུན་གྱི་ཡབ་གྱུར་ཁྱེད་མིན་སུ། །འཇིག་རྟེན་བརླང་པོར་སྤྱོད་པའི་གཉའ་བ་ན། ཁྲིམས་གཉིས་གསེར་ཤིང་འཛིན་རི་མངོན་ལྕི་བ། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་ཉི་ཟླའི་འོད་སྣང་ཟུང་དུ་འབར། །བརྟན་གཡོའི་དངོས་ཀུན་དབང་དུ་བསྡུ་བའི་མཛོད། །མི་ཟད་ནམ་མཁར་སྤྱོད་པ་རྣམ་ཐོས་བུའི་། །རིན་ཅེན་གཏེར་གྱི་ནེ་ལའི་ཁར་འབབ་པའི། །ནོར་བུའི་ཆུ་རྒྱུན་དེབ་གཏེར་འདི་ན་འཁྱིལ། །ཞེས་སྙན་འགྱུར་གྱི་ཚིག་གིས་སྔུན་བསུས་ཏེ་ལྷ་རྣམས་ཀྱིས་ཆེད་དུ་བརྗོད་པ་དོན་དང་ལྡན་པའི་བཟང་པོའི་བསྐལ་བ་འདིར་འདུལ་


GLG016_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དཀའི་འགྲོ་བ་ལ་ཆེས་ཆེར་བརྩེ་བའི་སྙིང་སྟོབས་ཀྱིས་འདྲེན་པར་ཐུགས་བསྐྱེད་པ་རྒྱལ་བ་ཟས་གཙང་གི་སྲས་པོའི་བསྟན་པ་རིན་པོ་ཆེ་ནི། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར་ལོ་གྲངས་དེ་སྙེད་སོང་བ་ན་དབུས་འགྱུར་འཆང་ནས་བོད་ཡུལ་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་བ་ཡིན་ཅིང་། དེ་ལ་ཡང་གདུལ་བྱའི་ཞིང་ཞིག་དགོས་པས། །ཐུགས་རྗེ་ཆེན་པོ་དང་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་འདུས་པའི་ཕྲུག་གུ་གདོང་དམར་ཤ་ཟན་གྱི་རིགས་ལས་མིའི་རྒྱལ་ཁམས་སུ་གྱུར་པའི་བོད་སྤྱིའི་རྒྱལ་པོར་མང་པོས་བཀུར་བའི་བརྒྱུད་ལས་རྒྱལ་པོ་དམག་བརྒྱ་པའི་སྲས་རྗེ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་རབས་སོ་གཉིས་ཀྱི་བར་དུ་བྱོན་པ་རྣམས་ཀྱང་རིགས་གསུམ་མགོན་པོའི་སྤྲུལ་པ་ཤ་སྟག་ཡིན་ཤ་སྟག་ཡིན་ཞིང་། ཁྱད་པར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་བྱུང་། །དེ་ཡང་སྔགས་ཀྱིས་དོན་བསྒྲུབས་ཏེ། །ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོས་དེ་ཡང་གྲུབ། །ལོ་ནི་བརྒྱད་ཅུ་རྒྱལ་སྲིད་བྱ། །ཞེས་དང་། འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བརྩོན། །ཞེས་སོགས་ཀྱིས་ལུང་བསྟན་


GLG016_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་སྲོང་བཙན་སྒམ་པོ་བོད་ཡུལ་གྱི་མི་རྗེ་དང་། སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་ཀྱི་སྤྲུལ་པ་ཀོང་ཇོ་དང་ཁྲི་བཙུན་རྒྱ་བལ་གྱི་རྒྱལ་པོའི་སྲས་མོ་སྤྲུལ་པའི་ཚུལ་གྱིས་ཕན་ཚུན་གཉེན་དུ་སྦྲེལ་བར་བསྙད་ནས་སངས་རྒྱས་དངོས་དང་ཁྱད་པར་མེད་པའི་ཇོ་ཤཱཀ་ཡིད་བཞིན་གྱི་ནོར་བུ་ཟུང་སྤྱན་དྲངས། ཐོག་མར་ཆོས་རྒྱལ་ཡབ་ཡུམ་གསུམ་གྱིས་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་འཕགས་པ་རིགས་གསུམ་གྱི་མགོན་པོ་བསྒྲུབས། བོད་སྲིན་མོ་གན་རྒྱལ་དུ་ཉལ་བའི་དབྱིབས་ཀྱིས་སའི་མེ་རྩ་ལ་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་ལྷ་ཁང་བཅུ་གཉིས་བརྩིགས། །ས་དཔྱད་ངན་པ་རྣམས་བཅོས་ཏེ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་འདི་ཉིད་བསྟན་པ་དང་སྐྱེ་རྒུའི་བདེ་སྐྱིད་ཀྱི་ཉེར་འཚོར་བཞེངས་ཏེ་བསོད་ནམས་རྒྱ་མཚོའི་ཞིང་མཆོག་དམ་པར་བཞུགས་པ་ལ་མཁས་ཤིང་གྲུབ་པའི་སྐྱེས་བུ་དང་རྒྱ་ཧོར་ཡ་རྩེའི་རྒྱལ་པོ་སོགས་མཆོག་དམན་བར་པའི་སྐྱེ་རྒུ་ཐམས་ཅད་ཀྱིས་སྲི་ཞུ་རྒྱ་ཆེར་བསྐྲུན་ཅིང་། ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་དང་པོ་བ་གྲགས་པ། །སྡོམ་བརྩོན་ཐམས་ཅད་གྲགས་པ་ཡང་། །སྟོན་པའི་བསྟན་པ་གསལ་བར་བྱེད། །ཅེས་དང་། བཀའ་ཁོལ་མར། དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པའི། །དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ། །གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་ཆེན་དམ་པ་དེས། །ཞལ་


GLG016_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྒྱུར་ཅིང་བསྙེན་བཀུར་དམ་པ་མཛད། །ཅེས་པ་ལྟར་འགྲོ་བ་སྤྱི་དང་བྱེ་བྲག་བསིལ་ལྡན་ཁ་བའི་ལྗོངས་ཀྱི་ལེགས་བྱས་ཀྱི་དཔལ་དུ་རིན་པོ་ཆེའི་དབུ་རྒྱན་གྱི་རྟེན་འབྲེལ་ནས་བརྟན་བཞུགས། ཞིག་གསོས། ཆོ་འཕྲུལ་མཆོད་པའི་དུས་སྟོན་གྱི་རྒྱུན་ལ་སོགས་པས་མཚོན་ཏེ་ལྷ་ལྡན་གྱི་རྟེན་བརྟེན་པར་བཅས་པ་ལ་གཅིག་ཏུ་མཛད་པ་རྒྱ་ཆེ་བ་ཡིན་ཞིང་། དེ་ཡང་བསྐལ་བཟང་ལས། ནམ་མཁའ་དག་གི་ཚད་དག་བཟུང་བ་དང་། །རྒྱ་མཚོ་ཆེན་པོ་མཐར་གྱི་བགྲང་ནུས་ཀྱིས། །སངས་རྒྱས་དག་ལ་དད་པ་ཤེས་ཙམ་གྱི། །བསོད་ནམས་ཚད་བཟུང་བར་ནི་ནུས་པ་དཀའ། །ཇི་སྲིད་མྱ་ངན་འདས་བདེ་མ་རེག་བར། །དེ་སྲིད་མི་ཁོམ་སྡུག་བསྔལ་མྱོང་མི་འགྱུར། །དེ་བས་རྒྱལ་བ་བསོད་ནམས་ཞིང་ཐོབ་ནས། །བག་ཡོད་མི་ཡིས་བཀུར་སྟི་མཆོད་པར་བགྱི། །ཞེས་གསུངས་པ་ལྟར་ལེགས་བྱས་ཀྱི་འབྲས་བུ་མཐའ་དང་ཚད་དུ་གཟུང་བའི་ཡུལ་ལས་འགོང་པའི་མཆོད་སྤྲིན་མཆོག་དམན་བར་པ་ཀུན་གྱིས་བསྐྲུན་པ་རྣམས་ཆུད་མི་འཛའ་བའི་ཆེད་དུ་ཚལ་པ་དྲུང་ཆེན་སོགས་སྡེ་བདག་རིམ་བྱུང་རྣམས་ཀྱིས་དེབ་འཁོད་རྙིང་པ་ཚོར་ཆད་བསུབས་གསར་འཇུག་སོགས་ཀྱི་བརྗེ་སྤྲོད་རིམ་གྱིས་སོང་འདུག་རུང་། ཇོ་ཤཱཀ་གི་འཕྲིན་ལས་ཟད་མི་ཤེས་པས་གསེར་འབུལ་རིམ་འཕར་ལ་བརྟེན། ཉེ་ལམ་རབ་བྱུང་བཅུ་གཅིག་པའི་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོ་ཧོར་ཟླ་བདུན་པ་ཉིས་བརྩེགས་ཀྱི་ཕྱི་མའི་དུས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་མཆོད་རྫས་དཀར་ཆག་དེབ་གཏེར་དུ་བཀོད་པ་ལ། བོད་ཡུལ་ཀྱི་རྡོ་རྗེ་གདན་ར་ས་འཕྲུལ་


GLG016_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གི་གཙུག་ལག་ཁང་དུ། ཇོ་ཤཱཀ་ཡིད་བཞིན་གྱི་ནོར་བུས་ཐོག་དྲངས་པའི་མཆོད་ཡུལ་དམ་པ་རྣམས་ཀྱི་སྤྱན་སྔར་གསེར་དངུལ་ལས་གྲུབ་པའི་མཎྜལ་རི་རབ་མངོན་པ་ལུགས་སུ་བྱས་པའི་གསར་བཟོས་ལྕགས་གླང་ཧོར་ཟླ་བདུན་པའི་ཉིས་བརྩེགས་ཀྱིས་ཚེས་བཅུ་གསུམ་ལ་ལས་གྲྭ་བཙུགས། ཆུ་སྟག་ནག་པ་ཟླ་བའི་ནང་དུ་ལེགས་པར་གྲུབ་ནས་ཕུལ་བའི་མུ་རན་སྟོད་སྨད་ཀྱི་ཁ་ཡིག་ཚིགས་བཅད་ལྷུག་ཞིང་ཁམས་རྒྱ་མཚོར་སྤུངས་པའི་ལེགས་བྱས། བློ་ལོ་ཀ་བདུན་ཀ་སྡེབ་སྦྱོར་མེ་ཏོག་ཕྲེང་ཅན་ནོ། །བྱཱུཧཨཱཤྕརྱཔངྒེེརཇཀྵེཏྲདྷཱཏུཿ པརིསྐནྟཔུཎྞཱཀཊཀྱུཏནུ། པཱུཛམེགྷེསམནྟཱཤིབཤྲེཡཔུཔྥིནྡྷཛི༔ པུཏྲཤ་ཥྱཤུབྷཱབྷོཀཏི། །ཞིང་ཁམས་ངོ་མཚར་བཀོད་པ་རྒྱ་མཚོའི་རྡུལ། །བསོད་ནམས་ཕུང་པོ་ཡོངས་སུ་སྤུངས་པའི་གཟུགས། །ཀུན་བཟང་མཆོད་པའི་སྤྲིན་དུ་ལེགས་སྤེལ་ནས། །རྒྱལ་སྲས་སློབ་མར་བཅས་ལ་ཕུལ་བའི་དགེས།


GLG016_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱིསུཁཱིཡཔྲཔཙྩཱསུཔལྱཉྩཤོདྷོདནཿསམྦདརཤཱཨདྷེརཱབྷཙ། །ཨཱགམཱཀལྤཀེེཿ ཤཱསནཱབརྞཀཱལསྱཀཱུལཾ་ཀཥཱལཐྱཝདྷཱཛཙཱ། །ཕན་བདེའི་དཔལ་གྱི་འབྲས་བཟང་རབ་དུད་པ། །སྟོབས་བཅུའི་རྩལ་འཆང་ཟས་གཙང་སྲས་པོ་ཡི། །ལུང་དང་རྟོགས་པའི་བསྟན་པ་དབྱར་དུས་ཀྱི། །ཟླ་བའི་མ་མ་ཇི་བཞིན་འཕེལ་བར་ཤོག །


GLG016_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སརྦྦཔཱཤྰསུདྷཱིཀཱིརྟིབཻཤེཥཨཏྟཏབྷཱཥཱཎཱུསིདྡྷསྱདྷརྨཱནྟཀཿ ཤནྟབྷབྱཱཛམཀྱེགཎཤྲེཡཡ༔ ཀམྤརཏྟཱཀར་སརྱཛོདཡཙ། །ཁྱད་པར་ཀུན་མཁྱེན་བློ་བཟང་གྲགས་པ་ཡི། །མ་སྨད་བཤད་དང་སྒྲུབ་པའི་རིངས་ལུགས་ཆོས། །སྲིད་ཞིའི་ལེགས་ཚོགས་ཟུང་དུ་འཇུག་པ་གང་། །༢ སྐལ་པ་རྒྱ་མཚོར་བསྟེན་ཅིང་རྒྱས་པར་ཤོག །


GLG016_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཎཱ ལོཀདྷཱཏོ ནཔཙྩཱཕལཱཔཱཔརོགབྲཔཱདཱདརིདྭདྱཀཱལམྲྀཏ། དཱིགྷཛཱིབནྱསམྤནྣབྷཱུཏིཤྩཤརྨཿ སུཁོཏྟམྱན་ནྡེཥུཙཱརེཏུཥུཛ། །འཇིག་རྟེན་ཁམས་སུ་འཐབ་རྩོད་ནད་མུག་དང༌། །དུས་མིན་འཆི་སོགས་སྡིག་ཏོའི་འབྲས་མི་སྨིན། །རིང་བོར་འཚོ་ཞིང་ཕུན་ཚོགས་འབྱོར་བ་རྒྱས། །བདེ་སྐྱིད་དགའ་སྟོན་མཆོག་ལ་སྤྱོད་པར་ཤོག །


GLG016_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བཀྵརཱིརཉྩཙིཏྟེནཔཱུཛསུམཎྜལལུསེདྡྷིཀྱབཱཙྪིལཨཱབཱིརཱཀྲྀ། ཥྭཌཱབྷིཛཱིཀྱཨེཥོནལབྷཱུཏདཱསམྦཨརྠེནིརཱ་བྷོགསཾཀལྦཛ ལུས་ངག་ཡིད་ཀྱིས་མཆོད་པའི་མཎྜ་ལ། །ཚུལ་བཞིན་བསྒྲུབ་ལ་འབད་པར་གཏོགས་སོ་ཅོག །དེང་ནས་ཀུན་མཁྱེན་ཐོབ་མིན་དེ་སྲིད་དུ། །བསམས་པའི་དོན་ཀུན་ལྷུན་གྱིས་འགྲུབ་པར་ཤོག །


GLG016_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལོ ཏཱརིཀཱཤྲེཡསེབྷི ཁསམྱསྱསམྦཱཛགཱ༔ ཤནྟབྷབྱདྭིཔཱིཏིཎྞཙ། པཱཤྱཨཱདྷམྨརཏྣདཱིཔེཔཱརིཎཱམཏྲིཀཱཡསྱ་ཙིནྟཱམཎོཙཱརིཀ ། དགེ་བའི་གཟིངས་ཀྱིས་མཁའ་མཉམ་འགྲོ་བ་ཀུན། །འཁོར་དང་མྱང་འདས་རྒྱ་མཚོ་ལས་བསྒྲལ་ཏེ། །ཆོས་ཀུན་གཟིགས་པའི་རིན་པོ་ཆེའི་གླིང་དུ། །སྐུ་གསུམ་ཡིད་བཞིན་ནོར་བུར་སྤྱོད་པར་བསྔོ།


GLG016_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཀོཥཙཱཀྲཀྵཡཱསཱངྑཛིནྱཏྲིགུཧུཀུལིཤུསནཱཀཱཡངྒིཥཤྲཙ། མཾགལཱནཱཾནིམིཏྟེནཛཡཨདྷིཥྛཱནབེལཱལིཏེ ཀཱ་རུཎཱསརྦདཱ། རྒྱལ་ཀུན་གསང་གསུམ་མི་ཟད་འཁོར་ལོའི་མགོན། །མཐོང་བའི་དོན་ལྡན་ཉི་མའི་གཉེན་གྱི་སྐུར། །རྣམ་པར་རོལ་པའི་ཐུགས་རྗེའི་བྱིན་རླབས་ཀྱིས། །དུས་ཀུན་བཀྲ་ཤིས་མཚན་མས་རྒྱལ་གྱུར་ཅིག །སྭ་སྟི་སིནྣཾ་པྲ་ཛ་བྷྱ༔ འཆི་བ་མེད་པའི་སྙན་པའི་དབྱངས་ཀྱིས་ལན་བརྒྱར་བསྔགས་པའི་བཟང་པོའི་བསྐལ་པ་འདི་ལ་རྣམ་འདྲེན་སྟོང་གི་དབུས་ན་སྙིང་སྟོབས་མཆོག་ཏུ་གྱུར་བའི་རྣམ་འདྲེན་བུ་རམ་ཤིང་པ་དངོས་དང་ཁྱད་པར་མ་མཆིས་པར་སངས་རྒྱས་ཉིད་ཀྱིས་ཞལ་གྱིས་བཞེས་ཤིང་ངེས་པའི་དོན་དུ་གྱུར་པ་སྟོན་པའི་ཞལ་སྐྱིན་ཤཱཀྱ་མུ་ནི་ཕུལ་བྱུང་བསོད་ནམས་བྱེ་བའི་ཞིང་མཆོག་དམ་པར་ངེས་པས་ཡིད་དྲངས་ཏེ་ཀུན་མཁྱེན་རྒྱལ་བའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་སྤྱི་དང༌། །


GLG016_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་ཆེན་པོའི་རིང་ལུགས་དབྱར་མཚོ་ལྟར་འཕེལ་ཞིང་། མཁའ་མཉམ་གྱི་འགྲོ་བ་མཐའ་དག་གནས་སྐབས་སུ་རྫོགས་ལྡན་གྱི་དཔལ་བཞིན་བདེ་སྐྱིད་ལ་ལོངས་སུ་སྤྱད་དེ་མྱུར་དུ་དོན་གཉིས་ལྷུན་གྱིས་གྲུབ་པའི་སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པའི་ཆེད་དུ་ཟླ་ཞུན་ལན་བརྒྱར་བྱུགས་པའི་གངས་ཀྱི་ལྷུན་པོ་ལྟར་དཀར་པའི་ལྷག་པའི་བསམ་པས་ཀུན་ནས་བླངས་ཏེ། ཁོར་ཡུག་གཅིག་ཏུ་གྱུར་པ་ཡངས་པའི་ནོར་འཛིན་གྱི་གཞིར་ལྷུན་པོ་གླིང་བཞི་གླིང་ཕྲན་ལྷ་མིའི་ཕུན་ཚོགས་འབྱོར་བའི་བཀོད་པ་རྒྱ་མཚོའི་དགེ་མཚན་ཚར་དུ་དངར་བའི་ཞིང་ཁམས་སོ་བདུན་མ་འདི་ཉིད། ངེད་རང་ནས་རྒྱུ་མཚན་སྨེད་པ་ལྟར་མཛོད་པ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོས་ཁུར་བླངས། དོ་དམ་གྲོང་གསར་བ་པདྨ་རབ་བརྟན། སྡིངས་ཆེན་པ་བློ་བཟང་དབང་ཕྱུག །མངོན་དགའ་བ་ངག་དབང་ཚེ་རིང་གསུམ་གྱིས་བྱས་ཏེ། གྲོང་གསར་བའི་རྣམ་དཔྱོད་ཡངས་པའི་རིག་རྩལ་གྱི་འཕྲུལ་ཆེན་པོས་བཟོ་ཕྱེད་རིག་པའི་གནས་དུ་མ་ལ་མང་དུ་ཐོས་པའི་བློ་ལྡན་གླང་ཕུ་བ་ལྷག་ཙམ་གྱི་བཀོད་པ་གྲུབ་པའི་རྗེས་སུ། དགྲ་འདུལ་ཚེ་རིང་གིས་འཕྲོ་འཐུད། དོ་དམ་འཕར་མ་ལྷ་སྦུག་པ་བློ་བཟང་ཤེས་རབ། རྡུང་འཕུལ་ཕྲ་གསུམ་གྱི་གཙུག་ལག་གཉིས་པ་ཤེས་པའི་མིག་ཡངས་ཛྱེ་དྷ་ན། ཨ་མ་ར་སིང་། ལ་ན་ཤྲཱི། བཀྲ་ཤིས། ཧ་རི་སིང༌། བློན་པོ་ཤིང༌། ར་ཎ་སིང་། མུ་ནེ། སུ་རྫ། ཛི་ན་རྣམས་དང་། བརྡར་གད་པ་སུ་རྫ། དྷ་ན་མུ་ནི། ཛྙཱ་ན་པཱ་ལ། བི་ནུ་སིང་། ལཱཉྪའི་ཡིག་རིགས་པ་འཇམ་དབྱངས་དཔལ་བཟང་། །བོད་ཡིག་པ་ངག་དབང་ཚེ་རིང་རྣམས་


GLG016_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བགྱིས་ཤིང་། དངུལ་སྲང་དྲུག་བརྒྱ། གསེར་ཞོ་ཕྱེད་སུམ་བརྒྱ་སྐོར་གྱི་བདོག་པ་ལས་བསྐྲུན་ཏེ། སྟོད་འགྲེལ་བའི་ལུགས་ལྟར་འཕགས་པའི་ཡུལ་དུ་བླ་བ་ཞེས་འབོད་པ། །རྒྱ་ནག་པོའི་ཡུལ་དུ་ཟིན་ཚེའུར་གྲགས་ཤིང་། གངས་ཀྱི་རི་བོས་བསྐོར་བའི་ལྗོངས་འདིར་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོའི་ཧོར་གྱི་ཟླ་བ་བདུན་པ་ཉིས་བརྩེགས་ཀྱི་སྔོན་མའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ཟླ་བ་ཆུ་སྟོད་འཛོམ་པའི་འཕྲོད་དགེ་བ་ནས་དབུ་བཙུགས་ཏེ་དགེ་བྱེད་ཅེས་པ་ཆུ་མོ་སྟག་གི་ལོ་ནག་པ་ཟླ་བའི་གྲལ་ཚེས་དགེ་བར་ལེགས་པར་གྲུབ་པ་ལ་བརྟེན་ནས་བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་པ་དུས་ཀུན་ཏུ་འབྱུང་བར་གྱུར་ཅིག །དཤབལཱནཱམཱིཤྭརསརྦཛཱཤོམྨོདནསྱཀཱཡཝཱཀྱིཏྟསྦདྷིཋཱནེབྷིཛིནསྱརཏྣཤཱསནོདཡཉྩཨསྨདཱདིསནྠཛག་སུཁཤརྨཱཎཱཾཤྲིཡིབྷོགཉྩབིཤེཥྭསྶཝགིནྡྷསུདྷིསམུདྲསྱཏྲིཤརཱིརཾཝཱགྷནབཛྲསྱསཱབྷཱཝཾཀུརུམམམནེསཾཀཝཱནཱཾསནྠ་ནྡནིརཱབྷོགཾཀུརུམམཤརཎནྟརིཔྲཀྵི་རིཔྲཀྵིཔྟསྱསརྦཛགསྱཡུཔུཎྱཤྲཱིབྷཱུཏཱདྱཏྲབྦཧོཤུབྷཱནཱཤྲེཡགཎཱཝབྷེཀུརྦཏུ། །ལྷ་ལྡན་དུ་མཉམ་མེད་ཟས་གཙང་གི་སྲས་པོའི་སྐུ་བརྙན་མཐོང་བས་རྣམ་པར་གྲོལ་བ་གང་གིས་ཐོག་དྲངས་བསོད་ནམས་རྒྱ་མཚོའི་ཞིང་མཆོག་རྣམས་ལ་གསེར་དངུལ་ལས་གྲུབ་པའི་མཎྜལ་རི་རབ་དུས་འཁོར་ལུགས་བྱས་པའི་གསར་བཟོས་ཆུ་སྟག་ཧོར་ཟླ་ལྔ་པའི་ཚེས་བཅུ་གཉིས་ལ་དབུ་བཙུགས། ཧོར་ཟླ་བཅུ་པའི་ཚེས་ཉི་ཤུ་ལ་ལེགས་པར་གྲུབ་ནས་ཕུལ་བའི་མུ་རན་སྟོད་སྨད་ཀྱི་ཁ་ཡིག་ཚིགས་བཅད་ལྷུག་བསོད་ནམ་ནམ་མཁའ་མཛོད་ཀྱི་སྒོ་འབྱེད།


GLG016_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ནཱིརྀཁསཔྲཏིཛཱིཤམཎྜལྱབདྡྷཨཡོཀཱབབྷཱཡཿ སདཀོཥིཀཤནྟབྷཡཏིརྡིགྷདཱཡཱཀྵདོཥེ྅དྱནེདྡྷམྱམུ་ཀྟནྟཨུཏཱཀྱཙ། །མཁའ་མཉམ་འགྲོ་འདྲེན་དམ་བཅའི་དཀྱིལ་འཁོར་ཆ། །འཕེལ་འགྲིབ་མེད་པ་སྣང་བ་དམ་པའི་མཛོད། །སྲིད་ཞིར་འཆར་ནུབ་སྤངས་པའི་བརྩེ་ལྡན་སྤྱན། །དཀྱུས་རིང་འཁོར་བའི་མཐའ་བརྒལ་ཤཱཀྱའི་གཙོ། །


GLG016_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱཝཏཏྲུཏྲཤིཥཱཾཔརིཛྙཱནསཏྭཀྱཧངྒཱརཛཱདྷཱཏུཏཔྟསྱཙ། །ཐཱལིརསྭཱབྷབཱཡཱཎྱཤུདྡྷཤྲིཏཤྲིཏཡུཀྐེཥཏྲཨགྲེཥུ་ཀོཊསྤྲྀཥ། དངོས་དང་དེ་སྲས་སློབ་མ་གངྒཱའི་རྡུལ། །ཡེ་ཤེས་སེམས་དཔར་ཡོངས་སུ་བཞུ་བའི་ཁམས། །འཕྲུལ་སྣང་སྣོད་བཅུད་དག་པའི་རྟེན་བརྟེན་པ། །བསོད་ནམས་བྱེ་བའི་ཞིང་གི་རྩེ་མོར་སོན། །


GLG016_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གཱརྒྱབྷཱརིཏཀཱམསྱབཱདྷཱདྷརེབྷིདྷནཱཙཱབྷིརུཙཱཔརིརྨཎྜལེ། སུ། དེཧིཏྲིཀཱལེཥུཀཏུཾཙཀནྱཏྲུཁ ཀོཥསཱམཱ་སཀྭཨཱབྲྀཥ། །ནོར་འཛིན་བུ་མོ་འདོད་པའི་མངལ་ཁུར་གྱིས། །མངོན་པར་དུད་པའི་རིན་ཆེན་མཎྜ་ལར། །དུས་གསུམ་བྱས་དང་བྱེད་འགྱུར་བསོད་ནམས་ཀུན། །བསྡུས་ཏེ་ནམ་མཁའ་མཛོད་དུ་ལེགས་འབུལ་ན།


GLG016_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སཏྭསཾཀལླཏཏཱབྱཔཱརནྟཏུཾནཱཐབིཤྭེཏཀརྨཱསམཱཔྟཀཐཱ། མུདྲབཱནྟེརྨམཱཛཱརནཱཐ ཀརུཎཱབྷཛཝཱིཏཀཱལེཤྭ་སོསརྫན། །སེམས་ཅན་བསམ་པའི་ཕ་མཐའ་དེ་སྲིད་དུ། །མགོན་ཁྱོད་རྣམ་དཀར་འཕྲིན་ལས་རྫོགས་མིན་ཀྱང་། །སྙིགས་མར་ཆེས་སྤྱོད་རྒྱར་འཐུམས་མ་རྒན་རྣམས། །མགོན་པོ་ཐུགས་རྗེའི་ཕྱག་རྐྱོང་དབུགས་དབྱུང་གསོལ།


GLG016_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལོཀསཱམནུབིཤེཥཧིམཱཏྲཤནྟུཕལཱཔཱཔསཱམཱཔཱནཱབཻསཁི། བྷཱཥཎསཱདྷནཱནཱཾཨཾཀུཤུཏདྡྷེདནཻརྣེམལུ་༈ཀུརུ། །འཇིག་རྟེན་སྤྱི་དང་ཁྱད་པར་གངས་ཅན་འདིར། །སྡིག་འབྲས་རྐུན་ཞི་རྫོགས་ལྡན་གསར་པའི་གྲོགས། །རབ་འགུགས་དེའི་རྒྱུ་བུ་རམ་ཤིང་པ་ཡི། །བཤད་དང་སྒྲུབ་པའི་བསྟན་པ་རྒྱས་གྱུར་ཅིག །


GLG016_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱིཙཏུརསེནཤཾཁཱབྷམེཀུཎྜལེ སཱཔྲྀཡཱདྷམྨབྷབྱདྭིབཙྪཱསན། ཀེཏུམེརོནྟིབྷདྲེརྨདྷུདྱཡཤཱཀོཊིཨགྲེ྅མྲྀ་ཏྭཱནཱཾཔཏེཡཤྱཧི། །དགའ་བའི་དཔལ་ལྡན་ཆོས་སྲིད་ཟུང་འབྲེལ་བསྟན། །ཕུན་ཚོགས་སྡེ་བཞི་གཡས་སུ་འཁྱིལ་བའི་དུང་། །བློ་བཟང་སྙན་པའི་གྲགས་པ་ལྷུན་པོའི་ཏོག །འཆི་མེད་བདག་པོའི་ཕོ་བྲང་རྩེཪ་སྒྲོགས་ཤོག །


GLG016_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱགཏིཿཀརྟམཎྜལྱསཱདྷནྱནཱབསྱབིརླིརཔྲྀཥསནྡིཀཏྠིམུཁ། ཝཎྞཀཱམུཏྟལཱཏཱསདཱཙྪཱནྡཨཏྲབརྫེསུ་བྷགྱེབྷབིཥྱནྟུཙ། །ཞིང་ཁམས་གསར་བསྐྲུན་བྱེད་པོར་གཏོགས་ཀུན་གྱི། །སྒོ་གསུམ་བརྩོན་པའི་བསོད་ནམས་ཕུང་པོ་ལས། །འདི་དང་གཏན་མདུན་མུ་ཏིག་འཁྲི་ཤིང་ཆར། །འབབ་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །སརྦ་དཱ་མིག་ལ་ཤྲ་ཡ་པྲ་ཡཙྪ། རིང་ནས་གོམས་པའི་ཚོགས་གཉིས་ཆུ་གཏེར་ཕུལ་བྱུང་བརྩོན་པའི་རི་བོ་ཡོངས་སུ་དྲིལ་བ་ལས་སྐུ་གཉིས་བདུད་རྩིའི་ཟ་མ་ཏོག་མངོན་དུ་གྱུར་པས་སྤང་རྟོགས་ཀྱི་ཡོན་ཏན་འོག་མིན་དུ་མངོན་པར་མཛད་ཟིན་ཀྱང་། བཟང་པོའི་བསྐལ་པ་འདི་ལ་མཆོག་གི་སྤྲུལ་པའི་སྐུའི་མཛད་པ་སྟོན་ཅིང་སྟོན་པར་འགྱུར་བ་སྟོང་གི་ནང་ནས་འཇིགས་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་བཙན་པོས་རང་ཅག་སྙིགས་མ་ལྔ་བདོ་བའི་རྨུ་རྒོད་གདུལ་དཀའི་གདུལ་བྱ་རྣམས་


GLG016_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་ལ་ལྷག་པར་དཔའ་བའི་ཀུན་མཁྱེན་ཟས་གཙང་གི་སྲས་པོའི་སྐུ་བརྙན་ཇོ་བོ་ཤཱཀྱ་མུ་ནི་ཡིད་བཞིན་གྱི་ནོར་བུ་མཐོང་ཐོས་དྲན་དང་རེག་པས་རྣམ་པར་གྲོལ་བ་བསོད་ནམས་རྒྱ་མཚོའི་ཞིང་མཆོག་ཟླ་མེད་པར་ཡིད་གཉིས་ཀྱི་རྒྱ་ལས་ཡོངས་སུ་གྲོལ་བའི་ངེས་པར་ཡིད་དྲངས་ཏེ། རྣམ་འདྲེན་ཤཱཀྱ་སེང་གེའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་འཇམ་དབྱངས་མི་ཡི་སྲིད་པའི་གར་མཁན་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་ཆོས་སྲིད་ཟུང་དུ་འཇུག་པའི་རིང་ལུགས་ཡར་ལྡན་དུ་རྒྱས་པ་དང་། མུ་མཐའ་མེད་པའི་སྲིད་མཚོར་ལན་གཅིག་མ་ཡིན་པར་དྲིན་གྱིས་བསྐྱངས་པའི་མ་རྒན་མཁའ་མཉམ་གྱི་ལུས་ཅན་མཐའ་དག་སངས་རྒྱས་ཞེས་བྱའི་མཚན་གྱིས་གྲགས་སྙན་ཅན་དེའི་གོ་འཕང་མངོན་དུ་བྱེད་པ་དང་། ཚུལ་དེ་ཐོབ་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུའང་ནད་མཚོན་གཡུལ་འཁྲུག་མུ་གེ་དུས་མིན་འཆི་དང་འཇིགས་ཆེན་བརྒྱད་སོགས་དཀར་མིན་གྱི་འབྲས་བུ་མཐའ་དག་མིང་གི་ལྷག་མར་གྱུར་ནས་མངོན་པར་མཐོ་བའི་ཡང་སྲིད་ཀྱི་འཕྲེང་བ་ཀུན་ཏུ་རིང་པོར་འཚོ་ཞིང་ཕུན་ཚོགས་ཀྱི་དཔལ་འབྱོར་ལ་ལོངས་སུ་སྤྱོད་པ་སོགས་བདེ་སྐྱིད་ཀྱི་དགའ་སྟོན་རྒྱུན་མི་ཆད་པར་འབྱུང་བའི་ཆེད་དུ་ལྷག་པའི་བསམ་པས་ཀུན་ནས་བླངས་ཏེ། རིན་ཅེན་ལྷུན་པོ་གླིང་བཞི་གླིང་ཕྲན་ལྷ་མིའི་འདོད་ཡོན་མ་སྨད་མཁོ་རྒུའི་འབྱོར་བ་ཡངས་པའི་ས་ཆེན་པོར་ཡོངས་སུ་བསྟར་བའི་ཞིང་ཁམས་སོ་བདུན་མ་འདི་ཉིད་ངེད་རྭང་ནས་མོལ་མཆིད་


GLG016_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ལྟར་མཛོད་པ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོས་ཁུར་བླངས། དོ་དམ་ལྷ་ཁང་པ་བློ་བཟང་དབང་རྒྱལ། མཁར་ལྡན་པ་འཇམ་དབྱངས་དཔལ་བཟང་། ལྷ་སྦུག་པ་བློ་བཟང་ཤེས་རབ། ཕོགས་སོགས་འཕྲལ་དགོས་སྤྲོད་མི་བྱང་གླིང་བསམ་འགྲུབ་རྒྱལ་པོ། །རྡུང་འཕུལ་ཕྲ་གསུམ་གྱི་བཟོ་རིག་པའི་ཚུལ་ལ་རྣམ་དཔྱོད་འཕྲུལ་གྱི་སྒྱུ་ཐབས་མཁན་འཕུལ་པ་ཛྱེ་དྷ་ན། ལ་ན་ཤྲཱི། སརྫ། དྷ་ན་མུ་ནི། ཛྙཱ་ན་པཱ་ལ། བརྡུང་པ་ཨ་མར་སིང་། ཧ་རི་སིང་། བི་ནུ་སིང་། བཀྲ་ཤིས། ཕྲ་པ་ལ་ན་སིང་། མུ་ནི། སུརྫ། བི་ཛ་རཱ། བརྡར་གད་པ་ཧ་ཀུ། ལཱཉྪའི་ཡིག་རིགས་པ་གནས་གསར་བ་འཇམ་དབྱངས་བསྟན་འཛིན། བོད་ཡིག་པ་དཔལ་ལྡན་ཕུན་ཚོགས་རྣམས་ཀྱིས་བགྱིས་ཤིང་། དངུལ་སྲང་དྲུག་བརྒྱ། གསེར་ཞོ་སུམ་བརྒྱ་སྐོར་གྱི་དངོས་པོ་ལས་ཉེ་བར་བསྒྲུབ་ཏེ། བསྟོད་འགྲེལ་བའི་བཤད་སྲོལ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་ཤྭ་བྷ་ཀི་ཞེས་འབོད་པ། འཇམ་དབྱངས་གོང་མའི་ཁབ་ཏུ་ཞིན་ཡིན་དུ་གྲགས་ཤིང་། བསིལ་ལྡན་སཱ་ལའི་ལྗོངས་འདིར་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོའི་དག་བྱེད་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་གསུམ་པ་ལྷག་པ་ལྷ་མཚམས་འཛོམ་པའི་འགྲུབ་སྦྱོར་གྱི་དུས་དགེ་བར་དབུ་བཙུགས། ལོ་དེ་ཁའི་ཧོར་ཟླ་བཅུ་པའི་ཚེས་ཉི་ཤུ་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་ལ་ལེགས་པར་གྲུབ་པའི་དགེ་བས་འཇིག་རྟེན་གྱི་ཁམས་སྤྱི་དང་། ཁྱད་པར་རྒྱ་ཧོར་བོད་ཀྱི་རྒྱལ་ཁམས་སུ་ཕན་བདེའི་དཔལ་གྱི་དགའ་སྟོན་གྱིས་ཡོངས་སུ་ཁྱབ་པའི་བཀྲ་


GLG016_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དབྱངས་རྟག་ཏུ་སྒྲོགས་པར་གྱུར་ཅིག །མམམནེསཾཀཝཱནཱཾསམྦཱརྠསིདྡྷིཤམམཤརཎཱནྟརིཔྲཀྵིཔྟསྱསམྦཛགཱ༔ སུཁཤརྨབཏིཀུརྦནྟུ། །ལུས་ཅན་ཀུན་ལ་རིས་སུ་མ་ཆད་པའི་སྤྱི་ནོར་གསོ་བ་རིག་པའི་གཙུག་ལག་ཀུན་གྱི་ཡང་སྙིང་དཔལ་ལྡན་རྒྱུད་བཞིའི་པར་ཟུར་མཁར་བློ་གྲོས་རྒྱལ་པོས་ཞུས་དག་མཛད་པའི་པར་རྙིང་ལ་མ་དཔེ་བྱས་ཏེ་ཆུ་སྟག་གི་ལོ་དགའ་ལྡན་ཕུན་ཚོགས་གླིང་དུ་གསར་དུ་བརྐོས་པའི་དུས་ཀྱི་པར་བྱང་འཆི་མེད་སྲོག་འཚོའི་བཅུད་ལེན། །རྩ་རྒྱུད་སྤྲུལ་ཞིང་ལྟ་ན་སྡུག་པའི་གྲོང་ཁྱེར་ནས། །རིག་པའི་ཡེ་ཤེས་གཟུགས་གཞན་ཡོངས་བསྒྱུར་བ། །སྲོག་འཚོའི་མཆོད་སྦྱིན་འགྱེད་མཁས་བྱང་ངོས་པ། །གསོ་རིག་དར་རྒྱས་བྱེད་པོས་བསྐུལ་བ་ལས། །ཡན་ལག་བརྒྱད་དང་ལྡན་པ་བདུད་རྩིའི་བཅུད། །འཁྲུལ་མེད་གླེགས་བམ་ཟ་མ་ཏོག་འཁྱིལ་བ། །སླར་ཡང་ཡིད་བཞིན་འདོད་པ་འཇོ་བའི་པར། །སྡེ་བཞིའི་དཔལ་ལྡན་པོ་ཏ་ལ་ནས་སྤེལ། །བཤད་རྒྱུད་དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་རྒྱ་མཚོར་དྲང་སྲོང་བྱང་ངོས་པའི། །བརྩོན་འགྲུས་ལྕག་གིས་རི་བོ་ཡོངས་སྒྲིལ་པས། །འཛད་མེད་བདུད་རྩིའི་བུམ་བཟང་གསར་དུ་འཐོན། །གང་དེའི་རྨད་བྱུང་ཟིལ་དངར་རོ་བརྒྱའི་བཅུད། །སྐལ་བཟང་ལུས་ཅན་ཡོངས་ཀྱིས་ལེགས་མྱངས་པས། །འཇིག་རྟེན་མེས་པོའི་ངང་ཚུལ་ཇི་བཞིན་སྲོག །རིང་པོར་འཚོ་བའི་ཚུལ་ལས་གཞན་དུ་ཅི། མན་ངག་རྒྱུད། །ཚེ་ཡི་རིག་བྱེད་དྲན་པ་ཚངས་པའི་རྒྱུད། །གཙུག་ལག་གཉིས་པ་ཤེས་པའི་རྣམ་དཔྱོད་མིག །དཀྱུས་རིང་གཞུང་བརྒྱའི་མཐའ་འཇལ་བྱང་ངོས་པའི་། །སྟོན་མཚན་ཟླ་འདྲའི་ལྷག་


GLG016_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་བསྐུལ་ཚེ། །རྒྱུད་བཞིའི་འཆི་མེད་གཙུག་ཏོར་རེག་ཙམ་གྱིས། །ལྷ་གཅིག་རྗེ་ཡི་ལུས་སུ་འགྱུར་བྱེད་པའི། །གཞན་ཕན་དབང་གི་རྒྱལ་པོའི་གཏེར་གྱི་སྒོ། །གནམ་བསྐོས་རྒྱལ་ཁབ་པོ་ཏ་ལ་ནས་ཕྱེ། །བཻཌཱུརྻཀུཎྜལིཔྲྀབཱསུནིམིཏྟདྷཱཏུཛཱནེ ཤརཱིརཤཏམསྟུདིཝཱཀརཎཾ། ཤྲེཀོཥདྷེསྟཔནརོགཤིབཱབྷིནཱཐོནྣཱ་ནཱལྕཨུཏྟརཙཤནྟབྷཝསྱསཱདྷ། །ཡེ་ཤེས་ཉི་མའི་དངོས་པོ་བརྒྱ་ཡི་ལུས། །མཚན་བཟང་བཻ་ཌཱུར་ཞུན་མར་འཁྱིལ་བའི་ཁམས། །སྲིད་ཞིའི་ནད་ཀྱི་གདུང་སེལ་སྨན་གཅིག་པུར། །གྲུབ་པའི་དཔལ་གྱི་བླ་ན་མངོན་མཐོའི་མགོན། །གང་གིས་ངོ་མཚར་བཀོད་པའི་ལྟ་ན་སྡུག །ཡིད་འཕྲོག་སྨན་གྱི་གྲོང་ཁྱེར་ཉམས་དགའ་བར། །སྤྲུལ་པའི་དྲང་སྲོང་གཉིས་ཀྱི་དྲིས་ལན་ལས། །བྱིན་རླབས་རོ་བརྒྱའི་བཀའ་ཡི་གཡང་ཞིག་ཆགས། །འཛད་མེད་བསྐལ་པར་གནས་


GLG016_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིང་པོའི་ཚེ། །བསྒྲུབ་པའི་སྲོག་འཚོའི་བཅུད་ལེན་བདུད་རྩིའི་གཏེར། །མི་འཇིགས་སྦྱིན་པའི་སྒོ་འཕར་ལེགས་ཕྱེ་བ། །རིས་མེད་སྐྱེ་རྒུའི་བསོད་ནམས་ཟོང་གིས་རྙེད། །ཁྱད་པར་ཁྲི་སྲོང་རྗེ་ཡིས་གངས་ཅན་འདིར། །ཨྱོན་སངས་རྒྱས་གཉིས་པ་སྤྱན་དྲངས་པའི། །དྲིན་ལས་སྙིང་རྗེའི་ཡུལ་གྱུར་འགྲོ་བའི་སྲོག །འཚོ་བའི་གསོ་རིག་གཙུག་ལག་འབྱམས་སུ་ཀླས། །དེ་འདྲའི་རིག་བྱེད་རྒྱུ་སྐར་ཕྲེང་བའི་དབུས། །ཚིག་ཉུང་དོན་རྒྱས་རྒྱུད་བཞིའི་ཆུ་ཤེལ་དབང་། །དོན་གྱི་པཎ་ཆེན་འཇིག་རྟེན་མིག་གཅིག་པུ། །བཻ་རོའི་མཁྱེན་དཔྱོད་རླུང་གི་ཤིང་རྟས་དྲངས། །སྨན་གྱི་བླ་མའི་གསུང་རབ་འོ་མའི་བཅུད། །རང་བཟོའི་ཆུ་ཡིས་བསླད་པ་མི་འཇུག་ཆེད། །གསང་བའི་ཕྱག་རྒྱར་རྒྱས་བཏབ་སྒོ་འབྱེད་མཁན། །སྤྲུལ་པའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཞབས། །དྲི་མེད་རིང་ལུགས་ཆད་མེད་གངྒཱའི་རྒྱུན། །ཐོས་བསམ་ཚངས་པའི་རལ་ཀླུང་ནས་འབེབས་པའི། །གཡུ་ཐོག་མགོན་པོའི་ངོ་མཚར་སྒྱུ་མའི་འཕྲུལ། །རིགས་འདུས་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོར་ངེས། །གང་དེའི་ལེགས་བཤད་མ་དྲོས་ཆུ་བོ་ལས། །འཆི་མེད་ལྷ་ཡི་རྗེ་བོ་དལ་འགྲོའི་རྒྱུན། །གངས་ཅན་འཛིན་མའི་ཁྱོན་ཀུན་མ་ལུས་པར། །བབས་པས་ཚངས་པ་ཨོ་ཡིག་ཟོལ་གྱིས་རྫུ། །འོན་ཏེ་སྙིགས་མར་སྤྱོད་པའི་ཁུང་བུ་ནས། །འཁྱོག་འགྲོའི་ཉེས་པར་བཤད་པའི་ལྕེ་བརྐྱངས་ཏེ། །འགྲོ་བའི་སྲོག་ལ་རྒོལ་བ་གདུག་པའི་སྦྲུལ། །འཆི་


GLG016_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྨན་པའི་གཟུགས་གཞན་བསྒྱུར་བས་གང་། །དེའི་ཚེ་བཻ་ཌཱུ་རྱ་འོད་སྒྱུ་དྲའི་གར། །ཟུར་མཁར་མཉམ་ཉིད་རྡོ་རྗེ་ཁུ་དབོན་སོགས། །གསོ་རིག་བྱེད་པོའི་དཔྱོད་ལྡན་མང་པོ་ཡིས། །འགྲོ་རྣམས་ཕན་བདེའི་ཀུན་དགའ་ཁོང་ནས་འཛུམ། །དེ་ཕྱིར་གནའ་བོའི་ལུགས་ཞེས་ཕྱོགས་འཛིན་གྱི། །རིས་སུ་མ་བཅད་ལུས་ཅན་སྤྱི་ཡི་ནོར། །དཔལ་ལྡན་རྒྱུད་བཞི་ཡིད་བཞིན་དབང་གི་རྒྱལ། །བློ་གྲོས་རྒྱལ་པོས་དྲུངས་པ་འདི་ཀོ་མཚར། །བོད་ཡུལ་ཚེ་ཡི་རིག་བྱེད་མཐོ་རིས་ཆབ། །ཐོས་བརྩོན་ཧུབ་ཀྱིས་འཐུང་ལ་མི་ངལ་བའི། །བྱང་ངོས་བསྟན་འཛིན་རྒྱལ་པོ་ཛདྣས། །སླར་སྐྱུགས་གསོ་རིག་གངྒཱ་ཆད་པ་མེད། །རྒན་པོའི་གཙུག་ལག་གདུགས་དཀར་རང་རིགས་བུར། །གཏད་པའི་ལེགས་བཤད་ཡུ་བ་ཉེར་བཟུང་ནས། །འགྲོ་མང་བདེ་བའི་གྲིབ་མར་ངལ་གསོ་བ། །དེ་འདྲ་ལྷ་ཡི་སྨན་པ་མ་ཡིན་དྲང་། །འོན་ཏེ་འཁྱོག་བློས་བརྗོད་མིན་དྲང་པོའི་གཏམ། །གནའ་བོའི་ལུགས་བཟང་ཛཱ་ཏིའི་མེ་ཏོག་དྲི། །ཀུན་ཁྱབ་གངས་ཅན་ལྗོངས་ཀྱི་ཚངས་པའི་བུ། །དར་རྒྱས་མཆེད་པོར་བཅས་པའི་བྱང་ངོས་པ། །གཅེན་དེའི་ལྷག་བསམ་དབྱར་རྔས་སྒྲ་འཛིན་མངལ། །སྦྲུམ་པས་མི་ཟད་གླེགས་བམ་གར་མཁན་ཅན། །ཕན་བདེའི་སྤུ་སྡུག་རྣམ་བཀྲའི་སྒྲོ་གཤོག་གདུགས། །ཟླུམ་པོར་བྱས་ཏེ་སྒྱུར་ལ་འདི་ན་བྲེལ། །ཟུར་སྨན་ལེགས་བཤད་འཚོལ་དེས་ཞུས་ཆེན་གྱིས། །རྣམ་དག་བགྲང་བྱའི་ཁུར་ལྕིས་མི་གསལ་བ། །སླད་མར་མཆོད་སྦྱིན་བརྒྱ་ཕྲག་འབྱེད་པའི་


GLG016_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པར། །ནད་སེལ་སྨན་གྱི་བདུད་རྩི་ཆེ་འདི་བསྐྲུན། །འབྱུང་བའི་འཕེལ་འགྲུབ་མི་མཉམ་རྣོན་པོའི་ཚེར། །ལུས་མནར་སེམས་ལ་ཟུག་རྔུ་འབྱིན་པའི་རྨ། །ཐེང་གསོས་འཆི་མེད་བདུད་རྩི་སྨན་གྱི་བཅུད། །གསར་བརྐོས་པར་གྱི་ཟ་མ་ཏོག་འདིར་འཁྱིལ། །རབ་དཀར་དགེ་བའི་ས་བོན་ཡོངས་སྨིན་པ། །ལེགས་བྱས་རྩ་བ་སྦོམ་པོར་བསྐྱེད་བསྲིང་པའི། །རིང་པོར་འཚོ་བ་ཚེ་ཡི་དཔག་བསམ་ལྗོན། །འབྲས་བུར་ལུས་ཅན་ཀུན་གྱིས་སྤྱོད་གྱུར་ཅིག །འགྲོ་རྣམས་སྔོན་ལས་འཕྲལ་རྐྱེན་དུཿཁའི་ནད། །ཚོར་བ་དྲག་པོས་མནར་བའི་ཉམ་ཐག་ཀུན། །ཙནྡན་དྲིས་བགོས་ཚ་གདུང་མཐར་བྱས་བཞིན། །སིམ་པའི་བདེ་བ་ནམ་ཡང་གཏོང་མིན་ཤོག །རོ་ནུས་བཞུ་རྗེས་བསྡེབས་པའི་འཁྲུལ་འཁོར་གྱིས། །ནད་སེལ་སྲོག་གི་ཀ་བ་ལེགས་འཛུགས་པ། །རིས་མེད་ཀུན་ལ་བརྩེ་བའི་གསོ་རིག་གི ། རིང་ལུགས་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག །འཁོར་འདས་ཀུན་གྱི་འདུ་བ་འཁྲུགས་བྱེད་གཞི། །སྒྲིབ་གཉིས་ནད་ཀྱི་རྩ་བ་དྲུང་འབྱིན་པའི། །བླ་མེད་བྱང་ཆུབ་མཆོག་གི་སྨན་ཆེན་པོར། །མཁའ་མཉམ་འགྲོ་བ་མ་ལུས་སྤྱོད་གྱུར་ཅིག །འདི་ལ་ཡོངས་འབད་བརྒྱ་བྱིན་གཙུག་གི་ནོར། །རིན་ཅེན་སེམས་ཀྱིས་ཟིན་པའི་སྤྱི་བོ་རུ། །རེག་པས་ལས་ཉོན་གྱིས་འཕངས་མི་ཡི་རྟེན། །སྒྲིབ་བྲལ་ལྷ་ཡི་ལུས་སུ་མངོན་འགྱུར་ཤོག །བློ་གྲོས་རྒན་པོའི་རྩལ་འཆང་འཇམ་པའི་དབྱངས། །བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་ལ། །ཆེས་དཀར་འཕྲིན་ལས་གྲགས་པའི་སྒྲ་


GLG016_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སུ། །ལེན་པའི་པཀྵུའི་ཀླུང་དེ་རྟག་འབབ་ཤོག །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་ཉི་ཟླ་ཟུང་དུ་འཇུག་པའི་འོད། །སྣང་བས་འཇིག་རྟེན་གསུམ་གྱི་མུན་སེལ་བར། །འཇིག་རྟེན་མེས་པོའི་དབང་ཐང་ཐོབ་གྱུར་ཅིག །རིང་པོའི་ཚེ་དང་ཕུན་ཚོགས་འབྱོར་པའི་དཔྱིད། །ལུས་སེམས་ཀུན་ལ་བདེ་སྐྱིད་རོ་བདའ་བ། །རྣམ་སྨིན་དཀར་པོའི་འབྲས་བཟང་ཁོ་ན་ལ། །སྤྱོད་པའི་རྫོགས་ལྡན་རྩེ་དགའ་དགོད་གྱུར་ཅིག །དེ་ལྟར་མངའ་བདག་ཆོས་སྐྱོང་བའི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་ཁྲི་སྲོང་ལྡེ་བཙན་གྱིས་ཀུན་མཁྱེན་བུ་རམ་ཤིང་པའི་ལུང་དང་རྟོགས་པའི་བསྟན་པ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་རྒྱས་པར་མཛད་པའི་འཕྲིན་ལས་ཀྱི་ཆ་ཤས་སུ་གཞན་རྗེས་སུ་འཛིན་པ་གསོ་བ་རིག་པའི་གཙུག་ལག་རྣམས། །སྤྱོད་འཇུག་ལས། །རྒྱས་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་བྱང་ཆུབ་སེམས་དཔའ་གཞན་དོན་བསྒྲུབ་པ་ལ་ཤེས་བྱ་རིག་པའི་གནས་ཀུན་ལ་བསླབ་དགོས་པ་ཡིན་ཞིང་། དེར་མ་ཟད་ལས་ཉོན་གྱི་དབང་གིས་སྲིད་པར་ཉིང་མཚམས་སྦྱོར་བའི་སྐྱེ་རྒུ་མཐའ་དག་དུག་གསུམ་གྱིས་བསྐྱེད་པའི་བཞི་བརྒྱ་རྩ་བཞིའི་ནད་འབྱུང་བཞི་འདུས་པའི་ལུས་ལ་རང་བཅས་སུ་ཡོད་པ་སྔོན་ལས་འཕྲལ་རྐྱེན་གྱི་བྱེད་པོས་འདུ་བ་ཆ་མི་སྙོམས་པར་ནད་སྣ་ཚོགས་ཀྱིས་གཙེས་པའི་ཚོར་བ་དྲག་པོའི་ངང་ཚུལ་མྱོང་བ་རྣམས་ཡོངས་གཏད་གྱི་ལེའུར། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་


GLG016_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསོ་བྱ་གསོ་བྱེད་གསོ་བའི་ཡུལ་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་འབྲེལ་བའི་རྟེན་འབྲེལ་གྱི་དབང་ལས། རོ་ནུས་བཞུ་རྗེས་བསྡེབས་པའི་སྨན་གྱིས་ཟླ་བ་གཟའ་ལས་གྲོལ་བ་ལྟར་ལུས་ངག་ཡིད་གསུམ་ལ་བདེ་བའི་བཅུད་ལེན་ཆེན་པོ་སྟེར་བར་བྱེད་པའི་ལུས་ཅན་ཀུན་གྱི་སྤྱི་ནོར་བླ་ན་མེད་པར་དགོངས་ཏེ་མཐ་དབུས་ཀྱི་སྨན་པ་མཁས་པ་རྣམས་བསྡུས་ནས་གསོ་རིག་གི་གཞུང་འགྲེལ་མང་དུ་བསྒྱུར་བའི་ནང་ནས། ཁ་ཆེའི་པཎ་ཆེན་ཟླ་བ་མངོན་པར་དགའ་བ་དང་སྐད་གཉིས་སྨྲ་བ་ལོ་ཆེན་བཻ་རོ་ཙ་ན་གཉིས་ཀྱིས་བསྒྱུར་བའི་སྟོན་པ་སྨན་གྱི་བླས་བྱིན་གྱིས་བརླབས་པའི་བཀའ་དྲི་མ་མེད་པ་དཔལ་ལྡན་རྒྱུད་བཞི་འདི་ཉིད། ཇི་སྐད་དུ། ཉི་མའི་འོད་ཀྱིས་ཟླ་སྐར་ཟིལ་གནོན་བཞིན། །རྒྱུད་རྒྱལ་འདི་ཡིས་གསོ་རིག་ཀུན་ཟིལ་གནོན། །ཞེས་པ་ལྟར་ཚིག་ཉུང་ལ་དོན་རྒྱས་པ་གསོ་རིག་ཀུན་གྱི་ཡང་རྩེར་སོན་པ་འདི་མ་འོངས་པ་ན་ལུས་ཅན་གྱི་སྲོག་འཚོའི་བཅུད་ལེན་དུ་འགྱུར་བར་དགོངས་ཏེ། ཨྱོན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་དབུ་རྩེར་ཟབ་མོའི་གཏེར་དུ་གསང་བའི་རྒྱས་བཏབ་པ་སྤྲུལ་པའི་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་གདན་དྲངས། རིགས་འདུས་སྨན་རྒྱལ་


GLG016_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་གཟུགས་སུ་སྤྲུལ་པ་གཡུ་ཐོག་ཡོན་ཏན་མགོན་པོས་དར་རྒྱས་སུ་མཛད་དེ་ཕྱོགས་ཀུན་ཏུ་འཕེལ་རྒྱས་སུ་གྱུར་ནའང་། དུས་ཀྱི་དབང་གིས་གསོ་རིག་གཅིག་པུ་མ་ཟད་རིག་པའི་གནས་གང་ལའང་ཚུལ་བཞིན་དུ་བསླབ་པ་ཆེས་ཉུང་ཞིང་། མི་ཆེ་གེ་མོ་དང་དུད་འགྲོ་ཆེ་གེ་མོའི་སྤྲུལ་པ་དག་སྐྱེ་བ་ཡིན་ནོ་ཞེས་པ་ཙམ་དང་། བླ་མ་ཆེ་གེ་མོ་དང་རྒྱལ་རིགས་ཆེ་གེ་མོ་དག་གི་རིགས་རུས་ལས་བྱུང་བ་ཡིན་ནོ་ཞེས་པ་ཙམ་གྱི་ཟོལ་ཟོག་ལ་བརྟེན་ནས་ཚེ་འདིའི་འབྱིད་ཐབས་ལྷུར་ལེན་པ་མང་ཞིང་། མཁས་པར་རློམ་པ་རྣམས་ཀྱང་ལེགས་བཤད་རིན་པོ་ཆེའི་གཏེར་ལས། བྱ་བ་འགའ་ལ་མཁས་པ་ཡིས། །གཞན་དག་ཤེས་པའི་ངེས་པ་མེད། །ཆུ་ལས་འོ་མ་འབྱེད་ཤེས་པའི། །ངང་པས་གཟུགས་བརྙན་ཟས་སུ་བསྒོམ། །ཞེས་པ་ལྟར་མདོ་སྔགས་དང་ཐ་སྙད་རིག་པའི་ནང་མཚན་སྣ་རེ་ཙམ་ཤེས་པ་ལ་ཐམས་ཅད་མཁྱེན་པ་དང་པཎྜི་ཊ་སོགས་མིང་སྙན་པོར་འབོད་པ་རྣམས་ཀྱིས་ཕྱོགས་འདི་དག་ལ་སྤྱན་གྱི་གཟིགས་དཀྱུས་ཐུང་ངུར་གྱུར་ཅིང་། ལུགས་སྲོལ་འདི་ལ་སྦྱངས་པའི་རྒན་པོའི་ཁུར་ལྡན་རྣམས་ཀྱང་གཞུང་དོན་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲྭ་བར་ཆུད་དེ་གསོ་བ་རིག་པའི་གཙུག་ལག་གི་ཚུལ་དྲི་བཅས་སུ་གྱུར་པ་ལས་དུས་རིང་པོ་ཞིག་ནས། འཇམ་དབྱངས་ཐོན་མི་སམྦྷོ་ཊའི་གདུང་འཛིན་པ་ནང་སོ་ཡར་རྒྱབ་པས་མཐུན་པའི་རྐྱེན་སྦྱར། ཟུར་མཁར་མཉམ་ཉིད་རྡོ་རྗེའི་རིགས་བརྒྱུད་ཀྱི་དབོན་པོ་ཟུར་མཁར་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་དུ་གྲགས་པས་


GLG016_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་ཆེན་མཛད་དེ་པར་དུ་བརྐོས་པའི་གྲྭ་ཐང་གི་རྒྱུད་བཞི་འདི་ཉིད་ཤིན་ཏུ་ཁུངས་བཙུན་པའི་གསོ་རིག་གི་བསྟན་པའི་སྲོག་ཤིང་དུ་འདུག་ནའང་འཕྲིན་ལས་ཧ་ཅང་ཆེས་པས་ཡི་གེའི་ཚོགས་མི་གསལ་བ་མང་དུ་འདུག་ཅིང་། དྭགས་པོ་སྒམ་པོར་སྤྲུལ་སྐུ་ནོར་བུ་རྒྱན་པས་གསར་བརྐོས་ཞིག་མཛད་པ་འདི་ཁའི་བུ་དཔེ་ཡིན་ཁུལ་དུ་འདུག་ཀྱང་། མཆན་བུ་རྣམས་ལོགས་སུ་བཀོལ་ཏེ་བྲིས་པས་རྩ་མཆན་ངོ་འཕྲོད་དཀའ་བའི་སྐྱོན་དང་། རྟག་བརྟན་སྤྲུལ་སྐུས་གསར་བརྐོས་གྲྭ་ཐང་རྒྱུད་བཞིའི་བུ་དཔེ་ཡིན་ཁུལ་དེ་ལ་ལུགས་སྲོལ་འདི་དང་མི་གཅིག་པའི་རིགས་ལྡན་ཆེན་པོ་སོགས་བྱང་སྨན་མཁས་པའི་ལུགས་དང་རྣམ་པར་བསྲེས་ཏེ་ལུགས་གཉིས་གང་དུ་ཡང་ངོས་བཟུང་དཀའ་བའི་རང་གི་མཛད་སྲོལ་ཉམས་མེད་དེ་ཀ་ཡོད་འདུག་པ་ནས། དཔལ་ལྡན་ཟུར་མཁར་བ་དང་བྱར་པོ་པཎ་ཆེན་སོགས་མཁས་པ་དུ་མའི་ལེགས་བཤད་ཀྱི་རྒྱུན་རྣམ་དཔྱོད་ཀྱི་ཡོལ་གོར་ཡོངས་སུ་འཁྱིལ་བའི་དྲང་སྲོང་བྱང་ངོས་པ་བསྟན་འཛིན་རྒྱལ་པོའི་རིགས་བརྒྱུད་འཛིན་པ་དབོན་ཚང་ནང་སོ་དར་རྒྱས་ཀྱིས་ཟླ་གཞོན་ལྟ་བུར་དཀར་བའི་ལྷག་བསམ་གྱིས་གྲྭ་ཐང་གི་རྒྱུད་བཞི་འདི་ཀ་འབྲུ་ལེན་བྱས་ནས་རྐོ་དགོས་ཚུལ་གྱིས་བསྐུལ་བ་དང་། སྙིགས་མར་སྤྱོད་པའི་དུས་ཀྱི་དབང་གིས་མདོ་རྒྱུད་ཐ་སྙད་ཀྱི་དོན་ལ་ཐོས་བསམ་བྱེད་རློམ་ཕལ་ཆེར་གཞུང་གི་སྟོད་ནས་ལེའུ་གྲངས་ཁ་ཤས་ལས་གཞུང་ཡོངས་སུ་རྫོགས་པ་ལ་ཐོས་བསམ་བྱེད་པ་ཆེས་ཉུང་བས་ན། གསོ་དཔྱད་རྣམས་ཀྱང་རྩ་བཤད་ཕྱི་གསུམ་དང་


GLG016_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཕྲན་བུ་ཙམ་ཐོས་པ་ལ་དྲང་སྲོང་ཆེན་པོར་རློམ་པའི་དུས་འདིར་པར་མཁན་རྣམས་ཀྱིས་སོར་མོའི་འདུ་བྱེད་བསྒྱུར་བ་ངལ་བའི་རྒྱུ་ཙམ་དུ་འདུག་ནའང་། རྒྱལ་བ་སྨན་གྱི་བླའི་ཐུགས་རྗེ་དང་འགྲོ་བའི་ལེགས་བྱས་ཀྱི་བྱེད་པོས་ལྷ་རྗེ་མིང་དོན་མཐུན་པའི་བློ་གྲོས་ཀྱི་རྩལ་དང་ལྡན་པ་འགའ་འབྱུང་སྲིད་སྙམ་སྟེ་སྤྲོ་བ་ཆེན་པོའི་སྒོ་ནས་ཁ་ཡིག་གི་གསུམ་པ་ཏྲི། དབུ་ལྷ་དང་རྒྱུད་སོ་སོའི་འཇུག་ཏུ་པར་བྱང་སྨོན་ལམ་དང་བཅས་པ་གསར་དུ་བསྒྲིགས་ཤིང་། དངོས་གཞི་གྲྭ་ཐང་གི་པར་རྙིང་སོར་བཞག་བཅོས་བསླད་མེད་པའི་སྟ་གོན་བྱས་པ་བཞིན་ཕྱག་མཛོད་ས་སྐྱོང་འཕྲིན་ལས་རྒྱ་མཚོས་ཁུར་ལེན་གྱི་བཀོད་པས་ཁྱབ་པར་བྱས་ནས་ཞུས་དག་པ་སློབ་དཔོན་དོན་གྲུབ་དཔལ་བ། རབ་འབྱམས་པ་དགེ་འདུན་ཆོས་འཕེལ། སྒྲ་པ་ཀུན་དགའ་དབང་ལྡན་རྣམས་དང་། པར་ཡིག་པ་གཅེན་ལུང་པ་ལེགས་ལྡན་སློབ་མར་བཅས་པ་བཞི། པར་མཁན་མཁས་པ་གཞོན་ནུའི་སློབ་རྒྱུད་དུ་བྱུང་བ་ཡོན་བདག་ཚེ་རིང་སོགས་པར་མཁན་ཉེར་བདུན་དང་བཅས་པ་རྣམས་ཀྱིས་སྒོ་གསུམ་འབད་པས་བསྒྲིགས་ཏེ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོའི་ཧོར་ཟླ་གཉིས་པའི་ཚེས་ཉི་ཤུ་གཅིག་ལ་དབུ་བཙུགས་ཏེ་ལོ་དེ་ཉིད་ཀྱི་ཧོར་ཟླ་བདུན་པའི་ཚེས་ཉེར་ལྔ་ལ་ལེགས་པར་གྲུབ་པ་ལ་བརྟེན་ནས་ལུས་ཅན་ཀུན་གྱི་བཞི་བརྒྱ་རྩ་བཞིའི་ནད་དང་དེ་དག་ཀུན་གྱི་རྩ་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཀུན་དྲུང་ནས་ཕྱུང་སྟེ་ཕུལ་བྱུང་བདེ་ཆེན་ཡེ་ཤེས་མཆོག་གི་ཟློར་གར་རྣམ་འདྲེན་སྨན་གྱི་བླ་མའི་གོ་འཕང་ཐོབ་པར་གྱུར་ཅིག །


GLG016_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

(ཨཱཡུཙིཏྱཱཀབཱསམྦཧཱལེཏུདཡནྟུ། ) རང་གི་གམ་དུ་ཉེ་བར་འཁོད་པའི་རིག་སྔགས་འཆང་བའི་འདུས་པའི་སྡེ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་འདུ་ཁང་ལྕགས་བྱི་ནས་མཁར་ལས་ཀྱི་འགོ་བཙུགས་ཆུ་སྟག་ནང་དུ་ཤིང་རྩི་དང་བཅས་གྲུབ་པའི་གསང་སྔགས་ཕོ་བྲང་གི་མིང་བྱང་ཤིང་བཟང་ལ་བཀོད་པ་དངོས་གྲུབ་གཏེར་མཛོད། (སྡེབ་སྦྱོར་གློག་འཕྲེང་། )སིདྡྷིནྡཱརཱཛྙ ཀོཥཤཱཏྲུརྦིགྷྣཱདཱརནཱཤིནྱ། ཨཱདྷརྨྨཱརཀྵིཏྱཱསཱམཱུཧེེརྒུཧྱེེརྨནྟཀོཊིཨཱཿ ། དངོས་གྲུབ་དབང་གི་རྒྱལ་པོའི་མཛོད། །དགྲ་བགེགས་ཚོགས་རྣམས་འཇོམས་པའི་ཐོག །ཆོས་སྐྱོང་སྲུང་མ་ཀུན་འདུ་བ། །གསང་བ་སྔགས་ཀྱི་ཕོ་བྲང་དགེ །


GLG016_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་འདུ་ཁང་གསང་ོ་སྔགས་ཕོ་བྲང་གི་སྦུག་མགོན་ཁང་ཞི་ཁྲོ་རྣམ་རོལ་གྱི་ཁ་བྱང་སྒོའི་ཤིང་བཟང་ལ་བཀོད་པ་ཞིང་ཁམས་རྒྱ་མཚོ་སོགས། ཀཱུལེརྡྷརེབྷིརྒྲྀཧཨུཏྟརཱཎཱཾབཱརོམཧཱམཎྜལཧེརུཀཐཱི། སྦྲུནེཉྩཏུརྦིངྒསཧིཏྱབཱཡཱཌཱཀིཔྲམཱཤཱནསབཻཙཊོཀྵ༎ རིགས་འཛིན་བླ་མའི་ཕོ་བྲང་མཆོག །ཧེ་རུ་ཀ་དཔལ་དཀྱིལ་འཁོར་ཆེ། །མཁའ་འགྲོ་འདུ་བའི་ཉེར་བཞིའི་གནས། །དྲེགས་པ་རྣམ་རོལ་བསིལ་བ་ཚལ། །


GLG016_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོརདཀར་མོ། ཛྙཱནརསྨིཙེཏྲཔཉྩཱཀཱུལསཱུདཎྜིགཉྫཨུཏྲབཱཀྟཐཱགཏཱ། །པཉྩའྀངྒཧསྦྲཔཱདྨཀཱཡསཽབསྟྲཏ སུབཎྞཏཱཔྱསེེདྡྷི་ཀཾ ། ཡེ་ཤེས་འོད་བཀྲག་རིགས་ལྔར་ལེགས་ཤར་དང་། །ཕུང་པོ་གསུམ་པའི་མདོར་གསུངས་དེ་བཞིན་གཤེགས། །སུམ་ཅུ་རྩ་ལྔ་ལག་ན་པད་དཀར་སྐུ། །བཟང་གོས་གཞི་མར་གསེར་ཞུན་ལས་གྲུབ་འདི། །བློ་དང་བརྩོན་པ་ལྷག་བསམ་བཟང་པོའི་མཐུས། །སྙིང་སྟོབས་ཡོན་ཏན་དབྱར་མཚོ་ལྟར་འཕེལ་བ། །མཆོད་སྤྲིན་སྒྲ་དབྱངས་སྤྲོ་བྱེད་ཟུང་ལྡན་གྱིས། །ཟང་ཟིང་བདོག་པ་སྙིང་པོ་ལེགས་སྒྲིལ་ཚེ། །ལྷ་རྗེ་ཟུར་རིགས་བརྒྱུད་ལས་ཉེར་སོན་ཞིང་། །བཟོ་རིག་གཙུག་ལག་རབ་དང་ཕུལ་གྱི་རྩེར། །ལེགས་ཐོན་སྔགས་འཆང་གཞིས་ཀ་ཤར་པ་ཡི། །སོར་མོའི་འཕྲུལ་གྱི་ཟློས་གར་འདི་རྨད་བྱུང༌། །ཟླ་འོད་དུང་དང་པདྨའི་རྩ་བ་ལ། །རབ་འགྲན་གཅིག་ཏུ་དཀར་བའི་དགེ་ཚོགས་རྡུལ། །


GLG016_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མཐོན་པོར་བརྩེགས་པ་གངྒཱའི་ཡབ་གཅིག་ལས། །ལེགས་བྱས་པཀྵུའི་ཀླུང་ཆེན་ཆད་མེད་ཤོག །བསོད་ནམས་བྱས་པ་གང་འདིར་གཏོགས་སོ་ཅོག །སྲིད་ཞིའི་རྒུད་ཚོགས་རབ་ཞི་འདི་ཕྱི་ཀུན། །བདེ་སྐྱིད་རོ་བརྒྱའི་གཡང་དུ་ཉེར་ཆགས་པའི། །དཔག་བསམ་ཡོངས་འདུའི་འབྲས་བུར་སྤྱོད་གྱུར་ཅིག །ཅེས་པ་འདི་ཡང་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་རིགས་ལྔ་དང་སངས་རྒྱས་སུམ་ཅུ་སོ་ལྔ་ཐུགས་རྗེ་ཆེན་པོ་རྣམས་ཀྱི་གསེར་ཐང་བཞེངས་པའི་ཞལ་བྱང་འདོད་གསོལ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་ཀྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །(སྡེབ་སྦྱོར་ཉེར་གནས)ཏྲིཀཱཡརབིབྷཱཝཱཀྴཏྱཤཱརཱིརདྷེནྡམུནིཀརྨོཏྟཱསཧསྲེ པཔཱལུབྷིརུཔཀྑོབྷེཥཊཤཱསྟཙཀྲཀྲྀམིལུཀྐཱཐེཡམེ་མ། །སྐུ་གསུམ་ཉི་མའི་དངོས་པོ་བརྒྱ་ཡི་ལུས། །འཛིན་པའི་ཐུབ་དབང་འཕྲིན་ལས་འོད་སྟོང་གིས། །སྡིག་ཏོས་ཉེར་བརླམས་སྟོན་པ་དྲུག་གི་དཔུང་། །མེ་ཁྱེར་བག་ལ་ཞ་བའི་གཏམ་འདི་མཚར། །ཚེམས་ཤིང༌ས༌ལ༌བཙུགས༌པས༌


GLG016_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་ཐག །དཔག་ཚད་ལྔ་བརྒྱའི་དཔངས་དང་ཁོར་ཡུག་ཅན། །ཤིང་རྟའི་འཕང་ལོའི་ཚད་ཀྱིས་མེ་ཏོག་ལས། །བྲེ་ལྔའི་བཅུད་ཤོང་བོངས་ཚད་འབྲས་བུས་དུད། །ཡལ་འདབ་རྩ་བ་རིན་ཅེན་སྣ་བདུན་ཅན། །བཀྲག་མདངས་འཚེར་བ་ཉི་ཟླའི་འོད་རྗེས་འབྲངས། །བདུད་རྩི་ལ་འགོང་རོ་བདའ་དྲི་བསུང་ངད། །བདེ་སྟེར་རླུང་གིས་བསྐྱོད་ལས་ཆོས་སྒྲ་སྙན། །ངོ་མཚར་མངོན་སུམ་མཐོང་བའི་དད་པ་དང་། །རྒྱལ་བས་ཆོས་བསྟན་འབྲས་ཐོབ་ལྷར་སྐྱེས་སོགས། །ཕུན་ཚོགས་དགེ་མཚན་རྒྱ་མཚོར་འགྲན་བྱེད་པའི། །བསོད་ནམས་ཚེས་གཅིག་སྤེལ་འདི་གསལ་རྒྱལ་ལོ། །སྔོན་མེད་རིན་ཅེན་རི་མཐོ་ཟུང་ལྡན་ལ། །སྣ་ཚོགས་ལྷ་དང་མི་ཡི་ནོར་བུའི་ཚོགས། ཁ་དོག་མ་འདྲེས་བཀྲ་བ་འཇའ་ཚོན་བཞིན། །འབྲས་སྨིན་སྒྲ་སྙན་ལྗོན་ཤིང་མེ་ཏོག་ཅན། །ས་འཛིན་གཅིག་རྩེར་རོ་བརྒྱའི་དཔལ་ལྡན་པའི། །འབྲས་ཀྱི་སྙེ་མ་གཡུར་ཟས་མི་རྣམས་དང༌། །ཅིག་ཤོས་རྩེ་མོར་བཅུད་ལྡན་འཇམ་པའི་རྩྭས། །དུད་འགྲོའི་སྐྱེ་གནས་ཅན་རྣམས་ཚིམ་པར་སྤྲུལ། །ཐུབ་གསུང་ཆོས་ཀྱིས་འགྲོ་ཀུན་བྱང་ཆུབ་ཏུ། །སེམས་བསྐྱེད་མཐོ་རིས་ལྷ་ཡི་ལུས་ཐོབ་པའི། །དགའ་སྟོན་ཚེས་གཉིས་ཕུ་དུད་སྟོབ་བྱེད་མཁན། །ནོར་འཛིན་སྐྱོང་བ་ཨུ་དྲ་ཡ་ཎ་ཡིན། །ཞལ་བསིལ་ས་ལ་དོར་བས་རིན་ཅེན་རྫིང་། །དཔག་ཚད་ཉིས་བརྒྱ་ཡོད་པའི་ཁོར་ཡུག་ཅན། །རིན་ཅེན་སྣ་བདུན་གྱིས་སྤྲས་བྱེ་མ་བརྡལ། །ཡོན་ཏན་བརྒྱད་ལྡན་ཉལ་འགྲོ་རྫིང་བུར་འཁྱིལ། །སྔོ་སེར་དམར་དཀར་ལེ་བརྒན་མར་གད་ཀྱི། །མདངས་འཛིན་པདྨ་ཤིང་རྟའི་འཁོར་ལོ་ཙམ། །རྫིང་བུའི་སྣ་


GLG016_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དངོས་ཀུན་ཁ་དོག་མདངས། །རབ་འཚེར་འོད་ཀྱིས་གནམ་སའི་ཁྱོན་གསལ་བྱེད། །འཁོར་རྣམས་ཆུ་རྫིང་ལ་ལྟ་ཐུབ་དབང་གིས། །ཆོས་བསྟན་དེརའཁོད་བྱང་ཆུབ་སེམས་བསྐྱེད་དང་། །མངོན་མཐོའི་རྒྱུ་བསྟུན་དུས་སྟོན་ཚེས་གསུམ་ལ། །རི་མོར་བགྱིད་པ་ཤུཉི་ད་ལའོ། །སྔ་ཉིད་སྤྲུལ་པའི་ཡིད་འོང་རྫིང་བུའི་འགྲམ། །ཆུ་ཀླུང་དལ་འབབ་བརྒྱད་ཀྱིས་བསྐོར་བཞིན་དུ། །སླར་ཡང་ཆུ་རྫོང་ཉིད་དུ་ཉེར་འཇུག་པའི། །ལྷུང་ལྷུང་སྙན་པའི་སྐད་དང་བཅས་ཏེ་འཁྱིལ། །དབང་སྟོབས་རྣམ་ལྔ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་དང་རྣམ་པར་ཐར་པ་གསུམ། །མངོན་ཤེས་ཕར་ཕྱིན་དྲུག་དང་ཚད་མེད་བཞིའི། །ཆོས་སྒྲ་སྐལ་བཟང་འགྲོ་བའི་རྣ་བར་སྒྲོག །ཚུལ་དེས་ཉེར་འཁོད་འགྲོ་རྣམས་སངས་རྒྱས་དང་། མཐོ་རིས་རྟེན་གྱི་ས་བོན་ཆེས་དངར་བའི། །ལེགས་བྱས་རྩེ་དགའ་ཚེས་བཞིར་རབ་དགོད་ཆེད། །སྦྱིན་པའི་བདག་པོ་ཨིནྡྲ་བ་མིའོ། །བཅོམ་ལྡན་དགྱེས་པའི་ཞལ་གྱི་འཛུམ་སྒོ་ལས། །ཛམྦུའི་གསེར་སྦྱངས་རྗེས་འགྲོའི་འོད་ཟེར་འཕྲེང་། །སྟོང་གསུམ་འཇིག་རྟེན་ཁམས་ཀུན་སྣང་བྱས་པ། །ཉི་མ་བྱེ་བའི་གཟི་བརྗིད་བསྡུས་པ་ཞིན། །འོད་དེས་རེག་པའི་སྐྱེ་རྒུའི་དུག་གསུམ་དང་། །སྒྲིབ་པ་ལྔ་བྲལ་ལུས་སེམས་རབ་བདེ་བ། །དྲང་སྲོང་བསམ་གཏན་གསུམ་པའི་ས་ཐོབ་ཚེ། །ཡིད་ལ་དགའ་བའི་ཀུན་རྟོག་ཇི་བཞིན་ནོ། །རྣམ་འདྲེན་ཡོན་ཏན་ལ་མོས་འཁོར་རྣམས་ལ། །ཆོས་བསྟན་མཐུ་ཡིས་མངོན་མཐོ་ངེས་ལེགས་རྟེན། །བསྒྲུབ་ནུས་ས་བོན་ཚེས་ལྔར་ལེགས་བཏབ་པའི། །རྙེད་བཀུར་སྟོབ་བྱེད་ཚངས་བྱིན་རྒྱལ་པོར་གྲགས། །


GLG016_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སེམས་ཤེས་པའི་མངོན་ཤེས་ཡོན་ཏན་དང་། །མི་ལྡན་དེར་འཁོད་སྐྱེ་བོ་མ་ལུས་པ། །གསེར་འགྱུར་རྩི་ཡིས་ལྕགས་ལ་ཇི་བཞིན་དུ། །ལྐོག་གྱུར་མངོན་སུམ་ལྟ་བའི་སྐལ་ལྡན་མཛད། །དེ་ཚེ་ཕན་ཚུན་གཅིག་གིས་ཅིག་ཤོས་ཀྱི། །བསམ་པའི་ཁྱད་པར་ཡོངས་སུ་ཉེར་རིག་སྟེ། །དགེ་དང་མི་དགེ་ལས་འབྲས་ཕྲ་མོ་ཡང་། །རྟོགས་པས་ཡིད་ལ་དགའ་བའི་སྤྲོ་དགའ་བརྟས། །ཐུབ་པའི་ཡོན་ཏན་ལ་བསྔགས་ཆོས་ཐོས་པས། །སྟོབས་བཅུའི་རྩལ་དང་ལེགས་བྲིས་རྟེན་ལ་སོགས། །རྙེད་བྱེད་སྐལ་བཟང་དྲུག་པའི་ཚེས་ཀྱི་ཉིན། །རབ་མྱོང་མཐུན་རྐྱེན་སྒྲུབ་བྱེད་ལིཙྪ་བཱི། །ཞམ་རིང་ཚོགས་ཀུན་འཁོར་ལོས་སྒྱུར་རྒྱལ་གཟུགས། །རིན་ཅེན་སྣ་བདུན་སྔོན་འགྲོ་སྲས་སྟོང་ལྡན། །རྒྱལ་ཕྲན་བློན་འབངས་རྣམས་ཀྱིས་བསྟི་སྟང་དུ། །བགྱིད་པའི་ངོ་མཚར་སྤྲུལ་བསྒྱུར་བསྟན་པའི་ཚེ། །རང་ལ་དེ་ལྟའི་ཡོན་ཏན་མི་ལྡན་ཡང་། །འདི་ཀོ་ཟས་གཙང་སྲས་ཀྱི་བྱིན་རླབས་ལས། །བྱུང་སྙམ་དད་དང་དགའ་སྤྲོ་ཕན་ཚུན་དུ། །འཕེལ་བ་དབྱར་གྱི་རྒྱ་མཚོ་འཕྱུར་བ་བཞིན། །རྒྱལ་བས་ཆོས་བསྟན་འགྲོ་རྣམས་བྱང་ཆུབ་ཏུ། །སེམས་བསྐྱེད་ལྷ་མིའི་རྟེན་གྱི་ས་བོན་སོགས། །བདུན་པའི་ཚེས་ཉིན་ཡོངས་འདེབས་ཕན་པའི་རྐྱེན། །ཤཱཀྱའི་རིགས་ཀྱི་ས་ལ་སྤྱོད་རྣམས་ཡིན། །ཕྱག་སོར་སེང་ཁྲིར་མནན་པའི་སྒྲ་སྐད་ལས། །གསང་བདག་སྲིན་པོ་ལྔ་ཐོན་སྟོན་པ་དྲུག །བཏུལ་ཚེ་དེའི་འཁོར་དགུ་ཁྲི་རབ་བྱུང་ཞིང་། །རྣམ་པར་གྲོལ་བའི་དགྲ་བཅོམ་འབྲས་བུ་རྙེད། །བཅོམ་ལྡན་བ་སྤུའི་བུ་ག་བརྒྱད་ཁྲིའི་གྲངས། །དེ་སྙེད་འོད་ཟེར་འཕྲོས་རྩེར་པདྨའི་སྟེང་། །བདེ་གཤེགས་


GLG016_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་འཁོར་ལོ་ཆོས་སྟོན་པ། །འདུས་ཚོགས་ཀུན་གྱི་མིག་གི་སྤྱོད་ཡུལ་གྱུར། །གང་ལ་དད་དང་དམ་པའི་ཆོས་ཐོས་པས། །བྱང་ཆུབ་སེམས་བསྐྱེད་ལ་ལ་ལྷ་མི་རུ། །སྐྱེ་བའི་བསོད་ནམས་ཚེས་བརྒྱད་རབ་སྤེལ་བ། །ཡོན་གནས་མཆོད་བྱེད་ལྷ་དབང་བརྒྱ་བྱིན་ནོ། །ཐུབ་དབང་སྐུ་གཟུགས་ཚངས་པའི་ཡུལ་སའི་རྩེར། །རབ་སོན་བློ་ཡིས་གཞལ་ལས་ཉེར་འདས་པ། །མཉན་ཡོད་གྲོང་ཁྱེར་ལ་འཁོད་འགྲོ་རྣམས་ཀྱིས། །མངོན་སུམ་བལྟ་བའི་སྐལ་བ་ཅན་བྱིན་བརླབས། །དེ་ཚེ་སྐུ་ལས་འཕྲོས་པའི་འོད་ཀྱི་ཟེར། །སྣང་བ་དམ་པའི་དཔལ་གྱི་བང་མཛོད་སྒོ། །ཕྱེ་བས་གནམ་སའི་ཁྱོན་ཀུན་སྒྲིབ་མེད་དུ། །གསལ་བར་འཆར་བའི་ཆོ་འཕྲུལ་འདི་ཀོ་མཚར། །དད་པའི་ཞིང་སར་ཆོས་ཀྱི་ས་བོན་ཚོགས། །བཏབ་པས་མངོན་པར་མཐོ་དང་མྱང་འདས་ཀྱི། །སྙེ་མ་གཡུར་ཟའི་མཐུན་རྐྱེན་ཚེས་དགུའི་ཉིན། །གཡོས་སྦྱོར་བྱེད་པོ་མེས་པོ་གསེར་མངལ་ཅན། །རྒྱལ་སྐུ་མཚན་དང་དཔེ་བྱད་རབ་འབར་བ། །ས་འཛིན་དབང་པོའི་ངོས་ནས་སྲིད་རྩེའི་བར། །རྣམ་པར་སྙེག་ལས་འཕྲོས་པའི་འོད་ཟེར་ནི། །ས་གསུམ་ཀུན་གྱི་གསལ་བྱེད་སྒྲོན་མེ་བཞིན། །རི་རབ་ཙམ་ཡང་མངོན་སུམ་ཉེར་ལྟའི་བསྐལ། །ཆེས་ཕྲ་འཕགས་ཡུལ་སྐྱེ་རྒུས་ཁམས་གསུམ་གནས། །མ་ལུས་མཐོང་བའི་ཆོ་འཕྲུལ་བཀོད་པ་ཡིས། །དཀའ་བ་མེད་པར་འགྲོ་མང་གྲོལ་བ་བཞིན། །དགའ་སྤྲོས་མྱོས་པའི་གདུལ་བྱ་རྣམས་ཀྱིས་ཆོས། །ཐོས་པའི་བླ་མེད་སེམས་སྐྱེད་ལྷ་མིའི་རྟེན། །སྤེལ་བ་ཚེས་བཅུའི་ཉིན་གྱི་ཡོན་སྦྱོར་བ། །བྱེད་པོ་ཕྱོགས་བཞི་སྐྱོང་བའི་རྒྱལ་ཆེན་ནོ། །སེང་གེས་བཏེག་པའི་རིན་


GLG016_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅེན་ཁྲི་སྟེང་དུ། །མཛེས་སྐུ་བཞིན་ལག་རྣམ་པ་མི་གསལ་བར། །སྣ་ཚོགས་འོད་ཟེར་དྲ་བའི་ཁོར་ཡུག་གི ། ཕུང་པོ་གཅིག་ཏུ་འཁྱིལ་ཞིང་འཕྲོ་བའི་ངང་། །ཡན་ལག་དྲུག་ཅུའི་དབྱངས་སྙན་གསུང་གི་སྒྲས། །ཟབ་རྒྱས་དམ་པའི་ཆོས་ཀྱི་ཚིག་དོན་ཀུན། །རང་རང་བློ་དང་དབང་པོར་ཉེར་འཚམ་པ། །དྲུང་དུ་འདུས་པའི་གདུལ་བྱའི་རྣར་བསྒྲགས་ཚེ། །སེམས་བསྐྱེད་ཕྱིར་མི་ལྡོག་དང་དགྲ་བཅོམ་པ། །མངོན་མཐོའི་རྟེན་བསྐྲུན་བསོད་ནམས་ཚོགས་གསོག་པའི། །དགའ་སྟོན་བཅུ་གཅིག་ཚེས་སྤེལ་མཆོད་སྦྱིན་སྒོ། །རབ་འབྱེད་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནོ། །ནང་དུ་བྱམས་པའི་ཏིང་འཛིན་ལ་ཞུགས་པས་། ཕྱི་རུ་གཟུགས་སྐུ་བཙོ་མའི་གསེར་མཚུངས་འོད། །སྟོང་ཆེན་འཇིག་རྟེན་ཀུན་ཁྱབ་འཁོར་ཚོགས་ལ། །རེག་པས་དུག་གསུམ་རྟོག་ཚོགས་སྐད་ཅིག་ཞི། །ཕན་ཚུན་ཕ་མ་བུ་དང་ཕུ་ནུ་སོགས། །གཉེན་བཤེས་མཛའ་བའི་ཞགས་པས་རིས་མེད་པར། །བཅིངས་པས་མ་སྨད་སྙིང་རྗེ་ཆེན་པོའི་སེམས། །མངོན་པར་སྐྱེ་བའི་རྒྱུ་ཐབས་འདི་ཀོ་མཚར། །དེ་ཚེ་སངས་རྒྱས་ཐུགས་རྗེར་ཡིད་ཆེས་པའི། །དད་དང་ཆོས་ཐོས་རྐྱེན་གྱི་མྱང་འདས་སུ། །སེམས་བསྐྱེད་བདེ་འགྲོའི་རྒྱུ་བསྐྲུན་བཅུ་གཉིས་ཚེས། །ཕུ་དུད་ལེགས་སྦྱོར་ཁྱིམ་བདག་ཙིནྟའོ། །ལྟེ་བ་ལས་འཕྲོས་འོད་ཟུང་འདོམ་བདུན་ཙམ། །སྐུ་ལས་འཕགས་རྩེར་པད་སྟེང་དེ་བཞིན་གཤེགས། །གང་གི་ལྟེ་བ་ལས་ཀྱང་སྔར་བཞིན་དུ། །འོད་ཟེར་འཕྲོ་དང་དེ་སྟེང་སངས་རྒྱས་སྤྲུལ། །དེ་འདྲ་གཅིག་ལས་གཅིག་འཕྲོས་མང་བསྟན་པས། །སྟོང་གསུམ་འཇིག་རྟེན་ཀུན་གྱི་ཁོར་ཡུག་ཏུ། །བར་


GLG016_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མེད་པར་བཀང་བའི་སྤྲུལ་བསྒྱུར་གར། །མཉན་ཡོད་ལྷགས་པའི་སྐྱེ་རྒུ་ཀུན་གྱིས་མཐོང་། །དཔལ་གྱི་མགུར་ལས་གསུངས་པའི་དམ་ཆོས་ཀྱིས། །འགྲོ་རྣམས་ཐེག་གསུམ་བྱང་ཆུབ་མངོན་མཐོའི་རྟེན། །བསྐྲུན་ལ་བཅུ་གསུམ་ཚེས་ཉིན་རི་མོར་བྱེད། །ས་སྐྱོང་རྒྱལ་པོ་ཤུཉྩི་ད་ལའོ། །ལྷམ་མེར་འབར་བའི་རྒྱལ་བའི་སྐུ་གཟུགས་ལ། །མི་ཡི་བདག་པོས་མཆོད་པའི་མེ་ཏོག་ཚོགས། །གཏོར་བ་སྐད་ཅིག་ཉིད་ལ་རིན་པོ་ཆེ། །སྣ་ཚོགས་རང་བཞིན་ལས་གྲུབ་ཤིང་རྟར་གྱུར། །དེའི་གྲངས་སྟོང་དང་ཉིས་བརྒྱ་ལྔ་བཅུ་པས། །སྟོང་གསུམ་སྟོང་གི་འཇིག་རྟེན་མ་ལུས་པ། །མཆོག་དམན་ཀུན་གྱི་མིག་ལ་མངོན་སུམ་དུ། །སྣང་བར་བྱེད་པའི་རྫུ་འཕྲུལ་འབྱམས་སུ་ཀླས། །དམ་ཆོས་སྨན་གྱིས་ཉོན་མོངས་ཟུག་རྔུའི་ཚོགས། །རབ་གཞིལ་ཐར་པ་ཐམས་ཅད་མཁྱེན་པའི་རྒྱུ། །བསྐྲུན་པའི་བསོད་ནམས་བཅུ་བཞིའི་ཚེས་ཀྱི་ཉིན། །སྤེལ་བའི་རྒྱུ་སྦྱོར་ཨུ་དྲ་ཡ་ཎའོ། །བཅོམ་ལྡན་འཁོར་བཅས་མཆོད་པའི་ཞལ་ཟས་རྣམས། །རོ་བརྒྱ་ལྡན་པར་བྱིན་རླབས་ཟོས་རྣམས་བདེ། །དངོས་སུ་བསྟན་པ་དམྱལ་བའི་སེམས་ཅན་རྣམས། །སྔོན་ཆད་སྡིག་ལ་འགྱོད་པའི་སྨྲེ་སྔགས་སྒྲོག །འཁོར་རྣམས་བརྩེ་དང་འཇིགས་སྐྲག་འགྲན་པའི་ངང་། །ཚངས་པའི་དབྱངས་ལས་དམ་པའི་ཆོས་ཐོས་པས། །ཐེག་པ་གསུམ་དུ་སེམས་བསྐྱེད་ལྷ་དང་མིའི། །ཕུན་ཚོགས་དགེ་བའི་རྩ་བ་གྲངས་མེད་སྤེལ། །མི་བཟད་དམྱལ་བའི་འགྲོ་རྣམས་སངས་རྒྱས་ཞལ། །མཐོང་བས་རབ་དད་ཚེ་འཕོས་བདེ་འགྲོར་སྐྱེ། །རྣམ་དཀར་དགེ་ཚོགས་བཅོ་ལྔའི་ཚེས་ཀྱི་ཉིན། །རྒྱ་ཆེར་སྤེལ་བའི་སྦྱིན་བདག་གཟུགས་ཅན་སྙིང་། །རྟ་ཆེན་ཟླ་བའི་གཅིག་ནས་བཅོ་ལྔའི་བར། །ངོ་མཚར་འཛད་མེད་ཆོ་འཕྲུལ་བཀོད་


GLG016_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས། །སོར་མོའི་འཕྲུལ་གྱིས་རབ་དཀར་ཀཱ་ཤིའི་ངོས། །ཚོན་བརྒྱ་ཉེ་བའི་ཤེལ་བཞིན་རྣམ་བཀྲ་འདི། །པུར་དྷ་ཀ་སོགས་སྣ་ཚོགས་འགྱུར་མདངས་ཀྱིས། །མ་བསླད་པིར་ཐོགས་དབང་པོ་སྨན་ཐང་པའི། །ལུགས་རྙིང་ཁོ་ནར་ཡིད་གཏོད་རི་མོ་བ། །དགོས་སྐྱེས་རྡོ་རྗེ་ཞེས་བྱས་དབུ་བཙུགས་ནས། །དེའི་རིགས་དགོས་ནོར་འཇམ་དབྱངས་དཔལ་བཟང་དང་། །འཇམ་དབྱངས་དོན་གྲུབ་འཕགས་སྡེ་མཁས་བཙུན་ཞེས། །རིང་ནས་བཟོ་རིགས་གནས་ལ་སྦྱངས་པའི་མཐུས། །སྣང་སྲིད་རི་མོར་འདྲི་ལ་གོམས་རྣམས་ཀྱིས། །ཕ་མའི་ཆེད་དང་རང་གི་སྒྲིབ་སྦྱོང་དུ། །ལྷག་བསམ་དག་པས་རྫོགས་པར་ཉེར་བསྐྲུན་པའི། །དགེ་བས་འདི་དང་གཏན་གྱི་འདུན་མ་ཀུན། །བསམས་པ་ཇི་བཞིན་འགྲུབ་པའི་སྐལ་བཟང་ཤོག །ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་སེལ་བར། །བུ་རམ་ཤིང་པའི་རིང་ལུགས་རབ་རྒྱས་ཤིང་། །མཁའ་མཉམ་འགྲོ་རྣམས་བདེ་ཞིང་སྐྱིད་པའི་ངང་། །མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་གྱུར་ཅིག །ཅེས་པ་འདི་ཡང་བཟོ་རིག་པའི་གཙུག་ལག་ལ་བློ་གྲོས་ཀྱི་སྣང་བ་ཆེས་དཀར་བའི་རི་མོ་བ་དགོས་སྐྱེས་རྡོ་རྗེ་ཕ་བུ་རྣམས་ཀྱིས་ཆོ་འཕྲུལ་མཆོད་པའི་ཞིང་བཀོད་བཟབས་རིས་སུ་བགྱིས་པའི་ཐང་ཀའི་རྒྱབ་ཡིག་ལ་འདྲི་རྒྱུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །ཆུ་ཡོས་ཧོར་ཟླ་ལྔ་པའི་ཉེར་བཞི་ལ་འདོད་ཁམས་དབང་ཕྱུག་མའི་མདོས་སྐང་འབུམ་ཐེར་བཙུགས་སྐབས་ཙནྡན་གྱི་ཐུ་ཤུ་གསར་བརྐོས་ཀྱི་ཐམ་ཕུད་ཕུལ་བའི་ཁ་ཡིག་སྡེ་བཞིའི་འབྲས་བཟང་དུད་པའི་ཡོངས་འདུ། ཀུན་ཁྱབ་ལི་ཤིའི་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག །༼མ༽དྲི་བསུང་འཕྲོ་བ་ནས། །ཤར་ཕྱོགས་རྒྱ་མཚོའི་མཐས་གཏུགས་ནོར་འཛིན་མའི། །ཆོས་སྲིད་དྲོད་ཀྱིས་ཕན་བདེའི་གསེར་ཀྱི་མངལ། །སྨིན་བྱེད་ཕྱག་རྒྱའི་


GLG016_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་རྣམ་བཀྲའི་ཕུད། །ཕྱི་ལྟར་ཚངས་པའི་བུ་མོ་འཇོ་སྒེག་ཅན། །ནང་དུ་འདོད་ཁམས་དབང་ཕྱུག་རེ་མ་ཏཱི། །གསང་བ་ཤེས་རབ་འཁོར་ལོ་རྒྱས་འདེབས་མར། །འགྲུབ་སྦྱོར་ཤིས་པའི་ཚེས་ལ་ཕུལ་བའི་དགེས། །ལེགས་བྱས་ཛམྦུ་ཆུ་བོའི་གསེར་སྦྱངས་ཀྱི། །རྩིབས་སྟོང་ཐོགས་པ་མེད་པར་རབ་འཁོར་བས། །ཆོས་ནོར་འདོད་དང་ཐར་པའི་ཡོངས་འདུའི་ལྗོན། །རབ་སྨིན་བསམས་པའི་འདོད་པ་འཇོ་བར་མཛོད། ཕན་བདེ་ལེགས་བཤད་གླིང་པའི་གྲྭ་ཚང་བཀྲ་ཤིས་ཁང་གསར་གྱི་བཀྲ་ཤིས་ཀ་བཞིའི་རྟེན་མཆོད་ཀྱི་དེབ་ཀྱི་མཆོད་བརྗོད་འདོད་དོན་ཀུན་འགྲུབ་སོགས། སྡེབ་སྦྱོར་དག་པའི་སྣང་བ། སིདྡྷྰརྠེཥྚཤུབྷཻཔལེརྨཧཱཤུགྲཱམུཀྟིཀཡཙྪཨཀྵཡ། །ཏྲིརཏྣཱིནཨཐཱཀུརུཉྩསདྷརྨསྐ་ནྡསཛིནཤིཥྚིཀ ། ཆེས་དཀར་དགེ་བའི་འབྲས་བུ་མུ་ཐི་ལ། །འཛད་མེད་འདོད་དགུར་སྩོལ་པའི་དོན་ཀུན་གྲུབ། །དམ་པའི་ཆོས་ཕུང་བྱང་སེམས་སློབ་མར་བཅས། །དཀོན་ཅོག་རིན་ཅེན་གསུམ་གྱིས་ཤིས་པར་མཛོད། །གཟི་བརྗིད་ཉི་མ་འབུམ་གྱི་ལུས་འཛིན་ཅིང་། །དཔལ་འབྱོར་སྲིད་


GLG016_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཞིའི་དངོས་ཀུན་དབང་སྡུད་པ། །རྣམ་མང་ཐོས་པའི་སྲས་ཞེས་ལྷ་རྣམས་ལ། །ཕན་བདེའི་ངལ་གསོ་སྟེར་དེས་རྟག་ཏུ་སྐྱོངས། །ལེགས་བྱས་དབྱར་མཚོ་ལྟ་བུར་སྤེལ་བའི་ཞིང་། །བདེ་གཤེགས་སྲས་འཁོར་སྣང་བརྙན་ཚར་དངར་བ། །སྲི་ཞུ་སྐྲུན་བྱེད་དངོས་པོ་དང་བཅས་པའི། །གསལ་བྱེད་ཡི་གེའི་འཕྲེང་བ་འདི་ན་སྤེལ། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་འདུ་ཁང་གསང་སྔགས་ཕོ་བྲང་དུ་དགྲམ་རྒྱུའི་ཡི་དམ་ཆོས་སྲུང་གི་ཞལ་ཐང་གྲ་ཚར་བཞེངས་པའི་ཆེ་བརྗོད་གཙོ་ཐང་དང་བྱིན་རླབས་རྟེན་བརྒྱུད་པའི་བཀའ་བབ་ཀྱི་གཞིར་ཕྱེ་བའི་ཐོ་སྡེ་ཚན་སོ་སོའི་ཐོག་མ་གང་ཡིན་གྱི་རྒྱབ་ཏུ་བཀོད་པའི་དཀར་ཆག་མཐོང་བའི་སྐལ་བཟང་། (སྡེབ་སྦྱོར་མེ་ཏོག་ཕྲེང་ཅན། )པཉྩབཙནཀཱལསྱཔཏུསྱལགེཙསམྨཱདྷཱདནཱགོསཱཏཱིཀ ། ཀོཊིཤཏུསྱཙཀྲསྱཨཱིཤྭཱརསམྦུབྷོདྲེཎཤོབྷཾནི་མིཏྟེསྤལ། །ལྔ་ལྡན་ཡེ་ཤེས་རིགས་ཀྱི་བདག་པོའི་དཔལ། ཀུན་བཟང་གདོད་མའི་མགོན་པོ་རྡོ་རྗེ་སེམས། །བྱེ་བ་ཕྲག་བརྒྱའི་འཁོར་ལོའི་དབང་ཕྱུག་གིས། །ཕུན་ཚོགས་དགེ་བའི་མཚན་མ་བཟང་པོས་སྐྱོངས། །ཕྲ་རགས་བསྐྱེད་རིམ་གསལ་སྣང་རྒྱས་འདེབས་


GLG016_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བསྙེན་སྒྲུབ་དམིགས་རྟེན་བྲིས་འབུར་གཟུགས་བརྙན་ལྷ། །རྒྱུད་དང་དམ་པའི་མན་ངག་ལས་འོངས་ཕྱིར། །འབད་པས་བསྒྲུབས་ལ་ལེགས་བྱས་བྱེ་བའི་གཏེར། །ཚུལ་དེས་སྔ་ཕྱིར་འགྱུར་བའི་ངེས་གསང་ལམ། །རྡོ་རྗེའི་ཐེག་མཆོག་གཞུང་གི་དངོས་ཤུགས་དོན། །བླ་མ་ཡི་དམ་ཞི་ཁྲོ་ཆོས་སྲུངས་སྐུ། །ཕུལ་བྱུང་ཞིང་གི་དཔེ་ཟླར་དེང་འདིར་བསྐྲུན། །ཟླ་བ་ཡོན་ཏན་གྲངས་སུ་སྤེལ་བས་མང་། །དཔངས་ཚད་ལྷག་བཅས་རྒྱུག་མཐོ་བདུན་ལྡན་ཆེ། རས་ཚོན་པིར་སྣོད་རི་མོ་མཁན་པོ་རྣམས། །འཁྲུལ་མེད་ཕྱག་ལེན་ཇི་བཞིན་བསྐྱེད་བྱིན་རབས། ཡིད་སྲུབས་དཔུང་བཅས་སྐྲོད་པའི་མཚོན་དཔལ་དང་། །བགེགས་རིགས་འཇུག་པའི་སྐབས་བྲལ་རྡོ་རྗེའི་གོ ། ཡེ་ཤེས་གཟིགས་པ་ལྷུར་མཛད་སྤྱན་དབྱེ་བའི། །སྔོན་འགྲོའི་རབ་ཏུ་གནས་སོགས་ཞིབ་མོར་བསྒྲུབས། བཀའ་བབས་བརྒྱུད་པའི་གདུང་དང་སྐུ་བལ་གྱི། །རིང་བསྲེལ་རྟེན་གྱི་གཟི་བྱིན་རྣམ་འབར་ཞིང་། །སོ་སོར་དགོས་པའི་གཟུངས་སྔགས་རྫས་སྦྱོར་ཡང་། །ཚད་ལྡན་མཁས་པའི་ལུགས་སྲོལ་འཁྲུལ་མེད་སྤེལ། སྣང་སྲིད་མངོན་སུམ་ལྟ་བའི་སྐལ་བཟང་དུ། །ངོ་མཚར་སྒྱུ་མའི་གཟུགས་བརྙན་འབྱེད་མཁས་པ། །སྨན་བླ་དོན་ཀུན་གྲུབ་པའི་རིང་ལུགས་ཀྱིས། །འཆི་མེད་བཟོ་བོའི་ཁེངས་པ་བག་ལ་ཞ། །མཁས་འདོད་དཀར་ནག་རྒྱ་སོགས་ཡུལ་མང་པོའི། །སྣ་ཚོགས་རི་མོའི་བསླད་པ་མ་ཞུགས་ཤིང། །རང་རིགས་འཁྲུལ་མེད་སྲོལ་གྱིས་ཚུགས་བཅད་མདངས། །མཁའ་ལ་དབང་པོའི་གཞུ་ལྟར་སྤེལ་བྱེད་མཁན། །སྨན་ཐང་ཆོ་རིགས་འཛིན་དང་སློབ་མར་བཅས། །ཉེར་གཅིག་གྲངས་ལྡན་འོག་ཏུ་མིང་གསལ་བས། །རབ་


GLG016_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་རྣམ་དག་བསམ་པས་ཀུན་བླངས་ནས། །སྒོ་གསུམ་འབད་པ་ཆེན་པོས་ལེགས་པར་བཞེངས། ཁྱད་པར་གཟུགས་སྣང་རི་མོར་འདྲི་བ་ལ། །གཙུག་ལག་གཉིས་པ་ཤེས་པའི་རྣམ་དཔྱོད་ཅན། །སྟག་ལུང་དཔལ་མགོན་ཞེས་བྱས་བྲིས་བཀོད་དག །ཁུར་ཆེན་ཁྱོགས་ལ་བཏེག་ནས་དག་ཐོན་བྱས། །ཚུལ་འདིར་མཐུན་རྐྱེན་སྒྲུབ་ལ་ཉེར་གཏོགས་རྣམས། །སྲིད་ཞིའི་རྒུད་ཚོགས་དགྲ་ལས་རབ་རྒྱལ་ཏེ། །འཁོར་འདས་ཡོན་ཏན་ཟད་མི་ཤེས་པའི་གཏེར། །བསོད་ནམས་གཟུགས་ཅན་བཞིན་དུ་ལོངས་སྤྱོད་ཤོག །རྒྱལ་བསྟན་སྤྱི་དང་ཀུན་མཁྱེན་བཙོང་ཁ་པའི། །རིང་ལུགས་ལྗོན་ཤིང་རྩ་བ་རབ་ཏུ་བརྟན། །གང་གི་གྲིབ་ཏུ་བསིལ་བར་མཁའ་མཉམ་འགྲོ། །བདེ་སྐྱིད་དགའ་སྟོན་དཔལ་ལ་སྤྱོད་པར་ཤོག །དུས་ཀྱི་བདག་པོའི་ལས་ཤུགས་དར་དྲག་པ། །མཆོད་ཡོན་ཟུང་འཇུག་དགའ་ལྡན་ཆོས་སྲིད་བསྟན། །ཚེ་རིང་གནམ་གྱི་ཤིང་རྟའི་ཤེ་མོང་གིས། །ཡངས་པའི་ནོར་འཛིན་ཀུན་ལ་དབང་སྒྱུར་ཤོག །ཡིད་སྲུབས་སྡེ་ལས་རྣམ་རྒྱལ་ཕན་བདེའི་སྒོ། །ཡོངས་ཕྱེ་ངེས་གསང་སྨིན་གྲོལ་འཕྲིན་ལས་བཞིའི། །ལེགས་བཤད་བྱེ་བའི་གཏེར་གྱུར་ཁྲིམས་ལྡན་གླིང་། །རབ་རྒྱས་ཡོངས་འདུའི་མཆེད་ཟླར་ལྷུན་གྲུབ་ཤོག །དེ་ལྟར་བོད་འབངས་ཀྱི་བདེ་ཐབས་དང་མཉམ་མེད་རི་བོ་དགའ་ལྡན་པའི་བསྟན་སྲིད་རིང་པོར་འཕེལ་ཞིང་རྒྱས་པའི་སྤྱི་སྒོས་ཀྱི་རིམ་གྲོར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ལ་སྔ་ཕྱིར་འགྱུར་བ་རྡོ་རྗེ་ཐེག་པའི་མངོན་དཀྱིལ་སྒྲུབ་འཕྲིན་གཏོར་ཆོག་བསྐང་མདོས་སོགས་བཙུགས་པའི་ཏིང་ངེ་འཛིན་གྱི་དམིགས་རྟེན་ཏུ་བྲིས་ཐང་གྲ་ཚར་སུམ་ཅུ་


GLG016_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སོ་གཅིག་བཞེངས་པའི་བཀོད༌པ༌བྱས༌པ༌ལྟར་མཛོད་པ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོས་ཁུར་བླངས། དོ་དམ་འདར་པ་ངག་དབང་འཕྲིན་ལས། གླང་བུ་བ་དགྲ་འདུལ་ཚེ་རིང་། སྡིངས་ཆེན་པ་བློ་བཟང་དབང་ཕྱུག །ཕོགས་སོགས་འཕྲལ་དགོས་སྤྲོད་མི་ཞང་མཁར་དཀོན་ཅོག་རྣམ་རྒྱལ། ཚེ་དབང་དར་རྒྱས། བྱང་གླིང་བསམ་གྲུབ་རྒྱལ་པོ། གཟེར་ཆེན་པ་རྣམ་སྲས་བཀྲ་ཤིས། རྣམ་དཔྱོད་སོར་མོའི་འཕྲུལ་གྱིས་ཟློས་གར་བསྒྱུར་བ་པོ་དབུ་མཛད་ཆེ་ཁ་སྨན་ཐང་ནས་འཇམ་དབྱངས་དབང་པོ། སྟག་ལུང་དཔལ་མགོན། དབུ་འབྲིང་རོང་པ་ཚེ་དབང་རིག་འཛིན། དབུ་ཆུང་མཁར་རྩེ་དཔོན་བསམ། མས་གྲོ་ལྷ་འཕེལ། སྔགས་གྲྭ་བསོད་ནམས། ཕོ་བྲང་ཕུན་ཚོགས། ལྷ་ས་ལྷུན་གྲུབ། རོང་པ་རྒྱལ་མཚན། བྱིངས་ཀྱི་གྲས་ལྷ་ས་དཀོན་ཅོག །ལེགས་པ་རྒྱལ་མཚན། རོང་ཚངས་པ། ལྔ་འཛོམས། ཚེ་བདག །སྙེ་མོ་ཀརྨ། ཚེ་དབང་ནོར་བུ། ལྷ་ལུང་མགོན་པོ། ཟ་དམ་ལོ་ཡགས། སྤྲང་ཆུང་། མཁར་རྩེ་ནམ་མཁའ་ཚེ་བརྟན། སྐྱིད་རོང་རྒོད་ཕྲུག །སྲོག་འཁོར་དགོས་རིགས་རྣམས་འདྲི་མཁན་གཞིས་ཀ་ཤར་པ་ཨ་གུར་དང་། འབྲོང་སྟོད་པ་ངག་དབང་འཕྲིན་ལས། སྐྱེ་མཆེད་གཟུངས་སྔགས་ཀྱི་ཡིག་རིས་པ་གནས་གསར་བ་འཇམ་དབྱངས་བསྟན་འཛིན། ཨེ་པ་ངག་དབང་ཚེ་རིང་དང་ངག་དབང་དཔལ་འབྱོར། བསྟོད་ཚིག་དཀར་ཆག་ཞལ་བྱང་གི་ཡིག་རིས་པ་ཉང་སྟོད་དཔལ་ལྡན་ཕུན་ཚོགས། གོང་གཤམ་བཟོ་བོ། སྐུད་པ་སྒྲིམ་མི། ཨུར་རྒྱག་མི་དང་བཅས་པར་ཨྱོན། མོས་པ། ཨ་སྐྱག །སེར་ཤག་པ་དགོས་ནོར། དར་རྒྱས། བཀྲ་ཤིས་བདེ་ལེགས། དགོས་པ། བྱམས་


GLG016_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པ། རིན་ཅེན་རྣམ་རྒྱལ། བྱང་གླིང་དར་རྒྱས། སུ་མཆོག །བཞི་དགའ། དྲུང་གནས། ངག་དབང་ཆོས་འཕེལ། གཉིས་ནོར། འཇམ་དབྱངས། བསམ་གྲུབ། སི་སི། གོང་དཀར་མེ་ཁྱུང་ཕ་བུ་གཉིས། དོན་གྲུབ་རྒྱལ་པོ། སྔོ་ཚེམས་པ་ཀརྨ་ཤག་པ། ཨ་ནོར། ཇོ་བོ་ཚེ་རིང་། ཚེ་རིང་། ཨུ་རྒྱན། དབང་པོ། བཙན་སྐྱབས། དར་རྒྱས། ཨ་ཁུག །གཉིས་དགའ། ཏོག་གི་ཆགས་པ་དབུ་མཛད་ཀྱི་གྲས་ཁྱུང་རྩེ་རིན་ཅེན། གཡུ་རྒྱལ་ལྷུན་རྩེ་བ་བསྟན་འཛིན་དགོས་པ། འབྲོང་ལྷ་བསོད་ནམས་དབང་རྒྱལ། ཚགས་པ་བྱིངས་ཀྱི་གྲས་ཨུ་རྒྱན། རྩེ་ཆེན་ཚེ་དབང་ལྷས་བྱིན། བསོད་ནམས་དར་རྒྱས། ལྕགས་འདམ་དགོས་འདོད། རོང་པ་ཚེ་རིང་རྒྱ་མཚོ། རིན་ཅེན་གྱི་བུ་བསོད་ནམས་དབང་པོ། དབང་ལྡན་རྡོར་ལེགས། ཚར་སྣ་རྟ་མགྲིན། གཡུ་རྒྱལ་ལྷུན་རྩེ་བ་བསམ་གྲུབ་དགོས་པ། ལྷ་དར། ཇོ་བོ་དོན་གྲུབ། ཇོ་བོ་བསམ་གྲུབ། ཇོ་བོ་རྒྱལ་པོ། ངོ་བོ་ནོར་བུ། ི་བསྟན་འཛིན་དར་རྒྱས། ཇོ་བོ་ཨུ་རྒྱན། ནོར་བུ་ཚེ་བརྟན། ཇོ་བོ་བསྟན་འཛིན། ཇོ་བོ་དར་རྒྱས། ཚེ་དབང་བཀྲ་ཤིས། ལྷས་བྱིན་དགོས་པ། ཇོ་བོ་དགོས་པ། རོང་པ་སྐྱིད་གཤོངས་ཚེ་རིང་། བྱ་བཟང་ཚངས་ཱ་པ། ཕོ་བྲང་དར་རྒྱས། སྐྱ་རྒྱལ་ནོར་བུ། འབྲོང་རྩེ་མཆོག་ལེགས། སྤེ་སེར་ལྷ་སྐྱབས། རབ་བརྟན་གླིང་པ་ནུ། པ་རྣམ་བཀྲ་ཤིས། ཚེ་རིང་དགོས་པ་ཉུག་པ་རྡོར་ལེགས་། འདར་དཔལ་ཆེར། དམས་རིང་དར་རྒྱས། ཤེལ་དཀར་བཀྲ་ཤིས། ཚེ་དབང་གཡུང་དྲུང་། ཚེ་དབང་བརྟན་པ་རྣམས་ཀྱིས་བགྱིས་ཏེ་དགེ་བྱེད་ཅེས་པ་ཆུ་སྟག་ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ཟླ་བ་གྲོ་བཞིན་ཀྱི་འགྲུབ་སྦྱོར་ལ་


GLG016_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་བཙུགས། ཧོར་ཟླ་དགུ་པའི་ཉེར་བདུན་དམག་དཔོན་ཁྲ་འཛོམས་པའི་དུས་ལས་མཚམས་བྱས་ནས། སླར་མཛེས་བྱེད་ཅེས་པ་ཆུ་ཡོས་ཧོར་ཟླ་བཞི་པའི་ཚེས་བཅུ་གཅིག་ཕུར་བུ་དབོ་འཇོམས་པའི་དུས་ལས་འཕྲོ་༑་བཙུགས། ཧོར་ཟླ་བརྒྱད་པའི་ཉེར་དྲུག་ནམ་ལངས་རྒྱལ་ཕུར་འཇོམས་པའི་འགྲུབ་སྦྱོར་གྱི་དུས་ལེགས་པར་གྲུབ་པའི་དགེ་བས་བདག་སོགས་མཁའ་མཉམ་ཀྱི་སྐྱེ་རྒུ་མཐའ་དག་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་ལམ་ལ་བརྟེན་ནས་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ལྷུན་གྱིས་གྲུབ་པའི་དགའ་སྟོན་རྒྱས་པར་གྱུར་ཅིག །ཞྭ་སེར་ཅོད་པན་འཆང་བ་ཡི། །ཐུན་མོང་མིན་པའི་ཡི་དམ་དང་། །བསྟན་སྲུངས་རྣམས་ཀྱི་སྐུ་བརྙན་ལ། །གཞན་འདྲེས་མེད་པའི་བྱིན་རྟེན་ཐོ། །གསང་བདེ་འཇིགས་གསུམ། ཡེ་ཤེས་མགོན་པོ་ཕྱག་དྲུག་པ། མགོན་དཀར་ཡིད་བཞིན་ནོར་བུ། ལས་གཤིན་ཕྱི་སྒྲུབ་རྣམས་ཀྱི་སྐུ་རྒྱུའི་བྱིན་རླབས་རྟེན་ནི། དེ་བཞིན་གཤེགས་པའི་འཕེལ་གདུང་། བྱང་ཆུབ་ཤིང་། བྲམ་ཟེ་དཔལ་འཛིན་གྱི་རུས་རྒྱན། རྒྱལ་པོ་འོད་ཟེར་གོ་ཆའི་སྙན་རྒྱན། པཎ་ཆེན་ནཱ་རོའི་རུས་རྒྱན། ཇོ་བོ་ཆེན་པོ་ཨ་ཏི་ཤའི་གདུང་། མཁས་གྲུབ་ཁྱུང་པོའི་གདུང་། རྨོག་ལྕོག་པ་རིན་ཅེན་བརྩོན་འགྲུས་ཀྱི་གདུང་། རྒྱལ་བ་བློ་བཟང་གྲགས་པའི་ཕྱག་ནས། རྒྱལ་ཚབ་ཐམས་ཅད་མཁྱེན་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཞ་ལུ་བ་ལེགས་པ་རྒྱལ་མཚན། བ་སོ་ཆོས་རྒྱན། རྗེ་བློ་གྲོས་ཆོས་སྐྱོང་། རྗེ་བློ་གྲོས་བརྟན་པ། འཇམ་དབྱངས་སྨོན་ལམ་དཔལ་བ་རྣམས་ཀྱི་ཕྱག་ལེན། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་ཞབས་ངར། མཁས་


GLG016_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ནོར་བཟང་རྒྱ་མཚོའི་གདུང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཤངས་མཚལ། རྡོ་རྗེ་འཆང་སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཀྱི་གདུང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དབུ་ཀླད། དེའི་གསང་ཆབ། རྗེ་དྲུང་བསྟན་པ་རྒྱ་མཚོའི་གདུང་། རྡོ་རྗེ་འཆང་ཕ་བོང་ཁ་པའི་ཐུགས། སྐུ་ཤ། དབུ་ཀླད། སྐུ་རུས་རྣམས་སོ། །ཕུན་སུམ་ཚོགས་པའི་བྱིན་རླབས་ཀྱི། །གཟི་བརྗིད་ཉི་མ་སྟོང་འབར་བས། །བསྟན་འགྲོའི་བདེ་ལེགས་པདྨོའི་ཚལ། །རབ་རྒྱས་སྐལ་བཟང་བུང་བའི་དཔྱིད། །ཚད་མ་བཞི་ལྡན་སྙན་བརྒྱུད་བདག །འཁོན་རིགས་འཇམ་དཔལ་དཔའ་བོ་ཡི། །ཡི་དམ་ཆོས་སྲུངས་སྐུ་བརྙན་ལ། །འོས་པའི་བྱིན་རླབས་རྟེན་གྱི་ཐོ། །ཀྱེ་རྡོ་རྗེ། གཙུག་ཏོར་རྣམ་རྒྱལ། རྡོ་རྗེ་རྣམ་འཇོམས། གུར་མགོན། ཞལ་བྲམ་གཟུགས། རྣམ་སྲས་སེར་ཆེན། གནོད་སྦྱིན་བེག་རྩེ་རྣམས་ཀྱི་བྱིན་རླབས་རྟེན་ནི། དེ་བཞིན་གཤེགས་པའི་འཕེལ་གདུང་། བྱང་ཆུབ་ཤིང་། རྣལ་འབྱོར་དབང་ཕྱུག་གི་རུས་རྒྱན། · བྲམ་ཟེ་དཔལ་འཛིན་གྱི་རུས་རྒྱན། རྒྱལ་པོ་འོད་ཟེར་གོ་ཆའི་སྙན་རྒྱན། པཎ་ཆེན་ནཱ་རོའི་རུས་རྒྱན། ཇོ་བོ་ཆེན་པོ་ཨ་ཏི་ཤའི་གདུང་། རྗེ་ས་ཆེན་གྱི་རུས་རྒྱན། རྗེ་བཙུན་གྲགས་པའི་ཐོད་འཕྲེང་མེ་འབར་མ། ཆོས་རྗེ་བླ་མ་དམ་པའི་གདུང་། ཡབ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་གྱི་གདུང་། གཅེན་རྒྱ་གར་ཤེས་རབ་རྒྱལ་མཚན་གྱི་གདུང། གཅུང་བདག་ཆེན་རྡོ་རྗེ་འཆང་གི་གདུང་། རྡོ་རིང་རིན་པོ་ཆེའི་སྤུར་ཚྭ། མཚར་ཆེན་ཆོས་ཀྱི་རྒྱལ་པོའི་གདུང་། ཤངས་མཚལ། གཏོར་མ། རྡོ་ནག་མཎྜལ་གྱི་མེ་ཏོག །འཇམ་དབྱངས་མཁྱེན་བརྩེའི་དབང་


GLG016_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་གི་ཤངས་མཚལ། གདུང་། སྐྱེ་བདུན། ཆོས་སྨན། ཐུགས་དམ་གཏོར་མ། །མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱི་གདུང་། རིན་པོ་ཆེ་རྟ་ར་བ་བསོད་ནམས་ཆོས་འཕེལ་གྱི་གདུང་། མཁན་ཆེན་གཞོན་ནུ་བློ་གྲོས་གྱི་གདུང་། འཇམ་དབྱངས་མཁྱེན་བརྩེ་ཁུ་དབོན་གཉིས་དང་། མཁན་ཆེན་གཞོན་བློ་གསུམ་གྱིས་བསྒྲུབས་པའི་བདུད་རྩི་རིལ་བུ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གདུང་། སྐྱེ་བདུན། ཐུགས་དམ་གཏོར་མ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གདུང་། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་གྱི་གདུང་རྣམས་སོ། །ཆད་མེད་དབང་བཞིའི་ལམ་ཟབ་མོ། །མཐོ་རིས་ལྷ་ཡི་ཆུ་བོ་ཡིས། །སྒོ་གསུམ་དྲི་མ་ཀུན་བཀྲུས་པའི། །བྱིན་རླབས་མངོན་སུམ་གཟུགས་སུ་ཤར། །བཀའ་གཏེར་རྒྱུད་དང་མན་ངག་ལས། །ཉེར་འོངས་རྩ་བ་གསུམ་གྱི་ལྷའི། །སྣང་བརྙན་དབང་གཞུ་ལྟར་བཀྲ་བར། །རིགས་འཛིན་བརྒྱུད་པའི་བྱིན་རྟེན་ཐོ། །རྡོ་རྗེ་དྲག་པོ་རྩལ། བཀའ་བརྒྱད་གསང་རྫོགས། ཕྱག་རྒྱ་ཟིལ་གནོན་ལྕགས་འདྲ། འཆར་ཀ་གནམ་སྐས་མ། རྡོ་རྗེ་འབར་བ་རྩལ། ཁྱབ་འཇུག་རཱ་ཧུ་ལ། རྒྱལ་པོ་སྐུ་ལྔ་རྣམས་ཀྱི་སྐུ་རྒྱུའི་བྱིན་རླབས་རྟེན་ནི། དེ་བཞིན་གཤེགས་པའི་འཕེལ་གདུང་། བྱང་ཆུབ་ཤིང་། ཨོ་རྒྱན་ཆེན་པོ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། བྲམ་ཟེ་དཔལ་འཛིན་གྱི་རུས་རྒྱན། རྒྱལ་པོ་འོད་ཟེར་གོ་ཆའི་བ་སོའི་སྙན་རྒྱན། པཎ་ཆེན་ནཱ་རོའི་རུས་རྒྱན། ཇོ་བོ་ཆེན་པོ་ཨ་ཏི་ཤའི་གདུང་། ཉང་ཏ་ཐཱ་ག་ཏའི་སྐུ་ཤ། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཤོག་སེར། །བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཤོག་སེར། གུ་རུ་ཆོས་ཀྱི་དབང་ཕྱུག་


GLG016_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐུ་ཤ། དེའི་ཆོས་སྨན། མཐུ་ཆེན་གང་བ་ཤཱཀྱ་འབུམ་དང་གཡུང་སྟོན་པ་ཐུན་མོང་གི་ཕྱག་འཕྲེང་། གཡུང་སྟོན་པའི་རིང་བསྲེལ། སྐལ་ལྡན་ཡར་ཀླུངས་སྤྲུལ་སྐུའི་དབུ་ཐོད། གཏེར་སྟོན་ཨྱོན་གླིང་པའི་ཁྲོས་ནག་ཤོག་སེར། ཀུན་མཁྱེན་ཀློང་ཆེན་པའི་ཕྱག་འཕྲེང་། ཆོས་རྒྱལ་རཏྣ་གླིང་པའི་གུར་དྲག་ཤོག་སེར། · ཀོང་ཆེན་ནམ་མཁའ་དཔལ་ལྡན་གྱི་གདུང་། མངའ་རིས་པཎ་ཆེན་རིན་པོ་ཆེའི་གདུང་། མངའ་རིས་རིག་འཛིན་ཆེན་པོའི་གདུང་། འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་སྐུ་ཤ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གདུང་། ནུབ་དགོན་པ་བྱམས་པ་ཆོས་རྒྱན་གྱི་གདུང་། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཆོས་སྨན། དེའི་ཚེ་བདག་སྒྲུབ་གཏེར། ཁྱབ་བདག་དབང་ཕྱུག་རབ་བརྟན་གྱི་གདུང་། བྱང་པ་རིགས་འཛིན་ངག་གི་དབང་པོའི་གདུང་། དེའི་འགྲོ་དོན་ལས་སྦྱོར་ལྔ་པའི་རིལ་བུ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ཀྱི་ཐུགས། ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུའི་གདུང་། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་གདུང་། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གི་གདུང་རྣམས་སོ། །མཁྱེན་བརྩེ་ནུས་པའི་རྡོ་རྗེའི་མཚོན། །རྩེ་བརྒྱ་གདེངས་པས་ཡིད་སྲུབས་སྡེ། །ལྷ་མིན་མོ་ཡི་མངལ་ལྷུངས་དང་། །ལྷན་ཅིག་ཐུབ་བསྟན་ལྷ་རྣམས་དགའ། །འཁོར་ལོ་རྒྱས་འདེབས་དབྱངས་ཅན་ལྷ། །གདུག་པ་འདུལ་ཕྱིར་རེ་མ་ཏཱི། །སྐབས་འགར་དུང་སྐྱོང་མཚན་ལྡན་པའི། །སྐུ་བརྙན་བྱིན་རླབས་རྟེན་འདི་ལྟར། །འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དང་། །གནོད་སྦྱིན་བེག་ཙེའི་སྐུ་


GLG016_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ལ། །གང་བཞུགས་བྱིན་རླབས་རྟེན་གྱི་ཐོག །ཐུན་མོང་མིན་པའི་དམ་རྫས་ནི། །ཀུན་མཁྱེན་དགེ་འདུན་རྒྱ་མཚོ་ཡི། །ཤངས་མཚལ་ཕྱག་ན་པད་དཀར་འཆང་། །བསོད་ནམས་རྒྱ་མཚོའི་དབུ་ཀླད་དང་། །གསང་ཆབ་རིལ་བུར་བཅས་པའི་ཕྱེ། །མ་སྨད་ཐུགས་རྗེ་ཆེན་པོ་ཡི། །བསམ་འཕེལ་ཡིད་བཞིན་ནོར་བུ་ལས། །སྲིད་ཞིའི་དགོས་འདོད་ལྷུན་གྲུབ་ཏུ། །སྩོལ་བའི་དགའ་སྟོན་ཨེ་མ་མཚར། །ཛ་གེ་བྷྱཿསུ་ཁ་ཤ་རྨ་ཡཙྪ་ནྟུ་བུདྡྷ་ནཱཾ་ཀ་རུ་ཎེ་ན། མཚན་བཟང་ཉི་མའི་དངོས་བརྒྱ་འབར་བའི་གཟིས། །སྲིད་ཞིའི་གདུང་མུན་མཐར་སེལ་ཟས་གཙང་སྲས། །དེའི་གསུང་དམ་པའི་ཆོས་དང་ཚུལ་བཞིན་དུ། །སྒྲུབ་མཛད་སློབ་མར་བཅས་པ་རྟག་ཏུ་རྒྱལ། །གྲངས་མེད་རིག་གནས་སྨྲ་ལ་སྤོབས་པ་མཆོག །ཐོབ་པའི་དབུས་འགྱུར་འཆང་གི་ཁ་སྤུ་ཅན། །གསུང་རབ་དགོངས་འགྲེལ་སྒྱུར་མཛད་འཇིག་རྟེན་མིག །མཁས་གྲུབ་ལོ་པཎ་ཚོགས་རྣམས་ཕྱག་གི་ཡུལ། །སངས་རྒྱས་ཀུན་གྱི་གང་མཁྱེན་ཤེས་བྱའི་ཡུལ། །མངོན་སུམ་གཟིགས་པའི་སྟོན་པ་བཙོང་ཁ་པ། །འཇམ་མགོན་མི་ཡི་གཟུགས་སུ་ངེས་རྙེད་པར། །ཆོས་རྗེས་འབྲངས་པས་ལག་པད་སྙིང་གར་ཟུམ། །ཐུབ་དབང་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི། །མཛད་པས་གངྒཱའི་རྡུལ་གྲངས་བག་ཞ་ཡང་། །དཔལ་གྱི་མགུར་ནས་གསུངས་པ་དྲང་ངེས་ཆོས། །ཕུང་པོར་འཁྱིལ་བའི་གླེགས་བམ་ཚོགས་རྨད་བྱུང་། །ཁྱད་པར་ཆོས་ཀུན་དོན་དམ་བདེན་སྟོང་ལ། །ཀུན་རྫོབ་བྱ་བྱེད་འཇོག་པར་མི་བསྙོན་པ། །སྣང་སྟོང་ཟུང་འཇུག་ལམ་སྟོན་ཤེར་ཕྱིན་བཀའ། །སྟོང་ཕྲག་བརྒྱ་པའི་གླེགས་བམ་ཡིད་བཞིན་


GLG016_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ནོར། །ཚུལ་འདི་འཆང་ཀློག་༔བྲི་དང་རི་མོ་རུ། །བྱེད་པའི་བསོད་ནམས་ཕུང་པོ་ཉེར་སྤུངས་རི། །མངོན་སུམ་རྒྱུ་བའི་ཕན་དང་བདེ་བའི་བཅུད། །རོ་བརྒྱའི་གཡང་དུ་ཆགས་འདི་སྐལ་བཟང་དཔྱིད། །དེ་ཕྱིར་མཁས་གྲུབ་དུ་མའི་ཆོས་ཀྱི་ཁྲིར། །ལེགས་སོན་བསམ་སྒང་བློ་བཟང་ངག་གི་དབང་། །རབ་འབྱམས་སྨྲ་བའི་བཤེས་གཉེན་གང་དེ་ཡི། །ས་ལམ་ཡོན་ཏན་སྤེལ་བའི་བྱེད་པོ་རུ། །བློ་བཟང་བསྟན་འཕེལ་མིང་ཅན་རིམ་གྲོ་པ། །རིགས་ཀྱི་ཚ་བོ་ཕུན་ཚོགས་དར་རྒྱས་ཀྱིས། །ལྷག་བསམ་དཔུང་པས་ཡོངས་བཏེག་སྒོ་གསུམ་པོ། །འབད་པས་རྒྱལ་ཡུམ་དུམ་པ་བཅུ་གཉིས་བསྐྲུན། །དཀར་འཇམ་ཤིང་གིས་མ་མར་ཡི་གེའི་རིས། །སྡེབ་གཟུགས་ངོ་མཚར་ལང་ཚོའི་དཔལ་འཛིན་པ། །འཕན་ཡུལ་སྤྲས་པ་ཏོ་གཪ་དགེ་བསྙེན་སོགས། །ཉེར་ལྔས་དྲུག་ཅུའི་ཞག་ལ་ཉེ་བར་བསྒྲུབས། །སྣག་ཤོག་ཕོགས་ཡོན་སྟོན་མོར་སོང་བའི་རྒྱུ། །བཞི་བརྒྱ་དྲུག་ཅུས་ཉེཪ་ལྷག་སྟོང་ཕྲག་གསུམ། །མཁའ་རུའི་ཚད་དུ་གཞལ་བའི་དཀར་མོའི་འབྲུ། །ལེགས་བྱས་དཔེ་ཟླར་སྤུངས་པ་མཁའ་ལ་འཕུར། །ཚུལ་འདི་སྒྲུབ་ལ་ཉེར་གཏོགས་སྐྱེ་རྒུ་རྣམས། །འདི་སྣང་རལ་པར་ཕན་བདེའི་ཟླ་ཚེས་ཤིང་། །བསླབ་གསུམ་མིག་མེས་ཉོན་མོངས་ཡིད་སྲུབས་ལུས། །རབ་བསྲེགས་གཏན་བདེའི་འཆི་མེད་དཔལ་ཐོབ་ཤོག །རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་དཀྱུས་ཀྱིས། །མཐའ་དང་ཚད་དུ་གཟིགས་མིན་མ་རྒན་འགྲོ། །སྒྲིབ་པའི་ལུས་ཅན་ལས་འདས་སྐུ་གསུམ་གྲོང་། །འཇའ་ལུས་རྡོ་རྗེའི་གཟུགས་སུ་སྨིན་གྱུར་ཅིག །འཇིག་རྟེན་སྤྱི་དང་ཁྱད་པར་གངས་ཅན་


GLG016_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འདིར། །མི་བཟད་དུས་ཀྱི་ཆད་པ་ཉེར་ཞི་ཞིང་། །རྣམ་སྨིན་དཀར་པོར་འཛག་པའི་འབྲས་བུ་ལ། །སྤྱོད་པའི་སྐལ་པ་བཟང་པོར་རབ་འགྱུར་ཤོག །བློ་ཆེན་ཚངས་པའི་ཡུལ་ས་ལས་བརྒལ་བ། །མཁས་བཙུན་བཟང་པོའི་སྙན་གྲགས་སྲིད་པ་གསུམ། །ཡོངས་ཁྱབ་ཞྭ་སེར་ཅོད་པན་འཆང་བའི་བསྟན། །བསྐལ་བརྒྱར་མི་ཉམས་འཕེལ་ཞིང་རྒྱས་གྱུར་ཅིག །ལེགས་བསགས་བསོད་ནམས་རྩ་བ་སྦོམ་པོ་རུ། །སྐྱེད་དུ་བསྲིངས་པའི་མྱང་འདས་ཡོངས་འདུའི་ལྗོན། །བདེ་བའི་གྲིབ་མར་འགྲོ་རྣམས་ངལ་བསོས་ཏེ། །བྱང་ཆུབ་མཆོག་གི་འབྲས་བུས་ཚིམ་གྱུར་ཅིག །ཅེས་པ་འདི་ཡང་མཁན་ཆེན་བསམ་གྲུབ་སྒང་པ་བློ་བཟང་ངག་གི་དབང་པོའི་ཕྱི་རྟེན་དུ་རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་པ་དུམ་བུ་སོ་སོའི་དབུ་ཤོག་གསུམ་གསེར་ཆོས་དང་དེ་ཕྱིན་སྐྱ་ཆོས་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ་༼༡༩༽ ་སུ་བློ་བཟང་བསྟན་འཕེལ་དང་ཕུན་ཚོགས་དར་རྒྱས་གཉིས་ཀྱིས་འཁུར་ཁུར་ནས་བཞེངས་པའི་ཚེ་་ཆག་སྨོན་ལམ་དང་བཅས་པ་ཤིག་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་བསྟན་འཛིན་གྱིས་བགྱིས་པའི་སིདྡྷིར་སྟུ། །མཛེས་བྱེད་ཀྱི་ལོ་གནམ་སའི་དབང་ཕྱུག་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་རིགས་བརྒྱུད་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་ར་ས་འཕྲུལ་སྣང་དུ་དངུལ་དཀར་གྱི་མཎྜལ་ཆེ་རྩེར་སོན་པ་ཕུལ་བའི་ཁ་བྱང་ལ་འདྲི་རྒྱུའི་ཆེ་བརྗོད་སྨོན་ལམ་དགོས་ཚུལ་བྱུང་བ་དཀར་ལྟར་བྲིས་ནས་བྱང་ཆུབ་རྒྱ་མཚོར་འབབ་པའི་བསོད་ནམས་ཆུ་བོ། སྲིད་དང་ཞི་བའི་མཐའ་བརྒལ་སྐུ་གསུམ་གྲོང་། །རབ་ཞུགས་བླ་མེད་ཡེ་ཤེས་བདུད་རྩིའི་གཏེར། །རྣམ་པ་ཐམས་ཅད་མཁྱེན་པར་བྱེད་པའི་སྐུ། །སངས་རྒྱས་ཞེས་བྱའི་མཚན་སྙན་གྲགས་པ་འབར། །ལེགས་


GLG016_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་སྭ་སྟི་གླུར་ལེན་བསྐལ་བཟང་འདིར། །མྱ་ངན་མེད་ལྗོན་གྲིབ་ཏུ་ཉེར་བསིལ་བར། །རྫོགས་སངས་རྒྱས་དང་རྒྱལ་བར་འགྱུར་བྱེད་སྟོང་། །མ་འདྲིས་འགྲོ་ལ་རྗེས་སུ་བརྩེ་བའི་གཉེན། །ཀུན་ཁྱབ་བདེ་གཤེགས་སྙིང་པོ་ལྕགས་ཀྱི་ཁམས། །དྲི་བྲལ་ཆོས་དབྱིངས་གསེར་དུ་འགྱུར་རྩིའི་འཕྲིན། །མཚན་བཟང་གཟུགས་སྐུར་བརྟེན་ནས་དྲང་ངེས་ཆོས། །སྟོན་མཛད་ཟས་གཙང་སྲས་པོ་ཤཱཀྱའི་གཙོ། །སྙིགས་མར་ཆེར་སྤྱོད་དམར་ཆ་གང་བའི་མཐར། །རྒྱལ་གཞན་བསིལ་ཟེར་བྱེ་བས་ཡོངས་བོར་འགྲོ¸། སྒྲིབ་གསུམ་མུན་པ་སེལ་ལ་འཕེལ་འགྲིབ་དག །སྤངས་པའི་ཐུགས་རྗེའི་ཉི་མ་འོད་སྟོང་འབར། །མགོན་ཁྱོད་དངོས་མཐོང་སྐལ་དམན་དབུགས་དབྱུང་ཆེད། །ཁྱད་པར་མཆིས་མིན་ཞལ་སྐྱིན་གསེར་གྱི་ལྷ། །འཕགས་བལ་བོད་དང་རྒྱ་ཧོར་ལུས་ཅན་གྱི། །དེང་དུས་བསོད་ནམས་རྒྱ་མཚོའི་ཞིང་རྩེར་སོན། །དེ་ཕྱིར་གཅིག་ཏུ་རྣམ་པར་དཀར་བ་ཡི། །འབྲས་བུ་སྟོན་ཟླ་ཞུ་འདྲའི་རྣམ་སྨིན་ལ། །སྤྱོད་འདོད་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས། །རབ་ཡངས་བློ་གྲོས་བརྩོན་པའི་བྱེད་པོ་ལས། །གངྒཱའི་ཡབ་གཅིག་ཉི་འོད་ཀྱིས་བྱུགས་མདངས། །ལྟ་བར་བཟོད་དཀའི་མཛེས་སྡུག་འཕྲོག་བྱེད་པ། །དངུལ་དཀར་རིན་ཅེན་ལས་གྲུབ་མཎྜ་ལ། །ཀུན་བཟོད་མ་འདི་ཚད་ཀྱི་འཇལ་བ་བཞིན། ཁོར་ཡུག་ཁོད་སྙོམས་ཡངས་པའི་དབྱིག་འཛིན་སྟེང་། འཛིན་དམར་ས་ཟླས་ལེགས་བྱུགས་ལྷུན་བོའི་སྤོ། །འཆི་མེད་འདུན་སའི་ཕོ་བྲང་རྒྱ་ཕིབས་ཏོག །ཚངས་པའི་ཡུལ་ས་ཆེ་ལས་རྣམ་པར་བརྒལ། །སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག །༼མ༽རིན་ཅེན་བཅུད་ལེན་ཉིས་བརྒྱའི་སྲང་ལྡན་སོགས། །མཆོག་དང་དམན་པའི་དངོས་


GLG016_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྣ་ཚོགས་པ། །དུས་སྟོན་ལྷ་གསོལ་བཟའ་བཅའ་བཏུང་བའི་ཚོགས། །གླ་ཡོན་བདོག་པ་ཕུང་པོར་སྤུངས་པའི་ཁྱོན། །གཅིག་བསྡོམས་དྲུག་ཅུ་རྩ་དགུས་ཉེར་ལྷག་པའི། །སྟོང་ཕྲག་གཉིས་དང་སུམ་བརྒྱའི་དངུལ་ཀྱི་སྲང་། །འཛད་མེད་མཆོད་སྦྱིན་རྒྱ་མཚོའི་སྒོ་འཕར་བརྒྱ། །ཕྱེ་བས་རྨུགས་འཛིན་དབང་པོའི་མཛོད་ལ་འཁུ། །མིག་ལ་ངོ་མཚར་སྤྲུལ་པའི་སྒྱུ་མ་མཁན། །ཨ་མར་སིང་དང་དྷརྨ་ཧྭ་རི་སིང་། །ལ་སོགས་ནེ་པཱ་ལ་ཡུལ་ནས་འོངས་པ། །གཙུག་ལག་འདིར་སྦྱངས་ཉི་ཤུ་རྩ་དྲུག་གྲངས། །སྲ་མཁྲེགས་ལྕགས་ལ་འདུལ་བརྡུང་བཟོ་ཡི་ལས། །རིང་ནས་གོམས་པའི་ཚུལ་ལྡན་ཁེ་དུར་ཁ། །དར་རྒན་མིང་སོགས་དོ་དམ་ལས་བྱེད་པ། །ཀུན་ཀྱིས་ལུས་ངག་ཡིད་གསུམ་འབད་པར་བརྟེན། །སོ་སོར་མ་འདྲེས་སྨིན་པར་དཀར་ནག་གི ། ས་བོན་རང་རྒྱུད་ལ་བཏབ་སྙེ་མའི་འབྲས། །འབྱུང་བར་རྒྱལ་གསུང་མདོ་སྡེའི་མེ་ལོང་ངོས། །ཤར་བའི་མངོན་སུམ་ཚད་མར་སུ་ཡིས་བསྙོན། །དེ་ལྟར་གཅིག་ཏུ་བསྡོམས་པའི་དགེ་ཚོགས་རྣམས། །སྨོན་ལམ་དག་པས་སྤེལ་བ་གཟུགས་ཅན་དུ། །གྲུབ་ན་སྣོད་དུ་སྟོང་གསུམ་འཇིག་རྟེན་ཁམས། །མེས་པོས་སྤྲུལ་པའི་མཐུ་དེ་ཆུང་ངུར་འཁུམས། །བསོད་ནམས་གངྒཱའི་ཆུ་བོ་ཟད་མི་ཤེས། །རྟག་ཏུ་བྱང་ཆུབ་སྙིང་པོའི་རྒྱ་མཚོ་ཆེར། །བབས་པས་འདི་དང་གཏན་འདུན་འགྲུབ་པའི་རླབས། །འཕྲེང་བ་དུས་ལས་ཡོལ་བ་མེད་གྱུར་ཅིག །རྒྱུ་སྦྱོར་ཉེ་འཁོར་རྩ་ལག་བཅས་པའི་ཚེ། །རྫོགས་ལྡན་དུས་ལྟར་ཆེས་རིང་ལེགས་བྱས་གཟི། །རབ་འབར་འཁོར་སྒྱུར་རིན་ཅེན་སྣ་བདུན་པ། །སྔོན་དུ་འགྲོ་བའི་སྐལ་བ་མཉམ་ཐོབ་ཤོག །ཡབ་མེས་བསྟན་འཛིན་ཆོས་རྒྱལ་ཨུལ་དུ་ཆི། །བདེ་བ་ཅན་དུ་


GLG016_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ལས་སྐྱེས་ཤིང་། །རིགས་དང་བརྒྱུད་པ་འཛིན་པའི་མི་བདག་རྣམས། །ལུགས་གཉིས་དཔལ་གྱི་ཉི་མ་གུང་འཆར་ཤོག །བློ་ཆེན་ཤེས་བྱ་ཀུན་གཟིགས་འཇམ་དཔལ་དབྱངས། །མཁས་བཙུན་བཟང་པོའི་གྲགས་འབར་བཙོང་ཁ་པའི། །རིང་ལུགས་ཞྭ་སེར་ཅོད་པན་ལེགས་འཆང་བསྟན། །ཀུན་ཁྱབ་ནོར་འཛིན་ལུས་ཕྲའི་མངལ་ལྕིར་ཤོག །མི་བཟད་གསོད་བཀོལ་ཕོངས་དང་ཚ་གྲང་གི ། ཟུག་རྔུའི་ཚེར་མར་མངལ་འཆའ་གནས་ངན་ཅན། །གནོད་བྲལ་ལུས་བརྟས་མིག་མི་འཛུམ་པའི་བདེ། །སྐད་ཅིག་ཙམ་ལ་མངོན་སུམ་མྱོང་བར་ཤོག །ལྷ་མོའི་འཇིག་རྟེན་ཁམས་ན་འགྱུར་ཁྱབ་ཀྱི། །མི་བཟད་དུ༔ ཁ་མིང་ཡང་མི་གྲག་ཅིང་། །ཕན་བདེའི་དངོས་ཀུན་རང་གིས་གང་བསམས་པ། །ཇི་བཞིན་སྤྱོད་པའི་སྐལ་བ་བཟང་པོར་ཤོག །ཁྱད་པར་ཆེན་པོ་རྒྱ་ཧོར་བོད་ཀྱི་ཡུལ། །འཇིགས་ཆེན་བརྒྱད་ཀྱི་མིག་གི་ཟུར་མདའ་ཙམ། །མི་ལྷུང་འཛམ་གླིང་ཚེ་ལོ་བརྒྱད་ཁྲི་པའི། །དུས་ཀྱི་ངང་ཚུལ་མ་ལུས་འཛིན་གྱུར་ཅིག །མཐའ་དང་ཚད་བྲལ་ནམ་མཁའི་དཀྱུས་ཞེང་ལ། །འགྲན་ནུས་དྲིན་ལྡན་མ་རྒན་སེམས་ཅན་ཀུན། །ཐར་པའི་རིན་ཅེན་ཐེམ་སྐས་ལ་འཛེགས་ཏེ། །བླ་མེད་ཀུན་མཁྱེན་ཁང་པར་འཇུག་ཕྱིར་བསྔོ། །ཁྲོ་མོའི་ལོ་མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་ཇོ་ཤཱཀྱ་ཡིད་བཞིན་གྱི་ནོར་བུ་ལ་དངུལ་ཀོང་ཕུལ་བའི་ཁ་ཡིག་འཆར་ནུབ་སྤངས་པའི་ཉི་མ། ཐབས་ཤེས་ཕྱོགས་སུ་འཕེལ་དང་འགྲིབ་མིན་ཅིང་། །ཉིན་མཚན་དུས་ལ་འཆར་ནུབ་ཉེཪ་སྤངས་ཏེ། །རྟག་ཏུ་མུན་པའི་སྨག་རུམ་མིང་གི་མཐར། །བྱེད་པོ་སྣང་གསལ་སྤོང་པའི་རིན་ཅེན་སྣོད། །དངུལ་དཀར་རི་ཆུ་མཚོའི་གྲངས་སྲང་


GLG016_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ། །བུག་གཟུགས་ཞོ་ཡི་ས་ཟླའི་མངལ་ཡངས་པོར། །ཉེར་བསྐྲུན་ནོར་བུ་འབར་བ་སྡོང་རྐང་བཅས། །རྒྱལ་བ་རྒྱ་མཚོའི་སྤྱན་སྔར་ཡོངས་སྤེལ་མཁན། །རབ་དཀར་དགེ་ལ་བརྩོན་པའི་སྙིང་སྟོབས་དང༌། །བཀོད་པས་ཁྱད་པར་འཕགས་པས་རྣམ་དཔྱོད་ཅན། །ས་དབང་མཁའ་འགྲོ་བློ་བཟང་བསྟན་སྐྱོང་ཞེས། །གྲགས་སྙན་ཚངས་པའི་ཡུལ་སའི་རྩེ་མོར་འབར། །བསོད་ནམས་བྱས་འདིས་གནས་སྐབས་བརྒྱ་བྱིན་དང་། །དབང་ཐང་མཉམ་པོར་སྤྱོད་པའི་སྐལ་ཐོབ་ཅིང་། །ཐར་ལམ་སྒྲིབ་མེད་གསལ་མཐོང་དེར་ཞུགས་ནས། །སྐུ་གསུམ་ཡིད་བཞིན་ནོར་བུར་ལོངས་སྤྱོད་ཤོག །དཱནཔཏིཌཱཀསུདྷཱིཤཱསནཔཱལསྱཀཱཡཝཱཀྱིཏྟཱདྷིཊྛཱནེཀུརྦནྟུ། དཱནཔཏིསུདྡྷིཤཱསནཱཔཱལམཱཡུ་རཱཔུཎྱེརྦལེ་ནྷཱཏེརྦིདྡྷིཔྲ་ཡཙྪ། ཏྲེརནྣེ་བྷིཧེཏུཡོགསུདྷཱིཤཱསནཔཱལསྱཏྲིམུཁཱདྷིཊྛཱནེསིདྡྷིཡཙྪ། །མཆོག་གསུམ་ཉེར་སྤྱོད་ཀྱི་མཆོད་པའི་ནང་ཚན་བདུག་སྤོས་ཀྱི་སྣོད་ར་མ་ལུག་གི་སྤོས་ཡོར་ཟུང་གིས་ཁ་ཡིག་བྱང་ཆུབ་སྙིང་པོར་འཐུལ་བའི་ཚུལ་ཁྲིམས་ངད་ལྡང་། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་དྲི་ཞིམ་བདུག་སྤོས་འཐུལ་བའི་སྣོད་དུ་ར་མ་ལུག་གི་སྤོས་ཕོར་ཆེ་ལེགས་ཟུང་འདིའི་གསེར་ཚགས་ཀྱི་རྒྱུཪ་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་གསེར་ཞོ་ལྔ་བཅུ་ང་དགུ་དང་སེ་བ་གསུམ་ཕུལ། དངུལ་ཚགས་ཀྱི་རྒྱུར་སྤྱི་སོས་དངུལ་སྲང་བརྒྱ་དང་ཞོ་བཞི་བཏོན། དོ་དམ་ཁུར་ལེན་གཉེར་པ་བློ་བཟང་སྦྱིན་པས་བྱས་ཏེ། མཛེས་བྱེད་ཅེས་པ་ཆུ་ཡོས་ཀྱི་ལོ་བཟོའི་འགོ་བཙུགས། ཁྲོ་མོ་ཞེས་པ་ཤིང་འབྲུག་གི་ལོ་འགོར་ལེགས་པར་གྲུབ་པ་ཛ་ཡནྟུ། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་


GLG016_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤོས་ཕོར་ཟུང་འདིའི་ཚགས་པ་སྐྱ་རྒྱལ་ནོར་བུ། ལྷ་དར། བསྟན་འཛིན་དར་རྒྱས། བསྟན་འཛིན་བསམ་གྲུབ། ནོར་བུ་རྡོ་རྗེ། སློབ་མ་ཚེ་བཀྲས། ཕུན་ཚོགས། ལྕགས་བཟོ་བ་བསམ་གྲུབ་རྒྱལ་པོ་རྣམས་ཡིན། ཞི་ཁྲོ་རབ་འབྱམས་བདུག་སྤོས་རྒྱ་མཚོ་ཆེའི། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་སྒོ། །ལེགས་འབྱེད་བྱེད་པོ་མཐའ་དག་དེང་ནས་བརྩམས། །བྱང་ཆུབ་བར་དུ་ཚུལ་ཁྲིམས་དྲི་ལྡན་ཤོག །སརྦསཾཀལྤནིརཱབྷོག་ཛ། སརྦཀཱལེམངྒལཾ། །(སྡེབ་སྦྱོར་མེ་ཏོག་གཡོ་བའི་འཁྲི་ཤིང་། )ཕོ་བྲང་ཆེན་པོ་པོ་ཏ་ལའི་ལི་མ་ལྷ་ཁང་གི་དེབ་ཐེར་གསར་བསྒྲིགས་ཀྱི་མཆོད་བརྗོད་ནམ་མཁའ་མཛོད་ཀྱི་སྒོ་འབྱེད་སོགས། ཀཝཱསྨིསརྦཾཛསུཀརིབྷསཱཾཤོཀླཡལངྐཱརཤོདྷེཀཱརུཎཱབྱཔྲཏཱདིཔིཀ་དེཔིཀམལིཀེརྦུདྡྷསཱཧསྲམདྡྷེ། ཨེཀེཤཱུརཱཎཱཾ་ཧྲྀདབལབརཾདཱཤདིཀྵོགཏེནསུ སྭཱརིརྨཎྜཉྙཔཋཾ་སྭཱརེརྨཎྜཉྩཔརིཔུརཀཾཤཱཀྱསིདྷེཛཡནྟུ། །བསྐལ་པ་འདི་ལ་འགྲོ་ཀུན་ལས་བཟང་སྣང་བ་ཆེས་དཀར་མཛེས་རྒྱན་དུ། །མི་ཟད་ཐུགས་རྗེའི་སྒྲོན་མེ་རབ་སྤར་སྟོང་ཕྲག་སངས་རྒྱས་འཕྲེང་བརྒྱུས་དབུས། །གཅིག་ཏུ་དཔའ་བའི་སྙིང་སྟོབས་མཆོག་ལ་ཕྱོགས་བཅུའི་བདེ་གཤེགས་མ་ལུས་པས། །


GLG016_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པའི་དབྱངས་ཀྱིས་དཀྱིལ་འཁོར་ཡོངས་རྫོགས་ཤཱཀྱ་སེང་གེ་རྒྱལ་གྱུར་ཅིག །དུས་གསུམ་སངས་རྒྱས་རྣམས་ཀྱི་གསང་གསུམ་དངོས། །ཟུར་ཕུད་ལྔ་ལྡན་མི་ལུས་ཟོལ་བརྟེན་པ། །བློ་བཟང་གྲགས་པའི་དཔལ་གྱི་ཞབས་སེན་རྡུལ། །འཁོར་འདས་ཡོངས་ཀྱི་གཙུག་གིས་བཏུད་བྱའི་གནས། །དག་པའི་སྨོན་མཐུས་སྲིད་ཞིའི་ཆོས་ཀུན་གྱིས། །ཁྱོད་ལ་སྐྱབས་སུ་སོང་བས་སྐྱེ་རྒུའི་མཐའ། །རྙེད་མེད་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༩༽གཞན་དོན་དམ་བཅའི་ཁུར་བསྣམས་པས། །བསོད་ནམས་ཞིང་གྱུར་འཕྲིན་ལས་རྒྱ་མཚོ་བཞིན། །འཇིག་རྟེན་གསུམ་གྱི་དགེ་མཚན་ཕུན་ཚོགས་རྣམས། །ཨུཏྤལ་ཉག་ཕྲན་གཅིག་གིས་བརྟན་པ་ཀུན། །ཅིག་ཅར་ཕྲོགས་ཏེ་དབང་དུ་སྡུད་མཛད་པ། །རིགས་བྱེད་ལྷག་པའི་ལྷ་མོས་དགེ་ལེགས་སྩོལ། །འབུམ་ཕྲག་ཉི་མའི་ལུས་འཛིན་ཕྱག་སོར་གྱིས། །བཙིར་བས་ནེའུ་ལེའི་མགྲིན་ལས་འབྱོར་བའི་གཏེར། །ལེགས་བྱས་གན་མཛོད་ཡངས་པར་ཉེར་སྐྱུག་པའི། །འདོད་དགུའི་ཆར་ཆེན་ཕོབ་ཅིག་ངལ་བསོས་པོ། །སུམ་རྩེན་རི་མོ་གངས་ཅན་ར་བའི་ངོས། །རབ་བཀྲ་གནམ་བསྐོས་རྒྱལ་ཁབ་པོ་ཏ་ལར། །ཆོས་དཀར་བྱེ་བའི་ས་བོན་འཕེལ་བའི་ཞིང་། །མཆོད་སྡོང་ངོ་མཚར་བཀོད་པ་འཛད་མེད་རིང་། །སྲས་བཅས་རྒྱལ་བས་ཡིད་ཅན་དབང་པོ་དང་། །འཚམ་པར་བསྟན་པ་སྣ་ཚོགས་སྤྲུལ་བསྒྱུར་སྐུ། །བྱེ་བ་ཕྲག་བརྒྱའི་ཞིང་གི་རྡུལ་སྙེད་ཀྱི། །ཚད་དུ་བགྲང་བར་མ་ནུས་བག་ལ་ཞ། །འོན་ཏེ་ཤིན་ཏུ་ཕྲ་བ་མིག་དབང་སྒོར། །བགྲང་ཡས་སྣོད་བཅུད་འགོག་མེད་འཆར་བ་བཞིན། །ཞི་ཁྲོ་རབ་འབྱམས་སྣང་བརྙན་ལི་རིགས་ལས། །འཕགས་བོད་བཟོ་བོས་ལེགས་སྤྲུལ་འདི་རྨད་བྱུང་། །སྔོན་གོམས་ཚོགས་ཀྱིས་བསྒྲུབས་པའི་སྐལ་ཅན་ལ། །རྣམ་འདྲེན་འཕྲིན་ལས་རྒྱུན་འཇུག་དུས་


GLG016_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པ། །རྩོལ་བྲལ་ཡིད་བཞིན་ནོར་བུའི་རྗེས་འགྲོ་ཕྱིར། །རི་གཟར་འབབ་ཆུ་རགས་ཀྱིས་བཟློག་ནུས་མིན། །ཁྱད་པར་ལེགས་བྱས་གསེར་འཁོར་རྩིབས་སྟོང་ཅན། །དུས་ཀྱི་བདག་པོར་གྲུབ་པའི་ཤུགས་འགྲོའི་རྗེས། །ཀུན་བཟོད་མ་འདི་འདྲེན་དང་ལྷན་ཅིག་པར། །མཆོག་གསུམ་རྟེན་རྣམས་རིངས་པར་རྒྱུ་བ་བཞིན། །སྔོན་ཆད་ཡི་གེར་སྤེལ་བ་འབྱམ་ཀླས་ཀྱང༌། །ད་དུང་སྲིད་ཞིའི་ཕུན་ཚོགས་གསར་པའི་གཟུགས། །མེས་པོས་དྲན་ནས་སྤྲུལ་ཚེ་དེབ་ཐེར་འདིར། །འཇུག་པའི་སྒོ་འཕར་ནམ་མཁའ་མཛོད་བཞིན་འབྱོར། །ཅེས་སྙན་པའི་ཚིག་གིས་སྔུན་བསུས་ཏེ་དེ་ཡང་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་འཕྲིན་ལས་ཀྱི་འཇུག་པ་དུས་ལ་བབས་ཏེ་གདུལ་བྱའི་ཞིང་དུ་འབྱོན་པ་ནི་གོ་ལའི་ཁྱིམ་དུ་ཉི་ཟླའི་བགྲོད་པ་དང་མཚུངས་པའི་ཕྱིར་འཕགས་བོད་རྒྱ་ཧོར་བལ་པོའི་རིག་བྱེད་པ་གཙུག་ལག་གཉིས་པ་ཤེས་པ་དུ་མས་བསྐྲུན་པའི་དཀོན་ཅོག་གསུམ་གྱི་རྟེན་མཐའ་ཡས་པ་གནམ་སྐོས་རྒྱལ་ཁབ་པོ་ཏ་ལའི་ཕོ་བྲང་ཆེན་པོ་འདིར་བཞུགས་པའི་ནང་ཚན་ལི་མ་ལྷ་ཁང་གི་རྟེན་གྱི་དེབ་རྙིང་འདུག་ནའང་། སླར་ཡང་ལེགས་བྱས་ཀྱི་ཤིང་རྟས་དྲངས་ཏེ་མང་དུ་འཕེལ་བར་བརྟེན་རབ་བྱུང་བཅུ་གཅིག་པའི་ཁྲོ་མོ་ཞེས་པ་ཤིང་འབྲུག་ཧོར་ཟླ་གསུམ་པ་ཉིས་བརྩེགས་ཀྱི་སྔོན་མའི་དཀར་ཆ་དགའ་བ་དང་པོ་པ་སངས་ནམ་གྲུའི་འགྲུབ་སྦྱོར་གྱི་ཐོག་དེབ་ཐེར་གསར་དུ་བསྒྲིགས་པ་ལ། (སྡེབ་སྦྱོར་དབུས་ཕྲ། )ཏྲཻཀཱལཛཡཱནཾཀོམཱརབཔིཀཿ ནཱཏྲཀྱསུདྷཱིཀཱིརྟེ ཤིནརཏཛྫ། །དུས་གསུམ་རྣམ་འདྲེན་ཐམས་ཅད་ཀྱི། །ཡབ་གཅིག་ཟུར་ཕུད་ལྔ་ལྡན་པ། །མི་ཡི་སྲིད་པའི་ཟློས་གར་ཅན། །བློ་


GLG016_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གྲགས་པའི་དཔལ་དེ་རྒྱལ། །ཤངས་བཀྲ་ཤིས་རྩེ་པ་བཀྲ་ཤིས་རབ་བརྟན་གྱི་དད་རྟེན་རྒྱལ་བ་བཙོང་ཁ་པ་ཆེན་པོའི་ཞལ་ཐང་གི་སྐུ་རྒྱབ་ལ་ཟ་ཧོར་གྱི་བནྡེས་སུག་བྲིས་སུ་བྱས་པའོ། །རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་སྐད་གཉིས་ཤན་སྦྱར་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་པར་ལས་དྲངས་པའི་གླུ། (སྡེབ་སྦྱོར་རྒྱུན་ཆགས་གཉིས་པ་ཆུ་རྒྱུན་)རཱ ནིམིཏཨུདཧརིམརེཁཱབྱཱུཧཾསཱགརཀྵེཏྲཏཿ ཨཱནུརཛ྄ཉྩསཾཁྱེཎཔཱཤཱཔྲཏཱིཀུལརུཔམདྷཱསུཔྤཤདྡསྭརཾཔཱད་ཨརྠེཀབིཤྭཱརཏཿསྭསྭབྷངྒིབེཤབྲཧྨཝཱཀྲ ། མཚན་དཔེའི་རི་མོ་ངོ་མཚར་བཀོད་པ་རྒྱ་མཚོའི་ཞིང་གི་རྡུལ་སྙེད་གྲངས་ཀྱིས་མཐོང་ན་མི་མཐུན་མེད་པའི་སྐུ། །སྙན་འཇེབས་སྒྲ་དབྱངས་ཚིག་དོན་གཅིག་གིས་སྣ་ཚོགས་འགྲོ་བའི་རང་རང་སྐད་དང་དབང་པོར་འཇུག་པ་ཚངས་པའི་གསུང༌། །


GLG016_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཡཐཡཐིབིདཏཿསྠིཏེཏཏྠརོ྅ཀྑཱལྤབདོནབིསརྦཛྙཏཉྩིཏྟཤཱཀྱསྱཨུཏྟམྱཔོརུཥམདྷུཡཤནཱམཤོདྷོདནཤྭེ་ཏཚཱཏྲཱགྲབྷཱབབྷམཾཏེནཨརྙོཤུབྷཾབྷནྟཔ༔། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ལ་ལྐོག་གྱུར་མ་དེ་ཅུང་ཟད་མི་མངའ་རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས། །ཤཱཀྱའི་སྐྱེས་མཆོག་ཟས་གཙང་སྲས་ཞེས་གྲགས་སྙན་གདུགས་དཀར་སྲིད་རྩེར་འཁོར་དེས་དུས་ཀུན་དགེ་ལེགས་ཆར་དུ་བསྙིལ། །ཡིད་འཕྲོག་རིན་ཅེན་གདུ་བུས་ལེགས་སྤྲས་འཇམ་མཉེན་ཕྱག་སོར་རྩེ་མོས་བསྐུལ་བའི་རྒྱུད་མངས་སྒྲར། །སྲིད་ཞིའི་ཆོས་ཀུན་ཉམས་དང་འགྱུར་བའི་རྒྱན་གྱི་གླུར་ལེན་དྲི་ཟའི་ན་ཆུང་དབྱངས་ཅན་མ། །མི་ཕྱེད་དད་པའི་སྙིང་གི་ཟེའུ་འབྲུར་ཐུགས་རྗེའི་འཇོ་སྒེག་གར་གྱིས་རྟག་ཏུ་ལེགས་བཞུགས་ནས། །སྨྲ་བ་ལྕེ་ཡི་བང་མཛོད་འབུམ་སྡེར་འཛད་མེད་ངག་གི་འདོད་པ་འཇོ་བའི་ཤིས་པ་སྩོལ། །མཁྱེན་རབ་རྩ་བ་སྦོམ་པོར་བསྐྱེད་བསྲིངས་མང་ཐོས་སྡོང་བུ་དར་བབས་ལས། །རྒྱལ་བའི་རྣམ་ཐར་ཡལ་


GLG016_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བརྒྱ་རྩ་ཡོངས་འདུའི་འཁྲི་ཤིང་གཡུར་ཟའི་རྩེར། །བསོད་ནམས་ཕུང་པོ་སྨིན་པའི་འབྲས་བཟང་དཔྱོད་ལྡན་འཆི་མེད་དགའ་སྟོན་ཆེ། །སྤེལ་མཛད་དགེ་བའི་དབང་པོ་ཡབ་སྲས་འཕགས་ཡུལ་མཁས་མང་གཙུག་གི་རྒྱན། །ཡེ་ཤེས་ཉི་མ་འོག་མིན་མཁའ་དཀྱིལ་ནས། །ཤར་བའི་རྣམ་འཕྲུལ་འོད་ཟེར་ཆེས་འབར་གཟིས། །གདུལ་དཀའི་གདུང་མུན་སེལ་ལ་སྙིང་སྟོབས་ཁུར། །བླ་ནས་བླར་འདེགས་དོན་ཀུན་གྲུབ་པའི་དཔལ། །གང་དེའི་སྔོན་དང་ད་ལྟའི་མཛད་བཟང་ཆབ། །རྣམ་མཁྱེན་མེས་པོའི་རལ་ཀླུང་སྦུབས་འཁྱིལ་ལས། །རྨད་བྱུང་གཏམ་གྱི་ཐིགས་གཅིག་གངྒཱའི་རྒྱུན། །ལོག་རྟོག་དྲི་མ་འཁྲུད་པའི་ཞབས་བསིལ་མཆོག །དཎྜཱིའི་གཞུང་ལུགས་མེ་ལོང་གཙང་མའི་ངོས། །སྒྲ་དོན་རྒྱན་གྱི་བཞིན་རས་རབ་ཤར་བ། །ལེགས་བཤད་དཀྱུས་རིང་མིག་གི་ཟུར་མདའ་ཡིས། །ཤེས་ལྡན་ཀུན་གྱི་བརྟན་པ་ཅིག་ཅར་ཕྲོགས། །བོད་རྒན་དྲང་སྲོང་མང་པོས་བླུན་དད་ཀྱིས། །དམོད་མཚོན་རྟོགས་བརྗོད་མགྲིན་སྔོན་ལ་ཕབ་མཐར། །གྲོང་ཚིག་མཚན་མ་ཙམ་ལ་ལྷར་བཟུང་ནས། །དམ་པའི་གསུང་ཞེས་འདུད་རྣམས་སྐལ་པ་ཕྲ། །གཏི་མུག་མུན་འཐིབས་ལོག་སྒོམ་ཁུང་བུ་རུ། །རློམ་པས་རབ་འཁྱིལ་ཉོན་མོངས་དུག་གི་ལྕེས། །ཐར་འདོད་སྲོག་ལ་རྒོལ་བ་ཕྱག་རྒྱའི་ཁྱུ། །ཐ་སྙད་རྩིས་ལ་ཕྲག་དོག་དབང་གིས་གཤུང་། །བྱིངས་དང་རྣམ་འགྱུར་རྐྱེན་གྱི་ཆ་ཤས་གང་། །ལྕི་ཡང་སྡེབ་སྦྱོར་རི་དྭགས་གཟུགས་ཀྱིས་མཛེས། །སྙན་འགྱུར་ག་བུར་གཟེགས་མ་འབུམ་འཛག་པ། །བསྟན་བཅོས་ཀུནྡའི་གཉེན་ལ་འཁུ་སེམས་ཅན། །རྣམ་དཔྱོད་མཛེས་པའི་དཀྱིལ་འཁོར་བག་ལ་ཞ། །རེས་འགའ་གདོལ་གཏམ་དུ་བའི་


GLG016_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་མ་རྐྱོང་། །བརྩམས་ཆོས་རྒྱུ་སྐར་ཁྲོད་ན་གནོད་པའི་ཟས། །འགྲན་དེས་ཆེར་རློམ་མང་པོའི་ངག་བགྲོས་རྒྱན། །རླུང་གིས་རྩེར་གཡེངས་སྦུར་མ་སྟེས་དབང་གིས། །མཐོན་པོར་ཆགས་མིན་གོང་མའི་ལུང་ལས་ཀྱིས། །ས་གསུམ་རྣམ་འདྲེན་འཕགས་པའི་བདག་རྐྱེན་ལས། །རྟོག་བརྗོད་ཆེ་འདི་ཁ་བའི་སྨན་ལྗོངས་དར། །ཕྲ་མོའི་འགྱུར་བཅོས་ཙམ་ལ་ལོ་ཆེན་དུ། །རློམ་སེམས་མགྲོན་བུས་མིག་དབང་ཕྱིད་མིན་པར། །གཙུག་ལག་གངས་རིའི་སྤོ་ན་བརྡ་སྤྲོད་ཀྱི། །རྩལ་གསུམ་རྫོགས་པའི་ཞུ་ཆེན་ཤོང་སྟོན་རྗེ། །བློ་གྲོས་ཛམྦུའི་སྙེ་མས་ཉེར་བཏུངས་པ། །ཆོས་ཕུང་རྒྱ་མཚོའི་སྙིང་པོ་ལེགས་བཤད་གསེར། །འདྲེན་བྱེད་གངས་ཅན་བསྟན་པའི་ཤིང་རྟ་ཆེ། །དོན་གྱི་གནས་ལྔ་རིག་པ་ལོ་ཆེན་དཔང་། །སྣ་བོའི་ལུགས་སྲོལ་སྒྲོན་མེས་ཁོལ་བུའི་མུན། །བསལ་ཚེ་གཅམ་བུས་བསྔགས་དང་མཚུངས་མིན་པར། །ཆོས་ཀུན་མཁྱེན་པའི་ཉི་མ་འོད་པོ་ཆེ། །རྒྱལ་བསྟན་ཡོངས་ཀྱི་མཁར་ཤར་ཆོས་སྐྱོང་བཟང་། །ཚུལ་འདིའི་འཆད་ཉན་མ་རྙིངས་ཨུཏྤ་ལ། །རྣ་གོང་མཛེས་རྒྱན་གསར་པའི་སྤེལ་ལེགས་སུ། །སྐལ་བར་ཐོབ་འདི་བསྟེན་ལ་གཅེས་འཛིན་པ། །བཤེས་གཉེན་རིམ་བྱོན་བཀའ་དྲིན་ཕ་མཐའ་ཡས། །ཁྱད་པར་ལྔ་རིག་ལང་ཚོ་ན་དར་བློས། །དྲང་སྲོང་ཕུར་བུའི་ཁེངས་པ་འཕྲོག་ནུས་ཅན། །སཱ་ལའི་ལྗོངས་ཀྱི་ལྷ་དབང་སྨོན་འགྲོ་བ། །ངེས་པར་ཐམས་ཅད་མཁྱེན་དེའི་རྣམ་དཔྱོད་མཐུ། །དགེ་དབང་ཞལ་ལུང་དཔྱིད་ཀྱི་བསེར་བུ་ཡིས། །མཁས་མང་འདོད་ལྡན་བ་སྤུ་ཉེར་བསླངས་ནས། །ཚིག་དོན་མཆུ་སྒྲོས་ཆེས་དམར་རོ་བདའ་བར། །ཡིད་ཀྱི་ཤིང་རྟ་ལན་བརྒྱར་རྒྱུག་ལ་བྲེལ། །དེ་ཙམ་


GLG016_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བྱུང་གཏམ་གྱི་སྐྱར་ཟློས་ལས། །ད་ལྟ་འཁྲི་ཤིང་ཆུ་གཏེར་ལྟ་ཞོག་གི ། མཁས་དབང་དཔའ་བོའི་གསུང་རབ་པཀྵུ་ཡང་། །སྒྲོལ་བའི་བློ་གྲོས་གྲུ་གཟིངས་ཉིན་སྐར་བཞིན། །ཀྲྀ་ཀྲིའི་མཚན་ལྟས་དྲང་སྲོང་ཚིག་གི་མདས། །ཆོས་བརྒྱད་ལྕགས་ཀྱི་གཏུན་བུ་བདུན་སྐྱེས་པ། །བསྟན་འཛིན་ཁྱབ་འཇུག་གྱ་གྱུའི་གར་མཁན་ཕལ། །དྲང་པོའི་གླེགས་བུ་གཅན་གཟན་མདུན་གྱི་རྩྭ། །འོན་ཏེ་རྒྱལ་བསྟན་ལྔ་ཕྲག་དྲུག་པའི་དུས། །གནམ་བསྐོས་ས་་ཤུགས་དར་ལ་དྲག །སྐྱེ་རྒུའི་ལེགས་བྱས་མཚོའི་འཇིང་ཟབ་རྒྱ་ཆེས། །སྔོན་བྱོན་མཁས་པའི་སྤུན་ཟླ་འབྱུང་སྲིད་སྙམ། །དེ་ཕྱིར་སློབ་ལམ་དུས་ནས་འགྲོ་ཀུན་ལ། །བརྩེ་བས་བདག་གཞན་བརྗེ་བའི་རྣམ་ཐར་དྲི། །ལོ་རྒྱུས་མ་ལ་ཡ་རླུང་གིས་དྲངས་པས། །ཡིད་ཀྱི་ཚ་གདུང་སེལ་བའི་མཛའ་གཅུགས་མ། །བླ་མེད་བྱང་ཆུབ་ཆེད་དུ་བྱ་དཀའི་ཚོགས། །གྲངས་མེད་བསྐལ་གསུམ་བསགས་པའི་བདེན་དཔང་དུ། །ས་ཡི་ལྷ་མོ་ཀུན་བཟོད་ལས་འཕགས་ཕྱིར། །རྫུན་འཕྲེང་གཞན་འདྲིད་གླེང་མོའི་རྗེས་འགྲོ་མིན། །གདུལ་དཀའི་ཞིང་འདིར་པད་མཚོར་ངང་པ་ལྟར། །དགྱེས་དགུར་འཇུག་པའི་ལྷག་བསམ་སྙིང་སྟོབས་ལ། །སྲས་བཅས་ཕྱོགས་བཅུའི་སངས་རྒྱས་མ་ལུས་པས། །ཆེས་ཆེར་བསྔགས་པའི་གཏམ་སྙན་སྙིང་ལ་སིམ། །དཔྱད་བཟོད་རྒྱུ་མཚན་ཤེས་ནས་དད་པའི་ཟླ། །ཀུན་རྟོག་འབུམ་ཕྲག་རྫིང་བུར་ཤར་པའི་གཟུགས། །གཞན་རྐྱེན་རླུང་གིས་བསྐྱོད་མིནརྡོ་བའི་ངོས། །བྲིས་པའི་རི་མོ་གཡོ་མེད་དངོས་པོའི་གཤིས། །བློ་གསལ་རྒྱ་མཚོར་རྟག་འབབ་གླེགས་བམ་ཀླུང་། །འཛད་མེད་པར་གྱི་མ་དྲོས་ཆུ་གཏེར་ཆེ། །འཕེལ་འགྲིབ་མེད་གང་བྱེད་པོ་གངྒཱའི་ཡབ། །


GLG016_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དཀར་སེམས་ཀྱི་རྩེ་མོ་མཁའ་ལ་སྙེག །དྲི་བྲལ་འབྱོར་བའི་འོ་མཚོ་ལེགས་འཁྱིལ་བར། །སྒོ་གསུམ་བརྩོན་པའི་ལྗོན་པ་བསྒྲིལ་བ་ལས། །སྙིང་པོ་ཚོགས་གཉིས་ཆེར་སྤུངས་རྩི་བཅུད་མར། །བྱང་ཆུབ་མཆོག་གི་ཟུངས་སུ་འགྱུར་བར་ཤོག །ནམ་མཁའི་མཐས་གཏུགས་དེ་སྙེད་ལུས་ཅན་ཀུན། བསོད་ནམས་ས་བོན་གྲངས་མེད་སྐྱེད་སྲིང་ཞིང་། །བཏབ་སྨིན་གཡུར་དུ་ཟ་བའི་སྙེ་མ་ལ། །སྤྱོད་པའི་རྩེ་དགའ་ཁོང་ནས་དགོད་གྱུར་ཅིག །ལྟར་སྣང་སྣ་ཚོགས་གྲུབ་མཐའི་མཚན་མུན་ཀློང་། །སྒྲ་ཚད་བཟོ་གསོ་ནང་རིག་རྟ་བདུན་ཅན། །གུང་ཤར་ཐོས་བསམ་སྒོམ་པ་ཐུབ་པའི་བསྟན། །ལུང་རྟོགས་སྣང་བ་དམ་པའི་དཔལ་འབར་ཤོག །འཇམ་དཔལ་མི་ཡི་ཟློས་གར་བཙོང་ཁ་པའི། །རིང་ལུགས་ཞྭ་སེར་ཅོད་པན་འཆང་བའི་སྡེ། །འཛམ་གླིང་སྐྱེ་རྒུའི་བསོད་ནམས་མཆོད་སྡོང་དུ། །ཉི་ཟླས་མུན་སེལ་དེ་སྲིད་བརྟན་གྱུར་ཅིག །ཚངས་པས་ཀ་བ་མེད་པ་གནམ་གྱི་སྒོ། །ཕྱེ་ནས་མང་པོས་བཀུར་བའི་རྒྱལ་སྲིད་དུ། །ཉེར་བསྐོས་ས་ཡི་བརྒྱ་བྱིན་མཆོད་ཡོན་ཟུང་། །དབང་ཐང་དཔལ་མགྲིན་ཅན་དང་སྐལ་མཉམ་ཤོག །སྤྱི་དང་ཁྱད་པར་རྒྱ་ཧོར་གངས་ཅན་འདིར། །རིང་པོར་འཚོ་བའི་ཉ་ཕྱིས་ཁོག་ཡངས་པར། །སྡིག་འབྲས་དྲི་བྲལ་བདེ་སྐྱིད་མུཀྟི་ཀ ། ཆེར་སྤུངས་ཐར་པའི་སྲད་བུར་རྒྱུ་བར་ཤོག །ཡོངས་འདུའི་འབྲས་བཟང་གཏོང་བར་ལག་རྐྱོང་བའི། །བྱེད་པོར་གཏོགས་ཀུན་འདི་བསྟན་རྣམ་པར་ཐར། །འཛིན་ལས་ལྡོག་བྱེད་སྡིག་དང་རང་གི་རྒྱུད། །ཅུང་ཟད་ཙམ་ཡང་ལྷན་ཅིག་གནས་མིན་ཤོག །ཉེ་རིང་མེད་པར་ཀུན་ལ་རབ་འཇུག་རྒྱལ་བའི་ཐུགས་རྗེ་ཉིན་བྱེད་དབང་། །སྲིད་ཞི་


GLG016_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྒུད་པའི་མུན་སྟུག་རབ་བཅིལ་ཕན་བདེའི་པད་དཀར་དགའ་ཚལ་དུ། །མཆོག་གསུམ་དམ་པར་བསྟོད་བསྔགས་དར་དིར་བློ་གྲོས་བུང་བ་གཞོན་ནུའི་གླུས། །དུས་མཁྱེན་རྒྱལ་པོའི་བསོད་ནམས་དེ་སྙེད་འགྲོ་ཀུན་གྱིས་འཐོབ་བཀྲ་ཤིས་ཤོག །དེ་ལྟར་བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོ་དེ་ཉིད་ཀྱི་ཟབ་པ་དང་རྒྱ་ཆེ་བའི་རྣམ་པར་ཐར་པ་མཐའ་ཡས་པ་ནི་སངས་རྒྱས་ཉག་ཅིག་གིས་སྤྱོད་ཡུལ་ཡིན་ལ། འོན་ཀྱང་གདུལ་བྱའི་བློ་དང་འཚམ་པར་མདོ་དང་ལུང་ལས་གསུངས་པ་རྣམས་ཚད་མའི་དཔང་པོར་བྱས་ཏེ་འཕགས་པའི་ཡུལ་གྱི་པཎྜི་ཏ་ཆེན་པོ་སློབ་དཔོན་དཔའ་བོས་འཁྲུངས་རབས་སོ་བཞི་པ། སློབ་དཔོན་སེང་གེ་ཞབས་འབྲིང་བས་སྐྱེས་རབས་སུམ་ཅུ་རྩ་ལྔ་པ། མཁས་པ་ཙནྡྲ་གོ་མིས་འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར། དཔལ་དགའ་བའི་ལྷས་ཀླུ་ཀུན་ཏུ་དགའ་བའི་ཟློས་གར། ཆོས་རྒྱལ་དགེ་དབང་ཡབ་སྲས་ཀྱིས་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་སོགས་མདོར་ན་མཁས་པས་མཛད་པའི་བསྟན་བཅོས་ཀྱི་རིགས་གངས་རིའི་ལྗོངས་འདིར་འགྱུར་པ་ཇི་སྙེད་གཅིག་ཡོད་པའི་ནང་ནས་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་འདི་ཉིད་བརྗོད་བྱ་དོན་དང་འབྲེལ་བས་རྟོགས་སླ། རྗོད་བྱེད་རྒྱན་དང་འབྲེལ་བས་རྣ་བར་སྙན། · ཚིག་རྐང་སྡེབ་སྦྱོར་དང་འབྲེལ་བས་གཅོད་མཚམས་ཕྱེད། མིང་མངོན་བརྗོད་དང་འབྲེལ་བས་ངོ་མཚར་བ་སྟེ་ཁྱད་ཆོས་བཞི་དང་ལྡན་པ་ཡིན་པས་ཕུན་སུམ་ཚོགས་ལ། ཐམས་ཅད་མཁྱེན་པ་བུའི་ཆོས་འབྱུང་དུ་འདི་ཉིད་ལ་སློབ་དཔོན་གསུང་བ་ནི་སློབ་དཔོན་དང་རྒྱལ་པོ་མི་འགལ་བའི་དབང་དུ་མཛད་པ་སྟེ། དོན་དུ་འདི་ཉིད་ས་སྤྱོད་ཆེན་པོ་ཡིན་པའི་


GLG016_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཁུངས་ནི། དཔལ་ལྡན་རྒྱལ་བའི་ཅོད་པན་བློན། །བློ་བཟང་མི་དབང་ཞེས་རིགས་ལ། །གདེངས་ཅན་དབང་བཞིན་ལོངས་སྤྱོད་ཅན། །ལོངས་སྤྱོད་ལྡན་པས་དབང་པོ་བྱུང་། །ཞེས་དཔལ་ལྡན་ཤཱཀྱའི་རིགས་ཀྱི་རྒྱལ་པོའི་མདུན་ན་འདོན་དུ་གྱུར་པའི་མིའི་དབང་པོའི་རིགས་བརྒྱུད་ལས་བྱུང་བ་ཡིན་ལ། དེའང་མེས་པོ་རྒྱལ་པོ་རྒྱ་མཚོ་ཞེས་བྱ་བའི་སྲས་ས་སྤྱོད་རབ་གསལ་དུ་གྲགས་པ་ལུགས་གཉིས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་དེ་ཉིད་ཀྱི་སྲས་སུ་བལྟམས་པའི་ཆོས་རྒྱལ་དགེ་བའི་དབང་པོས་བསྟན་བཅོས་འདི་མཛད་པའི་རྐྱེན་ཡང་། གཉིས་སྐྱེས་དམ་པའི་སྐྱེ་བོ་འགའ། །རྩོམ་པ་ཐམས་ཅད་སྐུལ་བྱེད་པ། །ཞེས་པ་ནས་བཟུང་སྟེ། དེ་ནས་རྒྱལ་བ་བཅོམ་ལྡན་འདས། །རང་གི་རྨི་ལམ་དུ་བསྐུལ་ཏེ། །ཞེས་པའི་བར་གྱིས་བསྟན་པ་ལྟར་བསྟན་བཅོས་འདི་རྩོམས་ཤིག་པར་དང་པོར་བྲམ་ཟེས་བསྐུལ་བ། བར་དུ་གྲོགས་ཀྱིས་བསྐུལ་བ། མཐའ་མར་བདེ་བར་གཤེགས་པ་ཉིད་ཀྱིས་བསྐུལ་བ་ལ་བརྟེན་ནས། རབ་གསལ་ནས་བཟུང་ཟས་གཙང་མའི་རྟོགས་བརྗོད་ཀྱི་བར་བརྒྱ་རྩ་བདུན་པོ་རྣམས་རྒྱལ་པོ་རང་ཉིད་ཀྱིས་མཛད་ནས། སྤྲིན་ལ་ཞོན་གྱི་རྟོགས་བརྗོད་བཀྲ་ཤིས་ཀྱིས་གྲངས་ཚང་བའི་སླད་དུ་དགེ་བའི་དབང་པོ་ཉིད་ཀྱིས་རང་གི་སྲས་ཟླ་བའི་དབང་པོ་ལ་རྩོམས་ཤིག་པར་བསྐུལ་བས་ན། དེ་ཡིས་བྱང་ཆུབ་སེམས་དཔའི་སྤྱོད། །བརྒྱ་རྩ་བདུན་པོ་འདི་དག་བྱས། །བཀྲ་ཤིས་གྲངས་ནི་རྫོགས་པ་ལ། །གཅིག་ནི་རབ་ཏུ་འབད་པས་བྱ། །ཞེས་གསལ་བར་བསྟན་པའི་ཡལ་འདབ་བརྒྱ་རྩ་བར་བརྒྱད་པ་འདི་ཉིད་སྙན་དངགས་ཀྱི་ཚིག་སྦྱོར་ལ་ལྡོག་པ་ཤཪ་བའི་


GLG016_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་ཚིག་རྣ་བར་མི་འཇེབས་ཤིང་དོན་གོ་དཀའ་བ་མ་ཡིན་པར་དངོས་ལྷོ་པའི་ལུགས་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་པ་ཁོ་ནའི་རྗེས་སུ་འབྲངས་པའི་རྒྱུ་མཚན་གྱིས། ཚིགས་བཅད་རྐྱང་པ་བསྡམས་པ་དག །ལན་གཅིག་ཉིད་ཀྱི་རྗེས་འབྲངས་པ། །མཆོག་ཏུ་ཟབ་ཅིང་རབ་ཏུ་དཀའ། །རྒྱ་ཆེར་བསྔགས་པ་རྒྱལ་བ་ཡི། །སྐྱེས་རབས་དག་གི་འཕྲེང་བ་ཡོད། །ཅེས་གསུངས་པའི་ལམ་གཅིག་ཉིད་ཀྱི་རྗེས་འབྲངས་པ་ཞེས་པའི་ཚིག་གཅིག་པོ་འདིས་ལྷོ་ཕྱོགས་པའི་ལམ་ཁོ་ན་དང་མཐུན་པར་དངོས་སུ་བསྟན་ཏོ་ཞེས་མཁས་པའི་དབང་པོ་གྲངས་ཆེན་ལོ་ཙཱ་བ་འཇམ་དཔལ་རྡོ་རྗེས་ངོམ་བཤད་དུ་མཛད་པ་ནི་བླ་ན་མེད་པའི་ལེགས་པར་བཤད་པའོ། །དེ་ཡང་བོད་འདིར་རང་གཞན་གྱི་གྲུབ་པའི་མཐའ་འཛིན་པའི་བླ་ཆེན་མང་པོས་རྟོགས་བརྗོད་འདི་ནི་རྒྱལ་པོས་བརྩམས་པས་བྱིན་རླབས་མི་འབྱུང་སྨྲ་བ་ནི་ཨྱོན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་བོད་ཀྱི་ཆོས་རྒྱལ་མེས་དབོན་སོགས་དམ་པ་མང་པོ་ལའང་སྨོད་པར་འགྱུར་བའི་ངག་གིས་ལས་ངན་གསོག་པར་ཟད་ཅིང༌། །མཁས་རློམ་ལ་ལ་དག་དགེ་དབང་ཡབ་སྲས་གཟིགས་རྒྱ་ཆུང་བས་བསྟན་བཅོས་སངས་རྒྱས་ཀྱི་རྣམ་ཐར་མ་ཡིན་པའི་གང་ཟག་གཞན་གྱི་རྟོགས་བརྗོད་མང་དུ་ཡོད་པས། དེ་བཞིན་གཤེགས་པའི་རྣམ་ཐར་ཁོ་ན་མིན་ནོ་ཞེས་སྨྲ་བ་ནི་སྨྲ་བ་པོ་ཉིད་རྟོགས་བརྗོད་འདི་ལ་བློ་གྲོས་ཀྱི་འཇུག་པ་ཞིབ་མོར་མ་བྱས་ཤིང་མདོ་ལུང་རྣམས་དང་ཡང་མ་འདྲིས་པའི་རང་གི་ནང་ཆ་ཕྱིར་སྟོན་པ་ཁོ་ན་ཏེ། དམ་པའི་གྲིབ་བསིལ་དང་ལྡན་བརྟན་པའི་ཆོས་ཀྱི་རྩ་བས་བསྐོར་ཞིང་བསོད་ནམས་ར་བར་གནས། །བློ་དང་རིག་པ་སྙིང་རྗེ་ལ་སོགས་ཆུ་ཡིས་


GLG016_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་མཛེས་རྣམ་པར་རྒྱལ་བའི་ཡལ་ག་ཅན། །ཆོག་ཤེས་དྲི་མེད་ཡལ་འདབ་གྲགས་སྙན་དཀར་བའི་མེ་ཏོག་རྟག་ཏུ་དམ་པའི་འབྲས་བུ་ནི། །བསམ་ཀུན་ཡོངས་སུ་རྫོགས་པར་མཛད་པ་དཔལ་ལྡན་སངས་རྒྱས་ལྗོན་པ་རྣམ་པར་རྒྱལ་གྱུར་ཅིག །ཅེས་པ་འདིས་རྟོགས་བརྗོད་རིན་པོ་ཆེའི་ཚིག་དོན་མདོར་བསྟན་པ་ཡིན་ལ། །བསྟན་ཚུལ་ཁྱད་ཆོས་དང་པོ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཇོམས་བྱེད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་པོར་བྱང་ཆུབ་ཏུ་ཐུགས་བསྐྱེད། བར་དུ་ཚོགས་བསགས། མཐར་བདུད་བཞི་བཅོམ་ནས་སངས་རྒྱས་པ་ནི་སྟོན་པ་ཐུབ་པའི་དབང་པོའི་རྣམ་པར་ཐར་བའི་རྩ་བ་ཡིན་པས་དམ་པའི་གྲིབ་བསིལ་སོགས་ཀྱི་དོན་ཚུལ་འདི་དང་མཐུན་པར་འཆད་ཚུལ་ཇི་ལྟར་ཞེ་ན། དང་པོར་ཐེག་པ་ཆེན་པོར་རིགས་ངེས་པའི་དམ་བཅའ་མི་འགྱུར་བར་བརྟན་པའི་ཆོས་སྨོན་པ་དང་འཇུག་པའི་སེམས་བསྐྱེད་ཀྱི་རྩ་བས་རབ་ཏུ་བསྐོར་ཞིང་འཕེལ་བ་ནི་རྒྱས་བཤད་ཡལ་འདབ་དང་པོ་རབ་གསལ་གྱི་རྟོགས་བརྗོད་དང་བརྒྱ་པ་བསོད་ནམས་རབ་གསལ་གྱི་རྟོགས་བརྗོད་གཉིས་ཀྱིས་བསྟན། བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ར་བར་གནས་པ་ལ་བྱང་ཆུབ་ཀྱི་བློ་དང་རིག་པ་ཤེས་རབ་དང་བརྩེ་བ་སྙིང་རྗེ་ཆེན་པོ་གསུམ་དངོས་སུ་བསྟན་པ་ལ་སོགས་ཁོང་ནས་སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ལྔ་ཤུགས་ཀྱི་བསྟན་པའི་སྒོ་ནས་རྒྱལ་སྲས་ཀྱི་སྤྱོད་པའི་ཆུ་ཡིས་རྣམ་པར་མཛེས་པར་བྱས་ནས་གྲངས་མེད་གསུམ་དུ་ཚོགས་གཉིས་ཀྱི་སྡོང་བུ་


GLG016_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ཆེར་རྒྱས་པ་ཡིན་པས། དེའི་དོན་རྟོགས་བརྗོད་འདིར་རྒྱས་པར་ཕྱེ་བའི་སྐབས་ཡལ་འདབ་གཉིས་པ་དཔལ་སྡེ། གསུམ་པ་གཙུག་ནོར། བཞི་པ་ང་ལས་ནུས། ལྔ་པ་ཟླ་འོད། ཉེར་བཞི་པ་ཐམས་ཅད་སྒྲོལ། ཞེ་གསུམ་པ་གསེར་མདོག །ང་གཅིག་པ་གསེར་ལྡན། ང་གཉིས་པ་བསོད་ནམས་མི་དམན། ང་ལྔ་པ་ཐམས་ཅད་སྟེར། ང་བརྒྱད་པ་བསོད་ནམས་སྟོབས། རེ་བཞི་པ་ནོར་བཟང་། དོན་དགུ་པ་དབང་ཆེན་སྡེ། གྱ་ལྔ་པ་ཕན་པ་འཚོལ། གོ་ལྔ་པ་སྟག་མོ་ལུས་སྦྱིན། གོ་དྲུག་པ་གླང་པོ། གོ་བདུན་པ་རུས་སྦལ། གོ་དགུ་པ་པདྨ་ཅན། བརྒྱ་དང་གསུམ་དགའ་བའི་གོང་བུ། བརྒྱ་དང་བཞི་རི་བོང་། བརྒྱ་དང་བརྒྱད་སྤྲིན་ཞོན་རྣམས་སྦྱིན་པའི་ཕར་ཕྱིན་ལ་སྦྱར། སོ་གསུམ་པ་ཁྱད་པར་ལོ་མ། སོ་བརྒྱད་པ་ལྐུགས་པ་འཕྱེ་བོ། གྱ་དྲུག་པ་བ་མན་གསུམ་ཚུལ་ཁྲིམས་ལ་སྦྱར། སུམ་ཅུ་པ་ཀ་ཤི་མཛེས་དགའ། སོ་གཉིས་པ་དགེ་བྱེད། སོ་དགུ་པ་བཟོད་པ་ལ་དགའ་བ། ཞེ་དྲུག་པ་བྱས་ཤེས། གོ་གཉིས་པ་མཛའ་བོའི་བུ་མོ་རྣམས་བཟོད་པ་ལ་སྦྱར། དྲུག་པ་བ་ང་རར་བགྲོད། ཞེ་བརྒྱད་པ་དོན་གྲུབ། བརྒྱ་དང་དྲུག་པ་གསེར་གྱི་གོ་ཆ་རྣམས་བརྩོན་འགྲུས་ལ་སྦྱར། ང་བཞི་པ་སེམས་ཅན་སྨན། རེ་ལྔ་པ་རྭ་གཅིག་པ། གྱ་བརྒྱད་པ་ནག་པ་གླང་པོ་བསྟན། གོ་བརྒྱད་པ་དཀའ་ཐུབ་པ། བརྒྱ་དང་གཅིག་སྔོ་བསངས་ཅན་རྣམས་བསམ་གཏན་ལ་སྦྱར། བཅོ་བརྒྱད་པ་མེ་ལོང་བཞིན། སོ་གཅིག་པ་གསེར་ལོགས། ང་གསུམ་པ་ལེགས་བཤད་འཚོལ། རེ་དྲུག་པ་སྙན་ངག་མཁན། གོ་གཅིག་པ་ཤི་པི་ལེགས་བཤད། བརྒྱ་དང་གཉིས་པ་སེང་གེ ། བརྒྱ་དང་བདུན་པ་ཟས་


GLG016_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་མ་རྣམས་ཤེས་རབ་ལ་སྦྱར། མཐར་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་རྟག་ཏུ་དམ་པའི་འབྲས་བུ་ཕུན་སུམ་ཚོགས་པ་ནི་འགྲོ་བ་ཐམས་ཅད་ཀྱི་རང་རང་གི་རེ་བ་དང་མཐུན་པར་བསམ་པ་ཀུན་ཡོངས་སུ་རྫོགས་པར་མཛད་པ་ཡིན་ལ། དེ་ཉིད་རྟོགས་བརྗོད་དུ་རྒྱས་པར་ཕྱེ་བ་ནི་བདུན་པ་མུ་ཏིག་འཁྲི་ཤིང་། བརྒྱད་པ་དཔལ་སྦས། དགུ་པ་མ་སྐྱེས། བཅུ་པ་མངལ་བྱུང་། བཅུ་གཅིག་པ་མཛེས་དགའ། བཅུ་གཉིས་པ་འཕགས་སྐྱེས་པོ། བཅུ་གསུམ་པ་འཕྲོག་མ། བཅུ་བཞི་པ་ཆོ་འཕྲུལ་བསྟན་པ། བཅོ་ལྔ་པ་ལྷ་བབས། བཅུ་དྲུག་པ་བྲག་འཕངས་པ། བཅུ་བདུན་པ་བྱམས་པ་ལུང་བསྟན། བཅུ་དགུ་པ་ཤཱ་རིའི་བུ། ཉི་ཤུ་པ་གྲོ་བཞིན་བྱེ་བ་རྣ། ཉེར་གཅིག་པ་ཨ་མྲ་སྐྱོང་། ཉེར་གཉིས་པ་རྒྱལ་བྱེད་ཚལ་ཡོངས་སུ་བཟུང་བ། །ཉེར་གསུམ་པ་ཡབ་སྲས་མཇལ་བ། ཉེར་ལྔ་པ་མངོན་པར་བྱུང་བ། ཉེར་དྲུག་པ་བདུད་བཅོམ་པ། ཉེར་བདུན་པ་ཤཱཀྱ་འབྱུང་བ། ཉེར་བརྒྱད་པ་གྲོ་བཞིན་བྱེ་བ་ཉི་ཤུ་པ། ཉེར་དགུ་པ་ནོར་སྐྱོང་། སོ་བཞི་པ་དགའ་བོ་ཉེར་དགའ་བཏུལ་བ། སོ་ལྔ་པ་ལེགས་སྦྱིན། སོ་དྲུག་པ་གདངས་ཅན། སོ་བདུན་པ་གང་པོ། བཞི་བཅུ་པ་སེར་སྐྱ། ཞེ་གཅིག་པ་ཨུ་དྲྭ་ཡ། ཞེ་གཉིས་པ་མཁས་པ། ཞེ་བཞི་པ་གསེར་ལག །ཞེ་ལྔ་པ་མ་སྐྱེས་དགྲ། ཞེ་བདུན་པ་ས་ལིའི་སྡོང་བུ། ཞེ་དགུ་པ་གླང་པོ་ཅན། ལྔ་བཅུ་པ་ལས་བཅུ་སྤྱད་པ། ང་དྲུག་པ་བ་ལང་སྐྱོང་བཏུལ་བ། ང་བདུན་པ་མཆོད་རྟེན། ང་དགུ་པ་ཀུ་ལཱ་ལ། དྲུག་ཅུ་པ་ཀླུ་གཞོན། རེ་གཅིག་པ་ཞིང་པ། རེ་གཉིས་པ་གྲགས་བྱིན། རེ་གསུམ་པ་འོད་སྲུངས། རེ་བདུན་པ་དགེ་འདུན་སྲུངས། རེ་བརྒྱད་པ་པདྨ་ལྡན། །


GLG016_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རེ་དགུ་པ་ཆོས་རྒྱལ་རབ་གནས། བདུན་ཅུ་པ་ཉི་མ་གུང་པ། དོན་གཅིག་པ་ཤཱ་ནའི་གོས་ཅན། དོན་གཉིས་པ་ཉེར་སྦས། དོན་གསུམ་པ་ཀླུ་ལ་སྤྲིངས་པ། དོན་བཞི་པ་ས་གཞི་ཕུལ་བ། དོན་ལྔ་པ་རྟེན་འབྲེལ་བཅུ་གཉིས། དོན་དྲུག་པ་བི་དཱུ་ར། དོན་བདུན་པ་ཀཻ་ན་ཡ་ཀ ། དོན་བརྒྱད་པ་བརྒྱ་བྱིན་ལྷུང་བ། བརྒྱད་ཅུ་པ་རབ་བཟང་། གྱ་གཅིག་པ་རྒྱུའི་མཆོག །གྱ་གཉིས་པ་དམྱལ་བ་མངོན་ལྡན། གྱ་གསུམ་པ་སྒྲ་གཅན་ཟིན། གྱ་བཞི་པ་སྦྲང་རྩི་དབྱངས། གྱ་བདུན་པ་པད་ཅན། གྱ་དགུ་པ་ཆོས་སྲེད། དགུ་བཅུ་པ་ནོར་ཅན། གོ་གསུམ་པ་མ་ག་དྷ། གོ་བཞི་པོ་གྲགས་པའི་བཤེས་གཉེན། བརྒྱ་དང་ལྔ་པ་རེ་པ་ཏའི་ཡལ་འདབ་རྣམས་མངོན་པར་སངས་རྒྱས་པ་འབྲས་བུའི་མཛད་པ་ལ་སྦྱར་ནས་བཤད་མ་ཐག་པའི་མཛད་པ་དེ་དག་ཐམས་ཅད་ཁྱད་ཆོས་གཉིས་པ་རྗོད་བྱེད་ཀྱི་ཚིག་རྒྱན་ཉམས་དང་འགྱུར་བ་སྟོང་གིས་ངོ་མཚར་བས་འདི་ལས་ལྷག་པ་གཞན་དུ་འཚོལ་མི་དགོས་པའི་ཆོག་ཤེས་ཤིང་རྒྱན་སྦྱོར་ཚུལ་ལོག་པ་སོགས་རྩོམ་པའི་སྐྱོན་གྱི་དྲི་མས་ཅུང་ཟད་ཙམ་ཡང་སྦགས་པ་མེད་པའི་རྣམ་པར་ཐར་པའི་ཡལ་འདབ་བརྒྱ་རྩ་བརྒྱད་པ་ངོ་མཚར་ས་པ་རྣམ་པར་རྒྱས་པའི་རྒྱན་གྱིས་བློ་ལྡན་རྣམས་ཀྱི་ཡིད་རང་དབང་དུ་འཕྲོག་ཅིང་། ཁྱད་ཆོས་གསུམ་པ་རྣམ་པར་སྡེབ་སྦྱོར་གྱི་ཡལ་ག་མཐའ་ཀླས་པ་ཅན་རིན་ཅེན་འབྱུང་གནས་སོགས་ནས་བཤད་པའི་ལྕི་ཡང་འཁྲུལ་པ་མེད་པས་གཅོད་མཚམས་ཕྱེད། ཁྱད་ཆོས་བཞི་པ་ཕུལ་དུ་བྱུང་བའི་གྲགས་པའི་སྙན་པ་མིང་གི་མངོན་བརྗོད་མཛེས་པས་དཀར་བ་མེ་ཏོག་གི་ལན་ཛར་གཡུར་དུ་ཟ་བ་ལ་བརྟེན་ནས་དཔལ་ལྡན་སངས་རྒྱས་བཅོམ་ལྡན་འདས་ཀྱི་


GLG016_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་བརྗོད་ཀྱི་ལྗོན་པ་ཆེན་པོ་སྐྱེས་བུ་དམ་པའི་ཐུགས་རྗེའི་གྲིབ་བསིལ་དང་ལྡན་པ་ལ་ལུས་ཅན་ཀུན་བདེ་བར་ངལ་གསོ་བ་འདི་ཉིད་ཕྱོགས་དུས་ཀུན་ཏུ་རྣམ་པར་རྒྱལ་བར་གྱུར་ཅིག །ཅེས་ཤིས་པ་བརྗོད་པའི་མདོར་བསྟན་རྒྱས་བཤད་ཀྱི་ལེགས་བཤད་ཉི་མ་ཆེན་པོ་འདི་ཉིད་མངོན་སུམ་དུ་ལྟ་བའི་སྐལ་བར་གྱུར་ན་ལོག་རྟོག་གི་མུན་པ་ཐམས་ཅད་སངས་པར་འགྱུར་རོ། །དེ་ཡང་ས་པཎ་གྱི་གསུང་ཆོས་ཀྱི་རྒྱལ་པོ་འཕགས་པའི་ཐུགས་ལ་ཉེ་བར་བཞག་སྟེ་བླ་མ་ཆོས་ཀྱི་རྒྱལ་པོ་དང་དཔོན་ཆེན་ཤཱཀྱ་བཟང་པོ་གཉིས་ཀྱིས་བདག་རྐྱེན་ལ་བརྟེན་ནས་འཇིག་རྟེན་གྱི་མིག་གཅིག་པོ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཤོང་སྟོན་ལོ་ཙཱ་རྡོ་རྗེ་རྒྱལ་མཚན་གྱིས་འཕགས་ཡུལ་གྱི་སྙན་དངགས་མཁན་ཆེན་པོ་ལཊཱི་ཀ་ར་ལ་བརྟེན་ནས་མང་ཡུལ་འཕགས་པའི་དྲུང་དུ་བོད་ཀྱི་སྐད་དུ་ལེགས་པར་བསྒྱུར། དེ་ནས་གཟུང༌སྟེ༌ཞ་ལུ་ལོ་ཙཱ་བ་རིན་ཅེན་ཆོས་སྐྱོང་བཟང་པོ་དངོས་ཀྱི་སློབ་མར་བཅས་པའི་བར་དུ་གཙུག་ལག་འདི་ཉིད་ལ་དཔྱིས་ཕྱིན་པར་སྦྱངས་པའི་མཁས་པ་ནམ་མཁའི་སྐར་ཚོགས་ལྟ་བུར་གྱུར་ཅིང་། དེ་ནས་དུས་ཀྱི་དབང་གིས་ལེགས་པར་སྦྱངས་པའི་དཔྱོད་ལྡན་ཆེས་ཆེར་དཀོན་ནའང་རྒྱུན་ཅུང་ཟད་མ་ཉམས་ཙམ་གནས་པ་ལས་རྟོགས་བརྗོད་རིན་པོ་ཆེ་འདིའི་དཀའ་བའི་གནད་རྣམས་ཀྱིས་ཞིབ་མོར་བཤད་པའི་བརྒྱུད་པ་ནི་ཤོང་སྟོན་ནས་རིམ་པ་བཞིན། གཅུང་ལོ་ཆེན་བློ་གྲོས་བརྟན་པ། ལོ་མཆོག་པ། ཐམས་ཅད་མཁྱེན་པ་དཔང་ལོ་ཆེན་པོ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་ནམ་མཁའ་བཟང་པོ། ལོ་ཆེན་ཤེས་རབ་དཔལ། ལོ་ཆེན་ཐུགས་རྗེ་དཔལ། མཚུངས་མེད་བུདྡྷའི་མཚན་


GLG016_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། གནས་བརྟན་ལེགས་པ་རྒྱལ་མཚན། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ། དེའི་དཔོན་པད་དཀར་ཆོས་སྐྱོང་། གྲངས་ཆེན་ལོ་ཙཱ་བ་འཇམ་དཔལ་རྡོ་རྗེ། སྨོན་འགྲོ་པཎྜི་ཏ་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པ་ཚེ་དབང་དོན་གྲུབ། རིགས་ཆོས་ཀྱི་སྲས་འཇམ་དབྱངས་དབང་རྒྱལ་རྡོ་རྗེའི་དྲུང་དུ་སྐད་གཉིས་སྨྲ་བ་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་ཐོས་སོ། །ལུང་རྐྱང་གི་བརྒྱུད་པ་ནི། ཆོས་རྒྱལ་དགེ་བའི་དབང་པོ། སྲས་ཟླ་བའི་དབང་པོ། པཎྜི་ཏ་ལགྣི་ཀ་ར། ཤོང་ལོ་རྡོ་རྗེ་རྒྱལ་མཚན། གཅུང་བློ་གྲོས་བརྟན་པ། དབོན་ཆོས་སྐྱོང་དཔལ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། བོ་དོང་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་པ་ངག་དབང་གྲགས་པ། ཀུན་སྤངས་རྣམ་རྒྱལ་གྲགས་པ་འབུམ། རབ་འབྱམས་པ་རིན་ཅེན་ཆོས་དབང་། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག །དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་བསྙེམས་པའི་སྡེ། མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། རྗེ་ཚེ་དབང་ཀུན་མཁྱེན། ཀུན་བཟང་རྩེ་བ་དབང་ཕྱུག་རྒྱལ་མཚན། བླ་མ་རྡོ་རྗེ་རྒྱལ་མཚན། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། རིགས་བརྒྱའི་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། ཡང་ན་དཔལ་ཁང་ལོ་ཙཱ་བ་ནས། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། འཇམ་དབྱངས་ཀུན་མཁྱེན་ཚེ་དབང་ནས་རྗེ་ཆོས་དབྱིངས་རང་གྲོལ་གྱི་བར་གོང་བཞིན་ཏེ། དེ་ལ་བདག་གིས་ནོས་ཤིང་། བསྟན་པ་རིན་པོ་ཆེའི་རྒྱུན་ལ་བསམས་ནས་ཐོས་བསམ་གྱི་ཆེད་དུ་འཆད་ཉན་སྒོ་གསུམ་འབད་པས་བསྒྲུབས་པ་


GLG016_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཟང་རྫུ་འུག་པ་སྦོས་པའི་འགྱིང་ཚུལ་ལྷུར་ལེན་པ་རྣམས་དང་འདྲ་བ་ནི་མ་ཡིན་ནོ། །དེ་ཡང་སྲིད་པ་མཐའ་དག་མེ་འབར་བའི་ཀློང་ལྟར་སྡུག་བསྔལ་གྱི་རང་བཞིན་ཅན་དུ་ཤེས་ནས་འཁོར་བ་ལས་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པའི་གོ་འཕང་དོན་དུ་གཉེར་བའི་ངེས་འབྱུང་གི་བསམ་པས་ཟིན་པའི་གང་ཟག་ཆེས་དཀོན་ནའང་། དུས་ཀྱི་དབང་གིས་འདོད་པའི་ལོངས་སྤྱོད་ལ་སྲེད་པ་ཆེས་ཆེར་འཕེལ་ཀྱང་མང་དུ་ཐོས་པའི་ཚུལ་ལ་བློ་སྣ་བསྟུངས་ཏེ་ངེས་འབྱུང་སྤུ་སུད་ཀྱི་རྣམ་པས་གསོལ་འདེབས་ཐང་ཐུང་དང་བཟླས་བསྒོམ་སེམས་ཁྲིད་སད་སུད་ཀྱི་ཡིག་ཆ་ལ་ཤ་རུལ་ལ་སྦྲང་མ་འཐིབ་པ་ལྟར་འདུ་ཞིང་གཞུང་ཆེན་པོ་རྣམས་ཡལ་བར་འདོར་བའི་དབང་གིས་གངས་རིའི་ལྗོངས་འདིར་དུས་ཀྱི་འཁོར་ལོའི་ཡིག་ཆ་ལ་མཁས་རློམ་གཞན་གྱི་བརྩམས་ཆོས་གང་གིས་ཀྱང་བསྒྲུན་དུ་མེད་པ་གྲགས་པ་དོན་ལྡན་གྱི་མཁས་གྲུབ་ཆེན་པོ་ནོར་བཟང་རྒྱ་མཚོས་མཛད་པའི་སྔོན་མེད་ཀྱི་ལེགས་བཤད་དྲི་མེད་འོད་རྒྱན་པར་དུ་འཁོད་ནའང་དོན་དུ་གཉེར་བ་ཆེས་དཀོན་པས། རྟོགས་བརྗོད་རིན་པོ་ཆེ་འདི་ཉིད་ཀྱང་པར་དུ་བརྐོས་པ་པར་མཁན་རྣམས་ཀྱི་ཡན་ལག་ངལ་བའི་དཀའ་ཐུབ་ལྷུར་ལེན་པ་ཙམ་དུ་ཟད་མོད། འོན་ཏེ་རྒྱ་གར་གྱི་པཎ་ཆེན་ཁ་སྤུ་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་གསར་དུ་བརྩམས་པ་དང་། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་ཅིང་རྗེས་འཇུག་གི་བསྟན་འཛིན་མཚན་ཉིད་དང་ལྡན་པ་རྣམས་ཀྱིས་དར་རྒྱས་སུ་མཛད་པ་ནི་རང་ཉིད་མཁས་པར་བསྒྲུབ་པའི་མངོན་པའི་ང་རྒྱལ་དང་གྱ་ཚོམ་གྱིས་ཚུལ་དེར་ཞུགས་པ་མ་ཡིན་པར་དེ་བཞིན་གཤེགས་


GLG016_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དད་པ་མེད་པའི་འགྲོ་བ་རྣམས་དད་པ་གསར་དུ་སྤེལ་བ་དང་། དད་པ་དང་ལྡན་པ་རྣམས་གོང་ནས་གོང་དུ་འཕེལ་བར་འགྱུར་བས་རང་གཞན་གྱི་བསོད་ནམས་དཔག་ཏུ་མེད་པ་གསོག་པའི་ཕྱིར་དཀོན་ཅོག་ཏཱ་ལ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པས་བདེ་འགྲོའི་གྲོང་ཁྱེར་མཚོན་པ་ཡིན། །ཞེས་པ་དང་། མཁས་མཆོག་དཔའ་བོས། གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། །བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར། །ཆོས་དང་ལྡན་པའི་གཏམ་གྱིས་དགའ་བ་ཉིད་དུ་འགྱུར། །ཞེས་གསུངས་པའི་དོན་དང་མཐུན་ཞིང་། ལོ་ཆེན་ཆོས་སྐྱོང་བཟང་པོའི་བཀའ་དྲིན་ལས་ས་ལོ་འཇམ་དཔལ་རྡོ་རྗེ། དཔོན་པད་དཀར་ཆོས་སྐྱོང་། སྐྱོགས་སྟོན་སྨོན་གྲུབ་ལོ་ཙཱ་བ། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་བསྙེམས་པའི་སྡེ་སོགས་སྐད་གཉིས་སྨྲ་བའི་ལོ་ཆེན་མང་དུ་བྱོན་ཅིང་། དེ་དག་ལས་བརྒྱུད་པའི་ཡང་སློབ་དང་ཉིང་སློབ་རྒྱ་ཆེར་གྱུར་པའི་ནང་ཚན་སྒང་རྒན་འོད་ཟེར་རྒྱལ་མཚན་དང་གྲངས་ཆེན་ལོ་ཙཱ་བའི་དྲིན་ལས་སྨོན་འགྲོ་བ་ཡབ་སྲས་སོགས་ཚད་ཐུབ་ཀྱི་མཁས་པ་ཁ་ཡར་བྱུང་ཡང་དེང་སང་ནི་ཟུར་མཁར་བློ་གྲོས་རྒྱལ་པོའི་གསུང་ལས། ཚུལ་དེ་ལྟ་ན་ཡང་པུར་རྒྱལ་འདིར། །གཞན་ཀུན་ལ་ཕྱོགས་མེད་གཏོང་བ་དང་། །རང་ལེགས་བཤད་འཚོལ་བར་རློམ་ན་ཡང་། །དོན་བྱིན་ལེན་གཉིས་ཀ་གསེར་ལས་དཀོན། །ཞེས་གསུངས་པ་ལྟར་གླེགས་བམ་འདི་ཉིད་ལ་གཟིགས་


GLG016_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷུར་ལེན་པ་དཀོན་པ་འདྲ་ཞིག་འདུག་ཀྱང་། བདེ་བར་གཤེགས་པའི་བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པར་བཤད་པའི་ད་ལྟ་ལྔ་བརྒྱ་ཕྲག་དྲུག་པའི་ནང་དུ་ཡོད་པས་གཞུང་ལུགས་འདི་དག་འཆད་ཉན་གྱིས་གཏན་ལ་འབེབས་པའི་མཁས་པ་འགའ་ཞིག་འོང་སྲིད་སྙམ་རང་གིས་རང་ལ་བློ་བག་ཉེ་བར་བསྲོས་ཏེ་སྐད་གཉིས་ཤན་སྦྱར་གྱི་མ་དཔེ་འདི་བཞིན་རྒྱ་དཔེ་དང་བསྟུན་ནས་ཐམས་ཅད་མཁྱེན་པ་ལོ་ཆེན་ཆོས་སྐྱོང་བཟང་པོས་ཞུས་དག་མཛད་པའི་དཔེ་རྒྱུན་ཡིན་པས་འཁྲུལ་པ་ག་ལ་སྲིད་ཀྱང་། བུ་དཔེ་གཅིག་ནས་གཅིག་ཏུ་བརྒྱུད་པར་ཡི་གེ་ནོར་བའི་སྐྱོན་འདྲ་ཡོངས་འདུག་པ་ནས་རིན་སྤུངས་ས་སྤྱོད་དབང་པོའི་ཕྱག་དཔེ་ཁུངས་དག་ཏུ་བྱེད་པ་དང་བསྟུན་འདར་ལོ་ངག་དབང་ཕུན་ཚོགས་འབྲུ་ཞུས་དང་དོགས་གནས་ཀྱི་སར་སྒྲའི་དཔྱད་པས་གཏན་ལ་འབེབས་པ་དང་རྒྱ་བོད་ཀྱི་ཚིག་རྐང་རེ་གཉིས་ཆད་པ་སྣོན་པ་དང་བསྒྱུར་དུ་བཅུག །ཁྱད་པར་ཡལ་འདབ་གཉིས་པའི། བདག་གིས་སྒྱུ་མ་བསྒྲུབས་ནས་ནི། །ཞེས་སོགས་གློ་ཀ་གཅིག་གི་ཕྱེད་སྔ་མའི་རྐང་པ་གཉིས་པའི་སྐད་དོད་རྐང་པ་གཞན་རྣམས་ལྟར་ཁ་སྒོ་ཡང་མའི་སྡེབ་སྦྱོར། ཡལ་འདབ་གསུམ་པའི། སྙིང་སྟོབས་ལྡན་རྣམས་ནང་ནས་ནི། །ཞེས་སོགས་ཤྰཀ་གཅིག་གི་ཕྱེད་ཕྱི་མའི་རྐང་པ་དང་པོར་དགའ་བའི་ཚལ་གྱི་སྐད་དོད་འབྲུ་གསུམ་ཆད་པར་པྲི་ཡ་ནི་ཞེས་པ་བཅུག །ཡལ་འདབ་དྲུག་པའི། །ཕྱིས་ཀྱང་ལམ་ནི་དེ་ཉིད་ནས། །ཞེས་སོགས་ཤློ་ཀ་གཅིག་གི་ཕྱེད་སྔ་མའི་རྐང་པ་དང་པོའི་སྐད་དོད་ཆད་པ་རྐང་པ་ཕྱི་མ་གསུམ་དང་མཐུན་པར་ཁ་སྒོ་པ་ན་པའི་སྡེབ་སྦྱོར། ཡལ་འདབ་བརྒྱད་པར། མི་ཤེས་རྨོངས་པ་སེལ་བའི་བཅོམ་ལྡན་


GLG016_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ནི་སྙིང་རྗེ་བསོད་ནམས་ལ་བརྩོན་པས། །ཞེས་སོགས་བློ་ཀ་གཅིག་གི་ཕྱེད་སྔ་མའི་རྐང་པ་གཉིས་པ་ནས་འབད་པའི་སྐད་དོད་ཡིག་འབྲུ་གསུམ་ཆད་པ་ཨ་གོང་དུ་འཚམས་སྦྱར་མ་སྲོག་མེད་ལ་ཨ་ནུའི་ཨ་བཅུག་པའི་དངོས་བསྟན་པ་ཤྱ་མ་ཞེས་པ་བཅུག །ཡལ་འདབ་དགུ་པའི། ཉི་ཟླའི་འོད་ཟེར་ཉམས་བྱེད་རིན་ཅེན་རྣམས་དང་ས་སྲུངས་འོད་ལྡན་གླང་པོ་དང་། །ཞེས་སོགས་ཤློ་ཀ་གཅིག་གི་ཕྱེད་སྔ་མའི་རྐང་པ་དང་པོར་འོད་ཟེར་གྱི་སྐད་དོད་ཡིག་འབྲུ་བཞི་ཆད་པར་བྷ་ན་ལཱ་ཀཾ་ཞེས་པ་བཅུག །ཡལ་འདབ་བཅུ་གཉིས་པར། དེ་ནས་དུས་ཀྱིས་བདག་གི ། ཞེས་སོགས་ཤློ་ཀ་གཅིག་གི་ཕྱེད་ཕྱི་མའི་རྐང་པ་དང་པོའི་ཞེས་བྱང་བའི་སྐད་དོད་ཡིག་འབྲུ་གསུམ་ཆད་པར་ནཱ་མཱི་ཡ་ཞེས་པ་བཅུག །ཡལ་འདབ་བཅུ་བཞི་པའི། ཟ་བྱེད་རྣམས་ཀྱིས་མཐོང་བར་གྱུར། །ཅེས་པ་འདི་མཐོང་བར་གྱུར་གྱི་སྐད་དོད་ཆད་པ་དརྴ་སོགས་ཡིག་འབྲུ་དྲུག་བཅུག །ཡལ་འདབ་སུམ་ཅུ་རྩ་དྲུག་པའི་རྒྱ་སྐད་ཙ་ཏུ་ར་སོགས་རྐང་པ་གཅིག་བོད་སྐད་དུ་མ་བསྒྱུར་འདུག་བ། ཡོངས་སུ་སྤྱོད་པ་བཞི་ཡི་ནི། །ཞེས་པར་བསྒྱུར། ཡལ་འདབ་ཞེ་གཅིག་པའི་བུདྡྷ་སོགས་ཀྱི་བོད་སྐད་རྐང་པ་གཅིག་ཆད་པ། འཇིགས་པ་རྟོགས་ཤིང་ཁོང་ཆུད་པས། །ཞེས་པར་བསྒྱུར། ཡལ་འདབ་བཞི་བཅུ་རྩ་བདུན་པའི། །དེ་དག་དྲེགས་པས་ཁེགས་པ་དང་། །ཞེས་པའི་སྐད་དོད་ཆད་པ་གཞན་རྣམས་དང་མཐུན་པར་ཁ་སྒོ་ཕན་པའི་སྡེབ་སྦྱོར། ཡལ་འདབ་ལྔ་བཅུ་རྩ་གཉིས་པའི། ཆོས་མིན་མང་བའི་རྒྱལ་སྲིད་ཅེས་སོགས་རྐང་པ་གཉིས་ཀྱི་སྐད་དོད་ཆད་པ་རྐང་པ་གཞན་གཉིས་དང་མཐུན་པར་ཁ་སྒོ་མཐུན་པར་ཁ་སྒོ་ཕན་པའི་སྡེབ་སྦྱོར། ཡལ་འདབ་དྲུག་ཅུ་རྩ་དྲུག་པའི། །མཁའ་དང་རལ་གྲི་འགྲོགས་


GLG016_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །ཞེས་པའི་སྐད་དོད་རྐང་པ་གཅིག་ཆད་པ་རྐང་པ་གཞན་གསུམ་དང་མཐུན་པར་ཁ་སྒོ་ཕན་པའི་སྡེབ་སྦྱོར། ཡལ་འདབ་བདུན་ཅུ་རྩ་དྲུག་པའི། །དབེན་པར་རྣམ་པར་གནས་པ་ཡི། །ཞེས་པས་སྐད་དོད་རྐང་པ་གཅིག་ཆད་པ་རྐང་པ་གཞན་གསུམ་དང་མཐུན་པར་ཁ་སྒོ་ཕན་པའི་སྡེབ་སྦྱོར། ཡལ་འདབ་བདུན་ཅུ་རྩ་དགུ་པའི། །རང་གི་གནས་སུ་ས་བདག་དེ། །ཞེས་པའི་སྐད་དོད་རྐང་པ་གཅིག་དང་། ཡལ་འདབ་བརྒྱད་ཅུ་རྩ་བཞི་པའི། གཏེར་ནི་བརྒྱ་ཡིག་བསྐོར་བ་དེ། །ཞེས་པའི་སྐད་དོད་རྐང་པ་གཅིག་ཆད་པ་རྣམས་འདར་པ་ལོ་ཙཱ་བའི་རྣམ་དཔྱོད་ལས་ལེགས་པར་འཐོན་ཞིང་། ཡང་ཡལ་འདབ་གཉིས་པའི། །ཀྱེ་མ་ས་སྤྱོད་དཔལ་གྱི་སྡེས། །ཞེས་སོགས་ཤློ་ཀ་གཅིག་གི་རྒྱ་སྐད། ཡལ་འདབ་དྲུག་པའི་ནང་གི ། དེ་ནས་གསུམ་པའི་གྲོང་ཁྱེར་བཻ་ཌཱུརྱ་རང་བཞིན། །ཞེས་སོགས་ཤློ་ཀ་གཅིག་དང་། ཡལ་འདབ་ཞེ་བརྒྱད་པའི་ནང་གི ། དེ་ཡིས་གསལ་བར་འདི་བརྗོད་ཚེ། །ཞེས་སོགས་ཤློ་ཀ་གཉིས། ཡལ་འདབ་རེ་གཉིས་པའི་ནང་གི ། ས་ཡི་བདག་པོ་ཚངས་པས་བྱིན། །ཞེས་སོགས་ཤློ་ཀ་གཉིས་ལ་སྐད་ཤན་སྦྱར་ཡོད་པའི་གླེགས་བམ་རྣམས་སྒོ་མཐུན་པར་རྒྱ་སྐད་མི་འདུག་པས། ཡལ་འདབ་གཉིས་པའི་བློ་ཀ་གཅིག་པོ་སྡེབ་སྦྱོར་དབང་པོ་རྡོ་རྗེ། ཡལ་འདབ་དྲུག་པའི་བློ་ཀ་གཅིག་པོ་སྡེབ་སྦྱོར་ཉེ་དབང་རྡོ་རྗེ། ཡལ་འདབ་ཞེ་བརྒྱད་པའི་བློ་ཀ་གཉིས་པའི་སྡེབ་སྦྱོར་ཁ་སྒོ་ཏ་ཡང་མ། ཡལ་འདབ་རེ་གཉིས་པའི་ཤློ་ཀ་གཉིས་པོ་སྡེབ་སྦྱོར་རྐང་བཀྲའི་སྒོ་ནས་རང་གིས་རྒྱ་སྐད་དུ་བསྒྱུར། ཡལ་འདབ་དགུ་པའི་ནང་གི ། མེ་དང་


GLG016_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པའི་འོད་ལྡན་པ། །ཞེས་པའི་རྗེས་སུ་རྒྱ་དཔེར་ཏེ་ཥཾ་སོགས་ཚིག་རྐང་གཅིག་གི་རྒྱ་སྐད་མ་གཏོགས་བོད་ཡིག་མི་འདུག་པར། གསལ་བས་དེ་རྣམས་བར་ཁྱབ་བས། །ཞེས་བོད་སྐད་དུ་བསྒྱུར། ཡལ་འདབ་རེ་དྲུག་པའི་ནང་གི ། དེ་ལ་དུང་གི་ཁ་ཞེས་པ། ཁྱི་ར་འཇིགས་སུ་རུང་བ་ཡོད། །ཅེས་པ་འདི་རྫོགས་མཚམས་སུ་རྒྱ་དཔེར། པན་སྦྲི་སོགས་ཚིག་རྐང་གཉིས་ཀྱི་སྐད་དོད་འདུག་པ་སྐད་ཤན་སྦྱར་ཡོད་པའི་གླེགས་བམ་ཚོར་བོད་སྐད་དུ་མ་བསྒྱུར་བར་ས་སྟོང་བཞག་འདུག་ཅིང་། ཐམས་ཅད་མཁྱེན་པ་བཙོང་ཁ་པ་ཆེན་པོའི་ཕྱག་དཔེ་སྐད་ཤན་སྦྱར་མེད་པ་དེར་ཡང་ཚིག་རྐང་གཉིས་པོ་དེ་མི་འདུག་པས། ལམ་གནས་མཐའ་དག་གང་མཐོང་བ། །གདོན་མི་ཟ་བར་རྣམ་འཇོམས་པ། །ཞེས་པའི་ཚིག་རྐང་གཉིས་པོ་འདི་རྒྱ་དཔེ་ལས་བོད་སྐད་དུ་བསྒྱུར་ཡོད་པ་སླར་ཡང་རྒྱ་བོད་ཀྱི་ཡི་གེ་ཁུངས་བཙུན་པའི་རིགས་རྙེད་ན་མཁས་པ་རྣམས་ཀྱིས་ལེ་ཚན་འདི་རྣམས་ལ་དག་མི་དག་གི་དཔྱད་པ་མཛད་དགོས་ཡོད་ཅིང་། རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་རྣམས་ལ་སྐད་ཤན་སྦྱར་ཡོད་པ་འདི་བློ་བསྐྱེད་ཤིན་ཏུ་ཆེ་བ་འོང་འདུག་པས་པར་དུ་བརྐོས་ཤིང་མཆན་བུ་རྣམས་བརྐོས་ཚེ་གླེགས་བམ་རྫོབ་པོར་སོང་དོགས་པས། རྡུལ་ཁྲོད་དུ་གཡོ་འགུལ་མེད་པར་འཇོག་པ་རྣམས་ལ་མཆན་གྱི་དགོས་པ་མེད་ཅིང་། བློ་གྲོས་དང་བརྩོན་པར་ལྡན་པ་རྣམས་ཀྱིས་མཆན་བུ་རྣམས་སླར་བྲིས་ཆོག་པའི་དབང་དུ་བྱས་ཏེ་བར་གྱི་མ་དཔེའི་སྟ་གོན་བྱས་པ་བཞིན་ས་སྐྱོང་ཕྱག་མཛོད་འཕྲིན་ལས་རྒྱ་མཚོས་བཀོད་པས་ཁྱབ་པར་བྱས་ནས་ཞུས་དག་པར་རབ་འབྱམས་པ་དགེ་འདུན་ཆོས་འཕེལ། ལོ་ཙཱ་


GLG016_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན་དགའ་དབང་ལྡན། པར་ཡིག་པ་བྱམས་གླིང་པ་ལེགས་ལྡན་སློབ་མར་བཅས་པ་བཞི་དང་། པར་མཁན་མཁས་པ་ཡོན་བདག་ཚེ་རིང་སོགས་པར་མཁན་རྣམས་ཀྱིས་ལུས་ངག་ཡིད་གསུམ་འབད་པས་བསྒྲིམས་ཏེ་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་ལོའི་ཟླ་བ་ལྔ་པའི་ཚེས་ལྔ་རེས་གཟའ་ཕུར་བུ་དང་སྐར་མ་རྒྱལ་གྱི་འགྲུབ་སྦྱོར་ཡོད་པའི་ཉིན་དབུ་བཙུགས། ཤིང་མོ་སྦྲུལ་གྱི་ལོའི་ཐ་སྐར་གྱི་ཟླ་བའི་ཚེས་བཅོ་ལྔ་ལེགས་པར་གྲུབ་པའི་དགེ་བས་ལུས་ཅན་མཐའ་དག་རྣམ་འདྲེན་བུ་རམ་ཤིང་པ་སློབ་པ་ལམ་གྱི་གནས་སྐབས་ཀྱི་མཛད་པ་དང་མཚུངས་པར་བསླབས་ཏེ་འབྲས་བུ་ཆོས་གཟུགས་ཀྱི་སྐུ་མངོན་དུ་བྱེད་པའི་དགའ་སྟོན་མཆོག་ལ་སྤྱོད་པར་གྱུར་ཅིག །མཁའ་འགྲོ་བློ་བཟང་བསྟན་སྐྱོང་གི་ཐམ་ཕུད་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་དུ་ཕུལ་བའི་ཁ་ཡིག་འཚམས་སྤྲིན་གསར་པའི་ལང་ཚོ་སོགས། ཇོ་བོ། རིས་སུ་མ་ཆད་ཐུགས་རྗེའི་སྐྱ་རེངས་མས། །འགྲོ་ཀུན་མ་རིག་གཉིད་ལས་ཉེར་བསླངས་ཏེ། །ཐར་པའི་གཟུགས་ཀུན་མངོན་སུམ་སྟོན་མཛད་པ། །བུ་རམ་ཤིང་པའི་ཞལ་སྐྱིན་ཡིད་བཞིན་ནོར། ཁྱོད་དྲུང་རང་སེམས་མཚོན་པའི་དར་དཀར་ངོས། །མི་འགྱུར་རྟགས་ཀྱི་རི་མོ་ཐུན་འཚམས་མའི། །གསར་པའི་ལང་ཚོ་ཐོག་མར་ངོམས་པའི་ཕུད། །བདག་གཞན་དགེ་ཚོགས་དང་བཅས་ཕུལ་བའི་མཐུས། །རྩོད་ལྡན་ས་ལ་བསོད་ནམས་འཁོར་ལོ་ཡིས། །སྒྱུར་བའི་རྒྱལ་པོའི་རིགས་ལས་དཔའ་མཛངས་ཀྱིས། །བློ་བཟང་བསྟན་པ་སྐྱོང་བའི་སྤྲིངས་ཡིག་དོན། །འབངས་རྣམས་སྤྱི་བོའི་རྒྱན་དུ་ལེན་པར་ཤོག །ཐུགས་རྗེ་ཆེན་པོ། འགྲོ་


GLG016_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཅིག་ཏུ་བརྩེ་བའི་རྗེས་ཆགས་སྤྱན། །དཀྱུས་རིང་ཀུན་ལ་གཟིགས་པ་ལྷུར་མཛད་ཀྱང་། །བདུད་རིགས་སྙིང་ག་བསྲེག་པའི་ཡེ་ཤེས་མེ། །སྤྲོ་བའི་རང་བྱུང་ལག་ན་པད་དཀར་ཀྱེ། །མཐའ་མེད་འགྲོ་བའི་རྒྱུད་ཀྱི་ཉོན་མོངས་དཔུང་། འཇོམས་བྱེད་དེ་སྙེད་སྣ་ཚོགས་སྤྲུལ་པའི་གར། །གངྒཱའི་རྡུལ་གྲངས་བག་ལ་ཞར་སྟོན་ཀྱང་། །ཞིང་འདིར་ནམ་མཁའ་རྒྱལ་པོའི་མཚན་གྱིས་སྙན། །ལག་རྟགས་པདྨ་རཱ་གའི་འོད་འབར་ཅན། །སྲིད་པའི་ཕུན་ཚོགས་དང་བཅས་ལེགས་འབུལ་ན། །མངའ་འབངས་མགྲིན་སྔོན་གནག་སྣུམ་རལ་པའི་རྩེར། །ཐམ་ཁའི་ཟླ་བ་རྟག་ཏུ་ཚེས་གྱུར་ཅིག །རྒྱལ་བ་བཙོང་ཁ་པ། རྣམ་དཔྱོད་དཔུང་པས་བཏེག་པའི་ཨུཏྤལ་རྩེར། །མཁྱེན་རབ་རལ་གྲི་རྣོན་པོས་དྲི་བཅས་བསྟན། །ལོག་རྟོག་དྲྭ་བ་གཅོད་པའི་འཇམ་དཔལ་དབྱངས། །ངུར་སྨྲིག་གོས་ཀྱིས་ཀླུབས་པའི་བཙོང་ཁ་པ། །མགོན་ཁྱོད་གཏན་གྱི་སྐྱབས་སུ་ངེས་རྙེད་ནས། །རིང་ལུགས་བླ་ནས་བླར་འདེགས་ཡི་དམ་དུ། །སྙིང་ལ་བཅའ་བའི་རི་མོ་མཚོན་ནུས་པའི་། །ལེགས་སྦྱར་ཡིག་གཟུགས་བཀྲ་བ་ཐམ་ཁའི་ཕུད། །མི་ཕྱེད་དད་པ་ནོར་འཛིན་ཁྱོན་ཡངས་པར། །སྒོ་གསུམ་གཅིག་ཏུ་བསྡུས་པའི་མཎྜ་ལ། །ལྷན་ཅིག་སྤྱན་སྔར་མཆོད་པའི་སྤྲིན་སྤྲོ་ན། །ས་ལ་རྣམ་པར་རྒྱལ་བའི་དཔལ་ཐོབ་ཤོག །དཔལ་ལྷ་མོ། སྒྲིབ་གཉིས་དག་པའི་མཛེས་སྐུ་གངྒའི་ཡབ། །བཅུ་དྲུག་དགའ་བཞི་རྫོགས་པའི་ལང་ཚོ་ཅན། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་བཅོམ་ལྡན་མ། །རེས་འགའ་དཀའ་བཟློག་སྒེག་མོའི་རྣམ་འགྱུར་སྟོན། །དབང་


GLG016_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་བརྒྱད་ལྡན་དུང་སྐྱོང་ལྷ་མོ་ལ། །དབང་གི་མདངས་ལྡན་ཐམ་ཁའི་ཕུད་འབུལ་ན། །དབང་ཐང་ཚངས་པའི་སྐལ་བ་དང་མཉམ་པར། །དབང་དུ་སྡུད་པའི་སྲིད་གསུམ་ནུས་པ་སྩོལ། །རི་སྲས་ལྷ་མོ་པ་སངས་ལྟ་བུར་དཀར། །དཀར་ཕྱོགས་སྲུང་མ་ཀུན་གྱི་གཙུག་རྒྱན་གང་། །གང་ཞིག་དེང་ནས་བྱང་ཚུབ་མ་ཐོབ་བར། །བར་མཚམས་མེད་པར་མགོན་སྐྱབས་དཔུང་གཉེན་མཛོད། །ཕོ་བྲང་ཆེན་པོ་པོ་ཏཱ་ལའི་གཉེར་ཚང་སྡེར་ཡིག་གི་དེབ་ཀྱི་མཆོད་བརྗོད་ཕུན་ཚོགས་རོ་བརྒྱའི་དཔལ་འཛིན། རྗེས་ཆགས་སྤྱན་ཟུར་ལྷུང་དང་ལྷན་ཅིག་པར། །ཨུཏྤལ་རྒྱུད་ལས་འཕོས་པའི་མེ་ཏོག་མདས། །སྲིད་ཞིའི་དཔལ་འབྱོར་རང་གིར་དབང་བྱེད་པ། །བཅོམ་ལྡན་རིགས་བྱེད་ལྷ་མོས་དགེ་ལེགས་སྩོལ། །ཉི་མའི་དངོས་བརྒྱའི་ལུས་འཛིན་ངལ་བསོས་པོས། །ནེའུ་ལེའི་མགྲིན་པ་བཙིར་ལས་འདོད་ཡོན་གཏེར། །མི་འཛད་སྐྱུག་པའི་ཕུང་པོ་དབྱིག་འཛིན་ལྟོར། །ལྕི་བའི་ཁུར་ལྡན་ཤིས་པས་འདི་ན་སྐྱོང་། །འཕགས་བོད་རྒྱ་བལ་ཧོར་སོག་མཐའ་བཞི་ཡི། །བགྲང་ཡས་མཆོག་དམན་སྐྱེ་རྒུའི་དགའ་སྟོན་དུ། །རྨུགས་འཛིན་རོ་བདའ་བཟའ་བཅའི་གཡང་ཆགས་པའི། །དྲན་ཐོའི་དེབ་གཏེར་གངྒཱའི་ཆུ་རྒྱུན་སྤེལ། ཁྲོ་མོ་ཞེས་པ་ཤིང་འབྲུག་ལོ། ཕྱག་མཛོད་ས་སྐྱོང་འཕྲིན་ལས་རྒྱ་མཚོས་ཁུར་ལེན་དང་། གཙུག་ལག་གཉིས་པ་ཤེས་པའི་མིག་ཡངས་སྟག་ལུང་དཔལ་མགོན་གྱིས་དབུ་མཛད་བྱས་པའི་སྨན་མཁྱེན་མཁས་པའི་ལུགས་འཛིན་རྣམས་ཀྱིས་ར་ས་འཕྲུལ་སྣང་གི་བར་སྐོར་ལྡེབས་བྲིས་ལ་ཆོ་འཕྲུལ་བཀོད་པ། སངས་རྒྱས་ཕལ་པོ་ཆེའི་ཞིང་ཁམས་རྒྱ་མཚོ། སྟོང་ཕྲག་


GLG016_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བའི་གླེང་གཞི། བྱམས་པའི་མཛད་བཅུ། བྲིས་སྐུ་མཐོང་བ་དོན་ལྡན། བདེ་བ་ཅན་གྱི་ཞིང་བཀོད་རྣམས་བཞེངས་པའི་ནང་ཚན། ཆོ་འཕྲུལ་བཀོད་པའི་ཞལ་བྱང་ཡིད་སྦུབས་གཡུལ་ལས་རྒྱལ་བའི་རབ་སྙན་རྫ་རྔ། (སྡེབ་སྦྱོར་དག་པའི་སྣང་བ། )པྲཛྙཔཱཡཛམཀྱརཏྣགནྟྭཱཏྐལྦགམཛཱཏབཻཛཱིཀ ། ཀཱརུཎཱུཤཏརསྱཕལྱདེཝཱནཱནནྡབསནྟསོབྷག །ཐབས་ཤེས་ཟུང་འཇུག་ནོར་འཛིན་ལས། །འཁྲུངས་པའི་རྣམ་མཁྱེན་ཡོངས་འདུའི་ལྗོན། ཐུགས་རྗེའི་འབྲས་བུ་རོ་བརྒྱ་པ། །སྐལ་བཟང་འཆི་མེད་དགའ་སྟོན་དཔྱིད། །བརྒྱ་ཕྲག་ཕྱེད་གསུམ་བཅས་པའི་དགེ་འདུན་དང་། །ཐབས་ཅིག་འོད་མའི་ཚལ་ན་ཉི་མའི་གཉེན། །བཞུགས་ཚེ་དབང་རྣོན་ཆོས་ཀྱི་རྗེས་འབྲང་པ། །གཟུགས་ཅན་སྙིང་པོས་ཕུན་ཚོགས་མཆོད་སྤྲིན་སྤྲོས། །དུས་དེར་ས་དབང་གཅུང་སོགས་འགྲོ་མང་


GLG016_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པོས། །རྒྱལ་དང་སྟོན་པ་དྲུག་པོ་ཆབས་ཅིག་པར། །མཆོད་ཚེ་ཉི་མའི་དྲུང་ན་མེ་ཁྱེར་ལྟར། །གྱུར་པས་སྐལ་དམན་རྣམས་ཀྱང་ལམ་བཟང་འཁྲིད། །ས་མཐར་བྲོས་པའི་མུ་སྟེགས་སྡེ་བཅས་རྣམས། །ཞེ་སྡང་མེ་ཡིས་རང་སེམས་ཉེར་བསྲེག་ཀྱང་། །ཐུབ་ལ་འགྲན་ནུས་རྫུ་འཕྲུལ་རྩལ་མེད་པས། མངོན་པར་མུག་པས་ཡིད་ནི་ཁོང་དུ་ཆུད། །དུས་དེར་བདུད་ཀྱི་རྫོགས་བྱེད་ལ་སོགས་པ། །སོ་སོར་རང་མིན་གྲོགས་ལྔའི་གཟུགས་བསྒྱུར་ནས། །རྫུ་འཕྲུལ་བསྟན་ཚེ་བདག་ཉིད་ཉམ་ཆུང་ལས། །གཞན་རྣམས་མཐུ་ཆེ་སྙམ་སྟེ་སྤོབས་མཐོར་གྱུར། །རྐྱེན་དེས་མུ་སྟེགས་རྣམས་ཀྱིས་ས་སྤྱོད་ལ། །བདག་དང་གོ་ཏ་མ་ཆོ་འཕྲུལ་རྩལ། །འགྲན་པའི་གནང་བ་ཞུས་ཚེ་མི་བདག་གིས། །རྣམ་འདྲེན་ལ་གསོལ་དེ་དོན་ཞལ་གྱིས་འཆེས། །རིམ་བཞིན་ཡངས་པ་ཅན་དང་ཀོ་ཤམྦྷི། །ཝར་གྱི་ཏི་ག་ཙྭ་ཤྲཱི་ཕུག་རལ་ཅན། །སེར་སྐྱར་བསོད་ནམས་མགྲོན་གཤེགས་ཆོ་འཕྲུལ་རྩལ། །འགྲན་ནུས་མིན་པར་བྱོལ་སྙམ་མུ་སྟེགས་སེམས། །མཉན་དུ་ཡོད་པར་ད་སྟེ་ཞག་བདུན་ནས། །ཆོ་འཕྲུལ་འགྲན་པར་དུས་བཏབ་ཚུལ་དེ་ལ། །བལྟ་འདོད་ལྷར་བཅས་སྐྱེ་རྒུ་མཐའ་དག་པ། །དབྱར་གྱི་ཆུ་འཛིན་བཞིན་དུ་ལང་ལོང་གཡོ། །ཚེས་གཅིག་མི་དབང་གསལ་རྒྱལ་གྱི་མཆོད་ཚེམས་ཤིང་ས་ལ་བཙུགས་མ་ཐག །སྐྱེས་པའི་ལྗོན་པ་དཔངས་སུ་ལྔ་བརྒྱའི་དཔག་ཚད་དེ་སྙེད་ཁོར་ཡུག་ཅན། །མེ་ཏོག་ཤིང་རྟའི་འཕང་ལོ་དང་མཉམ་འབྲས་བུ་བྲེ་ལྔའི་བཅུད་ཤོང་བོངས། །ཡལ་འདབ་རྩ་བར་རིན་ཅེན་སྣ་བདུན་བཀྲག་མདངས་སྣང་བས་གླིང་


GLG016_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མུན་སེལ། །ཞིམ་པའི་རོ་དང་དངར་བའི་དྲི་འཐུལ་རླུང་གིས་བསྐྱོད་པར་ཆོས་ཀྱི་སྒྲ། །ཉམས་སུ་མྱོང་བས་མི་ཕྱེད་དད་དང་ཐུབ་པས་ཆོས་བསྟན་འབྲས་བུ་ལས། །ཕུན་ཚོགས་ལྷ་ཡི་ལུས་བཟང་ཐོབ་སོགས་ངོ་མཚར་བཀོད་པ་རྒྱ་མཚོའི་དཔལ། །མངོན་སུམ་མཐོང་བའི་བསྐལ་བཟང་འདི་ཀོ་ལེགས་བྱས་རྒྱ་མཚོའི་ཟོང་གིས་རྙེད། །ཚེས་གཉིས་ཨུ་དྲ་ཡ་ཎས་མཆོད་ཚེ་སྔོན་མེད་རིན་ཅེན་རི་བོ་གཉིས། །མཐོ་ཞིང་བརྗིད་ཆགས་ལྷ་མིའི་ནོར་བུ་གཅལ་དུ་བཀྲམ་པ་རབ་ཏུ་བཀྲ། །རྐང་འཐུང་འཕྲེང་བའི་མེ་ཏོག་འདབ་འཛུམ་འབྲས་བུས་དུད་ཅིང་སྒྲ་སྙན་འཁྲོལ། །གཡས་རིར་རོ་བདའི་འབྲས་ཀྱི་སྙེ་མར་མི་རྣམས་དགའ་མགུར་ལོངས་སྤྱོད་ཅིང་། །གཡོན་རིར་སྔོ་ལྗང་བཅུད་ལྡན་རྩྭ་ཡིས་དུད་འགྲོའི་ཚོགས་རྣམས་ལེགས་ཚིམ་པའི། །མ་སྨད་རྣམ་པར་སྤྲུལ་པའི་ཆོ་འཕྲུལ་མཆོག་དམན་ཀུན་གྱིས་མངོན་སུམ་མཐོང་། །རྒྱུད་མངས་གླུ་ལྟར་སྙན་པའི་ཆོས་སྒྲས་འགྲོ་ཀུན་བྱང་ཆུབ་སེམས་བསྐྱེད་ཅིང་། །འཆི་མེད་ཕུན་ཚོགས་རྩེ་དགའ་ཡོངས་དགོད་རྣམ་འདྲེན་ཐུགས་རྗེ་ཕ་མཐའ་ཡས། །ཚེས་གསུམ་ཤུཉྩིད་ལས་ཡོན་སྦྱར་ཞལ་བསིལ་གསེར་ལྡན་ལ་དོར་བས། །ཆུ་རྫིང་བཻ་ཌཱུར་ཞུན་མ་འཁྱིལ་འདྲ་དཔག་ཚད་ཉིས་བརྒྱའི་ཁོར་ཡུག་ཅན། རིན་ཅེན་བདུན་སྤྲས་བྱེ་མ་ཡོངས་བརྡལ་ཆུ་སྐྱེས་ཤིང་རྟའི་འཁོར་ལོ་ཙམ། །སྔོ་སེར་དམར་དཀར་ལེ་བརྒན་མ་རྒད་ཁ་དོག་རྣམ་བཀྲ་དབང་གཞུའི་སྤུན། །རྫིང་བུ་དེ་ལ་ཉེར་བརྟན་མེ་ཏོག་རིན་ཅེན་ལ་སོགས་དངོས་ཀུན་གྱི། །བཀྲག་མདངས་ཆེས་ཆེར་འཚེར་བའི་འོད་ཀྱིས་ཉིན་བྱེད་དལ་མེད་ཆུ་ལྷར་བྲོས། །ཉེར་གནས་ལྷ་མིར་བཅས་པའི་འཁོར་རྣམས་ཡིད་འོང་པ་


GLG016_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལྟད་མོར་གཡེངས། །དམ་ཆོས་སྒྲ་ཡིས་དེ་ཀུན་སེམས་བསྐྱེད་མཐོ་རིས་ས་བོན་བླ་མེད་རྙེད། །ཚེས་བཞིར་ཨིནྡྲ་ཝ་མིས་བཀུར་ཚེ་སྔ་ཉིན་སྤྲུལ་པའི་རྫིང་བུའི་འགྲམ། །ལྷུང་ལྷུང་སྙན་པའི་སྒྲ་དབྱངས་ལེགས་འཁྲོལ་ཉལ་འགྲོ་བརྒྱད་ཀྱིས་ཡོངས་བསྐོར་ཅིང༌། །སླར་ཡང་གཞན་དུ་འགྲོ་བ་མེད་པར་རྫིང་བུ་ཉིད་དུ་ཉེར་ཞུགས་པ། །ཆུ་ཀླུང་ཚོགས་རྣམས་རྒྱ་མཚོར་རོ་གཅིག་ངང་ཚུལ་མངོན་སུམ་སྟོན་པ་བཞིན། །དེའི་ཚེ་འདབ་ལྡན་སྐད་ལས་གདངས་སྙན་ལུས་ཅན་རྣ་བར་སོན་པའི་དབྱངས། །དབང་སྟོབས་རྣམ་ལྔ་བྱང་ཆུབ་ཡན་ལག་བདུན་ལྡན་འཕགས་པའི་ལམ་བརྒྱད་དང་། །རྣམ་པར་ཐར་གསུམ་མངོན་ཤེས་ཕྱིན་དྲུག་ཚད་མེད་བཞི་ཡི་དམ་ཆོས་སྒྲར། །ཤར་བས་འགྲོ་རྣམས་རྫོགས་སངས་རྒྱས་དང་མཐོ་རིས་རྒྱུ་ཚོགས་སྲིད་རྩེར་སྤུངས། །ཚེས་ལྔར་ཚངས་བྱིན་རྒྱལ་པོས་གཡོས་སྦྱར་ཐུབ་དབང་དགྱེས་པའི་འཛུམ་ཞལ་ལས། །གསེར་རིར་ཉི་མའི་དངོས་བརྒྱས་འཁྱུད་འདྲའི་འོད་ཟེར་འཕྲེང་བ་གྲངས་མེད་པ། །སྟོང་གསུམ་འཇིག་རྟེན་ཁམས་ཀུན་གསལ་ཞིང་འོད་དེས་ལུས་རེག་སྐྱེ་རྒུ་རྣམས། །སྒྲིབ་ལྔའི་སྨག་རུམ་མུན་སྟུག་རབ་བསངས་སྔོན་མེད་བདེ་བའི་རོ་ཡིས་མྱོས། །དེ་ཚུལ་རང་གི་མཐུ་ཡིས་མ་ཡིན་བདེ་བར་གཤེགས་པའི་བྱིན་རླབས་སུ། །ངེས་པས་ཡོན་ཏན་རྒྱ་མཚོ་ལ་མོས་འཁོར་ལ་ཚངས་དབྱངས་ཆོས་བསྟན་མཐུས། །སྐལ་བར་ལྡན་པའི་ལྷ་མིའི་ཚོགས་རྣམས་མཐོ་རིས་ཐར་པའི་རྟེན་བཟང་པོ། །སྒྲུབ་ནུས་ས་བོན་དད་པའི་ཞིང་སར་ཡོངས་སུ་བཏབ་པའི་རྨད་དུ་བྱུང་། །ཚེས་དྲུག་དྲ་མའི་ཚོགས་ཀྱིས་མཆོད་ཚེ་ཡོངས་ཁྱབ་ཐུབ་


GLG016_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐུགས་རྗེ་ཆེས། །དེར་འཁོད་མངོན་ཤེས་མི་ལྡན་ཀུན་ལ་གསེར་འགྱུར་བཞིན་དུ་བྱིན་བརླབས་པས། །ཕན་ཚུན་གཅིག་གིས་ཅིག་ཤོས་ཁམས་དང་བསམ་པའི་ཁྱད་པར་རབ་ཤེས་ཏེ། །དཀར་ནག་ལས་འབྲས་ཆེས་ཕྲ་རྟོགས་པས་དགའ་འཇིགས་སྤྲོ་རྣམས་འགྲན་པ་བཞིན། །ད་ལྟའི་ཕུལ་བྱུང་ཡོན་ཏན་ཐོབ་པའི་རྒྱུ་གཞན་མེད་ཕྱིཪ་རྒྱལ་བའི་མཐུར། །ངེས་ནས་བསོད་ནམས་རྒྱ་མཚོའི་ཞིང་ལ་བསྟོད་བསྔགས་དཀའ་ཐུབ་ལྷུར་ལེན་ཅིང་། །ཡོན་ཏན་ལ་དད་བཀའ་དྲིན་གྱིས་གུས་དམ་པའི་ཆོས་ཐོས་རྒྱུ་་རྐྱེན་ལས། །ཡེ་ཤེས་མཆོག་དང་འཆི་མེད་རྟེན་རྒྱུའི་ཆོས་དཀར་དབྱར་མཚོ་ལྟ་བུར་འཕེལ། ཚེས་བདུན་ཤཱཀྱའི་རིགས་ཀྱིས་བསྙེན་བཀུར་ཡེ་ཤེས་མཆོག་གི་སྒྱུ་དྲ་ཡིས། །དེར་འཁོད་ཞམ་རིང་ཚོགས་ཀུན་གནས་གྱུར་རིན་ཅེན་བདུན་ལྡན་འཁོར་ལོས་སྒྱུར། །སྲས་སྟོང་རྒྱལ་ཕྲན་བློན་འབངས་རྣམས་ཀྱིས་མ་སྨད་ཕུ་དུད་རབ་སྟོབ་པ། །སྒྱུ་མ་མཁན་གྱི་ཁེངས་པ་སྐྱུང་བྱེད་ཡ་མཚན་གཟིགས་མོ་ཚར་དུ་དངར། །ཚུལ་དེ་མངོན་སུམ་ཉམས་སུ་མྱོང་བ་ཐུབ་བྱིན་རླབས་ལས་བྱུང་སེམས་པའི། །ལྷ་དང་བཅས་པའི་སྐྱེ་རྒུའི་ཚོགས་རྣམས་མི་ལྡོག་དད་བརྟན་སྤྲོ་དགའི་བློ། །དཀར་ཕྱོགས་ཟླ་བའི་ཆ་ཤས་བཞིན་འཕེལ་ཟབ་རྒྱས་ཆོས་ཚུལ་ཐོས་པའི་མཐུས། །ཐེག་ཆེན་རིགས་ཀྱི་ནུས་པ་ཡོངས་སད་ལ་ལ་མངོན་མཐོའི་ས་བོན་བསྐྲུན། །ཚེས་བརྒྱད་ལྷ་དབང་སྲི་ཞུ་བསྐྲུན་ཚེ་ཕྱག་སོར་སེང་ཁྲི་མནན་སྒྲ་ལས། །ཕྱག་ན་རྡོ་རྗེ་སྲིན་པོ་ལྔ་འཐོན་སྟོན་པ་དྲུག་པོ་ཕྱེར་འཐག་པའི། །དྲག་ཤུལ་སྟོབས་ཀྱིས་མེ་ཏོག་མདའ་ཅན་སྡེ་བཅས་དཔུང་པ་རྣམ་པར་ཞིག །ལོག་ལམ་འཁྱམས་པའི་


GLG016_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འབངས་དགུ་ཁྲི་རབ་ཏུ་བྱུང་ཞིང་དགྲ་བཅོམ་གྱུར། །ཐུབ་དབང་བ་སྤུའི་བུ་ག་བརྒྱད་ཁྲི་དེ་སྙེད་གྲངས་ཀྱི་འོད་འཕྲོས་རྩེར། །པདྨའི་གདན་ལ་བདེ་བར་གཤེགས་རྣམས་རང་རང་འཁོར་ལ་ཆོས་སྟོན་པ། ཀུན་གྱིས་མཐོང་བྱིན་བརླབས་པས་མོས་ཐོབ་རྣ་བར་དམ་པའི་ཆོས་ཐོས་པས། །མཆོག་རྣམས་སངས་རྒྱས་ས་རུ་སེམས་བསྐྱེད་དམན་དགའ་ལྷ་མིའི་ལེགས་བྱས་སྤེལ། །ཚེས་དགུར་མེས་པོས་མཆོད་པའི་སྤྲིན་སྤྲོས་བུ་རམ་ཤིང་པའི་གཙུག་ཏོར་རྩེར། །ཚངས་པའི་ཡུལ་སར་མངོན་པར་འཕགས་པའི་གཟུགས་སྐུ་མཉན་ཡོད་ཁྲིར་བཞུགས་པ། །སོ་སྐྱེའི་ཡུལ་ལས་ཡོངས་སུ་འདས་ཀྱང་དེར་འཁོད་འཁོར་གྱིས་མངོན་སུམ་དུ། །ལྟ་བའི་སྐལ་བ་ཅན་བྱིན་བརླབས་ཚེ་དག་པའི་སྣང་བ་འབྱམས་སུ་ཀླས། །དེ་ཚེ་སྐུ་ལས་ཉེར་འཕྲོས་འོད་ཟེར་དྲ་བའི་ཡུག་རབ་སྦྲེལ་བའི། །གནམ་སའི་ཁྱོན་ཀུན་སྒྲིབ་པ་མེད་པར་ཀུན་གྱིས་མངོན་སུམ་གསལ་བར་མཐོང་། །ཆོས་རྗེས་འབྲངས་པའི་དད་པ་ཡོངས་འདུ་ཡལ་འདབ་གཡུར་དུ་ཟ་བའི་རྩེར། །མཐོ་རིས་ཐར་པའི་འབྲས་བུ་རབ་ལྡན་ཕན་བདེའི་རོ་བདེའི་བཅུད་དུ་སྨིན། །ཚེས་བཅུར་རྒྱལ་ཆེན་སྡེ་བཞིས་ཡོན་སྦྱར་མཚན་དཔེའི་དཔལ་འབར་ཟས་གཙང་སྐུ། །སྲིད་རྩེར་ཁྱབ་ལས་འཕྲོས་པའི་འོད་སྣང་འཇིག་རྟེན་གསུམ་གྱི་སྒྲོན་མེ་ཡིས། ཁམས་གསུམ་གནས་རྣམས་རི་རབ་ཙམ་ཡང་མཐོང་མིན་སྐྱེ་རྒུའི་མིག་ཤེས་ཀྱིས། །མངོན་སུམ་ལྟ་བའི་སྐལ་བར་སྦྱོར་འདི་སངས་རྒྱས་ཉག་ཅིག་ཡོན་ཏན་ཡིན། །བརྒྱ་ཕྲག་འཆིང་བས་བཅིངས་


GLG016_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྲོ་མང་འབད་པས་བསྒྲུབ་ལ་ལྟོས་མིན་པར། །སྐད་ཅིག་གྲོལ་འདྲའི་ངོ་མཚར་ཚུལ་ལ་ལྷ་མིར་བཅས་པའི་ཡིད་ཅན་རྣམས། །ཆེས་ཆེར་དད་པའི་སྤུ་ལོང་རབ་གཡོས་ཆོས་ཐོས་རྒྱུ་ལས་སེམས་བསྐྱེད་ཅིང༌། །མཐོ་རིས་རྟེན་གྱི་རིན་ཅེན་འཕྲེང་བ་ལེགས་བྱས་སྲད་བུར་བརྒྱུད་འདི་མཚར། །བཅུ་གཅིག་མགོན་མེད་ཟས་སྦྱིན་གྱིས་མཆོད་མཚན་དཔེ་ལྡན་པའི་གཟུགས་ཀྱི་སྐུ། །སྣ་ཚོགས་འོད་ཟེར་དྲ་བའི་ཁོར་ཡུག་གཅིག་ཏུ་འཁྱིལ་བའི་ཕུང་པོ་ནས། །ཚངས་པའི་དབྱངས་ལྡན་ཡན་ལག་དྲུག་ཅུ་ཕང་འགྲོའི་སྒྲ་ལས་དམ་པའི་ཆོས། །ཚིག་དོན་རང་རང་སྐད་དང་དབང་པོར་འཚམ་པ་ཇི་བཞིན་ཉེར་བསྟན་པས། །དེར་འདུས་ལྷ་མིར་བཅས་པའི་གདུལ་བྱ་མཆོག་དམན་བར་པའི་སྐྱེ་རྒུ་ཀུན། །རྣམ་པ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་ཕྱིར་མི་ལྡོག་དང་དགྲ་བཅོམ་པ། །མཐོ་རིས་རྟེན་བཟང་བསྒྲུབ་པའི་བསོད་ནམས་ཏིལ་གྱི་གང་བུ་བཞིན་འཕེལ་དང་། །མཐོང་ཐོས་དྲན་རེག་རྣམ་པར་ཐར་ལ་དད་པའི་སྤུ་ལོང་ཆེས་ཆེར་གཡོས། །བཅུ་གཉིས་ཙིནྟས་གཡོས་སྦྱར་དེ་ཚེ་བྱམས་པ་མཆོག་གི་ཏིང་འཛིན་མཐུས། །གཟུགས་སྐུ་འཛམ་བུའི་གསེར་སྦྱངས་འོད་དྲས་སྟོང་གསུམ་འཇིག་རྟེན་ཀུན་ཁྱབ་དང་། །ལྷན་ཅིག་འཁོར་འདུས་རྣམས་ལ་རེག་པས་དུག་གསུམ་རྟོག་ཚོགས་རབ་ཞི་སྟེ། །ཕན་ཚུན་ཕ་མ་ཕུ་ནུ་བཞིན་དུ་མ་འདྲིས་མཛའ་བའི་བཤེས་སུ་གྱུར། །སྒང་གཤོང་མེད་པར་ཀུན་ལ་བྱམས་དང་སྙིང་རྗེ་ཆེན་པོ་རབ་བསྐྱེད་པའི། །སྒྱུ་ཐབས་འདི་ཀོ་ཟས་གཙང་སྲས་ཀྱི་ཐུགས་རྗེར་ཤེས་པའི་དད་པ་དང་། །དམ་པའི་


GLG016_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྒྲ་རྣ་བར་ལྷུང་ལས་མྱང་འདས་ས་ལ་སེམས་བསྐྱེད་ཅིང་། །གླིང་བཞིའི་མི་དང་སུམ་རྩེན་གནས་ཀྱི་བདེ་སྐྱིད་རྒྱུ་ཚོགས་བསྐྲུན་ལ་བྲེལ། །བཅུ་གསུམ་ཤུཉྩིས་མཆོད་སྦྱིན་དེ་ཚེ་ལྟེ་བ་ལས་འཕྲོས་འོད་ཟེར་གཉིས། །སྐུ་ལས་འདོམ་བདུན་ཙམ་འཕགས་རྩེ་མོར་པད་སྟེང་བདེ་གཤེགས་ལེགས་བཞུགས་ཤིང་། །གང་གི་ལྟེ་བ་ལས་ཀྱང་འཕྲོས་དང་སངས་རྒྱས་སྔར་བཞིན་གྲངས་མེད་པས། །སྟོང་གསུམ་འཇིག་རྟེན་ཁོར་ཡུག་མ་ལུས་བར་མཚམས་མེད་པར་ཡོངས་སུ་བཀང་། །སྤྲུལ་པའི་ཟློས་གར་ཆོ་འཕྲུལ་བལྟར་འོངས་ལུས་ཅན་ཀུན་གྱིས་གསལ་མཐོང་ཞིང་། །བཀྲ་ཤིས་གཡས་སུ་འཁྱིལ་བའི་མགྲིན་ལས་དམ་པའི་ཆོས་ཀྱི་དུང་དཀར་སྒྲ། །ཐོས་དོན་སྙིང་གི་ཟ་མ་ཏོག་འཁྱིལ་སྐལ་བར་ལྡན་པའི་གདུལ་བྱ་རྣམས། །རྒྱལ་སྲས་སློབ་མར་བཅས་པའི་བྱང་ཆུབ་མཐོ་རིས་ས་བོན་ཡོངས་སུ་སྤེལ། །བཅུ་བཞིར་ཨུ་དྲ་ཡ་ཎས་མཆོད་པའི་མེ་ཏོག་རྒྱལ་སྐུར་རབ་གཏོར་བ། །སྐད་ཅིག་དེ་ཉིད་སྣ་ཚོགས་རིན་ཅེན་ཁམས་ལས་ལེགས་གྲུབ་ཤིང་རྟའི་དབྱིབས། །དེའི་གྲངས་སྟོང་དང་ཉིས་བརྒྱ་ལྔ་བཅུས་སྟོང་གསུམ་སྟོང་གི་འཇིག་རྟེན་ཀུན། །ལུས་པ་མེད་པར་ཡོངས་སུ་ཉེར་ཁྱབ་འགྲོ་རྣམས་མིག་གིས་མཐོང་བྱིན་བརླབས། །སྣ་ཚོགས་ཐེག་པའི་ཆོས་ཀྱི་རྩི་སྨན་དུས་གསུམ་ནད་བརྒྱ་སེལ་བའི་བཅུད། །སྤང་རྟོགས་ཡོན་ཏན་རིན་ཅེན་ཐེམ་སྐས་ཐར་པའི་ཁང་བཟང་བགྲོད་པའི་ལམ། །སྐལ་བ་བཟང་པོའི་ཡིད་ཅན་ཚོགས་རྣམས་བདེ་བའི་འཇུག་ངོགས་གཅིག་པུ་བ། །


GLG016_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་འདིས་ཀྱང་ཟས་གཙང་སྲས་ལ་དད་པའི་ལག་པད་སྙིང་གར་ཟུམ། །བཅོ་ལྔར་གཟུགས་ཅན་སྙིང་པོས་ཡོན་སྦྱར་ཟས་རྣམས་རོ་བརྒྱའི་དཔལ་ལྡན་ཞིང་། །ཟོས་ཀུན་བདེ་བ་མྱོང་བར་བྱིན་བརླབས་དེར་འཁོད་ཚོགས་ལ་མངོན་སུམ་དུ། །བསྟན་པའི་སེམས་ཅན་དམྱལ་བ་པ་རྣམས་ཉམ་ཐག་སྨྲེ་སྔགས་འོ་དོད་འབོད། །ཚུལ་དེར་འཁོར་ཚོགས་སྙིང་རྗེའི་སེམས་དང་འཇིགས་སྐྲག་ཕན་ཚུན་འགྲན་པ་བཞིན། །གདུལ་བྱ་ཀུན་ལ་དམ་པའི་ཆོས་གསུངས་ལ་ལ་ཐེག་གསུམ་སེམས་རབ་སྐྱེད། །འགའ་ཞིག་མཐོ་རིས་དཔལ་མོའི་བཞིན་ལ་ཆགས་པའི་བདེ་བ་ལྷུར་ལེན་བྱེད། །དམྱལ་བའི་འགྲོ་རྣམས་ཐུབ་དབང་ཞལ་མཐོང་དད་པས་སྐྱབས་སུ་ཉེར་གསོལ་བས། །ཚེ་འཕོས་ལྷ་མིའི་སྲིད་པ་ལེགས་བཟུང་བདེ་སྐྱིད་དཔལ་ལ་སྤྱོད་འདི་མཚར། །ཤཱཀྱ་སེང་གེའི་འཇིགས་མེད་ང་རོའི་སྒྲས། །མུ་སྟེགས་རི་དྭགས་ལྐོག་མར་སྙིང་འབྲོས་པའི། །མཉན་ཡོད་མཆོད་པའི་ཆོ་འཕྲུལ་མཛད་པ་ཡི། །རྟོགས་པ་བརྗོད་པའི་ཡལ་འདབ་མཐའ་ཀླས་པ། །ཕལ་ཆེན་ཞིང་ཁམས་རྒྱ་མཚོའི་རྣམ་འཕྲུལ་དང་། །ཤར་ཕྱོགས་གླེང་གཞི་སྣང་མཐའ་ཡས་པའི་ཁམས། །བྱམས་མགོན་དབུས་འགྱུར་བྱོན་དང་འཇམ་དཔལ་གྱི། །རྩ་རྒྱུད་ལས་བསྟན་བྲིས་སྐུའི་བཀོད་པ་རྣམས། །སྟག་ལུང་དཔལ་མགོན་གཙོར་གྱུར་མཁྱེན་སྨན་གྱི། །ལུགས་འཛིན་རྣམ་དཔྱོད་རབ་ཡངས་ཚངས་པའི་སྤུན། །སོར་མོའི་འཕྲུལ་གྱིས་བྱེ་བ་ཕྲག་བརྒྱ་ཡི། །ཞིང་ཁམས་མངོན་སུམ་སྟོན་པའི་བྱེད་པོ་བཞིན། །


GLG016_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་མོ་ཆེའི་ཞིང་ཁམས་རྒྱ་མཚོའི་ཞལ་བྱང་དག་པའི་སྣང་བ་འབྱམས་ཀླས། (སྡེབ་སྦྱོར་གློག་འཕྲེང་)ཛྙཱནོཏྟམཱཔུཥྐརྱེགཾགེརཛཀྵེཏྭཱནཾརཱུཔོ། དཡཨནྟམེཡཾཀཱརཎཾསམྤཎྞཏནྟཡཙྪ། །ཡེ་ཤེས་མཆོག་གི་རྫིང་བུ་རུ། །གངྒཱའི་རྡུལ་སྙེད་ཞིང་གི་གཟུགས། །འཆར་བའི་ཕ་མཐའ་གཞལ་བྱེད་པ། །རྫོགས་པའི་སངས་རྒྱས་ལས་གཞན་སུ། །འོན་ཏེ་ཀ་ཤིས་ཡུན་བདར་ལྷུན་པོའི་ངོས། །ཟད་པའི་དཀའ་ཐུབ་འབད་པས་བསྟེན་བྱེད་ན། །བདག་འདྲས་ཚུལ་མཐོང་བྱིས་བློ་ཀུ་ཤའི་རྩེས། །ཐུབ་ཞིང་ཡོན་ཏན་མཚོ་ལས་ཆུ་ཐིགས་ལེན། །རླུང་གི་དཀྱིལ་འཁོར་ཀྱིས་བཏེག་འཇིག་རྟེན་ཁམས། །ལྕགས་རིས་བསྐོར་ཞིང་ཚངས་པའི་ཡུལ་སའི་བར། །སྟོང་དུ་གྲངས་ལ་སྤྱི་ཕུད་དེ་སྟོང་ལ། །སྟོང་གཉིས་བར་མའི་འཇིག་རྟེན་ཁམས་སུ་བརྗོད། །དེ་ཉིད་སྟོང་དུ་ལོངས་ལ་སྟོང་ཆེན་པོའི། །འཇིག་རྟེན་ཁམས་ཏེ་འབུམ་གྱི་ཚད་རྙེད་ཚེ། །རབ་འབྱམས་རྒྱུད་དང་


GLG016_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གང་འདུལ་མཚམས་སྦྱོར་ཁམས། །དེ་འབུམ་གྲངས་ལ་རབ་འབྱམས་རྒྱ་མཚོར་གྲགས། །བརྗོད་མ་ཐག་པ་འབུམ་དུ་ཉེར་སོན་ཚེ། །གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་ན། །རྣམ་པར་སྣང་མཛད་གངས་ཅན་མཚོ་ཤེས་པ། །ཞིང་ཀུན་སྐུ་ལ་རྫོགས་པའི་སྟོན་པ་བཞུགས། །ཕྱག་མཐིལ་བསླང་བའི་སྣོད་འཁྲུངས་ཆུ་སྐྱེས་ཀྱི། །འདབ་མ་ཉེར་ལྔའི་བཅུ་གསུམ་ཟེའུ་འབྲུར། །རང་གནས་གཞི་དང་སྙིང་པོ་མེ་ཏོག་གིས། །བརྒྱན་པའི་ཞིང་ཁམས་བཀོད་པ་ཚར་དུ་དངར། །ཚུལ་དེ་དམན་བློར་ཤོང་མིན་འགལ་བའི་ཁུར། །དག་པའི་སྣང་བར་གོ་ས་མི་འགོག་པ། །ལྷུན་པོ་མིག་གི་དབང་པོར་འཆར་བ་བཞིན། །ཐེག་ཆེན་ཆོས་ཀྱི་ཟབ་གསང་ཕ་མཐའ་ཡས། །བཅོམ་ལྡན་ཞལ་ལས་འོད་འཕྲོས་ཤར་ཕྱོགས་ན། །རྒྱ་མཚོ་པདྨ་དྲི་མེད་སྣང་རྒྱན་དུ། །ཆོས་ཀྱི་ཆུ་བོ་རྣམ་པར་སངས་རྒྱས་པ། །ནམ་མཁའ་མཐའ་ཡས་རྒྱལ་པོའི་མཚན་ཀྱིས་སྙན། །བྱང་སེམས་ཆོས་ཀྱི་པདྨ་རྣམ་བལྟ་བའི། །རྒྱལ་མཚན་ལུས་ཀྱི་སྤྲིན་བཅུད་མང་འཕེལ་ལས། །རིན་ཅེན་རི་བོ་སིལ་སྙན་ཤིང་གི་མཛོད། །སྤོས་སོགས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་སྤྲས། །ཐུབ་ཆེན་རྒྱལ་བའི་སྤྱན་སྔར་ཉེར་ལྷགས་ཏེ། །མགོན་ལ་གུས་པའི་བློ་ཡིས་ཕྱག་འཚལ་ནས། །ཤར་ཕྱོགས་ངོས་བསྟན་མེ་ཏོག་སྣ་ཚོགས་ཀྱི། །སྙིང་པོ་སེང་གེའི་ཁྲི་ལ་སྐྱིལ་ཀྲུང་བཅས། །ལྷོ་ཕྱོགས་རྒྱ་མཚོ་རིན་ཅེན་སྣང་པའི་སྙིང་། །ཀུན་མཁྱེན་འོད་དཔལ་རྒྱལ་མཆོག་འདྲེན་པ་ལ། །བྱང་སེམས་ཆོས་ཀྱི་རྒྱ་མཚོ་རྣམ་སྣང་བློས། །སྔོན་བཞིན་འཛད་པ་མེད་པའི་ཆོ་འཕྲུལ་བསྟན། །ནུབ་ཕྱོགས་རིན་ཅེན་འོད་ཀྱི་སྣང་བ་དུ། །བདེ་གཤེགས་


GLG016_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་ལྡན་ཡོན་ཏན་རིན་ཅེན་རྒྱན། །སེམས་དཔའ་སྤོས་འོད་འཕྲོ་བའི་རྒྱན་ཟླའི་འོད། །རྨད་བྱུང་རྟོགས་བརྗོད་གོང་མའི་རྗེས་སུ་འཇུག །བྱང་ཕྱོགས་བཻ་ཌཱུར་པདྨ་འོད་སྙིང་ན། །འདྲེན་པ་ཡེ་ཤེས་དཔལ་ཀུན་དབྱངས་ཀྱི་རྒྱལ། །དེ་སྲས་སེང་གེའི་འོད་སྣང་མཐུ་འབྱིན་བློས། །རྫུ་འཕྲུལ་འཛད་མེད་གཏེར་སྒོ་སྔོན་མར་འཁུ། །བྱང་ཤར་ཛམྦུ་ཆུ་ཀླུང་ཤེལ་མཚོན་ན། །ཐུབ་པ་ཆོས་ཀུན་མི་འཇིགས་སྒྲོན་མ་ལ། །རྒྱལ་སྲས་ཆོས་ཡོན་མི་ཟད་གཟི་བརྗིད་གྱིས། །མཐའ་ཀླས་མཛད་པ་གོང་གི་ཚུལ་ལ་འཕྱ། །ཤར་ལྷོ་བཻ་ཌཱུར་འོད་སྣང་གསེར་བརྒྱན་ན། །ཀུན་ཏུ་དགའ་བའི་ཤུགས་ལྡན་དཔལ་གྱི་རྒྱལ། །སེམས་དཔའ་ཡེ་ཤེས་འོད་ཟེར་ཀུན་སྒྲོན་བློས། །སྔོན་རབས་རྗེས་སུ་རྐང་འཇོག་རྫུ་འཕྲུལ་བསྟན། ལྷོ་ནུབ་ཉི་འོད་རབ་འབར་ཀུན་སྣང་སྙིང་། །ཐུབ་པ་ཡེ་ཤེས་རྣམ་པར་སྣང་བའི་དབྱངས། །སྲས་མཆོག་མེ་ཏོག་ཀུན་འཕྲོ་གཙུག་ཕུད་འཆང་། །གསང་གསུམ་བཀོད་པ་གོང་ལ་རྣམ་པར་འགྲན། །ནུབ་བྱང་རིན་ཅེན་འོད་འབར་སྐར་མདའི་སྙིང་། །རྣམ་འདྲེན་ཡོན་ཏན་རྒྱ་མཚོ་ཚད་མེད་འོད། །བྱང་སེམས་གཟི་བརྗིད་མི་ཟད་རྒྱལ་བའི་བློས། །སྔོན་བྱོན་རྣམ་ཐར་མ་ལུས་བཟུང་བ་བཞིན། །འོག་ཕྱོགས་པདྨ་དྲི་ཞིམ་དཔལ་གྱི་སྙིང་། །བདེ་གཤེགས་ཆོས་དབྱིངས་སྣང་མཛད་འོད་ཟེར་ལ། །རྒྱལ་སྲས་ཆོས་དབྱིངས་འོད་འཕྲོ་རྣམ་སྣང་བློས། །རྒྱལ་བ་རྒྱ་མཚོའི་རྣམ་ཐར་སྔོན་བཞིན་བཟུང་། །སྟེང་ཕྱོགས་རིན་ཅེན་སྣ་ཚོགས་འོད་རྒྱན་ན། །སྟོན་པ་ཡོན་ཏན་གྲགས་པ་རབ་སྣང་རྒྱལ། །དེ་སྲས་སྟོབས་བརྩོན་


GLG016_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མེད་བློ་གྲོས་ཀྱི། །སྒྱུ་འཕྲུལ་རོལ་གར་མཆེད་ཟླ་རྣམ་རྗེས་འགྲོ། །ཀུན་ཀྱང་ཟླ་བ་གཅིག་ལ་འབུམ་ཕྲག་གཟུགས། །དེ་ཉིད་རྫིང་བུར་འཆར་ལ་ཐོགས་མེད་ལྟར། །རང་གནས་སྟོང་པར་ལུས་པ་མེད་བཞིན་དུ། །གངས་ཅན་མཚོ་ཡི་གཡས་ངོས་བྱོན་འདི་མཛེས། །ཐུབ་ཆེན་མཛོད་སྤུའི་འོད་ཀྱི་ཟེར། །འཕྲོས་པས་ཤིན་ཏུ་ཕྲ་བ་ཡི། །སངས་རྒྱས་ཞིང་བཅུ་ཕར་འདས་པའི། །འཛད་མེད་འཇིག་རྟེན་ཡུལ་ཁམས་གསལ། །ཤར་ཕྱོགས་གསེར་གྱི་མདོག་ཅེས་པར། །འདྲེན་པ་རིག་བྱེད་མི་གཡོའི་མཚན། །དེ་ཡི་ཁམས་ན་བྱང་ཆུབ་སེམས། །འཇམ་དཔལ་དབྱངས་ཞེས་གྲགས་པ་དཀར། །སྲས་དེས་ཞིང་བཅུའི་རྡུལ་ཤིན་ཏུ། །ཕྲ་བ་སྙེད་དང་ཆབས་ཅིག་པར། །བཅོམ་ལྡན་དྲུང་ལྷགས་ལུས་བཏུད་དེ། །ཤར་ཕྱོགས་ལ་བསྟན་སེང་ཁྲིར་འགྱིང་། །ལྷོ་ཕྱོགས་ཁ་དོག་ཡིད་འོང་བར། །རིག་བྱེད་མི་བསྐྱོད་འདྲེན་པ་མཆོག །སེམས་དཔའ་སངས་རྒྱས་དཔལ་ཞེས་པ། །ཟུར་ཕུད་ལྔ་པའི་ཚུལ་ལ་འགྲན། །ནུབ་ཕྱོགས་དཔལ་མོའི་མདོག་བྱ་བར། །འཇིགས་པ་མེད་པའི་དེ་བཞིན་གཤེགས། །བྱང་སེམས་ནོར་བུའི་དཔལ་གྱི་འཕྲུལ། །སངས་རྒྱས་དཔལ་མིང་འཛིན་རྗེས་འགྲོ། །བྱང་ཕྱོགས་ཙམ་པ་ཀ་ཡི་མདོག །འདྲེན་པ་རིག་བྱེད་ཀུན་ཏུ་སྤྱོད། །སེམས་དཔའ་རིན་ཅེན་དཔལ་གྱི་མཐུ། །ནོར་བུའི་དཔལ་ལ་གཅིག་ཏུ་སྡང་། །བྱང་ཤར་ཨུཏྤ་ལ་མདོག་ན། །རིག་བྱེད་ཉི་མའི་རྫོགས་སངས་རྒྱས། །དེ་སྲས་ཡོན་ཏན་དཔལ་གྱི་སྟོབས། །རིན་ཅེན་དཔལ་ལ་འཕྱ་བ་དགོད། །ཤར་ལྷོ་གསེར་མདོག་མིང་འཛིན་པར། །རིག་བྱེད་མཐའ་


GLG016_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བརྒལ་རྣམ་པར་འདྲེན། །སེམས་དཔའ་མིག་གི་དཔལ་འཛིན་པའི། །རྣམ་ཐར་ཡོན་ཏན་དཔལ་རྗེས་འགྲོ། །ལྷོ་ནུབ་རིན་ཅེན་མདོག་ལྡན་པར། །རིག་བྱེད་དམ་པའི་ཐུབ་པ་མཆོག །རྒྱལ་བའི་སྲས་པོ་བརྩོན་འགྲུས་དཔལ། །རྟོགས་བརྗོད་མིག་གི་དཔལ་དང་མཚུངས། །ནུབ་བྱང་རྡོ་རྗེའི་ཁམས་ཀྱི་མདོག །ཀུན་མཁྱེན་རིག་བྱེད་དབང་ཕྱུག་མཚན། །དེ་སྲས་ཆོས་དཔལ་གསང་གསུམ་གར། །བརྩོན་འགྲུས་དཔལ་ལ་རྐང་པ་འཇོག །འོག་ཕྱོགས་མན་ཤེལ་ཞུན་མའི་མདོག །བདེ་གཤེགས་རིག་བྱེད་ཚངས་པའི་དབང་། །སེམས་དཔའ་ཡེ་ཤེས་དཔལ་ཡོན་མཐའ། །འཇལ་བར་ཆོས་ཀྱི་དཔལ་ཡང་ངལ། །སྟེང་ཕྱོགས་དྲྭ་བའི་མདོག་འཛིན་པར། །བདེ་གཤེགས་རིག་བྱེད་སྣ་ཚོགས་མཚན། །རྒྱལ་བའི་སྲས་པོ་བཟང་པོའི་དཔལ། །ངང་ཚུལ་ཡེ་ཤེས་དཔལ་དུ་གྲུབ། །རྡུལ་སྙེད་ཞིང་རྣམས་རྒྱལ་སྲས་ཀྱི། །ངོ་མཚར་གར་གྱིས་འགེང་བཞིན་དུ། །གངས་ཅན་མཚོ་ཡི་གཡོན་ངོས་ན། །ལྷགས་པའི་ཆོ་འཕྲུལ་འདི་ཀོ་མཚར། །དེད་དཔོན་རིགས་ལས་བླ་མེད་བྱང་ཆུབ་ཏུ། །སེམས་བསྐྱེད་གཞོན་ནུ་ནོར་བུ་བཟང་པོ་ལས། །ལྷོ་ཕྱོགས་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ། །འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་རྗེས་སུ་བཟུང་། །དངོས་དང་སྤྲུལ་བ་དག་སྣང་འབྱམ་ཀླས་པར། །བཅུས་ལྷག་ཡོངས་འཛིན་བརྒྱ་ཕྲག་དང་མཇལ་ཞིང་། །ཀུན་ཏུ་བཟང་པོའི་དྲུང་དུ་ཐེག་པ་ཆེའི། །དམ་ཆོས་བདུད་རྩིས་ཐུགས་ཀྱི་བུམ་བཟང་གཏམས། (ཛཱཏིའི་སྡེབ་སྦྱོར་འཕགས་མ། )ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེང་གཞིའི་ཞལ་བྱེད་དོན་དམ་དབྱིངས་ནས་


GLG016_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བའི་ཉི་འོད་སོགས། བིདྷིསརབྷིམསྭཱནདྭནྟཔཱཎཱམྲིགྷགཎཱུཧར། །པརམཎྚིསཏབུདྡྷབདཏཏཏདྷམྨཏཙཱཧོ། །ཚངས་དབྱངས་སེང་གེའི་ང་རོ་ཡིས། །མཐའ་གཉིས་རི་དྭགས་སྲོག་འཕྲོག་པ། །ཟས་གཙང་སྲས་ཀྱིས་དོན་དམ་བདེན། །མ་སྨད་ཆོས་འཁོར་བསྐོར་དེ་མཚར། །བྱ་རྒོད་ཕུང་པོར་སྤུངས་པའི་ས་འཛིན་ངོས། །བྱང་སེམས་ཉན་རང་ལྷ་མིའི་འཁོར་ཚོགས་ལ། །རྒྱལ་བས་མཚན་ཉིད་མེད་པའི་ཆོས་བསྟན་ཚེ། །སྐུ་ལས་འོད་ཟེར་གངྒཱའི་རྡུལ་སྙེད་སྤྲོས། །དེ་མཐོང་ཤར་ཕྱོགས་རིན་ཅེན་ཡོད་པའི་ཁམས། །སངས་རྒྱས་རིན་འབྱུང་ཞིང་ནས་སེམས་དཔའ་ཆེ། །འོད་ཟེར་ཀུན་ནས་འབྱུང་བ་ཞེས་བྱ་བ། །རྣམ་འདྲེན་དེ་དྲུང་ལྷགས་ནས་རྒྱུ་མཚན་གསོལ། །དྲིས་ལན་རྒྱས་པར་བསྩལ་ནས་ཤཱཀྱའི་རྒྱལ། མཆོད་སླད་ཆུ་སྐྱེས་གསེར་སྦྱངས་མདངས་འཛིན་པ། །བཀུར་བ་ཇི་


GLG016_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉེར་བགྲོད་མཆོད་གསོལ་ཚེ། །འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་བཞིན། །ཉི་མའི་གཉེན་གྱིས་འདབ་སྟོང་ཆུན་པོ་དེ། །གཏོར་ཚེ་ཤར་ཕྱོགས་འཆི་བ་མེད་པའི་ལམ། །ཁྱབ་པའི་པདྨར་ཉེར་བཞུགས་བདེ་གཤེགས་ཀྱིས། །ཤེར་ཕྱིན་བསྟན་ཚེ་ཐོས་ཀུན་བྱང་ཆུབ་རྙེད། །[་ཥོ ལྷོ་ཕྱོགས་འོད་འཕྲོས་མྱ་ངན་མེད་ཞིང་གི ། མིང་འཛིན་སྲས་ཀྱི་དེ་མཚན་རྒྱལ་བ་ལ། །དྲིས་ལན་ཚུལ་གྱིས་ཉི་མའི་གཉེན་གྱི་དྲུང་། །གཤེགས་མཆོད་བཀོད་པའི་ངོ་མཚར་སྔོན་བཞིན་གྲུབ། །སྣང་ཟེར་ནུབ་ཕྱོགས་ཉེར་ཞིའི་ཞིང་ཁྱབ་ཚེ། །རིན་ཅེན་འོད་འཕྲོར་སྤྱོད་པའི་བློ་གྲོས་ཀྱིས། །གསོལ་བས་བྱ་རྒོད་ཕུང་པོའི་རིར་ལྷགས་ཏེ། །སྔར་བཞིན་ཕུན་ཚོགས་རྣམ་ཐར་སྒོ་འཕར་ཕྱེ། །བྱང་ཕྱོགས་རྒྱལ་ཞིང་འོད་འཕྲེང་འཁྲུགས་པ་ལས། །རྒྱལ་དབང་སྤྱན་སྔཪ་སེམས་དཔའ་བརྒྱ་བྱིན་གྱིས། །སྔོན་བྱུང་ཇི་བཞིན་མཛད་པའི་རྣམ་ཐར་ལས། །སྨིན་གྲོལ་ལམ་གྱི་འབྲས་བཟང་གཡུར་དུ་ཟ། །བྱང་ཤར་ཏིང་འཛིན་འོད་འཕྲོས་སྣང་བའི་མཐུས། །ཏིང་འཛིན་གླང་པོ་དམ་པར་རྣམ་གནོན་གྱིས། །གསོལ་པའི་རྒྱུ་ལས་ཕུལ་བྱུང་འབྲས་བུའི་གཏེར། །སྔོན་བཞིན་དག་པའི་སྣང་བ་འབྱམས་སུ་ཀླས། །ཤར་ལྷོ་བྱང་ཆུབ་རྒྱན་དུང་ཡིད་འོང་འོད། །འཕྲོས་ཚེ་པདྨ་དམ་པའི་བདེ་གཤེགས་ལ། །ལག་ན་པདྨོས་ཞུས་འབྲས་ཤེར་ཕྱིན་གྱི། །སྙན་པའི་སྒྲ་དབྱངས་སྔར་བཞིན་རྣ་བར་འཁྲོལ། །ལྷོ་ནུབ་རྡུལ་བྲལ་མཁའ་ལ་ཉི་ཟླའི་འོད། །ཀུན་ཀྱང་རྒྱལ་བ་བྱང་སེམས་རང་སྣང་གིས། །ཐུགས་རྗེ་བསྐུལ་བའི་གསོལ་བ་ཉེར་བཏབ་ཚེ། །སྔོན་བཞིན་ཞིང་ཁམས་རྒྱ་མཚོའི་བཀོད་པ་གསལ། །ནུབ་བྱང་དབང་སྒྱུར་སྣང་ཁྱབ་གདུགས་དམ་པའི། །སྤྱན་སྔར་བྱང་སེམས་རིན་ཅེན་


GLG016_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གཤེགས་ཏེ། །གསོལ་དང་དེ་ལན་བཞིན་དུ་ཟས་གཙང་སྲས། །ཐུགས་རྗེ་བསྐུལ་བའི་འབྲས་བཟང་ཡོངས་སུ་དུད། །འོག་ཕྱོགས་པད་ཅན་གསལ་བས་དཔལ་མོའི་དཔལ། །སྤྱན་སྔར་སེམས་དཔའ་པདྨོ་དམ་པ་ཡི། །ཉེར་ལྷགས་རྒྱུ་དྲིས་དེ་ཚུལ་བཀའ་བསྩལ་ལས། །བསམ་གྱིས་མི་ཁྱབ་རྫུ་འཕྲུལ་གཟིགས་མོར་ཆེ། །སྟེང་ཕྱོགས་མདངས་དཀར་འོད་དྲས་དགའ་བའི་དཔལ། །དྲུང་དུ་དེ་མཚན་འཛིན་པའི་སེམས་དཔའ་ཡིས། །ལུས་བཏུད་ཞུ་བའི་སྙིང་པོ་ཤེར་ཕྱིན་སྒྲ། །ཐོས་ལས་རྣམ་པ་ཐམས་ཅད་མཁྱེན་དངོས་རྙེད། །རྒྱལ་བ་མི་ཕམ་མགོན་པོའི་མཛད་བཅུའི་ཞལ་བྱང་རྫོགས་ལྡན་རྩེ་དགའ་དགོད་པའི་རང་ཞལ། (སྡེབ་སྦྱོར་འདྲ་མཚུངས། )སཙྩཀེཏུཤུཀླམོལདྷརྨབྷཱབཙབྷིཥིཉྩམེཏྲནཱ། ཏེསུདཱཡམམྨསེནཏོབིཛཱཡ། །དམ་པ་ཏོག་དཀར་ཅོད་པན་གྱིས། །ཆོས་ཀྱི་སྲིད་ལ་དབང་བསྐུར་བ། །མི་ཕམ་མགོན་ཁྱོད་བྱམས་བརྩེ་ཡིས། །ཡིད་སྲུབས་སྡེ་ལས་རྣམ་པར་རྒྱལ། །འཛམ་གླིང་ཚེ་


GLG016_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བརྒྱད་ཁྲིར་གསེར་འཁོར་གྱིས། །མངའ་སྒྱུར་རྒྱལ་པོ་དུང་གི་མདུན་ན་འདོན། །ཚངས་རབ་བྲམ་ཟེའི་མཆིས་བྲང་ཚངས་ལྡན་མའི། །ལྷུམས་སུ་འདམ་གྱི་པདྨ་ཇི་བཞིན་ཞུགས། །སྐྱེད་ཚལ་མེ་ཏོག་བཟང་རྒྱས་ཡིད་འོང་བར། ཟླ་བ་སྤྲིན་བྲལ་བཞིན་དུ་སྐུ་བལྟམས་ཚེ། །གོམ་ཤུལ་པདྨས་རབ་མཛེས་གདེངས་ཅན་གྱིས། ཁྲུས་གསོལ་ལྷ་ཡི་མཆོད་ཅིང་གདུགས་དཀར་འཛིན། །དུས་མཚུངས་འཁོར་སྒྱུར་སྲས་དང་འབངས་རྣམས་ལ། ཁྱེའུ་དཔག་མེད་བཙས་སོགས་ངོ་མཚར་བའི། ཁྱད་པར་ལ་གཞལ་ལུང་བསྟན་མཁན་རྣམས་ཀྱིས། །བྱམས་པའི་མཚན་སྙན་མགྲིན་པའི་དབྱངས་སུ་འཚེར། །འཛམ་གླིང་ཚེ་ལོ་བརྒྱ་བའི་བརྒྱད་ཅུའི་ཁྲུའི། །དབང་ལྡན་མཛེས་སྐུ་མིག་གི་བདུད་རྩིའི་དཔལ། །བཙུན་མོར་བཅས་པའི་འཁོར་གྱི་རྩེད་འཇོ་དང་། །གྲངས་མེད་སྒྱུ་རྩལ་ཀུན་ལ་བྱང་ཞིང་ཆུབ། །ལས་བཟང་གིས་བསྐྲུན་མཆོད་སྡོང་ལྷའི་དབང་པོས། །མང་བཀུར་ཁབ་བྱིན་དེའི་མཐུས་ཁྲལ་གཡེངས་པས། །གངྒཱའི་ཆུ་ངོར་ཟས་གཙང་སྲས་པོ་ཡིས། །འཁོར་རྣམས་ལ་བསྟན་མ་འོངས་འབྱུང་འགྱུར་གསུངས། །དེ་དོན་འཁོར་སྒྱུར་དུང་གི་མཆོད་རྟེན་དེ། །ཚངས་རབ་ལ་ཕུལ་གཉིས་སྐྱེས་ཚོགས་རྣམས་ཀྱིས། །དུམ་བུར་བགོས་པས་བྱམས་མགོན་ཐུགས་བྱུང་སྟེ། །འཁོར་བཅས་ཀླུ་ཤིང་དྲུང་དུ་རབ་ཏུ་བྱུང་། །མེས་པོས་གདུགས་དང་རྩིབས་སྟོང་འཁོར་ལོ་སོགས། །མཆོད་པའི་སྤྲིན་ཕུང་སྤྲོས་ནས་ཆོས་གསུང་བར། །བསྐུལ་ཚེ་མེ་ཏོག་མཛེས་རྒྱས་སྐྱེད་ཚལ་དུ། །སྣ་ཚོགས་ཆོ་འཕྲུལ་བྱེ་བའི་གར་གྱི་གཤེགས། །དེ་མཐོང་འཁོར་སྒྱུར་བཙུན་མོ་རྒྱལ་ཕྲན་དང༌། །བྲམ་ཟེ་ལ་སོགས་ལས་ཅན་གྲངས་མེད་པ། །ངོ་མཚར་བཀོད་པ་རྒྱ་མཚོས་ཡིད་དྲངས་ནས། །རྒྱལ་བའི་སྤྱན་


GLG016_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ལྷགས་ཏེ་རབ་ཏུ་བྱུང་། །བྱེ་བ་ཕྲག་དྲུག་བཞི་དང་གཉིས་རྣམས་ཀྱིས། །རིམ་བཞིན་ལྷག་པའི་དགྲ་བཅོམ་དུང་ཕྱུར་གྱིས། །འདུས་པ་གསུམ་གྱི་ཆོས་འཁོར་བསྐོར་བའི་སྣོད། །གྱུར་པའི་འགྲོ་རྣམས་བསོད་ནམས་མངོན་སུམ་མཐོང་། །དེ་ཚེ་རྒྱལ་བའི་འོད་ཟེར་ཕུང་པོ་ཡིས། །ཉིན་མཚན་དབྱེ་བ་མེད་པ་ལྷ་གནས་བཞིན། །སྐུ་གདུང་རིལ་པོ་གཅིག་གྱུར་མཆོད་པའི་རྟེན། །ལྷ་བཅས་སྐྱེ་རྒུའི་ཆོས་དཀར་ཞིང་དུ་གྲུབ། །འཇམ་དཔལ་རྩ་རྒྱུད་ནས་གསུངས་པའི་བྲིས་སྐུ་མཐོང་བ་དོན་ལྡན་གྱི་ཞལ་བྱང་རྒྱལ་སྲས་སློབ་མར་བཅས་པའི་རོལ་གར། (སྡེབ་སྦྱོར་ཁ་སྒོ་ཏ་ཡང་མ)༈༙ པཱཤྱེམྷཝཤིབཱཏཔནསུཁཱིཡཤནྟོམཧཱ། ནིརཱབྷོགེརླཤཱནྠབཛྫཔུཏྲཤེཋེསཱནམཿ༔། །མཐོང་བས་སྲིད་ཞིའི་གདུང་བ་ཀུན། །ཞི་ཞིང་ཕན་དང་བདེ་བ་ཚེ། །ལྷུན་གྲུབ་གྲགས་པ་དོན་ལྡན་པ། །རྒྱལ་སྲས་སློབ་མར་བཅས་ལ་འདུད། །གནམ་


GLG016_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཞུན་མར་འཁྱིལ་འདྲའི་རྒྱ་མཚོ་ཚེ། །ཆུ་སྐྱེས་དྲ་བས་ཡོངས་སྦྲེལ་སྲོག་ཆགས་རྒྱུ། །བཻ་ཌཱུར་འདབ་སྟོང་སྡོང་པོ་ཆེས་དྲང་བ། །སྣ་ཚོགས་ཡལ་འདབ་ཕང་ཕུང་ཅི་ཡང་གཡོ། །དེ་དབུས་ཞིང་དེའི་སྟོན་པ་ཤཱཀྱའི་རྒྱལ། །གཡས་གཡོན་སྲས་ཀྱི་ཐུ་བོ་རྣམ་པ་གཉིས། །རྒན་དང་གཞོན་ནུའི་བྱང་སེམས་བརྒྱ་ཕྲག་ཟུང་། །གཙོ་བོ་བལྟ་བའི་སྤྱན་དཀྱུས་རིང་པོར་མཛེས། །མི་ཕམ་སྟེང་ན་ཨུཏྤ་ལ་གནས་པའི། །རང་རྒྱལ་བརྒྱད་དང་དེ་འོག་ཉན་ཐོས་བརྒྱད། །འཇམ་དཔལ་གཙུག་གི་མཁའ་ལ་ཁང་བཟང་དང་། །བྲག་རིར་བཞུགས་པའི་བདེ་གཤེགས་བརྒྱད་ཀྱིས་མཛེས། །འོག་ཏུ་དགའ་བོ་ཉེར་དགའི་གདེངས་ཅན་དབང་། །གཡོན་ངོས་བྲག་རིར་བརྩེགས་ལ་གཤིན་རྗེའི་གཤེད། །འོག་ཏུ་རིགས་མཐུན་སྒྲུབ་པོའི་རྣལ་འབྱོར་པ། །གཡོན་ཕྱོགས་སྒྲོལ་མ་པུན་ཀའི་ཤིང་ལ་བརྟེན། །མཁའ་དབྱིངས་གནས་གཙང་འཆི་མེད་བུ་ཟུང་གིས། །རིན་ཅེན་ཐི་གུས་ཉེར་སྤྲས་ལྷ་རྫས་ཀྱི། །བླ་བྲེ་བྲེས་ཤིང་མནྡ་ར་བ་སོགས། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ། །བདེ་བ་ཅན་ཀྱི་ཞིང་བཀོད་ཞལ་བྱང་འཆི་མེད་གྲུབ་པའི་


GLG016_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན། (ཛཱ་ཏིའི་སྡེབ་སྦྱོར་མཆོག་དབྱངས)པཊྛཀོ ནཱཐཱནིརྟེཨཱཡུརྫྙྰནཱསུཔརིམིཏཨཱིཤྭདྷཱ། ནིརྨཀྵེཏྲིཾདྷཱཏུསུཁབནྡུབྷགིརྫགསྱཔརམཨཝཏརྻ༌ཉྩ། ཚེ་དང་ཡེ་ཤེས་དཔག་མེད་པའི། །མགོན་པོ་གར་གྱི་དབང་ཕྱུག་གིས། །སྤྲུལ་པའི་ཞིང་ཁམས་བདེ་བ་ཅན། །སྐལ་བཟང་སྐྱེ་རྒུའི་འཇུག་ངོགས་མཆོག །ལག་མཐིལ་ལྟ་བུར་ཁོད་སྙོམས་པའི། །ས་གཞིར་རིན་ཅེན་ལས་གྲུབ་པར། །ཡིད་འོང་ནོར་བུའི་རི་བོ་རྣམས། །བྱེད་པོས་ཚོམ་བུར་བཀོད་པ་བཞིན། །གསེར་སྦྱངས་དངུལ་དང་བཻ་ཌཱུརྻ། །ཤེལ་དཀར་སྦུག་དང་མུཀྟི་ཀ ། ལས་གྲུབ་རྩ་བ་སྡོང་པོ་དང་། །ཡལ་འདབ་མེ་ཏོག་འབྲས་བུས་དུད། །རླུང་གིས་བསྐྱོད་པའི་རྐང་འཐུང་ལས། །མེ་ཏོག་དྲི་ཡིས་ཕྱོགས་ཀུན་ཁྱབ། །ཆུ་ཀླུང་དལ་གྱིས་ཉེར་འབབ་པ། །གསེར་གྱི་བྱེ་མ་འདྲེན་པ་བཞིན། །སྣ་ཚོགས་སྤེལ་ལེགས་མེ་ཏོག་འཕྲེང་། །འདབ་ཆགས་མཁའ་ལ་རྩེར་འཇོར་རོལ། །ཙན་དན་ལྗོན་ཤིང་


GLG016_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འཁྲིགས་ལ། །ལྷ་རྫས་ལྡ་ལྡི་ནོར་བུས་སྤྲས། །རྒྱལ་མཚན་བ་དན་བླ་བྲེ་དང་། །རྔ་ཡབ་སྙན་པའི་རོལ་མོ་སོགས། །མདོར་ན་སྲིད་ཞིའི་ཕུན་ཚོགས་ཀུན། །ས་འདིར་འཕྱུར་བུར་སྤུངས་སམ་སྙམ། །དེ་དབུས་བྱང་ཆུབ་ལྗོན་ཤིང་དྲུང་། །རིན་ཅེན་ཁྲི་སྟེང་པདྨ་དང་། །ཉི་ཟླའི་གདན་ལ་འོད་དཔག་མེད། །རྒྱལ་སྲས་རྒྱ་མཚོའི་འཁོར་གྱིས་བསྐོར། །བཟང་པོ་སྤྱོད་པའི་སྨོན་ལམ་མཐུ། །རྫོགས་སངས་རྒྱས་ཀྱིས་ཞལ་འཆེས་པའི། །ཚད་མའི་བཀའ་ལ་སླུ་མེད་ཕྱིར། །ཞིང་འདི་ཞིང་ཁམས་རྒྱ་མཚོའི་གཙོ། །(སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ། ) 3ཙི(2)ཁཎྜེནྡུཔུཎྞམདྷིཧྲྀདྨནཔཱལིཀེརྦདྡྷིཀཱམཧེཀབྷཱསཁོནུདཡཛགེབྷུ། མཱལོརྨིཨཏྱཱཏཀརུཎྱནཙལྱབམྨཡཱནི་རྫརཱིསུཏསདཾབྷབིཀཔྲཡཙྪ། འགྲོ་ལ་རྗེས་བརྩེའི་ཟླ་བ་ཆ་གང་བས། །ལྷག་བསམ་སྙིང་སྟོབས་ཆུ་གཏེར་ཆེར་འཕེལ་ཏེ། །མ་སྨད་ཐུགས་རྗེའི་རླབས་འཕྲེང་ཡོལ་མེད་པ། །ཤཱཀྱ་སེང་གེས་རྟག་དུ་དགེ་ལེགས་སྩོལ། །


GLG016_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

(ལག་འགྲོ་ལྟུང་བའི་སྡེབ་སྦྱོར། )གུནཻརྣེདྷཨཱནེཔུཥོགམྦྷིརཱགུཧྱཧྲིངྑཏཱལཱཉྩནུསཱམནྟགུཔྟཏྲེ། ཙིཏཝཱབམནཱབཏརྴཔིདེནཱཊཀནྟཾསུདྷིཀཱིརྟི་ལཀྶིནམསྟཏ། སངས་རྒྱས་ཀུན་གྱི་ཟབ་རྒྱས་ཡོན་ཏན་གཏེར། །ཐུགས་གསང་དཔལ་གྱི་བེའུར་ཡོངས་སྦས་ནས། །ཚུར་མཐོང་དམན་བློར་འཇུག་པའི་ཟློས་གར་ཅན། །བློ་བཟང་གྲགས་པའི་དཔལ་དེ་ཕྱག་གི་ཡུལ། །(སྡེབ་སྦྱོར་དབང་པོའི་རྒྱུན། )ཨུཏྟརཱདེཀྐོཊིམཧཱཀལཱཔཏཔཱིབྷཡདྷིཀཱརདྷིཡཱམྤཏེརླཤཿ། བྷོཊེཧཀཏྱོཏྟསསངྐབནདསྭོབུདྷིཀེཏོནྲྀཥ་དྡྷིགླིདུཿཥྱཙ། བྱང་ཕྱོགས་ཀ་ལཱ་པ་ཡི་ཕོ་བྲང་ཆེར། །དྷཱིཿཡིག་ཞུ་བའི་ངོ་བོ་འཇམ་དཔལ་གྲགས། །ལྗོངས་འདིར་འཚམས་སྤྲིན་གསར་པའི་བླ་གོས་ལྡན། །བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་མཁས་པ།


GLG016_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་ལེགས་བསྐྲུན་སྟུག་པོ་བཀོད་པ་རུ། །མགོན་ཁྱོད་རྣམ་ཀུན་མཆོག་ལྡན་བདེ་ཆེན་ལས། ཁ་སྦྱོར་ཡན་ལག་བདུན་ཚང་གཟུགས་ཀྱི་སྐུར། །བཞེངས་པའི་ཁྱབ་བདག་དང་པོའི་སངས་རྒྱས་ཆེ། །ཨེ་མ་རང་སྣང་དག་པའི་གནས་མཆོག་ལས། །ནམ་ཡང་གཡོ་མེད་དངོས་པོའི་གཤིས་ཡིན་ཀྱང་། །ཟླ་གཟུགས་འབུམ་ཕྲག་རྫིང་བུར་འཆར་བ་ལྟར། །ཞིང་ཁམས་རྒྱ་མཚོར་སྤྲུལ་པའི་སྣང་བརྙན་སྟོན། །རྩྭ་རྩེས་འཐོར་བས་རྒྱ་མཚོ་འཛད་བྱེད་པའི། །ངལ་བརྒྱའི་བཀའ་ཐུབ་བསྟེན་མཚུངས་བཤེས་ཁྱོད་ཀྱི། །གསང་གསུམ་རྣམ་ཐར་གླེང་བ་བདག་འདྲ་ལས། །ཐུབ་རྣམས་བསྐལ་བརྒྱར་གསུངས་ཀྱང་འཛད་ནུས་མིན། །འོན་ཏེ་སྭ་ལའི་ལྗོངས་འདིར་ཡང་སྲིད་གར། །ལེགས་བཟུང་འཕྲིན་ལས་དབྱར་མཚོ་ལྟར་སྤེལ་ནས། །རྟག་ཞེན་བཟློག་ཕྱིར་གཟིམས་ཁྲིའི་ཐ་ཅན་བར། །རགས་པའི་མཛད་པ་ཀུན་གྱི་མངོན་སུམ་ཡུལ། །རྩྭ་མཆོག་གྲོང་དུ་བུ་རམ་ཤིང་པ་ཡི། །སྐུ་གདུང་ཆ་བརྒྱད་བགོས་པ་དེ་བཞིན་དེང༌། །ཡེ་ཤེས་ཞུགས་སུ་ཕུལ་ན་རིང་བསྲེལ་གྱིས། །ནོར་འཛིན་དོག་པོར་འགེངས་ལ་ཡིད་གཉིས་སུ། །དེ་ལྟ་ནའང་འཇམ་མགོན་བླ་མའི་གདུང་། །དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཞུགས་པ། །རྗེས་འགྲོར་ལུས་ཅན་བསོད་ནམས་ཆུ་གཏེར་ཆེ། །སྤེལ་ཕྱིར་མ་ཉམས་རིལ་པོར་བསྟར་འདི་མཚར། །སྲས་བཅས་རྒྱལ་བ་རྒྱ་མཚོའི་སྣང་བརྙན་ཀུན། །མངོན་སུམ་འཕྱུར་བུར་མིག་ལ་སྟོན་པའི་གནས། །ཕུན་ཚོགས་རྨད་བྱུང་བཀོད་མཛེས་གནོ་ལ། །བསྐྲུན་པར་ཚངས་པ་ཀུན་རྟོག་དྲ་བས་ངལ། །གང་གི་རྟེན་གཙོར་མཆོད་རྟེན་


GLG016_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བརྒྱད་ཀྱི། །ནང་ཚན་རིན་ཅེན་ཐེམ་སྐས་ལ་བབས་ཏེ། །ལེགས་བྲིས་ཡུལ་ནས་གླིང་འདིར་བདེར་གཤེགས་པ། །མཆོད་སྡོང་གངྒཱའི་ཡབ་གཅིག་ཁེངས་པ་འཕྲོག །དེའི་རྒྱུར་དབང་མཁའ་དུས་ཀྱི་ཉེར་ལྷག་པའི། །སྟོང་ཕྲག་ལྔ་ལྡན་ས་ཟླ་ཞོའི་འཁོར་ལོ། །དངུལ་སྲང་ཉིས་ཁྲི་སྟོང་ཕྲག་བདུན་ལོངས་པར། །མེ་མཚོ་རོ་ཡི་གྲངས་སྙེད་མངོན་པར་བསྣན། །མཁའ་ཀླུ་བཀྲ་ཤིས་ཆུ་མཚམས་ཡོངས་ཚང་བའི། །གསེར་ཤོག་འོད་ཀྱིས་མུན་པའི་སྨག་རུམ་འཕྲོག །འཚམས་སྤྲིན་མདངས་ལ་འཁུ་བའི་འཇོན་དམར་ཁལ། །རི་བོར་ཐུབ་པ་བསེ་རུ་བཞིན་དུ་གནས། །རིན་ཅེན་སྣ་ཚོགས་འདུས་པ་ཕྲ་ཡི་རྒྱན། །དབང་པོ་ཀླུ་ཡིས་སྤུན་ཟླ་ལྟ་བུར་ཕྱུག །གཟུགས་འབྱུང་རི་བོང་བཀྲ་བ་འོད་དཀར་གྲོགས། །རབ་མཛེས་སྲད་བུར་བརྒྱུས་པ་མོཀྟི་ཀཾ ། ཟོང་མཆོག་གཡུ་ཡིས་བརྒྱན་སྤྲས་གའུ་བརྒྱད། །རི་སྐྱེས་པདྨའི་འདབ་ལྡན་ལྷ་ཡི་མིག །གཙུག་རྒྱན་དཔྲལ་བར་མདོངས་ལྟར་ཡིད་འོང་བ། །གཡུ་མཐའ་གསེར་གྱིས་ལེགས་བསྐོར་ལག་པ་བགྲོད། །སོག་རྣ་བུས་དུས་ཨ་རྫར་སྦ་ཧྲིལ་དྲུག །ཕྱེད་པ་གཉིས་བཅས་རྡོ་ཡི་རྒྱལ་པོ་གཅིག །མེ་མིག་བསེ་རུ་ཡོངས་ཚད་སེ་རཱ་ཛ། །གཏེར་རྩ་མཚོ་ཟུང་བྱུ་རུའི་ཞགས་པ་ཅན། །མཁའ་སྲིན་ཟླ་བའི་ར་ཧོར་སྤ་ཊི་ཀ ། ཀླུ་དུས་འོད་དཀར་སྤུར་ལེན་སྤེལ་བའི་འཕྲེང་། །བུག་རི་མཁའ་མཚོ་སྣ་ཚོགས་ཤེལ་གྱི་རིགས། །གཟི་མཆོང་མུ་མེན་བཅས་པ་ཚོན་མདངས་བཀྲ ། དེ་ལྟའི་རིན་ཅེན་ཕུང་པོ་ཆེར་འདུས་པ། །རྣམ་པ་བདེ་བར་གཤེགས་པའི་ཐུགས་ཀྱི་རྟེན། །སྔོན་བྱོན་མཁས་པའི་ཆ་ཚད་ཇི་


GLG016_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ། །་པཱ་ལ་ཡི་བཟོ་བོས་ཉེར་བསྐྲུན་པར། །རིང་བསྲེལ་རྣམ་བཞིར་བཅས་པས་ཐོག་དྲངས་པ། །སྐུ་གསུང་ཐུགས་རྟེན་ལ་སོགས་བྱིན་རླབས་གཏེར། །ཕུང་པོ་ཟད་མི་ཤེས་པ་ནམ་མཁའི་མཛོད། །ཚངས་གནས་སར་སྙེག་འཕྱུར་བུར་སྤུངས་པ་བཞིན། །མགོན་དེའི་སྐུ་དངོས་བལྟ་བའི་སྐལ་དམན་པ། །འབྱུང་འགྱུར་ཡིད་ཅན་མིག་གི་བདུད་རྩིའི་དཔྱིད། །མཐོང་བས་དོན་ལྡན་རིན་ཅེན་གཉིས་པ་ལས། །ལེགས་གྲུབ་སྒོ་ཁྱིམ་དབུས་ན་མངོན་པར་བརྗིད། །དངུལ་དཀར་ཟ་མ་ཏོག་བཞུགས་རིན་ཅེན་གདུང་། །ཕྱག་དྲེག་རྡོར་དྲིལ་ཏིང་ཤགས་ཐུགས་འཕྲེང་དང་། །ན་བཟའ་ཞལ་དཀར་བཟེད་ཞལ་སྣ་ཚོགས་སྣོད། །དབང་རྫས་སཾ་ཊ་རྩོམ་ཡིག་བྲིས་གདན་རིས། །གཞན་ཡང་ས་གསུམ་འགྲོ་བའི་མགོན་གཅིག་པུ། །ཆོས་རྒྱལ་འཕགས་པའི་ཞལ་དཀར་འབྲས་ཤེལ་མ། །འཇམ་དབྱངས་བློ་གྲོས་བརྟན་པའི་གསོལ་ལྷུང་སོགས། །སྔོན་བྱོན་དམ་པའི་ཉེར་སྤྱད་འགའ་ཡང་སྣང་། །གསང་བདེ་འཇིགས་གསུམ་དུས་འཁོར་དགྱེས་རྡོར་གྱི། །སྙིང་པོ་ཉེ་སྙིང་འཕྲེང་སྔགས་འཁོར་གྱི་གཟུངས། །དྲི་མེད་རྣམ་རྒྱལ་གསང་བ་བྱང་ཆུབ་རྒྱན། །རྟེན་འབྲེལ་སྙིང་པོ་ཆོས་སྐུའི་རིང་བསྲེལ་ཚོགས། །འདུལ་ལུང་ཤེར་ཕྱོགས་མདོ་མང་འགྱུར་རོ་ཅོག །རྒྱུད་འབུམ་ཐོར་བུར་བཅས་པའི་བཀའ་འགྱུར་རྣམས། །མཐིང་ཤོག་ངོས་སུ་ས་ཟླ་ཞུན་མ་ཡིས། །བྲིས་པའི་གླེགས་བམ་ལྷ་མཁའ་གཟུགས་ཀྱི་གྲངས། །འཛམ་གླིང་རྒྱན་གྱུར་མཁས་མཆོག་དབྱིག་གཉེན་གྱི། །ཤེར་ཕྱིན་བསྡུས་པའི་རྒྱ་དཔེ་འཁྲུལ་པ་མེད། །ཚིག་གསལ་རིག་པའི་


GLG016_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་བྱུག་ཕྱག་བྲིས་མ། །འཕགས་ཡུལ་པཎ་ཆེན་པུ་སྟ་ཀ་ཁྱད་མཚར། །ཆོས་ཀྱི་རྒྱལ་པོ་འཕགས་པའི་ཐུགས་དམ་རྟེན། །གངྒཱ་སྐྱེས་ལས་གྲུབ་པའི་བརྒྱད་སྟོང་པ། །དེ་བཞིན་བཻ་ཌཱུར་ཁུ་བས་དྲིས་པ་རུ། །གྲགས་པའི་གཞོན་ནུ་བློ་གྲོས་ཕྱག་དཔེའི་གྲས། །རྒྱ་བལ་ཡུལ་གྱི་པཎ་གྲུབ་དུ་མ་ཡིས། །མདོ་རྒྱུད་དགོངས་པ་བཀྲལ་བའི་བསྟན་བཅོས་དང་། །ས་ལོ་བུ་སྟོན་ཀརྨ་རང་བྱུང་སོགས། །གངས་ཁྲོད་སྔ་རབས་འགའ་ཡི་གསུང་ཁ་ཤས། །རྒྱལ་ཀུན་ཡབ་གཅིག་འཇམ་མགོན་བློ་བཟང་གྲགས། །སྲས་ཀྱི་ཐུ་བོ་རྒྱལ་ཚབ་རྗེས་མཚོན་པའི། །ཞྭ་སེར་ཅོད་པན་འཆང་བའི་བསྟན་འཛིན་གྱིས། །མཛད་པའི་བསྟན་བཅོས་གླེགས་བམ་ཕ་མཐའ་ཡས། །ཡོན་ཏན་སྟོབས་ལས་ལེགས་བྱུང་འཕགས་གསུམ་གྱི། །རིང་བསྲེལ་ཆོས་དཀར་སྐྱེ་རྒུའི་ཞིང་ཡིན་ཕྱིར། །ཐུབ་དབང་ཤ་རཱི་རམ་གདུང་རྒྱ་མཚོ་དབང་། །དེ་བཞིན་སངས་རྒྱས་འབྲིང་པོར་གྱུར་དེའི་གཅིག །རྭ་དང་རུས་པའི་ནཱ་རོའི་སྐུ་རྒྱན་གྱི། །ཆ་ཤས་མེ་ཏྲིའི་སྒོམ་ཐག་རྡོ་རྒྱུད་མ། །སངས་རྒྱས་གཉིས་པ་དཱི་པཾ་ཀ་རའི་གདུང་། །སྣམ་སྦྱར་མར་མིའི་གསོལ་ཞལ་པུས་མཁྱུད་པར། །ཁྱུང་པོ་རིན་ཅེན་བརྩོན་འགྲུས་སྐུ་རུས་དང་། །སྤྱན་སྔ་ཚུལ་འབར་ཕག་མོ་གྲུ་པ་ཡི། །དབུ་སྐྲ་ན་བཟའ་གྲུབ་ཆེན་གླིང་རས་དང་། །བཤེས་གཉེན་ཤ་ཇེ་པའི་གདུང་གི་ཕྱེ། །བསྟན་པའི་རྩ་ལག་སྡོམ་བརྩོན་བསོད་སྙོམས་པ། །ཤཱཀྱ་ཤྲི་ཀུན་མཁྱེན་བུ་སྟོན་ཞབས། །བདག་གཞན་མཉམ་བརྗེའི་མཐར་སོན་ཐོགས་མེད་པའི། །དགེ་སྦྱོང་མཆོག་གོས་ན་བཟའ་སློང་སྣོད་ཆས། །རིགས་གསུམ་སྒྱུ་དྲའི་གར་མཁན་ལྷ་རིགས་


GLG016_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མཁོན། །བློ་གྲོས་རྒྱལ་མཚན་ཕྱག་འཕྲེང་རྡོ་རྒྱུས་ལས། །ལེགས་གྲུབ་པང་ཁེབས་འགྲོ་མགོན་བསོད་ནམས་པའི། །ཚུལ་ཁྲིམས་དྲི་ལྡང་བླ་གོས་དུམ་བུར་བཅས། །འཕགས་ཡུལ་མཁས་དང་གྲུབ་པའི་ཁ་སྤུ་ཅན། །གངས་ཁྲོད་བཀའ་གདམས་ས་ཞལ་སྟན་གཅིག་པ། །དྭགས་ཤངས་ལ་སོགས་རིས་བྲལ་རྣམ་འདྲེན་འགའི། །སྐུ་གདུང་སྐུ་བལ་བྱིན་རླབས་རྟེན་གྱི་རིས། །རྒྱལ་ཀུན་ཡབ་གཅིག་འཇམ་མགོན་བཙོང་ཁ་པའི། །ཚེམས་ལས་ལེགས་འཁྲུངས་དུང་དཀར་གཡས་སུ་འཁྱིལ། །དབུ་སྐྲ་རྣམ་སྦྱར་བླ་གོས་ཆ་ཤས་ཙམ། །དགེ་འདུན་གྲུབ་ཀྱི་ངུར་སྨྲིག་རྒྱལ་མཚན་ཏོག །ཡོངས་རྫོགས་མདོར་ན་མཉམ་མེད་དགའ་ལྡན་པའི། །རིང་ལུགས་གསལ་བྱེད་དུ་མའི་སྐུ་རུས་མཚལ། །སླར་སྐྱེས་ཆོས་གོས་རྣམ་གསུམ་བསིལ་བྱེད་དང་། །དབུ་ཞྭ་རྟེན་བསྡུས་ལ་སོགས་གྲངས་ལས་འདས། །བྱ་ཡུལ་བ་དང་ཁམས་པ་ལུང་པ་ཡི། །ཐུགས་དམ་སྤྱན་རྟེན་ཇོ་བོ་ཡབ་སྲས་སྐུས། །མཚོན་པའི་བླ་མ་རྒྱུད་སྡེའི་ལྷ་ཚོགས་ཀྱི། །བྲིས་ཐང་མེ་མིག་ལག་པའི་གྲངས་དང་ལྡན། །བཀྲ་ཤིས་དོ་ཁ་གཙོར་གྱུར་སྣ་ཚོགས་རྒྱུ། །ལས་གྲུབ་འབུར་སྐུ་རྒྱ་མཚོ་རི་བོར་འགྲན། །སུམ་ཁྲི་བརྒལ་བའི་པར་གྱི་སྐུ་བརྙན་དང་། །དེ་སྙེད་འདེབས་པའི་ཚ་པར་གཏེར་ཚེ་མ། །བུམ་སྣང་བླ་བྲེ་ཡོལ་བའི་བཀོད་མཛེས་ཅན། །གུར་ཀུམ་སྨན་སྤོས་དྲི་བཟང་མངོན་པར་འཕྲོ། །རྡོ་རིས་དངུལ་དཀར་གུ་གུ་ཤེལ་སོགས་ཀྱི། ཁྲུས་བུམ་ཡོལ་གོ་མཎྜལ་ཚར་དུ་དངར། །གདོང་ལྔས་རྣམ་པར་བཏེག་པའི་ཁྲི་ཡི་ནང་། །ལྔ༌བརྒྱས༌ལྷག༌པའི༌ཉིས༌སྟོང༌ནས་ཀྱི་ཁལ། །དེ་བཞིན་བཞི་བརྒྱའི་ལན་ཚྭ་སྣ་ཚོགས་འབྲུ། །


GLG016_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ངད་བཟང་ལྡན་སྡོང་དུམ་ཕུང་པོར་སྤུངས། །སྨན་སྣ་དར་ཟབ་གོ་ཁྲབ་རལ་གྲི་དང་། །རྐང་འཐུང་ལོ་མའི་བམ་པོ་གསར་རྙིང་བརྩེགས། །ས་རྡོ་ཤིང་ཆུ་རྩྭ་སོགས་མཐའ་ཀླས་པ། །གནོད་སྦྱིན་དགྱེས་བསྐྱེད་རིན་ཅན་དུ་མས་གཏམས། །བསྟན་སྲུངས་དུ་མའི་སྐུ་དང་ཡིག་སྣའི་རིས། །ཆོས་སྐྱོང་ནོར་ལྷའི་གཟུངས་སྔགས་ཤིས་བརྗོད་འཕྲེང་། །རྨུགས་འཛིན་སྟེང་དུ་ནོར་རྒྱུན་ལྷ་ཚོགས་རྣམས། །ཞལ་སྦྱར་འཁོར་ལོར་བཅས་པ་ལེགས་པར་བཞུགས། །ལྷ་བཅས་འགྲོ་ཀུན་ལག་པད་སྙིང་གར་ཟུམ། །པུས་མོ་སར་བཙུགས་གུས་པས་ལུས་བཏུད་ནས། །མ་སྨད་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །དངོས་བཤམས་ཡིད་སྤྲུལ་འབུལ་བའི་ཞིང་དམ་པར། །མཁའ་མདའ་ཐུབ་ཞོའི་གྲངས་སྙེད་ས་ལེ་སྦྲམ། །འཇོན་དམར་མིག་སྟོང་ཟླ་བ་ལས་གྲུབ་པའི། །གདུགས་དཀར་གསེར་ཉ་བུམ་པ་པདྨ་བཟང་། །གཡས་འཁྱིལ་དཔལ་བེའུ་རྒྱལ་མཚན་འཁོར་ལོར་བཅས། །འབྱུང་བུག་སྲིན་པོ་འཇིག་རྟེན་ལ་གྲགས་སྲང་། །དངུལ་དཀར་ལས་གྲུབ་མཎྜལ་གཟུགས་མིག་མཐོང་། །དྲི་འཐུལ་གཞོང་པ་ཀོང་གཉིས་བདུན་ཚར་སྟེང་། །ཇ་མ་བུམ་སོགས་ཡོལ་གོ་ནམ་མཁའ་བགྲོད། །མ་ན་ཧོ་དང་གཡང་ཊི་ལས་གྲུབ་སྣོད། །ཉེས་པའི་སྐྱོན་གྱི་དྲི་མ་རྣམ་པར་དག །གྱ་བདུན་གྱིས་ལྷག་བརྒྱ་ཕྲག་གསེར་སྦྱངས་དང་། །ཟངས་ཁལ་བཞི་བཅུའི་མར་མེ་སྦོ་སྣོད་ཟུང་། །དེ་རྒྱུའི་ཆུ་སྐྱེས་བཞད་པའི་བུམ་པ་གཉིས། །གྲངས་མཚུངས་དག་ལས་གྲུབ་པའི་ཀཱ་ལ་ཤ། བསེ་རུའི་རྭ་གཉིས་བཅུ་དགུའི་དཀར་ཡོལ་སྣོད། །བཀྲ་ཤིས་རྟགས་བརྒྱད་གཤོག་ལྡན་དུང་དཀར་པོ། །ཏོང་འཁུན་རྒྱལ་ཁབ་ལས་འོངས་ཧོར་དང་རྒྱའི། །སྙན་པའི་སྒྲ་དབྱངས་འཁྲོལ་


GLG016_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྦུག་སིལ་དང་། །པུར་རྒྱལ་ཡུལ་གྱི་བཟོ་བོས་བརྡུངས་པ་ཆ། །རྣ་བའི་བཅུད་ལེན་རྒྱ་རྔ་རང་གྲིབ་མཆེད། །དིང་ཕོན་བུམ་གདན་གྱིས་མཚོན་ཧོར་དུས་དང་། ཏ་མིང་གན་མཛོད་ལས་ཐོན་བཟང་གོས་ཀྱི། །གནམ་རྒྱན་ཐོག་ཁེབས་རྒྱལ་མཚན་འཕན་གྱི་རིས། །སུམ་ཅུའི་གྲངས་ལྡན་འཇའ་ཚོན་ལྟ་བུར་བཀྲ། །ཟུར་འདོགས་ཐེག་ཆེན་གན་དྲིལ་ལ་སོགས་པ། །འདོད་ཡོན་ལྔ་ལྡན་མཆོད་པའི་བྱེ་བྲག་རྣམས། །རྒྱ་ཧོར་འཕགས་བོད་ཡ་ཙེ་ཁ་ཆེ་དང་། །ལི་བལ་ཡུལ་གྲུའི་དངོས་ཀུན་བསྡུས་པ་བཞིན། །དྲི་མེད་གཅིག་ཏུ་ལྷག་བསམ་ཆེས་ཆེར་དཀར། །བསོད་ནམས་བྱས་པའི་རྡུལ་མང་མཐོར་བརྩེགས་པ། །དགེ་ཚོགས་གངྒཱའི་ཡབ་གཅིག་ལས་བབས་ཀླུང་། །བྱང་ཆུབ་སྙིང་པོའི་རྒྱ་མཚོར་རྟག་འབབ་ཤོག །ཐུབ་བསྟན་མང་པོས་བཀུར་བའི་རྒྱལ་ཁབ་ཁྲིར། །གསེར་མདོག་ཞྭ་ཡི་ཅོད་པན་ཉེར་བཅིངས་ནས། །བཤད་སྒྲུབ་གླིང་བཞིར་དབང་སྒྱུར་བཙོང་ཁ་པའི། །རིང་ལུགས་རྩིབས་སྟོང་རྟག་ཏུ་མཁར་འཕགས་ཤོག །བཀྲ་ཤིས་རི་མོ་གཡས་འཁྱིལ་དུང་དཀར་སྒྲས། །ཁྲིམས་ལྡན་འདུས་ཚོགས་ཡོངས་བསྡུས་ལྷུན་པོའི་སྤོར། །བརྒྱ་བྱིན་ཉེ་དབང་ཚོགས་ཀྱི་བསྐོར་རྗེས་སུ། །འཇུག་པའི་ངོ་མཚར་དཔལ་དེ་འཛིན་པར་ཤོག །བློ་བཟང་གྲགས་སྙན་ཆེར་འབར་དམ་ཆོས་ཀྱི། །རྒྱལ་མཚན་འཛིན་ཁྱོད་སྐྱེ་བའི་སྲིད་པ་གང་། །འཁྲུལ་བའི་རི་དྭགས་གཟུགས་བྲལ་སྔོན་མེད་ཟླ། །གངས་ཅན་ར་བའི་ཀུན་གསལ་ལ་འཆར་ཤོག །སྦོམ་པོར་བསྐྱེད་བསྲིངས་འཁོར་བ་ལྗོན་པའི་རྩ། །ཚུལ་འདིར་འབད་རྣམས་ལེགས་བྱས་མཚོན་རྣོན་པོས། །ཉེར་བཅད་སྡུག་བསྔལ་གྲིབ་མ་ག་རེ་ཞེས། །ངེས་ལེགས་ཉི་མའི་འོད་ཀྱིས་དྲོས་གྱུར་ཅིག །མཆོག་གསུམ་བདེན་སྟོབས་ཤིས་པ་བརྗོད་པའི་འཕྲེང་། །རྒྱུད་མངས་གླུ་ལས་


GLG016_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་དྲངས་རབ་སྙན་སྒྲ། །ཀུན་ཁྱབ་རྟག་ཏུ་རྣ་བར་ལེགས་འཇེབས་པ། །ཕུན་སུམ་ཚོགས་པའི་དགའ་སྟོན་དཔལ་འབར་ཤོག །ཅེས་རྫོགས་པའི་སངས་རྒྱས་ཀུན་འདུས་པའི་བཤེས་གཉེན་ཆེན་པོ་བསྟན་པའི་རྩ་ལག་མཁན་ཆེན་འགྲོ་བའི་བླ་མ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་སྐུ་གདུང་ཡིད་བཞིན་གྱི་ནོར་བུའི་བཞུགས་ཁང་ལྷ་ལས་བབས་པའི་མཆོད་སྡོང་མཆོད་རྫས་དང་བཅས་པའི་ཆེ་བརྗོད་དེབ་ཐེར་གྱི་ཚུལ་དུ་བཀོད་པ་རྣམ་མང་ཐོས་པའི་བང་མཛོད་ཅེས་བྱ་བ་འདི་ནི་རྗེ་བཙུན་གང་དེའི་རིམ་གྲོ་པ་ཕྱག་མཛོད་བློ་བཟང་དགེ་ལེགས་ཀྱིས་རིང་ནས་བསྐུལ་ཞིང་ཉེ་ཆར་ཕྱག་མཛོད་ཕུན་ཚོགས་རབ་བརྟན་ཀྱིས་དཔོན་ཚང་ཚ་རོང་པ་དགེ་སློང་བློ་བཟང་དབང་རྒྱལ་ཞེས་ཚེའི་རིག་བྱེད་སོགས་གཙུག་ལག་མང་པོར་ཐོས་བསམ་གྱིས་གཏན་ལ་ཕབ་པས་སྨྲ་བའི་སྤོབས་པ་དགེ་བའི་དཔྱོད་ལྡན་གང་དེས་གཟུངས་དབུལ་གྱི་ཁུར་བླངས་པའི་རྒྱུས་ཡོད་དང་བཅས་ཆེད་གཉེར་དུ་མངགས་པར་བརྟེན་ཟ་ཧོར་གྱི་རིགས་ལས་སྡོམ་བརྩོན་ཀློག་པ་མཁན་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཤིང་འབྲུག་དབྱུག་པས་ཉ་བའི་ཤེས་རབ་ཆའི་རྒྱལ་བ་གཉིས་པ་ལ་སྡེ་བཞིའི་སྒོ་འཕར་རྣམ་པར་ཕྱེ་བ་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་ཀྱིས་བགྱིས་པ་ཛ་ཡནྟུ། བཀྲ་ཤིས་ལྷུན་པོའི་དངུལ་གདུང་གསར་པའི་དེབ་ཀྱི་མཆོད་བརྗོད་རིན་ཅེན་གན་མཛོད་སོགས། ལྷ་མིའི་སྟོན་པ་སྟོང་ཕྲག་འབྱུང་འགྱུར་གཏམ་སྙན་ཐོས་ལ་ངོ་མཚར་བས། །མིག་མི་འཛུམ་རྣམས་ཨ་ཧོ་ཞེས་སུ་བསྟོད་བསྔགས་གླུར་ལེན་སྐལ་བཟང་འདིར། །རྣམ་འདྲེན་སྒྱུ་སྐར་འཕྲེང་བའི་དབུས་ན་སྙིང་སྟོབས་ཆ་ཤས་ཡོངས་རྫོགས་པ། །ཟས་གཙང་སྲས་པོ་འོད་དཀར་ཅན་ཀྱེ་ལུས་ཅན་ཚ་གདུང་རིང་དུ་བཅིལ། །མི་འཛད་


GLG016_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་གསུམ་གྱི་རྣམ་ཐར་པ། །བདེ་གཤེགས་ཀུན་གྱི་མགྲིན་པ་གཅིག་གྱུར་ནས། །ཆེ་བརྗོད་ལེགས་སོའི་ཚངས་དབྱངས་འཁྲོལ་བའི་ཡུལ། །བློ་བཟང་ཆོས་གྱི་རྒྱལ་མཚན་འཛིན་དེ་རྒྱལ། །རྨུགས་འཛིན་ཕྱག་གིས་ནེའུ་ལེས་རབ་བསྐྱུགས་པའི། །ཕུན་ཚོགས་འདོད་པ་འཇོ་བ་ནོར་བུའི་དཔྱ། །སྔོན་མེད་མཆོད་སྡོང་དཀར་ཆག་ཡོལ་གོའི་ནང་། །འཁྱིལ་བའི་རི་མོ་མ་འདྲེས་བཀྲ་འདིའོ། །བོད་ཁམས་བདེ་ཐབས་སུ་གསུང་སྒྲོག་ཁྲོ་རོལ་སྨན་བླ་སོགས་བན་སྔགས་བོན་གསུམ་གྱིས་བསྒྲུབ་དགོས་ཀྱི་རིམ་གྲོ་བསྟར་ཆགས་དང་འཕར་མ་སོགས་གཏོང་དེབ་ཀྱིས་འགོ་བརྗོད་རྫོགས་ལྡན་འགུག་པའི་ལྕགས་ཀྱུ། (སྡེབ་སྦྱོར་མུ་ཏིག་འཕྲེང་བ་ཅན) ་མུ པཱཔྱདྷརྨོསྣརྣེརྒནྡྷཀཱརུཎྱགངྒཱཔཡནྣཏིཤུཀྐཱདྷིཙིདྷེམཔཱཏྭམྨདཱཛམྨནོཏྱཱགནིཏྱཱནྟཀྲྀདོནསམཱབྷཾཏཐཚིནྡནཱ་ཤྲེཔད༔ སྡིག་ཆོས་དྲི་འཁྱུད་ཐུགས་རྗེ་གངྒཱའི་ཆབ། །ཆེས་དཀར་ལྷག་བསམ་ཏི་སི་ལས་བབས་རྒྱུན། །ཁྱོད་བཞེད་འགྲོ་ཀུན་མི་གཏོང་དམ་བཅའི་མཐའ། །རྫོགས་མིན་དེ་སྲིད་ཆད་པ་མེད་འདིས་ཤིས། །མཆོག་དམན་


GLG016_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གཉའ་བའི་ཁྲི་ལ་བཙན་པོའི་ཁྲིམས། །རབ་ལྕི་བོད་འབངས་ལེགས་སྐྱོང་ཆོས་གྱི་རྒྱལ། །མེས་དཔོན་རིམ་པར་བྱོན་རྣམས་རིགས་གསུམ་གྱི། །སྒྱུ་དྲའི་གར་དུ་ངེས་རྙེད་དང་བས་འདུད། །ཕན་བདེའི་གཟུགས་གྲིབ་ཚུལ་མིན་འབྱུང་པོའི་མུན། །འཛམ་གླིང་ཆེ་བའི་རིག་སྔགས་བརྟུལ་ཞུགས་གཟིས། །མཐར་བྱས་གངས་ཅན་དགའ་སྐྱིད་སྣང་རྟེན་མཁན། །སྔོན་མེད་ཉིན་བྱེད་པདྨ་ཀ་ར་རྒྱལ། །ཐུབ་བསྟན་ལོག་རྟོག་གདོན་བཏབ་འཁྲུལ་པའི་བམ། །ཡང་དག་གསེཪ་བསྒྱུཪ་སྨྲ་རྩེ་རལ་གྲིའི་མཚོན། །རྣམ་དཔྱོད་དཔུངས་པས་ཡོངས་བཏེག་ཨུཏྤལ་རྩེར། །རབ་མཛེས་བློ་བཟང་གྲགས་པའི་དཔལ་དེས་སྐྱོངས། །བསོད་ནམས་ཡོལ་གོར་ཡེ་ཤེས་རྒྱ་མཚོའི་བཅུད། །ཟུང་འཇུག་ཡིད་བཞིན་དབང་གི་རྒྱལ་པོ་ལས། །ལུས་ཅན་ཡོངས་ལ་བདེ་སྐྱིད་ནོར་བུའི་དཔལ། །སྩོལ་བར་བསྙེན་སྲིང་མེད་ཁྱོད་ཀུན་གྱི་བཤེས། །དགྲ་བགེགས་སྙིང་ཁྲག་བཏུང་བས་མ་ཚིམ་པར། །ད་དུང་བརྫི་བའི་སྟང་སྟབས་ཟློས་གར་མཁན། །དཔལ་ཆེན་ཧེ་རུ་ཀ་ཡི་རྡོ་རྗེའི་མཚོན། །གཟས་པས་གདུལ་དཀའ་མ་ལུས་འདུལ་དེ་བསྔགས། །ལྔ་བརྒྱའི་ནགས་ཀླུང་ཁྲོད་དུ་ཐུགས་རྗེའི་གྲིབ། །ཆེར་བསིལ་སྨན་གྱི་བླ་དང་ཞི་ཁྲོ་རོལ། །ཐུབ་གསུང་ཀློག་དང་མཆོད་སོགས་རྣམ་དཀར་ཟླས། །རང་གཞན་སྙིང་གི་ཀུནྡ་ཁོང་ནས་བཞད། །ནད་འཁྲུག་སྐྱ་མུག་སྟོབས་ལྡན་དབྱིག་འཛིན་འོག །ཚེགས་ཆུང་དཀའ་བ་མེད་པར་གནོན་བྱེད་པ། །གནད་མོའི་ཐ་གུའི་ལྟོ་ཅན་གྱི། །རྣམ་པར་འཕྲུལ་པའི་མཐའ་ཚད་གཟུང་ནུས་སུ། །ཚངས་པའི་ཡུལ་སའི་རྩེ་ནས་འཆར་བའི་ཉིས། །རྩོད་ལྡན་སྨག་རུམ་འཇིག་པ་ཆོས་ཉིད་ཅན། །བོད་ཡུལ་རྫོགས་ལྡན་


GLG016_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བརྒྱ་བཞད་པ་ལ། །རྗེས་ཆགས་སྙན་པའི་གླུ་དབྱངས་འདི་ན་ལེན། །ཞེས་སྙན་འགྱུར་ཕང་འགྲོའི་སྒྲ་ལས་བླངས་པའི་པ་བརྗོད་པས་སྔུན་བསུས་ཏེ། དེ་ཡང་འཇིག་རྟེན་གསུམ་གྱི་མ་འདྲིས་པའི་གསང་ཟབ་མཛའ་བཤེས་ཆེན་པོ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་ནས། བླ་ན་མེད་པའི་ཡེ་ཤེས་མངོན་དུ་མཛད་པའང་མཁའ་མཉམ་སྐྱེ་རྒུའི་ཀུན་གྱི་ཆེད་ཡིན་ལ། མ་རྒན་སེམས་ཅན་རྣམས་ཀྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས་ཤིང་། དེ་ཡང་ཁ་ཆེ་པཎ་ཆེན་ལ་ཁྲོ་ཕུ་ལོ་ཙཱ་བས་བཻ་ཌཱུརྻའི་ཚོང་འདུས་ནས་ཞུ་ཤོག་ཕུལ་བར། མ་ག་དྷ་སོགས་རིག་འབྱུང་གནས་ན་སྡིག་ཏོ་ཡི། །དམག་ཚོགས་ཀྱིས་བཅོམ་ཨྱོན་ཁ་ཆེ་བལ་ཡུལ་ཡང་། །ལོག་སྤྱོད་ཀྱིས་ཁེངས་དེང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་བསྐྱོད་ཞུ། །ཞེས་པ་ལྟར། སྔོན་བསྟན་པ་ཆེས་ཆེར་དར་བའི་རྒྱ་བལ་སོགས་ཡུལ་གྲུ་མང་པོ་དུས་དབང་གིས་ཀླ་ཀློ་སྡིག་སྤྱོད་ཀྱིས་གང་བས་དྲི་མ་མེད་པའི་ཐུབ་བསྟན་གནས་པའི་ས་གངས་ཅན་ཀྱི་ལྗོངས་འདི་ཡིན་པས་བསྟན་འགྲོའི་ཕན་བདེ་སྤེལ་བའི་ཆེད་དུ། བསོད་ནམས་ཀྱི་ཕུང་པོ་མངོན་པར་འདུ་བགྱི་བ་རྣམས་ཀྱི་ནང་ནས་གཙོ་བོ་ནི། ཇི་སྐད་དུ་ཕལ་ཆེན་ལས། སུ་ཞིག་སངས་རྒྱས་ཡུལ་ལ་དད་སེམས་པ། །དེ་ནི་ཆགས་མེད་ཐུབ་པ་ཀུན་གྱིས་དབང་ཡང་བསྐུར། །རྡོ་རྗེ་ལྟ་བུར་སྲ་ཞིང་བརྟན་ལ་མི་ཤིགས་པས། །རྐང་གཉིས་གཙོ་བོས་མཛད་པ་རྟག་ཏུ་དྲན་ཤེས་ཤིང་། །འདྲེན་པའི་སྤྱོད་ཡུལ་སྣང་རབ་ཤིན་ཏུ་རྙེད་པ་རྣམས། །གཞན་གྱི་དྲིང་ལ་མི་རྒྱུག་བྱང་ཆུབ་སེམས་ཀྱང་སྐྱེ། །ཞེས་


GLG016_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཡུལ་དུ་བྱས་ཏེ་དད་པ་སྤེལ་བ་ནི་གནས་སྐབས་མཐར་ཐུག་གི་ལེགས་ཚོགས་ཀྱི་རྩ་བ་ཡིན་ཞིང་། རྒྱུ་མཚན་ཤེས་པའི་དད་པས་ཀུན་ནས་བླངས་ཏེ་མཆོད་པའང་། ཕལ་ཆེན་ལས། རྩ་བསྐམ་སྤུངས་པའི་རི་བོའི་མཆོག་ཙམ་ཡོད་གྱུར་ཀྱང་། །མེ་མདག་ཡུངས་འབྲུ་ཙམ་གྱིས་དེ་ནི་འཚིག་འགྱུར་ཏེ། །དེ་བཞིན་བདེ་གཤེགས་མཆོད་པ་ཅུང་ཟད་ཅི་བྱས་ཀྱང་། །ཉོན་མོངས་ཐམས་ཅད་ཚིག་བྱེད་མྱ་ངན་འདས་རྒྱུད་འགྱུར། །ཞེས་དང་། པད་དཀར་ཆེན་པོ་ལས་ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཞེས་པ་ལྟར་སངས་རྒྱས་དངོས་སམ་ཀུན་རྫོབ་བརྡར་བཏགས་པའི་དཀོན་ཅོག་གསུམ་ལ་བཀོད་པས་ཁྱད་པར་འཕགས་པའི་མཆོད་པ་ཕུལ་བས་སྲིད་པའི་ཡང་སྲིད་ཀུན་ཏུ་ཕན་བདེའི་འབྲས་བཟང་སྨིན་པར་མ་ཟད་བཅིངས་པ་ལས་རྣམ་པར་གྲོལ་བ་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་པར་འགྱུར་བ་ཡིན་ཤིང་། བཀའ་འགྱུར་ཟེབཀའ་འགྱུར་རོ་ཅོག་དང་འབུམ་བརྒྱ་སོགས་བདེ་བར་གཤེགས་པའི་གསུང་རབ་ཟབ་མོ་ཀློག་པ་དང་ཁ་ཏོན་དུ་བགྱིས་པ་དག །ཤེས་རབ་ཁྲི་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་པ་དང་། ཁྱད་པར་འཆད་པར་བྱེད་པ་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད། གྲངས་མེད། ཚད་མེད། བསམ་གྱི་མི་ཁྱབ། གཞལ་དུ་མེད་པ་མང་པོ་དག་བསྐྱེད་པར་འགྱུར། ཞེས་པ་ལྟར་མི་ཁོམ་པའི་གནས་རྣམས་ལས་ཡོངས་སུ་སྐྱོབ་ཅིང་ཚེ་དང་ལོངས་སྤྱོད་དཔལ་


GLG016_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཕུན་སུམ་ཚོགས་པའི་མཐོ་རིས་སྲིད་པ་འཛིན་ལ། ཉན་རང་གི་བྱང་ཆུབ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་སོགས་བསོད་ནམས་ཀྱི་ཚད་གཟུང་དཀའ་བ་ཡིན་པར་གོར་མ་ཆག །དེ་བཞིན་གཤེགས་པ་བདུན་ནི་སྙིགས་མ་ལྔ་བདོ་བའི་དུས་སུ་ཐུགས་རྗེའི་མཐུ་དཔུང་ཆེས་ཆེར་ལྷགས་པས་བདེ་གཤེགས་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བའི་མདོ་སྡེ་ལས་བསྡུས་པའི་མདོའི་ཆོ་ག་དང་། ཡིད་སྲུབས་སྡེ་དང་བཅས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཞི་ཁྲོ་རོལ་པ་གཉིས་ལྷ་བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་མདོ་ཁྲོལ་གཉིས་ཞེས་བོད་འབངས་ཀྱི་རིམ་གྲོར་གྲགས་ཤིན་ཏུ་ཆེ། གཞན་ཡང་གཙུག་ཏོར་དཀར་མོ། མཚན་བརྗོད། ཚེ་ཆོག །སཱ་ཙྪ། ཁྲུས་ཆོག །གཟུངས་སྔགས། མནན་བསྲེག །བསྐང་བ། མདོས་གཏོར་སོགས་བན་སྔགས་བོན་གསུམ་སོ་སོའི་ལུགས་ཀྱི་རིམ་གྲོ་གང་ལ་གང་འཚམ་རྡོ་རྗེའི་གསུང་བསླུ་བ་མེད་པ་གཏེར་ཁ་སོ་སོའི་ལུང་བསྟན་ལས་བྱུང་བ་དང་བསྟན་སྲུངས་ཆོས་སྐྱོང་བའི་རྒྱལ་པོ་རྣམས་ཀྱིས་ལྐོག་གྱུར་དངོས་བསྟན་གྱི་ཤོག་ཁྲ། དཔལ་དུས་ཀྱི་འཁོར་ལོ། གཡུལ་ལས་རྣམ་པར་རྒྱལ་བ། ཇུ་ཐིག་སོགས་གཙུག་ལག་གི་མེ་ལོང་དུ་མ་འོངས་འབྱུང་འགྱུར་གྱི་གཟུགས་བརྙན་མངོན་སུམ་དུ་འཆར་བ་དང་བསྟུན་སྒྲིགས་ཆུག་དང་གསར་འཕར་དུ་བྱ་དགོས་པའི་བརྗེད་བྱང་གི་དེབ་ཐེར་ཚངས་པའི་ཡུལ་སའི་རྩེ་ནས་བདེ་སྐྱིད་ཉི་མའི་དཀྱིལ་འཁོར་འབད་མེད་དུ་འཆར་བ་ལ། ཡུལ་དབུས་འགྱུར། དྭགས་ཀོང་དང་བཅས་པའི་བན་སྔགས་བོན་གསུམ་ཀྱི་སྡེར་མང་འགྱེད། མངའ་འབངས་ལ་འབྲུ་འགྱེད་སྟར་ཆགས་སུ་གཏོང་བའི་དེབ་ཀྱི་འགོ་བརྗོད་བསོད་ནམས་ཉི་མ་


GLG016_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་འབར། (སྡེབ་སྦྱོར་ཕྱེད་མཉམ་པའི་པྲིཏྟ་ལས་ཀུན་སྒྲགས)མུནོདྭིསཾབྦིཏྱསམཱབིཤེཥིབརཱཧུཾདཱབཱལཙགུཎྱགཉྫཾ། །བཻདྡྷེརསཧཱིཏཀབཙནྱསཾཝཎྞདེཤཤོདྷོདནགཱནུགྲྀ་ཧཱུཾ། ཐུབ་རྣམས་ཚོགས་གཉིས་མཉམ་བསགས་ལས་ཁྱད་པར། །སྙིང་སྟོབས་མཆོག་གི་ཡོན་ཏན་ཕུང་པོ་ལ། །སངས་རྒྱས་སྲས་བཅས་མགྲིན་གཅིག་བསྔགས་བརྗོད་ཡུལ། །ཟས་གཙང་སྲས་ཀྱེ་འགྲོ་རྣམས་རྗེས་སུ་བཟུང་། །རྒྱལ་བའི་ཆོས་ཚུལ་ཟབ་ཡངས་རིང་པོའི་མཐའ། །དེ་སྲིད་མཁྱེན་སྤྱན་དཀྱུས་ཀྱིས་རྗེས་གཞལ་བར། །ངལ་མིན་ཚད་མའི་མགོན་པོ་བཙོང་ཁ་པ། །འཇམ་མགོན་བློ་བཟང་གྲགས་པའི་དཔལ་དེས་སྐྱོངས། །སྙིང་རྗེས་འགྲོ་ཀུན་རྒྱུད་ལ་བསོད་ནམས་ཀྱི། །ས་བོན་རྒྱ་མཚོ་བཞི་ཡི་སྐ་རགས་མས། །བཅིངས་པར་འཁོད་སྙོམ་བཀྲམ་དེ་མངོན་མཐོ་དང་། །ངེས་ལེགས་མྱུ་གུ་སྨིན་པར་མཛད་ཁྱོད་བསྔགས། །རིས་སུ་མ་ཆད་སྲིད་ཞིའི་ལེགས་ཚོགས་ཀུན། །ཁྲོ་ཆགས་སྤྱན་ཟུར་ཙམ་གྱིས་འགུགས་བྱེད་ལྷས། །མཆོག་


GLG016_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དམན་ཡོངས་ཀྱི་སྙིང་ལ་ཀུན་དགའི་དཔྱིད། །སྦྱིན་པས་སྡེ་བཞིའི་སྒོ་འཕར་ཅིག་ཅར་ཆེ། །ཚུལ་ཁྲིམས་ངད་ལྡན་དབུ་ཟླུམ་ངུར་སྨྲིག་ཅན། །གོས་དཀར་ལྕང་ལོའི་འཕྲེང་མཛེས་སྔགས་འཆང་སྟེ། །བོད་རྗེ་ལྷ་གཅིག་ཁྲི་སྲོང་ལྡེ་བཙན་དུས། །བླ་ཡི་མཆོད་གནས་གཉིས་ཞེས་གྲགས་པ་དཀར། །དཀོན་ཅོག་རྣམ་གསུམ་བླ་མར་ལེགས་འཛིན་པ། །རིས་མེད་རྒྱལ་བའི་བསྟན་ལ་ཞུགས་སོ་ཅོག །བསོད་ནམས་ཞིང་དུ་ས་བོན་བཏབ་པའི་འབྲས། །ཏི་སེའི་གཙུག་ཏོར་ལྟ་བུར་དཀར་ཞིང་མཐོ། །ཕུན་ཚོགས་བདེ་སྐྱིད་གཡང་དུ་འགུགས་པའི་བོད། །ཡངས་པའི་ས་ཆེན་ཡུལ་གྲུ་འཛིན་པའི་འབངས། །མཆོད་སྤྲིན་ཛམྦུའི་སྙེ་མས་བཏུངས་པའི་ཆབ། །བསོད་ནམས་གསེར་གྱི་ཕུང་པོར་གྱུར་འདི་མཚར། །སྡིག་ཏོའི་བརྟུལ་ཞུགས་གདོན་བརླམས་དཔུང་བཅས་མུན། །སངས་བྱེད་འཇིག་རྟེན་གསུམ་གྱི་སྒྲོན་མེ་མཆོག །གཏོང་བའི་དགེ་ཚོགས་ཟེར་འཕྲེང་འབུམ་འཕྲོས་པས། །རྣམ་སྨིན་དཀར་པོའི་གཟུགས་ཀུན་མངོན་སུམ་བཞིན། །བཤད་སྒྲུབ་ཐུབ་བསྟན་བླ་ནས་སླཪ་འདེགས་ཤིང་། །ཁྲིམས་གཉིས་གསེར་གྱི་གཉའ་ཤིང་ལྕི༌བ༌ལས། །འགྲོ་རྣམས་བདེ་བའི་གྲིབ་མར་ངལ་གསོའི་ཆེད། །ཕུན་ཚོགས་འདོད་འཇོའི་སྒོ་འཕར་བརྒྱ་ཕྲག་ཕྱེ། །ཞེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། ཇི་སྐད་དུ་རིན་ཅེན་སྡུད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་རྟེན་


GLG016_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་འཇིག་རྟེན་གྱི་ཁམས་འདིར་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་སྒོ་དམ་པ་ནི་ཐུབ་པའི་ཆོས་ཚུལ་ལུང་གི་སྒོ་ནས་བཤད་པ་དང་མངོན་པར་རྟོགས་པ་རང་རྒྱུད་ལ་མངོན་དུ་བྱེད་པའི་ཚུལ་གྱིས་གཏན་ལ་འབེབས་པ་ལ་རག་ལུས་ཤིང་། དེ་ནི་དེ་བཞིན་གཤེགས་པས་ཞལ་ནས་གསུངས་པ། རྗེས་སུ་གནང་བ། བྱིན་གྱིས་བརླབས་པ་སོགས་ཀྱི་མཐུ་ལ་བརྟེན་ནས་རྒྱལ་སྲས་ཉན་ཐོས་དང་བཅས་པས་ལེགས་པར་བསླབ་ཅིང་གཞན་ལ་སྟོན་པའི་རྒྱུན་ཉམས་པ་མེད་པ་འཛིན་པའི་མདོ་སྔགས་ཀྱི་སྡེ་ཀུན་རྫོབ་བརྡར་བཏགས་པའི་དགེ་འདུན་དཀོན་ཅོག་རྣམས་བཀུར་སྟི་དང་རི་མོར་བྱ་བའི་ཡུལ་བསོད་ནམས་རྒྱ་མཚོའི་ཞིང་མཆོག་བླ་ན་མེད་པས་ན། ཇི་སྐད་དུ། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཞེས་འབྱུང་བ་ལྟར་ཡིན་ལ། །དེ་ཡང་བསྟན་པའི་རྩ་བ་ནི། གླེང་གཞི་ལས། བཙུན་པ་ཇི་ཙམ་གྱིས་ན་དམ་པའི་ཆོས་མཆིས་པ་ཞེས་བགྱི། ཇི་ཙམ་གྱིས་ན་ཞིག་པ་ཞེས་བགྱི། ཨུ་པ་ལི་ཇི་སྲིད་དུ་ལས་བྱེད་ཅིང་ནན་ཏན་བྱེད་པ་ཡང་ཡོད་པ་བར་དུ་སྟེ། ལས་བྱེད་པ་ལ་ནན་ཏན་བྱེད་པ་ཡང་ཡོད་ན་དམ་པའི་ཆོས་ཡོད་ཅེས་བྱའོ། །ལས་ཀྱང་མི་བྱེད་ལ་ནན་ཏན་བྱེད་པ་དག་ཀྱང་མེད་ན་དེ་ནི་དམ་པའི་ཆོས་ཞིག་པ་ཞེས་བྱའོ། །ཞེས་


GLG016_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བསྟན་པ་ནི་དགེ་སློང་སོ་སོ་ཐར་པའི་བསླབ་པ་ལ་ནན་ཏན་དུ་བྱ་བ་དང་བླང་དུ་ཡོད་པ་ཞིག་ལ་དགོངས་ཤིང་། ལྷ་བཙད་པོ་ཁྲི་སྲོང་སྡེ་བཙན་གྱིས། མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་སྤྱན་དྲངས་ནས། ཐོག་མར་སད་མི་མི་བདུན་གྱིས་ངེས་འབྱུང་གི་ཁྲིམས་བླངས། དེ་ལ་བརྟེན་ནས་རབ་ཏུ་བྱུང་བའི་སྡེ་རྒྱ་ཆེར་འཕེལ་བ་ལས། རྒྱལ་བའི་བསྟན་པ་དར་བ་དང༌། གླང་དར་གྱི་རབ་བྱུང་རྣམས་བསྣུབས་པའི་རྒྱུས་བསྟན་པ་ནུབ་པའི་ཐ་སྙད་བྱུང་བ་ཡིན་པས། གཙོ་བོར་ཕུ་དུད་ཀྱི་ཡུལ་ནི་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། དེ་ལ་ཇི་ལྟར་ན་ཀུན་རྫོབ་ཀྱི་དགེ་སློང་ཞེ་ན། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་ཅིང་རབ་ཏུ་བྱུང་ལ། སོ་སོ་ཐར་པའི་ཚུལ་ཁྲིམས་དང་ལྡན་ན་དེ་ནི་ཀུན་རྫོབ་ཀྱི་དགེ་སློང་ཞེས་བྱའོ། །ཞེས་པ་ལྟར་སོ་སོ་ཐར་པའི་ཚུལ་ཁྲིམས་དང་ལྡན་པའི་རབ་བྱུང་གི་སྡེ་ཉིད་བསྔགས་ཤིང་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་སྒྲུབ་པའང་། ཇི་སྐད་དུ། དགེ་སློང་མཆོག་ཡིན་དགེ་ཚུལ་འབྲིང་། ཁྱིམ་ན་གནས་པ་མཐའ་མ་ཡིན་ཞེས་གཙོ་བོར་རབ་ཏུ་བྱུང་བའི་རྟེན་ཉིད་གསུངས་མོད། འོན་ཀྱང་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། སྐྱེ་བོ་གང་ཁྱིམ་ན་གནས་ཤིང་སྐྲ་དང་ཁ་སྤུ་ཡང་མ་བྲེགས། ཆོས་གོས་ཀྱང་མ་གྱོན། རབ་ཏུ་བྱུང་བ་སོ་སོ་ཐར་པའི་ཚུལ་ཁྲིམས་ཐམས་ཅད་ཀྱང་མ་མནོས། གསོལ་བ་དང་། ཞུ་བའི་ལས་དང་། གསོ་སྦྱིན་དང་། ཚུལ་གྱི་ལས་ཐམས་ཅད་ཀྱི་ནང་དུ་མི་ཆུད་མོད་ཀྱི་འཕགས་པའི་ཆོས་དང་ལྡན་ལ་འཕགས་


GLG016_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་ཐོབ་པས་ན་དེ་ཡང་དོན་དམ་པའི་དགེ་སློང་དུ་བསྡུས་ཏེ། དེ་དག་ནི་དོན་དམ་པའི་དགེ་སློང་ཞེས་བྱའོ། །ཞེས་ཁྱིམ་པ་གོས་དཀར་ཅན་གྱི་རིགས་འཛིན་བཤད་པས་ན། ཇི་སྐད་དུ། སློབ་འཆད་གྲྭ་ལ་རྗེ་ཡིས་མཐུན་རྐྱེན་སྦྱོར། །བོད་ཀྱི་བན་སྔགས་དབུ་ཟླུམ་ལྕང་ལོ་ཅན། །ཞེས་བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བླ་མཆོད་སྡེ་གཉིས་སུ་གྲགས་ཤིང་། འདུལ་བའི་སྡེ་སྣོད་དུ་རབ་བྱུང་གི་རྟགས་རྣམས་མཁན་པོས་བསྐོས་པ་ཞིག་དགོས་པར་བཤད་པས་དགེ་བསྙེན་སོགས་ཀྱི་ཆ་ལུགས་དེ་འཛིན་མི་འོས་པར་ཤུགས་ལ་བསྟན་ནའང་ཐེག་པ་ཆེན་པོའི་སྡེ་སྣོད་ལས། ཡན་ལག་བརྒྱད་པའི་ཁྲིམས་ལ་གནས་བཞིན་པར་ཚངས་པར་མི་སྤྱོད་པའི་སྐབས་ཀྱང་བཤད་པས། སློབ་དཔོན་སྒེག་པའི་རྡོ་རྗེས། ཐེག་ཆེན་དམ་ཚིག་ལ་གནས་ན། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །བསྲུངས་བ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་དབང་ཕྱུག་ཅེས་བྱའོ། །ཞེས་འབྱུང་བས་རྟོགས་པར་ནུས་ལ། བསྟན་པ་ཕྱི་དར་ནས། སྒོམ་ཆེན་ཕོ་མོ་དང་། སེར་ཁྱིམ་པ་སོགས་ཆ་ལུགས་དང་སྤྱོད་ལམ་མཐའ་གཅིག་ཏུ་མ་ངེས་པའི་ལུང་དུ་མ་བསྟན་པ་སྣ་ཚོགས་བྱུང་བ་དག །ལུང་རྣམ་འབྱེད་ལས། ལྕགས་གོང་མེ་ལྕེ་འདྲ་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པ། །ཡུལ་འཁོར་བསོད་སྙོམས་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག །༼མ༽ཟ་བ་མིན། །ཞེས་དགེ་འདུན་གྱི་རྫས་དང་མཉམ་པོར་སྤྱོད་པ་རྣམ་སྨིན་ཤིན་ཏུ་ལྕི་བར་གསུངས་ནའང་། དེ་དག་བསལ་པའི་ཁྱད་པར་དཀོན་ཅོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བླ་མར་འཛིན་


GLG016_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། སློབ་དཔོན་ཤནྟི་པ་དང་མཉམ་མེད་ཇོ་བོ་ཆེན་པོས། །ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པར་གསུངས་ལ། སངས་རྒྱས་ཀྱི་འཁོར་རྣམ་པ་བཞིའི་ཆ་ཤས་སུ་ཡང་དོན་གྱིས་ཆུད་པ་དང་། གཤེན་རབས་མེས་པོའི་རྗེས་སུ་འཇུག་པའི་འབྲས་བོན་ནི་རྣམ་དཀར་ཀྱི་ལས་རྗེས་མཐུན་པ་སྒྲུབ་ཅིང་། རྒྱུ་བོན་སྣང་འཕྲུལ་ཕྱྭ་དུར་བཞི་བོད་འབངས་ཀྱི་རྒུད་པ་སེལ་ཞིང་མཐུན་རྐྱེན་རྣམས་སྤེལ་བས་གནས་སྐབས་ཀྱི་རྐྱེན་སེལ་ལ་དགོངས་ནས། ཆོས་རྒྱལ་མེས་དབོན་གྱིས་ཀྱང་མ་ནུབ་པ་མཛད་པས་མཆོད་པའི་གནས་ཀྱི་བགྲང་བྱར་འོས་ཤིང་། འབངས་རྣམས་ནི་འཇུག་པ་ལས། དེ་ཚེ་དེ་ལ་རྫོགས་བྱང་བྱང་ཆུབ་རྒྱུ། །དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། །ཞེས་བྱང་ཆུབ་མཆོག་གི་རྒྱུའི་གཙོ་བོ་དང་། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱི་སྡེ། །ཞེས་ཡང་སྲིད་ཀུན་ཏུ་དབུལ་བ་དང་བྲལ་བར་བྱེད་པས། བསྟན་འགྲོ་སྤྱི་དང་བྲེ་བྲག་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པའི་ཆེད་དུ། སྔོན་ཆོས་སྐྱོང་བའི་རྒྱལ་པོ་མེས་དབོན་རིམ་བྱོན་གྱི་དུས་སུ་རུ་བཞིར་གྲགས་པ་ལས། དབུ་རུ་དང་གཡོ་རུ་སྟེ་དབུས་ཀྱི་རྒྱལ་ཁམས། ཞར་བྱུང་བྱར་གཉལ་དྭགས་ཀོང་སོགས་ཀྱི་ཆར་འཁོད་པའི་མདོ་སྔགས་ཀྱི་སྡེ་ཆེ་ཕྲ། སེར་ཁྱིམ། སྒྲུབ་པ་ཕོ་མོ། བོན་དགོན་འབངས་རྣམས་ལ་མཆོད་སྦྱིན་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་པར་དབྱེ་བའི་དེབ་ཐེར་ཕུན་ཚོགས་འདོད་འཇོའི་སྒོ་འཕར་བརྒྱ་ཕྲག་ཕྱེ་བ་ལ། གཡས་རུ་གཙང་གི་བན་སྔགས་བོན་གསུམ་གྱི་སྡེར་མང་འགྱེད་དང་མངའ་འབངས་ལ་འབྲུ་འགྱེད་སྟར་ཆགས་སུ་གཏོང་བའི་དེབ་ཀྱི་འགོ་བརྗོད་ལེགས་བྱས་


GLG016_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གངྒའི་ཆུ་རྒྱུན་སོགས། སཱམཱུནིཀྲལུཀྐགོརུཔཱམྲྀཏྱཱཡཱུརཱུཤྭཏསཱདྷུཀུཎྜལཾཡ༔ ནོགཎྱབིནཱཡཨཱཔྲདྷཱནོཏཏྠིཙྪཱམྦྷལྱསནཱཐིནསུཙྪ། །འདུས་བྱས་དམ་བཅའ་འཇིག་པ་རྡོ་རྗེའི་སྐུར། །འཆི་མེད་ཚེ་ཡི་གཡུང་དྲུང་ལེགས་འཁྱིལ་གང་། །དཔག་མེད་རྣམ་འདྲེན་ཀུན་གྱི་གཙོར་བཞེངས་པ། །བདེ་ལྡན་ཞིང་གི་མགོན་དེས་དགེ་ལེགས་སྩོལ། །དུག་གསུམ་ནད་ཀྱི་རྟག་མནར་འཁོར་འཁྱམས་འགྲོའི། །མི་བཟད་གདུང་བའི་ཟུག་རྔུ་གཞིལ་བྱེད་མཁན། །སྔོན་མེད་སྨན་གྱི་བླ་མ་བཙོང་ཁ་པ། །རིས་བྲལ་ལུས་ཅན་ཡོངས་ཀྱི་ངལ་གསོའི་སྟེགས། །རྒྱལ་ཀུན་ཚོགས་གཉིས་འབྲས་བུ་རོ་གཅིག་པར། །རིས་སུ་བཅད་དེ་སྙིང་རྗེ་ཆེས་དངར་དད། །འཐུལ་བ་སྐྱེ་རྒུའི་བསོད་ནམས་གཟུགས་ཅན་བཞིན། །གྲུབ་པའི་འཕྲིན་ལས་རྒྱ་མཚོའི་མཐར་ཁྱབ་རྒྱལ། །བརྒྱ་ཕྲག་ཉི་མའི་དཔལ་འཛིན་གཟི་འབར་བ། །ཞལ་ཁྱིམ་འཛུམ་ལས་འབབ་པ་འདོད་


GLG016_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྒུའི་ཆར། །ཀུན་གྱི་རེ་སྐོང་སྦྱིན་པའི་ཕ་རོལ་ཏུ། །ཕྱིན་བྱེད་ངལ་བསོས་བུ་དེས་ཤིས་པར་མཛོད། །བསྟན་རྩ་རང་རྒྱུད་འདུལ་བ་བག་ཡོད་གླིང་། །ཐེག་མཆོག་ངེས་གསང་རིག་པ་འཛིན་པའི་སྡེ། །ཡིད་ཅན་ཆོས་དཀར་སྤེལ་བའི་ཡུལ་གྱུར་ཟུང་། །མདོ་དང་རྒྱུད་སྡེ་མང་པོར་ཆེས་ཆེར་བསྔགས། །རྣམ་འདྲེན་སྟོན་པ་བདེན་གཉིས་མཚན་ཉིད་ཅན། །ཐོབ་བྱར་ལེགས་འཛིན་དེ་དོན་སྒྲུབ་པའི་གྲོགས། །དགེ་འདུན་ཉེ་བར་བསྟན་ན་ཆ་བྱད་དང་། །ལུང་དུ་མ་བསྟན་གྱུར་ཀྱང་མཆོད་པའི་གནས། །གངས་ཅན་ལྷ་ཆེན་མགུ་བ་ལྷུར་ལེན་པ། །གཤེན་རབས་མེས་པོའི་རྗེས་སུ་འཇུག་རྣམས་དང་། །བསིལ་ལྡན་གླིང་དགུའི་ཆ་ལ་ཉེར་སྤྱོད་པའི། །སྐྱེ་རྒུའི་ཚོགས་ཀུན་བསོད་ནམས་ཡུལ་གྱི་ཕུལ། །དགེ་སྡིག་གང་བསྒྲུབ་དེ་རྒྱུ་སླུ་མེད་འབྲས། །འབྱུང་ཕྱིར་སྤྱི་དང་སྒོས་སུ་རྒུད་པའི་མུན། །སེལ་བྱེད་གཏོང་བའི་ཟླ་བ་ལྷག་བསམ་གྱིས། །གསེར་རིའི་སྦུབས་ནས་འབུམ་ཕྲག་འཆར་འདི་མཚར། །འཛད་མེད་བགྲང་བྱར་ཀུན་ཏུ་དགའ་བའི་དཔྱིད། །ཆོས་ནོར་འདོད་ཐར་ལྡན་པའི་ཕོ་བྲང་ནས། །འབངས་རྣམས་རྩེ་དགའ་ཁོང་ནས་དགོད་བྱེད་པ། །བཀྲ་ཤིས་རྣམ་པར་བཀྲ་བའི་སྒོ་མང་ཕྱེ། །ཞེས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་སྙན་ཚིག་གི་ལམ་ནས་དྲངས་པ་སྔོན་དུ་བཏང་སྟེ། ཇི་སྐད་དུ། རྡོ་འཕངས་པའི་མདོ་ལས། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་ཚད་གཟུང་བར་མི་ནུས་ཏེ། འཁོར་བ་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །ཞེས་རང་གཞན་


GLG016_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྒྱུད་ཀྱི་ཞིང་ས་ལ་བསོད་ནམས་ཀྱི་མྱུ་གུ་རྒྱ་ཆེར་སྐྲུན་པར་བྱེད་པ་བླ་ན་མེད་པའི་ས་བོན་ལེགས་བྱས་ཀྱི་ཞིང་དམ་པ་ནི་དགེ་འདུན་ཡིན་ལ། དེ་ལ་ཡང་མདོ་སྔགས་ཀྱི་སྒོ་ནས་ཕྱེ་བའི་རྣམ་གྲངས་མང་དུ་ཡོད་ནའང་། བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་ས་ཆེན་པོ་འདི་ལ་སྣོད་བཅུད་ཀྱི་འཇིག་རྟེན་བརྟེན་པ་བཞིན་སྲིད་ཞིའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་ཚུལ་ཁྲིམས་ལ་རག་ལུས་པའི་རྒྱུ་མཚན་གྱིས་དེ་བཞིན་གཤེགས་པའི་བསྟན་པ་ལ་གདུལ་བྱའི་བྱེ་བྲག་གིས་ཐེག་པ་སྣ་ཚོགས་བྱུང་ཡང་། བསྟན་པ་ཞེས་ངོས་འཛིན་རྒྱུ་ཡོད་མེད་ནི་སེམས་འདུལ་བའི་རིམ་པ་གཙོ་བོར་བྱེད་པའི་སྣོད་ལ་རག་ལུས་ཤིང་། དེའི་རྒྱུ་མཚན། འཕགས་པ་ཐོགས་མེད་ཀྱིས། དམ་པའི་ཆོས་ཞིག་ཅིང་ནུབ་པ་ན་ནི་དགེ་སློང་གི་སྡོམ་པ་མ་བླངས་པ་ནི་བླང་དུ་མེད་ལ། བླངས་པ་ནི་ཡོངས་སུ་མི་གཏོང་བར་རིག་པར་བྱ་སྟེ། ཞེས་རབ་ཏུ་བྱུང་བའི་སྡོམ་པ་བླངས་ཀྱང་མི་སྐྱེ་བས་ན་དམ་པའི་ཆོས་ནུབ་པར་བཤད་ཅིང་། གླང་དར་མས་བསྟན་པ་བསྣུབས་ཞེས་པ་ཡང་འདུལ་བའི་བསྟན་པ་ལ་དགོངས་ནས། ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་ཆེན་པོ་ཡེ་བཟང་རྩེ་བས། དེ་ལྟར་བོད་ཡུལ་བསྟན་པ་ལ་འཕེལ་འགྲིབ་ཆེར་བྱུང་མོད་ཀྱི། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟན་པ་ནི་དེང་སང་གི་བར་དུ་ནུབ་མ་མྱོང་ཞིང་། ཞེས་འབྱུང་བས་ཚོགས་གསོག་གི་ཞིང་ནི། ཇི་སྐད་དུ། སོ་ཐར་གྱི་མདོ་ལས། སེམས་རྟ་ཁ་ཀླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བཏབ་པ་ཡི། །སྲབ་ནི་སོ་སོ་


GLG016_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་འདི་ཡིན། །ཞེས་གདུལ་བྱ་ཉོན་མོངས་ཀྱིས་རེངས་པའི་སེམས་རྟ་རྒོད་ལྟ་བུ་འདུལ་ཐབས་སོ་སོ་ཐར་པའི་ཚུལ་ཁྲིམས་ཀྱི་སྲབ་ལ་བརྟེན་དགོས་པས། སྤྱིར་སོ་ཐར་རིས་བརྒྱད་དུ་བཤད་ནའང་གཙོ་བོ་རབ་ཏུ་བྱུང་བའི་སྡོམ་པ་དང་ལྡན་པ་ཉིད་ཡིན་ཞིང་། ངེས་གསང་ཐེག་པ་མཆོག་གི་སྨིན་གྲོལ་བསྒྲུབ་པ་ཡང་། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་བསྲུང་། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་ནང་གི་རྣལ་འབྱོར་ཐེག་པ་བླ་ན་མེད་པ་ལ་བརྟེན་ཀྱང་ཕྱི་རོལ་ཉན་ཐོས་ཀྱི་བག་ཡོད་དང་ལྡན་པ་ལ་བསྔགས་མོད། མཐའ་གཅིག་ཏུ་མ་ངེས་པ། བྱ་རྒྱུད་ཀྱི་སྤྱི་རྒྱུད་ལེགས་གྲུབ་ལས། ཉལ་དང་ཁྲུས་བྱེད་མ་གཏོགས་པ། །སྔགས་པས་མཐང་གོས་མི་སྤང༌ཞིང༌། །དཀར་ལ་ཤིན་ཏུ་འཇམ་པོ་སྟེ། །ཉིན་རེ་བཞིན་དུ་བཀྲུ་བར་བྱ། །ཞེས་གོས་དཀར་ལྕང་ལོ་ཅན་ཁྱིམ་པ་རྡོ་རྗེ་འཛིན་པའི་སྡེ་བཤད་པས། མངའ་བདག་ཁྲི་སྲོང་ཁྲི་ལྡེ་བཙན་གྱི་དུས་སུ་ཞབས་འོག་གི་རྡེའུ་དབུའི་མཆོད་གནས་སུ་བཏོན་པའི་མདོ་སྔགས་ཀྱི་སྡེ་གཉིས་ཡོད་པར་གྲགས་ཤིང་། ཐེག་པ་འོག་མར་རབ་ཏུ་མ་བྱུང་བར་དེའི་རྟགས་མི་འཛིན་པ་ཤུགས་ཀྱིས་བསྟན་ནའང་། ཕ་རོལ་ཏུ་ཕྱིན་པའི་དེ་ཁོ་ན་ཉིད་དམ། གསང་སྔགས་ཀྱི་རྣལ་འབྱོར་སྤྱོད་པ་དག་ལ་མཐའ་གཅིག་ཏུ་རྒྱས་ཁེབས་པ། ཕ་རོལ་ཏུ་ཕྱིན་པ་ལྔའི་མདོ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཁྱིམ་ན་གནས་ཏེ། འདོད་པའི་ཡོན་ཏན་ལྔ་རྣམས་ལ་བརྟེན་ཅིང་ལོངས་སྤྱོད་པ། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་


GLG016_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་བསྐྱེད་ན། དེ་ཙམ་གིས་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་འཆལ་ཞེས་མི་བརྗོད་དོ། །ཞེས་གསུངས་པས་གོ་བར་ནུས་ལ། རྒྱལ་ཁྲིམས་ཞིག་ནས་ཡུལ་གྲུ་དེར་རང་བཟོའི་ཆ་ལུགས་སྣ་ཚོགས་དང་སྤྱོད་ལམ་བག་དང་མི་ལྡན་པའི་དགོན་པ་བར་ཁས་འཆེས་པའི་སྒྲུབ་པ་ཕོ་མོ་དང་། སེར་ཁྱིམ་སོགས་རྒྱ་ཆེར་བྱུང་བ་དག །མདོ་ཉི་མའི་སྙིང་པོ་ལས། ལྷུན་པོ་དང་ནི་འདྲ་བའི་མེ། །བླངས་པར་བྱས་ཏེ་ཟོས་པ་བླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པ་ནི་མི་བྱའོ། །ཞེས་ལུང་དུ་མ་བསྟན་པ་རྣམས་ཀྱིས། དགེ་འདུན་དང་མཚུངས་པར་བསོད་ནམས་ཀྱི་ཡུལ་དུ་རློམ་པ་རྣམ་པར་སྨིན་པ་ཤིན་ཏུ་ལྕི་མོད། འོན་ཀྱང་པད་དཀར་ཆེན་པོ་ལས། ཀུན་དགའ་བོ་ཕྱི་མའི་དུས་ཟད་པའི་དུས། དམ་པའི་ཆོས་འཇིགས་པར་འགྱུར་བའི་དུས་ན་གང་དག་ངའི་བསྟན་པ་འདི་ལ་རབ་ཏུ་བྱུང་བར་འགྱུར་བ་དག་རབ་ཏུ་བྱུང་ནས་བུའི་ལག་ནས་བཟུང་སྟེ། བུ་དང་ལྷན་ཅིག་ཏུ་ཆང་སྐྱོགས་གང་གི་ཕྱིར་ཆང་མའི་ཁྱིམ་ནས་ཆང་མའི་ཁྱིམ་དུ་འཁྱམས་པ། ངའི་དམ་པའི་ཆོས་འདི་རྗེས་སུ་སློབ་པ་དེ་དག་ཀྱང་ཀུན་དགའ་བོ་བསྐལ་པ་བཟང་པོ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་པ་ལྟར་ན། ཚུལ་དེ་དག་དངོས་སུ་བསྟན་པའི་ཤུགས་ལ་སྒྲུབ་པ་ཕོ་མོར་རློམ་པ་སོགས་ལྟ་སྤྱོད་ཡང་དག་པ་མ་ཡིན་པ་རྣམས་ཀྱང་དཀོན་ཅོག་ལ་དད་པའི་སྐྱབས་འགྲོའི་བསླབ་གཞི་རྗེས་མཐུན་པ་ཙམ་འཛིན་པ་སོགས་ནས་འཁོར་རྣམ་བཞིའི་ཆར་གཏོགས་ལས་དཀཪ་ཀྱི་འབྲེལ་བ་དང་ལྡན་པ་དང་། གཡུང་དྲུང་གི་བོན་རྣམས་ཆུ་བོའི་ཕ་རོལ་ཏུ་སྒྲོལ་བའི་གཟིངས་བཞིན་གངས་ཅན་པ་རྣམས་ཀྱི་གནས་


GLG016_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་ཕྱྭ་གཡང་ལེགས་ཚོགས་སྤེལ་བ་ལ་གཅིག་ཏུ་མཁོ་བས་མཆོད་ཡུལ་དུ་གཏོགས་ལ། མངའ་འབངས་ཀྱི་སྐྱེ་རྒུ་རྣམས་ལ་སྦྱིན་གཏོང་དུ་བྱ་བ་ནི། བཤེས་སྤྲིངས་ལས། ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་གནས་སྐབས་མཐར་ཐུག་གི་ཕན་བདེའི་ལེགས་ཚོགས་རྒྱ་ཆེན་པོ་འགྲུབ་པར་གསུངས་པས། རྒྱལ་བའི་བསྟན་པ་དང་ཡིད་ཅན་རྣམས་ཀྱི་བདེ་སྐྱིད་སྤྱི་དང་། བྱེ་བྲག་རང་གཞན་གྱི་ཕྱིར་དུ་དམིགས་པའི་ལེགས་བྱས་རླབས་པོ་ཆེ་བསྐྲུན་པའི་ཆེད་དུ་ཧོར་གྱི་བསྟན་པ་བྱུང་སྐབས་ཁྲི་སྐོར་བཅུ་གསུམ་དུ་གྲགས་པའི་ནང་ཚན། གཙང་ཁྲི་དྲུག །འབྲོག་ཁྲི་སྐོར། ལྷོ་བྲག་ལུང་གསུམ་དང་བཅས་པའི་ཡུལ་གྲུའི་ཆར། མདོ་སྔགས་ཀྱི་སྡེ་ཆེ་ཆུང་། སེར་ཁྱིམ། སྒྲུབ་པ་ཕོ་མོ། བོན་དགོན། སྐྱེ་རྒུ་རྣམས་ལ་མཆོད་པ་དང་སྦྱིན་གཏོང་སྐབས་སྦྱར་གྱི་རྒྱས་འབྲིང་བསྡུས་གསུམ་གང་འོས་སུ་བྱ་བའི་བརྗེད་བྱང་གི་དེབ་ཐེར་བཀྲ་ཤིས་རྣམ་པར་བཀྲ་བའི་སྒོ་མང་ཕྱེ་བ་ལ། ཤིང་སྦྲུལ་ཟླ་བ་བཞི་པའི་ཚེས་གསུམ་ལ་ཆེ་ཆེན་དཔོན་པོ་བློ་བཟང་ཆོས་འཕེལ་གྱིས་འཕྲུལ་སྣང་དང་ར་མོ་ཆེར་གོས་ཆེན་གྱི་ཕྱེ་ཕུར་ཕུལ་བའི་ཁ་བྱང་བདེ་ཆེན་ཞིང་དུ་ཁྲིད་པའི་ཐེམ་སྐས་ཕྱེ་མ་ཕུར་མའི་ཁ་ཡིག །ཚོགས་ཀྱི་དུས་ནས་བསྒྲུབས་པའི་འོག་མིན་ཅེས། །ཕྲ་རབ་རྡུལ་གྲངས་བག་ལ་ཞ་ནུས་ཤིང་། །ས་ལ་གཅིག་གྱུར་མངོན་སུམ་འཕྲུལ་སྣང་གི ། སྲས་བཅས་རྒྱལ་བ་རྒྱ་མཚོའི་སྤྱན་སྔ་རུ། །ཆེན་པོ་ཧོར་དང་པུར་རྒྱལ་བོད་


GLG016_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མིའི། །ནང་གི་རྩ་ཁམས་རླུང་ལས་སྣ་ཚོགས་སྐད། །སོ་སོར་སྣང་བ་སྒྱུར་བྱེད་ལོ་ཙཱ་བ། །ཆེ་ཆེན་བློ་བཟང་ཆོས་འཕེལ་ལྷག་བསམ་གྱིས། །བཟང་གོས་ཕྱེ་མ་དྲི་ལྡན་ཕུར་མ་ཅན། །མཆོད་སྤྲིན་ནམ་མཁའ་མཛོད་སྤྲུལ་སྒོ་ཕྱེ་སྟེ། །བདག་གཞན་དགེ་ཚོགས་དང་བཅས་ཕུལ་བའི་འབྲས། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་རྒྱུཪ་སྤེལ། །འཇིག་རྟེན་ཀུན་གྱི་མཐུན་སྣང་མེ་ལོང་དུ། །རིང་པོའི་ཚེ་དང་སྟོབས་འབྱོཪ་ཕུན་ཚོགས་གཟུགས། །ཤར་བའི་མཛེས་སྡུག་གཟིགས་མོར་མཚར་བ་ལ། །རྟག་ཏུ་བལྟ་བའི་སྐལ་བཟང་འཐོབ་པར་ཤོག །ལས་ཉོན་གྱིས་བཅོས་སྐྱེ་རྒ་ན་འཆིའི་འཕྲང་། །བགྲོད་ཚེ་སྐྱེལ་བསུ་མཛད་དེ་བདེ་བ་ཅན། །ཡིད་འཕྲོག་ལྟ་ན་སྡུག་པའི་གྲོང་ཁྱེར་དུ། །ཁྲིད་ནས་གཏན་འདུན་སྒྲུབ་པར་བདག་བྱིན་རློབས། ཤིང་སྦྲུལ་ཟླ་བ་བཞི་པའི་ཚེས་གསུམ་ལ་ཆེ་ཆེན་དཔོན་པོ་བློ་བཟང་ཆོས་འཕེལ་གྱིས་འཕྲུལ་སྣང་དང་ར་མོ་ཆེར་གོས་ཆེན་གྱི་འཕན་ཕུལ་བའི་ཁ་བྱང་ཉོན་མོངས་ནགས་ཀླུང་བསྲེག་པའི་མེ་དཔུང་། (འཕན་གྱི་ཞལ་བྱང་)མཐའ་མེད་མ་རྒན་ཆེད་དུ་དུས་གསུམ་གྱི། །རྒྱལ་རྣམས་ཚོགས་གཉིས་བསགས་འབྲས་རྣམ་འདྲེན་སྐུ། །མི་བསྐྱོད་རྡོ་རྗེར་གྲགས་འབར་སྤྱན་གྱི་ཟུར། །འབབ་སྟེགས་བདུད་ལས་རྒྱལ་བའི་བ་དན་ཟུང་། །རང་གཞན་མ་ལུས་སངས་རྒྱས་གོ་འཕང་ཆེ། །སྒྲུབ་འདོད་ཆེན་པོའི་བློ་གྲོས་བཟང་པོ་ཡིས། །ཆོས་དཀར་ཕུང་པོ་འཕེལ་ཆེད་འབུལ་བྱེད་ན། །དེ་དོན་མངོན་སུམ་མྱོང་བའི་དགའ་སྟོན་སྩོལ། །སིམ་པའི་ནགས་ཀླུང་ཉོན་མོངས་མེས་བསྲེག་པ། །མཐའ་མེད་སྲིད་ཤུལ་མྱ་ངམ་ཐང་འཁྱམས་ཚེ། །བདེ་སྐྱིད་གྲིབ་ཏུ་བསིལ་བྱེད་ལེགས་བྱས་ཀྱི། །ཡོངས་འདུའི་ལྗོན་པ་


GLG016_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་འདབ་དར་དྲག་ཤོག །བྱང་ཆུབ་སྙིང་པོ་གསེར་གྱུར་གླང་པོའི་མཆེས། །རྣམ་པ་ཐམས་ཅད་མཁྱེན་པའི་འབྱོར་ལྡན་པ། །ཡིད་སྲུབས་མི་བདག་གཡོ་སྒྱུས་གཞོམ་མིན་པའི། །འཛད་མེད་བཅུད་ཀྱི་རོ་བརྒྱ་མྱོང་བར་ཤོག །བྱང་ཆེན་ལ་བསྔོས་ཁ་ཁྱེར་མཐོན་པའི་རྟས། །དཀྱུས་ཐོག་གཅིག་གཅོད་ཞར་ལ་གནས་སྐབས་ཀྱི། །རྒུད་པའི་མེ་ཏོག་དྲུངས་ཕྱུང་རྫོགས་ལྡན་ཐང་། །ཡངས་པོར་གཅོད་པའི་གཅོང་རོང་དམིགས་མེད་ཤོག །དཔལ་ལྡན་འབྲས་སྤུངས་ཀྱི་ཀུན་དགའ་ར་བའི་རྟེན་དེབ་ཀྱི་འགོ་བརྗོད་སུམ་རྩེན་འབྱོར་བའི་སྤུན་ཟླ། (སྡེབ་སྦྱོར་ཕྱེད་མཉམ་པའི་པྲིཏྟ་ལས་མྱུར་བའི་དབུས)གནྟཏཐཱགཏེརེལུཧསཱདྷུཔྲཛནཙདྷཱཏུབིཤེཥཏབཱཏེ། །ཤཱཀྱནཡཱཁསམཱནགམཱམྤནིཏིརིཛུདྷཱརྨིགཔཤུཏ་བུདྡྷ༔ སྙིང་པོ་བདེ་གཤེགས་གསེར་དུ་བསྒྲུབ་པའི་ལྕགས། །སེམས་ཅན་ཁམས་ཀྱི་ཁྱད་པར་དེ་སྙེད་དུ། དྲང་ངེས་ཆོས་ཕུང་སྟོན་བྱེད་ཟས་གཙང་སྲས། །ཤཱཀྱའི་གཙོ་ཀྱེ་མཁའ་མཉམ་འགྲོ་རྣམས་སྐྱོངས། །


GLG016_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་རྟོགས་ཡོན་ཏན་དུས་གསུམ་རྒྱལ་ཀུན་དང་། །མཚུངས་པར་འཁྱོག་བློས་མ་གཞལ་ངེས་མཉམ་པར། །གཉིས་མི་ཟ་བ་ཆོས་ཀྱི་རྗེས་འབྲངས་ནས། །དད་པའི་ཡུལ་གྱུར་བློ་བཟང་གྲགས་པར་འདུད། །ཞབས་སེན་ཟླ་ཚེས་དཔལ་གྱི་མགྲིན་ལ་སོགས། །ཡིད་ཅན་ཡོངས་ཀྱི་གཙུག་ཏོར་རྩེར་མཛེས་པས། །གངྒཱའི་རྡུལ་གྲངས་བག་ཞའི་བསོད་ནམས་ཀྱི། །རྒྱ་མཚོའི་ཞིང་གྱུར་འཇིག་རྟེན་དབང་ཕྱུག་རྒྱལ། །སྤྱན་ཪས་ཟུར་ཙམ་ལྷུངས་པས་སྲིད་ཞིའི་དཔལ། །རང་གིར་བྱེད་ལ་གཉིས་འཐུང་འགྲམ་པའི་ཆང་། །དངར་པོར་བུང་བའི་རོལ་རྩེད་རྗེས་འགྲོའི་ལས། །ལྷུན་གྲུབ་རིག་བྱེད་དབང་མོ་སྙིང་དབུས་བཞུགས། མཚན་ཐོས་ཙམ་གྱིས་ཕོངས་སེལ་དྲན་པས་ཀྱང་། །བརྟན་གཡོའི་འདོད་པ་འཇོ་བ་ངལ་བསོས་པོས། ལེགས་བྱས་ཉི་མའི་དངོས་བརྒྱ་བླ་ནས་བླར། །རབ་འབར་གཟི་བྱིན་འོད་པོ་ཆེ་དེ་སྩོལ། །སྒོ་གསུམ་བག་ཡོད་ངུར་སྨྲིག་གོས་ཀླུབས་མཛེས། །མངོན་ཚད་ཕ་རོལ་ཕྱིན་པར་ཐོས་བསམ་གྲྭ ། བྱང་ཕྱོགས་ནོར་འཛིན་དཔལ་མོའི་ལྟོར་སྨིན་པ། །འབྲས་དཀར་སྤུངས་འདྲའི་ཆོས་ཀྱི་སྡེ་ཆེན་པོ། །ཨེ་མ་གཞུང་བརྒྱར་དཔྱད་བཟོད་དགག་སྒྲུབ་ཁྲིར། །རྐང་སྟེགས་བྱེད་པའི་མཁས་མང་འདི་རྣམས་དང་། །འཕགས་ཡུལ་གྲགས་པའི་དཔལ་འབར་པཎ་ཆེན་ཚོགས། ཁ་སྤུ་ཙམ་ལས་ཁྱད་པར་དབྱེ་ནུས་མིན། །རྣམ་དཔྱོད་མ་དྲོས་ལས་འོངས་ལེགས་བཤད་ཀླུངས། །སྐལ་བཟང་རྣ་བའི་ཆུ་གཏེར་ཆེར་བབས་ནས། །སྙིང་ལ་ཀུན་དགའི་རྩེད་འཇོ་ར་བ་ཞེས། །སུམ་རྩེན་བདག་པོའི་ཕོ་བྲང་འཕོས་འདྲ་གང་། །ཚངས་པའི་འཕྲིན་བརྒྱུད་གནམ་གྱི་ཤེ་མོང་ལས། ཁྲིམས་གཉིས་


GLG016_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་མཐར་ཁྱབ་མི་ཡི་བདག །བློ་དང་བརྩོན་པས་བསྐྲུན་ཏེ་འཛམ་གླིང་གི ། ནོར་བུའི་སྤྱད་ཀུན་བསྡུས་ནས་སྤུངས་པ་བཞིན། །དགེ་ལེགས་ས་བོན་སྨིན་ལས་ཕན་བདེའི་ལྗོན། །འབྲས་བཟང་རོ་བརྒྱ་གདའ་བའི་གཡང་ཆགས་པའི། །རྣམ་འདྲེན་སྲས་བཅས་སྐུ་བརྙན་མཆོད་པའི་སྤྲིན། །སྲི་ཞུས་ཆོས་བཟང་འདུན་སའི་དཔལ་ལ་འགྲན། །རྨུགས་འཛིན་ཕྱག་སོར་གྱིས་བཙིར་ནེའུ་ལེའི། །མགྲིན་ལས་ཉེར་སྐྱུགས་མཁོ་དགུའི་འབྱོར་བ་ཡི། །དུས་ཀུན་དགའ་སྟེར་ནོར་བུ་ལྡུགས་པའི་སྣོད། །གངས་ཅན་ར་བའི་རྒྱན་གཅིག་འདི་ན་འཁྱིལ། །ཞེས་སྙན་ངག་གི་ལམ་ནས་དྲངས་པའི་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། སྟོན་པ་མཉམ་མེད་ཐུགས་རྗེའི་བདག་ཉིད་ཅན་གྱིས་བྱིན་གྱིས་བརླབས་པའི་ལིའི་རིགས་ལ་སྐུ་རྒྱུ་བྱས་ཏེ་འཕགས་ཡུལ་གྱི་བཟོ་བོས་བསྐྲུན་པ་དང་། གངས་རིའི་ལྗོངས་འདིར་ཆོས་སྐྱོང་བའི་རྒྱལ་པོ་མེས་དབོན་རྣམ་གསུམ་གྱི་རིང་ལ་བྱུང་བའི་ཆོས་ལི་ཐོག་མཐའ་བར་གསུམ་དུ་གྲགས་པ་སོགས་འདྲེན་པ་སྲས་དང་སློབ་མར་བཅས་པའི་སྣང་བརྙན་ངོ་མཚར་གྱི་འཕྲེང་བ་ཚར་དུ་དངར་བ་ལས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་ཀུན་དགའ་ར་བའི་ཚོམས་ཆེན་དུ་བཞུགས་པའི་རྟེན་མཆོད་རྫས་དང་བཅས་པའི་དེབ་ཐེར་རབ་བྱུང་བཅུ་གཅིག་པའི་སྣ་ཚོགས་དབྱིག་ཅེས་པ་ཤིང་མོ་སྦྲུལ་ལོ་ས་ག་ཟླ་བའི་དཀར་ཆའི་བཟང་པོ་དང་པོ་སྤེན་པ་སྣར་མའི་འགྲུབ་སྦྱོར་གྱི་དུས་དགེ་བར་བསྒྲིགས་པ་ལ། རྣམ་པར་རྒྱལ་བ་ངེས་གསང་ལེགས་བཤད་སྡེ། །ཕན་དང་བདེ་བའི་གླིང་གི་རྒྱ་ཇའི་སྣོད། །འདོད་རྒུའི་དཔལ་འཁྱིལ་


GLG016_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྐྲུན་དགེ་བའི་འབྲས། །སྲིད་ཞིའི་ལེགས་བྱས་སྨིན་པའི་དཔལ་འཐོབ་ཤོག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་ཁྲོ་འདི་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་ཤིང་སྦྲུལ་ཧོར་ཟླ་ལྔ་པའི་ཚེས་བཅུ་ལ་བླུག་པའི་རྒྱུ་ལ་ཟངས་ཁལ་ཉི་ཤུ། གསེར་སྲང་གང་། དངུལ་སྲང་ཉི་ཤུ་རྣམས་སོང་བ་སརྦ་མངྒ་ལཾ། །རྣམ་མང་ཐེག་པའི་རྩེ་མོར་རྒྱལ་ཀུན་གྱིས། །ངེས་གསང་ལེགས་བཤད་ཕན་བདེ་ཀུན་འབྱུང་གླིང་། །སྲིད་ཞིའི་དཔལ་འབྱོར་འཕྱུར་བུར་འཁྱིལ་བའི་སྣོད། །བསྐྲུན་འབྲས་འདི་ཕྱིའི་གཏན་འདུན་ལྷུན་གྲུབ་ཤོག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་ཁྲོ་འདི་གཉེར་པ་བློ་བཟང་སྦྱིནཔས་ཁུར་བླངས་ཏེ་ལོ་རོ་བ་དགོས་པ་རྡོ་རྗེ། བླ་མ་བཀྲ་ཤིས་རིན་ཅེན་དོན་གྲུབ། པདྨ་ནོར་བུ། ཚེ་དབང་བཀྲ་ཤིས་རྣམས་ཀྱིས་ཤིང་སྦྲུལ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་བླུག་པའི་རྒྱུར་ཟངས་ཁལ་ཉི་ཤུ། གྲྭ་མང་རྣམས་ཀྱིས་བསྡུས་པའི་དངུལ་སྲང་བཅུ་གཅིག་དང་གསེར་ཞོ་ལྔ་རྣམས་སོང་བ་ཛ་ཡནྟུ། ཕྱོགས་ལས་རྣམ་རྒྱལ་ཕན་དང་བདེ་བའི་གཏེར། །གསང་སྔགས་ལེགས་པར་བཤད་པའི་འདུས་གླིང་གི ། ཚོགས་ཁྲོ་འཛམ་གླིང་འདོད་པ་ཀུན་འཇོ་བ། །བསྐྲུན་འདིས་བདག་གཞན་དོན་གཉིས་ལྷུན་གྲུབ་ཤོག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་ཁྲོ་འདི་གཉེར་པ་བློ་བཟང་སྦྱིན་པས་ཁུར་བླངས་ཏེ་ལོ་རོ་བ་དགོས་པ་རྡོ་རྗེ། བླ་མ་བཀྲ་ཤིས། རིན་ཅེན་དོན་གྲུབ། པདྨ་ནོར་བུ། ཚེ་དབང་བཀྲ་ཤིས་རྣམས་ཀྱིས་ཤིང་སྦྲུལ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་བླུག་པའི་རྒྱུར་ཟངས་ཁལ་ཉི་ཤུ། གྲྭ་མང་རྣམས་ཀྱིས་བསྡུས་པའི་དངུལ་སྲང་བཅུ་གཅིག་དང་གསེར་


GLG016_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཞོ་ལྔ་རྣམས་སོང་བ་ཛ་ཡནྟུ། ལེགས་ལྡན་རིག་བྱེད་ལས་བཤད་རྗེས་འགྲོའི་ཆབ། །ཀུན་ཕན་ཡན་ལག་བརྒྱད་ལྡན་བདེ་སྟེར་རྒྱུན། །འབབ་སྣོད་གླིང་བཞིའི་སྐ་རགས་ལ་འཁུ་བ། །སྤེལ་འདི་འཁོར་འདས་ཡོན་ཏན་ཀུན་འཁྱིལ་ཤོག། ཟངས་ཁལ་བཞི་བཅུ་ཞེ་གཅིག་ལ་གཞི་བྱས་པའི་ཆུ་སྣོད་ཀྱི་ཁྲོ་འདི་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་ཤིང་སྦྲུལ་ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་བླུག་པའི་བཟོ་རིག་པ་ལོ་རོ་བ་དགོས་པ་རྡོ་རྗེ། བླ་མ་བཀྲ་ཤིས། རིན་ཅེན་དོན་གྲུབ། པདྨ་ནོར་བུ། ཚེ་དབང་བཀྲ་ཤིས་རྣམས་ཀྱིས་བགྱིས་པ་བསམ་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིག །མཆོད་དཔོན་བློ་བཟང་མཐུ་སྟོབས་དང་དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་ཆུ་ཟངས་ཕུལ་བའི་ཁ་བྱང་ལེགས་བྱས་རྒྱ་མཚོའི་གཏེར། (སྡེབ་སྦྱོར་ཁ་སྒོ། )ཕན་བདེའི་ཡན་ལག་བརྒྱད་ལྡན་ལེགས་འབབ་སྣོད། །ཆུ་གཏེར་རྫོགས་པར་འཁྱིལ་ཡང་དོག་མིན་འདིས། །བཤད་སྒྲུབ་རིན་ཅེན་རྣར་འཕྱང་འཛམ་གླིང་མིའི། །རྟེན་བཟང་བྱེད་པོ་ཀུན་གྱིས་རྟག་ཐོབ་ཤོག །བིནཱཡཀཏབཤརཱིརམཀྵཨམྲྀཏེཀར། །པཱུཎཱུབནྡྷཨདྷིཥཱིཏེམནྟཆྀཀྐམྨནཱམཔཾ། རྣམ་པར་འདྲེན་པ་ཁྱོད་ཀྱི་སྐུ། །མིག་གི་བདུད་རྩིར་བྱེད་པ་པོ། །སྔགས་འཆང་འཕྲིན་ལས་མིང་ཅན་གྱི། །ལེགས་བྱས་ཚོགས་རྣམས་འཕེལ་བྱིན་རློབས། །ཞེས་


GLG016_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཡང་ཐང་ཀའི་རྒྱབ་ཡིག་ཏུ་སྔགས་འཆང་གཞིས་ཀ་ཤར་པས་བསྐུལ་བ་ལྟར་ཟ་ཧོར་ཀྱི་བནྡེས་སུག་བྲིས་བྱས་པ་ཛ་ཡནྟུ། (ཤོ་ལོ་ཀ་དགུ་པོ་ཡོངས་རྫོགས་སྡེབ་སྦྱོར་མེ་ཏོག་ཕྲེང་བ་ཅན། )དྭེགཎཾཤཏྱརཱསསྭདཱཧཱམདྷོརྻཁྱནོསྭཱདནཾབྷུཔཐོཏྠདནི། །བིཛྙཡཱནོདདརྦབྷརྣནྟཀལཱཋཾསུགཏེནལགིབྲི་ཡཾཙྪཏུ། །ཚོགས་གཉིས་རོ་བརྒྱ་བདའ་བ་མངར་པོའི་ཟས། །གྲངས་མེད་མྱོང་བས་ས་ལམ་སྐྱེད་བསྲིངས་པས། །རྣམ་མཁྱེན་ལང་ཚོ་དར་དྲག་འོད་མཐའ་ཡས། །བདེ་གཤེགས་བརྒྱད་ཀྱིས་ཕུན་ཚོགས་དགའ་སྟོན་སྩོལ། །ཆེས་དམན་འགྲོ་ཡང་རྣམ་དག་སྨོན་ལམ་མཐུས། །བགྲོད་ནུས་བདེ་བ་ཅན་ཞིང་ཁྱོད་ཉིད་ཀྱིས། །སྤྲུལ་ན་མ་རྒན་ལུས་ཅན་ཇི་སྙེད་པ། །དྲོངས་ཤིག་འོད་མཚན་འབར་བའི་མགོན་པོ་ཀྱེ། །


GLG016_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

(པཉྩཏནྟསུཀཎྜུཥཱཏེནཱམསོཤབྡདོརྫུརབིཥྚེརྐལོདྷནདཱི། །ཨབྱཡཾནཱརཀཏྠཏཱསོཁུསདཱབྷོཥཤདྡསྱཙཀྵེ་ཏྲཏཱཛནྱཡཱཏ། །རྒྱུད་ལྔའི་རྣ་བར་ཁྱོད་མཚན་ལེགས་སྙན་སྒྲས། །ནད་རིམས་བགེགས་བྱད་འབྲོག་དགོན་ཆུ་ཀླུང་དང་། །མི་ཟད་དམྱལ་བ་ལས་ཐར་བདེ་སྐྱིད་ལ། །རྟག་ཏུ་ལོངས་སྤྱོད་དག་ཞིང་སྐྱེ་བར་ཤོག །རཏྣཙནྡྲསྶཀཱརོཎཱུཛཱསྟཔྟཤཱིཏཾདརིདྲིརྩཀལྱཏྲསོབྷཱཏཙ། །ཧིནཱཔཎཱཎུམཱཧཱཡནོཏྟདྱཙིཏྟཏཱུདཱསྲུདནཏཱཾཔདེ་བྷཛྲཡཱཏྲ། །རིན་ཅེན་ཟླ་འདྲའི་ཐུགས་རྗེས་སྐྱེ་རྒུ་རྣམས། །ཚ་གྲང་དབུལ་ཕོངས་ཟུག་རྔུ་འཇིགས་སྐྲག་དང་། དམན་པའི་ལས་སྤངས་ཐེག་ཆེན་སེམས་བསྐྱེད་ནས། །རྟག་ཏུ་བདེ་སྐྱིད་ཁྱོད་ཞབས་བརྟེན་པར་ཤོག་


GLG016_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཀྭཎབྷདྲེརྦམཱལཱབྷཱབྷཱསཱག པཱཔསྱདོཥཱནྟཀཱཡུརཱུམཱཧེཤྭར། །སྭཱནུཀཾམིཏྲབཙྪལཤུཎཱབརཎྱཀྵཏེཀྵེཏྲཛཏཱཛི་ཏུཥྚཀྲིཡཱཿ། །གསེར་ཟངས་དྲི་མེད་སྣང་བས་འགྲོ་ཀུན་གྱི། །སྡིག་མུན་མཐར་བྱས་ཚེ་རིང་དབང་ཕྱུག་ཆེ། །ཕན་ཚུན་བྱམས་ལྡན་ཁྲིམས་གཙང་སྒྲིབ་ཟད་ནས། །ཁྱོད་ཞིང་སྐྱེས་ནས་རྒྱལ་ཀུན་མཉེས་བྱེད་ཤོག །མནྱནོསོཁནཱརཀྱདཱརིདྱནཔཱདིདུཁཱངྒྷབཻདུརྦཎསཱགརེ། །གཱསྶདཱབཱིཙསོཁྱོཏྟམཾདཏྟཤདྷིནྱཙཀྐེཏྭཾསཱཀ་ལྱ ཏཱཙལྱཡཱཏྲ། །ཡིད་མི་བདེ་དང་དམྱལ་ཕོངས་མི་མིན་གྱིས། །གཙེས་སོགས་སྡུག་བསྔལ་ལས་གྱུར་མྱ་ངན་མཚོར། །འགྲོ་རྣམས་རྟག་ཏུ་མནར་མེད་བདེ་སྐྱིད་མཆོག །སྩལ་ནས་དག་ཞིང་མཐའ་དག་མྱུལ་བར་ཤོག །


GLG016_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱནཀཱལསྱབིཔྲཏདུནྡུཊྚནིརསྦྲཔྲབཱདཱདིཔཱཔཾཕལསྭཱཏཱཏུབ། །གམྱཀཎྞེཥཱདྷརྨསྱཀཱིརྟེནྟབཻརཱུབྷཕཱལྱཾམཧཱ་སཱགརེབྷུཛྲཡཱཏྲ། །མཐུན་པའི་རྐྱེན་བྲལ་ལོག་ལྟ་མི་ཁོམ་གནས། །འཐབ་དང་རྩོད་སོགས་སྡིག་འབྲས་མྱོང་འགྱུར་བའི། །འགྲོ་རྣར་ཆོས་གྲགས་ལས་བྱུང་དགེ་བའི་འབྲས། །འཛད་མེད་རྒྱ་མཚོ་ཆེ་ལ་སྤྱོད་པར་ཤོག །པྲཛུསཾཀལྦནཱཙཱབྷིསུཛྙཎབནྡྷཏེམཱརདཎྜཔྲབཱདེནཙ། །ནོཤྲམེདུརསྤབེཧིཏྭམཱཡུཉྩབྷཱུཏིནྲྀདྷབྷཱམསོགཾཏཱ་ཡཱནུདྡྷིཡཱ། སྐྱེ་རྒུའི་བསམ་པ་མངོན་པར་ལེགས་མཁྱེན་པས། །བཅིང་རྡེག་འཐབ་རྩོད་གསོད་དང་ཆད་ལས་ཀྱིས། །མི་ངལ་གནས་ངན་སྤངས་ཤིང་ཚེ་འབྱོར་འཕེལ། །བདེ་འགྲོར་རྟག་འཁོད་ཁྱོད་ཀྱིས་རྗེས་འཛིན་ཤོག །


GLG016_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱམཧོཥཾགུརོཎསྶམཱནཾཛགཏེམུཁཾདུརྦནོབིཙདེབེེརྣཾཏ། །ལཀྞིཡཱནྟཾནིམིཏྟོདཧཱརཤྲྀཡོཛཱལནཾནཱཐིཀཏྭཾས་ལཱིཥཱིམཧི། །ཀུན་ལ་ཆེས་སྨན་བླ་མས་མཁའ་མཉམ་འགྲོ། །སྒོ་གསུམ་དུ་ཁས་མི་མནར་ལྷ་མི་ཡི། །ཕུན་སུམ་ཚོགས་ལྡན་མཐར་ཐུག་མཚན་དཔེའི་དཔལ། །འབར་བའི་མགོན་པོ་ཁྱོད་དང་མཚུངས་པར་ཤོག །སརྦཔྲཛསྶོཁསཔཾསུགཏྱསྱནཱམོཀྟཚཱཔཱུཛནཾ། །བིཊྚཔཱཀནྱཤུཀླེཤྲབཾམཱུཁབིཀྐཱུཕལཱབྷྱཀྵསམྦེ སཱུརླམིཏྲཎསརྦཔྲཛཱསྶོཁ་དནཱདྷིཥྛཏེ། །ཉི་མའི་གཉེན་གྱིས་སེམས་ཅན་ཀུན་བདེའི་ཆེད། །བདེ་གཤེགས་བདུན་མཚན་བརྗོད་དང་ཕུ་དུད་ཀྱིས། །རྣམ་སྨིན་དཀར་པོར་འཛག་པར་ཞལ་འཆེས་བཞིན། །འབྲས་བུ་མངོན་སུམ་ཉམས་སུ་མྱོང་བྱིན་རློབས། །འཁོར་


GLG016_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དེ་སྲིད་མི་ཤིགས་མཚན་དཔེའི་སྐུའི། །སྤྱན་ཟུར་ལུས་ཅན་ལ་གཟིགས་གར་དབང་མགོན། །རྣམ་རོལ་བཀོད་པ་རྒྱ་མཚོའི་ཞིང་ཁམས་རྡུལ། །བྱེ་བ་ཕྲག་བརྒྱའི་གཟུགས་བརྙན་མངོན་སུམ་བཞིན། །ཆེར་སྙིགས་དུས་ཀྱི་ཟུག་རྔུ་གཉིད་འཐིབས་ལ། །སློང་བྱེད་ཐུགས་རྗེ་རབ་འབར་བདེ་གཤེགས་བདུན། །རྟག་ཏུ་འཆར་ནུབ་སྤངས་པའི་ཉིན་མོར་བྱེད། །ཕན་བདེའི་སྣང་བ་ལེགས་སྟེར་མཆོག་སྦྱིན་མཁན། །གང་སྔོན་སྨོན་ལམ་ཁྱད་པར་རྒྱས་པའི་མདོ། །གཡས་འཁྱིལ་མགྲིན་པའི་དུང་ལས་ཚངས་དབྱངས་སུ། །གླུར་ལེན་ཐུབ་དབང་གསུང་བཞིན་སྨན་གྱི་བླ། །མཆེད་བདུན་གཙོ་འཁོར་སྣང་བརྙན་ཚར་དུ་དངར། །སྣ་ཚོགས་ཚོན་མདངས་གཞའ་ཚོན་ལྟར་བཀྲ་བ། །སྣང་སྲིད་རི་མོར་འབྲི་བའི་སྒྱུ་མ་མཁན། །སྟག་ལུང་དཔལ་མགོན་གཙོར་གྱུར་མིང་གསལ་བའི། །གཙུག་ལག་གཉིས་པ་ཤེས་པ་ཕྱོགས་ཀྱི་གྲངས། །དྲི་མེད་རས་དཀར་ངོས་ལ་དབང་པོའི་གཞུ། །དབྱིབས་ལེགས་རབ་གསལ་ཡེ་ཤེས་སེམས་དཔའ་ཞུགས། །མཐོང་བས་རྣམ་པར་གྲོལ་བའི་འོག་མིན་གནས། །གངས་ཅན་ར་བ་དཀར་པོར་འཕོས་པ་བཞིན། །རང་བདེ་ཁོ་ནའི་ཆེད་མིན་འགྲོ་ཀུན་དོན། །སྟོན་ཟླ་ལྟར་དཀར་བསོད་ནམས་ཆེར་སྤེལ་བའི། །དཔང་པོར་ས་ཡི་ལྷ་མོ་བསྟན་མ་དེ། །བསྐལ་པར་བདེན་རྫུན་དབྱེ་ཕྱིར་གནས་པས་ཤིས། །འདིའི་ཆེད་ཆུ་ཐིགས་ཙམ་ཀྱིས་ཕན་པ་ཡང་། །བསྒྲུབས་ཀུན་མི་འགྱུར་ཚེ་ཡི་ནམ་མཁའ་ལ། །ལེགས་བྱས་ཕུང་པོའི་འོད་སྟོང་ཆེར་འབར་བ། །བདེ་སྐྱིད་ཉི་མ་གུང་ནས་རྟག་འཆར་ཤོག །ཤིན་ཏུ་ལྕིད་ལྡན་ཆོས་སྲིད་ཕུང་པོའི་


GLG016_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཁུར། །གྱེན་དུ་འདེགས་བཟོད་ལེགས་བྱས་སྙིང་སྟོབས་དང་། །རྣམ་དཔྱོད་སེང་གེ་རྐང་པ་བརྒྱད་པའི་མིག །ལྷ་གཅིག་སྲོང་བཙན་རྗེས་སུ་ཡར་ལྟ་ཤོག །ངན་སོང་གསུམ་དུ་སྡུག་བསྔལ་མངོན་གྱུར་པའི། །གཉེན་པོར་སངས་རྒྱས་ཀུན་གྱི་ཐུགས་རྗེའི་མཐུ། །གཟུགས་ཅན་བཞིན་དུ་གྲུབ་ནས་གནས་ངན་ཀུན། །སུམ་རྩེན་འདུན་ས་བཞིན་དུ་གནས་འགྱུར་ཤོག །འགྱུར་དང་འདུ་བྱེད་དུཿཁས་ཉམ་ཐག་པ། །བདེ་འགྲོར་སྤྱོད་པ་རྣམས་ཀྱང་བཅིངས་པ་ལས། །རྣམ་གྲོལ་ཐར་དང་ཐམས་ཅད་མཁྱེན་པ་ཡི། །མྱང་འདས་གྲོང་ཁྱེར་ཆེན་པོར་འཇུག་པར་ཤོག །ཐུབ་དབང་མགུར་ལས་བདེ་གཤེགས་བདུན་གྱི་མདོ། །གསུངས་པའི་དོན་བཞིན་སྣོད་བཅུད་ཡོན་ཏན་ཀུན། །རྫོགས་ལྡན་དུས་ཀྱི་ཕུན་ཚོགས་ཇི་བཞིན་དུ། །སྒྲུབ་པའི་སྐལ་བ་བཟང་པོར་སྤྱོད་གྱུར་ཅིག །དེ་ལྟར་འོད་དཔག་མེད་ཀྱི་ཞིང་ཁམས་རྒྱ་མཚོས་གཙོ་བྱས། བདེ་གཤེགས་བརྒྱད་གཙོ་འཁོར་དང་བཅས་པའི་བྲིས་ཐང་གྲ་མཚུངས་དགུའི་སྐྱ་རིས་ཤིང་སྦྲུལ་ཟླ་བ་བདུན་པའི་ཚེས་བཅུ་གཉིས་ལ་སྟག་ལུང་དཔལ་མགོན་ཀྱིས་བཙུགས་པའི་སྣག་སྣོན་ཚོན་མདངས་ཀྱི་རི་མོ་བ་འོ་རློན་པ། རགས་ཁ་ཨ་བར། དགོས་བསམ། དཔལ་མགོན་གྱི་བུ་བཀྲ་ཤིས། སྐྱིད་རོང་སྒོད་ཕྲུག །ཞིབ་ཚགས་སོགས་ཀྱི་ལས་རོགས་ལ་ཕོ་བྲང་ཕུན་ཚོགས། ལྷ་ལུང་མགོན་པོ། གསེར་རིས་པ་ལྷ་ས་དཀོན་ཅོག །རྟ་མགྲིན། ཚིགས་སུ་བཅད་པའི་ཡིག་རིས་པ་དཔལ་ལྡན་ཕུན་ཚོགས། གོང་གཤམ་པ་ཨྱོན་རྣམས་ཀྱིས་བྱས་ཏེ་ཧོར་ཟླ་བཅུ་པའི་ཉེར་གཅིག་ལ་ལེགས་པར་གྲུབ་པའི་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་བཟོ་རིག་པའི་གཙུག་ལག་ལ་བློ་གྲོས་ཀྱི་


GLG016_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ཡངས་པ་སྟག་ལུང་དཔལ་མགོན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་བློ་བཟང་དངོས་གྲུབ་བོ། །(སྡེབ་སྦྱོར་ཁ་སྒོ)ཨབདྷཱཏིབིདྱདྷཱབཧུཛམྨདྷུཀཤྱཉྩ། །པཉྩབིཛྲཥྚདྡྷཀྑཱིནམྱབགིནྡསུདྷཱིསཱརཾ། །སྐྱེ་མང་གོམས་པའི་བག་ཆགས་ཀྱིས། །ཨ་ཝ་དྷཱ་ཏིའི་རིག་པ་འཛིན། །གནས་ལྔར་ལྟ་བའི་བློ་མིག་ཅན། །ངག་དབང་བློ་བཟང་རྒྱ་མཚོར་འདུད། །ཅེས་པའང་དྲུག་བརྒྱ་བ་དཀོན་ཅོག་ཚེ་དབང་གི་ངོར་ཐང་ཀའི་རྒྱབ་ཡིག་ཏུ་ཟ་ཧོར་གྱི་བཎྜེས་སུག་བྲིས་སུ་བྱས་པ་མཾ་ག་ལཾ། །དཀྱིལ་འཁོར་འཁོར་ལོའི་མགོན་པོ་ཁྲ་ཚང་པ་ཆེན་པོ་བློ་མཆོག་རྡོ་རྗེའི་གསན་ཡིག་གི་འགོ་བརྗོད་ཆོས་ཕུང་ཆུ་བོ་འདུ་བའི་རྒྱ་


GLG016_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ། སིདྡྷིརྩཏགཏཔྲཀྲྀཏྱཱདྱཤྲཱིཏྠརྱཔཀཱབརཱདཱིནཱཐ མཱནྣསུཁིདྷརྨཀཱཡདཱམྤནྠསུདྡྷཀརིཀེཀཏེཔྲབཎྞཾ། །མ་བཅོས་གདོད་ནས་གྲུབ་པའི་དེ་བཞིན་གཤེགས། །ཡོངས་ཁྱབ་དཔལ་ལྡན་ཐོག་མའི་མགོན་པོ་མཆོག །བདེ་ཆེན་ཆོས་སྐུ་ཀུན་བཟང་ཡབ་ཟང་ཡབ་ཡུམ་ཞེས། །སངས་རྒྱས་རྣམས་ཀྱི་འབྱུང་གནས་ཁྱོད་གཅིག་བསྔགས། །མགོན་དེ་འཕེལ་འགྲིབ་བྲལ་བའི་མཁའ་དབྱིངས་ལས། །ལྷུན་གྲུབ་འོད་ལྔའི་རང་གདངས་ལོངས་སྤྱོད་རྫོགས། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །མ་སྨད་བྱིན་རླབས་དངོས་གྲུབ་ཆར་དུ་ཕོབ། །མཆོག་དམན་གདུལ་བྱའི་བློར་འཚམས་སྤྲུལ་བའི་གར། །གངྒཱའི་རྡུལ་སྙེད་བསྒྱུར་ཚད་གཟུང་དཀའ་ཡང་། །རྟོགས་གྲོལ་དུས་གཅིག་འབྱུང་བའི་ཟབ་གསང་གནད། །སྟོན་མཛད་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཆེ། །རྣམ་གསུམ་ཡོ་གའི་ཆོས་ཀྱི་བཀའ་བབས་པ། །དགའ་རབ་རྡོ་རྗེ་ཤྲཱི་སིདྡྷའི་


GLG016_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས། །གསང་བདག་ལས་ཅན་ལྷ་ཀླུ་མི་ལ་སོགས། །བརྡ་བརྒྱུད་རིག་པ་འཛིན་པའི་ཚོགས་རྣམས་རྒྱལ། །འཇམ་དཔལ་བཤེས་གཉེན་ཀླུ་སྒྲུབ་ཧཱུཾ་ཀ་ར། །དྲི་མེད་བཤེས་གཉེན་པྲ་བྷ་ཧ་དྷིའི་ཞབས། །དྷ་ན་སཾ་སྐྲྀ་དོམ་བུ་ཞི་བའི་སྙིང་། །འཕགས་ཡུལ་རིག་འཛིན་བརྒྱད་པོ་གཙུག་ན་མཛེས། །ཁྱད་པར་གདུལ་དཀའ་ལྷ་སྲིན་སྲོག་གི་སྙིང་། །ཉེར་བླངས་སྲུང་མར་བསྐོས་ཏེ་གངས་ཅན་འདིར། །ཕན་བདེའི་དཔལ་སྟེར་པདྨ་ཀ་ར་ཞེས། །བཀའ་དྲིན་མཚུངས་མེད་སངས་རྒྱས་གཉིས་པ་རྒྱལ། ཁྱོད་གསུང་བདུད་རྩིས་མྱོས་པས་གསང་ཆེན་གྱི། །ནཱ་དའི་གླུ་དབྱངས་སྲིད་པའི་རྩེར་འཁྲོལ་ནས། །གྲུབ་པའི་རིགས་འཛིན་ས་ཆེན་ལ་བཞུགས་པ། །རྗེ་འབངས་ཉེར་ལྔའི་རྣམ་པར་ཐར་ལ་དད། །དེའི་ནང་ཟབ་དང་རྒྱ་ཆེའི་བཀའ་རྣམས་ཀུན། །བསྡུ་མཛད་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ། །འཇམ་མགོན་ས་དབང་རྒྱལ་པོར་རྣམ་རོལ་པ། །ཚངས་པ་ལྷ་ཡི་མེ་ཏོག་དེར་ཕྱག་འཚལ། །མདོ་སྒྱུ་སེམས་གསུམ་ཆད་མེད་བཀར་བརྒྱུད་པའི། །སྤེལ་མཛད་སོ་ཟུར་གནུབས་སོགས་རིག་སྔགས་འཆང་། །ཤེལ་ལ་ནོར་བུས་ཁ་དོག་བསྒྱུར་མིན་པའི། །འཁྲུལ་མེད་གཏེར་སྟོན་རིམ་པར་བྱོན་རྣམས་རྒྱལ། ཁྱད་པར་པད་འབྱུང་ཐུགས་བཅུད་བདུད་རྩིའི་ཐིགས། །ཀླུ་བདུད་ལྟོ་ལས་ཕྱུང་སྟེ་གདུལ་བྱ་རྣམས། །སྨིན་གྲོལ་ལམ་ལ་འགོད་མཛད་ཆོས་ཀྱི་དབང་། །གཏེར་སྟོན་རྒྱལ་པོ་ཁྱོད་ཉིད་སྙིང་དབུས་བཞུགས། །མགོན་དེའི་ཐུགས་སྲས་པདྨ་དབང་ཆེན་ཞབས། །ཟབ་དོན་བཀའ་བབས་མི་བསྐྱོད་རྡོ་རྗེ་སོགས། །གྲུབ་བརྙེས་ཉང་སྟོན་བརྒྱུད་ལས་སྨན་ལུང་པའི། །རིགས་


GLG016_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་རིམ་པར་བྱོན་རྣམས་སྤྱི་བོས་མཆོད། །ཞི་ཁྲོའི་ལྷ་ཚོགས་སྨིན་གྲོལ་ལམ་བཟང་གི ། བདུད་རྩིའི་རོ་བཅུད་བྲོ་བ་ཡངས་མྱང་བ། །བསྟན་པའི་གསལ་བྱེད་ཆོས་ཀྱི་དབང་པོ་དང་། །ཀརྨ་གུ་རུའི་རྣམ་ཐར་སྙིང་ལ་འབབ། །ཟབ་གཏེར་ཆོས་ཀྱི་སྒོ་འཕར་བརྒྱ་ཕྱེ་ནས། །མ་དག་རིག་པ་མངོན་སུམ་ངོ་སྤྲོད་པ། །རྩ་བའི་བླ་མ་ཀརྨ་དབང་འབྱོར་ཞབས། །བྱང་ཆུབ་སྙིང་པོའི་མཐའ་ཅན་དེ་སྲིད་སྐྱོངས། །ཆོས་དབང་བསྟན་འཛིན་ཀུན་མཁྱེན་དབང་ཕྱུག་རྗེ། །མཁས་གྲུབ་རང་གྲོལ་ནམ་མཁའ་ཆོས་དབང་ཞབས། །སངས་གླིང་གདུང་བརྒྱུད་རིགས་འཛིན་སྙིང་བོའི་མཚན། །གོང་འོག་ཟབ་གཏེར་བཀའ་དྲིན་ནོས་པའི་ཚོགས། ཁྱད་པར་སྙན་བརྒྱུད་ཚད་མ་བཞི་ལྡན་ཆོས། །སྟོན་ལ་ཟླ་བྲལ་ཁྱབ་བདག་རྡོ་རྗེ་འཆང་། །དབང་ཕྱུག་རབ་བརྟན་མགོན་པོ་བསོད་ནམས་མཆོག །འཇམ་དབྱངས་ཁུ་དབོན་གཙུག་གི་རྒྱན་དུ་མཛེས། །སྔ་ཕྱིར་འགྱུར་རོ་ཅོག་གི་ཐུབ་གསུང་ཀུན། །སྟོན་མཛད་ཚུལ་རྡོར་བཀྲས་ལྷུན་ཚོགས་གཉིས་དཔལ། །འཇིག་རྟེན་དབང་ཕྱུག་མང་ཐོས་མངོན་དགའ་རྗེ། །གྲུབ་པའི་མཚན་ཅན་རྣམས་ལ་དང་བས་དད། །ཞྭ་དམར་ཅོད་པན་འཛིན་དང་བྱང་པ་རྗེ། །སྒྲོལ་ཆེན་སེ་ཟུར་སྐད་གཉིས་སྨྲ་བ་སོགས། །མདོ་རྒྱུད་ཐ་སྙད་རིག་པ་ལེགས་སྟོན་པའི། །ཆོས་ཀྱི་འབྲེལ་བ་ཐོགས་ཀུན་རྒྱལ་གྱུར་ཅིག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིར་ཅགས་ལྕགས་སྒོ་འཁོར་རྣམས་ར་མ་ལུག་བསྐྲུན་པའི་དངུལ་རྣམས་གྲྭ་ཚང་སྤྱི་ཐོག་དང་། གསེར་རྣམས་མཆོད་བཏོན། དོ་དམ་གཉེར་པ་བློ་བཟང་སྦྱིན་པས་བྱས་པའི་ཁ་བྱང་ནམ་མཁའ་མཛོད་ཀྱི་སྒོ་འཕར། དམ་རྫས་ཀུན་བཟང་མཆོད་


GLG016_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ལེགས་སྤེལ་ཁང་། །ཆེད་དུ་འབད་དང་བདོག་པ་གཏོང་ཀུན་ལ། །བླ་མ་ཡི་དམ་ཆོས་སྲུངས་རྒྱ་མཚོ་ཡིས། །འཕྲིན་ལས་བཞི་སྒྲུབས་མཆོག་གི་དངོས་གྲུབ་སྩོལ། །ཛ་ཡནྟུ། །རང་སེམས་དག་པའི་འོག་མིན་ཞིང་ཁམས་སུ། །རང་རིག་དཔལ་ལྡན་ཁྱབ་བདག་རྡོ་རྗེ་སེམས། །ཡེ་ཤེས་ལྔ་མདངས་ཤེལ་ལ་གཞའ་ཚོན་བཞིན། །མ་འདྲེས་གསལ་བར་འཆར་བའི་དཀྱིལ་འཁོར་ཆེར། །སྟོན་པའི་དགོངས་པས་ཡོངས་བསྟན་རྒྱུད་ཀྱི་རྒྱལ། །རིགས་འཛིན་བརྡ་ལས་འོངས་ཏེ་རྒྱལ་པོ་ཛའི། ཁང་སྟེང་གླེགས་བམ་ཆར་བབས་སྙན་ཁུང་ལས། །རིམ་བྱོན་འཕགས་བོད་ལས་ལྡན་རྣམས་ཀྱིས་རྙེད། །རྒྱལ་དབང་པདྨས་སྒྲ་ལས་རང་བསྒྱུར་ཅིང་། །དྲི་མེད་བཤེས་གཉེན་ལ་བརྟེན་གཉགས་དང་རྨད། །ཞུས་ཆེན་ལེགས་མཛད་སྒྱུ་འཕྲུལ་རྩ་བའི་རྒྱུད། །ངེས་གསང་ཐེག་པ་རིམ་བདུན་ཡང་རྩེར་སོན། །དཀར་ཆག་འཕང་ཐང་མ་དང་ལྡན་དཀར་དུ། །གསང་སྔགས་ནང་གི་རྒྱུད་རྣམས་ཆེས་གཉན་པས། །འགོད་པར་མ་ནུས་ཞེས་པ་སྔ་འགྱུར་གྱི། །རྒྱུད་ལས་ངོས་འཛིན་བཞིན་པ་བྱ་རྒྱུས་དབུལ། །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས། །ལ་ལར་ཞུས་དག་མཛད་བཞེད་རེ་ཞིག་བར། །བཏང་སྙོམས་བཞག་ལས་གཉིས་མེད་རྣམ་རྒྱལ་ཞེས། །རྫུས་མའི་རྒྱུད་བཞིན་ངེས་ཀུན་མཁྱེན་བུའི་འགྱུར་གསར་དྲི་མེད་རྣམ་རྒྱལ་མ་ཚང་པ་དེ་བསྒྱུར་བའི་རྒྱུ་མཚན་གཉིས་མེད་རྣམ་རྒྱལ་རྫུས་མ་འདི་རྒྱུད་མིན་པ་ཤེས་པའི་དགོས་པ་ཡོད་ཚུལ་གསུངས་པས་སོ། །པར་དབྱུང་བ་མིན། །ས་ལ་ཉིན་མོར་བྱེད་པས་གངས་ལྗོངས་ཀྱི། །ཆོས་ལོག་མུན་པ་མཐར་སྐྲོད་སྡོམ་གསུམ་དུ། །གསང་


GLG016_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རྙིང་མའི་ཆོས་རྣམས་བཏང་སྙོམས་ལས། །ཕྱག་རྒྱ་བ་བཞིན་འབད་པས་བཀག་པ་མེད། །མཁས་པའི་རྩེར་སོན་རིག་རལ་ཐར་ལོ་སོགས། །ཆོས་ཀྱི་སྤྱན་ལྡན་གཟུཪ་གནས་མཁས་མང་པོས། །རྒྱ་དཔེ་རྙེད་ནས་ཆེར་བསྔགས་འགྱུར་བཅོས་རྣམས། །བསྟན་ལ་གཅེས་འཛིན་ཐུགས་ཀྱིས་འབད་པས་མཛད། །གཡག་ཞར་རྩྭ་ལྟར་ཕྱོགས་རེར་མ་གྱུར་པའི། །ཐུབ་བསྟན་ཡོངས་རྫོགས་ཡེ་བཟང་རྩེ་པ་ཡིས། །སྒྲོལ་ཆེན་དྲིན་ལས་ཁོ་བོ་ཆོས་སྤོང་གི ། སྒྲིབ་པས་མ་སྦགས་ཞེས་གསུངས་དགྱེས་རྡོར་སོན། །རྡོ་རྗེ་འཆང་དབང་དཔལ་འབྱོར་ལྷུན་གྲུབ་ཀྱིས། །རྒྱུད་འདིའི་བཤད་བཀའ་ཡབ་ལ་ཉེར་གསན་ནས། །རྒྱ་ཆེར་སྤེལ་མཛད་ཐེག་པ་མཆོག་གི་བསྟན། །མི་ནུབ་རིང་པོར་གནས་པའི་སྲོག་ཤིང་གྱུར། །ཡིད་སྲུབས་མདའ་ཡིས་སྙིང་ག་ཕུབ་མིན་པ། །བཟང་པོའི་བག་ཆགས་སད་པའི་བློ་ལྡན་ལ། །ཕར་ཕྱིན་པར་གྱི་ཆོས་སྦྱིན་འདི་སྤེལ་བའི། །སྲུང་མ་ལེགས་ལྡན་ཚོགས་ཀྱི་བདག་པོས་མཛོད། །ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན་འབྱུང་གནས། །ཚོགས་བསགས་སྒྲིབ་སྦྱངས་བྱས་མིན་གདོད་མ་ནས། །ལུས་ཅན་ཡོངས་ལ་ལྷུན་གྲུབ་ཀུན་ཏུ་བཟང་། །རང་ཞལ་རང་ངོ་འཕྲོད་པར་བདག་བྱིན་རློབས། །ཞེས་ཐེག་པ་མཆོག་གི་བསྟན་པའི་བཙས་སུ་སྒྱུ་འཕྲུལ་རྩ་རྒྱུད་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་ཚེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་པེ་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །ཤེས་བྱར་སྲིད་ཀུན་མང་ཐོས་གསེར་སྒོང་དུ། །རྣམ་དཔྱོད་དྲོད་ཀྱིས་སྨིན་པ་ཚངས་པའི་སྤུན། །འཇིག་རྟེན་མིག་གཅིག་སྟག་ཚང་ལོ་ཙཱ་བ། །


GLG016_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་དོན་ལྡན་མ་ཧཱ་པཎྜི་ཏ། །གང་གི་ཕྱི་ནང་གྲུབ་མཐའི་དབྱེ་བ་དང་། །སྒྲ་ཚད་བཟོ་གསོ་ནང་དོན་རིག་པའི་ཚོགས། །ཀུན་གྱི་གནས་ལུགས་མཚོ་ལ་བྱད་ལྟར་དུ། །མཐོང་ནུས་གླེགས་བམ་འདི་ཀོས་ཆོས་རྣམས་ཤེས། །རྨོངས་ཞེན་མུན་པའི་ཁོང་བུར་བག་ཕབ་ནས། །ཕྱོགས་ལྷུང་ལྕེ་གཉིས་རྐྱོང་མིན་བློ་གྲོས་བྱ། །གཙུག་ལག་ནམ་མཁའི་ཕ་མཐའ་གཞལ་འདོད་པའི། །གཟུར་གནས་བློ་ལྡན་ཀུན་དགའ་སྐྱེད་པའི་ཡུལ། །སྔོན་བྱོན་མཁས་པའི་ལེགས་བཤད་ཡིད་བཞིན་ནོར། །ལམ་ཁའི་རྡོ་བ་ལྟ་བུར་དོར་བྱས་ནས། །དེང་དུས་ཆེར་རློམ་ངག་སྒྲོས་མཆིང་བུ་ལ། །རིན་ཐང་གཞལ་པའི་ཚུལ་དེར་མཆི་མ་བཀུ། །འོན་ཏེ་བླང་དོར་ཤེས་པ་སྲིད་པའི་ཕྱིར། །དཔྱོད་ལྡན་མང་པོར་ཕན་འདོད་ལྷག་བསམ་གྱིས། །ཚད་མེད་ཆོས་སྦྱིན་སྤེལ་འདྲས་ཚེ་རབས་ཀུན། །གསལ་མྱུར་ཟབ་པའི་ཤེས་རབ་འཐོབ་པར་ཤོག །ཅེས་འཇིག་རྟེན་གྱི་མིག་གཅིག་པུ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཅེན་གྱིས་མཛད་པའི་རིག་གནས་ཀུན་ཤེས་དང་གྲུབ་མཐའ་ཀུན་ཤེས་རྩ་འགྲེལ་གཉིས་ཀྱི་པར་བློ་གསལ་མང་པོར་ཕན་འདོད་ཀྱི་བསམ་པ་ཀུན་ནས་བླངས་ཏེ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་ཚེ་ཟ་ཧོར་གྱི་བཎྜེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །རྒྱལ་ཀུན་ཤེས་རབ་རལ་གྲི་རྣོན་པོའི་མཚོན། །རྣམ་དཔྱོད་དཔུང་པས་བཏེག་ནས་ཐུབ་བསྟན་གྱི། །ལོག་རྟོག་དྲྭ་བ་གཅོད་མཛད་བཙོང་ཁ་པ། །འཇམ་དཔལ་རྡོ་རྗེ་ངུར་སྨྲིག་ཟློས་གར་མཁན། །ཕྲ་ཞིབ་མཛངས་པའི་ནོར་བུ་ཀེ་ཏ་ཀས། །ལན་


GLG016_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱར་དྲུངས་པའི་ཁྱོད་གསུང་དྭངས་པའི་ཆུར། །འཁྲུལ་པའི་རྙོག་མ་ཀུན་མཁྱེན་ཡེ་ཤེས་ཀྱིས། །ཕྲ་རབ་རྡུལ་ཙམ་གཟིགས་པའི་གནས་མ་གྱུར། །འོན་ཏེ་བྱེ་བྲག་སྨྲ་བས་ཤེར་ཕྱོགས་རྣམས། །ཐུབ་གསུང་མིན་ཞེས་རྒོལ་བ་ཇི་བཞིན་དུ། །གཞུང་ལུགས་མང་ཐོས་མཁས་པའི་གོ་ཤཱཀ་གིས། །རྒྱལ་བ་གཉིས་པའི་གསུང་ལ་རྣམ་པར་གཤུང་། །ཚུལ་དེར་མ་བཟོད་འཇམ་དབྱངས་ཆེས་དགའ་བའི། །བློ་གྲོས་རྣམ་པར་ཡངས་པའི་བཤེས་གཉེན་དང་། །རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས། །རྩོད་ལན་རྡོ་རྗེའི་ཐོག་གི་རྗེས་འགྲོ་མཛད། །ཕན་ཚུན་དམ་བཅའ་འགོག་པའི་ལུང་རིག་གིས། །ཐལ་འགྱུར་འཕེན་པ་རྒྱ་བོད་མཁས་པའི་ལུགས། །སྨོད་ཚིག་ཀུ་རེའི་ཚུལ་སྨྲ་རྟོག་གེ་ཡི། ངང་ཚུལ་ཡིན་གྱིས་ཁོན་དུ་འཛིན་རྣམས་རྨོངས། །མི་བསྲུན་བརླང་པོར་སྤྱོད་སེམས་མི་ལྡན་ཡང་། །རང་བསྟན་གྲུབ་མཐའི་ཁ་འཛིན་ཆེད་ཙམ་དུ། །སེར་འབྲས་ཆོས་རྗེ་རྣམ་གཉིས་ལེགས་བཤད་སྨན། །འཛད་མེད་པར་གྱི་ཟ་མ་ཏོག་འདིར་འཁྱིལ། །དགེ་དེས་ཕྱག་རྒྱ་བ་སོགས་གྲུབ་མཐའ་ཡིས། །མ་བསླད་མཉམ་མེད་རི་བོ་དགའ་ལྡན་པའི། །རིང་ལུགས་སྤྱི་དང་ཁྱད་པར་དབུ་མ་ཡི། །མིང་དོན་འཁྲུལ་མེད་བསྟན་པ་རྒྱས་གྱུར་ཅིག །ཅེས་རྒྱལ་བ་གཉིས་པ་བཙོང་ཁ་པ་ཆེན་པོའི་གསུང་རབ་རིན་པོ་ཆེ་ལ། དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཀུན་མཁྱེན་གོ་རམས་པ་དང་། པཎ་ཆེན་ཤཱཀ་མཆོག་གཉིས་ཀྱིས་རྩོད་ཅིང་། དེ་ལན་སེར་འབྲས་ཆོས་རྗེ་འཇམ་དཔལ་དབྱངས་དང་ཞལ་གཉིས་པ་རྣམ་གཉིས་ཀྱིས་མཛད་པ་མཐའ་དག །འཕགས་


GLG016_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བོད་པཎ་གྲུབ་རྣམས་ཀྱིས་རྣམ་པར་ཐར་པ་དང་མཚུངས་པ་ཁོ་ན་ཡིན་པས། རྗེས་སུ་ཡི་རང་པའི་ཡུལ་དུ་གྱུར་ལ། །རྩོད་པའི་ཡི་གེ་རྣམས་པར་དུ་འཁོད་འདུག་ནའང༌། རྩོད་ལན་པར་དུ་མ་འཁོད་པའི་དཔེ་རྒྱུན་དཀོན་པས་ཐལ་མོ་ཡ་གཅིག་ལྟར་དུ་སོང་བས་ཆོས་སྦྱིན་མི་ཟད་པའི་ཆེད་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བསྐྲུན་ཚེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །སྒྲིབ་གཉིས་འཆིང་རྒྱའི་སྤྲིན་ལས་རྣམ་གྲོལ་བ། །མཚན་དཔེའི་གཟི་འབར་ཞལ་སྒོའི་ཉིན་བྱེད་ཀྱིས། །རབ་ཕྱེ་ཆོས་ཕུང་རྒྱ་མཚོའི་འདབ་བརྒྱའི་ཚལ། །ཐེག་གསུམ་གདུལ་བྱ་བུང་བས་སྤྱད་བྱའི་ཡུལ། །མཆོག་དམན་བློ་དང་འཚམ་པར་དམ་པའི་ཆོས། །འཁོར་ལོ་རིམ་གསུམ་བསྐོར་ཡང་ཉན་རང་རིས། །རིམ་ཀྱིས་ཐེག་ཆེན་ལམ་དུ་ཉེར་བཀྲི་བ། །རྒྱ་བོད་མཁས་གྲུབ་ཀུན་བཞེད་དགོངས་པའི་དཔྱིད། །འོན་ཏེ་ལ་ལར་ཐུབ་པས་གང་ཟག་གི ། བདག་ཡོད་བསྟན་ལྟར་ཀུན་མཁྱེན་དོལ་པོ་བ། །ཕྱོགས་རྒྱལ་ཉ་དཔོན་གཞན་སྟོང་ལྟ་བ་ལ། །གཙོར་འཛིན་གདུལ་བྱར་དགོངས་ཀྱི་སྤྱོད་ཡུལ་མིན། །ཚུལ་དེས་ཀླུ་སྒྲུབ་གཞུང་ལ་ལོག་རྟོག་བློ། །བཟློག་ཕྱིར་ཀུན་མཁྱེན་བུ་སྟོན་རེད་མདའ་བ། །འཇམ་མགོན་བློ་བཟང་གྲགས་པའི་དཔལ་སོགས་ཀྱིས། །རྩོད་ཅིང་རྒོལ་བ་མཁས་པའི་ངང་ཚུལ་ཡིན། །ཐུབ་བསྟན་རྙོག་མར་བྱེད་ལ་ལོག་སྨོན་འབྲས། །སྨིན་ནས་གྲོལ་མིན་གྲོལ་རྫུའི་མུན་སྤྲུལ་གར། །བསྒྱུར་ནས་ཐེག་མཆོག་


GLG016_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མར་གྲགས་གཞུང་སོགས། །མུ་སྟེགས་ལས་གཞན་ཀླ་ཀློའི་ཆོས་ཀྱི་གྲོགས། །དེ་ཕྱིར་སྒྲ་ཚད་པ་དང་རིན་ཅེན་ཏོག །རྣམ་གཉིས་ལེགས་བཤད་པར་གྱི་ཆོས་སྦྱིན་སྒོ། །ཕྱེ་ཚེ་ཡང་དག་ཆོས་ཀྱིས་ཕོངས་རྣམས་ལ། །ཐར་པའི་འཆི་གསོས་བདུད་རྩི་དེང་འདིར་འགྲུབ། །ཟླ་བའི་མཆེད་གྱུར་དགེ་ཚོགས་བསིལ་གཟེར་གྱིས། །འཁོར་གདུང་ཟུག་རྔུས་འགྲོ་རྣམས་མ་མནར་བར། །ངེས་ལེགས་ཐར་བཀྲི་ཐུབ་པའི་རིང་ལུགས་མཆོག །འཁོར་མཐའ་ཟད་མིན་དེ་སྲིད་རྒྱས་གྱུར་ཅིག །ཅེས་ཀུན་མཁྱེན་ཤེས་རབ་རྒྱལ་མཚན། རྗེ་ཕྱོགས་རྒྱལ་བ། མཁས་པ་ཉ་དཔོན་ཀུན་དགའ་དཔལ་སོགས་ཀྱིས་གདུལ་བྱའི་བློ་ཚོད་བགམ་པའི་ཆེད་དུ་གཞན་སྟོང་གི་ལྟ་བ་གསུངས་པ་ལ་དྲང་ངེས་ཀྱི་རྣམ་དབྱེ་མ་ཕྱེ་བར་རྗེས་འབྲངས་སུ་རློམ་པ་འགས་ཆོས་ལོག་གི་ཡི་གེ་ཐེག་མཆོག་དབུ་མ་ཆེན་པོར་གྲགས་པ་སོགས་བརྩམས་ཤིང་། ཀླུ་སྒྲུབ་ཀྱི་གཞུང་ལ་བསྐལ་པར་ཐོས་བསམ་བྱས་པ་བས་ཐོགས་མེད་ལུགས་ཀྱི་གླེགས་བམ་སྤྱི་བོར་བླངས་པའང་བྱང་ཆུབ་ཉེ་ཞེས་གཞན་སྟོང་གི་ལྟ་བ་དེ་ཐོགས་མེད་ཀྱི་བཞེད་པ་མིན་བཞིན་དུ་རྒྱ་གར་མཁས་པ་ལ་རྫུན་ཁག་བཀལ་ནས་གཞན་འདྲིད་པའི་སྦྱོར་བས་བ་ལང་རྫི་ལྟ་བུའི་བླུན་པོ་མང་པོ་ལམ་ལོག་པར་འཕྱན་པ་དག་དེ་ལས་ལྡོག་འདོད་ཀྱི་ལྷག་པའི་བསམ་པས་ཀུན་ནས་བླངས་ཏེ་ཐུགས་སྲས་རིན་པོ་ཆེས་མཛད་པའི་བདེ་གཤེགས་སྙིང་པོའི་མཛེས་རྒྱན་དང་། གནས་རྙིང་པ་རིན་ཅེན་ཏོག་གི་ཡིག་ཆ་གང་རྙེད་རྣམས་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པའི་ཚེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །


GLG016_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ)ཙིཏྟསྱབལྱཧརིདཤྭཀུཤལུཀལླིཏཛྫལུཏེཛཤཏབྷཱཝིཀཙཱཝབྷསྱ། སརྦནྠསིངྒྷཨཐཡཙཱམདྷུརཱནཱམིཀ་ལྐཥུཙཱརཀརནཱཤཡཨནྡྷཀཱར། བཟང་པོའི་བསྐལ་པ་འདི་ཡི་སྣང་བ་རུ། །སྙིང་སྟོབས་ཉི་མའི་དངོས་བརྒྱ་འབར་བའི་གཟིས། །སྙིགས་མར་སྤྱོད་པའི་སྨག་རུམ་གཞིལ་མཛད་པ། །དོན་ཀུན་གྲུབ་མཚན་སྙན་པོས་བཀྲ་ཤིས་སྩོལ། ཁྱོད་ཞབས་རྡུལ་གྱི་ཆ་ཙམ་ལྷུང་བས་ཀྱང་། །སྲིད་ཞིའི་སྣོད་བཅུད་ཡོད་དོ་ཅོག་ཀུན་གྱི། །ཉེས་བརྒྱའི་དྲི་མ་དྲུངས་པའི་ཁྱད་པར་མཐུས། །བསྔགས་འོས་ཤཱཀྱ་སེང་གེར་མགོས་ཕྱག་འཚལ། །གང་གིས་གྲངས་མེད་བསྐལ་གསུམ་པ་བསགས་པའི་ཚོགས། །སྐྱེད་བསྲིངས་ཡོངས་འདུའི་འབྲས་བཟང་མངོན་པར་རྟོགས། །རྒྱལ་ཀུན་མཉམ་པོར་མྱོང་བ་རོ་བརྒྱའི་ཟས། །གཏན་འདུན་ཐོབ་བྱཪ་བསྒྲུབ་པ་ཆོས་དཀོན་ཅོག །དེ་དོན་ཚངས་དབྱངས་རྒྱུད་མངས་སྒྲར་དྲངས་ཏེ། །རྟག་ཏུ་བདེན་


GLG016_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གཡས་འཁྱིལ་མགྲིན་པ་ལས། །གླུར་བླངས་ཆོས་ཕུང་མིང་ཚིག་ཡི་གེའི་གཟུགས། །ལེགས་ཤར་ཡིད་ཅན་བསོད་ནམས་མཆོད་སྡོང་ཆེ། །ཐུབ་གསུང་མང་ཐོས་ཡིད་ངོར་གོམས་འདྲིས་མཐར། །ས་ལམ་ཡོན་ཏན་ལང་ཚོ་དར་དྲག་པ། །མཆོག་དམན་ཐེག་པ་གསུམ་གྱི་དགེ་འདུན་རྣམས། །བྱང་ཆུབ་བསྒྲུབ་ལ་སླུ་མེད་སྙིང་གི་གྲོགས། །ཤེས་བྱར་སྲིད་ལ་མ་བསྒྲིབས་གསལ་བའི་སྤྱན། །རིས་མེད་འགྲོར་གཟིགས་སངས་རྒྱས་སྤྱི་ལུགས་ཀྱང་། །རྒྱལ་གཞན་གྱིས་བོར་ལྔ་བདོའི་ཡིད་ཅན་རྣམས། །རྗེས་འཛིན་ཟས་གཙང་སྲས་ཀྱི་ཁྱད་པར་ཙམ། །གཞན་རྒྱུད་སྡིག་དབྲལ་ཆ་བྱད་དམ་པའི་ཆོས། །སྐྱེ་རྒུའི་བསམ་པའི་མཐའ་སྙེད་སྟོན་པའི་ཚད། །གཞལ་བར་འཇིག་རྟེན་མེས་པོ་ངལ་གྱུར་ན། །ཚུར་མཐོང་བྱིས་བློའི་ཡུལ་དུ་ག་ལ་ཞིག །འོན་ཏེ་ཐོག་མཐའ་བར་གསུམ་རྒྱལ་བའི་བཀའ། །རིམ་གསུམ་བཏུས་པའི་ཆོས་ཀྱི་ཕུང་པོ་ལས། །གངས་ལྗོངས་འགྱུར་བའི་མདོ་འདུལ་ཤེར་ཕྱོགས་དང་། །ཐོར་བུའི་རྒྱུད་ཀྱི་གླེགས་བམ་བཅས་པ་རྣམས། །ལུང་ནོས་འཛིན་འཆང་འབྲི་དང་སྲི་ཞུ་རུ། །བསོད་ནམས་བྱས་པའི་མཐོ་རིས་ཨ་རྒྱུའི་ཆབ། །འདི་སྣང་གངྒཱའི་ཡབ་ཀྱི་གཙུག་ཏོར་ནས། །ཀུན་མཁྱེན་རྒྱ་མཚོའི་ཀློང་དུ་རོ་གཅིག་འདྲེས། །ཚུལ་འདིར་ངེས་རྙེད་སྔོན་བྱོན་རྒྱལ་བློན་དང༌། །མང་ཐོས་ཆོས་སྦྱིན་ཡངས་པའི་མཁས་རྣམས་ཀྱིས། །དཔྱད་ཅིང་བསྟར་བའི་དཀར་ཆག་ལེགས་བཏབ་ནས། །བསོད་ནམས་གཟུགས་ཤར་གླེགས་བམ་གྲངས་མེད་སྤེལ། །དགེ་སྡིག་རྣམ་རྟོག་ཀུན་འཆར་ཡིད་ཀྱི་ཤེལ། །ཡང་དག་བསམ་པའི་ཚོན་གྱིས་


GLG016_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བ་ན། །སྔོན་རབས་དམ་པའི་རྣམ་ཐར་རྗེས་འཇུག་པའི། །ལྷག་བསམ་འཇའ་རིས་གཟིགས་མོར་ཅི་ཡང་མཚར། །ཡིད་སྲུབས་མདའ་ལྔས་སྙིང་ཕུག་རློམ་པ་དང་། །རྒྱགས་དང་དྲེགས་པས་ཀུན་བླངས་ལས་དཀར་ལ། །རྣམ་སྨིན་ནག་པོའི་འབྲས་འབྱིན་དགེ་བའི་ཚོགས། །སྲིད་པའི་འཁོར་ལོ་བསྐལ་བརྒྱར་བསྐོར་བ་བཞིན། །འདིར་སྙན་ཕྱི་བདེ་ཙམ་གྱི་སྲིད་པའི་རོར། །ཞེན་པའི་མཉམ་གཞག་མ་ཡིན་རིས་མེད་འགྲོ། ཡོངས་ལ་སྨན་བྱེད་རྒྱལ་སྲས་སྤྱོད་པའི་བློས། །སྒྲུབ་པ་ཐེག་ཆེན་རིགས་སད་རྣམས་ཀྱི་སྲོལ། །དེ་ཕྱིར་ཕུན་ཚོགས་དགེ་བཅུའི་མངལ་ཁུར་གྱིས། །ཡོངས་དུད་གངས་ཅན་རུ་བཞིའི་གཡོར་པོའི་ཆ། །ནོར་འཛིན་རབ་དཀར་ཐིག་ལེ་གྲ་ནང་ཞེས། །འཆི་མེད་གྲོང་ཁྱེར་སར་འཕོས་ཡུལ་གྲུ་ན། །ཐུ་རིགས་ནོར་འཛིན་སྐྱོང་བ་མི་ཡི་རྗེའི། །ལུགས་གཉིས་ཁ་ལོ་སྒྱུར་བའི་མདུན་ན་འདོན། །དཔའ་མཛངས་དྲ་མའི་རིགས་བརྒྱུད་བསམ་དར་བ། །མདའ་དཔོན་བློ་བཟང་བསྟན་འཛིན་ཞེས་བྱ་དེས། །རྣམ་དཔྱོད་རིག་པའི་སྲང་ལ་སྲིད་པ་དང༌། །གཏན་བདེའི་ལྕི་ཡང་ཤེས་ནས་གཞན་ཕན་བློས། །རྒྱལ་གསུང་རི་མོར་འདྲི་བ་ཆེས་དཀའི་ཁུར། །སྙིང་སྟོབས་བརྩོན་པའི་དཔུང་གིས་ཕྲག་པར་བླངས། །དངོས་བསྟར་འདིས་མཚོན་བྱས་དང་བྱེད་བཞིན་པ། །བྱེད་འགྱུར་དགེ་བའི་ས་བོན་རང་རྒྱུད་ལ། །བཏབ་པའི་འབྲས་བུ་བླ་མེད་ཡེ་ཤེས་ཀྱི། །ངོ་མཚར་སྙེ་མ་གཡུར་དུ་ཟ་བར་ཤོག །ནམ་མཁའ་བཞིན་དུ་ཕ་མཐའ་རྙེད་མིན་པའི། །འགྲོ་དང་མི་འགྲོའི་སེམས་ཅན་མཐའ་ཀླས་པ། །ལས་ཀྱི་མེ་ལོང་


GLG016_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ཤར་གདུང་བ་ཀུན། །སུམ་རྩེན་བདེ་བ་དང་མཚུངས་གནས་འགྱུར་ཤོག །ལུས་ཅན་ཡོངས་ཀྱི་ཕན་བདེའི་སྲོག་གི་ཟུངས། །ལུང་རྟོགས་བསྟན་པའི་རྩི་སྨན་ལྗོན་པའི་ཤིང་། །རབ་འཕེལ་སྒྲིབ་གཉིས་ཟུང་རྔུ་དྲུངས་འབྱིན་བྱེད། །འཁོར་བ་སྟོངས་མིན་བར་དུ་གནས་པར་ཤོག །རིགས་ཀུན་བདག་པོ་མི་ཡི་གར་མཁན་གྱིས། །ཤཱཀྱའི་ལུགས་འཛིན་རྗེ་བཙུན་བླ་མ་རྣམས། །ངེས་པ་ལྔ་ལྡན་བཞིན་དུ་གཟུགས་ཀྱི་སྐུ། །འཁོར་བ་མཐའ་ཅན་དེ་སྲིད་གཡོ་མེད་ཤོག །དུས་ཀྱི་བདག་པོར་གནམ་གྱིས་བསྐོས་པའི་ལྷ། །ས་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་པའི་རྒྱལ། །མཆོད་ཡོན་ཉི་ཟླ་ཟུང་གི་སྐུ་ཚེ་དང་། །མཚན་བྱུས་མངའ་ཐང་དབྱར་མཚོ་ལྟར་འཕེལ་ཤོག །འཇིགས་བརྒྱད་གླང་ཆེན་གོམ་སྟབས་ལྟ་ཅི་སྨོས། །མིག་ཟུར་ཙམ་ཡང་གངས་ལྗོངས་པདྨོ་ཡི། །རྫིང་བུར་མི་ལྷུང་ལུས་ཅན་རྐང་དྲུག་ཚོགས། །སྐྱིད་པའི་གླུ་དབྱངས་རྟག་ཏུ་ལེན་པར་ཤོག །སྟོན་ཟླ་པད་རྩ་དུང་ལྟར་དཀར་བའི་བློས། །མཐུན་པའི་རྐྱེན་གྱིས་རྒྱུ་སྦྱོར་བསམ་དར་བ། །བརྒྱུད་པར་བཅས་པའི་ཉེས་ཚོགས་མུན་བསངས་ནས། །ཕན་བདེའི་ཉི་མ་གུང་ནས་འཆང་བར་ཤོག །ཚུལ་འདིར་ལུས་ངག་ཡིད་ཀྱིས་འབད་པ་སོགས། །བཟང་པོའི་ལས་ཀྱི་འབྲེལ་བ་ཐོགས་སོ་ཅོག །འདི་དང་ཡང་སྲིད་ཀུན་ཏུ་བདེ་བ་ལ། །ཡོངས་སུ་སྤྱོད་པའི་སྐལ་བཟང་འཐོབ་པར་ཤོག །སྐྱེ་རྒུ་རྣམས་ལ་བདེ་གཤེགས་སྙིང་པོ་ཡིས། །ནམ་ཡང་གཏོང་བ་མིན་ཡང་སྲིད་མཚོ་རུ། །རིང་པོར་དུ་ཁས་མནར་བ་སྒྲོལ་བའི་ཆེད། །བྱང་ཆུབ་མཆོག་གྱུར་ལེགས་བྱས་འདི་འགྱུར་ཤོག །


GLG016_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སྡང་སྒང་གཤོང་བྲལ་བའི་བཏང་སྙོམས་མཚོར། །བཏབ་པའི་སྨོན་ལམ་ཛམྦུའི་སྙེ་མ་ཡིས། །འགྲོ་ཀུན་རྟག་བདེའི་གསེར་ཞུན་རྡུལ་བརྩེགས་ཀྱི། །གཙུག་ཏོར་སྲིད་པའི་རྩེ་་འཕགས་པར་ཤོག །བཀྲ་ཤིས་གང་ཞིག་དཀོན་ཅོག་རྣམ་གསུམ་གྱི། །ཐུགས་རྗེ་ཡིད་བཞིན་དབང་གི་རྒྱལ་པོ་ལས། །ཕུན་ཚོགས་འདོད་པ་འཇོ་བའི་ཆར་ཆེན་པོས། །ས་འོག་ས་སྟེང་ས་བླར་ཁྱབ་གྱུར་ཅིག །ཅེས་སྟོན་པ་མཉམ་མེད་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཤཱཀྱ་སེང་གེས་དཔལ་གྱི་མགུར་ནས་ཚངས་པའི་དབྱངས་ཀྱི་སྒྲ་ལས་ཉེ་བར་དྲངས་ཏེ་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམས་ཏེ་བཀའ་སྩལ་པ་དང་རྗེས་སུ་གནང་ཞིང་བྱིན་གྱིས་བརླབས་པའི་བཀའ་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་ཞིག་མཁན་སློབ་ཆོས་གསུམ་དང་ལོ་པཎ་རིམ་བྱོན་གྱི་བཀའ་དྲིན་ལ་བརྟེན་ནས་གངས་ཅན་སཱ་ལའི་སྨན་ལྗོངས་འདིར་འགྱུར་བ་ལས་འདུལ་བ་ཤེར་ཕྱོགས་མདོ་མང་ཡོངས་རྫོགས་དང་རྒྱུད་ཀྱི་སྐོར་ཐོར་བུ་རྣམས་གཡོ་རུ་གྲྭ་པས་བསམ་དར་བ་མདའ་དཔོན་བློ་བཟང་བསྟན་འཛིན་གྱིས་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བླངས་ཏེ་བཞེངས་པའི་དུས་དཀར་ཆག་སྨོན་ལམ་དང་བཅས་པའི་ཚིགས་སུ་བཅད་པ་ཞིག་དགོས་ཞེས་བསྐུལ་པ་ལ་བརྟེན་ནས་ཟ་ཧོར་གྱི་བཙུན་པ་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཟིལ་གནོན་གྱི་ལོ་ཆུ་སྟོད་ཟླ་བའི་ཡར་ཚེས་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་བསྟན་འཛིན་གྱིས་བགྱིས་པ་ཛ་ཡནྟ། །


GLG016_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་དབང་པོའི་རྒྱུད)དྭེཎཱཾགཎེབྷི པརིཨཤཔཱུརིཨིཤཔཱུརྞནཻམིཏྟཱཨནུབྱཉྫནཀིརབཱཧསཱི། །དྭོཨཱཝརཎཱབིམལིཀྱགོཏམོཉབྷཱམྦཱ་སྦྲརེཏསྱཏམིཔྲཤོདྷཱན། །ཚོགས་གཉིས་ཆ་ཤས་ཡོངས་སུ་གང་བ་ཡི། །མཚན་དཔེའི་ཨུཏྤལ་དཀར་པོ་བཞད་པ་ཅན། །སྒྲིབ་གཉིས་དྲི་བྲལ་སྔོན་མེད་མཚན་མོའི་མགོན། །ཟས་གཙང་སྲས་ཀྱེ་འགྲོ་འདིའི་སྨག་རུམ་སོལ། །(སྡེབ་སྦྱོར་ལག་འགྲོ་ལྟུངབ)མཧཱཀལྱཱདུརྡུནྟནཀྵནྟིཛཎཱཔྲཏིཉྩེནནཱཡེ ཀདཱཙིཏྟདཱན། །ཨཏིཤུབལེདྷིངྒུརཱུཏྟརྱདོལཱནུསཾགུཔྟཀཱར༔ སམཱ་ནཱིབིཤེཥ། །ཆེར་སྙིགས་གདུལ་དཀའི་ཡིད་ཅན་མ་བཟོད་ནས། །འདྲེན་པའི་དམ་བཅའ་གཞར་ཡང་གཏོང་མིན་པ། །བླ་ནས་བླར་འདེགས་ཕུལ་བྱུང་སྙིང་སྟོབས་ཀྱིས། །སྐྱོབ་པ་གཞན་ལས་ཁྱད་པར་བྱས་པ་བཞིན། །


GLG016_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མེ་ཏོག་འཕྲེང་བ་ཅན)བྷབྱཤནྟསུར༔ ཀོཥཔཱདརཛཱཏཝཱཡདྷཱཧསུསྟིཀཾ སནྠཙ། །ཀལླིཥཾབྷཱརསཏྟིརྨལསྭཱནྟཧཱརོཏྟརཱངྒེཎནཱ་མེཤཏེཥྛཏཱིཏི། །སྲིད་ཞིའི་སྣོད་བཅུད་ཡོད་དོ་ཅོག་ཀུན་གྱི། །སྤྱི་བོར་ཁྱོད་ཞབས་རྡུལ་ཙམ་བཀོད་པའི་མོད། །ཉེས་ཚོགས་དྲི་མ་བཀྲུས་པས་ཡིད་ཕྲོགས་ཏེ། །ཡན་ལག་མཆོག་གི་ལན་བརྒྱར་འདུ་ལ་སྤྲོ། །ལོངས་སྤྱོད་རྫོགས་སྐུའི་ཉི་མ་འོག་མིན་དུ། །འཁོར་བ་མཐའ་ཅན་དེ་སྲིད་རྟག་འཆར་ཡང་། །ཞིང་འདིར་ངུར་སྨྲིག་གར་གྱི་འོད་པོ་ཆེས། །ཐུབ་བསྟན་འདབ་སྟོང་ལེགས་བཞད་བཙོང་ཁ་པ། །སྒྲ་ཚད་བཟོ་གསོ་ནང་རིག་ལ་སྦྱངས་མཁས། །ཕྲ་ཞིབ་ལས་འབྲས་ཚུལ་ལ་བག་ཡོད་བཙུན། །བདག་གཞན་མཉམ་བརྗེའི་བྱང་ཆུབ་ཐུགས་བསྐྱེད་བཟང་། །བཀའ་གདམས་མེས་པོ་དགེ་འདུན་གྲུབ་མཆོག་རྒྱལ། །འཕྲིན་ལས་རྩིབས་ཀྱིས་ཉོན་མོངས་གཅོད་པའི་ཤུགས། །འགྲོ་ཀུན་ཡིད་ལ་


GLG016_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་མེད་འཁོར་བས། །རྣམ་པར་རྒྱལ་བའི་བློ་གྲོས་བཟང་པོ་ཡིས། །དམ་པའི་ཆོས་ཀྱི་རྒྱལ་མཚན་བསྒྲེང་དེ་བསྔགས། །སྲིད་པ་གསུམ་གྱི་སྒྲོན་མེར་མགོན་ཁྱོད་ཀྱི། །མཛད་པའི་རྟ་བདུན་དབང་པོ་རྟག་ཤར་ཚེ། །གདུང་བའི་མུན་པ་རྙེད་པའི་སྐབས་བྲལ་ཕྱིར། །ཉིན་མཚན་དབྱེ་བའི་བྱེད་པོ་ད་ག་རེ། །ཡབ་གཅིག་ལྷ་ཡི་དབང་པོས་ཀ་ལཱ་པའི། །རྒྱལ་སྲིད་གདུགས་དཀར་ཡུ་བ་རང་རིགས་བུ། །གཏད་པའི་བྱ་བ་ལོ་བརྒྱར་བསྒྲུབས་པ་ལ། །འཇམ་དཔལ་གྲགས་པའི་མཚན་གྱི་དབྱངས་དེ་སྙན། །སུམ་ཅུ་རྩ་གཉིས་གདན་མཐར་དྲག་པོའི་དཔུང་། །ཤུགས་ཆེན་འཁོར་ལོ་གཅིག་གིས་དབྱིག་འཛིན་ཁྱོན། །འཆིང་བའི་སྒྱུ་ཐབས་སླད་མར་སྒུག་སྡོད་ལ། །འགྲོ་མང་འགྲམ་པའི་ངོས་སུ་རི་མོ་འདྲི། །ཨེ་མ་ཞིང་རྡུལ་བྱེ་བ་ཕྲག་རྙེད་དུ། །གཟུགས་སྐུའི་བཀོད་པ་རྒྱ་ཚོ་གང་བསྟན་ཡང་། །འགྲོ་བའི་ཁམས་ལ་མཁས་པ་ཉོན་མོངས་ནད། །གསོ་བྱེད་སྨན་པ་ལས་གཞན་གུད་ན་མེད། །རིང་མིན་ལུས་ཅན་ཆོས་དཀར་ཞིང་ས་ལ། །དམ་པའི་ས་བོན་སྨིན་པའི་མྱུ་གུ་ཡང་། །བསྟན་འགྲོའི་དགའ་སྟོན་སྙེ་མ་ཡོངས་རྫོགས་པའི། །མི་འཛད་འབྲས་བུ་རོ་བདའི་གཡང་ཞིག་ཆགས། །བསྐལ་བརྒྱར་སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་དང་། །ཤེས་རབ་ཕ་རོལ་ཕྱིན་ལ་རབ་གོམས་པ། །འཕགས་ཆེན་ཁྱོད་ལ་དམིགས་ནས་བསོད་ནམས་ཚོགས། །གསོག་པ་ཆུས་ཁྱེར་བ་ལ་ཆུ་ཇི་བཞིན། །འོན་ཏེ་སྲིད་ཞིའི་དགེ་ཚོགས་གངྒཱའི་རྒྱུན། །འབྱུང་ཁུངས་བཤེས་གཉེན་གངས་རི་གཅིག་པུ་སྟེ། །གདུལ་བྱའི་ལེགས་བྱས་རྒྱ་མཚོ་གྱེན་འཕྱུར་


GLG016_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བར། །འདི་ལས་ལྷག་པའི་དགེ་བ་དམིགས་སུ་མེད། །དེ་ཕྱིར་ཉི་མའི་གཉེན་དང་ཀུན་དགའ་བོ། །ཇི་ལྟར་སྨོན་ལམ་བཟང་པོའི་འབྲེལ་པ་ཅན། །བློ་བཟང་དགེ་ལེགས་ཕུན་ཚོགས་རབ་བརྟན་ཞེས། །ཞམ་རིང་ཟུང་གིས་བྱ་དགའི་ཁུར་ཆེན་བླངས། །ཀླུ་དབང་གདེངས་ཀ་དང་མཚུངས་ཟང་ཟིང་ནོར། །ཆེས་མང་དེ་སྙེད་གྲངས་ཀྱིས་སྡུག་བསྔལ་ཡང་། །གསེར་འགྱུར་ཇི་བཞིན་བླ་མེད་བྱང་ཆུབ་རྒྱུར། །སྤེལ་འདི་སྙིང་པོ་ཅན་གྱི་ཨེ་རཎྜ། །འཇུངས་པའི་མདུད་རྒྱ་གྲོལ་བ་ཐམས་ཅད་སྒྲོལ། །སྔོན་བྱུང་གཏམ་གྱིས་མཛེས་པ་ཉིད་ཙམ་ལས། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་སྤྱོད་པ་ལ། །མཆེད་པོར་སྒམ་པོ་ཕྱ་ཡིས་དེང་དུས་སྤྲུལ། །གསལ་བྱེད་སྨན་གྱིས་བསྐུས་ནས་དཀྱུས་རིང་པོས། །མིག་རྒྱང་འཁོར་མོར་བལྟས་ཀྱང་ཚུལ་དེའི་དཔེ། །ནམ་མཁའི་ཕ་མཐའ་འཚོལ་བ་ལྟར་མྱུལ་ཡང་། ཁྱབ་འཇུག་རུས་སྦལ་གཟུགས་བསྟན་ལས་མ་རྙེད། །གང་ལ་བསགས་པའི་བསོད་ནམས་ཕུང་པོའི་རྡུལ། །གཟུགས་སུ་གྲིབ་པ་མི་མཇེད་འཇིག་རྟེན་ལས། །བརྒལ་ཕྱིཪ་ཤོང་བའི་སྣོད་ཞིག་སླར་བསྐྲུན་པར། །ཚངས་པ་རྒད་པོ་ངལ་བའི་དཀའ་ཐུབ་བསྟེན། །མྱ་ངན་མེད་པའི་རྣམ་ཐར་ལ་འཁུ་བར། །སྐབས་གསུམ་པ་རྣམས་འཆི་མེད་ལམ་ཡངས་པོར། །གོམ་པ་བཀོད་ནས་གཞའ་ཚོན་བླ་བྲེ་བྲེས། །སྙན་པའི་སྒྲ་འབྱིན་རབ་དཀར་མེ་ཏོག་འཐོར། །འདྲེན་མཆོག་རང་གི་བསྟི་གནས་དག་ཞིང་དུ། །གཤེགས་དང་བཞུགས་ལ་མཚར་འཛིན་བྱིས་བློ་སྟེ། །


GLG016_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ཆེར་སྙིགས་པའི་ལུས་ཅན་ཚོགས་རྣམས་ཀྱིས། །ཡ་མཚན་འདི་འདྲ་མངོན་སུམ་མཐོང་སྟེ་རྨད། །བསམ་འཕེལ་ཡིད་བཞིན་དབང་གི་རྒྱལ་པོའི་གདུང་། །བཞུགས་རྟེན་རིན་ཅེན་མཆོད་སྡོང་གནྡྷོ་ལ། །གསེར་སྦྱངས་ཞུན་མའི་རྒྱ་ཕིབས་དང་བཅས་པས། །སུམ་རྩེན་གནས་ཀྱི་ཁེངས་པ་བག་ལ་ཞ། །དེ་ཡང་རབ་བྱུང་བཅུ་གཅིག་པའི། །འཕགས་ཡུལ་ཤྭ་བྷ་ཀིར་འབོད་ཅིང་། །ཤར་ཕྱོགས་དབང་པོའི་འདུན་ས་ཆེར། །ཞིང་ཡིན་ཅེས་སུ་རྣམ་པར་གྲགས། །ལྗོངས་འདིར་བདེ་མཆོག་བསྟོད་འགྲེལ་ལུགས། །དགེ་བྱེད་ཅེས་པ་ཆུ་སྟག་ལོའི། །དབོ་ཡི་ཉ་བའི་ཐབས་ཀྱི་ཆའི། །བཟང་པོ་གསུམ་པའི་དུས་ཀྱི་ཚེ། །མ་འདྲིས་འགྲོ་བའི་གཉེན་གཅིག་པུ། །མཁན་ཆེན་འགྲོ་བའི་བླ་མ་མཆོག །དགའ་ལྡན་ཡིད་དགའི་ཆོས་འཛིན་དེར། །འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས། །རྡོ་རྗེའི་སྐུ་ཡང་འཇིག་པའི་ཚུལ། །སྟོན་ན་ལས་ཉོན་གྱིས་འཕངས་ལུས། །ཐོབ་རྣམས་འཇིགས་པ་མི་སྐྱེ་བ། །སྙིང་ནི་རྡོ་ལས་གྲུབ་བམ་ཅི། །འགྲོ་བློར་འཚམ་པའི་སྤྲུལ་པའི་གར། །རང་ཉིད་གང་ནས་བྱོན་པའི་གཞི། །ཆོས་དབྱིངས་བདེ་ཆེན་ཕོ་བྲང་དུ། །གཤེགས་ལ་མྱ་ངན་བྱེད་པ་འཁྲུལ། །རིན་ཅེན་གླིང་དུ་ཚོང་པ་རྣམས། །མཁོ་དགུའི་འབྱོར་བ་ཉེར་བཙལ་ནས། །རང་གི་ཁྱིམ་པ་ཕྱིར་ལྡོག་པའི། །བྲོས་པོར་སེམས་ན་སྨྱོན་པ་དངོས། །མཉམ་མེད་དོན་ཀུན་གྲུབ་པའི་གདུང་། །ཆ་བརྒྱད་བགོས་ནས་མཆོད་པའི་རྟེན། །གང་གི་གྲངས་ལྡན་འཕགས་ཡུལ་དུ། །བསྐྲུན་པའི་རྣམ་ཐར་རྗེས་འཇུག་དང་། །གཞན་


GLG016_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གདུལ་བྱའི་ལེགས་བྱས་གཞིར། །རྒྱ་བོད་ཀུན་ཏུ་ཡོངས་འཛིན་རྗེའི། །དགོངས་པ་ཟག་མེད་དབྱིངས་རྫོགས་ཆེད། །རྣམ་དཀར་རྒྱ་ཆེར་སྒྲུབ་སྲོལ་དར། །དེ་ཕྱིར་བློ་བཟང་དགེ་ལེགས་ཞེས། །ཕྱག་མཛོད་ལས་འཛིན་གང་དེ་ཡིས། །ཁུར་བླངས་བཟོ་རིག་དོ་དམ་པ། །ད་ལྟའི་ཕུན་ཚོགས་རབ་བརྟན་གྲགས། །བཟོ་བཀོད་ཆོས་དབྱིངས་རྒྱ་མཚོ་དང་། །ཤངས་པ་ཆོས་མགོན་གཙོར་གྱུར་པའི། །གཙུག་ལག་གཉིས་པ་ཤེས་པ་ཡི། །མཁས་པའི་རྩེར་སོན་མང་འདུས་ནས། །ལོ་དེའི་ནམ་ཐོངས་ཟླ་བ་ཡི། །དཀར་ཆའི་རྫོགས་པ་གཉིས་པའི་ཚེ། །གཙུག་ལག་ཁང་གི་རྨང་འདིང་དང་། །ལྷན་ཅིག་མཆོད་སྡོང་ཤིང་བཟོ་བཙུགས། །ཉིན་ཞག་གཉིས་འདས་གདུགས་ཀྱི་དུས། །གསེར་དངུལ་རིན་ཅེན་སྣ་ཚོགས་པ། །ཕྲ་བརྡུང་འཕུལ་གྱི་བྱེ་བྲག་ལ། །ནཻ་པཱ་ལ་ཡི་མཁས་རྣམས་ཞུགས། །མཛེས་བྱེད་ཧོར་ཟླ་བདུན་པའི་ནང་། །བློ་བཟང་དགེ་ལེགས་ལྔ་པའི་ལམ། །གྱུར་པ་སྔོན་ལས་རི་གཟར་ཆུ། །རིགས་ཀྱིས་གྱེན་དུ་ལྡོག་ནུས་མིན། །བགྲང་བྱ་དེ་ཡི་ཐ་སྐར་ཟླར། །ཕུན་ཚོགས་རབ་ཏུ་བརྟན་པ་ཡིས། །རྨུགས་འཛིན་མཛོད་ལ་དབང་༈ སྒྱུར་ཏེ། །རྣམ་དཀར་ལས་འཕྲོ་སྒྲུབ་ཁུར་བླངས། །གང་གི་བསྒྲུབ་བཞིན་བྱ་བའི་ཤུལ། །དཀའ་བཅུ་ཆོས་༅་འཕེལ་གྱིས་བཟུང་ནས། །བལ་བོད་བཟོ་རིས་མཐའ་དག་གི ། དོ་དམ་སྙིང་ལ་རི་མོར་བྲིས། །འགྲོ་འོང་དེ་ཡི་ཉ་དྲུག་ཟླའི། །ཉེར་ལྔའི་མཆོད་པ་ཆེན་པོ་ཞེས། །ཐམས་


GLG016_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ་བཙོང་ཁ་པ། །དག་ཞིང་གཤེགས་པའི་དུས་བཟང་ཉིན། །མི་བསྐྱོད་རྡོ་རྗེའི་འདབ་བསྐྱེད་ལ། །བརྟེན་ནས་གསང་སྔགས་འདུས་གྲྭ་ཡིས། །དམ་ཚིག་པ་ལ་ཡེ་ཤེས་ཀྱི། །ལྷ་ཚོགས་མངོན་སུམ་བཞིན་དུ་བཅུག །སྣ་ཚོགས་དབྱིག་ཅེས་ཤིང་སྦྲུལ་ལོའི། །རྟ་ཡིས་ཉ་བའི་ཉེར་བདུན་ལ། །རྒྱ་ཕིབས་ཤིང་དང་ཕྱི་མའི་ཟླའི། །ཚེས་བཅུར་གསེར་ཟངས་བཟོ་འགོ་བཙུགས། །ང་དྲུག་དྲུག་བརྒྱ་ལྔ་སྟོང་གིས། །ལྷག་པའི་ས་ཟླ་མགུར་ཞོ་ཁྲི། །འཇོན་དམར་དོན་ལྔ་ལྔ་བརྒྱ་དང་། །བཅས་པའི་མཁར་རྒྱའི་ཁལ་བདུན་སྟོང་། །ཉག་ལྔ་ང་གཉིས་དང་ལྡན་པའི། །རིན་ཅེན་བཅུད་ལེན་བརྒྱ་ཕྱེད་ཁལ། །ཤིང་རྩིའི་འཇའ་ཚོན་ལྟ་བུར་བཀྲ། །བཀོད་ལེགས་ལྷ་ཡི་ཁང་བཟང་བཞིན། །རི་བོ་ཕྲག་པར་བླངས་པར་ལྟར། །ཤིན་ཏུ་ལྕིད་དང་ལྡན་པའི་ཁུར། །ཟིལ་གནོན་སྣྲོན་གྱི་ཟླ་བ་ཡི། །དམར་ཆའི་ཨོ་ཡིག་ཤར་ཚེ་གྲུབ། །སླར་ཡང་ལྗོངས་འདིར་འགྱུར་རོ་ཅོག །མདོ་འདུལ་ཤེར་ཕྱོགས་ཡོངས་རྫོགས་དང་། །ཐོར་བུའི་རྒྱུད་རྣམས་མཐིང་ཤོག་ངོས། །གསེར་ཞུན་གྱིས་འདྲིའི་སྟ་གོན་མཚར། །སྟོན་ཟླ་སྟོང་གིས་བསྐྲུན་མིན་ཆེས་དཀར་དགེ ། རྣམ་མཁྱེན་རྒྱུར་བསྔོའི་དྲོད་ཀྱིས་བཞུ་བའི་ཆབ། །འདི་སྣང་ཁ་བའི་རྡུལ་བརྩེགས་ལས་འོངས་པ། །ཆད་མེད་བྱང་ཆེན་རྒྱ་མཚོ་ཆེར་འབབ་ཤོག །ཀླ་ཀློའི་གཉེན་པོར་དྲག་པོ་འཁོར་ལོའི་དཔུང་། །རྩོམ་པར་དུས་ལ་བབ་ཕྱིར་བསིལ་ལྡན་འདིར། །ད་དུང་འདུལ་དཀའི་གདུལ་བྱ་མང་མཆིས་


GLG016_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པས། །བསམ་བཞིན་སྤྲུལ་པའི་སྐུ་མཆོག་མྱུར་འབྱོན་ཤོག །བློ་གྲོས་བཟང་པོའི་སྐལ་ཐོབ་དགེ་ལེགས་ཅན། །ཡོན་ཏན་ཕུན་ཚོགས་བསགས་པའི་བསོད་ནམས་ཀྱིས། །རྩ་བ་རབ་བརྟན་འབྱོར་པའི་མཛོད་འཛིན་ཟུང༌། །འདི་ཕྱི་ཀུན་ཏུ་ཕན་བདེར་སྤྱོད་པར་ཤོག །ལུས་ཀྱི་བཟོས་མཚོན་དཀའ་བའི་ངལ་བ་བསྟེན། །ངག་ནས་བླང་དང་དོར་བྱ་རྣམ་པར་སྟོན། །ཡིད་ངོར་རིག་པའི་སྤྲུལ་སྒྱུར་མཁན་པོ་སོགས། །མཐུན་རྐྱེན་སྦྱོར་རྣམས་རྫོགས་ལྡན་དཔལ་ཐོབ་ཤོག །འདི་བསགས་བསོད་ནམས་ཉི་མ་བྱེད་པོའི་ཚོགས། །སྡུག་བསྔལ་མུན་བཅིལ་གཏན་བདེའི་འོད་འབར་ཞར། །མཁའ་མཉམ་མ་རྒན་སྐྱིད་པའི་འདབ་མ་སྟོང་། །འཛུམ་པའི་རྩེ་དགའ་ཁོང་ནས་དགོད་པར་ཤོག །གསར་བསྐྲུན་གཙུག་ལག་ཁང་ཆེན་རྟེན་བརྟེན་པ། །ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོར་བཅས། །ཉི་ཟླས་འཇིག་རྟེན་རབ་སྣང་དེ་སྲིད་བར། །ལྷ་མིའི་བསོད་ནམས་ཞིང་དུ་བརྟན་པར་ཤོག །ཆོས་སྐུ་ཉེ་བར་ཞི་བའི་དབྱིངས་ཉིད་ལས། །ཡིད་སྲུབས་གཉེན་པོར་ཁྲོས་པ་སྲིན་པོའི་གཟུགས། །ཐུབ་བསྟན་བསྲུང་བའི་དམ་ཅན་རྒྱ་མཚོ་ཡིས། །ནམ་ཡང་གཡེལ་བ་མེད་པར་མེལ་ཚེ་མཛོད། །དུས་བབས་འཕྲིན་ལས་གཞན་དུ་འཇུག་པའི་སྒོ། །སླེབས་མིན་དེ་སྲིད་རྐུ་འཕྲོག་འཁྱེར་བྱེད་རྣམས། །རྒྱུ་མའི་སྐྱེས་བུ་སྲོག་དང་བྲལ་བ་བཞིན། །བདེ་སྟོང་ཟུང་འཇུག་དབྱིངས་སུ་བསྒྲལ་ཏེ་དྲོངས། །པུར་རྒྱལ་གླིང་དགུའི་ཡངས་པའི་རྒྱལ་ཁམས་


GLG016_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །རྫོགས་ལྡན་དགའ་སྟོན་ཡོངས་འཕེལ་རྩ་ལག་ཏུ། །ཤཱཀྱ་སེང་གེ་མ་སྨད་རིང་ལུགས་མཆོག །བྱམས་བསྟན་ཤར་མིན་བར་དུ་ཡར་འཕེལ་ཤོག །ཁྱད་པར་འཇམ་དཔལ་རྡོ་རྗེ་བཙོང་ཁ་པའི། །ཆོས་སྲིད་བསྟན་དང་དེ་འདེགས་མི་ཡི་བདག །མཆོད་དང་ཡོན་སྦྱོར་ཀུན་གྱི་སྲིད་དང་ཞིའི། །དབང་ཕྱུག་བརྒྱད་ཀྱི་མཐུ་དཔལ་དར་དྲག་ཤོག །ས་ལ་རྣམ་པར་བཀྲ་བ་འདུས་པའི་སྡེ། །ཚུལ་གནས་ཐོས་དང་བསམ་པས་རབ་ཏུ་ཤིས། །ལྷ་ཆོས་བདུན་ལྡན་བཀའ་གདམས་རྣམ་པར་ཐར། །ལྷུན་པོ་བཞིན་ཏུ་མི་གཡོ་གནས་པར་ཤོག །ནམ་ཡང་བསླུ་མེད་སངས་རྒྱས་ཞལ་སྒོ་ནས། །སྩལ་བའི་ལུང་རྟོགས་དེ་འཛིན་སློབ་མར་བཅས། །རྟག་ཏུ་བདེན་པར་གསུང་བའི་ཚིག་བཙན་པོས། །འཇིག་རྟེན་གསུམ་དུ་དགེ་བའི་བཀྲ་ཤིས་ཤོག །ཅེས་ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་དངུལ་གདུང་རིན་པོ་ཆེ་དྲི་གཙང་ཁང་རྒྱ་ཕིབས་མཆོད་རྫས་དང་བཅས་པ་ཕྱག་མཛོད་སྔ་རྟིང་གཉིས་ནས་རིམ་པ་བཞིན་སྤེལ་བའི་རྟོགས་བརྗོད་སྙིང་པོ་བསྡུས་པ་དང་བསྟན་སྲུངས་རྣམས་ལ་གཉེར་གཏད་བཞེས་སྒྲ་དགེ་བ་རྫོགས་བྱང་དུ་བསྔོ་བ་སོགས་འདི་ལྟ་བུ་ཞིག་དགོས་ཞེས་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱི་ངོས་ཀྱིས་བསྐུལ་བ་ལྟར་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་དབྱངས་ཅན་ངང་མོའི་རྩེ་དགའ་མི་གཏོང་བ་ཟ་ཧོར་གྱི་བནྡེ་སྡེ་སྣོད་གསུམ་པས་བཀའ་བསྟན་བཅོས་འགྱུར་རོ་ཅོག་གི་ཚལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་བསྟན་འཛིན་ནོ། །


GLG016_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་དབང་པོ་རྡོ་རྗེ)ཏཻལོཀཙྩཌེརཛཔཱདརཱུཔོཔམྱུསུཀྲྀཏུནུསབྷཱབུཀཉྩ། །སདྡཱརྠནཱམཱཏིཤཧྲཔྥལཱསཾཝཎྞཱབིཤེཥཱནྱཛིབྷཱུཏཏཙྩ༎ འཇིག་རྟེན་གསུམ་གྱི་གཙུག་ན་ཞབས་གྱི་རྡུལ། །བསོད་ནམས་གཟུགས་ཅན་བཞིན་དུ་ལེགས་འགོད་པ། །ཟས་གཙང་སྲས་ཞེས་སྙིང་སྟོབས་ཕུལ་བྱུང་བས། །རྣམ་འདྲེན་གཞན་ལས་ཁྱད་པར་གྱུར་དེ་བསྔགས། །དཔལ་གྱི་མགུར་ལས་གསུངས་པ་དམ་པའི་ཆོས། ཕ་མཐའ་མཁའ་ལྟར་ཚད་གཟུང་ནུས་མིན་ཡང་། །ཐུན་མོང་གདུལ་བྱར་འཁོར་ལོ་རྣམ་པ་གསུམ། །ཡོངས་བསྐོར་འཕགས་བོད་མཁས་རྣམས་ཀུན་ལ་གྲགས། །སྔ་ཕྱི་དར་བའི་གངས་ལྗོངས་བསྟན་པ་ལ། །ལེགས་འགྱུར་མཆོག་དམན་ཐེག་པའི་ཐུགས་བརྒྱུད་གསུང་། །ལྔ་བཅུས་ལྷག་པའི་བརྒྱ་ཕྲག་གླེགས་བམ་ཚོགས། །འགྲོ་བའི་བསོད་ནམས་ཡུལ་གྱུར་ཕན་བདེའི་གཞི། །རྒྱལ་བའི་བཀའ་རྣམས་འདྲི་ཀློག་བཤད་ཉན་དང་། །ཕུ་དུད་སྲི་ཞུར་བྱེད་པའི་སྐལ་བཟང་ལ། །ལོངས་སུ་སྤྱོད་


GLG016_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལོ་པཎ་རིམ་བྱོན་གྱི། །བཀའ་དྲིན་བྱང་ཆུབ་བར་དུ་གཞལ་ནུས་མིན། །སྐྱེ་རྒུའི་བདེ་སྐྱིད་སྲོག་འཕྲོག་དུག་གསུམ་ནད། །རབ་བཅོམ་མདོ་རྒྱུད་འཆི་མེད་བདུད་རྩིའི་བཅུད། །ཀུན་ལ་སྟེར་བའི་སྔོན་མེད་ཚངས་པ་ཆེ། །དོན་ཀུན་གྲུབ་པ་ཤཱཀྱའི་གཙོ་བོ་མཆོག །མཐོང་ཐོས་དྲན་དང་རེག་པས་རྣམ་གྲོལ་བ། །གསུང་རབ་ཡི་གེར་འདྲི་བའི་ལེགས་བྱས་ཀྱི། །གསེར་སྐོང་སྙིང་སྟོབས་དྲོད་ཀྱིས་ཡོངས་སྨིན་པའི། །བྱེད་པོ་འཇིག་རྟེན་མེས་པོའི་སྤུན་ཟླ་བཞིན། །རུ་བཞི་དབུ་རུའི་ས་ལས་ལྷ་ལྡན་ཆར། །བྱང་གླིང་བསམ་གྲུབ་རྒྱལ་པོའི་ལྷག་བསམ་གྱིས། །འདུལ་མདོ་ཤེར་ཕྱོགས་གངས་ལྗོངས་འགྱུར་རོ་ཅོག །ཐོར་བུའི་རྒྱུད་སྡེ་བཅས་པའི་གླེགས་བམ་བསྐྲུན། །བདེན་པར་གསུང་བ་རྫོགས་པའི་སངས་རྒྱས་ཀྱི། །ཞལ་གྱིས་ཉེར་འཆེས་རྒྱུ་འབྲས་མི་སླུ་བ། །བདེ་སྡུག་མ་འདྲེས་ལས་ཀྱི་མེ་ལོང་དུ། །འཆར་བའི་ངེས་པ་འདི་ལ་སུ་ཡིས་འགོད། །བསོད་ནམས་བྱས་པའི་དངོས་པོ་གཟུགས་ཅན་དུ། །གྲུབ་ན་སྣོད་དུ་ཁམས་གསུམ་འདི་ཆུང་ཞེས། །གསར་དུ་བསྐྲུན་ལ་རྣ་བ་བརྒྱད་པ་དེ། །གཉིད་ལས་སད་དེ་རྟོག་པ་འོག་འགྱུར་འབྱམས། །འདིར་བསགས་ཆོས་དཀར་ལས་ཀྱི་ས་བོན་འབྲས། །གྲངས་མེད་སྐྱེ་བར་བདེ་སྐྱིད་མུཀྟི་ཀའི། །འཁྲི་ཤིང་ཟད་པ་མེད་པའི་ཆར་ཆེན་པོར། །སྤྱོད་ལ་ས་ཡི་ལྷ་མོ་བདེན་པའི་དཔང་། །འཆི་མེད་ལུས་ཕྲའི་ཚོགས་རྣམས་རིན་ཅེན་རྒྱན། །རབ་དཀར་དུ་ཀཱུ་ལ་ཡི་གོས་གྱོན་ནས། །རྒྱལ་བའི་གསུང་ལ་མཆོད་རྫས་མེ་ཏོག་འཕྲེང་། །མཐོར་བས་ལྷ་ཡི་ལམ་ཀུན་དོག་པོར་འགོད། །བསྟོད་བསྔགས་གླུ་དབྱངས་ལེན་དང་ལྷན་ཅིག་པར། །སྙན་པའི་རྒྱུད་མངས་འཁྲོལ་ཚེ་ཀླུ་དབང་རྣམས། །གདེངས་ཀ་ནོར་བུའི་འོད་སྟོང་འཚེར་བཞིན་དུ། །མགྲིན་པ་བཏེག་ནས་མཁའ་ལ་བལྟ་བར་བྲེལ། །དེ་


GLG016_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ནག་པོའི་སྡེ་བཅས་རྩ་ལག་རྣམས། །མིང་གི་ལྷག་མ་ཙམ་དུ་གྱུར་སྙམ་ནས། །དགའ་རབ་དབང་ཕྱུག་གདོང་པ་ཡོངས་དམད་དེ། །མི་བཟད་མྱ་ངན་ཁང་བུར་བརྒྱལ་བ་བཞིན། །བྱས་པ་དོན་དང་ལྡན་པ་དགེ་བའི་གྲུས། །སྲིད་འཁོར་རྒྱ་མཚོའི་ཕ་མཐའ་ལས་བསྒྲལ་ཏེ། །ངེས་ལེགས་རིན་ཅེན་གླིང་དུ་རབ་བགྲོད་ནས། །གཏན་འདུན་ནོར་བུར་སྤྱོད་པ་དེ་རྨད་བྱུང་། །ལེགས་བྱས་མ་དྲོས་ཆུ་བོ་ལས་བབས་པ། རྣམ་སྨིན་ཆེས་དཀར་ཡན་ལག་བརྒྱད་ལྡན་ཆུ། །བླ་མེད་ཡེ་ཤེས་མཆོག་གི་རྒྱ་མཚོའི་ཀློང་། །སིམ་པའི་ངོ་བོ་གཅིག་ཏུ་འགྱུར་བར་ཤོག །འདི་བསྒྲུབ་ཆེད་དུ་ལུས་ངག་ཡིད་གསུམ་གྱིས། །ངལ་བ་བསྟེན་དང་མཐུན་པའི་རྐྱེན་སྦྱོར་བ། །མཐའ་དག་འཁོར་འཁྱམས་དེ་སྲིད་བདེ་ལྡན་ཞིང་། །མྱུར་དུ་འོག་མིན་གནས་ཀྱི་གཙོར་འགྱུར་ཤོག །རྒྱུ་སྦྱོར་བསམ་གྲུབ་རྒྱལ་པོ་ཁྱོ་ཤུག་ཟུང་། །བུ་ཚ་རིགས་བརྒྱུད་བཅས་ལ་འཇིག་རྟེན་དང་། །འཇིག་རྟེན་ལས་འདས་དབང་ཕྱུག་ཡོན་ཏན་བརྒྱད། །འགྲུབ་པའི་སྐལ་བ་བཟང་པོར་སྤྱོད་པར་ཤོག །ཉི་མའི་གཉེན་གྱི་ལུང་དང་རྟོགས་པའི་བསྟན། །ཚུལ་བཞིན་བསྒྲུབ་པའི་སྡེ་རྣམས་རབ་རྒྱས་ཤིང་། །དེ་འཛིན་བཤེས་གཉེན་དམ་པའི་ཚོགས་རྣམས་ཀུན་། །ཆོས་འཁོར་བསྐོཪ་ཕྱིཪ་བསྐལ་བརྒྱཪ་ཞབས་བརྟན་ཤོག །ཉི་ཟླ་ཟུང་འབྲེལ་ས་དབང་མཆོད་ཡོན་གྱི། །སྐུ་ཚེ་ཆབ་སྲིད་མངའ་ཐང་རབ་འཕེལ་ཞིང་། །གསེར་གྱི་གཉའ་ཤིང་ལྟར་ལྕི་བཀའ་ཡི་ཁྲིམས། །ཡིད་ཅན་ཀུན་གྱི་ཕྲག་པར་གནས་པར་ཤོག །སེམས་ཅན་སྤྱི་དང་ཁྱད་པར་བོད་ཡུལ་འདིར། །འཇིགས་ཆེན་བརྒྱད་སོགས་ཉེས་བརྒྱའི་ཟུག་རྔུ་རྣམས། །མིང་ཙམ་མི་གྲགས་རྫོགས་ལྡན་དུས་བཞིན་དུ། །སྐྱིད་པའི་ཉི་མ་གུང་ནས་འཆར་བར་ཤོག །ཐུབ་དབང་ཐུགས་རྗེ་འཕེལ་


GLG016_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིབ་མེད་པའི་མཁར། །བྱིན་རླབས་མེ་ཤེལ་དཀྱིལ་འཁོར་འབར་བའི་གཟིས། །ཕན་དང་བདེ་བའི་སྣང་བ་གསལ་བྱེད་པ། །འཇིག་རྟེན་གསུམ་གྱི་སྒྲོན་མེ་འདེགས་པར་ཤོག །ཅེས་ལྷ་ས་བྱང་གླིང་བསམ་གྲུབ་རྒྱལ་པོས་འདུལ་ལུང་མདོ་མངས་ཤེར་ཕྱོགས་རྣམས་ཡོངས་རྫོགས་དང་། །རྒྱུད་འབུམ་ཐོར་བུ་བཞེངས་པའི་ཚེ་དཀར་ཆག་དང་འབྲེལ་བའི་སྨོན་ལམ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེས་བགྱིས་པ་ཛཡནྟུ། །(སྡེབ་སྦྱོར་ལག་འགྲོ་ལྟུང་བ། )མུནེནྡསུཀཎྜཀྟཀཉྫཔྤཛྙསཱུཏྲཱབིནཡཀྵརིཏཱདྷིམཱིཙ། །ཀལེསསྱམནྟེཎཏཙིཀྱཙཱཔོསྟཀིཀྱུཤཏདྭེཔབཉྩེཏྲ་པུནྱ། །ཐུབ་གསུང་མགུར་ནས་ཚངས་དབྱངས་ཀྱིས་གསུངས་པ། །འདུལ་མདོ་ཤེར་ཕྱོགས་བོད་འདིར་འགྱུར་རོ་ཅོག །གསང་སྔགས་རྒྱུད་སྡེ་ཐོར་བུར་བཅས་པ་ཡི། །བརྒྱ་ཕྲག་གླེགས་བམ་བསོད་ནམས་རྒྱ་མཚོའི་ཞིང་། །ཆེན་


GLG016_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཧོར་གྱི་ཡུལ་ནས་འུན་དུ་སུས། །ཉེར་དྲངས་སྒྱུ་མའི་ནོར་ལ་སྙིང་པོ་རུ། ལེན་མཁས་དྭགས་སྟོད་ས་སྐྱོང་ལྕང་ར་བ། །མགོན་པོ་ཚེ་བརྟན་ཆོས་འཛིན་མིང་སྲིང་ཟུང་། །ཐུབ་པའི་གསུང་ལ་རི་མོར་བྱས་པ་ཡི། །འབྲས་བུ་ཡང་སྲིད་ཀུན་ཏུ་བདེ་བའི་རྒྱུན། །ཆད་མེད་འབབ་པའི་གངྒཱ་དུག་གསུམ་དྲི། །རྒྱུན་དུ་འཁྲུད་པའི་བྱེད་པོར་ཞབས་སུ་བསིལ། །འགྲོ་རྣམས་འཁྲུལ་པའི་ལམ་དུ་རྟག་ཉལ་བའི། །གཉིད་ལས་སློང་བྱེད་དགེ་བའི་སྐྱ་རེངས་མས། །ཐར་པའི་ཉིན་བྱེད་ལེགས་དྲངས་འཇིག་རྟེན་གསུམ། །ཕན་དང་བདེ་བའི་སྣང་བས་ཁྱབ་པར་ཤོག །རྒྱལ་བའི་གསུང་རབ་འདི་བཞེངས་མཐུན་རྐྱེན་དུ། །སྒོ་གསུམ་གཏོང་བས་ཕན་པ་བསྒྲུབས་པ་ཀུན། །འདི་སྣང་ལྷ་ཡི་བདེ་སྐྱིད་ལ་སྤྱོད་ཅིང་། །མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་འཐོབ་ཤོག །ཁྱད་པར་མགོན་ཚེ་ཡིད་འཕྲོག་རིགས་ཀྱི་བུ། །མི་ནོར་བརྒྱུད་བཅས་རྣམ་མང་ཐོས་སྲས་ཀྱི། །རིགས་དང་འབྱོར་བའི་རྗེས་སུ་རྟག་འགྲོ་ཞིང་། །རིང་མིན་སྐུ་གསུམ་ཐེམ་སྐས་ལ་འཛེག་ཤོག །མཆོག་གསུམ་ཐུགས་རྗེ་དཔག་བསམ་ལྗོན་པའི་འབྲས། །སྐྱེ་རྒུའི་ལེགས་བྱས་རྒྱ་མཚོར་ཉེར་ལྷུངས་པ། །སྲིད་ཞིའི་བདེ་བ་ཛམྦུ་གསེར་སྦྱངས་སུ། །འབྱུང་བའི་ཕུན་ཚོགས་དགའ་སྟོན་ཆད་མེད་ཤོག །ཅེས་འུན་དུ་སུ་ཆོས་རྗེས་རྒྱུ་སྦྱར་བ་ནོར་འཛིན་སྐྱོང་བ་ལྕང་ར་བས་ཁུར་བླངས། མདོ་མངས་འདུལ་ལུང་ཤེར་ཕྱོགས་རྣམས་ཆ་ཚང་དང་རྒྱུད་ཐོར་བུ་རྣམས་བཞེངས་ཚེ་སྨོན་ལམ་ཞིག་དགོས་ཞེས་


GLG016_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེས་བགྱིས་པ་སིདྡྷི་ར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་དྲི་གཙང་ཁང་གི་མཆོད་རྫས་ཀྱི་དེབ་ཐེར་འགོ་བརྗོད་སྲིད་ཞིའི་དཔལ་འབྱོར་འཁྱིལ་བའི་གསེར་གཞོང་སོགས། ཛཡོཧྲིདྭཛམྦུབྲྀཀྵསྱཕལྱཾཨཧོབིརྩསཱམུདྲིཀཉྩཔཏལྱཾ། ཀྲྀཡཾཀྲྀཙྪབྷཱརཾདྨཧཏཏྐནྟིརཱཏཔྟསོབརྟིབུདྡྷེནག་མྱུཏྲརཀྵ། །རྒྱལ་རྣམས་སྙིང་སྟོབས་ཛམྦུ་ལྗོན་པའི་འབྲས། །མ་སྨད་བརྩོན་པའི་རྒྱ་མཚོར་ཉེར་ཞུ་བ། །བྱ་དཀའི་ཁུར་ཆེན་བཟོད་ནུས་གསེར་སྦྱངས་སུ། །ལེགས་བསྒྱུར་དོན་ཀུན་གྲུབ་པས་འགྲོ་འདི་སྲུངས། །འཇམ་མགོན་མཚན་དཔེའི་དཔལ་འབར་འཇའ་ལུས་སྐུ། །ཐ་མལ་གདུལ་བྱའི་མིག་གི་དབང་ཤེས་སུ། །དུར་སྨྲིག་གར་གྱིས་རོལ་བའི་བཙོང་ཁ་པ། ཁམས་གསུམ་འགྲོ་བའི་བླ་མ་གཙུག་ན་མཛེས། །ཐོག་མཐའ་བར་དགེ་བཀྲ་ཤིས་ཆོས་ཀྱི་གླུ། །རྣམ་དཔྱོད་


GLG016_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་མངས་སྒྲ་ལས་ཉེར་དྲངས་ནས། །ལུས་ཅན་རྣ་བར་སྙན་པའི་འདོད་འཇོ་མཁན། །དཔལ་ལྡན་བླ་མ་མཁས་མང་ཡོངས་ཀྱི་རྒྱན། །སྒྲིབ་གཉིས་རྩོད་པའི་གཡུལ་ལས་རྣམ་རྒྱལ་བ། །དགེ་བཅུར་རྟག་འདུན་གསེར་སྦྱང་འཁོར་ལོ་ཡིས། །སྐུ་གསུམ་རྫོགས་ལྡན་དགའ་སྟོན་རྒྱ་མཚོ་ཆེར། །སྤྱོད་མཁས་ངེས་པར་ཐམས་ཅད་མཁྱེན་དེ་རྒྱལ། །ཨུཏྤལ་དམར་པོའི་ཉག་ཕྲན་གཅིག་གིས་ཀྱང་། །སྲིད་གསུམ་བརྟན་པ་མ་ལུས་འཕྲོག་བྱེད་པ། ཁྲོ་ཆགས་གར་དགུའི་ཉམས་ཀྱིས་ཟློས་གར་མཁན། །བཅོམ་ལྡན་རིགས་བྱེད་ལྷ་མོས་རྟག་ཏུ་སྐྱོངས། །གདུག་པའི་རླངས་ཀྱིས་སྦྱིན་སྐྱེས་ཚོགས་བཅོམ་ནས། །ལྷ་རྣམས་ངལ་གསོར་བྱེད་པ་རྣམ་ཐོས་བུ། །གཟི་བརྗིད་ཉི་མའི་དཔལ་འབར་དགྱེས་འཛུམ་ལས། །ཕུན་ཚོགས་འདོད་དགུའི་དངོས་ཀུན་སྩོལ་བར་མཛོད། དང་པོའི་སངས་རྒྱས་རྒྱུད་རྒྱལ་གསུངས་པའི་གནས། །གཉིས་པ་ཁ་བའི་ལྗོངས་ཀྱི་དབུས་འགྱུར་འཆང་། །དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོ། །སྲིད་ཞིའི་གཙུག་ལག་ཀུན་གྱི་སྣོད་གཅིག་པུ། །མཆོག་གསུམ་རྟེན་གྱི་བཞུགས་གནས་གནྡྷོ་ལ། ཁྲིམས་ལྡན་འདུ་བའི་ཀུན་དགའ་ར་བ་ཆེ། །རྟེན་དང་བརྟེན་པར་བཅས་པའི་ངོ་མཚར་གྱིས། །ས་ལ་མངོན་སུམ་གནས་པའི་འོག་མིན་བཞིན། །སྣ་ཚོགས་རིན་ཅེན་ཕྱི་ནང་གོས་སོགས་ལས། །ལེགས་གྲུབ་མཆོད་པའི་བྱེ་བྲག་མཐའ་ཀླས་པ། །ཀུན་ཏུ་བཟང་པོའི་རྣམ་པར་ཐར་པའི་སྤྲིན། །འཛད་མེད་ནམ་མཁའ་མཛོད་ཀྱི་རྗེས་སུ་སྙེག །སྒྱུ་མའི་ནོར་ལ་སྙིང་པོ་བླངས་པ་ཡི། །བདོག་པ་ཆུད་མི་འཛའ་ཕྱིར་མི་བསྐྱུད་སླད། །ཨ་འདུས་ཀ་འཕྲེང་


GLG016_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་ཡི་གེ་རུ། །འགོད་པ་ཕྲ་ཞིབ་མཛངས་རྣམས་སྤྱི་ཡི་ལུགས། །འཇིག་རྟེན་གསུམ་ན་གྲགས་སོ་ཅོག་གི་ནོར། །ལེགས་བྱས་གསེར་གྱི་གཞོང་པར་སྤུངས་པ་ཡི། །དེབ་ཐེར་འཛམ་གླིང་ཡོངས་གྱི་འབྱོར་བ་རྣམས། །མངོན་སུམ་སྟོན་པའི་མེ་ལོང་གཅིག་ཏུ་གསལ། ཞེས་ཤིས་པ་བརྗོད་པའི་ཚིག་གི་འཕྲེང་བ་སྔོན་དུ་བཏང་ནས་གངས་རི་དཔལ་དང་ལྡན་པའི་ལྗོངས་རུ་བཞི་ལས་དབུ་རུའི་ཆ་སྐྱིད་ཤོད་འཛིན་མའི་སྤོ་ལས་མངོན་པར་འཕགས་པ་ཆོས་སྡེ་ཆེན་པོར་དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའི་གཙུག་ལག་ཁང་ཆེན་མོ་རྟེན་དང་བརྟེན་པ་མཆོད་རྫས་དང་བཅས་པ་ཞིབ་མོར་བཀོད་པའི་དེབ་ཐེར་གྱི་རིམ་པ་ལ། །མཁྱེན་བརྩེ་ནུས་པའི་འོད་མཚོན་སྣང་བྱེད་རྒྱུན། །མཉམ་མེད་ཤཱཀྱ་མུ་ནིར་ཕུལ་བ་ཡིས། །ངག་དབང་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །འོག་མིན་ཞིང་གི་མགོན་ལྟར་བརྟན་གྱུར་ཅིག །མཆོད་སྤྲིན་སྟོབས་བྱེད་བསམ་གྲུབ་རྒྱལ་པོ་སོགས། །ཚེ་དང་བསོད་ནམས་དཔལ་འབྱོར་རབ་འཕེལ་ཞིང་། །ཡང་སྲིད་ཀུན་ཏུ་རྒྱལ་བའི་བསྟན་དང་མཇལ། །དེ་དོན་ཉམས་བླངས་སངས་རྒྱས་འཐོབ་པར་ཤོག །ཅེས་ཇོ་བོ་ཤཱཀྱ་མུ་ནིར་རྒྱུན་མཆོད་གཙུགས་པའི་ཀོང་གི་ཞལ་བྱང་ལ་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བྱང་གླིང་བསམ་གྲུབ་རྒྱལ་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །


GLG016_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་རྒྱུན་ཆགས་དང་པོ་གཏུམ་པའི་ཆར་འབེབས། )བྷམཀབྷབནཙནཀནྟཀཱརེཎཙིཏྟོཏྟཏྭཱ སཱམཔྟཀཱནྟཔཾརཾརབིབྷབཤཏནེམིཏོདཱཧརསྨིནྣཧསྲེམཧཱཔྲ་ཛྭལཏྲིཤརཱིརརུཔ། །འཁོར་བའི་ཐུན་གསུམ་མཐར་བྱེད་སེམས་བསྐྱེད་སྐྱ་རེངས་རྫོགས་པའི་ཕ་མཐའ་ན། །མཚན་དཔེའི་འོད་སྟོང་ཆེས་ཆེར་རབ་འབར་སྐུ་གསུམ་ཉི་མའི་དངོས་བརྒྱའི་ལུས། ཐསཀལཛགཏསོཀརཱཀཱཤདྷཏོཝཱཐིཥཱནྟནིཏུནིཛེཙཱརཡཊྛིཎཀཾཛཱནིཀཧིབྷབཏབྱཱུཧཱིཤཱཏིཀཾདོཥནནྡྷཀརཉྩ་ཀྲབྷཱརནྟཐཱནཱསྟིཀཾ ། འགྲོ་ཀུན་ལེགས་བྱས་མཁའ་དབྱིངས་ལམ་དུ་ཆད་པ་མེད་པ་རྟག་རྒྱུ་ཚེ། །འཛད་མི་ཤེས་པ་སྲིད་པའི་ཉེས་རྒྱའི་སྨག་རུམ་དཔུང་ཚོགས་ད་ག་རེ། །


GLG016_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་ཆེན་འཁོར་བའི་འགྲོ་ལ་སྙིང་རྗེ་ཆེས། །རྒྱལ་ཀུན་མཁྱེན་པ་འཇམ་དབྱངས་གཞོན་ནུའི་སྐུར། །ལེགས་བསྟན་ཆེན་པོ་བོད་ཀྱི་རྒྱལ་ཁམས་ནི། །མི་ཡི་གཟུགས་འཛིན་བཙོང་ཁ་པ་ལས་སུ། །གང་གི་རིང་ལུགས་ནོར་འཛིན་དཔལ་མོའི་མངལ། །འདེགས་པའི་སྙིང་སྟོབས་གོས་སེར་ཅན་གྱི་གྲོགས། །ངོ་མཚར་སྐྱེས་རབས་འཕྲེང་འཛིན་དབེན་ས་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་བསྒྲེང་དེ་བསྔགས། །ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་སངས་རྒྱས་ཀྱིས། །བཞེད་པའི་འགྲོ་དོན་ཁུར་ཆེན་རྟག་ཁྱེར་ནས། །གྲངས་མེད་ཆོས་འཁོར་བསྐོར་བའི་དོན་ཀུན་གྲུབ། །ཁྱོད་གསུང་ཡིད་ཅན་ཀུན་ལ་ཕན་པའི་སྨན། །ཉོན་མོངས་དུག་ལྡན་འགྲོ་རྒྱུད་ཉལ་འགྲོའི་རྒྱུན། །དྲུངས་བྱེད་ཚུལ་ཁྲིམས་བསླབ་པ་ཨཱ་ག་སྟྱས། །མཐོ་རིས་ཆུ་བོར་བསྒྱུར་བ་སྡེ་བཞིའི་ལུང་། །ཐུབ་བསྟན་ཡོངས་ཀྱི་རྩ་ལག་གཅིག་པུ་ཉིད། །རྡུལ་ཕྲན་ཙམ་གྱི་ལས་ཀྱང་མི་སླུའི་འབྲས། །ངེས་རྙེད་འཆར་བའི་མེ་ལོང་སྣ་ཚོགས་མདོ། །གདུལ་བྱའི་ཁམས་དང་མཆོག་དམན་ཐེག་པ་རྣམས། །མ་འདྲེས་གསལ་བ་དབང་པོའི་གཞུ་རིས་བཞིན། །བདག་མེད་གཉིས་སྟོན་འཁོར་ལོ་བར་པ་དང༌། །ལེགས་པར་རྣམ་ཕྱེ་དཀོན་བརྩེགས་ཕལ་ཆེན་སོགས། །ཟབ་གསང་བརྗོད་བྱ་རྒྱ་ཆེ་ཐེག་ཆེན་ཟླས། །སྐལ་བཟང་སྙིང་གི་ཨུཏྤལ་ཁོང་ནས་བཞད། །མཚན་བཅས་མཚན་མེད་བསྐྱེད་རྫོགས་ཐེམ་སྐས་ལ། །འཛེགས་ནས་ཚོགས་ཀྱིས་བསྒྲུབས་པའི་འོག་མིན་དུ། །རང་སེམས་དག་པའི་ཁྱབ་བདག་རྡོར་སེམས་སྐུར། །བཞེངས་བྱེད་རྙེད་དཀའ་རྒྱུད་སྡེ་ཡིད་བཞིན་ནོར། །བསྟན་འགྲོའི་དོན་མཆོག་ཐུགས་ཀྱི་དཔལ་བེའུར། །


GLG016_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཅངས་སྔོན་བྱོན་རྒྱལ་བློན་ལོ་པཎ་གྱིས། །འབད་པས་བསྒྱུར་བའི་ཐུབ་གསུང་གླེགས་བམ་འཕྲེང་། །གངས་ཅན་སྐྱེ་རྒུའི་བསོད་ནམས་ཞིང་གི་དཔྱིད། །རྣམ་འདྲེན་མཛད་ཀུན་གཞན་ཕན་ཆེད་རྩོམ་ཡང་། །རང་རྟོག་སྒྲིབ་ལུས་ཅན་རྒྱུད་སྤོ་བའི་ནུས། །མེད་ཕྱིར་ཆོས་ཉིད་བདེན་པ་བསྟན་དོན་དུ། །ལེགས་པར་གསུངས་འདི་ཀུན་གྱི་གཙོ་བོར་བསྔགས། །ཐོག་མར་ཡར་ཀླུངས་འཕང་ཐང་ལྡན་དཀར་མ། །བར་དུ་དབུས་པ་བློ་གསལ་བཅོམ་རལ་རྗེ། །མཐའ་མར་ཚལ་པ་ཀུན་མཁྱེན་བུ་སྟོན་སོགས། །མཁས་པའི་དཀར་ཆག་མི་འདྲ་སྣ་ཚོགས་ལས། །མཐིང་ཤུན་ཤོག་བུར་གསེར་སྦྱངས་ཡི་གེའི་གཟུགས། །རབ་འབར་མདོ་འདུལ་ཤེར་ཕྱོགས་གང་འགྱུར་དང་། །དེའི་དབོན་རིགས་ལས་འོངས་རིམ་གྲོ་པ། །ཕུན་ཚོགས་སྙིང་སྟོབས་རབ་བརྟན་བློ་བརྩོན་གྱིས། །ཕྲག་པར་བླངས་པའི་དགེ་ཚོགས་གཟུགས་ཅན་དུ། །གྲུབ་ན་འཇིག་རྟེན་གསུམ་འདི་སྣོད་དུ་ཆུང་། །ཆུ་སྲིན་རྒྱལ་མཚན་ཕྱར་གཡེང་བག་ཞ་བའི། །གཏན་པ་མེད་པའི་མཆོད་སྦྱིན་ཟས་ཀྱི་ཆར། །རོ་བདའ་ཉམས་སུ་མཁའ་མཉམ་ལུས་ཅན་གྱིས། །མངོན་སུམ་མྱོང་བའི་བསྐལ་བཟང་འཐོབ་པར་ཤོག །རྒྱུད་སྡེ་ཐོར་བུ་ཐེམ་སྤངས་མའི་རྗེས་སུ་འབྲངས་ཏེ་དམ་པའི་དགོངས་པ་སྐོང་ཕྱིར་བསྒྲུབས། །མགོན་ཆོས་ཀྱི་མུ་གེའི་ནད་ལས་འགྲོ་བ་རྣམས། །ཐར་བྱེད་ཐོས་བསམ་སྒོམ་བསྟན་སྙེ་མ་ཡི། །འབྲས་བུ་འཛད་མེད་ཕུང་པོར་ཆེར་སྤུངས་པ། །རྩེ་མོ་ཚངས་པའི་ཡུལ་ས་ལས་བརྒལ་ཤོག །གསེར་ཞུན་མདངས་ལྡན་ཞྭ་ཡི་ཅོད་པན་ཅན། །དགའ་ལྡན་སྣ་བོའི་རིང་ལུགས་གངྒཱའི་ཆབ། །སྲིད་པ་


GLG016_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་སྒྱུར་མིན་དེ་སྲིད་དུ། །རྒྱ་ཧོར་བོད་ཚོར་རྟག་འབབ་རོ་གཅིག་ཤོག །བློ་བཟང་དོན་ཡོད་གྲུབ་པའི་དམ་ཆོས་ཀྱི། །རྒྱལ་མཚན་འཛིན་མཛད་འཁྲུངས་རབས་བཅུ་གཅིག་པ། །རང་རིགས་མེས་ཀྱི་ཁྲི་ལ་ལེགས་བཞུགས་ཏེ། །འཕྲིན་ལས་ནམ་མཁའི་སྐ་རགས་འཆིང་བར་ཤོག །རྒྱལ་ཀུན་ཡེ་ཤེས་ངོ་བོ་མི་གཏོང་ཡང་། །ཚུར་མཐོང་བྱིས་བློར་མི་ཡི་འཇིག་རྟེན་ན། །གང་འཚམ་གདུལ་བྱའི་བློ་བྲིད་སྒྱུ་མ་ཡི། །ཆོ་འཕྲུལ་ཅིར་ཡང་སྟོན་པས་འགྲོ་འདྲེན་ཤོག །བློ་དམན་རླུང་ནད་མི་སྐྱེད་ཐེག་ཆེན་རིགས། །སད་དང་མཐུན་པར་ཞི་བདེའི་ཚ་གདུང་ཀུན། །བཅིལ་ནུས་མ་ལ་ཡ་ནས་འོངས་པའི་དྲིའི། །བཞོན་པ་སྙིང་གི་བུ་གར་སིམ་གྱུར་ཅིག །འཁོར་བ་ཨེ་རཎ་ཡི་ལྗོན་པ་ལ། ཁྱོད་ཞབས་ཆུ་རྡུལ་གཟེགས་མ་ཕོག་ཙམ་གྱིས། །སྙིང་པོའི་སྙེ་མ་དུད་པས་མེས་པོའི་བློར། །ཤོང་མིན་སྔོན་མེད་གཟིགས་མོར་ཚར་དངར་ཤོག །བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲ། །ཚུལ་གནས་ཐོས་ལྡན་ལྷུན་པོའི་རྩེར་བསྒྲགས་པ། །སྙན་པ་གླིང་བཞིར་གནས་ང་གནས་སོ་ཅོག་གི་འགྲོའི། །རྣ་བ་མཛེས་པའི་རྒྱན་དུ་སྤུད་པར་ཤོག །གནམ་གྱི་ཤེ་མོང་ས་སྤྱོད་རྒྱལ་པོ་རྣམས། །རང་རྒྱུད་སྡིག་པའི་ར་རི་དང་བྲལ་ཡང་། །རབ་ལྕི་ཁྲིམས་ཀྱི་ཆ་ཤས་ཉ་གང་བས། །མངའ་འབངས་ཀུནྡའི་དགའ་སྟོན་བཞད་པར་ཤོག །ཡིད་སྲུབས་སྤྲིན་ནག་གདེངས་ཀ་ཆེར་བརྩེགས་པ། །མཐར་བྱེད་རྣམ་སྨིན་དཀར་པོར་འཛག་པའི་རྫི། །ལངས་ཚེ་ཡང་སྲིད་བརྒྱུད་མའི་ས་གཞི་ལ། །མཚན་དཔེ་ཟླ་ཉའི་རས་དཀར་ཆེར་དགྲམ་ཤོག །གཏན་འདུན་ནམ་མཁའ་ཐལ་མར་ཕྱུང་བ་ཡི། །རྨོངས་ཆེན་


GLG016_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་རི་བོ་འབིགས་བྱེད་དེ། །གཟུང་འཛིན་རྣམ་པར་མི་རྟོག་སར་སྙོལ་བའི། །སེམས་བསྐྱེད་ཕྲག་པར་གཞན་ཕན་ཁུར་འཁྱེར་ཤོག །བཅུ་གཉིས་ཁྱིམ་གྱི་འཁོར་བ་སྒང་གཤོང་མར། །ཕ་མཐའ་མི་མངོན་སྐྱེ་བ་ཉི་ཟླའི་འགྲོས། །ཆད་མེད་རྒྱུ་བའི་གཏན་གྱི་ངལ་གསོ་རུ། །མྱང་འདས་སྒྲ་གཅན་མངལ་དུ་ཉལ་བར་ཤོག །བདོག་པ་གཏོང་དང་སྒོ་གསུམ་སྒྲིམ་བྱེད་པ། །སྲིད་པའི་དགྲ་ལས་རྒྱལ་བའི་རྫ་རྔ་ཆེ། །བརྡུང་དང་ལྷན་ཅིག་ས་ལམ་དཀར་པོའི་བར། མི་གནས་མྱང་འདས་ཁང་རྩེཪ་འཕྱར་བར་ཤོག །འགྲོ་བའི་སྲོག་འཕྲོག་ནག་པོ་བརྩེགས་པའི་དུག །འཇོམ་བྱེད་རྒྱལ་འཕྲིན་རི་བོ་བསྒྲིལ་བ་ལས། །ཟིལ་དངར་བདུད་རིགས་ལྷ་མིན་ཆོམ་རྐུན་ལག །མི་འཆོར་ཐར་སྲོག་ཟུངས་འགྱུར་བཀྲ་ཤིས་ཤོག །སྔོན་བྱོན་མཁས་གྲུབ་རྣམ་ཐར་ཐོས་པའི་མོད། །བ་སྤུའི་འཁྲི་ཤིང་གཡོ་བ་འགྲམ་པའི་ཆུ། །ལྡང་མི་དགོས་པར་གྲུབ་པའི་མཐའ་ཀུན་ལ། །ཆོས་སྤྱོད་རྣམ་བཅུར་སྤྱོད་པའི་བཀྲ་ཤིས་ཤོག་ཡང་སྲིད་ལྷ་མིའི་བདེ་བའི་རོར་སྲེད་དང་། །རང་དོན་ཞི་བའི་ལམ་དུ་འབྱར་འདོད་རྒྱུར། །མ་སོང་བསགས་པའི་བསོད་ནམས་ཕུང་པོ་རྣམས། །མཐའ་མེད་མ་རྒན་རྫོགས་བྱང་འཐོབ་ཕྱིར་བསྔོ། །ཞེས་ཡོངས་རྫོགས་བསྟན་པའི་མངའ་བདག་མཁན་ཆེན་འགྲོ་བའི་བླ་མ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་དགོངས་པ་ཆོས་དབྱིངས་ཟད་མི་ཤེས་པའི་གློང་དུ་རྫོགས་ཆེད། ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱིས་སའི་ཟླ་བ་ཞུན་མའི་ཁུ་བས་བྲིས་པའི་མདོ་འདུལ་


GLG016_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་ཕྱོགས་ཡོངས་རྫོགས་རྒྱུད་སྡེའི་གླེགས་བམ་ཆེ་ལོངས་དང་བཅས་བཞེངས་པའི་དཀར་ཆག་གི་མཇུག་ཏུ་འདྲི་རྒྱུའི་སྨོན་ལམ་འདི་ནི། དཔྱོད་ལྡན་ཚ་རོང་བ་ཚེའི་རིག་བྱེད་འཛིན་པའི་གནས་བརྟན་ཅན་རྫོང་སྟ་བྱས་ཏེ་བསྐུལ་བ་ལ་བརྟེན་ནས། སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ཚོའི་སྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །(སྡེབ་སྦྱོར་ཟླུམ་པོ། )སྤོཊནོམསཾསྐྲྀཏཾཙསཾམྦདཛྙདཱཡཀཱནུབྷཱབབཏྠམཔྟབུདྡྷཏཱནྟབོདྷཙཱབྷིབརྟསཱཏྱཱབྷཱུམིམརྒདྷརྨ། །གཞོམ་མེད་འདུས་མ་བྱས་པར་ལྷུན་གྲུབ་མཁྱེན་བརྩེ་ནུས་མངའ་རྫོགས་སངས་རྒྱས། །རང་རྒྱུད་ལ་གོམས་མངོན་དུ་བསྒྱུར་བྱ་བདེན་པ་གཉིས་ལྡན་ས་ལམ་ཆོས། །


GLG016_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཝཱ ཤཱིལབཏྶདྷཱནཙཏྲིཡནྱཤཏྲུཧནྟཤིཥྱསཧྱསགྷནིཏྱསཱཏྱཱཤཱརཎསྠིརཱམནུཏྟརཏྲིརཏྣམཱུརྦྷཛཱཡ། །ཚུལ་བཞིན་བསྒྲུབ་པ་ཐེག་གསུམ་དགྲ་བཅོམ་སློབ་མར་བཅས་པ་དགེ་འདུན་ཏེ། །མི་སླུ་གཏན་གྱི་སྐྱབས་གནས་བླ་མེད་དཀོན་ཅོག་རིན་ཅེན་གཙུག་ན་རྒྱལ། །དགེ་བའི་རྩྭ་འཛམ་སྟན་ལ་སྐྱིལ་མོ་ཀྲུང༌། །ལེགས་བཅས་གཅིག་གི་རིང་ལ་བདུད་བཞིའི་དཔུང་། །བཅོམ་ནས་བྱང་ཆུབ་མཆོག་བརྙེས་དོན་ཀུན་གྲུབ། །ཞབས་ཀྱི་པདྨར་གུས་བཏུད་མགོས་ཕྱག་འཚལ། །བཀའ་རྣམས་རིམ་པ་གསུམ་དུ་བསྡུ་མཛད་ནས། །རིང་པོར་བསྟན་གནས་བྱ་བ་ལེགས་བྱས་པ། །མི་བརྗེད་གཟུངས་ཐོབ་དགྲ་བཅོམ་འདུས་ཚོགས་ཀྱི། །རྣམ་པར་བསམས་ཚེ་ལག་པད་སྙིང་གར་ཟུམ། །གངས་ལྗོངས་སྨག་རུམ་དམ་ཆོས་སྒྲོན་སྤར་ནས། །ཐུབ་བསྟན་སྣང་བས་


GLG016_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ཆེར་རབ་དཀར་བ། །ཞུས་ཆེན་འགྱུར་བཅོས་མཛད་པའི་ལོ་པཎ་དང་། མཐུན་པའི་རྐྱེན་སྦྱོར་རྒྱལ་བློན་དམ་པའི་དྲིན། ཁྱད་པར་ལག་ན་པད་དཀར་འཆང་བའི་ལྷ། །ཟུར་ཕུད་ལྔ་ལྡན་གསང་འཛིན་མཐུ་ཆེན་ཐོབ་། །ཆོས་ལྡན་ས་སྐྱོང་སྒྱུ་འཕྲུལ་རོལ་གར་མཁན། །མེས་དཔོན་རྣམ་གསུམ་བོད་འབངས་ཕན་བདེའི་སྲོག །ནག་ཕྱོགས་ལྷ་སྲིན་གདུག་པ་ལྕགས་ཀྱི་ཁམས། །དཀར་པོ་ཆོས་ཀྱི་སྲུངས་མའི་གསེར་སྦྱངས་སུ། །མཐུ་སྟོབས་རྩི་ཡིས་བསྒྱུར་མཛད་པདྨ་འབྱུང་། །བཀའ་དྲིན་སྲིད་གསུམ་ལྟོ་བར་ཤོང་ནུས་མིན། ཉོན་མོངས་ཀླུང་ཆེན་དྲག་པོར་འཁྲུག་པའི་རྦ། །ཚུལ་ཁྲིམས་བསླབ་པའི་ཆུ་ལོན་གྱིས་བསྲུང་བ། །བསྟན་རྩ་སོ་ཐར་ཡོངས་འདུའི་གྲིབ་མ་ལ། །འགྲོ་རྣམས་ངལ་གསོར་སྤྱོད་པའི་ཞི་བ་འཚོ། །དོན་རྟོག་གདོན་བརླམས་ཆོས་ལོག་རོ་ལངས་ལྕེ། །རྣམ་དག་ལུང་རིག་རལ་གྲིས་གཅོད་མཛད་པ། །པདྨའི་ངང་ཚུལ་པཎ་ཆེན་མར་མེ་མཛད། །ས་སྐྱ་པ་ཞེས་སྙན་པའི་གྲགས་པ་དཀར། །བློ་གྲོས་གཟིངས་ཀྱི་གཙུག་ལག་རྒྱ་མཚོ་ཆེ། །བརྒལ་ནུས་འཇིག་རྟེན་མིག་གཅིག་ཤོང་དཔང་ཟུང་། །ཀུན་མཁྱེན་བུ་སྟོན་འཇམ་མགོན་བཙོང་ཁ་པ། །རྣམ་དག་ཐུབ་བསྟན་འཛིན་པར་བགྲང་བྱའི་འོས། །འདྲེན་པ་འཇིག་རྟེན་བྱོན་པའི་གཤེགས་བཞུགས་ཀྱང་། །འགྲོ་ལ་སྨན་པའི་ཕན་ཡོན་མཐའ་ཀླས་མོད། །སྒྲིབ་གཉིས་འཆིང་རྒྱ་གཅོད་པའི་མཚོན་རྣོན་པོ། །ལེགས་གསུང་དམ་པའི་ཆོས་ཀྱི་ཕུང་པོར་ངེས། །འཆད་ཉན་འདྲི་ཀློག་སྲི་ཞུར་གང་བགྱིས་པ། །འདི་དང་གཏན་བདེའི་རྒྱུར་འགྱུར་ཚད་མའི་གསུང་། །མི་སླུ་བདེན་པའི་དཔང་དུ་སའི་ལྷ་


GLG016_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །ལུས་ཕྱེད་འཛིན་མ་ལས་ཐོན་བཞིན་མདངས་ངོམ། །སྙིགས་ལས་ཆེར་སྙིགས་ལྔ་བདོའི་དུས་ཀྱི་ཚེ། །རྒྱལ་གསུང་རི་མོར་བགྱིས་འདོད་ལྷག་བསམ་ལ། །ཕྱོགས་བཅུའི་བདེ་གཤེགས་རྣམས་ཀྱིས་མགྲིན་གཅིག་ཏུ། །ཆེར་བསྔགས་དབུགས་དབྱུང་མཛད་པར་གདོན་མི་ཟ། །ཡངས་པའི་པུར་རྒྱལ་གླིང་དགུའི་རྒྱལ་ཁམས་ཀྱི། །བྱེ་བྲག་གཙང་ཕྱོགས་གཡས་རུ་རུ་ལག་ཅེས། །རྒྱུ་སྐར་ས་ལ་བཀྲམ་པ་ལྟ་བུ་ཡི། །ཧོར་དུད་ཁྲི་སྐོར་དྲུག་ཕྱེའི་ཡུལ་ལྗོངས་ན། །དཔའ་གཏུམ་སྲིན་པོའི་བྱིན་ཤ་འདར་བྱེད་པ། །རྒྱལ་པོའི་ཞོ་ཤས་འཚོ་བའི་རྐང་ཐང་དཔུང་། །ཚོ་ཆེན་མདའ་དཔོན་ལས་འཛིན་གཟེར་ཆེན་པ། །རྣམ་རྒྱལ་ཚེ་རིང་རང་ལོ་ཞེ་གཉིས་ཐོག །དགེ་སྡིག་སོ་སོར་སྤྱད་པའི་རྣམ་པར་སྨིན། །ལྕགས་རྡུལ་ལྟ་བུར་ཕྲ་ཡང་དཀར་ནག་འབྲས། །མི་སླུར་ཡི་དམ་བརྟན་པོའི་གཏན་ཚིགས་ཀྱིས། །ལེགས་བྱས་སྤེལ་འདིའི་ཁུར་ཆེན་འབད་པས་བླངས། །གངས་ལྗོངས་འགྱུར་བའི་རྒྱལ་གསུངས་པུསྟ་ཀའི། །དཀར་ཆག་སྔོན་རབས་མཁས་པས་མང་སྤེལ་བར། །ཡུལ་དུས་གནས་སྐབས་དགོས་དབང་དཔྱད་བརྡར་གྱིས། །བཞེད་ཚུལ་མི་འདྲའི་ཁྱད་པར་ཕ་མཐའ་ཡས། །སྒྲིབ་མེད་གསལ་བའི་ཆོས་ཅན་བྷྲ་མ་རཿ། ཤེས་བྱ་ཀུན་གྱི་པདྨའི་སྦུབས་འཇུག་པའི། །ངེས་པར་ཐམས་ཅད་མཁྱེན་པ་བུ་སྟོན་རྗེ། །ཚད་མའི་དཔང་པོར་དཔྱོད་ལྡན་མགྲིན་གཅིག་གླེང་། །རྗེས་འབྲངས་ཡུམ་སྲས་བཅུ་བདུན་ལུང་སྡེ་བཞི། །མདོ་མངས་ཕྱི་འགྱུར་རྒྱུད་སྡེ་ལྷད་བཏོན་སྟེང་། །མདོ་སྒྱུ་སེམས་ཕྱོགས་སྒྲུབ་པ་སྡེ་བརྒྱད་སོགས། །ཐེག་མཆོག་སྙིང་པོའི་གླེགས་བམ་རྣམ་གསུམ་


GLG016_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བསྣན། །སྲིད་འབྱོར་བསྒྲུབ་བརྩོན་ཆུ་ཤིང་སྙེ་མ་ལ། །མཚར་འཛིན་བྱིས་པའི་བློར་ངེས་རྣམ་དཀར་དགེ ། ཛམྦུའི་འབྲས་བུ་མཚོར་ལྷུང་གཏན་འདུན་གསེར། །འགྲུབ་ན་སྲས་བཅས་རྒྱལ་བས་ལེགས་སོ་སྟེར། །འདིས་མཚོན་ཚེ་རབས་བསགས་པའི་བསོད་ནམས་ཀྱིས། །རྡུལ་བརྩེགས་ཕུང་པོ་ཏི་སེའི་གཙུག་ཏོར་ལས། །ཆད་མེད་འབབ་པའི་ཛཏྣའི་བུ་མོའི་རྒྱུན། །ཀུན་མཁྱེན་ཟླ་བའི་མ་མར་འདྲེན་གྱུར་ཅིག །སྐྱེ་བར་གཞལ་དཀའི་དྲིན་ལྡན་དགེ་བའི་བཤེས། །རང་སྣང་མོས་ངོར་རྒྱལ་ཀུན་ཡེ་ཤེས་གཟུགས། །བཞིན་ལག་རྣམ་པ་ཤར་བའི་སྐུའི་བཀོད་པ། །བསྐལ་བརྒྱར་འགྲོ་ལ་མངོན་སུམ་སྣང་བར་ཤོག །བདེ་ལྡན་ཞིང་མགོན་བྱིན་རླབས་རྡོ་རྗེའི་ཁམས། །ཐུགས་རྗེ་བསྐུལ་བའི་མེ་ལྕེས་བཞུ་བླུག་པའི། །སྲོག་གི་ཀ་བས་ཨ་ཧཾ་ཡོངས་བསྟེན་པ། །མི་ཤིགས་རྡོ་རྗེའི་ངོ་བོར་ལྷུན་གྲུབ་ཤོག །རྣམ་དག་བཤད་སྒྲུབ་བསྟན་པ་དར་བའི་ཞར། །མོས་པའི་ཕྱོགས་ཀྱི་རྟགས་ཙམ་འཛིན་རྣམས་ཀྱང་། །རང་གི་ངང་ཚུལ་མི་གཏོང་དཀོན་ཅོག་གསུམ། །རྗེས་དྲན་དགེ་བའི་བློ་དེས་ཡར་འཕེལ་ཤོག །ཞྭ་སེར་འཛིན་པའི་ཆོས་སྲིད་ཉི་ཟླ་ཟུང་། །གུར་ཀུམ་དྲི་བསུང་འཕྲོ་བའི་གྲོང་ཁྱེར་ནས། །ཤར་ཕྱོགས་རྒྱ་མཚོའི་མཐའི་བར་ལྷ་ལམ་ངོས། །རྟག་ཏུ་འཕེལ་འགྲིབ་མེད་པར་འཆར་བར་ཤོག །རྒྱལ་རིགས་སཱ་ལ་པ་ལྟར་མངོན་མཐོ་བ། །གནམ་བསྐོས་མཆོད་ཡོན་ཟུང་དུ་འཇུག་པའི་ཁྲིམས། །ཚེ་རིང་གནམ་གྱི་ཤེ་མོང་དཔུང་པ་ཡིས། །འཛམ་གླིང་ཡོངས་ཀྱི་གཉའ་ན་ལྕི་བར་ཤོག །སྤྱི་དང་ཁྱད་པར་གངས་ཅན་བོད་ཡུལ་འགྲོ། །ཚེ་ཡང་རིང་པོར་འཚོ་བའི་མཚན་མ་དང༌། །རྨུགས་


GLG016_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འབྱོར་པའི་དཔལ་འབྱོར་ལོངས་སྤྱོད་པའི། །བདེ་སྐྱིད་ཉི་མ་གུང་ནས་འཆར་བར་ཤོག །སྐྱེ་བའི་ཞིང་སར་རྟག་སྨིན་ཆོས་དཀར་གྱིས། །ས་བོན་འདེབས་པའི་བྱེད་པོ་སྦྱིན་པའི་བདག །འཁོར་བ་ཉེས་བརྒྱའི་གཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་རིང་སྟོབས་འབྱོར་དབང་པོའི་སྤུན་ཟླར་ཤོག །འདིའི་ཆེད་སྒོ་གསུམ་ངལ་བ་བརྟེན་པའི་མིར། །མ་ཟད་ཚོང་འགྲུལ་ཁལ་སོགས་བྱོལ་སོང་ཡང༌། །འཁོར་འཁྱམས་དེ་སྲིད་མངོན་མཐོའི་རྟེན་འཛིན་ཞིང༌། །རིང་མིན་ཐར་པའི་གྲོང་དུ་འཇུག་པར་ཤོག །གང་བསགས་དགེ་ཚོགས་སེམས་ཅན་ཐམས་ཅད་དང་། །མཉམ་པོར་བྱས་ཤིང་ལུས་ཅན་མཐའ་དག་གིས། །ཐོས་པའི་བསོད་ནམས་ཐུན་མོང་ལོངས་སྤྱོད་པས། །བདག་གཞན་དུས་གཅིག་མྱུར་དུ་འཚང་རྒྱར་ཤོག །ཚེ་ཡི་གཡུང་དྲུང་འཁྱིལ་བ་རྡོ་རྗེའི་སྲོག །རིགས་བརྒྱུད་ཆད་པ་མེད་པ་ཆུ་བོའི་རྒྱུན། །སྟོབས་འབྱོར་རྣམ་ཐོས་བུ་དང་མཛོད་གཅིག་པའི། །རྫོགས་ལྡན་རྩེ་དགའ་དགོད་པའི་བཀྲ་ཤིས་ཤོག །མཆོག་གསུམ་དྲང་སྲོང་ལྷ་དང་རིགས་འཛིན་གྱིས། །བརྗོད་པའི་བདེན་ཚིག་དངོས་སུ་གྲུབ་པའི་གཟུགས། །འཁོར་འདས་ཡོན་ཏན་ཀུན་ཚང་དཔལ་བེལུ། །རྒྱུ་སྦྱོར་སྙིང་དབུས་གཡས་འཁྱིལ་ཤིས་པ་སྩོལ། །ཞེས་མདའ་དཔོན་གཟེར་ཆེན་པ་རྣམ་རྒྱལ་ཚེ་རིང་གིས་རྒྱལ་བའི་བཀའ་དྲི་མ་མེད་པའི་གླེགས་བམ་བརྒྱ་ཕྲག་བཞེངས་པའི་དུས་དཀར་ཆག་བརྟན་བཞུག་སྨོན་ལམ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་རིགས་ལས་སྡོམ་བརྩོན་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་


GLG016_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། ལེགས་བྱས་ཐགས་སུ་བཏགས་པའི་རི་མོ་ལ། །དང་པའི་སེམས་ཀྱི་རྡོ་ཐལ་བྱུགས་པ་ལྟར། །རས་དཀར་ཟླ་བའི་སྤུན་ཟླར་སྣང་བརྙན་ཚོགས། །རི་དྭགས་གཟུགས་ཀྱི་མཛེས་པ་འཕྲོག་པ་བཞིན། །དམ་ཚིག་པིར་གྱིས་བྲིས་པའི་བཞིན་ལག་ཅན། །རབ་ཏུ་གནས་པའི་ཆོ་གའི་ཏིང་འཛིན་གྱིས། ཡེ་ཤེས་སེམས་དཔའི་མདངས་བཀྲག་འོད་འཚེར་བར། །གྲངས་མེད་མེ་ཏོག་གསིལ་མའི་ཆར་ཆེན་ཕབ། །འདིར་བཏབ་བསོད་ནམས་ས་བོན་བསྔོ་བའི་ཆུས། །མཐའ་ཀླས་སྐྱེ་བར་ལུས་རྫོགས་ཨ་མྲའི་ཤིང་། །གཏན་གྱི་བདེ་བ་རོ་བདའི་འབྲས་བུ་ལ། །སྤྱོད་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །ཅེས་པ་ཡན་ལག་བཞི་ཀའི་རྗེས་ཡོད་པའི་འདྲ་འབག་དང་། ལག་པའི་རྗེས་ཁོ་ན་ཡོད་པའི་ཐང་ཀར། ཏི་སེའི་གཙུག་ཏོར་དབང་པོའི་གཞུ་རིས་ཀྱིས། །འཁྱུད་པ་ཇི་བཞིན་རྣམ་བཀྲའི་རི་མོ་ཅན། །མོས་པའི་བསིལ་ཟེར་གྱིས་ཕྱེ་སྣང་བརྙན་གྱི། །ཀུནྡའི་འདབ་མ་མངོན་སུམ་འཛུམ་པ་བཞིན། །ཡེ་ཤེས་འཇུག་པའི་ཆོ་ག་ལན་གཉིས་སྟེང་། །རྟེན་འབྲེལ་སྙིང་པོས་བྱིན་བརླབས་འབྲུ་དཀར་ཚོགས། །ཟླ་ལྷག་བར་དུ་བརྒྱ་ཕྲག་ལེགས་གཏོར་བར། །སྲས་བཅས་རྒྱལ་བའི་བྱིན་རླབས་ཞུགས་པ་བཞིན། །བློ་ལྡན་གཞན་ཕན་བཟང་པོའི་བསམ་པ་ཡི། །ལུས་ཅན་ཀུན་གྱི་རྣམ་པ་ཐམས་ཅད་མཁྱེན། །མཐོང་ཐོས་བརྩེ་ཆེན་གཟིངས་གིས་གཏན་འདུན་ནོར། །རྙེད་ཞར་ཚེ་རིང་འབྱོར་པ་ལྷུན་གྲུབ་ཤོག །ཅེས་པ་འདི་ཡང་གསོལ་དཔོན་གེ་རེ་བ་བློ་བཟང་མཁྱེན་བརྩེས་དད་རྟེན་གྱི་ཐང་ཀ་གཉིས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། །(སྡེབ་སྦྱོར་རྒྱུན་ཆགས་དང་པོ་གཏུམ་པའི་ཆར་འབེབས། )ཕོ་བྲང་ཆེན་པོ་པོ་ཏ་ལའི་གོ་མཛོད་རྡོ་རྗེ་གླིང་གི་གཡུལ་ཆས་རྣམས་ཀྱི་དེབ་ཐེར་ལེ་


GLG016_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་གྱི་འགོ་བརྗོད་སྡེབ་སྦྱོར་རྒྱུན་ཆགས་དང་པོ་གཏུམ་པོའི་ཆར་འབེབས་སོགས། །ཆ་ཆོ་ག་ག་ལྷ་བིནཡམརཎཏོཤིརཱཎཱཾམལཱནྟོཛནབོཀྲྀཏཾཙཱཔིནོཏྲཾཔྟརཏྟཱཎྷཀཤྲ བིཀཧིཙསུཙརྨབཻབྷཱུཥཎེཥཱབྱརོཏྭཉྩམཱ་ཛཱིབཔངྒཱབཏགྲྭནྟཏ༔ ། ལོག་འདྲེན་བསད་པའི་མགོ་འཕྲེང་རྒྱུ་མ་ག་ཤར་བྱས་ཀྱང་མ་ཚིམ་པར། །ཁྲག་འཛག་པགས་རློན་ལྡིང་སྟབས་གྱོན་ནས་བམ་པ་རོ་འདམ་སྟར་བརྫི་བ་ཡི། །ཨཏིརབཎཤརཱིརཀཱལསྱཤཏྲོབིལཱལིཏྱམཉྫོཤྩབཛེནྡྲགཀྲོཏཤསྟིཀ ཧིཧརིཏནཾཛྭལེཀྴཏྲུབྷིཉྩཀྲཤིཎྞཾ་རླུགཱསཏྱབྷཱུམོཔཏིཏྱཾཀུརུ། །སྲིན་པོའི་གཟུགས་ཀྱིས་དུས་དགྲར་རྣམ་རོལ་འཇམ་དཔལ་རྡོ་རྗེ་ཁྲོ་བོའི་དབང་། །མཚོན་རྣོན་འབར་བས་དགྲ་དཔུང་མགོ་བོ་ཅིག་ཅར་ས་ལ་ལྷུང་བར་མཛོད། །


GLG016_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པ་ཙམ་གྱིས་འདོད་པའི་དངོས་གྲུབ་ཀུན། །འབད་མེད་རྩོལ་ལ་ཡོངས་འདུའི་མཆེད་གྱུར་ཀྱང་། །ཡིད་སྲུབས་གཤེད་དུ་གནམ་ལྕགས་རྡོ་རྗེ་ཐོག །དམག་ཟོར་ལྷག་པའི་ལྷ་དེས་རྟག་ཏུ་སྐྱོངས། །གྱ་གྱུའི་སེམས་ལྡན་རྒོལ་ངན་གླང་པོའི་མགོར། །གསོད་རྟགས་ཀ་ར་ཝ་རའི་མེ་ཏོག་འཕྲེང་། །རབ་འགོད་འཇིགས་མེད་རྒྱུད་ཀྱི་ང་རོ་ཅན། །བེག་ཙེ་ལྕམ་དྲལ་བླ་ཚེ་སྲོག་གི་བདག །ཞེ་སྡང་ཉི་མ་འཆར་ཀ་ལྟར་དམར་མིག །ཟླུམ་པོར་བལྟ་བའི་ཟོལ་གྱིས་དགྲ་བོའི་བླ། །འགུགས་མཛད་སྤྲུལ་པའི་ཆོས་རྒྱལ་སྡེ་ལྔ་པོ། །གསང་ཡུམ་སྤྲུལ་བློན་ཚོགས་ཀྱི་མཐུ་དཔུང་སྐྱེད། །གང་གི་བཀའ་གཉན་བཙན་རྒོད་གནོད་སྦྱིན་ཆེ། །དཀར་ནག་ལས་རྣམས་འབྱེད་པའི་མེལ་ཚེ་མཁན། །གངས་ཅན་ཆོས་སྲིད་བསྟན་འཛིན་ཕས་རྒོལ་གྱི། །སྲོག་སྙིང་ཁྲག་དྲོན་རོ་བདའི་སྐྱེམས་སུ་གསོལ། །དཀར་ནག་རྩིས་ཀྱི་ལོ་ཟླ་ཞག་གི་ལྷ། །གཟའ་སྐཪ་སྤཪ་སྨེ་ས་བདག་རྒྱལ་བློན་འབངས། །ཐུགས་ཀར་སུམ་བརྒྱ་དྲུག་ཅུ་ལ་སོགས་པ། །སྟོབས་ལྡན་དགྲ་ལྷའི་ཚོགས་ཀྱིས་རྟག་ཏུ་སྲུངས། །ཡིད་ཅན་ཡོངས་ཀྱི་ཕན་དང་བདེ་བའི་གཞི། །དོན་ཀུན་གྲུབ་པའི་རིང་ལུགས་བླ་ན་མེད། །ཡུན་དུ་གནས་འཕེལ་རྩ་ལག་གནམ་བསྐོས་ལྷའི། །ཁྲིམས་གཉིས་ཟུང་དུ་འཇུག་པའི་སྲིད་ཁོ་ན། །སྐྱེ་རྒུའི་བདེ་སྐྱིད་འཕྲོག་པའི་ཆོམ་རྐུན་མུན། །མཐར་བྱེད་འཇིག་རྟེན་གསུམ་གྱི་སྒྲོན་མེ་ཆེ། །རྒྱལ་ཐབས་ཡན་ལག་རྣམ་བཞིའི་དཔུང་ཚོགས་ཉིས། །རྫོགས་ལྡན་གསར་པའི་སྣང་བ་ཆེས་ཆེར་སྦར། །གསར་འགྲོས་གོམ་གསུམ་འཛོམས་པ་རྟ་རྨིག་གིས། །བསྣུན་པའི་ས་ཆེན་འདར་བ་རྡུལ་གྱི་འཚུབ། །བསྐལ་བའི་འཐོར་རླུང་རྗེས་འགྲོའི་ཤུགས་དྲག་


GLG016_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་། །ལྷ་དམག་རྩུབ་འགྱུར་ཚལ་དུ་བསྒྲིགས་པ་བཞིན། །ཕ་རོལ་དགྲ་སྡེ་སྲོག་ཕྲལ་གྲངས་དེ་སྙེད། ཁྲོ་གཉེར་སྨིན་མཚམས་བསྡུས་པའི་རི་མོ་རུ། །འདྲི་བའི་དཔའ་གཏུམ་རྩལ་ལྡན་ཚོ་ཆེན་ཞེས། །རྒྱལ་པོའི་ཞོ་ཤས་འཚོ་བའི་སྟག་ཤར་ཚོགས། །གློག་ལྟར་འཁྱུག་པའི་དཔའ་པོ་ཏུ་རུཥྐ། །ཧོར་དང་མདོ་ཁམས་སྟོད་སྨད་བྱང་འབྲོག་སོགས། །སྐད་དང་ལུགས་སྲོལ་མཐའ་ཀླས་རྣམ་ཐོས་བུས། །གཡར་མོའི་ཐང་དུ་མངོན་སུམ་བཀུག་པ་བཞིན། །མི་བསྲུན་སྦྱོར་ངན་རྩོམ་ལ་ཞེ་སྡང་མེ། །གསེར་སྲང་སྟོང་གིས་བརྔན་ཡང་ཞི་མིན་པ། །རབ་ཁྲོས་བློ་དེ་ཡིད་སྲུབས་ལུས་ཕྲ་མའི། །མངོན་འདོད་རྩེ་དགའི་འཕྲུལ་གྱིས་འདྲིད་ནུས་མིན། །རྒྱ་བྱི་དམར་བལ་གཡའ་མ་སྐྱ་ཆེན་དང་། །ལི་ཏིང་མེ་རུར་གྲགས་པ་གསར་རྙིང་བར། །ལེགས་བྱུང་སྒྲོག་ཕྱིས་ཁ་ཐི་ཤ་དོམ་གཤམ། །བཀོད་མཛེས་སྲོག་སྐྱོབ་ཆེས་བཙན་རྡོ་རྗེའི་གོ ། ལི་གཞའ་ལ་སོགས་རིགས་བཅུ་སྲ་མཁྲེགས་རྨོག །རྒྱལ་མཚན་རྒོད་ཕུར་དོམ་རུ་ཨང་སེང་དང་། །གཞའ་རིས་རྔ་གཅུས་ལ་སོགས་བརྗིད་ལྡན་པ། །འཇིགས་མེད་དཔའ་བོའི་རིང་རྟགས་མཚར་དུ་དངར། །ཅང་ཤེས་སྲོག་གི་བསྲུང་བ་ལྕགས་གཞིབས་གོ ། ཆེ་ཆུང་ཕུབ་དང་ལྕགས་ཞོལ་རྔ་ཆས་སོགས། །དབང་གཞུ་ལྟར་བཀྲ་འཆི་མེད་དཔུང་ཚོགས་རྣམས། །ལྷ་མིན་འདུལ་ཕྱིར་གཡུལ་དུ་ཞུགས་པ་བཞིན། རུ་མཚོན་བ་དན་ཕྱར་བ་སྲིད་རྩེར་སྙེག །དཔག་ཆེན་མདའ་དང་འཕྲུལ་སྒྱོགས་མེ་ཡི་མཚོན། །རལ་གྲིའི་འོད་སྔོན་འཕྲོ་ལ་དཔུང་རྒྱན་དུ། །སྤུད་པས་དགྲ་སྙིང་ཤུབས་ནས་ལྐོག་མར་ཐོན། །ཕྲུ་མའི་དབུས་ན་གུར་དཀར་ལྷུན་པོ་ལྟར། །མཐོ་བརྗིད་ཡོལ་བའི་


GLG016_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་རི་ཁོར་ཡུག་ཅན། །ལྡིང་གུར་བཟའ་བཏུང་སྤྱོད་པའི་ཡོལ་གོ་སོགས། །མཁོ་དགུའི་འབྱོཪ་བ་གནོད་སྦྱིན་མཛོད་བཞིན་གཏམས། །ལོག་འདྲེན་སྲོག་བྲལ་མགོ་བོ་མེད་པའི་རོ། །འདབ་ཆགས་ཤ་ཟའི་གསོས་སུ་བཀྲམ་པའི་གཏམ། །ཐོས་པའི་མོད་ལ་གྱ་གྱུའི་སེམས་ལྡན་གྱི། །ཡིད་ལ་གནག་པའི་དམ་བཅའ་རིང་དུ་དོར། །ཆེན་པོ་རྟུལ་ཕོད་སྒྱུ་རྩལ་འཕོང་སྐྱེན་པོ། །སྟོབས་ལྡན་རཱ་མ་ཎ་ཡི་རྗེས་འགྲོ་བས། །རྒྱལ་རྔ་ལན་བརྒྱར་བརྡུང་དང་ལྷན་ཅིག་པར། །བསྟན་བྱུས་ཡིད་བཞིན་ཏོག་མཛེས་རྒྱལ་མཚན་འཕྱར། །རང་སྲིད་བསྟན་དང་དེ་རྗེས་འབྲང་ཀུན་གྱི། །བྱུས་ལེགས་རྡོ་རྗེའི་སྲོག་ཤིང་རབ་ཚུགས་པར། །དཀར་ཕྱོགས་དགའ་བའི་ལྷ་རྒྱལ་འཐེན་པ་དང༌། །སྐྱིད་པའི་དབྱངས་སྙན་སྒྲོག་ལ་གཅིག་ཏུ་བྲེལ། །གངས་ཅན་མང་བཀུར་རྒྱལ་ཁབ་ཆེན་པོ་ཡི། །གོ་མཛོད་རྡོ་རྗེ་ལྟ་བུར་སྲ་བརྟན་གླིང་། །གྲགས་པ་དོན་ལྡན་དཔྱ་ཡིས་རབ་གཏམས་པའི། །བརྗེད་བྱང་དེབ་ཐེར་ཡི་གེའི་འཕྲེང་མཛེས་སྤེལ། །ཞེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། འཇིག་རྟེན་ཁམས་ལེར། གླིང་ནི་ཟླ་བ་འོད་དཀར་ཅན་དང་རབ་མཆོག་ཀུ་ཤ་དག་ནི་མིའམ་ཅི་དང་ཁྲུང་ཁྲུང་དང་། །དྲག་པོ་ཡང་ནི་ལོངས་སྤྱོད་པ་སྟེ་བདུན་པར་ཛམྦུའི་མི་རྣམས་གནས་པ་དག་ནི་ལས་ཀྱིས། །ཞེས་སྤྱིར་གླིང་བཅུ་གཉིས་པོ་ཐམས་ཅད་འཛམ་གླིང་ཆེན་པོར་བཤད་ཅིང་། དེའི་ནང་ནས་ཛམྦུའི་ལྗོན་པས་ཉེ་བར་མཚན་པའི་ལྷོ་གླིང་འདི་ལ་འཛམ་གླིང་ཆུང་ངུར་གྲགས་པ་ནི། གདན་བཞི་ལས། ཛམྦུ་གླིང་དུ་ལེགས་སྐྱེས་པ། །དངོས་གྲུབ་ས་པར་ཤེས་པར་བྱ། །གླིང་གསུམ་པོར་ནི་སྐྱེས་པ་ནི། །འབྲས་བུ་འབྱུང་བའི་བསོད་ནམས་གནས། །ཞེས་དང་། བདེ་


GLG016_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། འཛམ་བུ་གླིང་ནི་ཆེན་པོ་ཡི། །༽དུམ་བུ་བཅུ་གཉིས་ཀྱི་ནི་དབུས། །འཛམ་བུ་གླིང་ནི་ཆུང་ངུ་འདིར། །བདག་གི་ཤཱཀྱའི་རིགས་རྗེས་འགྲོ། ཞེས་ལྷོ་འཛམ་བུ་གླིང་འདིར་བསྐལ་བཟང་གི་སངས་རྒྱས་སྟོང་རྣམས་བྱོན་ཅིང་འབྱོན་པར་འགྱུར་བའི་གནས། །མི་རྣམས་ཀྱང་དབང་པོ་རྣོ་ཞིང་གྲིམས་པ། དམ་པའི་ཆོས་སྒྲུབ་པའི་རྟེན་ཁྱད་པར་ཅན་དུ་གྱུར་པ་དང་། རྫོགས་ལྡན་གྱི་དུས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བའི་ཚེ། གླིང་འདི་ཉིད་ནས་འགོ་བརྩམས་ཏེ་གླིང་གཞན་རྣམས་ལ་དབང་སྒྱུར་བར་བཤད་ཅིང་། གླིང་འདིའི་ལྟེ་བ་རྒྱ་གར་འཕགས་པའི་ཡུལ་གྱི་མ་ག་དྷ་རྡོ་རྗེ་གདན་ཡིན་ནའང་། ཁྲོ་ཕུ་ལོ་ཙཱ་བས་ཁ་ཆེ་པཎ་ཆེན་ལ་ཕུལ་བའི་ཞུ་ཡིག་ཏུ། མ་ག་དྷ་སོགས་རིག་འབྱུང་གནས་ན་སྡིག་ཏོ་ཡིས། །དམག་ཚོགས་ཀྱི་བཅོམ་སྐྱོན་ཁ་ཆེ་བལ་ཡུལ་ཡང་། །ལོག་སྤྱོད་ཀྱིས་ཁེངས་དེང་སང་བསྟན་སྲོལ་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་ཕྱོགས་ཞབས་བསྐྱོད་ཞུ། །ཞེས་དུས་ཀྱི་དབང་ལས་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་གནས། །རྒྱལ་བའི་བསྟན་པའང་བོད་ཡུལ་ཁོ་ནར་དར་བར་གསུངས་ཤིང་། ཡུལ་དེ་ནི་འཇམ་དཔལ་རྩ་རྒྱུད་དུ། ང་ཡི་དུས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་གངས་ཀྱི་རྭ་བས་ཡོངས་སུ་བསྐོར་བའི་སཱ་ལའི་ལྗོངས་ཆེན་པོ་རུ་བཞིར་གྲགས་པ་སྟེ། དེ་ཡང་པུ་རངས། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག །ལི། གྲུ་ཤ། སྦལ་སྡེ་གསུམ་སྐོར་གཅིག །ཞང་ཞུང༌། ཁྲི་སྡེ། སྟོད་སྨད་གསུམ་སྐོར་གཅིག་སྟེ་སྟོད་མངའ་རིས་སྐོར་གསུམ། མདོ་ཁམས་ལ་སྨད་ཁམས་བཏགས་པ་ཁམས་གཅིག །མདོ་སྨད་ལ་གཡར་མོ་ཐང་བཏགས་པ་


GLG016_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གཅིག །བཙོང་ཁ་ལ་གྱི་ཐང་བཏགས་པ་ཁམས་གཅིག་སྟེ་སྨད་མདོ་ཁམས་སྒང་གསུམ། དབུས་ན་དབུ་རུ་དང་གཡོ་རུ། གཙང་ན་གཡས་རུ་དང་རུ་ལག་གིས་དབུས་གཙང་རུ་བཞིར་གྲགས་པའི་ནང་ནས། འཇམ་དཔལ་རྩ་རྒྱུད་ལས། ལྷ་ལྡན་ཡུལ་ཞེས་བྱ་བ་འདིར། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བི་རྣམས་རིགས་སུ་འབྱུང་། །ཞེས་ལུང་བསྟན་པའི་ལྷ་ལྡན་ནི། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ངམ། ཡོངས་སུ་གྲགས་པ་ཆོས་འཁོར་དཔལ་གྱི་ལྷ་ས་འདི་ཡིན་ལ། ཡུལ་འདི་ནི་གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད་དེ་དགེ་མཚན་ཕུན་སུམ་ཚོགས་པའི་དབུས་ན། རིགས་གསུམ་མགོན་པོའི་བླ་རི་གསུམ་ཡོད་པའི་ནང་ཚན། སྤྱན་རས་གཟིགས་ཀྱི་བླ་རི་གླང་པོ་ཆེ་དྲེས་ལ་བཏགས་པ་ལྟ་བུ་དམར་པོ་རིའི་རྩེར་གནམ་བསྐོས་རྒྱལ་པོའི་ཕོ་བྲང་མཛེས་སྡུག་རྣམ་པར་རྒྱལ་བའི་ཁང་བཟང་ལ་རྔམ་བརྗིད་ལངྐ་མགྲིན་བཅུའི་གྲོང་ཁྱེར་ལྟ་བུའི་རྒྱལ་ཁབ་ཆེན་པོའི་གོ་མཛོད་རྡོ་རྗེའི་གླིང་དུ་གསོལ་གོའི་རིམ་པ། །དྲུང་འཁོར་གྱི་གྱོན་ཁྲབ་ཏ་གོ་དང་བཅས་པ། དབུས་ཚོ་ཆེན་བཞིའི་གཟབས་མཆོར་དང་། ཐང་རིང་དུ་བགྲོད་པའི་ཡང་ཆས་གྱི་གོ་ཆ་དང་། གཞུང་སྐྱོང་གི་ཧོར་སོགས་ཁམས་འབྲོག་གི་གོ་ཆ། མདོར་ན་རལ་གྲི། མདའ་མདུང་། མེ་མདའ་སོགས་མཚོན་ཆ། དཀྱིལ་སྒར་གྱི་གུར་ཆེན། །ཡོལ་སྐོར། ལྡིང་གུར། ལྡིང་ཟངས་སོགས་ཆར་སྐྱོབ་འཚོ་ཆས་ཀྱི་ཉེར་མཁོ་ཇི་སྙེད་པ་རྣམས་ཡོད་པ་ཆུད་མི་འཛའ་ཞིང་། གོ་རིམ་མི་འཁྲུགས་པར་བྱེད་པའི་ཆེད་དུ་འཕགས་ཡུལ་བ་པྲ་ཝངྒར་འབོད་ཅིང་། རྒྱ་ནག་གི་ཡུལ་དུ་ཏིང་ཝལ་ཞེས་པ་འབྱུང་བ་སུམ་


GLG016_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མེ་ལུག་ཧོར་ཟླ་བདུན་པའི་ཚེས་བཅུ་དགུ་དམག་དཔོན་ཐ་སྐར་གྱིའགྲུབ་སྦྱོར་ཐོག་གསར་དུ་བསྒྲིགས་པའི་དེབ་ཐེར་གཡུལ་ལས་རྣམ་པར་རྒྱལ་བ་འཛད་པ་མེད་པའི་གཏེར་གྱི་སྒོ་འཕར་ཕྱེ་བ་ལ། ཐོག་མར། (སྡེབ་སྦྱོར་ལག་འགྲོ་ལྟུངབ)ཝཊྚ སུགཏཱནུབྷཱཝཱ༔ པརཱཀྲམྱབྷཔྱོདཡཱཤཱཤྭཏིརཀྵཡཱནཱ྅རཱུཔ། བྲྀཨཱནིརྟིལཱལིཏྱ་བྲྀཡཱནིརྟིལཱལིཏྱཛེཤཱསནཱརཀྵསེནཱཔཏེརྡརྦ་ཧེརུདྲཀམྨཾ། །བདེ་བར་གཤེགས་པ་ཀུན་གྱི་ནུས་མཐུའི་རྩལ། །རྡོ་རྗེ་སྲིན་པོའི་གཟུགས་སུ་ལེགས་ཤར་བ། །ཐུབ་བསྟན་འབྱུང་བའི་དྲེགས་པའི་སྡེ་དཔོན་ཀྱེ། །དྲག་པོའི་ལས་ལ་དགའ་བའི་གར་གྱིས་རོལ། །སོག་བོད་ཧོར་འབྲོག་ལ་སོགས་ཆ་ལུགས་སྐད། །མི་གཅིག་ཡུལ་ནས་དཔའ་མཛངས་རྟུལ་ཕོད་རྩལ། །འཛོམ་ཀུན་བྱེད་པོས་གཅིག་ཏུ་རབ་བསྡུས་པ། །བརྒྱ་སྦྱིན་གཡུལ་དུ་ཞུགས་པའི་རྟ་དམག་བཞིན། །ལྷ་དབང་མཚོན་གདེངས་ཙམ་གྱིས་བཅུད་བྲལ་མོའི། །མངལ་རྣམས་ཅིག་ཅར་ལྷུང་ན་ཡ་མཚན་ན། །ཕས་རྒོལ་སྲིད་སྡེར་བཅས་པའི་སྙིང་ཤུབས་ནས། །འདོན་བྱེད་གོ་


GLG016_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཡང་རྩེའི་གཉིས་པ་མཚར། །ཞེས་ཤིས་པ་བརྗོད་ནས། སོག་པོ། བོད་འབངས། ཧོར། བྱང་འབྲོག །མདོ་ཁམས་པ་སོགས་ཡངས་པའི་ཡུལ་གྲུ་ཆེན་པོར་ཀུན་ཏུ་འཁོད་པའི་སྐྱེས་བུ་དཔའ་རྩལ་ཅན་རྣམས་ཀྱི་ནང་ནས་ཡང་རབ་ཏུ་གྱུར་པའི་དྭངས་མ་རྣམས་གཅིག་ཏུ་བཀྲབས་ཏེ་བསྡུས་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡན་ལག་རྣམ་བཞིའི་དཔུང་པ་བཤམས་པའི་རྟ་དམག་ལྟར་རྔམ་བརྗིད་ལྷུན་ཆགས་ཤིང་གང་ལའང་ཐོགས་པ་སྐད་ཅིག་གིས་བགྲོད་ནུས་པའི་ཚོགས་གྱི་གོ་ཆ་ཡང་རྩེ་ལས་ཨངྒི་གཉིས་པ་བཟབས་མཆོར་གྱི་རིམ་པ་བསྒྲིགས་པ་ལ། སྡེབ་སྦྱོརདབང་པོའི་རྡོ་རྗེ། མཱརསྱཙིཏྟཾཔིདྷིསྲཔྤཧཱཀེཏུསྟུཀྱམཱཏཱིཨཏཱིཏརཱཀྵབེཤེ ཥཡུདྷདྭིཛཡསྱདེབཻརྣནྡསྱནེཏྲེཎསདཱཀྲྀཔཤྱ ། བདུད་སྙིང་མཆེ་རྣོན་དཔལ་གྱིས་འབིགས་བྱེད་པ། །འདས་དང་མ་འདས་དམ་ཅན་སྲུང་མའི་ཚོགས། ཁྱད་པར་གཡུལ་ལས་རྣམ་པར་རྒྱལ་བའི་ལྷས། །དགྱེས་པའི་སྤྱན་གྱིས་རྟག་ཏུ་གཟིགས་པར་མཛོད། །


GLG016_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རྒོལ་ངན་བརླང་པོར་སྤྱོད་པའི་མུན་པ་ཀུན། །དཔལ་རྟུལ་འོད་སྣང་དཀར་པོས་སངས་བྱེད་རྟགས། །དར་དཀར་རུ་མཚོན་བསྒྲེང་བ་ཚོ་ཆེན་གྱི། །གཡུལ་ཆས་གོ་མཚོན་མཆོག་རྣམས་འདི་ལྟར་རོ། །བྱེས་ཐག་རིང་དུ་བགྲོད་པའི་ཡང་ཆས་ཀྱི་དེབ་ཀྱི་འགོར་གཡུལ་ཆས་གོ་མཚོན་འཇུག་བདེ་འདི་ལྟར་རོ། །ཞེས་འདོན་པ་བསྒྱུར་བ་མ་གཏོགས་ཤློ་ཀ་གཉིས་ཀ་བལྡབ། ཞེས་པ་ཤིས་པ་བརྗོད་ནས་རུ་མཚོན་དཀར་འོག་མ་ཚོར་འདོན་པ་བསྒྱུར། པོ་ཅན་གྱི་ཚོ་ཆེན་གྱི་གོ་དེབ་བཟབས་མཆོར་བསྒྲིགས་པ་ལ། སྡེབ་སྦྱོར་གཞན་གྱི་མི་ཐུབ་པ། སུམནསམཎིཀཾཛིཤཱསནདྷེནྭེཥཱཾསྭཏིཤསུརམཧཱལོནིདྷིསིདྡྷཀཾ ཁརཡསདིབགོཔརཱཀྲམརུདྲཀཾཨབབྷ་སབྷབཀཾཙདམྷཡུདྷཱཛྫཡཾ། །རྒྱལ་བསྟན་འདོད་པ་འཇོ་བའི་ཡིད་བཞིན་ནོར། །དངོས་གྲུབ་གཏེར་གྱུར་ཡེ་ཤེས་སྲུང་མ་ཆེ། །དྲག་རྩལ་རྡོ་རྗེ་འབར་བའི་ཐོག་གི་མདའ། །སྣང་སྲིད་དྲེགས་པས་གཡུལ་ལས་རྒྱལ་བར་མཛོད། །


GLG016_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཉི་མ་བརྒྱ་པའི་གཟི་བྱིན་གྱིས། །འགྲན་ཟླའི་དགྲ་དཔུང་མེ་ཁྱེར་མོག་མོག་པོར། །གཏོང་བའི་རྟགས་མཚན་རུ་མཚོན་སེར་པོ་ཡི། །ཚོ་ཆེན་གཡུལ་ཆས་བཟབས་མཆོར་འདི་ལྟར་རོ། །ཅིག་ཤོས་ལ་མཚོ་ཆེན་གཡུལ་ཆ་འཇུག་བདེ་འདི་ལྟར་འདོན་པ་བསྒྱུར། གཾདཱཡཱནཱརཱགྲཀྟཾདུརྐརྨབྷུལྱཾགྷརཙཱཎྚིཀྱཾ། མཱཏཱིཏཱཏཱིཤཱ སྶརཱཤྰསཱུརོཧྲིâབྷུཀླེཀཱིལཾ། །འགྲོ་ལ་བརྩེ་བའི་རྗེས་ཆགས་དམར་བའི་བཞིན། །ལས་ངན་འཁྲུལ་ངོར་གསོད་བྱེད་བཤན་པའི་གཟུགས། །འདས་དང་མ་འདས་བསྟན་སྲུངས་རྒྱ་མཚོ་ཀྱེ། །མཚོན་རྣོན་དགྲ་སྙིང་དཀར་ནག་མཚམས་སུ་གཟེར། །ས་ལ་དྲང་ཐིག་བཏབ་པའི་རྒྱུ་འབྲས་ཀྱི། །ངེས་སྟེར་དགྲ་ཚོགས་ལྕེབ་ཕྱིར་ཡིད་དབང་ཀུན། །འཕྲོག་བྱེད་ཚོ་ཆེན་རུ་མཚོན་དམར་པོ་ཅན། །རང་རྟགས་གོ་མཚོན་བཟང་བསྒྲིགས་འདི་ཅིག་ཤོས་ལ་རང་རྟགས་གོ་མཚོན་འཇུག་བདེ་འདི་ལྟར་རོ་ཞེས་པར་བསྒྱུར། ལྟར་རོ། །


GLG016_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་དབང་པོའི་རྒྱུད། )ཏྲེཧཱལཤཧཱངྒཎབྷཱབཀཡོདྷརྨདྷཱཏོརྦིཙོདརཀྵཀཱ། །ཀརྨཀྲྀབྷཱབཱབྷསདནྟཀེཤབརཾབཱདཱིབྷབིསྶེནཁཁཱ་ཧིལཱལིཏཾ། །དུག་གསུམ་དགྲ་ཚོགས་ཟ་བའི་ཞལ་གྱི་མཆུ། །ཆོས་ཀྱི་དབྱིངས་ནས་གདངས་པའི་སྲུང་མའི་གཙོ། །ལས་བྱེད་སྣང་སྲིད་དྲེགས་པའི་དབང་ཕྱུག་རྣམས། །ཕས་རྒོལ་སྲིད་སྡེ་ཁྭ་རམ་ཁ་ཞེས་རོལ། །དཔའ་བོའི་རིགས་ཀྱི་ཡང་རྩེ་ཀུན་ཚོགས་མདུན། །ཉི་འོག་འགྲན་ཟླ་ཡོངས་ཀྱི་གདོང་སྨད་དེ། །འདུད་སྒོར་མཐིང་ནག་རུ་མཚོན་སྒྲེང་བྱེད་པ། །ཚོ་ཆེན་གོ་མཚོན་རབ་མཆོར་འདི་འཇུག་བདེ་འདི་ནའོ་ཞེས་པར་འདོན་པ་བསྒྱུར། ནའོ། །


GLG016_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་སྟག་རྣམ་རྩེན)མེཤཱསནྱཙདྷརྨབྷཱབཔལིཀཾརཱཀྵཉྩམཱུཁེནཧཱིབཱཧིརཱིཥྱཀརོམཤིབྱིཀཙཧཱིལོཀཱསྨཀཾཏནྠིཀཱཿ། །རང་བསྟན་ཆོས་སྲིད་སྐྱོང་བར་ཞལ་འཆེས་པ། །བསླབ་དང་མི་བསླབ་འཇིག་རྟེན་རང་རྒྱུད་ཀྱི། །སྲུང་མ་སྤྱི་དང་ཁྱད་པར་གནམ་གྱི་ལྷ། །ལི་བིན་ཧ་ར་སྒྲིབ་མེད་སྤྱན་གྱིས་གཟིགས། །དཔའ་གཏུམ་སྙིང་སྟོབས་རྩལ་ལྡན་སོག་པོ་དང་། །རཱཀྵམྦཱལིཀཀྲྀཏྶམཱནུསཀལཾབཻཤེཥཙཱཀཱཤཏོདེབཱསོབིཧརེརྣཚཱདནདཡྀཤཏྲེཎཧིངཤྱཏུ། །གཞན་ཡང་རྒྱ་གར་སྟོད་ཧོར་ཙཱི་ཎའི་ཡུལ། །མདོ་ཁམས་འབྲོག་སྡེ་སྣ་ཚོགས་རྒྱལ་ཁམས་ཀྱི། །ཡ་ལད་མཚོན་ཆའི་རིམ་པ་འདི་ལྟར་རོ། །ཞེས་རྒྱ་གར་རྒྱ་ནག་ཧོར་སོག་ཁམས་འབྲོག་གི་གོ་མཚོན་གྱི་དེབ་ཐེར་བཀོད་པ་ལ། །


GLG016_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མེ་ཏོག་འཕྲེང་ཅན)ནོརཛཱཀྵཏིཔདྨཏྲཙོབེཏནོརྦིཀྵནོབིཤཱིལཱཔིམཱབྷཱུཎེ། དེཤཀཔྤཱཏིབྷནསྱདྷིཡཱཛིཀཾམནྡནཱཐཙཀྲབྷུབྷཾཡ་ཙྪཏུ། །རྡུལ་བྲལ་སྤྱན་ཟུར་ལྷུང་བ་ཙམ་ཉིད་ཀྱིས། །ཕྲ་མོའི་བླང་དོར་ཚུལ་ཀྱང་འཁྲུལ་མེད་དུ། །སྟོན་ལ་བློ་གྲོས་སྤོབས་པའི་མཆོད་སྦྱིན་མཁས། །འཇམ་མགོན་བརྟན་པའི་འཁོར་ལོས་ཤིས་པ་སྩོལ། །ནེའུ་ལེའི་མགྲིན་ལས་སྐྱུགས་པའི་ནོར་བུའི་རྒྱུན། །ལེགས་བྱས་མཛོད་དུ་གཡས་སུ་འཁྱིལ་བའི་དཔྱ། །བརྟན་གཡོའི་དཔལ་འབྱོར་མཐའ་དག་མངོན་སུམ་དུ། །སྩོལ་མཛད་ངལ་བསོས་བུ་དེས་རྟག་ཏུ་སྐྱོངས། སྣང་སྲིད་དྲེགས་པའི་དབང་ཕྱུག་མ་ལུས་པའི། །ཟུར་ཕུད་རྩེ་མོར་ཞབས་སེན་ཟླ་ཚེས་པ། །རྟག་ཏུ་འཆར་བའི་དབང་དྲག་གནོད་སྦྱིན་ཆེས། །གཏོང་འོས་བརྒྱ་ཕྲག་སྒོ་ཡི་སྐབས་དབྱེར་གསལ། །ཇི་ཙམ་སྤྱད་ཀྱང་མི་འཛད་ཕྲངས་མེད་དུ། །ཕུན་ཚོགས་འབྱོར་པ་ཆེས་ཆེར་རབ་འཕེལ་བ། །སྦྱིན་པའི་ངོ་བོ་མི་གཏོང་དངོས་པོ་ཡི། །གདོད་མའི་གཤིས་ལ་གང་གིས་བསྙོན་དུ་ཅི། །ངོ་མཚར་གཏན་པ་མེད་པའི་མཆོད་སྦྱིན་


GLG016_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དག །ཚུར་བྱུང་དེ་ལན་འཇལ་དང་སྐྱེས་མཚར་ཁ། །སྡེ་བཞིའི་ཚུལ་ལུགས་དང་འབྲེལ་བདོག་པ་ཡི། །གཏོང་བའི་བརྗེད་བྱང་དེབ་ཐེར་འདི་ལྟར་རོ། །ཞེས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་སྔོན་དུ་བཏང་སྟེ་རྒྱ་གར་རྒྱ་ནག་ཧོར་སོགས་བལ་བོད་སོགས་ཡངས་པའི་ས་ཆེན་པོར་དབང་སྒྱུར་བའི་རྒྱལ་པོ་རྒྱལ་རིགས། ལྷ་སྡེ། མི་སྡེ། མདུན་ན་འདོན། སྣ་བོར་གཏོགས་པ་སོགས་མདོར་ན་མཆོག་དམན་གྱི་སྐྱེ་བོ་རྣམས་ཀྱི་སྐྱེས་ལན་བྱ་བྱེད་ལས་གསུམ་དང་བསྟུན་པའི་མཚར་ཁ། གཏན་པ་མེད་པའི་མཆོད་སྦྱིན་གྱི་ཚུལ་དུ་སྦྱིན་གཏོང་སྟེར་བྱིན་སོགས་ཀྱི་རིམ་པ་ཐོར་བཀོད་པ་ལ། བློཀ་གསུམ་ག་སྡེབ་སྦྱོར་ལག་འགྲོ་ལྟུང་བ། ཚོ་ཨུཙེསྶནུགོལདྭིདཀྱཻཙརཱསསྱཔནྣཾརབེརྒཔྲཏཱིཋེཤནིརྨི། ཀརེབྲཧྨནིདྲཉྩདིཊྛཾཧབཻཀལླཏཔྱསཱིནེསཾཤཏེ་རྐལྦཙིནྣཾ། །སྒང་གཤོངས་གོ་ལའི་བཅུ་གཉིས་ཁྱིམ་ལམ་དུ། །ཉིན་ཕྱེད་བགྲོད་པ་མངོན་སུམ་ལྟ་བའི་འཕྲུལ། །བསྐྲུན་ལ་མེས་པོས་གཉིད་ལ་སྲེད་བཏང་སྟེ། །ཀུན་རྟོགས་དཀའ་ཐུབ་བསྐལ་བརྒྱར་བསྟེན་པ་བཞིན། །


GLG016_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བིདུཥཀྱམཱརསྱཀཱུལཉྩདུསྐྲྀཏམཱལཾདཤོབཧུབྷཡསྱཙིཏྟཾ། །ཧིསིདྷསྱཤྭབྷིཀྱགརྫོབིཙཱརཱནུབྷབཻ་ཉྩཏདྒསྭཀྲྀདྭིཤུགཱཧཱུྃ། །མི་བསྲུན་བདུད་རིགས་འདུལ་ལ་དཀའ་བའི་འཕྲེང་། །བཅུ་ཕྲག་མང་པོར་འཇིགས་མེད་སྙིང་སྟོབས་ཀྱི། །གདོང་ལྔའི་སྒྲ་དབྱངས་སྒྲོག་དེའི་རྣམ་དཔྱོད་མཐུས། །གོས་སེར་ཅན་གྱི་ཁེངས་པ་ཐུང་ངུར་བྱེད། ཀྲྀཏཏྲསྱཔུཎྱཉྩཀཱནྟཱདིཏསྭཱརྒསོཁྱསྱམརྒསདཱཙཱརཎཏཱཾཨདཱིགྷཾཧཡཱཀཱཤཚཏྲསྱབཻཛཀགཾནཀྵསེབཱབབྷཱསོ་དིབེཡཱཏྲ། བསོད་ནམས་བྱས་འདིས་བྱེད་པོ་རྟ་བདུན་ཅན། །མཐོ་རིས་བདེ་བའི་ལམ་དུ་རྟག་རྒྱུ་ཞིང་། །རིང་མིན་གསལ་འགྲིབ་སྤངས་པའི་རྣམ་མཁྱེན་འོད། །འགྲོ་རྣམས་མུན་སེལ་སྣང་བ་འབར་གྱུར་ཅིག །


GLG016_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཨིཏིམཧཱཙིཎསྱདེཤསམཱཡསྱལུཀྟཙཀྲེམབཱཾམཱརདམཡངཤཁྱུཏུབྷཡཤབྡསཱརེཎོཏྠརིཏསྱབི་མོཀྵེཡཾསཧོརསྱགོམིནཱཡུཀྟསུཀྵརཀྲྀཏྟམདྷུགྲྀཧགབཱགིནྡུཛདཡ༔ ཅེས་མ་ཧྭ་ཙི་ཎའི་ཡུལ་གྲུའི་ལུགས་ཀྱི་དུས་སྦྱོར་འཁོར་ལོ་ངོ་མཚར་ཅན་བདུད་འདུལ་དཀའ་བཅུ་འཇིགས་མེད་སྒྲ་དབྱངས་ཀྱིས་བསྐྲུན་པའི་རྟོགས་བརྗོད་འདི་ནི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེའོ། བརྒྱད་ཅུའི་སྲང་ལྡན་རིན་ཅེན་དངུལ་དཀར་གྱི། ཁོར་ཡུག་ཁོད་སྙོམས་ཡངས་པའི་མཎྜ་ལར། །དངོས་བཤམས་ཡིད་སྤྲུལ་གླིང་བཞི་རི་རབ་སོགས། །ལྷ་མིའི་འབྱོར་བ་གཅིག་ཏུ་སྤུངས་པ་འདི། །རྒྱལ་ཀུན་ཡབ་གཅིག་འཇམ་མགོན་བཤེས་གཉེན་གཟུགས། །ལེགས་འཛིན་བློ་བཟང་གྲགས་སྙན་འབར་བའི་གདུང་། །ཡིད་བཞིན་དབང་གི་རྒྱལ་པོར་རབ་འབུལ་ན། །སྲིད་ཞིའི་ཕུན་ཚོགས་དབྱར་མཚོ་ལྟར་འཕེལ་ཤོག །ཅེས་པ་འདི་ཡང་ས་སྐྱོང་ཕྱག་མཛོད་འཕྲིན་ལས་རྒྱ་མཚོ་དང་བསྟན་འཛིན་དཱ་ཡན་རྒྱལ་པོ་གཉིས་ཀྱིས་མེ་ལུག་དགའ་ལྡན་དངུལ་གདུང་རིན་པོ་ཆེ་མཇལ་སྐབས་མཎྜལ་གྱི་ཁ་ཡིག་ཏུ་ཟ་ཧོར་ཀྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །རྣམ་མང་ཐོས་པའི་སྲས་ཀྱི་གན་མཛོད་ལྟར། །ཕུན་ཚོགས་


GLG016_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དགུ་མ་ལུས་འཁྱིལ་བའི་སྣོད། །ཕན་བདེ་ལེགས་བཤད་གླིང་པར་ལེགས་ཕུལ་བའི། །བསོད་ནམས་བྱང་ཆུབ་མཆོག་བར་འཕེལ་བར་ཤོག །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་ཁྲོ་འདི་མཆོད་དཔོན་བློ་བཟང་མཐུ་སྟོབས་དང་དབུ་མཛད་བློ་བཟང་ཡོན་ཏན་གཉིས་ཀྱིས་ས་སྤྲེལ་ཧོར་ཟླ་གཉིས་པའི་ཚེས་དགེ་བར་བླུག་པའི་རྒྱུ་ལ་ཟངས་ཁལ་བཞི་བཅུ་ཞེ་ལྔ་དང་། གསེར་སྲང་གང་གི་ཉོས་པའི་ཤ་དཀར། ཞལ་འདེབས་སུ་དགེ་སློང་འཇམ་དབྱངས་གྲགས་པའི་དངུལ་སྲང་གསུམ། སྔགས་རམས་པ་བསོད་ནམས་རྒྱལ་མཚན་གྱི་དངུལ་སྲང་གང་། འོན་བན་ངག་དབང་འཕྲིན་ལས་ཀྱི་དངུལ་ཞོ་བདུན་རྣམས་སོང་བའི་བཟོ་རིག་པ་ལོ་རོ་བ་དབུ་མཛད་དགོས་པ་རྡོ་རྗེ། བླ་མ་བཀྲ་ཤིས། བླ་མ་བསམ་འགྲུབ། པདྨ་བསམ་འགྲུབ། བསམ་འགྲུབ་ཚེ་རིང་། རྡོ་རྗེ་ཚེ་རིང་རྣམས་ཀྱིས་བགྱིས་པ་དགེ་ལེགས་འཕེལ། སྐྱར་པོར་བློ་བཟང་ལེགས་ལྡན་གྱིས་ས་རིས་དེབ་ཀྱི་འགོ་བརྗོད་ཅིག་དགོས་ཚུལ་བྱུང་བ་ལྟར་བྲིས་པ་འདོད་དགུའི་ཆར་འབེབས། ཉི་མའི་དངོས་བརྒྱ་འཛིན་པའི་གཟི་བརྗིད་ཀྱིས། །ཕུན་ཚོགས་སྲིད་ཞིའི་འདོད་དགུ་མ་ལུས་པ། །འབད་མེད་ཆར་འབེབས་རྒྱལ་ཆེན་ངལ་བསོས་པོ། །རྨུགས་འཛིན་དབང་པོར་བཅས་པས་ཤེས་པ་སྩོལ། །མཆོད་དཔོན་བློ་བཟང་མཐུ་སྟོབས་དང་དབུ་མཛད་ཡོན་ཏན་གཉིས་ཀྱིས་ས་རིས་དེབ་ཀྱི་འགོ་བརྗོད་དུ་དགོས་ཚུལ་བྱུང་བ་ལྟར་བྲིས་པ་དཔལ་འབྱོར་དབང་སྡུད། ཁམས་གསུམ་དབང་དུ་སྡུད་མཛད་རིགས་བྱེད་མ། །ཚོགས་བདག་འདོད་རྒྱལ་རྣམ་གསུམ་སྤྱན་གྱི་དཀྱུས། །ནམ་མཁའི་མཐའ་སྙེད་བརྒལ་བའི་ལྕགས་ཀྱུ་ཡིས། །སྲིད་ཞིའི་དཔལ་འབྱོར་དེང་འདིར་ཆར་དུ་སྙིལ། །


GLG016_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་ལག་འགྲོ་ལྟུང་བ། ཀཿ ནམིཏྟཱཨནུབྱཛྙནཤྲཱིཛྭལཱཤཱཀྱསིདྡྷརིཡོགཀྱཔཱཤྱསྱཨཱརྠ། སཔུཏྲཉྩཤིཥྱརཛེཔཱདནཱབིཀྱམཱུདྡྷེཥཱབུདྡྷརུ་ཙིརླ། །མཐོང་བའི་ལུས་ཅན་མཐའ་དག་དོན་ལྡན་པར། །ངེས་སྦྱོར་མཚན་དཔེའི་དཔལ་འབར་ཉི་མའི་གཉེན། །སྲས་དང་སློབ་མར་བཅས་པའི་ཞབས་སེན་རྡུལ། །བྱང་ཆུབ་སྙིང་པོའི་བར་དུ་གཙུག་ན་མཛེས། །གར་དབང་མཐའ་ཡས་འོད་མགོན་སྒྱུ་མའི་འཕྲུལ། །ལྔ་རིག་པཎ་ཆེན་ཚུལ་བཟུང་མར་མེ་མཛད། །འབྲོམ་སྟོན་བརྒྱུད་པར་བཅས་པའི་བཀའ་གདམས་ཀྱི། །ལྷ་ཆོས་བདུན་འཛིན་རིན་ཅེན་འཕྲེང་བ་རྒྱལ། །གྲངས་མེད་ཚོགས་གཉིས་ཕུང་པོར་སྤུངས་པའི་འབྲས། །བསྐལ་བཟང་འདྲེན་པ་བཞི་པའི་བསྟན་པ་ལ། །མངོན་སུམ་སྨིན་པའི་ལུང་རྟོགས་རོ་བརྒྱའི་ཟས། །དཔྱོད་ལྡན་རྣམས་ལ་ཡོངས་འགྱེད་བཙོང་ཁ་པ། །མགོན་ཁྱེད་མཁྱེན་པའི་མི་ཤིགས་སྐྱིལ་མོ་ཀྲུང་། །གངས་ཅན་མཁས་མང་གཙུག་


GLG016_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལེགས་བཅས་པས། །ཐུབ་དབང་གཉིས་པའི་རྣམ་པར་ཐར་པ་ལ། །སྙིང་གར་ལག་པད་མི་སྦྱོར་ཤེས་ལྡན་སུ། །འཕྲིན་ལས་ཛྭ་ཏིའི་མེ་ཏོག་རབ་བཀྲམ་ནས། །རྒྱ་མཚོའི་ཕ་མཐའ་དེ་སྲིད་ཡོངས་ཁྱབ་པའི། ཆ་ཤས་རི་བོའི་སྤོ་ལ་དམ་པའི་ཆོས། །ཚུལ་བཞིན་ཉམས་སུ་བསྟར་བས་ཁྲིམས་ལྡན་གླིང་། །གང་དེར་མཆོག་གསུམ་བཞུགས་གནས་གནྡྷོ་ལ། །འདུས་པའི་ཚོགས་ཀྱི་ཀུན་དགའ་ར་བ་དང་། །དུས་སུ་ཉེར་སྤྱོད་གསོས་ཀྱི་ཁང་པ་རྣམས། །རྒྱ་དཔངས་ཡངས་བཟོ་བཟོ་ཡི་ཁྱད་པར་ཅན། །སྲས་བཅས་རྒྱལ་བའི་སྣང་བརྙན་རི་མོ་རུ། །བཀོད་དང་ཤིང་རྩི་རབ་བཀྲ་འཇའ་ཚོན་ལྟར། །མཁའ་ལ་གན་གོས་བླ་བྲེས་བ་དན་སོགས། །བྱེད་པོས་མིག་གི་བདུད་རྩིར་བསྐྲུན་པ་བཞིན། །སྣ་ཚོགས་ནོར་བུའི་ཕྲ་ཚོམས་ཚར་དངར་བའི། །དངུལ་དཀར་ལྷུན་པོའི་རྗེས་འགྲོའི་མཆོད་སྡོང་རྩེར། །གསེར་སྦྱངས་གཉྫིར་ར་བཅས་ཏོག་མཛེས་ཅན། །ཉི་མའི་དངོས་བརྒྱ་འཛིན་པའི་གཟི་འོད་འཕྲོ། །ནཱ་གཱ་རྫུ་ནས་ལེགས་བསྐྲུན་རྡོ་ནག་གི ། མགོན་བརྙན་ཁྱུང་པོས་རྨོག་ཅོག་པར་གནང་བའི། །གཙོ་འཁོར་བཞུགས་གནས་དང་བཅས་བསིལ་ཚལ་གྱི། །རྗེས་འགྲོ་བསྟན་པ་ཡུན་དུ་བསྲུང་པའི་མཚོན། །འཁོར་བའི་ཟུག་རྔུས་རྟག་མནར་ཁྱིམ་སྤངས་ཏེ། །རབ་བྱུང་ཁྲིམས་ཀྱིས་བག་ལྡན་ངུར་པའི་ཁྱུ། །སྤེལ་པའི་གྲྭ་རྒྱུན་འདོད་འཇོ་འཚོ་བའི་ཆས། །མཐུན་རྐྱེན་མ་ལུས་བརྩོན་པའི་རླུང་གིས་དྲངས། །ཚུལ་དེ་ཞི་ཁྲོ་རབ་འབྱམས་མཆོད་པའི་ལས། །འཛད་མེད་ནམ་མཁའི་མཛོད་ལྟར་སྤེལ་བའི་དཔོན། །བློ་བཟང་མཐུ་སྟོབས་ལྷག་བསམ་རྣམ་དག་པས། །ལེགས་བསྐུལ་


GLG016_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་གསུམ་འབད་པ་བསྟེན་ལས་སོ། །གང་དེར་ཟང་ཟིང་གཏོང་དང་ལུས་ངག་ཡིད། །ཉེ་བར་བཀོལ་ཏེ་ཚུལ་བཞིན་བསྒྲུབས་རྣམས་ཀྱི། །ཐོབ་པའི་དགེ་བ་བྱང་ཆུབ་སྙིང་པོའི་ཆེད། །བསྔོས་འཕེལ་དབྱར་གྱི་མཚོ་ལྟར་གང་བར་ཤོག །རྒྱུད་ལྔའི་ལམ་འཁྱམས་མཁའ་མཉམ་མ་རྒན་གྱི། །ལུས་ཅན་བསོད་ནམས་བྱས་པ་རབ་སྨིན་པའི། །འབྲས་བུ་ཡིད་དུ་འོང་བ་རོ་བདའི་ཟས། །རྟག་ཏུ་སྤྱོད་པའི་སྐལ་བཟང་འཐོབ་པར་ཤོག །ཆེས་དཀར་གངས་ཀྱི་ཡོལ་བས་རབ་བསྐོར་ནང་། །སཱ་ལའི་སྨན་གྱི་ནགས་ལྗོངས་བོད་ཡུལ་འདིར། །རྩོད་དུས་རང་གི་ངོ་བོ་ཡོངས་བཏང་སྟེ། །རྫོགས་ལྡན་བདེ་སྐྱིད་མངོན་སུམ་མྱོང་བར་ཤོག །འགྲོ་བའི་བླ་མ་ཤཱཀྱ་སེང་གེའི་བསྟན། །སྤྱི་དང་བྱེ་བྲག་ཞྭ་སེར་འཛིན་པ་ཡི། །ལུང་དང་རྟོགས་པའི་རིང་ལུགས་ཉི་མ་ཆེ། །འཇིག་རྟེན་གསུམ་སྣང་འོད་ཟེར་འབར་བར་ཤོག །དགེ་བཅུ་ཚང་བ་ཡར་ཀླུངས་རི་བོའི་ངོགས། །རྣམ་དག་ཚུལ་གནས་ཐོས་བསམ་སྒོམ་པ་ཡི། །ཆོས་ཀྱི་དགའ་སྟོན་རྒྱུན་ཆད་མེད་པའི་གླིང་། །སྲིད་མཐར་མི་ཉམས་དར་ཞིང་རྒྱས་པར་ཤོག །རྒྱུ་སྦྱོར་ལས་བྱེད་བཟོ་རིགས་ལ་སོགས་པ། །ཀུན་ཀྱང་སུམ་རྩེན་བདག་པོའི་བདེ་བ་ཡི། །རྗེས་འགྲོ་ཡང་སྲིད་རིམ་པར་མཐོ་རིས་ཀྱི། །ཐེམ་སྐས་ལ་འཛེགས་བྱང་ཆེན་འཐོབ་པར་ཤོག །གཟོད་མ་ཉིད་ནས་སྤང་རྟོགས་ཡོན་ཏན་རྣམས། །ལྷུན་གྲུབ་སངས་རྒྱས་ལེགས་གསུངས་དམ་པའི་ཆོས། །ཇི་བཞིན་ཉམས་བསྟར་བྱང་སེམས་ཉན་ཐོས་ཀྱི། །བསླུ་མེད་བདེན་མཐུས་སྨོན་


GLG016_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡོངས་འགྲུབ་ཤོག །འཇིག་རྟེན་གསུམ་དུ་རྟག་པར་དགེ་བ་ཡི། །གཏམ་སྙན་དབྱངས་སུ་ལེན་དང་ལྷན་ཅིག་དང་། །ཀུན་ཁྱབ་ཤིས་པ་བརྗོད་པའི་མེ་ཏོག་ཆར། །ནོར་འཛིན་ཁྱོན་ལ་ཁྱབ་པར་འབད་གྱུར་ཅིག །ཅེས་པ་འདི་ཡང་མཆོད་དཔོན་བློ་བཟང་མཐུ་སྟོབས་ཀྱིས་རི་བོ་ཆོས་གླིང་གི་གཙང་ཁང་ཀུན་དགའ་ར་བ། རུང་ཁང་རྣམས་གསར་རྒྱག་དང་། ཤིང་རྩིལོགས་བྲིས་གནམ་རྒྱན་འཕན་སོགས་རང་ཉིད་ཀྱི་བདོག་པའི་དངོས་པོར་བརྟེན་ནས་བསྐྲུན་ཅིང་། དངུལ་གདུང་། མགོན་སྐུ། གཉྫི་ར། གྲྭ་རྒྱུན། ཆོས་གཞིས་སོགས་གཞུང་དུ་ཞུས་ཏེ་ཆོས་སྡེ་ཉམས་བསོས་བྱས་སྐབས་དགེ་བ་རྫོགས་བྱང་དུ་བསྔོ་བའི་ཚིགས་སུ་བཅད་པ་དགོས་ཚུལ་ལྟར་ཟ་ཧོར་གྱི་བཎྜེས་སྦྱར་བའི་ཡི་གེ་པ་ནི་གནས་གསར་བ་འཇམ་དབྱངས་གྱིས་བགྱིས་པ་སིདྡྷི་ར་སྟུ། ས་སྤྲེ་ཕྱག་མཛོད་ས་སྐྱོང་འཕྲིན་ལས་རྒྱ་མཚོའི་དགོངས་རྫོགས་སུ་དམིགས་ནས་ལྷ་ས་ར་མོ་ཆེ། བསམ་ཡས། ཁྲ་འབྲུག་རྣམས་སུ་ཕུལ་བའི་མཎྜལ་གྱི་ཞལ་བྱང་ཞིང་ཁམས་རྒྱ་མཚོར་སྤྱོད་པའི་ས་བོན། དངུལ་གྱི་མཎྜལ་ཕུལ་བའི་ཁ་བྱང་ཇོ་བོ་ཤཱཀྱ་མུ་ནིར། ལྷ་མིའི་དཔལ་འབྱོར་ཡོངས་བཀོད་ཞིང་ཁམས་ཆེ། །རྒྱལ་སྲས་སློབ་མར་བཅས་ལ་ཕུལ་བའི་དགེས། །ས་སྐྱོང་འཕྲིན་ལས་རྒྱ་མཚོ་མངོན་མཐོ་དང་། །ངེས་པར་ལེགས་པའི་གོ་འཕང་མྱུར་འཐོབ་ཤོག །དངུལ་གྱི་མཎྜལ་ཪ་མོ་ཆེར་ཕུལ་བའི་ཁ་བྱང་། ཁོད་སྙོམས་ནོར་འཛིན་ལྟེ་བར་ལྷུན་པོ་དང་། །གླིང་བཞི་གླིང་ཕྲན་ལྕགས་རིས་བསྐོར་བའི་དབུས། །ལྷ་མིའི་དཔལ་འབྱོར་བྱུར་བུར་རབ་སྤུངས་པ། །ཀུན་བཟང་མཆོད་སྤྲིན་རྗེས་འགྲོ་ལེགས་བསྟར་མཐུས། །ཐུགས་རྗེའི་བརྒྱ་བྱིན་


GLG016_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་རེག་ཙམ་གྱིས། །མི་བདག་འཕྲིན་ལས་རྒྱ་མཚོའི་འཁོར་བའི་རྟེན། །ཟུང་འཇུག་འཆི་མེད་ལུས་སུ་རབ་གྱུར་ནས། །འགྲོ་ཀུན་འདྲེན་པའི་དེད་དཔོན་མཆོག་འཐོབ་ཤོག །ཁྲ་འབྲུག་རྣམ་སྣང་ལ་ཕུལ་བའི་མཎྜལ་ཞལ་བྱང་། འཁོར་བ་སྟོངས་མིན་དེ་སྲིད་ལེགས་བཞུགས་ནས། །མཁའ་ཁྱབ་འགྲོ་འདྲེན་ལོངས་སྐུ་རྣམ་སྣང་ཆེས། །ས་དབང་འཕྲིན་ལས་རྒྱ་མཚོ་ཁྱོད་དྲུང་དུ། །དྲངས་ཏེ་བྱང་ཆུབ་མྱུར་དུ་ཐོབ་པར་མཛོད། བསམ་ཡས་སུ་བྱང་ཆུབ་ཆེན་པོ་ཕུལ་བའི་མཎྜལ་གྱི་ཞལ་བྱང་། སྐྱེ་རྒུ་ཡོངས་ཀྱི་བདེ་བའི་སྲོག་ཟུངས་སུ། །མགོན་ཁྱོད་འཕྲིན་ལས་རྩི་སྨན་ཆད་མེད་པར། འཇུག་པའི་དམ་བཅའ་གཏོང་མིན་ཤཱཀྱའི་གཙོ། །དེ་སྲས་སློབ་མར་བཅས་པའི་ཚོགས་རྣམས་ལ། །གངྒཱའི་རྡུལ་སྙེད་ཞིང་ཁམས་ཡོན་ཏན་ཀུན། །ཕུང་བོར་སྤུངས་པའི་མཎྜལ་ཕུལ་བའི་དགེས། །ས་སྤྱོད་འཕྲིན་ལས་རྒྱ་མཚོའི་དུ༔ ཁའི་མུན། །རབ་སངས་སྲིད་ཞིའི་བསོད་ནམས་འོད་འབར་ཤོག །ས་སྤྲེ་སྟོབས་ཀྱི་དབང་ཕྱུག་བསྟན་འཛིན་དཱ་ཡན་རྒྱལ་པོ་དུས་ཀྱི་ཆོས་ཉིད་དུ་གྱུར་པར་དམིགས་ཏེ། ལྷ་ས། ར་མོ་ཆེ། བསམ་ཡས་རྣམས་སུ་མཎྜལ་ཕུལ་བའི་ཁ་བྱང་། བསོད་ནམས་གཏེར་བུམ། ལྷ་སར་ཕུལ་བའི་དངུལ་གྱི་མཎྜལ་གྱི་ཁ་བྱང་། སྲིད་པའི་སྣོད་བཅུད་ཡོན་ཏན་ཡོད་དོ་ཅོག །དབྱིག་འཛིན་ལུས་ཕྲའི་མངལ་དུ་ཉེར་སྦྲུམ་པ། །མོས་བློས་སྤྲུལ་པའི་རིན་ཅེན་མཎྜ་ལ། །འཕྲུལ་སྣང་སྲས་བཅས་རྒྱལ་བས་ཡོངས་བསྟར་བས། །ཧོར་བོད་སྐྱེ་རྒུའི་གནག་སྣུམ་རལ་པའི་རྩེར། །རྐང་སེན་ཟླ་བ་ཚེས་པའི་ས་ཡི་དབང་། །དཱ་ཡན་རྒྱལ་པོ་གཟུགས་ཅན་སྙིང་པོ་བཞིན། །རྟག་ཏུ་བདེ་བའི་རོ་བདའི་གཡང་ཆགས་ཤོག །


GLG016_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ར་མོ་ཆེར་མཎྜལ། མཐོ་རིས་བདོག་པའི་འབྱོར་བ་ཀུན། །འཕྱུར་བུར་སྤུངས་པའི་ཞིང་ཁམས་ཆེ། །སྤྱན་སྔར་བསྟར་བས་དཱ་ཡན་རྒྱལ། །ཐར་པའི་གྲོང་དུ་འཇུག་པར་ཤོག །བསམ་ཡས་སུ་དངུལ་གྱི་མཎྜལ་ཕུལ་བའི་ཞལ་བྱང་། ལུས་ཅན་ཀུན་གྱིས་བསགས་པའི་བསོད་ནམས་འབྲས། །མངོན་སུམ་གཟུགས་སུ་སྤྲུལ་པའི་སྣོད་བཅུདཀྱི། །ཕུན་ཚོགས་ངོ་མཚར་བཀོད་པའི་ཞིང་ཁམས་ཆེ། །གངྒཱའི་རྡུལ་སྙེད་གྲངས་དང་མཉམ་སྤྲུལ་ནས། །ལུགས་གསུམ་མི་འགྱུར་ལྷུན་གྲུབ་རྟེན་བརྟེན་པའི། །ལྷ་ཚོགས་དགྱེས་བསྐྱེད་ཀུན་བཟང་མཆོད་སྤྲིན་དུ། །སྤྲོས་པས་དཱ་ཡན་རྒྱལ་པོ་སྲིད་མཚོ་ལས། །འགྲོ་རྣམས་འདྲེན་པའི་དེད་དཔོན་ཆེར་འགྱུར་ཤོག །གཟོད་མ་ཉིད་ནས་བསགས་པའི་ཚོགས་གཉིས་འབྲས། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཆེར། །ལྷུན་གྲུབ་སངས་རྒྱས་ཞེས་བྱའི་མཚན་གྱི་དབྱངས། །སྲིད་དང་ཞི་བའི་གཙུག་ཏོར་རྩེ་ལས་བརྒལ། ཁྱོད་སྐུ་མཐོང་བས་རྣམ་གྲོལ་ཐུགས་རྗེའི་ཆུས། །གནས་ངན་མྱ་ངམ་མེ་ལྕེ་རབ་བཅིལ་ཡང་། །ངེས་པར་འགྲོ་ཀུན་བྱང་ཆུབ་ལ་སྦྱོར་བ། །ཚངས་པའི་གསུང་ལས་བྱུང་བའི་ཆོས་སྒྲར་བྱས། །གང་དེ་སྡུད་པོ་རྣམས་ཀྱིས་གླེགས་བམ་དུ། །ཉེར་བཀོད་དག་དང་མ་དག་ཞིང་ཁམས་གྲངས། །གངྒཱའི་རྡུལ་གྱི་མཐའ་སྙེད་བཞུགས་པ་ཡི། །མིང་ཚད་བརྗོད་པ་སངས་རྒྱས་ཉག་གཅིག་ཡུལ། །སྔོན་དང་ཕྱི་མར་རིམ་བྱོན་ལོ་པཎ་


GLG016_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །བཀའ་དྲིན་ཟླ་མེད་རྣམས་ཀྱིས་ཡོངས་བསྒྱུར་བའི། །རྒྱ་མཚོ་ཆེ་ལས་ཨ་མྲའི་ཚི་གུ་བཞིན། །ཆབས་གཅིག་བཞུགས་པའི་ཆོས་ཀྱི་ཕུང་པོ་ཆེ། །གང་དེ་ལས་ཕྱུང་གསང་སྔགས་ནང་གི་རྒྱུད། །ཐོར་བུ་རྣལ་འབྱོར་བྱ་སྤྱོད་ཤེར་ཕྱོགས་དང་། །འདུལ་མདོ་མུ་ཏིག་འཕྲེང་ལྟར་ཡོངས་བསྒྲིགས་པར། །བཀའ་རྣམས་འགྱུར་རོ་ཅོག་གི་མིང་དུ་སྙན། །དཀར་འཇམ་ཤོག་བུའི་མེ་ལོང་དངས་པའི་ངོས། །སྡེབ་གཟུགས་ངོ་མཚར་སྣང་བརྙན་རབ་གསལ་བའི། །བརྒྱ་ཕྲག་གླེགས་བམ་འདི་བསྐྲུན་བྱེད་པོ་རུ། །གཏོགས་ཀུན་འདི་ཕྱིའི་འདུན་མ་ལྷུན་གྲུབ་ཤོག །རྒྱལ་བསྟན་ནོར་འཛིན་ལུས་ཕྲའི་མངལ་ཡངས་པོར། །རིས་མེད་སྐྱེ་རྒུའི་བདེ་སྐྱིད་ཙནྡན་ལྗོན། །ལེགས་སྦྲུམ་ལང་ཚོ་དར་བའི་དྲི་བསུང་གིས། །དཀར་མིན་ལས་ཀྱི་ཚ་གདུང་མཐར་བྱེད་ཤོག །བསོད་ནམས་བྱས་པ་འདིས་མཚོན་དུས་གསུམ་དུ། །བསགས་དང་གསོག་འགྱུར་དགེ་བ་མ་ལུས་པ། །སྙིང་རྗེའི་ཡུལ་གྱུར་མཁའ་མཉམ་མ་རྒན་ཚོགས། །རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུ་རུ་བསྔོ། །ཞེས་དཀར་ཆག་སྨོན་ལམ་གི་ཚིགས་སུ་བཅད་པ་འདི་ནི་ལྷ་ས་ཆུ་མིག་ཁ་པས་བཀའ་འགྱུར་རིན་པོ་ཆེ་བཞེངས་པའི་དུས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །


GLG016_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྐནྡྷམཧཱགཱཎསྱཛགཱ སོཀྲྀཏྱསུཀལྦེདཱིཔཙརཱཤ ། ཙིཏྟབལེཎཱརོཏྟརགོརོདྷསྟརྀཔཱལཱཤཱཀྱམུནིཉྩ། །ལུས་ཅན་ཚོགས་ཀྱི་བསོད་ནམས་ཕུང་པོ་ཆེ། །སྤུངས་པའི་སྒྲོན་མེའི་བསྐལ་པ་བཟང་པོ་ལ། །སྙིང་སྟོབས་མཆོག་གི་བླ་ནས་བླར་མཐོ་བ། །བཅོམ་ལྡན་ཤཱཀྱ་སེང་གེས་འགྲོ་རྣམས་སྐྱོངས། །གཡས་འཁྱིལ་མགུར་ནས་ཚངས་དབྱངས་ཆོས་ཀྱི་སྒྲ། །རིགས་གསུམ་གདུལ་བྱར་བསྒྲགས་པའི་བཀའི་སྡུད་པོ། །མི་བརྗེད་གཟུངས་ཐོབ་སྨྲ་བའི་སྤོབས་པ་ཅན། །མཐའ་དག་བསྟན་པ་རིན་ཅེན་སྲོག་གི་ཤིང་། །ཐུབ་གསུང་འཁྲུལ་མེད་དགོངས་པ་ཡོངས་འགྲེལ་ཞིང་། །དེ་དོན་ཉམས་བསྟར་འཕགས་ཡུལ་པཎ་གྲུབ་ཚོགས། །ལྗོངས་འདིར་སྒྱུར་བྱེད་ཞུས་ཆེན་འཇིག་རྟེན་མིག །རྣམ་ཐར་ཟླ་འོད་བདག་སྙིང་ཀུནྡ་བཞད། ཁྱད་པར་ཆོས་རྒྱལ་མེས་དབོན་མཁན་སློབ་ཟུང་། །ཐུགས་རྗེ་མ་ལ་


GLG016_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཡི་དྲི་བསུང་གིས། །གངས་ཅན་ཉེས་བརྒྱའི་ཚ་གདུང་རབ་བཅིལ་བའི། །མཛད་བཟང་ཡིད་ཀྱི་ནད་སེལ་བདུད་རྩིའི་བཅུད། །མ་འདྲེས་ཀུན་ལ་རྗེས་བརྩེའི་ལྷག་བསམ་ཕུལ། །རྨད་བྱུང་ཇོ་འབྲོམ་དེ་སྲས་རིགས་ཀྱི་ཚ། །ཡང་དཔོན་བཅས་པའི་བཀའ་གདམས་རིན་ཅེན་འཕྲེང་། །གཙང་མའི་རྣམ་ཐར་རྡུལ་བྲལ་སྟོན་ཟླ་བཞིན། ཤེས་བྱར་གང་སྲིད་བློ་ཆེན་སྤྱན་རས་ཀྱིས། །མངོན་སུམ་གཟིགས་པས་ཐམས་ཅད་མཁྱེན་པའི་མཚན། །བརྗོད་པ་དོན་ལྡན་བློ་བཟང་གྲགས་པའི་དཔལ། །སངས་རྒྱས་ཀུན་དངོས་ཞབས་པད་གཙུག་ན་མཛེས། །རྣམ་འདྲེན་མཛད་པའི་རྩེ་མོའི་ཕ་རོལ་ཏུ། །ཕྱིན་པའི་གསུང་གསང་མི་ཟད་འཁོར་ལོའི་མཛོད། །འབྲི་ཀློག་ལུང་ནོད་བསོད་ནམས་གཟུགས་གྲུབ་ན། །མེས་པོས་སྤྲུལ་པའི་སྲིད་གསུམ་སྣོད་དུ་ཆུང་། །དེ་ཕྱིར་ཕན་ཡོན་དཀྱུས་ཚད་རིང་པོའི་མཐའ། །བརྒལ་བའི་མཁྱེན་པས་གཞལ་དཀའི་ངོ་མཚར་གྱིས། །རབ་ཕྲོགས་ཡིད་དབང་རྨ་བྱ་ཚུལ་འདི་ལ། །འཇུག་འདོད་དགའ་བའི་སྒྲོ་གཤོག་ཟླུམ་པོར་འཁྱིལ། །བྱེ་བ་ཕྲག་བརྒྱའི་རྡུལ་གྱི་གྲངས་མཉམ་ཞེས། །ཆོས་ཕུང་རྒྱ་མཚོ་འདྲེན་པར་ནུས་མིན་ཡང་། །སཱ་ལའི་ལྗོངས་འདིར་སྔ་ཕྱིར་ལེགས་བསྒྱུར་བཀའི། །དེབ་ཐེར་མཁས་མང་གསུང་གི་འཕྲེང་བར་སྤེལ། །མ་དང་མཁའ་འགྲོས་གསང་བའི་རྒྱས་བཏབ་པ། །ཟབ་ཅིང་ཆེས་ཆེར་གཉན་པའི་ཡོ་ག་གསུམ། །ཕང་ཐང་ལྡན་དཀར་མར་གྲགས་གླེགས་བམ་དུ། །མ་བཀོད་ཁྲི་སྲོང་བཀས་བཅད་ཚུལ་དང་མཐུན། །ཕྱི་དར་སྣར་ཐང་ཆོས་ཀྱི་གྲྭ་ཆེན་པོར། །བསྒྲིགས་དང་སི་ཏུ་དགེ་བློའི་བཞེད་པ་སོགས། །དྲི་མེད་ཐུབ་བསྟན་རིན་ཅེན་སྲིད་མཐའི་


GLG016_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བར། །མི་ཉམས་ཡུན་དུ་གནས་པའི་རྩ་ལག་མཆོག །མདོ་ཕྱོགས་ཕྱི་འགྱུར་རྒྱུད་སྡེའི་རྙོག་མ་རྣམས། །ཀུན་མཁྱེན་བུས་དབྱུང་སྔ་འགྱུར་དཔྱད་བཞེད་འཕྲོར། །ལུས་འབྱམས་ཐེམ་སྤངས་མ་སྟེང་རྣལ་འབྱོར་གསུམ། །གཙོ་བསྡུས་ཚལ་པའི་པུ་སྟ་ཀ་བཞིན་བཀོད། །འཇམ་མཉེན་ཤོག་བུའི་དོ་རའི་ནགས་ཀླུང་དུ། །མིག་སྨན་མདངས་ཅན་གཟུགས་ལེགས་ཡི་གེའི་ལྗོན། །བརྡ་དག་ཡལ་འདབ་ཀྱིས་དུད་ཨ་མྲའི་འབྲས། །དཔྱོད་ལྡན་རོ་བརྒྱ་བདའ་བའི་གཡང་ཞིག་ཆགས། །ཆོས་དཀར་རཱ་མ་ཎ་ཡི་དཔག་ཆེན་མདས། །སྡིག་སྒྲིབ་ལངྐའི་མགྲིན་པ་ཉེར་བཅད་ནས། །ཐར་པའི་སཱི་ཏ་གྲོགས་སུ་རབ་བཀུག་སྟེ། །བདེ་ཆེན་རྩེ་དགར་འགྲོ་རྣམས་རྟག་རོལ་ཤོག །སྤྱི་དང་ཁྱད་པར་འཇམ་མགོན་བཙོང་ཁ་པའི། །བསྟན་སྲིད་དཔག་བསམ་རྩ་བ་ཆེས་སྦོམ་པ། །བསྐྱེད་བསྲིངས་སྡོང་པོ་དར་དྲག་གྲིབ་བསིལ་དུ། །རྒྱ་ཧོར་བོད་ཀྱི་ལུས་ཅན་ཉེར་འཚོ་ཤོག །བསོད་ནམས་གསེར་གྱི་འཁོར་ལོ་མཁར་འཕགས་པ། །ཡངས་པའི་ས་ལ་དབང་སྒྱུར་མི་ཡི་བདག །འཕྲིན་ལས་རྒྱ་མཚོ་སྐྱེ་བར་བདེ་འགྲོའི་སྲིད། །བཟུང་སྟེ་རིང་མིན་རྣམ་མཁྱེན་འཐོབ་པར་ཤོག །ཚུལ་འདིར་ལུས་ངག་ཡིད་ཀྱིས་ཕན་པའི་ལས། །ཆེས་ཕྲ་རྡུལ་གྱི་ཆ་ཡིས་མཐའ་བརྟེན་ནས། བྱེད་པོར་གཏོགས་ཀུན་བརྒྱ་བྱིན་ལེགས་བྱས་ལ། །བགོ་བཤར་བྱེད་པའི་དབང་ཐང་འཐོབ་པར་ཤོག །འཇིག་རྟེན་གསུམ་དང་ཁྱད་པར་པུར་རྒྱལ་འདིར། །སྙིགས་མར་སྤྱོད་པའི་དཀར་མིན་འབྲས་བུའི་ཚོགས། །མིང་ཡང་མི་གྲགས་རྫོགས་ལྡན་སྐྱེ་རྒུ་ལྟར། །མ་སྨད་བདེ་སྐྱིད་དགའ་སྟོན་ལ་སྤྱོད་ཤོག །མྱུར་འགྲིབ་ལྕགས་ཁམས་འཛད་མེད་གསེར་སྦྱངས་སུ། །སྒྱུར་བྱེད་མཁའ་མཉམ་ཆེད་དུ་བསྔོས་པའི་རྩིས། །འགྲོ་དང་མི་འགྲོའི་ཡིད་ཅན་མ་


GLG016_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ། །སྐུ་གསུམ་གཏེར་ཆེན་བུམ་བཟང་ལ་སྤྱོད་ཤོག །དཀོན་ཅོག་ཐུགས་རྗེ་མཐོ་རིས་ཆུ་བོ་ཡིས། །མི་ཤིས་བགྲོད་བྱེད་དྲི་མ་རབ་བཀྲུས་ནས། །ཕུན་ཚོགས་ཁྱབ་འཇུག་རྐང་པའི་རྒྱལ་མཚན་རྩེར། །དགེ་ལེགས་ནོར་བུའི་ཏོག་གི་གཟི་འབར་ཤོག །ཅེས་ཕྱག་མཛོད་ས་སྐྱོང་འཕྲིན་ལས་རྒྱ་མཚོ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་མངོན་མཐོ་ངེས་ལེགས་ཀྱི་ས་བོན་ཁྱད་པར་ཅན་སྐྲུན་པའི་སླད་དུ་བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་གསར་མའི་རྒྱུད་འབུམ་མདོ་འདུལ་ཤེར་ཕྱོགས་འགྱུར་རོ་ཅོག་དང་། གསང་སྔགས་སྔ་འགྱུར་གྱི་རྒྱུད་གཙོ་བསྡུས་གླེགས་བམ་གསུམ་དང་བཅས་ཡར་ཀླུངས་ཐང་པོ་ཆེར་བཞེངས་སྐབས་དཀར་ཆག་སྨོན་ལམ་གྱི་ཚུལ་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །(སྡེབ་སྦྱོར་དཔྱིད་ཀྱི་ཐིག་ལེ)ཨོཛོརབེཀརུཎཱམཧྱཙནཱཡུཀཉྩཱཏྲིལོཀཀརཱཨཱནྟིཀཨནྡྷཀཱར། །བྷཱུཏཱམྲྀཏཏྲིདཤགོཏམདཱཝརཱཔཱདྷུཡཱཾཤུ་བྷཱནུསུཁཧཾཧྱཨསཾཁྱཛཡ༔ ། མགོན་ཁྱོད་ཐུགས་རྗེ་ཆེན་པོའི་ཉི་མའི་གཟིས། །འཇིག་རྟེན་གསུམ་གྱི་སྨག་རུམ་མཐར་བྱས་ཏེ། །གྲངས་མེད་ཕན་བདེའི་འོད་སྣང་མཆོག་སྦྱིན་མཁན། །ལྷ་ཡི་ལྷར་གྱུར་ཟས་གཙང་སྲས་པོ་རྒྱལ། །


GLG016_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་ཐུགས་འཇམ་མཉེན་པདྨ་སྐུད་པ་ཡིས། །ཡིད་སྲུབས་གླང་སྨྱོན་འཆིང་བའི་མི་ཕམ་མགོན། །མཁྱེན་རབ་མཚོན་གྱིས་མི་ཤེས་དྲྭ་བའི་ཚོགས། །གཅོད་མཁས་ཟུར་ཕུད་ལྔ་པ་ཕྱག་གི་ཡུལ། །ཆོས་ཕུང་ཇི་སྙེད་ཐོས་ཀུན་མི་བརྗེད་པའི། །གཟུངས་ཐོབ་རྣམ་པར་གྲོལ་བའི་དགྲ་བཅོམ་ཆེ། །འོད་སྲུངས་ལ་སོགས་བཀའ་བསྡུ་ལེགས་མཛད་དྲིན། །སྟོང་གསུམ་ནོར་བུས་བཀང་ཡང་གཞལ་ནུས་མིན། །རྒྱུ་འབྲས་མཆོག་དམན་ཐེག་པ་མཐའ་ཀླས་པ། །འགྲེལ་མཁས་ཤིང་རྟ་ཆེན་པོ་ཟུང་ལ་སོགས། །དབུས་འགྱུར་ལྔ་རིག་སོགས་དང་ཆེས་མཐོའི་སར། །རབ་གཤེགས་གྲུབ་པའི་དབང་ཕྱུག་ཡོངས་ལ་དད། །ཀུན་བཟང་རིགས་གསུམ་སྒྱུ་འཕྲུལ་དྲ་བའི་གར། །གངས་ཀྱི་ར་བས་བསྐོར་བའི་སྨན་ལྗོངས་འདིར། །ལེགས་རོལ་སྤྲུལ་པའི་རྒྱལ་བློན་རིམ་བྱོན་རྣམས། །སངས་རྒྱས་ཐུགས་རྗེ་མངོན་སུམ་གཟུགས་ཅན་གཞན། །གདུལ་དཀའི་ལྷ་སྲིན་སྲོག་སྙིང་རབ་བླངས་ནས། །བོད་ཡུལ་དཀར་པོར་སྒྱུར་མཛད་པདྨ་འབྱུང་། །ཉེས་ལྟུང་སྐྱོན་བྲལ་ཚུལ་ཁྲིམས་དྲི་བསུང་གིས། །བསྟན་པའི་རྩ་ལག་མཁན་ཆེན་ཞི་བ་འཚོ། །ལོག་ལྟའི་རི་དྭགས་མགོ་འགེམས་འཇིགས་མེད་ཀྱི། །སྒྲ་དབྱངས་ཆེར་སྒྲོག་ཀ་མཱ་ལ་ཤཱི་ལ། །སྐ་ཅོག་ཞང་གསུམ་རིན་བཟང་འབྲོག་མལ་མར། །ས་རྔོག་ཤོང་སོགས་མཁས་གྲུབ་ཚོགས་ལ་འདུད། ཁྱད་པར་སྨོན་ལམ་ཤིང་རྟ་བདུན་པའི་ཤུགས། །བཙན་པོ་འགོག་པ་མེད་པས་ལྗོངས་འདིའི་མཁར། །རབ་བགྲོད་བསྟན་པའི་ཉི་མ་ཨ་ཏི་ཤ ། འབྲོམ་སྟོན་བརྒྱུད་པར་བཅས་པའི་བཀའ་གདམས་རྒྱལ། །སྲིད་པའི་


GLG016_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་རྨོངས་སྦྱིན་སྐྱེས་སྟོབས་ལྡན་གཟུགས། །རྣམ་དཔྱོད་ཡངས་པའི་གོམས་གཅིག་སྒྱུ་ཐབས་ཀྱིས། །འོག་བཅིངས་ཤཱཀྱའི་རིང་ལུགས་མིག་མི་འཛུམ། །རྒྱལ་བའི་རུ་མཚོན་རྩེར་བསྒྲེང་བཙོང་ཁ་པ། །རྒྱ་གར་ནཻ་པཱ་ལ་དང་བོད་ཡུལ་དུ། །ཞི་བའི་སྒོ་བརྒྱ་མཁྱེན་དཔྱོད་ལྡེ་མིག་གིས། །འབྱེད་མཛད་དམ་པའི་ཚོགས་ཀྱི་རྣམ་ཐར་ལ། །བསམ་གྱིན་གདུལ་བྱའི་ལུས་ཅན་སྐལ་བཟང་དཔྱིད། །རང་བཟོའི་དཔེ་ཧྲུལ་ཙམ་མིན་དགོངས་འགྲེལ་རྣམས། །ཚད་མར་བསྒྲུབ་པའི་ལུང་ཁུངས་རྒྱལ་བའི་བཀའ། །ངེས་པར་བསྟན་པའི་རྩ་ལག་དམ་པ་འདི། །ཡི་གེར་འབྲི་ལས་ལྷག་གཞན་བསོད་ནམས་སུ། །སྙིགས་དུས་ཐམས་ཅད་མཁྱེན་པ་བུ་སྟོན་རྗེའི། །ཆོས་འབྱུང་ཇི་བཞིན་ཡིད་ཆེས་ཚད་མའི་སྟེང་། །མཁའ་འགྲོའི་ཁ་རླང་དངར་པོར་འཐུལ་བའི་རོ། །སྔ་འགྱུར་རྒྱུད་ཀྱི་གླེགས་བམ་གཙོ་བསྡུས་བཞུགས། །ཐུབ་གསུང་རི་མོར་བྲིས་དགེ་གངྒཱའི་ཡབ། །ཆེས་དཀར་གཙུག་ཏོར་ནས་བབས་མཐོ་རིས་ཆུས། །གནམ་བསྐོས་དཱ་ཡན་རྒྱལ་པོའི་རང་རྒྱུད་ཀྱི། །ལས་ཉོན་དྲི་མ་མ་ལུས་དྲུངས་འབྱིན་ཤོག །མི་རྗེ་རིགས་ཀྱི་ཐིག་ལེའི་བཙན་པོའི་ལུང་། །འཛམ་གླིང་ཀུན་གྱི་གཉའ་བར་རབ་ལྕི་བ། །དུས་ཀྱི་བདག་པོར་གྲུབ་པའི་དབང་ཐང་ཤུགས། །དར་དྲག་ཤིས་པའི་མཚན་མ་རྟག་འབར་ཤོག །མངའ་འབངས་ཉ་ཕྱིས་ཡངས་པའི་ཁོག་པ་རུ། །བསོད་ནམས་མུ་ཏིག་འཁྲི་ཤིང་ཉེར་སྤུངས་པ། །རིན་ཐང་ཚད་བྲལ་བདེ་སྐྱིད་མི་འཛད་པའི། །དགའ་སྟོན་མཆོག་དམན་ཀུན་ལ་གཏོང་བར་ཤོག །རིན་ཅེན་གསུམ་གྱི་ཐུགས་རྗེའི་སྤྱན་རས་རྡུལ། །རྗེ་འབངས་རང་རྒྱུད་སྣོད་དུ་ལྟུང་བའི་མོད། །སྔོན་ཤོམས་སྡིག་འབྲས་བརྩེགས་པ་ནག་པོའི་དྲིས། །ཆ་ཙམ་


GLG016_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གོས་པ་མེད་པར་དྲུངས་པར་ཤོག །གཟོ་གཡོས་བཀོད་པ་བྲན་དང་ཡང་བྲན་དུ། །ཉེར་བཀོལ་ཚུལ་འདིར་མཐུན་རྐྱེན་བསྒྲུབས་སོ་ཅོག །ཆོས་དཀར་གཟིངས་ཀྱིས་འཁོར་བའི་མཚོ་བསྒྲལ་ཏེ། །ཐར་པའི་རིན་ཅེན་གླིང་དུ་བགྲོད་པར་ཤོག །དེར་མ་གྱུར་པའི་སྲིད་འཁྱམས་མཐའ་དག་ཏུ། །ལྷ་མིའི་རྟེན་བཟང་རབ་རྙེད་སྡུག་བསྔལ་གྱི། །ཟུག་རྔུས་གཙེས་པ་མེད་པར་བདེ་བ་ལ། །སྒོ་གསུམ་ངལ་གསོར་ལོངས་སུ་སྤྱོད་པར་ཤོག །ས་འོག་ས་སྟེང་ས་བླར་གནས་པའི་འགྲོ། །སྤྱི་དང་ཁྱད་པར་བོད་ཡུལ་སྨན་ལྗོངས་འདིར། །རྒུད་པའི་མིང་ཙམ་བཙལ་ཡང་གྲགས་མིན་པར། །སུམ་རྩེན་བདག་པོའི་ངང་ཚུལ་ཉམས་མྱོང་ཤོག །རིས་མེད་སེམས་ཅན་ཀུན་གྱི་ཕན་བདེའི་གཞི། །རྒྱལ་བའི་བསྟན་པ་རིན་ཅེན་རྩེར་སོན་པ། །བློ་བཟང་གྲགས་པའི་རིང་ལུགས་ཉི་ཟླ་ཡིས། །འཇིག་རྟེན་མུན་སེལ་དེ་སྲིད་རྒྱས་པར་ཤོག །དཀོན་ཅོག་བྱིན་རླབས་ཡིད་ལ་ཡོངས་སིམ་མཐུས། །བཀྲ་ཤིས་དཔལ་གྱི་བེའུ་སྙིང་ག་རུ། །གཡས་འཁྱིལ་ཕུན་སུམ་ཚོགས་པའི་ཁྱུ་མཚོག་ལ། །ཞོན་ནས་ཕྱོགས་ལས་རྣམ་པར་རྒྱལ་བར་ཤོག །ཅེས་གནམ་སའི་དབང་ཕྱུག་བསྟན་འཛིན་དཱ་ཡན་རྒྱལ་པོ་དུས་ཀྱི་ཕོ་ཉས་དྲངས་པའི་ཚེ་ཡང་སྲིད་ཀུན་ཏུ་མངོན་མཐོ་ངེས་ལེགས་ཀྱི་ས་བོན་ཁྱད་པར་ཅན་བསྐྲུན་པའི་རྒྱུའི་གཙོ་བོ་བདེ་བར་གཤེགས་པའི་གསུང་རབ་རྣམས་ཡི་གེར་བཀོད་པའི་ཚེ་དཀར་ཆག་སྨོན་ལམ་གྱི་ཚུལ་དུ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པོ་ནི་གནས་བན་འཇམ་དབྱངས་སོ། །ས་བྱ་ཡར་ཀླུངས་རི་བོ་ཆོས་གླིང་གི་དངུལ་གདུང་གི་དེབ་ཐེར་འགོ་བརྗོད་དུ་བཀོད་པ་རིན་


GLG016_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མཛེས་པའི་ཕྲ་ཚོམས། (སྡེབ་སྦྱོར་མེ་ཏོག་ཕྲེང་ཅན། )དཱིཧཱནཱསུཾབྷབཱགྲེསཱརཏྭཾཏྲིདྷཱཏཱིཤདྷཱསཾམཧཱདེབཔཱདཱངྒུལེ༔། སྤྲུཤམཏྲོཏུབཀོཌིཏཱདྷཱནསེནཱསྱནྟཱིཡདྭཀྵིཎྱཀུ་ནྲཀུརུ། རིང་པོའི་སྣ་ཞགས་སྲིད་པའི་རྩེར་བརྐྱངས་ནས། ཁམས་གསུམ་དབང་སྐུར་ལྷ་ཆེན་ཞབས་སོར་གྱིས། །རེག་ཚེ་ནེལ་ལེའི་ཁ་ནས་སྐྱུགས་པའི་ནོར། །སྡེ་འདིའི་ཡོལ་གོར་གཡས་སུ་འཁྱིལ་བར་མཛོད། །ཕུན་ཚོགས་སཱ་ལའི་ལྗོངས་ཀྱི་རི་བོའི་ངོགས། །ཞི་བའི་ལམ་བཟང་དོན་དུ་གཉེར་བའི་ཆོས། །ཐུབ་གསུང་ཇི་བཞིན་ཉམས་ལེན་འདུས་པའི་གླིང་། །ཡིད་ཅན་བསོད་ནམས་རྒྱ་མཚོའི་ཞིང་གི་དཔྱིད། །གང་དེའི་ཀུན་དགའ་ར་བའི་རྟེན་ཀྱི་གཙོར། །རིན་ཅེན་གཉིས་པའི་མཆོད་སྡོང་ཚར་དངར་བ། །སྣ་ཚོགས་ནོར་བུའི་ཕྲ་ཡིས་ལེགས་མཛེས་པའི། །གསལ་བྱེད་དཀར་ཆག་ཡི་གེའི་འཕྲེང་བར་སྤེལ། །ཞེས་ཤིས་པ་བརྗོད་པ་སྔོན་དུ་བཏང་སྟེ་ཕུན་ཚོགས་དགེ་བཅུ་ཚང་བའི་


GLG016_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྲུ་ཡར་ཀླུངས་ཀྱི་སའི་ཆར་བསོད་ནམས་རྒྱ་མཚོའི་ཞིང་གྱུར་རི་བོ་ཆོས་གླིང་གི་དངུལ་གདུང་ཆེན་མོའི་དེབ་ཐེར་བཀོད་པ་ལ། ༦ ས་བྱ་ས་ཆ་ཡར་ཀླུངས་རི་བོ་ཆོས་གླིང་གི་གཙུག་ལག་ཁང་གཙང་ཁང་མགོན་ཁང་བཅས་པའི་མཆོད་རྫས་ཀྱི་དེབ་ཐེར་འགོ་བརྗོད་དུ་བཀོད་པ་ནེལ་ལེའི་ཁ་ནས་བབས་པའི་ནོར་བུ་དགའ་འཁྱིལ་སོགས། (སྡེབ་སྦྱོར་ཆུ་འཛིན་འཕྲེང་བ། )ཡུཥྨགླུཁྱཻམལབྷསབྷཱསྭནྟེབྷིཿདཱརིདྲྭཱནྟཾནམཀཤིཥྛནྟེཀྲྀཏྱེལཀྞིཤནྟཾབྷབིཀཧིཀཱ་མཾདྷེནོནཻཙྩཾཏེབྷི༔དྷནཔཏིཤུབྷཾཡཙྪ། ཁྱོད་ཞལ་འཛུམ་འཕྲེང་ལས་འཕྲོས་འོད་སྣང་གིས། །དབུལ་མུན་མིང་གི་ལྷག་མར་མཐར་བྱས་ཏེ། །ཕུན་ཚོགས་སྲིད་ཞིའི་འདོད་པ་འཇོ་བའི་གཏེར། །རྒྱལ་ཆེན་ངལ་བསོས་པོ་དེས་དགེ་ལེགས་སྩོལ། །གངས་ཅན་རི་བོས་བསྐོར་བའི་གཡོན་རུའི་ཆར། །ཐོས་བསམ་སྒོམ་པར་བྱེད་པའི་ཆོས་ཀྱི་ཚུལ། །ལེགས་བསྟར་ཁྲིམས་ལྡན་གླིང་གི་གནྡྷོ་ལའི། །དེབ་ཐེར་མུ་ཏིག་འཕྲེང་མཛེས་སྤེལ་བྱེད་ན། །མྱུར་མཛད་མགོན་པོ་ལས་ཀྱི་གཤིན་རྗེ་གཤེད། །སྲིད་


GLG016_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏཱི། །བསྟན་སྲུངས་རྒྱ་མཚོས་མེལ་ཚེ་ལེགས་མཛད་ནས། །བསམས་པའི་རེ་བ་སྐོང་བའི་ལས་མཛོད་ཅིག །ཅེས་ཤིས་པ་བརྗོད་པའི་ཚིག་སྔོན་དུ་བཏང་ནས་དགེ་བཅུ་ཀུན་ཚང་ཡར་ཀླུངས་ཀྱི་སའི་ཆར་ཁྲིམས་ལྡན་འདུས་པའི་སྡེ་རི་བོ་ཆོས་གླིང་གི་གཙུག་ལག་ཁང་དང་གཙང་ཁང་སོགས་ཀྱི་མཆོད་རྫས་རྣམས་དེབ་ཐེར་དུ་བཀོད་པ་ལ། ས་བྱ་ཟླ་བ་བརྒྱད་པའི་ཚེས་གཅིག་གི་བཟའ་ཚེས་བཟང་བའི་ཉིན་ཆོས་དཔོན་བློ་བཟང་མཐུ་སྟོབས་སྲིད་སྐྱོང་གི་ཁུར་ལེན་དུ་བསྐོ་བཞག་བགྱིས་སྐབས་འདོད་ཁམས་དཔལ་ལྡན་རེ་མ་ཏིར་ཐམ་ཀའི་ཕུད་ཕུལ་བའི་ཁ་བྱང་ཕུན་ཚོགས་སྡེ་བཞིར་སྤྱོད་པའི་སྐལ་བཟང་། སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏཱིར། །བཀྲ་ཤིས་རི་མོ་རབ་གསལ་ཐམ་ཀའི་ཕུད། །ཕུལ་བས་ཕུན་ཚོགས་སྡེ་བཞིའི་དགའ་སྟོན་ལ། །སྤྱོད་པའི་སྐལ་བ་བཟང་པོར་བདག་བྱིན་རློབས། །ལྷོ་བྲག་གུང་རྒྱལ་གྱི་ཡོང་སྒོ་ལེན་ཐེབ་འགོ་བརྗོད་སྨུག་འཛིན་བང་མཛོད། སྭ་སྟི་པྲ་ཛཱ་བྷྱ༔ འཇམ་མཉེན་ཨུཏྤལ་ཉག་ཕྲན་འཕངས་ཙམ་གྱིས། །འཁོར་འདས་བརྟན་གཡོ་འགུགས་པའི་སྒྱུ་ཐབས་མཁན། །རྗེ་བཙུན་བཅོམ་ལྡན་འདས་མ་རིགས་བྱེད་མས། །སྲིད་ཞིའི་འདོད་དགུ་མ་ལུས་འཇོ་བར་མཛོད། །གསེར་གྱི་ལྷུན་པོ་ཉི་མའི་གོས་གྱོན་པས། །བསྒྲུན་མིན་རྣམ་མང་ཐོས་པའི་སྲས་ཁྱོད་ཀྱིས། །ཕྱག་སོར་གྱིས་བཙིར་ནེ་ལེའི་ཁར་བབས་པའི། །ནོར་བུའི་ཕུང་པོ་དེང་འདིར་འཁྱིལ་བར་མཛོད། །དགུང་ལྟར་ཆེས་མཐོ་རྣམ་རྒྱལ་བཀའ་བཏགས་ལུང་། །མངའ་འབངས་རལ་པའི་རྩེར་འགོད་གཞིས་ཀ་ཡི། །འབྲུ་ཤ་རྩི་བཅུད་ལ་སོགས་དཔྱ་ཁྲལ་རྣམས། །སྡུད་པའི་དངོས་དོན་དེབ་ཐེར་འདི་ན་སྤེལ། །ཞེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ནས་འཕགས་པའི་ཡུལ་དུ་སྟོད་


GLG016_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་བའི་རྗེས་སུ་འབྲངས་ཏེ་ཞི་བར་འབོད་པ་གངས་རིའི་ལྗོངས་འདིར་རྒྱ་ནག་པོའི་གཙུག་ལག་དང་བསྟུན་ས་མོ་བྱའི་ལོའི་ཟླ་བ་ཆེ་ག་མོ་ཞེས་བྱ་བའི་གཟའ་སྐར་དུས་སྦྱོཪ་ཕུན་སུམ་ཚོགས་པའི་ཉིན་ལྷོ་བྲག་གང་རྒྱལ་བཀའ་ལུང་གཞིས་ཀའི་འབྲུ། ཤ་མར། རྩྭ་སོག །དཔུས་ཆ་སོགས་ཀྱི་དེབ་ཐེར་གསར་དུ་བཀོད་པ་ལ། དོན་ཀུན་གྲུབ་ཞལ་མ་དྲོས་ཆུ་ཀླུང་ལས། །ལྟ་སྤྱོད་ལམ་གྱི་རིམ་པའི་གངྒཱའི་རྒྱུན། །རྣམ་དཔྱོད་ཧུབ་གཅིག་གིས་འཐུང་འཕགས་བོད་ཀྱི། །མཁས་གྲུབ་བརྒྱུད་མར་ལེགས་བྱོན་སྣང་བརྙན་འདི། །གཞུང་ལུགས་རྒྱ་མཚོར་ལྟ་བའི་མིག་ཡངས་པ། །སྡེ་དྲུག་མཁན་ཆེན་དཀོན་ཅོག་བསྟན་འཛིན་གྱིས། །ཀུན་བཟང་ལ་སོགས་གཉེན་བཤེས་རྣམས་ཀྱི་དོན། །པད་རྩ་ལྟར་དཀར་ལྷག་པའི་བསམ་པས་བསྒྲུབས། །སྣ་ཚོགས་ཚོན་དང་ཉེ་བའི་མན་ཤེལ་བཞིན། །མ་སྨད་རི་མོའི་བྱེད་པོ་འཇམ་དབྱངས་ཞེས། །འདྲེན་བྱེད་ངོ་མཚར་འཕྲུལ་གྱིས་འདྲིད་ནུས་པས། །སྒྱུ་མ་མཁན་གྱི་ཁེངས་པ་བག་ལ་ཞ། །འབྲས་བུ་དམིགས་ཡུལ་གྱིས་མཚོན་ནམ་མཁའི་མཐས། །འཆིང་བར་ནུས་མིན་མར་གྱུར་འགྲོ་བ་ཀུན། །ཡེ་ཤེས་མཆོག་གི་ཁང་པར་ལེགས་འཁྲིད་པའི། །ས་ལམ་རིན་ཅེན་ཐེམ་སྐས་འགྲུབ་རྒྱུར་བསྔོ། །ཞེས་སྡེ་དྲུག་མཁན་པོ་དཀོན་ཅོག་བསྟན་འཛིན་གྱིས་ནང་སོ་ཀུན་བཟང་སོགས་གཉེན་བཤེས་རྣམས་དོན་དུ་ལམ་རིམ་བླ་བརྒྱུད་ཀྱི་སྐུ་ཐང་བཞེངས་པའི་དུས་ཞལ་བྱང་འདི་ལྟ་བུ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །


GLG016_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་རྒྱུན་ཆག་གསུམ་པ་རྒྱ་མཚོ། སུལིཁསཀལཏོ྅ཏིཤེཥཱཔྲསཾབཎྞསོཀལྤིཀེདཾསཧཔྲསྱབུདྡྷལིམོཀྟགྲཐིཎྱཾརུཔཱཡུཥཀརཎཙཀརྨབིཤྭ་སྱཙིཏྲཉྩཔརཡནྟགཱམཱམཏེརསྤཊིཀེམཱུཁཀིཉྩོདཡྀརྨཡཀཾ ། ལེགས་བྲིས་རྣམས་ཀྱིས་ཆེས་ཆེར་རབ་བསྔགས་བསྐལ་བཟང་འདི་ལ་སངས་རྒྱས་སྟོང་གི་མུཾ་ཀྟ་ཀ་འཕྲེང་ཚར་དངར་བ། །སྐུ་ཚེ་མཛད་འཕྲིན་སྣ་ཚོགས་ཚོན་རིས་མཐའ་ཀླས་འགྲོ་བློའི་མན་ཤེལ་ངོས་སུ་ཅིར་ཡང་འཆར་བའི་སྒྱུ་མའི་འཕྲུལ། ཛྙདཡཀཤཀནཻཀསརྦཾསམཱསེམྷབེནྡུསྭཡཱུཀལེཡུཀྟཀལྐཉྩསཱརཱནིརོདྷེཧིསཱུདཡརཔིམཡཔུཏྲཀེཝཉྩཏནཾ་པྲཛཀླེཤཏྭསྐུརུཥེཤིཏསིནྭནྟསོཧིཏྱཤོཀྶཾཀུརུ། མཁྱེན་བརྩེ་ནུས་ཀུན་གཅིག་བསྡུས་དངོས་ཟླ་འོ་སྐོལ་རྩོད་ལྡན་སྙིགས་མར་སྤྱོད་མཚོར་འགོག་མེད་ལེགས་ཤར་ཟས་གཙང་སྲས། །རྒྱུད་ལྔའི་ཡིད་ཅན་ཉོན་མོངས་ཚ་གདུང་ཐུགས་རྗེའི་ག་བུར་གཟེགས་མས་མཐར་བཅིལ་ཕན་བདེའི་སྣང་བ་ཆེས་དཀར་མཛོད། །


GLG016_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་གསུང་ཞབས་འཁོར་ལོས་མཚན་མིན་སཱ་ལའི་ལྗོངས་ཞེས་བྱང་གི་ཕྱོགས་ལས་བྱང་ཕྱོགས་འདིར། །གདུལ་བྱའི་ཡིད་ཅན་ཐབས་ཀྱིས་བྲིད་ནས་ཡང་དག་ལམ་སྦྱོར་ཆོས་རྒྱལ་མེས་དབོན་རིམ་བྱོན་ཚོགས། ཁྱད་པར་སྐྱེ་རྒུའི་བསོད་ནམས་ཞིང་མཆོག་ཐུབ་པའི་ཞལ་སྐྱིན་རྒྱ་བལ་ཡུལ་ནས་འདྲེན་མཛད་པ། །ལག་ན་པད་དཀར་ས་སྐྱོང་ཚུལ་འཛིན་སྲོང་བཙན་སྒམ་པོའི་སྙན་པའི་གདུགས་དཀར་སྲིད་རྩེར་འཁོར། །འཇམ་དཔལ་རྡོ་རྗེ་མི་ཡི་ཚུལ་བཟུང་ཁྲི་སྲོང་ལྡེ་བཙན་མཛད་བཟང་གིས། །སྡོམ་བརྩོན་དམ་པ་ཞི་བ་འཚོ་དང་ཨྱོན་སངས་རྒྱས་གཉིས་པ་སོགས། །མཁས་གྲུབ་ལོ་པཎ་ཐོད་དུ་བཀུར་ཏེ་ཐུབ་བསྟན་ཟླ་བའི་ཆ་གང་ཚེ། །འཕགས་ཡུལ་ཆོས་ཀྱི་ཉི་མའི་སྤུན་ཟླར་བྱེད་པོས་ཆུ་གཏེར་བསྲུབས་པ་བཞིན། །མེས་ཀྱི་མཁྱེན་དཔྱོད་བརྩོན་པའི་སྐུ་རིང་ལ། །ལེགས་འགྱུར་བཀའ་དང་དགོངས་པ་འགྲེལ་བའི་གཞུང་། །གསར་གཅད་སྐད་ཀྱིས་གཏན་འབེབས་སྦྱིན་པའི་བདག །ཁྲི་ལྡེ་སྲོང་བཙན་མྱ་ངན་མེད་པའི་སྤུན། །མདའ་ལྔས་སྙིང་གཟེར་དར་མ་གླང་པོའི་གོམ། །ཐུབ་བསྟན་པད་མཚོར་བཀོད་ཀྱང་སྟོད་སྨད་ནས། །མདོ་སྔགས་དབྱར་གྱི་ཆུ་གཏེར་ལྟར་འཕེལ་ཚེ། །རྒྱལ་བའི་འཕྲིན་ལས་ཆད་མེད་སྟོན་པ་བཞིན། །སོ་ཟུར་གནུབས་དང་གོང་འོག་གཏེར་སྟོན་སོགས། །ཐེག་མཆོག་ཆོས་ཀྱི་གླིང་བཞིར་དབང་སྒྱུར་ཡང་། །དྲག་སྔགས་མཐུ་ཡི་ལྕགས་རིས་ཐུབ་པའི་བསྟན། །བསྲུང་ལ་ཧེ་རུ་ཀ་དཔལ་མི་ཡི་གཟུགས། །ཤིང་རྟ་ཆེ་གཉིས་བཞེད་གཞུང་དངོས་སྦས་དོན། །སྐྱེས་བུ་གསུམ་དུ་བཀྲི་བའི་གངྒཱའི་རྒྱུན། །ཐུབ་བསྟན་


GLG016_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་འཇུག་ཞབས་ཟུང་བསིལ་བྱེད་མཁན། །མར་མེ་མཛད་དཔལ་དྲང་སྲོང་ཛཿཧཱུཾ། །ལུང་རིག་མཚོན་གྱིས་ལོག་རྟོག་དྲ་བ་རྣམས། །གཅོད་མཛད་རྔོག་ལོ་ཆ་གཙང་རྗེས་འབྲང་བཅས། །ཤོང་དཔང་བརྒྱུད་པའི་སྲོལ་འཛིན་འཇིག་རྟེན་མིག །མཁྱེན་དཔྱོད་ཉི་མས་རྨོངས་མུན་ཕ་མཐར་བསྐྲད། །སྨིན་གྲོལ་རྒྱུད་བཤད་ངེས་གསང་རྡོ་རྗེ་ཐེག །འཛིན་མཛད་འཇམ་པའི་རྡོ་རྗེ་ས་སྐྱ་པ། །ཤེས་བྱའི་ས་གསུམ་བློ་གྲོས་གོམ་གཅིག་གིས། །དབང་བྱེད་དོན་གྱི་པཎ་ཆེན་བུ་སྟོན་རྗེ། །རྒྱལ་བས་གང་གཟིགས་ཇི་ལྟ་ཇི་སྙེད་ཆོས། །མཁྱེན་པས་མངོན་སུམ་ཡོངས་གཞལ་བཙོང་ཁ་པ། །བརྗོད་པ་དོན་ལྡན་ཐམས་ཅད་མཁྱེན་ཁྱོད་ལ། །ཤེས་བྱ་ཀུན་གྱིས་སྐྱབས་གཟུང་འདུད་བྱའི་ཡུལ། །ལྗོངས་འདིར་མཁས་དང་གྲུབ་པའི་འཁོར་ལོས་སྒྱུར། །རྒྱུ་སྐར་ལྟ་བུར་བགྲང་ཡས་སྔོན་བྱོན་པ། །ལྷ་ལྡན་ཟན་ཡང་མཐའ་འདུལ་ཡང་འདུལ་སོགས། །བསྟན་འགྲོའི་རྩ་ལག་ཉམས་པ་མེད་པའི་དྲིན། །འཛམ་གླིང་ཆེ་བའི་རིག་སྔགས་བརྟུལ་ཞུགས་ཀྱིས། །ནག་ཕྱོགས་ལྷ་སྲིན་སྲོག་སྙིང་ཪབ་ཕྲོགས་ནས། ཁྲག་འཐུང་གར་བསྒྱུར་གྲིབ་རྗེས་རྨང་བཏིང་བའི། །ལུགས་ཟུང་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང༌། །རྒྱལ་དབང་པདྨས་རྣམ་མང་ཐོས་པའི་བུ། །ཕོ་ཉར་མངགས་ནས་གཙུག་ལག་དཀོར་སྲུངས་སུ། །ཉེར་བཀུག་སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ་ཞེས། །དྲག་ཤུལ་གནམ་ལྕགས་ཐོག་གི་རྗེས་སུ་འགྲོ། །བཀའ་སྡོད་ལི་ཡུལ་སྡོམ་བརྩོན་དམོད་པའི་འབྲས། །བཙན་རྒོད་མཆེད་བདུན་ནང་ནས་མཐུ་རྩལ་ཅན། །ཙེའུ་དམར་པོ་དྲེགས་པའི་སྡེ་དཔོན་གྱི། །དཔུང་ཚོགས་ཁ་ལོ་སྒྱུར་བའི་ལས་བྱེད་མཁན། །


GLG016_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གང་དེས་བླང་དོར་ཉེར་བསྟན་རང་ཉིད་ཀྱིས། །སྙིང་སྟོབས་ཕྲག་པར་བླངས་ཏེ་གནྡྷོ་ལར། །སྲི་ཞུའི་བྱེད་པོ་ས་སྐྱོང་དགའ་ལྡན་པ། །གཟུགས་ཅན་སྙིང་པོ་ས་འདིར་འོངས་པ་བཞིན། །བསོད་ནམས་རླུང་བཞོན་གྱིས་དྲངས་དཀར་བའི་འབྲས། །ཙནྡན་དྲི་བསུང་བསྐྱོད་པ་དངར་བའི་ངད། །བྱང་ཆེན་ནོར་འཛིན་མཐའ་སྙེད་བསིལ་བའི་བདེ། །སྦྱིན་པའི་ཆོ་ག་རྫོགས་ལ་གཅིག་ཏུ་བྲེལ། །ཐུབ་པའི་རྟོགས་བརྗོད་ཐོས་པས་ཡིད་འཕྲོག་ན། །བྱིན་རླབས་མཐུ་དཔུང་ཡོངས་འདུས་བྱང་ཆུབ་ཆེར། །མངོན་སུམ་མཐོང་བའི་ཡུལ་འདིར་མེ་ཏོག་རྣམས། །སེམས་ལྡན་བཞིན་དུ་དད་པའི་འདབ་མ་འཛུམ། །འབྲས་བུ་འདི་དང་ཕྱི་མར་བདེ་བ་ཙམ། །མ་ཡིན་གྲགས་ཆེན་སངས་རྒྱས་གོ་འཕང་དེ། །རིང་མིན་འཐོབ་པའི་བདེན་གཏམ་དཔང་པོ་རུ། །ལྷ་མོ་བསྟན་མ་ལུས་ཕྱེད་ས་ནས་ཐོན། །སྒྲིབ་པའི་ལུས་ཅན་ནོར་དང་འཁྲུལ་བའི་གཞི། །ཡིན་ཕྱིར་ཡིད་བརྟན་མ་གྱུར་སོམ་ཉི་ན། །ཕྱོགས་བཅུའི་བདེ་གཤེགས་ཀུན་གྱིས་མགྲིན་གཅིག་ཏུ། །བསྔགས་དང་ལྷན་ཅིག་མེ་ཏོག་འཐོར་མིན་ནམ། །རྩ་བ་རབ་བརྟན་སྦོམ་པོར་བསྐྱེད་བསྲིངས་པའི། །ཡོངས་འདུ་ས་བརྟོལ་འབྲས་བུའི་ཁུར་ལྕི་བ། །དངར་བའི་ཁྱད་པར་གཞན་གྱིས་ཟླ་མེད་པའི། །རོ་བདའི་གཡང་དུ་ཆགས་པ་དངོས་པོའི་གཤིས། །ཞིང་འདིར་རི་མོར་བགྱིད་འདོད་ལྷག་བསམ་མཚོར། །བརྩོན་པའི་རི་བོ་བསྒྲིལ་ལས་ཉེར་འཐོན་པའི། །མི་བདག་བསོད་ནམས་ཉི་མ་གུང་ཤར་བ། །འཆར་ནུབ་སྤངས་པའི་སྣང་བ་རྟག་ཏུ་གསལ། །མ་སྨད་ཆོས་འཁོར་ཟན་ཡང་དྲི་གཙང་ཁང་། །རྟེན་དང་བརྟེན་པར་བཅས་


GLG016_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉམས་གསོས་དང་། །རི་མོར་བསྐྲུན་ཚུལ་ཞིབ་མོར་བརྗོད་པའི་ཁུར། །ཨ་མྲའི་ཚིག་གིས་ཆུ་གཏེར་འཇལ་བ་བཞིན། །འོན་ཏེ་མདོ་ཙམ་གླེང་པའི་དབྱུ་གུ་ཡིས། །འབྱུང་འགྱུར་མི་རྗེའི་ཐོས་འཛིན་དུནྡུ་བྷི། །བསྐུལ་བས་རླབས་ཆེན་དགེ་ཚོགས་སྒྲུབ་པའི་སྒྲ། །ཕྱོགས་བྲལ་རྣ་བར་འཇེབས་པའི་རིན་ཅེན་རྒྱན། །དེ་ཕྱིར་མགྲིན་པ་སྐྱེ་བ་ལྔ་པའི་དུང་། །བརྗོད་དོན་ལྡན་རི་མོ་གཡས་འཁྱིལ་བ། །གླེང་འོས་ངོ་མཚར་གཏམ་གྱི་སྒྲ་སྙན་པོར། །དཔྱོད་ལྡན་རྣ་བའི་དབང་པོ་བླགས་ཏེ་ཉོན། །དེ་ཡང་སྟོན་པ་སྟོབས་བཅུ་མངའ་བ་མཐའ་དག་འོག་མིན་གྱི་ཞིང་དུ་ངེས་པ་ལྔ་དང་ལྡན་པའི་སྐུར་མངོན་པར་རྫོགས་པར་སངས་རྒྱས་ནས་འགྲོ་བ་རྣམས་ཀྱི་དབང་པོ་དང་འཚམ་པར་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ནི་ཆོས་ཉིད་ཡིན་པས། །གྲགས་ཅན་གྱི་བསྐལ་བ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱོན་པའི་ནང་ནས་འོ་སྐོལ་གྱི་སྟོན་པ་མ་ལུས་པ་སྤངས་པ། མཐའ་དག་མངོན་དུ་མཛད་པའི་ཉི་མའི་གཉེན་ནི་ཁྲི་བརྒྱད་སྟོང་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཆེན་པོ་དག་ཏུ་སྐྱེ་སྟེ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་རིགས་ཤིང་སཱ་ལ་པ་ཆེན་པོ་དག་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་པ་ཆེན་པོ་དག་ཏུ་སྐྱེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་


GLG016_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་པ་ལྟར་གཟིགས་པ་རྣམ་པ་ལྔ་ལས་རིགས་ཕུན་སུམ་ཚོགས་པ་འཁོར་ལོས་སྒྱུར་བའི་རྒྱལ་ཟས་གཙང་མའི་རིགས་རས་ལ་གཟིགས་ནས་སྐུ་བལྟམས་ཏེ་རྒྱུ་རྩལ་གྱི་གནས་སོགས་འཇིག་རྟེན་མཐུན་འཇུག་གི་རིམ་པ་མུ་སྟེགས་བྱེད་སོགས་ཀྱིས་འཕྱ་བ་སྤང་བའི་ཆེད་དུ་བསྟན་ནས་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་གྱིས་རིགས་ཅན་གསུམ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྟན་པ་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་དུ་ཆེས་ཆེར་རྒྱས་པ་ཡིན་ལ། དེ་ཡང་ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་རྒྱལ་བའི་བསྟན་པ་བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་ལུང་བསྟན་པའི་ལོ་གྲངས་ནི་རྒྱ་གར་དུ་ཕྱེད་ལོ་འདྲེན་པ་ལྟ་བུ་ལ་དགོངས་པ་འདྲ་ཞིང་། ངེས་པའི་དོན་དུ་སྟོན་པ་མྱ་ངན་ལས་འདས་ནས་ཡོམ་བུ་བླ་སྒང་གི་ཡང་ཐོག་ཏུ་དཔང་སྐོང་ཕྱག་རྒྱ་པ་སོགས་བབས་པའི་བར་ལ་ལོ་སྟོང་དང་སུམ་བརྒྱ་ལས་མ་སོང་བ་གཏན་ཚིགས་ཀྱིས་ཀྱང་ཤེས་ནུས་སོ། །བསྟན་པ་དར་བར་གདུལ་བྱའི་ཞིང་ཞིག་དགོས་པས། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་བར། སྐྱ་སེང་བུ་ལྔ་དང་དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབས་པའི་དུས། རྒྱལ་པོ་རུ་པ་ཏི་དམག་དང་བཅས་ཏེ་གངས་རིའི་ངོགས་སུ་བྲོས་པ་ལས་བོད་ཀྱི་མི་ཡི་འགྲོ་བ་འཕེལ་བར་བཤད་ཅིང་། མཁས་པ་ལ་ལ་དག་རྒྱ་བལ་སོགས་ཡུལ་གྲུ་གཞན་ལྟར་བཅུད་ཀྱི་སེམས་ཅན་ཆགས་པའི་དུས་ནས་བྱུང་བར་བཞེད་པ་སོགས་མང་ནའང་། ངེས་པའི་


GLG016_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་འཕགས་པ་ཐུགས་རྗེ་ཆེན་པོ་དང་ཇོ་མོ་སྒྲོལ་མས་བྱིན་གྱིས་བརླབས་པའི་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་འགྲོ་བ་དྲུག་ནས་ཆད་པའི་ཕྲུག་གུ་གདོང་དམར་ཤ་ཟན་གྱི་རིགས་ལས་མཆེད་དེ་མིའི་རྒྱལ་ཁམས་སུ་གྱུར་པ་ཡིན་ལ། དེ་ཡང་རྗེ་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་རབས་ཉི་ཤུ་རྩ་དྲུག་པ་ས་ལུག་ལ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་དམ་པ་ཆོས་ཀྱི་དབུ་བསྙེངས། དེ་ནས་ལོ་ཉིས་བརྒྱ་དང་བཅུ་གཅིག་སོང་བའི་གདུང་རབས་ལྔ་ན་འཇམ་དཔལ་རྩ་རྒྱུད་ལས། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བཱི་རྣམས་རིགས་སུ་འབྱུང་། །དེ་ཡང་སྔགས་ཀྱི་དོན་བསྒྲུབས་ཏེ། །ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར། །རིགས་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོས་དེ་ཡང་འགྲུབ། །ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱ། །ཞེས་པ་ལྟར་ས་གླང་ལ་མངའ་བདག་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་འཁྲུངས་ནས་བོད་སྲིན་མོ་གན་རྒྱལ་དུ་གནས་པའི་སའི་དབྱིབས་ལ་མཐའ་འདུལ་ཡང་འདུལ་སོགས་ཀྱི་གཙུག་ལག་ཁང་བཅུ་གཉིས་དང་། རང་ལོ་ཉེར་གཉིས་ལྕགས་ཕག་ལ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ར་མོ་ཆེ་དང་བཅས་པ་བཞེངས། རྒྱ་བལ་ནས་སངས་རྒྱས་དངོས་དང་དབྱེར་མ་མཆིས་ཤཱཀྱ་མུ་ནི་དང་། མི་བསྐྱོད་རྡོ་རྗེ་སོགས་སྤྱན་དྲངས། བོད་དུ་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་གཏོད། དགེ་འདུན་གྱི་སྡེ་མ་ཚུགས་ཀྱང་ཐུགས་རྗེ་ཆེན་པོ་ཞི་ཁྲོ་སོགས་འགྲུབ་པའི་རིག་པ་འཛིན་པ་མང་དུ་བྱུང་། ལྷ་ས་བཏབ་ནས་ལོ་དགུ་བཅུ་གོ་དགུ་པ་ལྕགས་རྟཪ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་སྐུ་


GLG016_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བལྟམས་ནས་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་སྤྱན་དྲངས། ཕོ་བྲང་རླུང་ཚུགས་སུ་ཁ་ཆེ་ཨཱ་ནནྡས་ལོ་ཙཱ་བྱས་ནས་དགེ་བ་བཅུ། ཁམས་བཅོ་བརྒྱད། རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་གསུང། །བར་སྲིད་པའི་ལྷ་ཆེན་དང་བསྟན་མ་བཅུ་གཉིས་སོགས་བོད་ཀྱི་ལྷ་སྲིན་རྣམས་མ་དགའ་བར་ཡར་ཀླུངས་ཕང་ཐང་ཆུས་ཁྱེར། དམར་པོ་རིར་ཐོག་དང་མི་དང་ཕྱུགས་ལ་ནད་སོགས་འཚུབ་ཆེ་བར་བྱུང་བས་བོད་ཀྱིས་མ་དུལ་བ་འདུལ་བར་འཛམ་བུའི་གླིང་ན་ཆེ་བའི་རིག་སྔགས་ཀྱི་བརྟུལ་ཞུགས་གྲུབ་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས། ཐང་ལྷ། ཤམ་པོ། བསྟན་མ་བཅུ་གཉིས་སོགས་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས་ས་གཞི་བྱིན་གྱིས་བརླབས། རྒྱ་གར་གྱི་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ནས་རང་ལོ་ཉེར་གཉིས་པ་ལྕགས་ཡོས་ལ་དཔལ་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གེགས་མེད་དུ་གྲུབ། མཁན་སློབ་གཉིས་དང་པཎ་ཆེན་ཤནྟིངྒསྷ་སོགས་ཀྱིས་རབ་ཏུ་གནས་པ་མཛད། མཁན་པོས་སད་མི་མི་བདུན་རབ་ཏུ་བྱུང་སྟེ་བསྟན་པའི་རྩ་བ་བཙུགས། སློབ་དཔོན་བི་མ་ལ་མི་ཏྲ་དང་། ལོ་ཙཱ་བ་སྤ་གོར་བཻ་རོ་ཙ་ན་སོགས་ལོ་པཎ་མང་པོས་མདོ་སྔགས་ཀྱི་ཆོས་རྣམས་བསྒྱུར་ཅིང་གཏན་ལ་ཕབ། སློབ་དཔོན་ཆེན་པོས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གནས་ལྔ་སོགས་གནས་ཆེན་རྣམས་བྱིན་གྱིས་བརླབས། རྗེ་འབངས་ཉེར་ལྔས་མཚོན་ཏེ་སྣོད་ལྡན་མང་པོ་སྨིན་གྲོལ་ལ་བཀོད། ཆོས་དང་ནོར་གྱི་གཏེར་ཁ་གྲངས་མེད་སྦས། རྒྱལ་པོའི་བཞེད་པ་སྐོང་ཕྱིར་ཡུན་རིང་པོའི་


GLG016_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཞུགས་ནའང་། སྦ་བཞེད་དུ་བློན་པོས་སྐྱོ་མ་བྱས་ཏེ་སླར་བརྫངས་ཞེས་ཟླ་བ་བཅོ་བརྒྱད་ལས་མ་བཞུགས་པ་དང་། ལ་ལར་དེ་ལས་ཀྱང་ཡུན་ཐུང་བ་སོགས་སྣ་ཚོགས་སྣང་བ་བདུད་བློན་སོགས་སློབ་དཔོན་བཞུགས་པར་མི་དགའ་བ་རྣམས་ཀྱི་སྣང་ངོར་དེ་ལྟར་ཤར་ཞིང་བསྟན་པ་དོན་ལ་མི་གནོད་དེ། ཐབས་ལ་མཁས་པའི་མདོ་ལས། གང་ཡང་ལྷས་བྱིན་གྱིས་དེ་བཞིན་གཤེགས་པ་གསད་པར་བཤམས་པ་དང་། བལ་གླང་ནོར་སྐྱོང་བཏང་བ་དང་། རྡོའི་སྒྱོགས་ཆར་བཙུགས་པ་དེ་ཡང་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པར་ཤེས་པར་བྱའི། ཞེས་བཤད་པ་དང་མཚུངས་པར་མངོན་ཞིང་བསྐལ་བའི་མཛད་པའང་སྐད་ཅིག་མ་གཅིག་ལ་ཟིན་པ་དང་སྐད་ཅིག་མའི་མཛད་པའང་བསྐལ་བར་སྤེལ་ནུས་པའི་ཕྱིར་གང་ཟག་གཞན་གྱི་ལོ་རྒྱུས་ལྟར་གཏན་ཚིགས་ཀྱིས་བསྒྲུབ་པའི་ཡུལ་མིན་ནོ། །མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་སྲས་སད་ན་ལེགས་མཇིང་ཡོན་ལ་སྲས་ལྔ་ཡོད་པའི་བཙན་པོ་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་གྱིས་འོན་ཅང་རྡོའི་ལྷ་ཁང་བཞེངས། ཉི་འོག་གི་མཁན་པོ་ཛི་ན་མི་ཏྲ། སུ་རེནྡ་བོ་དྷི། ཤཱི་ལེནྡྲ་བོ་དྷི། དྷ་ན་ཤཱི་ལ། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོར་རཏྣ་རཀྵི་ཏ། དྷ་རྨ་ཏཱ་ཤཱི་ལ། ཛྙ་ན་སེ་ན། ཛ་ཡརཀྵི་ཏ། མཉྫུཤྲཱི་ཝ་རྨ་ན་ལེནྡ། རཏྣ་ནྡྲ་ཤཱི་ལ་ལ་སོགས་ལོ་པཎ་རྣམས་ཀྱིས་ཡབ་མེས་ཀྱི་དུས་བསྒྱུར་བའི་གསུང་རབ་དཀའ་ཞིང་མི་ལེགས་པ་རྣམས་བྱཱ་ཀ་ཎའི་ལུགས་དང་བསྟུན་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབས། བཤད་གྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། ལོག་པའི་སྨོན་ལམ་གྱི་མཐུས་གླང་དར་མས་འདུལ་བའི་བསྟན་པ་སྣུབས་ཤིང་གཙུག་ལག་ཁང་རྟེན་བརྟེན་པ་འཇིག་པ་སོགས་


GLG016_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བོད་མུན་པའི་སྨག་རུམ་དུ་ཡུད་ཅིག་གྱུར་ནའང་། འཕགས་པ་རིགས་གསུམ་གྱི་མགོན་པོའི་ཐུགས་བསྐྱེད་དང་། སྐྱེ་རྒུའི་ལེགས་བྱས་ཀྱི་ཕུང་པོ་ཟད་མི་ཤེས་པར་བརྟེན། དཔལ་གྱི་རྡོ་རྗེས་རྒྱལ་པོ་སྡིག་ཅན་པ་བཀྲོངས་པའི་རྗེས་སུ་སོ་སོ་ཐར་པའི་བསྟན་པ་སྟོད་སྨད་ནས་མེ་རོ་བསོས་ཤིང་། ངེས་གསང་རྡོ་རྗེ་ཐེག་པའི་ཆོས་ཚུལ་ནི་སྔགས་འཆང་གྲུབ་བརྙེས་གོས་དཀར་ལྕང་ལོའི་འཕྲེང་བ་འཛིན་པ་རྣམས་ལ་རྒྱུན་མ་ཆད་པར་གནས་བཞིན་པ་དང་། བསྟན་པ་ཕྱི་དར་དུ་གྲགས་པའི་ལོ་པཎ་མཁས་གྲུབ་གནམ་གྱི་སྐར་མ་དང་སའི་དྲེག་པ་ལྟ་བུས་ཁྱབ་པར་གྱུར་པ་མཐའ་དག་ལྷ་ས་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་རྣམས་མ་ཉམས་པར་གནས་པའི་རྟེན་འབྲེལ་གི་མཐུ་ཁོ་ནར་ངེས་ཤིང་། རྟེན་བརྟེན་པ་དེ་དག་ལ་མཆོད་པ་དང་ཉམས་པ་གསོ་བ་སོགས་ཁ་བ་ཅན་གྱི་ཕན་བདེའི་སྲོག་ཤིང་དུ་འགྱུར་བ་ལྟ་ཅི་སྨོས། དེར་མ་ཟད་སངས་རྒྱས་ཕལ་པོ་ཆེ་ལས། སྐྱེས་བུ་ལ་ལས་རྡོ་རྗེ་ཟོས་གྱུར་དེ་ལ་ནི། །ཞུ་བར་མི་འགྱུར་གདོན་མི་ཟ་བར་ཕྱིར་འབྱུང་འགྱུར། །དེ་བཞིན་སྟོབས་བཅུ་རྣམས་ལ་མཆོད་བྱས་བསོད་ནམས་ཀྱི། །ཡེ་ཤེས་རྡོ་རྗེས་ཉོན་མོངས་མ་ལུས་འཇོམས་པར་འགྱུར། །རྩྭ་སྐམ་སྤུངས་པ་རི་བོའི་མཆོག་ཙམ་ཡོད་གྱུར་ཀྱང་། །མེ་མདག་ཡུངས་འབྲུ་ཙམ་གྱིས་དེ་ནི་འཚིག་འགྱུར་ཏེ། །དེ་བཞིན་བདེ་གཤེགས་མཆོད་པ་ཅུང་ཟད་ཅི་བྱས་ཀྱང་། །ཉོན་མོངས་ཐམས་ཅད་འཚིག་བྱེད་མྱ་ངན་འདས་རྒྱུར་འགྱུར། །ཞེས་དང་། ལུང་གཞི་ལས། གང་ཞིག་རབ་དང་སེམས་ཀྱིས་སངས་རྒྱས་ཀྱི། །མཆོད་རྟེན་ལ་ནི་འཇིམ་གོང་འཇོག་བྱེད་ན། །ཛམྦུ་ཆུ་


GLG016_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་གསེར་གྱི་གོང་བུ་ནི། །སྟོང་ཕྲག་བརྒྱས་ཀྱང་དེ་དང་མཉམ་པ་མིན། །ཞེས་དང་། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ལས། ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མི་འཇིག་རྟེན་དག་ན་ཚེ་རིང་ཞིང་། །ལུས་སེམས་ནད་དང་མྱ་ངན་བྱེད་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །ཞེས་པ་ལྟར་དེ་བཞིན་གཤེགས་པ་དངོས་སམ། དེའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་རྟེན་དང་། དེ་དག་བཞུགས་པའི་གནྡྷོ་ལ་སོགས་ཞིག་པ་གསོ་ཞིང་། རྡོ་ཐལ་འབྱུག་པས་མཚོན་ཏེ་སྲི་ཞུར་བགྱིས་པའི་འབྲས་བུ་གནས་སྐབས་ལྷ་མིའི་བདེ་བ་ཕུན་སུམ་ཚོགས་པ་དང་མཐར་ཐུག་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་ཤེས་ལྡན་རྣམས་ཀྱིས་བསྒྲུབ་བྱ་ཁོ་ན་ཡིན་ནའང་། སེམས་ཅན་ལས་ཀྱི་དབང་གིས་བླང་དོར་མ་ཤེས་པ་དང་། གལ་ཏེ་ཤེས་ཀྱང་ལག་ཏུ་བསྟར་བ་ཆེས་དཀོན་པས། དུས་རིང་མོ་ཞིག་ནས་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་འདི་ལ་སྟོབས་དང་ལྡན་པ་རྣམས་ཀྱིས་ཞིག་གསོས་བྱེད་པ་ཉིན་སྐར་ལྟ་བུར་གྱུར་ཅིང་། གསང་སྔགས་རྙིང་མའི་བླ་མ་གྲྭ་རིགས་འགས་བསྒྲུབ་པའི་བྱ་བ་ལ་ཞུགས་ནའང་སྟོབས་འབྱོར་དང་མི་ལྡན་པས་ཉུང་ཟད་ཙམ་ལས་རྔོ་མ་ཐོགས་ཀྱང་འགྲོ་འདིའི་ལེགས་བྱས་ཀྱིས་དྲངས་པའི་གཙུག་ལག་ཁང་རྣམས་མཁན་སློབ་ཆོས་གསུམ་གྱི་དུས་ལྟ་བུར་དར་ཞིང་རྒྱས་པའི་བྱེད་པོ་ནི་ཐོག་མའི་འབྱུང་ཁུངས་ཚལ་པ་ཁྲི་དཔོན་ཏྲེ་ཧོས་དགའ་བདེ་བཟང་པོའི་ཞམ་རིང་བ་མི་ཆུང་དོན་རྒྱལ་དུ་གྲགས་པ་དེས་ཚལ་པ་དང་གཞིས་ཀ་སྣེའུ་པའི་ཞབས་ཏོག་ཏུ་འགྱུར་བར་བརྟེན་མི་རབས་གསུམ་གྱི་བར་ཇེ་འཕེལ་དུ་གྱུར་ཅིང་། །དེ་ནས་ནང་སོ་བསོད་ནམས་


GLG016_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་ཞེས་དགའ་ལྡན་ཨ་བསོད་དུ་གྲགས་པས་རིན་སྤུངས་པའི་ཞབས་ཏོག་བསྒྲུབས་པའི་ལག་རྟགས་སུ་ལོ་སྤྲེལ་སྣ་གདོང་མན་ནས་སྙེ་མདའ་ཆུ་སོ་ཁ་ཡན་གཏན་ཚིགས་ཀྱིས་ཆོད། རིང་པོར་མ་ལོན་པར་དཔལ་ཕག་མོ་གྲུ་པ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཀྭན་དིང་ཏའི་གུཤྲཱི་ཆེན་ཧོ་ཝང་གི་དགོངས་པར་འབྱོར་པའི་དོན་དུ་བདེ་ཆེན་ལ་གཏོགས་པའི་ཆུ་ལྷོ་བྱང་རྣམས་གནང་ཞིང་། ཆོས་འཁོར་དཔལ་ཀྱི་ལྷ་ས་སྡེ་མ་ལག་དང་བཅས་པས་གཙོས་སྐྱིད་ཤོད་ལུང་པའི་ཁྲིམས་བདག་ཏུ་ལུང་བཟང་པོས་ཕུད། གཏན་ཁྲ་ཤེལ་ཐམ་གྱིས་ཆོད་ཅིང་འཇའ་ས་སྩལ། དེའི་སྲས་ར་ནུ་ལྷ་སྲུང་མགོན་པོས་ཆུ་ཤུར་དུ་རིན་སྤུངས་པའི་དམག་ལ་བྱུས་ཉེས་བཏང་པའི་གོང་མ་ཆེན་པོའི་ཞབས་ཏོག་ཏུ་འགྱུར་བར་བརྟེན་དམག་དཔོན་བསོད་ནམས་རྒྱལ་པོ་ཞེས་པའི་ལས་ཀ་གནང་བས་དེ་ལྟར་དུ་གྲགས། དེའི་སྲས་གཅེན་དམག་དཔོན་དོན་གྲུབ་རྒྱལ་པོས་སྐྱོར་མོ་ཀླུངས་ཀྱི་རྫོང་དམའ་འབེབས་སུ་བཏང་པའི་དཔུང་ཤེད་ཀྱིས་སྐྱིད་འཕན་མཐའ་དག་ཆབ་འོག་ཏུ་བཅུག །གཅུང་བཀྲ་ཤིས་རབ་བརྟན་ངག་གི་དབང་ཕྱུག་དབྱངས་ཅན་དབང་པོའི་སྡེ་ལུགས་གཉིས་ཀྱི་མཁྱེན་དཔྱོད་མཐའ་ཀླས་ཤིང་། གཞན་སྡེའི་དཔུང་རྣམས་རྨེག་མེད་དུ་གཞོམ་པའི་དཔའ་རྟགས་ཀྱི་གྲགས་སྙན་ཅན། མཆེད་གཉིས་ཀྱི་ཡང་ཚ་ས་སྐྱོང་དགའ་ལྡན་པ་རྡོ་རྗེ་རྣམ་རྒྱལ་དང་། ཧོར་བསོད་ནམས་དར་རྒྱས་སུ་གྲགས་པས་གནམ་གྱིས་བསྐོས་པའི་སའི་ཚངས་པ་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་བི་རི་དཔོན་པོ་དང་གཙང་སྡེ་སྲིད་སོགས་


GLG016_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་འབྱོར་གྱི་དྲེགས་པས་མྱོས་པའི་དབང་ཕྱུག་རྣམས་འདུལ་བའི་དཔུང་ཚོགས་ཆེན་པོ་བཏེག་པའི་དུས་ཞི་དྲག་གི་ཞབས་ཏོག་ཏུ་འགྱུར་བར་བརྟེན་ཡབ་མེས་ཀྱིས་རིགས་ཕལ་ཆེ་བ་འཇགས་པའི་ཐོག་ཏུ་རྒྱལ་བཟང་ནང་སོར་བཀའ་བཀྱོན་བྱུང་སྐབས་ངེད་རང་ནས་མཚམས་སྦྱོར་བའི་ཐོག་ཏུ་མཆོད་ཡོན་གྱིས་ཤིང་མོ་བྱ་ལོར་ཚོང་འདུས་བྲག་ཁ་དང་ཟུང་བསམ་ཡས་རྣམས་ཀྱི་རྫོང་གཞིས་རྣམས་འཇགས་གནས་གནང་བ་ནས་བཟུང་། བསམ་ཡས་གཙུག་ལག་ཁང་ལ་ཞིག་གསོས་དང་། མཆོད་རྫས་སྦྱརབ་སོགས་སྲི་ཞུ་མཛད་པ་རྣམས་མཆོད་ཁང་སོ་སོའི་ནང་གསེས་ཀྱི་ལོ་སྔ་ཕྱི་གོ་རིམ་བསྒྲིགས་ཏེ་དབུ་རྩེ་ནས་སྟར་ཆགས་སུ་བཀོད་པ་ལ། ཤིང་མོ་བྱའི་ལོར་བྱང་ཆུབ་ཆེན་པོ་ལ་བཀྲས་བཏགས་གནས་བཅུ་མའི་བླ་བྲེ་ལྕམ་གླིང་ཁེབས་པ་གཅིག །རྒྱ་འཕེན་སེའུ་མ་གླིང་གསུམ་གསེར་གྱི་བབ་ལེ་དང་བཅས་པ། མེ་ཕག་བསྟན་སྲུངས་གནོད་སྦྱིན་ཆེན་པོ་ནས་བསྐུལ་མ་མཛད་པའི་མགོན་ཁང་རྙིང་པའི་མདུན་དུ་ཀ་བ་བརྒྱད་ཀྱི་ས་གསར་བཞེངས། ཤིང་རྩི་ལྡེབས་རིས་ལྔ་དགོངས་ལྷ་མགོན་གྱི་བསྐང་གསོ་རྒྱུན་འཛུགས། ས་བྱི་ནས་དཀར་མེ་རྒྱུན་འཛུགས་སྡོང་རྐང་ལྔ་ལ་ཁྲོ་ཀོང་མངགས་བཟོས་ཟླ་བ་དྲུག་རེ་ལྡང་བ་ལྔ། ཆུ་སྦྲུལ་ལི་ཏིང་བདུན་ཅུ་དོན་ལྔ། ཤིང་ཕོ་རྟ་ལོར་བྱང་ཆུཔ་ཆེན་པོར་ཁ་ཐི་ཡུག་བདུན་ལ་བཟོས་པའི་རྣམ་སྦྱར་ནང་ཤ་སྨན་ཙེས་བྱས་པ། ཤིང་ལུག་ཁ་ཐི་བློན་ཐི་གསེར་མ་སོགས་ཀྱི་འཕན་ཆེན་ལག་བཅས་རིང་བ་ཆ་དྲུག །ཁ་ཐི་ཐིན་ཐི་ཆན་སྤེལ་གྱི་ཕྱེ་ཕུར་ཐོག་ཚད་ལྷག་ཙམ་པ་ཆ། ཆུ་སྟག་ལོ་མཁན་པོ་བོ་དྷི་ས་ཏྭའི་དབུ་ཐོད་ལ་ཞལ་ཁྱིམ་


GLG016_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་བར་མི་གནོད་པའི་དངུལ་གྱི་ན་བཟའ། བྱང་ཆུབ་ཆེན་པོར་གསེར་ཟངས་ལས་གྲུབ་པའི་དབུ་གདུགས། ཆུ་ཡོས་ཁ་ཐི་ཚོས་ཁ་བདུན་ཁྲ་བསྒྲིགས་ཁྱད་ཐོན་གྱི་ཕྱེ་ཕུར་ཐོག་ཚད་མ་ནང་ཤ་དར་རྦོད་དང་བཅས་པ་ཆ་གཉིས། ཤིང་ཕོ་འབྲུག་ལོ་ནང་སྐོར་གྱི་བྱང་སྟར་བསྒྱུད་ལ་ཞབས་འབོང་ཚན་ཆེ་བའི་སྟེང་ལྕམ་ལེན་གྱི་ཚུགས་ཀ ། ཤིང་མོ་སྦྲུལ་ལོ་བྱང་ཆུབ་ཆེན་པོའི་གཡོན་སྦུག་ཏུ་ས་གནད་གསོ་བའི་བྱང་ཆུབ་མཆོད་རྟེན། མེ་རྟ་ཚལ་པ་བཀའ་འགྱུར་གཞིར་བཞག་པོ་ཏི་བརྒྱ་དང་བརྒྱད། མེ་ལུག་གསང་སྔགས་སྔ་འགྱུར་གྱི་རྒྱུད་འབུམ་པོ་ཏི་བཞི་བཅུ་ཞེ་དྲུག་རྣམས་བཞེངས་པའི་པོ་ཏི་སོ་སོའི་དབུ་ཤོག་ལྟོ་གར་བཅུ་བཅས་གསེར་རྐྱང་། ཞལ་ཁེབས་ཁ་ཐི་དང་ལིང་ཚོས་ཁ་གཉིས་རེ་བཅས་པའི་གསུམ་བརྩེགས། གླེགས་ཤིང་རྩི་མ་གདོང་ལ་གསེར་ཤོག་ཡོད་པ། གླེགས་ཐག་གི་ཚབ་ལྕགས་ཀྱི་འཕྲུལ་མ་ཁྱད་ཐོན། ཀུན་དགའ་ར་བ་ཆོས་འཁོར་འཕྲུལ་བཟོ་མ། ཚོགས་ཁང་གི་བྱང་དུ་བཀའ་འགྱུར་ཁང་ཀ་གཉིས་ཀྱི་ས་གསར་དུ་བཞེངས་ཤིང་། ཞལ་ཟས་གསུམ་རེ་དང་མར་མེའི་རྒྱུན་བཙུགས་ལོ་རེའི་ཁོངས་སུ་བཀའ་འགྱུར་ཚར་གསུམ་རེ་འགྲོ་བའི་རྒྱུན་འཛུགས་རྒྱུཪ་འབྲུ་ཁ་རུའི་ཁལ་སྟོང་ཕྲག་གཅིག་དང་བརྒྱ་བཅུ་གཅིག་བྲེ་ཕྱེད་དགུ་དགོས་པ་འོན་སྨོན་གྲོང་བོགས་སྟེང་ནས་སྦྱར། བྱང་ཆུབ་ཆེན་པོའི་སྐུ་མདུན་དུ་ཚེས་བརྒྱད་ནམ་བྱུང་ལ་རབ་བྱུང་པས་སྨན་བླ་ཚར་གཉིས་རེ། ཟླ་རེའི་ཉེར་དགུ་ལ་མགོན་ཁང་དུ་བསྐང་གསོ་གཏོང་བའི་ཐེབས་སུ་ཡ་བོ་ཁང་གསར་གོང་། དཀར་ཡོལ། སྟག་ཚང་རྣམས་སྦྱར། ཁོར་ས་བར་པ་ལྟེ་


GLG016_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐིགས་འཛད་ཞིག་པ་རྣམས་གསོས། ཆོས་རྒྱལ་དཔོན་བློན་གྱིས་དབུ་རྩེ་ཚོགས་ཁང་ཞིག་གསོས་དུས་བབས་དང་རྒྱ་བསྐྱེད་དགོས་པའི་ལུང་བསྟན་ལྟར་བཤུ་འབུབ་མཛད་པས་ལྕམ་སུམ་ཆ་གཉིས་ཙམ་དང་ཀ་བའི་རྩ་བ་རྣམས་རུལ་བར་བརྟེན་ལྷག་པར་ལུང་བསྟན་ལ་ངེས་པ་རྙེད་དེ་ལྕགས་སྒོའི་མདུན་གྱི་རྡོ་པདྨ་ཅན་ནང་དུ་ཆུད་པའི་ཀ་བ་བཅོ་བརྒྱད་ཀྱི་ས་ཤུལ་གསར་བཞེངས་ལྟ་བུ་ངོ་མཚར་བ་ལ་ས་ཕོ་སྤྲེའུའི་ལོར་ལྡེབས་བྲིས་བཀའ་ཐང་དཀར་ཆག་ནང་བཞིན་དང་། །ཕོ་ཐོག་གི་ལྷོ་བྱང་གཉིས་ཀྱི་ནང་སྟར་གསར་བསྐྲུན། སྨན་བླ་བདེ་གཤེགས་བརྒྱད་ཀྱི་ལྷ་ཚོགས། ཤིང་རྩི་བཟབས་རྒྱས་ཀྱི་ཀ་རིང་གི་གདུང་ལྡེབས་ལ་དབུས་སུ་གུ་རུ་མཚན་བརྒྱད། གཡས་སུ་དུས་གསུམ་སངས་རྒྱས། གཡོན་དུ་ཆོས་རྒྱལ་མེས་དབོན། རྣམ་ཐར་སྐུ་གསུམ་གྱི་གདུང་ལ་དབུས་སུ་ས་སྐྱའི་རྗེ་བཙུན་གོང་མ་ལྔ། གཡས་སུ་མཁན་ཆེན་ཞི་བ་འཚོ་དང་པཎ་ཆེན་དྲི་མེད་བཤེས་གཉེན། གཡོན་དུ་ལོ་ཆེན་བཻ་རོ་དང་གཡུ་སྒྲ་སྙིང་པོ། ལྕགས་སྒོ་མདོའི་རྟ་བབས་འོག་སེང་གེའི་བར་དུ་གནས་བརྟན་བཅུ་དྲུག །སྒོ་འགྲམ་ལ་རྒྱལ་ཆེན། ལྷོའི་གསང་སྒོའི་སྟེང་དུ་ཪིགས་གསུམ་མགོན་པོ་རྣམས་བཞེངས་སོ། །རིང་བསྲེལ་སྙིང་པོའི་རྟེན་མཆོད་རྒྱལ་བའི་གསུང་། །འདྲི་ཀློག་གནྡྷོ་ལ་གསོ་བསྙེན་བཀུར་སོགས། །དགེ་ཚོགས་ཛམྦུའི་སྙེ་མ་བསོད་ནམས་མཚོར། །ལྷུང་བས་གཏན་བདེའི་གསེར་དུ་འགྱུར་བར་ཤོག །བར་ཁང་དུ་ས་ཕོ་བྱི་ལོ་དཀར་མེ་རྒྱུན་འཛུགས་སྡོང་རྐང་གཉིས་ལ་ཁྲོ་ཀོང་མངགས་བཟོས་ཟླ་བ་དྲུག་རེ་ལྡང་བ་ཟུང་། ཆུ་སྦྲུལ་ལི་ཏིང་སུམ་ཅུ་ཐམ་


GLG016_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཤིང་ལུག་གོས་བཟང་བསྒྲིགས་ཀྱི་ཕྱེ་ཕུར་འདོམ་གང་ཙམ་དར་རྦོད་དང་བཅས་པ་ཆ། གོས་འཕན་ལྗང་ཁྲ་དཔངས་ཐོག་ཚད་ལེགས་པ་ཆ། ཆུ་ཡོས་གོས་གསེར་མ་ཚོས་ཁ་དྲུག་ཁྲ་བསྒྲིགས་ཁྱད་ཐོན་གྱི་ཕྱེ་ཕུར་ཐོག་ཚད་མ་ཆེ་ལེགས་ཆ། ཤིང་སྦྲུལ་གཙོ་བོའི་གཡས་སུ་རྡོ་རྗེ་ཕུར་པ་དང་། གཡོན་དུ་ཞིང་སྐྱོང་གི་སྐུ་རྒྱན་སྤྲོད་ཕྱག་མཚན་རྣམས་རིན་པོ་ཆེ་ལས་གྲུབ་པ་གསར་བཞེངས། སྙན་ཤལ་དར་ཚོས་ཁ་སྣ་ཚོགས་ཉི་ཤུ་རྩ་གཉིས་སྨོན་ཡིག་དང་བཅས་པ། མེ་ལུག་ཚོགས་ཁང་སྟེང་ཐུབ་པ་ལྷ་ཁང་གཉིས་ཀྱི་བར་ཀ་བ་བཅུ་བཞིའི་ས་དང་། བར་ཁང་སྒོ་ཕིབས་རྔ་ཁང་ཀ་བ་བཞི་འཕྲེང་གཉིས་གསར་བརྗེས། ས་སྤྲེ་ལོ་ལྡེབས་རིས་དཀཪ་ཆག་བཞིན་བྲིས་ཐོག །རྟ་བབས་འོག་སེང་གེའི་བར་ལ་མཚན་བརྒྱད། ཐོ་རི་སྙན་ཤལ། སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན། མུ་ཏིག་བཙན་པོ། ཁྲི་རལ་པ་རྣམས་གསར་དུ་བཞེངས་སོ། །རྙོག་བྲལ་ཆོས་དཀར་མཐོ་རིས་ཆུ་བོའི་རྒྱུན། །དེང་ནས་ཡང་སྲིད་ལམ་གསུམ་ལས་བབས་ཏེ། །རྟག་ཏུ་བདེ་བའི་གཏམ་སྙན་ལྷུང་ལྷུང་སྒྲ། །སྒྲོག་བཞིན་ཀུན་མཁྱེན་རྒྱ་མཚོར་རོ་གཅིག་ཤོག །སྟེང་ཁང་དུ་ས་ཕོ་བྱི་ལོ་དཀར་མེ་རྒྱུན་འཛུགས་སྡོང་རྐང་བཞི། ཆུ་སྤྲུལ་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་མཆོད་པའི་ཉེར་སྤྱད་དུ་ལི་ཏིང་སུམ་ཅུ། ལྕགས་གླང་ལོ་སྟེང་གི་གདུང་ཆེན་གཉིས་ཆག་པ་གསར་བརྗེས། ལྕོག་བཞི་ལྕགས་རི་དང་བཅས་པ་རྩ་བསླངས་ཀྱི་ཐོག་གསེར་ཐོག་མ་བུ་ལྔ་གསར་བཞེངས་དང་། གཉྫི་ར་རྙིང་པའི་བརྗེ་ཚབ་ཏུ་གསར་བཟོའི་རྒྱུར་གསེར་ཐིག་


GLG016_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲུག་ལྷད་མེད་སྤུས་ལེགས་དབུས་ཞོ་སྟོང་ཕྲག་ལྔ་དང་བརྒྱ་ཉི་ཤུ་རྩ་ལྔ་སེ་བ་བཅོ་བརྒྱད། ཟངས་ཁར་རྒྱའི་ཁལ་སྟོང་ཕྲག་གཅིག་དང་སུམ་བརྒྱ་བཅུ་གསུམ་ཉག་ཕྱེད། དངུལ་ཆུ་ཁར་རྒྱའི་ཁལ་བཞི་བཅུ་ཞེ་གཉིས་ཉག་གང་། ཚ་ལར་དངུལ་སྲང་སུམ་ཅུ་སོ་དགུ་ཞོ་ཕྱེད་བདུན། ཏི་ཚ་མཁར་རྒྱའི་ཁལ་དྲུག་ཉག་ཕྱེད་དོ། །བཤའ་དཀཪ་རྒྱ་ཐུར་གྱི་སྲང་བཅུ་གཅིག་དང་ཞེ་དྲུག་རྣམས་གཤམ་གྱི་བསྡོམས་ཐོར་འཐུས་ནའང་། དེར་མི་གསལ་བ་ཞལ་འདེབས་ཀྱི་གསེར་དབུས་ཞོ་ཉིས་བརྒྱ་དང་ཉི་ཤུ་རྩ་གཅིག་སེ་བ་བཅུ་དགུ ། ཟངས་ཁར་རྒྱའི་ཁལ་བཞི་བཅུ་ཞེ་བརྒྱད་དང་ཉག་ཕྱེད་བཅུ་གསུམ། དངུལ་ཆུ་རྒྱ་ཐུར་གྱི་སྲང་ཉིས་བརྒྱ་དང་དགུ་རྣམས་སོང་བར་ཡུན་དུ་བརྟན་ཆེད་ཀྱི་ས་ཞུ། ཀ་གདུང་། ལྕམ། ཐོག་དཔངས། ཝ་རྒྱུག་རྣམས་ཡ་བྲལ་མི་ཐུབ་པའི་ལྕགས་ཀྱི་གཟེར་སྡོམས། ཟངས་ཤིང་དང་སྒྲོག་ལུགས་སོགས་འཕྲུལ་གང་ཐོན། ལྕོག་རེར་དྲིལ་བུ་ལེགས་པ་སྐྱོན་མེད་བརྒྱད་རེ། ཤིང་འབྲུག་ཁ་ཐི་ཚོན་སྤེལ་གྱི་ཕྱེ་ཕུཪ་འདོམ་ཕྱེད་དོ་ཪེ་ཡོད་པ་ཆ་གཉིས། གོས་དཀྱུས་མའི་ཕྱེ་ཕུར་གཅིག །ཤིང་སྦྲུལ་ལོ་ཨྱོན་གཙོ་འཁོར་གསུམ། གཡས་སུ་མཁན་པོ། གཡོན་དུ་ཆོས་རྒྱལ་རྣམས་ཀྱི་སྐུ་གསར་བཞེངས་གསེར་རིས་ཤིན་ཏུ་རྒྱས་པ། གཡུ་བྱུ་རུ་མུ་ཏིག་གི་རྒྱན་སྤྲོད། ཁྲི་པང་རྒྱབ་ཡོལ་ཚོན་རྩིའི་ཐོག་གསེར་ཤོག་དང་གསེར་རིས་ཀྱིས་སྤུད་པ། ཨྱོན་རིན་པོ་ཆེར་ཟ་འོག་གི་སྐུ་བེར་སྲམ་རྒྱན་མ། སྙན་ཤལ་དར་ཚོས་ཁ་སྣ་ཚོགས་ཁ་འབྲེལ་བརྒྱད། ལྷ་ལྕམ། འཚོ་རྒྱལ། མཁན་པོ། ཆོས་རྒྱལ་བཞི་བསྡོམས་པཪ་སྙན་ཤལ་དར་སྣ་ཚོགས་ཉི་


GLG016_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་བཞི་སྨོན་ཡིག་དང་བཅས་པ། གོས་བཟང་བསྒྲིགས་ཀྱི་བླ་བྲེ། གོས་འཕན་ལག་བཅས་ཆ། ལི་ཏིང་ཉེར་གཅིག་མཆོད་སྟེགས་དང་བཅས་པ། དཀར་མེ་རྒྱུན་འཛུགས་སྡོང་རྐང་གཅིག་ལ་ཟླ་བ་དྲུག་ལྡང་བའི་ཁྲོ་ཀོང་མངགས་བཟོས། མཁན་པོ་དང་ཆོས་རྒྱལ་གཉིས་ལ་ལི་ཏིང་བཅུ་བཞི། མེ་ལུག་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་དབུ་ཐོག་ཏུ་གོས་བཟང་བསྒྲིགས་ཀྱི་བླ་བྲེ་ཆེ་བ། གོས་མང་ལུག་གི་འཕན་ལག་བཅས་ཁྲ་རིང་ཆ། དབུ་རྩེ་ལྟེ་བའི་མདའ་ཡབ་གོང་འོག་གཉིས། མདུན་གྱི་རྟ་བབས་གོང་འོག་གསུམ་སྒོ་ཁང་ཆེན་མོའི་སྟེང་གི་གཡུ་ཐོག་རྣམས་ཆག་གྲུམ་ཆེ་ཞིང་ཤིང་ཆ་རུལ་བས་གཙུག་ལག་ཁང་འཇིག་ཏུ་ཉེ་བར་རྒྱ་ནག་ནས་གཡུ་རྩི་བཟོ་མཁན་མ་ཁུགས་པས་སྐོར་ཅིག་གྱོ་ཐོག་ལས་འོས་མ་བྱུང་བར་འཕན་ཡུལ་ལན་པར་རྫ་བཟོའི་སྟ་གོན་སྐབས་ཟ་དམ་ནས་ལྗང་དུ་གཡུ་རྩི་བསླབ་བཅུག་པའི་མགོན་པོ་ཟེར་བ་རྩད་ཆོད་པའི་ལག་ལེན་ལ་གཞི་བྱས་སྤར་བཅག་གི་ཐབས་འཕྲུལ་ཐའི་ཇི་རང་གིས་མཛད་པའི་གཡུ་ཐོག་རྒྱ་ནག་ལུགས་དང་མཐུན་པར་བཟོས། ས་སྤྲེལ་ལོ་སྐོར་ཁང་ཕྱི་ལྟ་ལ་དཀར་ཆག་ཏུ་མི་གསལ་ཡང་ཕྱིས་སུ་བྲིས་པའི་གནས་བཅུ། མཚན་བརྒྱད། སྒྲོལ་མ་ཉེར་གཅིག །རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན། ཕུང་པོ་གསུམ་པའི་མདོ་ནས་གསུངས་པའི་སངས་རྒྱས། རིགས་ལྔ་ལོངས་སྐུ། སངས་རྒྱས་རབས་བདུན། མཁན་སློབ་ཆོས་གསུམ། ལོ་པཎ། རྒྱན་དྲུག་མཆོག་གཉིས་སོགས་ཕལ་ཆེར་ཞིག་པར་དེ་གསོར་གནས་ཀྱི་ཉམས་གསོས། དྲ་མིག་གི་ཤིང་རྣམས་ཀྱི་ཐོག་ཤར་དུ་རྡོ་རྗེ་སེམས་དཔའ་


GLG016_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ། ལྷོར་རིན་འབྱུང་གསེར། ནུབ་ཏུ་སྣང་མཐའ་མཚལ། བྱང་དུ་དོན་གྲུབ་སྤང་མ་རྣམས་ཀྱིས་སོ་སོར་སྟོང་སྐུ་རེ་གསར་དུ་བསྐྲུན། སྐོར་ཁང་ནང་ལྟ་ལ་དཀར་ཆག་ནང་བཞིན་གྱི་ལྡེབས་རིས་གསར་བཞེངས། སྒོ་ཁང་གི་རྒྱ་ཕིབས་དང་ཁམས་གསུམ་སོགས་ལ་གཡུ་ཐོག་བཀལ་བ་སྔོན་མ་ལས་ཀྱང་གནད་ཐིངས་པའི་ལེགས་སུ་སོང་བར་རྟེན། སླར་དབུ་རྩེའི་སོ་ཆུའི་སྐྱོན་གྱི་གཡུ་ཐོག་རྣམས་ཀྱང་གསར་བརྗེ་མཛད་དོ། །སྔོན་གོམས་བསོད་ནམས་མུ་ཏིག་འཁྲི་ཤིང་ཁུར། །སྐྱེ་བ་ཀུན་ཏུ་ནམ་ཡང་མི་གཏོང་བར། །རྣམ་འདྲེན་སྲས་དང་སློབ་མར་བཅས་རྣམས་ཀྱི། །བྱིན་རླབས་སྙིང་གི་དཔལ་བེར་འཇུག་པར་ཤོག །ཉི་མ་ལྷ་ཁང་དང་ཟླ་བ་ལྷ་ཁང་གཉིས་ལ་མེ་བྱ་མར་མེ་སྡོང་རྐང་རེ་དང་ཞལ་ཟས་གསུམ་རེའི་རྒྱུན་གཙུགས་ཤིང་ཟངས་དམར་གྱི་མཆོད་ཀོང་རེ་ཕུལ། ས་མོ་ཕག་གི་ལོ་རྩིག་རྨང་ནས་བསླང་བའི་ཕྱི་ནང་གསར་བཞེངས་ཐོག །ཐུབ་པ་གཙོ་འཁོར་ལྔའི་འབུར་སྐུ་ཉི་མ་ལྷ་ཁང་དུ་ཞིག་གསོས་དང་ཟླ་བ་ལྷ་ཁང་གསར་བཞེངས་ལྟ་བུ། ལྡེབས་བྲིས་དཀར་ཆག་ནང་བཞིན་གསར་བཞེངས། ཉི་གླིང་གི་ཁྱམས་ལ་སྔར་མེད་ཀྱི་པདྨ་བཀའ་ཐང་གི་ཞིང་བཀོད་དང་། ཟླ་གླིང་དུ་རྗེས་འབངས་ཉེར་ལྔ། བཀའ་བརྒྱད་ལྷ་ཚོགས། ཤིང་རྩི་དང་བཅས་པ་གསར་དུ་བསྐྲུན་ཞིང་། སོ་སོར་ལི་ཏིང་བདུན་ཚར་རེ་ཕུལ་ལོ། །གང་གི་འབྲས་བུ་སྲིད་ཞིའི་དུས་ཀུན་ཏུ། །ཐབས་དང་ཤེས་རབ་ཟུང་འཇུག་གཤོག་བརླབ་ཀྱིས། །འཁོར་འདས་ཡོན་ཏན་མཁའ་ལ་བླ་ནས་བླར། །མཐོར་བགྲོད་ཕུན་ཚོགས་ཡུལ་སར་ཕྱིན་པར་ཤོག །ཤིང་རྟ་


GLG016_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་དཀར་པོའི་ཁོར་ས་ཀ་བ་ལྔ་བཅུ་ང་གཉིས་ཀྱི་སའི་ཀ་གདུང་དྲལ་ལྕམ་གསར་བརྗེས། མཆོད་རྟེན་བྱང་མའི་འཁྲིས་སུ་ས་གནད་གསོ་ཕྱིཪ་གསར་བཞེངས་མདོག་དབྱིབས་མཚུངས་པའི་ཐོག་ཚད། ཆུ་སྟག་ཆར་ཁེབས་ཀྱི་ཐོག་གསར་འབུབ། མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་རེའི་རྒྱུན་འཛུགས། མཆོད་རྟེན་དམར་པོའི་པད་གདན་ཞིག་གསོས། དེའི་ནུབ་འཁྲིས་སུ་མདོག་དབྱིབས་མཚུངས་པའི་མཆོད་རྟེན་ཐོག་ཚད། མཆོད་རྟེན་ནག་པོའི་པད་གདན་ལ་ཞིག་གསོས། དེའི་ལྷོ་འཁྲིས་སུ་མདོག་དབྱིབས་མཚུངས་པའི་མཆོད་རྟེན་གསར་བཞེངས་ཐོག་ཚད། མཆོད་རྟེན་སྔོན་པོའི་ལྷ་ཁང་བཅུ་དྲུག་སྐུ་དང་བཅས་པར་ཞིག་གསོས། ཤར་འཁྲིས་སུ་མདོག་དབྱིབས་མཚུངས་པའི་མཆོད་རྟེན་ཐོག་ཚད་གསར་བསྐྲུན། གོང་གསལ་གསར་བཞེངས་ཀུན་ལ་གཟུངས་བཞུགས་རྒྱས་པ། ས་མོ་ཕག་མོ་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོའི་བཞུགས་ཁྲིར་ཞིག་གསོས་ཤིང་རྩི་ལོགས་བྲིས་རྣམས་གྲུབ་བོ། །མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་པའི་དུས། །མཁན་སློབ་ཆོས་གསུམ་ཡང་སྲིད་གོང་མ་ཡིས། །སྨོན་ལམ་ཉེར་བཏབ་ཚུལ་བཞིན་སྨིན་པའི་འབྲས། །གཉིས་པ་བདག་གིས་འགྲུབ་པའི་སྐལ་བཟང་ཤོག །ས་བྱི་འཇམ་དཔལ་གླིང་གི་འོག་ཐོག་མ་གཏོགས་དེ་ཡན་གསར་བཞེངས། སྟེང་ཁང་དུ་འཇམ་དཔལ་གཙོ་འཁོར་ལྔ་དང་སྒོ་སྲུངས་གཉིས་བཅས་པའི་འབུར་སྐུ་ཕྱི་ནང་གི་ལྡེབས་རིས་དང་བཅས་པ་དཀར་ཆག་ནང་བཞིན་སྔར་གནས་གསར་བཞེངས། ལྕགས་


GLG016_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཡོས་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་དང་། སྐོར་ཁང་ཕྱི་ལྟ་ནང་ལྟ་གཉིས་ལ་མི་འཁྲུགས་པ་དང་ཚེ་དཔག་མེད་ཀྱི་སྟོང་སྐུ་རྣམས་གསར་བྲིས། ཆུ་སྤྲུལ་ལི་ཏིང་ཉེར་གཅིག །མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་ལྔ་རེའི་རྒྱུན་བཙུགས་ཁྲོ་ཀོང་མངགས་བཟོས་ཟླ་བ་དྲུག་རེ་ལྡང་བ་གཅིག །ཤིང་འབྲུག་ཁ་ཐི་ཚོན་སྤེལ་གྱི་ཕྱེ་ཕུར་ཆ་རྣམས་ཕུལ། །བླང་དོར་ལྟ་ལ་ཡངས་པའི་དཀྱུས་རིང་མིག །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ལུགས་ཀུན། །མངོན་སུམ་མཐོང་བའི་བློ་གྲོས་བྱང་ཆུབ་མཆོག །མ་རྙེད་དེ་སྲིད་སྩོལ་ཅིག་འཇམ་པའི་དབྱངས། །བརྡ་སྦྱོར་ཚང་མང་གླིང་ས་ཕོ་བྱི་ལོར་ཕྱིའི་རྩིག་པའི་ཕྱེད་ཡན་ཐིགས་ཁང་དང་། ནང་གི་ཞལ་བ་ཤིང་རྩི་བཅས་པ་གསར་བཞེངས། ལྕགས་ཡོས་ཐུབ་པ་གཙོ་འཁོར་བདུན་ལ་ཞིག་གསོས། ལྡེབས་རིས་དཀར་ཆག་སོར་གནས་ཀྱི་ཐོག་མྱ་ངན་ལས་འདས་པའི་མདོ་སྣ་ཚོགས་ཀྱི་རྒྱུད་རིས་བསྣན་པ་བཅས་གསར་བྲིས། ཆུ་སྦྲུལ་ལི་ཏིང་བཅུ་བཞི། མེ་བྱ་མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་རེའི་རྒྱུན་བཙུགས། ཟངས་དམར་གྱི་མཆོད་ཀོང་གཅིག །ཤིང་འབྲུག་ལིང་ཚོན་སྤེལ་གྱི་ཕྱེ་ཕུར་རྫ་མ་གོས་སེར་གྱིས་བྱས་པ་འཇའ་བཅས་ཆ་རྣམས་ཕུལ། བསོད་ནམས་རྒྱ་མཚོའི་ཞིང་གྱུར་དགེ་འདུན་ལ། །འཚོ་བའི་ཟས་ཀྱི་བསྙེན་བཀུར་ལེགས་སྟོབ་པ། །མགོན་མེད་ཟས་སྦྱིན་བཞིན་དུ་བསྐལ་བཟང་འདིའི། །འདྲེན་པ་སློབ་མར་བཅས་ཀུན་མཆོད་བྱེད་ཤོག །ས་ཕོ་བྱི་ལོ་བདུད་འདུལ་སྔགས་པ་གླིང་གི་རྩིག་པའི་ཕྱེད་ཡན་ཐིགས་ཁང་དང་བཅས་པ་གསར་བཞེངས། མེ་བྱ་མར་མེ་སྡོང་རྐང་གཅིག་དང་


GLG016_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཟས་གསུམ་རེའི་རྒྱུན་བཙུགས། ཟངས་དམར་གྱི་མཆོད་ཀོང་། ཤིང་འབྲུག་ལིང་ཚོན་སྤེལ་གྱི་ཕྱེ་ཕུར་རྫ་མ་གོས་གསེར་མས་བྱས་པ་འཇའ་བཅས་ཆ། ཤིང་སྦྲུལ་ལི་ཏིང་བཅུ་བཞི་རྣམས་ཕུལ། བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ་ལ་ཞིག་གསོས། ལྡེབས་རིས་དཀར་ཆག་ནང་བཞིན་གསར་བྲིས། ཤིང་རྩི་དང་བཅས་པ་ལེགས་པར་གྲུབ། ཀུན་མཁྱེན་ཐོབ་མིན་དེ་སྲིད་མདོ་རྒྱུད་ལ། །ཐོས་བསམ་སྒོམ་པར་གེགས་བྱེད་ཡིད་སྲུབས་ཤིང་། །རིག་སྔགས་འཆང་བའི་ཞུགས་ཀྱིས་རབ་བསྲེགས་ནས། །སྲུང་བྱེད་ཡེ་ཤེས་མེ་ལྕེ་འབར་བར་ཤོག །ལྕགས་ཡོས་ཨཱརྱ་པཱ་ལོའི་གླིང་དུ་མགོན་ཁང་གི་འཆམ་སྐུ་གསུམ་ལ་ན་བཟའ་གསར་བཟོས། མཪ་མེ་སྡོང་རྐང༌གཅིག༌དང༌ཞལ་ཟས་གསུམ། དེ་མཚུངས་རིགས་གསུམ་མགོན་པོའི་ལྷ་ཁང་དུའང་བཙུགས། ཆུ་སྦྲུལ་དཀྱིལ་འཁོར་སྟེང་དུ་དཀར་མེ་སྡོང་རྐང་གཅིག་དང་ཞལ་ཟས་ལྔ་རེའི་རྒྱུན་གཏན་འཛུགས། ཁྲོ་ཀོང་མངགས་བཟོས་ཟླ་བ་དྲུག་རེ་འཁྱོངས་པ་གཅིག་དང་། ཤིང་ལུག་བླ་བྲེ་མཐོངས་གོས་དམར་སེའུ་མ་བཀྲ་ཤིས་རྟགས་བརྒྱད་ཡོད་པ་གཅིག །ཁ་ཐི་དང་ཐོན་ཐི་སྤེལ་གྱི་ཕྱེ་ཕུར་རྫ་མ་འཇའ་བཅས་ཆ། མེ་བྱ་སེང་གེ་སྒྲའི་མཆོད་ཁང་དུ་མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་དེའི་རྒྱུན་བཙུགས། ལྕགས་བྱི་ཕྱིའི་རྩིག་པའི་ཕྱེད་ཡན་ཐིགས་ཁང་དང་བཅས་པ་གསར་བཞེངས། ཤིང་སྦྲུལ་མགོན་ཁང་མ་གཏོགས་པའི་འབུར་སྐུ་རྣམས་ལ་ཞིག་གསོས། དཀར་ཆག་ནང་ལྡེབས་རིས་གང་ཡོད་ཐོག་རྒྱལ་བ་བཙོང་ཁ་པ་ཡབ་སྲས་དང་བཅས་


GLG016_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསར་བཞེངས། ས་གནད་གསོ་ཕྱིར་རྟ་མགྲིན་གྱི་གཡས་སུ་དྲེགས་པ་ཟིལ་གནོན་གྱི་འབུརསྐུ་གསར་བཞེངས་སྙན་ཤལ་དར་དྲུག་སྨོན་ཡིག་དང་བཅས་པ། ལི་ཏིང་ཉེར་གཅིག །སེང་གེ་སྒྲའི་ལྷ་ཁང་དུ་ས་གནད་གསོ་ཆེད་དུ་གུ་རུ་མཚན་བརྒྱད། ལོ་ཀེ་ཤྭ་ར། སྒྲོལ་མའི་ལྡེམ་སྐུ་རྣམས་གསར་བཞེངས་གྲང་གསེཪ་སྦྱིབ་བྱུགས། དར་ཚོས་མདོག་སྣ་ཚོགས་དྲུག་ཅུ་རེ་གསུམ་གྱི་སྙན་ཤལ་སྨོན་ཡིག་དང་བཅས་པ། ནུབ་བྱང་གཉིས་སུ་བཀྲས་བཏགས་དང་ཐོན་ཐིའི་གནམ་རྒྱན་གུང་ལོགས་ཁེབས་པ་གཉིས། མཆོད་ཅོག་རྩི་མ་གཅིག །ཏིང་ཉེར་གཅིག །རྒྱུན་འཛུགས་མཆོད་མེ་སྡོང་རྐང་གཅིག་དང་ཞལ་ཟས་གཉིས་རེ་རྣམས་ཕུལ་ལོ། །ཡ་མཐའ་མི་མངོན་འཁོར་འཁྱམས་དེ་སྲིད་དུ། །རྒྱུད་ལ་གྲངས་མེད་བསྒོས་པའི་སྡིག་པའི་ལས། །སྟོབས་བཞིའི་སྒོ་ནས་བཤགས་ན་འཕགས་མཆོག་ཀྱེ། །ཐུགས་རྗེའི་ཆབ་ཀྱིས་མྱུར་ཏུ་དག་མཛད་གསོལ། སྒྲ་བསྒྱུར་རྒྱ་གར་གླིང་གི་ལྟེ་བ་ཁྱམས་བཅས་ཀྱི་རྩིག་པ་དང་ཤིང་ཆ་ཕལ་ཆེར་ས་ཕོ་བྱི་པའི་ལོ་གསར་དུ་བརྗེས། ཆུ་སྦྲུལ་ཤིང་རྩི་དང་ལྡེབས་རིས་དཀར་ཆག་སོར་གནས་ཀྱི་སྟེང་ཁྱམས་ལ་ཕུང་པོ་གསུམ་པའི་མདོ་ནས་བཤད་པའི་སངས་རྒྱས་སུམ་ཅུ་རྩ་ལྔ་དང་རྒྱལ་བློན་གྱི་སྣང་བརྙན་ལྔ་བཅས་པ་གསར་དུ་བཞེངས་ལི་ཏིང་བཅུ་བཞི། མེ་བྱ་མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་གྱི་རྒྱུན། ཟངས་དམར་གྱི་ཀོང་གཅིག །ཤིང་འབྲུག་ལིང་ཚོན་སྤེལ་གྱི་ཕྱེ་ཕུར་རྫ་མ་གོས་དམར་ལྭལྩ་མས་བྱས་པ་ཆ་གཅིག་དང་བཅས་པ་རྣམས་ཕུལ། བྱེ་བ་ཕྲག་


GLG016_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའི་མུན་པའི་གླིང་རྣམས་སུ། །སྡེ་སྣོད་རྣམ་གསུམ་བསྒྱུར་བའི་སྙིང་སྟོབས་ཀྱིས། །དམ་པ་ཆོས་ཀྱི་སྒྲོན་མེ་རབ་སྤར་ཏེ། །འགྲོ་ལ་ཕན་བདེའི་སྣང་བ་འགྱེད་པར་ཤོག །ཆུ་སྦྲུལ་ལུང་བསྟན་བེེ་ཙ་གླིང་དུ་ལི་ཏིང་བཅུ་བཞི། མེ་བྱ་མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་རེའི་རྒྱུན། ཟངས་ཀྱི་མཆོད་ཀོང་གཅིག །ཆུ་སྟག་སུམ་ཐོག་ཁྱམས་བཅས་རྩིག་རྨང་ནས་བསླངས་བའི་གསར་བཞེངས། སྟེང་དུ་གུ་རུ་མཚན་བརྒྱད། ཚེ་དཔག་མེད། མཁན་པོ། ཆོས་རྒྱལ། བཻ་རོ་ཙ་ན་རྣམས་ཀྱི་འབུར་སྐུ་གསར་བསྐྲུན། སྐུ་དང་ཟླ་གདན་པདྨ་བཅས་པར་གསེར་སྦྱིབ་བྱུགས། གཡུ། བྱུ་རུ། མུ་ཏིག །སྤོས་ཤེལ་རྣམས་ཀྱི་ཕྲ་རྒྱན་ཅན། ལྡེབས་རིས་ལ་སིནྡྷུ་རྒྱ་མཚོའི་ཞིང་བཀོད་ཆ་ཚང་། ཤིང་རྩི་བཟབས་རྒྱས། དར་སྣ་ཚོགས་ཀྱི་སྙན་ཤལ་ལྔ་བཅུ་ང་དགུ ། ལྕམ་གླིང་དབུས་མར་གོས་ཁ་ཐི་དམར་ཁྲ། གཡས་སུ་སྔོན་པོ་འབྲུག་མ། གཡོན་དུ་ཐོན་ཐི་དམར་ཁྲ་ལས་གྲུབ་པའི་གནམ་རྒྱན་གོས་བཟང་བསྒྲིགས་ཀྱི་མཐའ་འཇའ་ཅན་དར་དམར་གྱི་ཤམ་བུ་ཡོད་པ། ཁ་ཐིའི་ཕྱེ་ཕུར་ཐོད་གོས་བཟང་བསྒྲིགས་ཀྱིས་བྱས་པ་ཆ། ཡང་དེ་དང་ཕྱོགས་འདྲ་བ། དིང་ཕོན་གྱིས་མཁན་མགོ་དང་ཁ་ཐི་ཐོན་ཐི་བཟང་བསྒྲིགས་ཀྱིས་མ་ལག་བྱས་པའི་འཕན་ལེགས་པ་ཆ། མཆོད་སྟེགས་རྩི་མ། གསེར་ཟངས་ཀྱི་མཎྜལ་མཉྫི་དང་བཅས་པ། ལི་ཏིང་ཉི་ཤུ་རྩ་གཅིག །ཟངས་ཏིར་གཅིག །ར་གདམ་ཆ། སིལ་སྙན་ཝཉྩ་མ་སྐྱོན་མེད་གཅིག །མཆོད་དུང་གཅིག །མཆོད་


GLG016_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་གཅིག །དཀར་ཡོལ་རག་སྟེགས་དང་བཅས་པ་གཅིག །དཀར་མེ་སྡོང་རྐང་གཅིག་དང་ཞལ་ཟས་བཅུའི་རྒྱུན་འཛུགས། མཆོད་ཀོང་མངགས་བཟོས་ཟླ་དྲུག་འཁྱོངས་པ། དྲིལ་བུ་བདུན་ཡོད་པའི་དྲིལ་གདང་གཅིག །ལྷ་མོ་ཁང་གི་ལྡེབས་རིས་ལ་མགོན་པོ་ལྕམ་དྲལ་དང་མདོ་ཁྱམས་ལ་རྒྱལ་རབས་གསར་བྲིས། ཆུ་ཡོས་ལོ་འབུར་སྐུ་རྣམས་ལ་ཞིག་གསོས་དང་། ལྡེབས་རིས་དཀར་ཆག་ནང་བཞིན་གྱི་ཐོག་སྐོར་ལམ་ནང་ལ་སངས་རྒྱས་སྟོང་སྐུ་དང་རྒྱལ་བ་བཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་སྐུ་རྣམས་གསར་བྲིས། དབུ་ཐོག་ཏུ་གོས་དམར་འབྲུག་མའི་བླ་བྲེ། མདོར་གོས་སྔོན་ཁའུ་མའི་བླ་བྲེ། དར་ལིང་ཚོས་ཁ་སྣ་ཚོགས་ཀྱི་ཕྱེ་ཕུར་རྫ་མ་གོས་དམར་ལཱལྕ་མ་འཇའ་བཅས་ཆ། ཤིང་འབྲུག་མདོ་ཁྱམས་ཀྱི་ཁོར་ས་ལ་བཻ་རོའི་རྒྱ་བོད་ཀྱི་མཛད་པ་འདྲ་འབག་ནང་ལྟར་གསར་བྲིས་རྣམས་སོ། །མཆོག་དམན་འགྲོ་བའི་དབང་པོ་དང་འཚམ་པར། །འཇུག་སྒོ་སྣ་ཚོགས་ཐེག་པའི་ཆོས་ཀྱི་ཚུལ། །ཐུབ་པས་ལེགས་པར་གསུངས་བཞིན་འཁྲུལ་མེད་དུ། །ཚེ་རབས་ཀུན་ཏུ་ཉམས་སུ་བསྟར་བར་ཤོག །ས་གླང་དགའ་ལྡན་བྱམས་པ་གླིང་གི་རྩིག་པའི་ཕྱེད་ཡན་ཐིགས་ཁང་དང་བཅས་གསར་བཞེངས། ཆུ་སྤྲུལ་ལི་ཏིང་ཉི་ཤུ་རྩ་གཅིག །ཤིང་ལུག་སྟེང་འོག་གི་འབུར་སྐུ་རྣམས་ཀྱི་གཙོ་བོའི་བཞུགས་ཁྲི་རང་འཁོར་ཕྲན་བུ་མ་གཏོགས་གསར་བཞེངས་ལྟ་བུའི་ཞིག་གསོས། ལྡེབས་རིས་དཀར་ཆག་དང་མཐུན་པར་གསར་བྲིས། ཤིང་སྦྲུལ་གཙང་ཁང་ནང་དུ་ས་གནད་གསོ་ཆེད་ལ་དུས་གསུམ་སངས་རྒྱས་དང་མེས་དབོན་རྣམ་གསུམ་གྱི་


GLG016_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འབུར་སྐུ་གསེར་སྦྱིབ་བྱུགས་མ་གསར་བསྐྲུན། སྙན་ཤལ་བཟང་དར་སྣ་ཚོགས་སུམ་ཅུ་སྨོན་ཡིག་དང་བཅས་པ། བླ་བྲེ་འབྲུག་རིས་མ་འཇའ་བཞི་གཤིབས། གོས་འཕན་ལག་རིང་ཆ། གོས་སྣ་ཚོགས་གྱི་ཕྱེ་ཕུར་རྫ་མ་ཐོན་ཐི་དམར་པོས་བྱས་པ་འཇའ་བཅས་ཆ། དཀར་མེ་སྡོང་རྐང་གཅིག་དང་ཞལ་ཟས་ལྔ་རེའི་རྒྱུན་བཙུགས། ཟླ་བ་དྲུག་རེ་ལྡང་བའི་མཆོད་ཀོང་མངགས་བཟོས་གཅིག་རྣམས་ཕུལ་ལོ། །མི་ཕམ་མགོན་གྱིས་ཡིད་དགའ་ཆོས་འཛིན་ནས། །དགྱེས་པའི་འཛུམ་བཅས་གསུང་གི་གསང་བ་ཡིས། །ལེགས་བྱས་འབྲས་བུ་རིང་མིན་བྱང་ཆུབ་ཏུ། །དབུགས་དབྱུང་ལུང་དུ་སྟོན་པར་བདག་བྱིན་རློབས། །ས་མོ་གླང་ལོ་མི་གཡོ་བསམ་གཏན་གླིང་གི་ཕྱིའི་རྩིག་པའི་སྟོད་དང་རྣམ་སྣང་གཙོ་འཁོར་ལྔར་ཞིག་གསོས། ཆུ་སྦྲུལ་ལོ་ལི་ཏིང་བཅུ་བཞི། མེ་བྱ་མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་རྒྱུན་འཛུགས། ཟངས་དམར་གྱི་མཆོད་ཀོང་གཅིག །ཤིང་འབྲུག་ཁ་ཐི་ཐོན་ཐི་ཚོན་སྤེལ་གྱི་ཕྱེ་ཕུར་རྫ་མ་ཐོན་ཐི་སྔོན་པོས་བྱས་པ་འཇའ་ལྡན་ཆ། མང་ལུག་སེར་པོའི་བླ་བྲེ་གུང་ཁེབས་གཅིག །ཤིང་སྦྲུལ་ངན་སོང་སྦྱོང་བའི་རྒྱུད་རིས་ལ་ཚོན་གསོས་རྣམས་བསྐྲུན་པའོ། །མ་དུལ་སེམས་ཀྱི་གླང་པོ་ཆགས་སྡང་རྗེས། །འཕྱན་པར་དྲན་ཤེས་ལྕགས་ཀྱུ་ཉེར་བཏབ་ནས། །གཡོ་མེད་ཏིང་འཛིན་ཆུ་ཡིས་དུག་གསུམ་མེ། །མངོན་གྱུར་ཚ་སྲེག་རྟག་ཏུ་བཅིལ་བར་ཤོག །ས་མོ་གླང་ལོ་རིན་ཅེན་སྣ་ཚོགས་གླིང་གི་རྩིག་པའི་ཕྱེད་དང་ཤིང་ཆ་རྣམས་གསར་


GLG016_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲུན། ཆུ་སྦྲུལ་ཐུབ་པ་གཙོ་འཁོར་ལྔར་ཞིག་གསོས་དང་། ལྡེབས་རིས་དཀར་ཆག་ནང་ལྟར་གསར་བྲིས། མེ་བྱ་མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་རེའི་རྒྱུན་འཛུགས། ཟངས་ཀྱི་མཆོད་ཀོང་གཅིག །ཤིང་འབྲུག་གོས་ཚོན་སྤེལ་གྱི་ཕྱེ་ཕུར་མགོ་གོས་ནག་གིས་བྱས་པ་འཇའ་བཅས་ཆ་རྣམས་ཕུལ། དུག་གསུམ་རླབས་འཁྲུག་འཁོར་འཚོ་ལས་ཐར་ནས། །མྱང་འདས་རིན་ཅེན་གླིང་དུ་བགྲོད་པའི་གཞི། །གཡོ་མེད་བསམ་གཏན་གྲུ་གཟིངས་གཏོང་བ་ལ། །རྣམ་གཡེང་མི་མཐུན་རླུང་ལས་གྲོལ་བར་ཤོག །ས་མོ་གླང་གི་ལོ་བྱང་ཆུབ་སེམས་སྐྱིད་གླིང་གི་རྩིག་པའི་ཕྱེད་ཡན་ཐོག་བཅས་ཞིག་གསོས་དང་ཤིང་རྩི། ཆུ་སྦྲུལ་ལྷ་ཚོགས་བཞི་བཅུ་རྩ་བདུན་ལ་ཞིག་གསོས་དང་ལྡེབས་རིས་ལ་ཚོན་གསོས། ལི་ཏིང་ཉི་ཤུ་རྩ་གཅིག། དཀར་མེ་སྡོང་རྐང་གཅིག་དང་ཞལ་ཟས་ལྔ་རེའི་རྒྱུན། ཁྲོ་ཀོང་མངག་བཟོས་ཟླ་དྲུག་འཁྱོངས་པ། གསེར་བསྒྲིལ་བཏགས་ཀྱི་བླ་བྲེ། གོས་ཚོན་སྤེལ་གྱི་ཕྱེ་ཕུར་ཐོད་ཐོན་ཐི་དམར་པོས་བྱས་པ་འཇའ་བཅས་ཆ་རྣམས་ཕུལ། མཁའ་མཉམ་འགྲོ་རྣམས་སྒྲོལ་འདོད་སྨོན་པ་དང་། །དེ་དོན་ལག་ཏུ་བསྟར་བ་འཇུག་སེམས་ཀྱི། །གཟིངས་ལ་བརྟེན་ནས་སྲིད་ཞིའི་རྒྱ་མཚོ་ཆེ། །རབ་བསྒྲལ་ཀུན་མཁྱེན་རིན་ཅེན་གླིང་བགྲོད་ཤོག །ཆུ་སྦྲུལ་དཔེ་ཧར་དཀོར་མཛོད་གླིང་དུ་ལི་ཏིང་ཉི་ཤུ་རྩ་གཅིག །མེ་བྱ་མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་རེའི་རྒྱུན་འཛུགས། ཟངས་དམར་གྱི་མཆོད་ཀོང་གཅིག །ས་ཕག་རྩིག་རྨང་ནས་བསླངས་ཏེ་ཤིང་ཆ་


GLG016_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གསར་བརྗེས། ལྡེབས་རིས་དཀར་ཆག་དང་མཐུན་པར་གསར་བྲིས་དང་ཤིང་རྩི། མདོ་ཁྱམས་གཡབས་རིང་ཀ་བ་བཅོ་བརྒྱད་ཀྱིས་ཤིང་ཆ་ཕལ་ཆེར་གསར་བརྗེས། ལྕགས་བྱི་གཙོ་བོའི་སྐུ་ལམ་ཙམ་མ་གཏོགས་ཁྲི་པད་རྒྱབ་ཡོལ་དྲུག་མགྱོགས་དང་སེམས་དཔའ་བརྒྱད་ཀྱི་ཕྱག་ཞབས་ཁྲི་པད་སོགས་ཕལ་ཆེར་གསར་བཞེངས། ལྕགས་གླང་བསྟན་སྲུངས་ཆེན་པོའི་ལུང་བསྟན་ལྟར་སྟེང་ཁང་གསར་བཟོས་ཀྱི་ལྡེབས་རིས་ལ་གསུང་ངག་ལམ་འབྲས་ཀྱི་བརྒྱུད་རིམ། མཁན་སློབ་ཆོས་གསུམ། རྒྱལ་པོ་སྐུ་ལྔ་རྣམས་བཞེངས་ཤིང་། མདོས་ཤིག་ཀྱང་བཙུགས། གོས་ཚོན་སྤེལ་གྱི་ཕྱེ་ཕུར་རྫ་མ་གོས་དམར་ལཱཉྪ་མ་འཇའ་བཅས་ཆ་རྣམས། མཁྱེན་བརྩེ་ནུས་པ་མེས་པོའི་རལ་ཀླུང་ལས། །བདེ་བའི་ཉལ་འགྲོ་རས་དཀར་ཤམ་བུ་ཅན། །སྲིད་པའི་ཁྱབ་འཇུག་ཞབས་སེན་ལྷབ་ལྷུབ་རྩེར། །ཐར་པའི་རྐང་ཏོག་མཛེས་འོད་འབར་བར་ཤོག །ཆུ་འབྲུག་དཔེ་ཧར་ལྕོག་གི་རྒྱལ་པོའི་སྐུ་འབག་སློབ་དཔོན་ཆེན་པོའི་ཕྱག་བཟོ་མར་ན་བཟའ་གོས་དམར་ཏ་ཧུང་རྒྱུ་ལེགས་སྐེད་རིས་འབྲུག་ཚོན་ཚོགས་ཁའུ་མ། རྡོར་གོང་གོས་ཉེར་ཚོས་ཁའུ་མ། སག་ཐེབ་ཀྱི་ཤམ་བུའི་གོང་པ་གོས་དམར་འབྲུག་མ་ཤམ་བུ་དར་བཅས། རླུང་གནོན་རྒྱ་འཕན་བརྒྱད། ཁ་ཐིའི་ཕྱེ་ཕུཪ་ཆུང་བ་ཆ་རྣམས་ཕུལ། །དཔའ་བོའི་སྡང་མིག་དམར་ཟླུམ་འཁྱིལ་བའི་ཉིས། །ཡིད་སྲུབས་རྩ་ལག་ཀུནྡ་ཟུམ་པ་དང༌། །ལྷན་ཅིག་བདེ་སྐྱིད་པུཎྜ་རི་ཀའི་ཚལ། །རྒྱས་པའི་པད་དཀར་ཆུན་པོ་ཐོད་དུ་ཆིངས། །


GLG016_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕོ་བྱི་ལོ་རྣམ་དག་ཁྲིམས་ཁང་གླིང་གི་འོག་ཁང་རྩིག་པ་དང་ཤིང་ཆ་གསར་བརྗེས། བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ་ལ་ཞིག་གསོས། ལྕགས་ཡོས་ཤིང་རྩི་དང་ལོགས་རིས་དཀར་ཆག་ནང་བཞིན་བསྐྲུན། ཆུ་སྦྲུལ་ལི་ཏིང་བཅུ་བཞི། །ཤིང་ལུག་སྟེང་ཁང་སྦུག་དང་མདོ་ཁྱམས་སོ་སོར་ཀ་བཞི་ཐིགས་ཁ ང་དང་བཅས་པ་ཡོངས་རྫོགས་སྔར་མེད་གསར་བཞེངས། རྟེན་རྣམ་སྣང་རིགས་བཞི། མི་འཁྲུགས་པ། སློབ་དཔོན་ཆེན་པོའི་སྐུ་རྣམས་གསེར་སྦྱིབ་བྱུག་གཟུངས་ཞུགས་དང་བཅས་པ། སྐུ་རེར་དཪ་ཁ་དོག་སྣ་ལྔ་མཐིང་ཁྲ་དང་བཅས་པའི་སྙན་ཤལ་དངུལ་མཚལ་གྱི་སྨོན་ཡིག་ཅན་དྲུག་རེ། དབུ་ཐོག་སྟར་བརྒྱུད་ལ་ཐོན་ཐི་སྔོན་པོའི་བླ་བྲེ། མདུན་དཀྱིལ་དུ་གོས་སྔོན་གསེར་འབྲུག་མ་དང་གཡས་གཡོན་དུ་མང་ལུག་ངུར་སྨྲིག་འབྲུག་མའི་གནམ་རྒྱན། ལྡེབས་རིས་ཀུན་རིག་ངན་སོང་སྦྱོང་བའི་རྒྱུད་རིས། ཁྱམས་ལྷོ་བྱང་དུ་ཚེ་དཔག་མེད་དང་སྒྲོལ་དཀར་ཉིས་སྟོང་། གོས་ཁ་ཐི་དང་གསེར་མ་ཚོན་སྤེལ་གྱི་ཕྱེ་ཕུར་རྫ་མ་སེའུ་རྒྱ་བྱ་མས་བྱས་པ་ཆ། མཐོན་ཐི་སེར་ཕྲའི་འཕན་ངུར་སྨྲིག་གསེར་མ་མེ་ཏོག་མས་འཕན་མགོ་བྱས་པ་ཆ། སྟོད་སེའུ་ལ་སྨད་ཡ་ཤེལ་སྔོན་པོ་གསེར་གྱི་གཟུངས་ཡོད་མངགས་བཏགས་ཀྱི་འཕན་མགོ་ཐོན་ཐིས་བྱས་པ་ཆ། དྲིལ་བུ་བརྒྱད་ཡོད་ཀྱི་དྲིལ་གདང་། ལི་ཏིང་ཉི་ཤུ་རྩ་བརྒྱད། སེར་ཏིང་བདུན་ཚར། ལི་མ་ཁར་གྱི་ཏིང་བདུན་ཚར། ལིའི་མཎྜལ་གསུམ་ལྕགས་ཀྱི་མཉྫི་དང་བཅས་པ། ལྗང་གསེར་གྱི་མེ་དམ་ཆ། ཧོར་དམ་ཆ། ཟངས་ཏིར་གཅིག །བལ་སྦུག་གཅིག །མར་


GLG016_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མེ་སྡོང་རྐང་གཅིག་དང་ཞལ་ཟས་བཅུ་རེའི་རྒྱུན་འཛུགས། ཁྲོ་ཀོང་མངགས་བཟོས་ཟླ་དྲུག་ལྡང་བ། མེ་བྱ་མཆོད་ཁང་རྙིང་པར་མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་རེ་རྒྱུན་འཛུགས། ཟངས་དམར་གྱི་མཆོད་ཀོང་གཅིག །ཤིང་འབྲུག་ཁ་ཐི་ཐོན་ཐི་ཚོན་སྤེལ་གྱི་ཕྱེ་ཕུར་རྫ་མ་ཐོན་ཐི་སྔོན་པོས་བྱས་པ་ཆ་རྣམས་ཕུལ། མཚན་ཉིད་ལྡན་པའི་མཁན་སློབ་ཆོ་ག་ལ། །བརྟེན་ནས་རབ་ཏུ་བྱུང་བའི་ཁྲིམས་མནོས་ཏེ། །ལྷ་མིའི་རིན་ཅེན་ཐེམ་སྐས་ལ་འཛེགས་ནས། །མྱ་ངན་འདས་པའི་ཁང་པར་འཇུག་པར་ཤོག །ཆུ་སྦྲུལ་ཁམས་གསུམ་ཟངས་ཁང་གླིང་གི་སྟེང་ཁང་བར་ཁང་འོག་ཁང་གསུམ་སོ་སོར་ལི་ཏིང་བདུན་ཚར་རེ། ལྕགས་བྱི་ཁོར་ས་ཕྱི་མའི་གཡབས་རིང་སྒོར་མ་ཀ་བ་བདུན་ཅུ་དོན་གཉིས་ཀྱི་སའི་བྱང་བརྒྱུད་སྟར་མའི་རྩིག་པ་རྩ་སློང་དང་གཞན་རྣམས་ཁ་གསོ་བྱས་པའི་ཐོག་གསར་བརྗེས། ཁོར་ས་བར་པའི་རྩིག་པ་དང་ཐོག་སྒོར་མར་ཞིག་གསོས། ཤིང་སྦྲུལ་འོག་ཁང་གི་སེམས་དཔའ་གཅིག་ཞིག་པ་གསར་དུ་བཞེངས། སྟེང་ཁང་བར་ཁང་འོག་གང་གསུམ་སོ་སོཪ་མཪ་མེ་སྡོང་རྐང་ཪེ་དང་ཞལ་ཟས་གསུམ་རེའི་རྒྱུན་བཙུགས། ས་སྤྲེལ་བར་ཁང་སྒོ་ཕིབས་ཀ་བ་བཞི་འཕྲེང་ཞིག་གསོས། ལྟེ་བའི་མདའ་ཡབ་གོང་འོག་གཉིས་དང་སྟེང་ཐོག་ལྕོག་བཞི་བཅས་པའི་ཤིང་ཆ་གསོ་བརྗེས་དང་གཡུ་ཐོག་གསར་བཞེངས་རྣམས་གྲུབ་པོ། རྣམ་དཀར་འདིའི་འབྲས་གླིང་བཞིར་མ་ཤོང་བར། །ལྷུན་པོའི་རྩེ་མོར་སྙེག་ནུས་ང་ལ་ནུའི། །བསོད་ནམས་རང་ཉིད་གཅིག་པུས་མི་སྤྱོད་པར། །མཁའ་མཉམ་འགྲོ་བ་


GLG016_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་གཏོང་བར་ཤོག །ཆུ་སྦྲུལ་དགེ་རྒྱས་ལི་མ་གླིང་གི་ཁོར་ས་སྟེང་ཤོད་ཁོལ་གསོས། ལས་མི་སྟོང་བརྒལ་བས་ཕྱིའི་བྱེ་མ་བཤུབ་པར་ཟླ་བ་ཕྱེད་གཉིས་ཀྱི་བར་ཇ་ཐུག་ལྟོ་སོགས་ཀྱི་མཐུན་རྐྱེན། ལི་ཏིང་བཅུ་བཞི། ཤིང་སྦྲུལ་དཀར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་རེའི་རྒྱུན་བཙུགས། ས་བྱ་གཡུ་ཐོག་ལེགས་པར་གྲུབ། འདིར་འབད་ལུས་ཕྲའི་ནུ་མ་མངོན་མཐོ་ལས། །རྣམ་སྨིན་དཀར་པོར་འཛག་པ་འོ་མའི་རྒྱུན། །དངར་བའི་རོ་བཅུད་མཁའ་མཉམ་འགྲོ་ཀུན་གྱིས། །རྟག་ཏུ་མྱོང་བའི་སྐལ་པ་བཟང་པོར་ཤོག །ཆུ་སྦྲུལ་བུ་ཚལ་གསེར་ཁང་གླིང་གི་འོག་ཁང་དུ་ཏིང་བཅུ་བཞི་དང་སྟེང་ཁང་དུ་བདུན་ཚར། འོག་ཁང་རྟེན་གཙོའི་དབུ་ཐོག་ཏུ་མང་ལུག་དམར་པོའི་བླ་བྲེ་ཆེ་བ་གཅིག །མེ་བྱ་སྟེང་ཁང་དུ་མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་རེའི་རྒྱུན་བཙུགས། ཆུ་སྟག་ཁོར་སའི་ལྷོ་བྱང་གཉིས་ཀྱི་སྟེང་དང་ཤར་གྱི་གློ་འབུར་གཡས་གཡོན་བཅས་ཀ་བ་བཞི་བཅུའི་སའི་རྩིག་པ་ཁ་གསོས་དང་ཐོག་གསར་བརྗེས། ནུབ་བརྒྱུད་ཀ་བ་དགུའི་སྟེང་ཤོད་ཀྱི་རྩིག་པ་ཀུན་དང་། ཅོང་ཁང་ཀ་བ་བཞིའི་སྟེང་ཤོད་ཀྱི་ཐོག་དང་རྩིག་པ་རྣམས་གསར་བརྗེས། ཁྱམས་ནང་མའི་སྒོ་ཕིབས་ཀ་བ་དྲུག་ཚར་ཞིག་གསོས། འོག་ཁང་མདོ་ཁྱམས་ཤར་གྱི་ཐོག་ཟོ་གཅིག་གི་སའི་རྩིག་པ་དང་ཀ་བ་བརྒྱད་ཀྱི་སྟེང་ཐོག་ཀྱང་གསར་དུ་བསྐྲུན། ཆུ་ཡོས་གཡུ་བན་སྒྲིག་སྐྱོར། དཀོར་ཁང་བྱང་ཕྱོགས་ཀྱི་རྩིག་པ་དང་། འོག་ཁང་བར་ཁང་གཉིས་ཀྱི་སྒོ་ཕིབས་བཅས་པ་རྩ་སློང་ལྟ་བུའི་ཞིག་གསོས། གཡུ་ཐོག་སྒྲིག་སྐྱོར། བར་ཁང་མདོ་ཁྱམས་ཤར་ལ་


GLG016_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆག་ནང་བཞིན་གྱི་ལྡེབས་རིས་སྔར་མལ་ལྟར་གསར་བྲིས་དང་། ལྷོ་བྱང་གཉིས་ལ་ཚོན་གསོས། ཤིང་སྦྲུལ་འོག་ཁང་དུ་མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་རེའི་རྒྱུན་བཙུགས། ས་བྱ་ཤིང་ཆ་རུལ་བ་དང་གཡུ་ཐོག་རྣམས་གསར་བརྗེས་དངོས་གཙང་བ་གྲུབ་བོ། །འདི་ནང་ཞིང་སར་ཆོས་དཀར་ས་བོན་ཚོགས། །བཏབ་པའི་མྱུ་གུ་གྲངས་མེད་སྐྱེ་བ་རུ། །ནམ་ཡང་ཆུད་མི་འཛའ་བར་ཡོངས་སྨིན་འབྲས། །ཡིད་ཅན་ཀུན་དང་ལྷན་ཅིག་སྤྱོད་པར་སྨོན། །དཔལ་ཨྱོན་ཆེན་པོས་གུང་ཐང་ལ་ཐོག་ཏུ་བཞག་པའི་ཞབས་རྗེས་ང་ཅན་ལ་མེ་ཕག་ལོ་མར་མེ་སྡོང་རྐང་གཅིག་གི་རྒྱུན། བཞུ་ཆས་ཁྲོ། ཟངས་དམར་གྱི་མཆོད་ཀོང་དང་བཅས་པ། རྒྱབ་ཏུ་གཤིས་གས་ཡོད་འདུག་པར་མེ་སྤྲེ་ལོ་མཇལ་བར་མི་གནོད་པའི་དངུལ་སྲང་བཞི་བཅུའི་ཐུམས་ཕུལ། མི་མཐུན་ཉེས་བརྒྱའི་སྨག་རུམ་དབྱིངས་སུ་དེངས། །ཚེ་དཔལ་འབྱོར་བའི་རྒྱ་མཚོ་ཆེས་ཆེར་འཕེལ། །ཐར་པའི་ས་མོས་བཞད་པའི་སྔོན་མེད་ཟླ། །པདྨ་ཀ་རས་ཚེ་རབས་ཀུན་ཏུ་སྐྱོངས། །ས་སྤྲེལ་རྐ་ཆུ་ལྷ་ཁང་དུ་མར་མེ་སྡོང་རྐང་གཅིག་དང་ཞལ་ཟས་གསུམ་གྱི་རྒྱུན་བཙུགས། རྟེན་བརྟེན་པ་རྣམས་ལ་ཞིག་གསོས་འཕྲལ་འཕྲལ་དུ་སོང༌། དབུ་རྩེས་ཐོག་དྲངས་པའི་ལྷ་ཁང་གི་འབུར་སྐུ་རྣམས་ལ་དེ་གཉིས་ཙམ་མ་གཏོགས་གས་ཆག་ཕྲན་བུ་མ་བྱུང་བ་མེད་འདུག་པར་ལྷ་བཟོ་བའི་རིགས་ཀྱིས་ཕྱག་མཛུབ་སྐུ་རྒྱན་སོགས་སྦྱར་བ་གྲུལ་མ་ཐུབ་པར། སྡེ་པ་དཔོན་གཡོག་ནས་ཕྱག་བདར་གྱིས་


GLG016_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གསོས་པ་ཤིན་ཏུ་འབྱར་ཞིང་བརྟན་པ་བྱུང་བར། ལྕགས་བྱི་གསེར་བཏུལ་མ་ཞོ་བརྒྱའི་གསེར་ཆབ་དང་། ལྷ་ཁང་སོ་སོར་མཆོད་ཅོག་རྩི་མ་པད་རིམ་ཅན་རེ་ཕུལ། གླིང་ཆེན་བཞིའི་མདུན་དུ་དར་ཆེན་འདོམ་བཅུ་རེ་ཡོད་པ་ལོ་སྟར་བརྗེ་བའི་རྒྱུན་བཙུགས་སོ། །འཛད་མེད་ལེགས་བྱས་ནམ་མཁའ་མཛོད་ཀྱི་སྒོ། །ཕྱེ་ནས་རྟག་ཏུ་ཡོངས་སུ་ཉེར་སྤྱོད་པ། །གསེར་གྱི་ལག་པའི་ཁྱིམ་བདག་རྗེས་འགྲོ་བར། །ཕྱོགས་བཅུའི་བདེ་གཤེགས་ཀུན་གྱིས་བྱིན་གྱིས་རློབས། །གསུང་གི་དབེན་གནས་མཆིམས་ཕུ་བདེ་གཤེགས་འདུས་པའི་གསང་ཕུག་ཏུ་ཆུ་སྟག་གི་ལོ་སློབ་དཔོན་ཆེན་པོའི་སྐུ་གསེར་ཟངས་ལས་གྲུབ་པའི་མི་ཚད་མ་གསར་བཞེངས། དར་ཚོན་ཚོགས་དྲུག་གི་སྙན་ཤལ་སྨོན་ཡིག་དང་བཅས་པ། གོས་ཆེན་གྱི་བླ་བྲེ། ཕྱེ་ཕུར་ཆ། སྒོ་ལ་ལྕགས་ཁྲ་བཙུགས་སོ། །སྤང་རྟོགས་ཡོན་ཏན་རྣམ་འདྲེན་ཡོངས་མཉམ་ཡང་། །བོད་འབངས་འགྲོ་ལ་ཐུགས་རྗེ་རྒྱལ་གཞན་ལས། །ཆེས་ལྷག་པདྨ་ཐོད་འཕྲེང་རྩལ་ཁྱོད་གྱིས། །བྱང་ཆུབ་སྙིང་པོའི་བར་དུ་རྗེས་འཛིན་ཤོག །༑ དེ་ལྟར་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལེ་ལག་དང་བཅས་པར་རྟེན་བརྟེན་པ་རྙིང་པ་ལ་ཞིག་གསོས། གསར་དུ་བཞེངས་པ། བཀའ་འགྱུར་རྒྱུན་སྒྲོག །མཆོད་པ་དང་འཕན་རྒྱུན་འཛུགས་ཀྱི་ལོ་གཅིག་གི་དངོས་པོ་འགྲོ་ཚོད། རབ་གནས་ལ་ངེད་རང་གྲྭ་ཚང་དང་བཅས་དྲུག་བརྒྱ་སྐོར་གྱིས་ཞག་བཅུ་གཅིག་བསྡད་པ། ས་སྐྱ་ཞབས་དྲུང་རིན་པོ་ཆེ་ཁྲི་ཆེན། རྡོ་རྗེ་བྲག་སྤྲུལ་པའི་སྐུ། ཀོང་པོ་རྫོགས་ཆེན་པ་ལྷ་


GLG016_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་ཀུན་བཟང་རྣམ་རྒྱལ་གསུམ་གྱིས་ལན་རེ། སྤྲུལ་སྐུ་གསུང་སྤྲུལ་གྲྭ་བཅས་བདུན་ཅུ་སྐོར་གྱིས་ལན་གསུམ་བྱོན་པར་ལྷ་ཁང་རེ་རེ་བཞིན་ལ་ཆོ་ག་ཚར་རེ་བཏང་བའི་ཡུན་རིང་བ། དཔལ་རི་སྤྲུལ་སྐུས་ལན་གཉིས། རབ་བྱུང་པ་རྣམས་ཀྱིས་ལན་ཁ་ཡར་དང་བཅས་སོང་བའི་བདོག་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པར་གསེར་བཏུལ་མ་གྲང་གསེཪ་དབུས་ཞོ་དྲུག་བརྒྱ་དང་བཞི་བཅུ་ཞེ་དྲུག་སེ་བ་ཕྱེད་དྲུག །གསེར་ཐིག་ཧྲུག་དབུས་ཞོ་སྟོང་ཕྲག་བདུན་དང་བཞི་བརྒྱ་དགུ་བཅུ་གོ་བདུན། དངུལ་བཏུལ་མ་དབུས་ཞོ་ཉི་ཤུ་རྩ་གསུམ་དང་སེ་བ་བཞི། དངུལ་སྲང་དྲུག་ཅུ་རེ་དགུ་དང་ཞོ་བརྒྱད། དངུལ་མདོང་གཅིག །ཟངས་ཁར་རྒྱའི་ཁལ་སྟོང་ཕྲག་གཅིག་དང་སུམ་བརྒྱ་བཅུ་གསུམ་ཉག་ཕྱེད། དངུལ་ཆུ་ཁར་རྒྱའི་ཁལ་བཞི་བཅུ་ཞེ་གཉིས་དང་ཉག་གང་། ཏི་ཚ་ཁར་རྒྱའི་ཁལ་དྲུག་དང་ཉག་ཕྱེད་དོ། །བཤའ་དཀར་ཁར་ཉག་གསུམ། སྟར་བུ་ཁར་རྒྱའི་ཁལ་བདུན་དང་ཉག་ཕྱེད་དང་བཅུ་གཉིས། གསེར་ཤོག་བྲེ་ཁ་འབུམ་ཚོ་གཅིག་དང་ཁྲི་ཚོ་གཅིག་སྟོང་ཕྲག་བཞི་བརྒྱ་བདུན་ཅུ་ཐམ་པ། དངུལ་ཤོག་བྲེ་ཁ་ཆེ་ངེས་སྟོང་ཕྲག་གཅིག་དང་ལྔ་བརྒྱ་སུམ་ཅུ་སོ་དྲུག །མཚལ་ཁར་རྒྱའི་ཁལ་བཅུ་དྲུག་དང་ཉག་བཅུ་གཅིག །ལི་ཁྲི་ཁར་བརྒྱའི་ཁལ་ཕྱེད་དྲུག །མཐིང་ཆེན་ཁར་རྒྱའི་ཁལ་བཞི་བཅུ་ཞེ་ལྔ་ཉག་དོ། །སྔོ་སྐྱ་ཁར་རྒྱའི་ཁལ་སུམ་ཅུ་སོ་བདུན་དང་ཉག་བདུན། གཡུ་ཐོག་གི་ཚོན་བཅས་སྤང་ཆེན་མཁར་རྒྱའི་ཁལ་བརྒྱ་དང་བཅུ་དགུ་ཉག་བཅོ་ལྔ་སྤོར་གང་། སྤང་སྐྱ་ཁར་


GLG016_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་ཁལ་སུམ་ཅུ་སོ་ལྔ་དང་ཉག་ལྔ། བ་བླ་མཁར་རྒྱའི་ཁལ་བཅུ་དྲུག་དང་ཉག་ལྔ། རམ་མཁའ་རུའི་ཁལ་གཉིས་བྲེ་དོ་ཕུལ་ལྔ། རྒྱ་ཚོས་མཁའ་རུའི་ཁལ་བཅུ་གསུམ་དང་བྲེ་བཅུ་དྲུག །ཞུན་མཁར་རུའི་ཁལ་བཅུ་བཞི་དང་བྲེ་དོ། །སྤྱིན་མཁའ་རུའི་ཁལ་བརྒྱ་དང་ཉི་ཤུ་རྩ་དྲུག །སྲ་རྩི་མཁའ་རུའི་ཁལ་ཕྱེད་དང་བཅུ་གཅིག །སྤོས་དཀར་ལྟང་རྩེ་དྲུག །མཚལ་དཀར་གད་མ་མཁར་རྒྱའི་ཁལ་བརྒྱ་དང་ལྔ་བཅུ་ང་བདུན་ཉག་ཕྱེད་གསུམ། སྣུམ་སྣག་བྱེ་རིལ་མ་མཁའ་རུའི་ཁལ་གཉིས་དང་བྲེ་བཅུ་གཉིས། གཟུངས་བཞུགས་ལ་ཤོག་ངོས་ཉི་ཤུ་ཐམ་པ། གསེར་ཞོ་སུམ་ཅུས་ཉོས་པའི་གུར་ཀུམ། སྨན་བཟང་དྲུག་ཀ་ཊོ་ར་ལྔ། ཨར་སྡུམ་གསུམ། སྤོས་རེང་བརྒྱ་ཁྲེས་ལྔ་བཅུ་ཐམ་པ། ལྕགས་སྙོད་ཁར་རྒྱའི་ཁལ་བརྒྱ་དང་བཞི་བཅུ་ཞེ་ལྔ་ཉག་ཕྱེད་དང་ཉི་ཤུ ། གསེར་ཐོག་གི་ཤིང་སྒྲོག་གཟེར་དང་གཡུ་ཐོག་སྣ་རྟེན་བཅས་ལྕགས་གཟེར་ཕྲ་སྦོམ་འདྲེས་པ་སྟོང་ཕྲག་དགུ་དང་བཅུ་ཐམ་པ། བླ་བྲེ་གནམ་རྒྱན་འདྲེན་པ་བཅུ་དྲུག །འཕན་རིང་ཉི་ཤུ་རྩ་ལྔ། སྦུག་སིལ་ཆ་གཉིས། དུང་དཀར་གཅིག །མཆོད་རྔ་ཁྲི་བཅས་གཉིས། ཟངས་ཏིར་གཉིས། མེ་དམ་ཆ་གསུམ། ལི་ཏིང་སྒོང་བཟོ་མ་ལྔ་བརྒྱ་དང་ཉི་ཤུ་རྩ་གཅིག །ཁྲོ་ཀོང་མངགས་བཅོས་བཅུ་དྲུག །ཁྲོ་ཤབ་གཅིག་ཟངས་དམར་གྱི་མཆོད་ཀོང་བཅུ་གཅིག །དྲིལ་བུ་རྒྱུ་ལེགས་བཞི་བཅུ་ཞེ་དྲུག །འབྲུ་མཁར་རུའི་ཁལ་ཁྲི་ཚོ་ལྔ་དང་སྟོང་ཕྲག་གསུམ་ལྔ་བརྒྱ་བདུན་ཅུ་དོན་གཅིག་བྲེ་བཅུ་ཐམ་པ་ཕུལ་ལྔ་བརྒྱ། ཇ་ནག་མོ་ཁོར་དྲུག་བཅུ་བདུན་དང་བར་


GLG016_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཁག་གསུམ། ཟི་ལིང་ནག་པོ་སྦག་བཞི་བཅུ་ཞེ་བཞི། སེ་ཧྲུག་སྦག་གསུམ་བརྒྱ་དང་ལྔ་བཅུ་ཐམ་པ། ཡག་ཆུ་ཁོར་དྲུག་ཉི་ཤུ་ཕྱེད་རྩ་གཅིག །ཤ་ཤན་ཁོ་རེ་དྲུག་བརྒྱ་དང་བཅུ་ཐམ་པ། འབྲས་ཁཱ་རུའི་ཁལ་སུམ་ཅུ་སོ་གཉིས། མར་ཁར་རྒྱའི་ཁལ་སྟོང་ཕྲག་གསུམ་དང་བཞི་བརྒྱ་ཉག་བརྒྱད། སྣུམ་ཁཱར་རུའི་ཁལ་བཞི་བརྒྱ་དང་བཅོ་ལྔ་བྲེ་བཅུ་བཞི་ཕུལ་ལྔ། ཕྱུར་བ་མཁའ་རུའི་ཁལ་བཞི་བརྒྱ་དང་དྲུག་བྲེ་བཅོ་བརྒྱད། ཚྭ་ཡོན་ཕྲན་འདྲེས་བཅས་ཁའ་རུའི་ཁལ་ལྔ་བརྒྱ་དང་ལྔ་བཅུ་ང་གཉིས་བྲེ་བརྒྱད་ཕུལ་གང་། ཚག་བུབས་བཞི་བརྒྱ་དང་བཞི་བཅུ་ཞེ་དྲུག །ལུག་ཁོག་སྟོང་ཕྲག་ལྔ་དང་བརྒྱ་བཞི་བཅུ་ཞེ་བཞི། ཕག་བུབས་བཞི་བཅུ་ཕྱེད་ཞེ་གཅིག །རབ་ཏུ་བྱུང་བར་འོས་པའི་རུང་མཐུན་གྱིས་གོས་ཆ་ཚང་། ཐའི་ཇི་རང་གི་ན་བཟའ་སྐོར་ཆ་འགྲིག་གཅིག་དང་། གོས་རྩག་ལེགས་པ་གཅིག །བཀྲ་ཤིས་ཁ་བཏགས་དང་འདོམ་འཁོར་འདྲེས་པ་སྟོང་ཕྲག་གཅིག་དང་ཉིས་བརྒྱ་ཉི་ཤུ་རྩ་དགུ ། གོས་ཁ་ཐི་ཐོན་ཐི་བཅས་རྒྱུ་ལེགས་ཡུག་ཚང་བརྒྱ་དང་བཅུ་གཅིག །གོས་དཀྱུས་མ་ཡུག་བདུན་ཅུ་ཕྱེད་དོན་གསུམ། ལིང་དང་དར་ཡུག་བརྒྱ་དང་ཕྱེད་བརྒྱད། སྨན་ཙེ་ཡུག་དགུ་བཅུ་གོ་གཉིས། སྤེན་བུབས་བརྒྱ་དང་དྲུག །ལ་ཏ་ཡུག་གཅིག །ཟམ་སོ་ཡུག་སུམ་ཅུ་སོ་གཉིས། དྲིལ་ཡུག་བརྒྱ་དང་ལྔ་བཅུ་ཐམ་པ། རས་ཆེན་ཡུག་བརྒྱ་དང་བདུན་ཅུ་ཐམ་པ། རས་ཆེན་ཡུག་བརྒྱ་དང་བདུན་ཅུ་ཐམ་པ། ཀ་རས་ཡུག་བདུན་ཅུ་དོན་དགུ ། རྟ་སྤུས་ལེགས་བདུན་ཅུ་དོན་གཅིག །གསེར་སྒ་ཆ་འགྲིག་གཉིས། སྒ་


GLG016_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དམར་དངུལ་ཤན་མ་གཅིག་དང་། ཐའི་ཇི་རང་གི་སྒ་གཅིག །དྭགས་སླེ་ལྔ། ཨར་ཏི་གཉིས། རལ་ཀུ་སྔོན་པོ་གཅིག །གཟན་སྣ་ལྔ་སུམ་ཅུ་སོ་དྲུག་དང་རྒྱ་ཚོས་གཅིག །སྣམ་དམར་བུབས་སུམ་བརྒྱ་དང་ལྔ་བཅུ་ཐམ་པ། སྣམ་དཀར་བུབས་བདུན་ཅུ་ཕྱེད་དོན་བཞི། ཁྲབ་རྨོག་ཆ་ཚང་གཉིས། མེ་མདའ་ལེགས་པ་ཆ་འགྲིག་གཅིག །ཕྱེ་ཤེལ་ལྟང་རྩེ་བཅུ། བུར་ལྟང་བཞི་བཅུ་ཐམ་པ། རྒུན་འབྲུམ་ཁའ་རུའི་ཁལ་བདུན། ཤི་ཕ་ཁ་ཁའ་རུའི་ཁལ་བཞི། ཁམ་བུ་དང་སྟར་ག་འདྲེས་པ་ཁའ་རུའི་ཁལ་བརྒྱ་དང་སུམ་ཅུ་སོ་དགུ་རྣམས། །དབུ་རྩེ་ཆེན་མོའི་གསེར་ཐོག་གསར་བཞེངས་སྐབས། ཞལ་འདེབས་བྱུང་བ་རྣམས་ལོགས་སུ་བཀོད་པར། བཀྲ་ཤིས་ལྗོངས་ནས་སྔེ་པ་ཆོས་རྗེས་ཁ་བཏགས་ཆེ་བ། དངུལ་ཆུ་རྒྱ་ཐུར་གྱི་སྲང་ཉི་ཤུ་རྩ་ལྔ། གསེར་དབུས་ཞོ་ལྔ་ཐེ་བའི་ཧོར་རྟ་ཁ་གཞོན་གཅིག །བདེ་ཆེན་ནས་ས་སྐྱོང་ཐོག་རྒོད་རྣམ་རྒྱལ་གྱིས་གསེར་དབུས་ཞོ་བཅུ་དྲུག །ཟངས་ཁར་རྒྱའི་ཁལ་བཅོ་ལྔ་དང་མཆུ་ཕྱེད་གསུམ། གླིང་མ་ཆོས་མཛད་མས་གསེར་ཞོ་དོ། །སྣེའུ་གདོང་རྩེ་བདག་མོས་གསེར་ཞོ་བཅུ་ཐམ་པ། བྱང་ཆུབ་གླིང་སྐྱེས་གསེར་ཞོ་ལྔ་དང་སེ་བ་བཅུ་བཞི། རྒྱལ་སྲས་ཤེར་འཕེལ་བས་གསེར་ཞོ་བདུན། ཆད་དཀར་དཔོན་སས་གསེར་ཞོ་བཅོ་བརྒྱད་དང་སེ་བ་དོ། །སྣ་མོ་ཤག་གྲུབ་ཆེན་པས་གསེར་ཞོ་བཅོ་བརྒྱད་དང་སེ་བ་བཅོ་བརྒྱད། དགེ་སློང་མཆོད་དཔོན་དང་དབུ་མཛད་གཉིས་ཀྱིས་གསེར་ཞོ་ཕྱེད་བཅུ་བདུན། བར་ཁམས་སྡེ་པ་གཞི་རྩ་བས་དངུལ་ཆུ་རྒྱ་ཐུར་གྱི་སྲང་བརྒྱ་ཐམ་པ། ཆེ་ཆེན་དབུ་ཆིན་གྱིས་ཟངས་


GLG016_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་རྒྱ་བདུན་དང་མཆུ་ཕྱེད་དོ། ཡང་ཁ་ལྕོག་སྦུག་པས་གསེར་ཞོ་དགུ ། དངུལ་ཆུ་སྲང་སུམ་ཅུ་སོ་བཞི། ཟངས་ཁར་རྒྱའི་མཆུ་གསུམ། བྲག་ཉི་དར་རྒན་ཆོས་རྗེས་ཁ་བཏགས་གསུམ། སྨན་ཡུག་གཅིག་གོས་དམར་ཡུག་གཅིག །དངུལ་སྲང་བཅོ་ལྔ། ཁམས་ཆོས་རྗེ་རྒྱ་སྟོན་པས་གསེར་ཞོ་ལྔ་དང་སེ་བ་བདུན། ལ་མོ་དཔོན་པོ་སྐུ་རྟེན་པས་གསེར་སྲང་གང་དང་ཟངས་ཁར་རྒྱ་དོ། སྟག་དོན་གྲུབ་གྱིས་གསེར་ཞོ་ཕྱེད་དང་བཅུ་གཉིས་དང་ཟངས་ཁར་རྒྱ་དོ་མཆུ་དོ། དགའ་ལྡན་ཧ་གདོང་དགེ་སློང་རྒྱལ་མཚན་གྱིས་གསེར་ཞོ་བདུན་དང་སེ་བ་བཅུ་བདུན། ཆེ་ཆེན་དབོན་པོས་གསེར་ཞོ་བདུན་དང་སེ་བ་བཅུ་གཉིས། བདེ་ཆེན་ཆོས་འཁོར་སྤྲུལ་སྐུས་གསེར་ཞོ་དགུ ། དཔལ་རི་སྤྲུལ་སྐུས་གསེར་ཞོ་གསུམ་དང་སེ་བ་ཕྱེད་དགུ ། རྣམ་སྲས་གླིང་པས་གསེར་ཞོ་གང་དང་ཟངས་ལྷ་ཉག་གི་ཁལ་གསུམ། གཟིམས་ཁང་གོང་ཕྱག་མཛོད་པས་དངུལ་ཆུ་རྒྱ་ཐུཪ་གྱི་སྲང་ལྔ་བཅུ་ཐམ་པ། ཟངས་ལྷ་ཉག་གི་ཁལ་བཅུ་གཅིག །ཕན་པོ་གནམ་གང་གིས་ཟངས་ཁར་རྒྱའི་ཁལ་གསུམ། སྡིངས་པོ་ཆེ་སྤྲུལ་སྐུས་གསེར་ཞོ་དོ་དང་སེ་བ་དོ། དྲུག་བརྒྱ་བས་གསེར་ཞོ་གསུམ་དང་སེ་བ་གསུམ། སྟག་རུ་བས་གསེར་ཞོ་དོ། ནོ་ཁོང་དགེ་ཚུལ་གྱིས་ཁ་བཏགས། སྨན་ཁ་བཅུ་བདུན། ཁ་ཏི་སེར་ཁྲ་ཁ་བཅུ་འབྲེལ། སྒྲོམ་པས་གསེར་ཞོ་བཅུ་དང་སེ་བ་བདུན། སྦས་གྲོང་པས་གསེར་ཞོ་དོ་དང་སེ་བ་ཕྱེད་བཅུ་བཞི། ཟངས་ཁར་རྒྱའི་མཆུ་ཕྱེད་གསུམ། བསམ་ཡས་སྐུ་རྟེན་མགོན་


GLG016_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པོས་གསེར་ཞོ་གང་དང་སེ་བ་ཕྱེད། མཁན་ཚང་གཉེར་པ་ཀུན་དགའ་དར་རྒྱས་ཀྱིས་གསེར་ཞོ་གང་དང་སེ་བ་དོ། མཁའ་རབ་ནང་སོ་རྣམ་སྲས་ཀྱིས་གསེར་ཞོ་གང་དང་སེ་བ་བཅུ་དྲུག །མངའ་རིས་གྲྭ་ཚང་རབ་འབྱམས་པ་རྟོགས་རིང་གིས་གསེར་ཞོ་གང་དང་སེ་བ་བཅུ་དྲུག །ཀ་རས་ཡུག་གཅིག །སླེ་རི་རབ་འབྱམས་པས་གསེར་ཞོ་གང་། ཆད་དཀར་ཨ་དགོས་ཀྱི་གསེར་ཞོ་གང་དང་སེ་བ་ཕྱེད་དོ། ཉིན་སྡིངས་ཚེས་བཞི་བས་གསེར་ཞོ་གང་། ཉིན་སྡིངས་སེམས་དཔའ་སྤྲུལ་སྐུའི་ཡབ་ཀྱིས་གསེར་ཞོ་གང་། ཕུ་ལུང་འཚོ་བྱེད་པས་གསེར་ཞོ་གང་། ལོ་ཕུ་འཚོ་བྱེད་ཀྱིས་གསེར་ཞོ་གང་། འཕྱོང་རྒྱས་རི་བོ་བདེ་ཆེན་ནས་གྲྭ་པ་བློ་བཟང་དར་རྒྱས་ཀྱིས་གསེར་ཞོ་དོ། འཚོ་བྱེད་ནམ་མཁས་གསེར་ཞོ་དོ་སེ་བ་དོ། རྫོང་དཔོན་པས་གསེར་ཞོ་དོ། །དགེ་སློང་ཡེ་ཤེས་ཕུན་ཚོགས་ཀྱིས་གསེར་ཞོ་དོ་དང་སེ་བ་ཕྱེད་བཅུ། གསེར་བྱུང་བ་དང་གདོང་པ་གཉིས་ཀྱིས་གསེར་ཞོ་གང་དང་སེ་བ་ཕྱེད་དོ། ལྷ་ས་སྐོར་སྐད་པ་སྨྱོན་པས་གསེར་ཞོ་གང་དང་སེ་བ་ལྔ། སྦུས་གྲོང་པའི་ཚ་མོས་གསེར་ཞོ་གང་དང་སེ་བ་དོ། དྭགས་པོ་བླ་མ་གླིང་པས་གསེར་ཞོ་གང་། སླེ་སྦུས་པས་གསེར་སེ་བ་ཕྱེད་བཅོ་བརྒྱད། འཚོ་བྱེད་ཕུན་ཚོགས་ཀྱིས་གསེར་སེ་བ་བཅུ་ཐམ་པ། ཀ་མ་བས་ཟངས་མཁར་རྒྱའི་མཆུ་ཕྱེད་དང་། ཆུ་དབར་བས་ཟངས་མཆུ་ཕྱེད། དགེ་བསྙེན་གྱིས་ཟངས་མཆུ་ཕྱེད་དོ། ལྷ་ས་ཨ་ངུག་གིས་ཀ་ཊོ་ར་གཅིག །རས་ཕུག་ཆོས་མཛད་ཀྱིས་གསེར་སེ་བ་ཕྱེད་ཉི་ཤུ། མས་གྲོང་སྒུར་འཚོ་བྱེད་པས་ཟངས་ཁར་རྒྱ་གང་དང་མཆུ་ཕྱེད་བཞི།


GLG016_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

མཆིམས་ཕུ་གསང་ཕུག་དཀོན་གཉེར་གྱིས་གསེར་སེ་བ་དོ། སྲས་མོ་ཉོར་ཉོར་གྱིས་ཟངས་ཁར་རྒྱའི་མཆུ་གང་། བསམ་ཡས་སྐོར་སྐད་པས་གསེར་སེ་བ་བཅུ་རྣམས་ཕུལ་བ་ཡིན་ནོ། །གདུལ་དཀའ་འདུལ་ལ་གར་མཁན་ཇི་བཞིན་དུ། །ས་སྤྱོད་གཟུགས་ཀྱི་མིག་འཕྲུལ་ཅིར་སྣང་ཡང་། །སངས་རྒྱས་སྲས་བཅས་ངོ་བོ་མི་གཏོང་བས། །འགྲོ་བློར་རྒྱལ་བའི་འཕྲིན་ལས་འཇུག་སྒོ་ཙམ། །དམ་པའི་རྣམ་ཐར་ལྷ་ལམ་མཐའ་སྙེད་པ། །དངོས་པོའི་གཤིས་ལུགས་ཡིན་ཕྱིར་ཡ་མཚན་ཅི། །མཁན་སློབ་ཆོས་རྒྱལ་མཛད་པ་མངོན་སུམ་དིང༌། །བལྟ་ཕྱིར་ཉི་ཟླ་མཁའ་ལ་རྒྱུ་འདི་མཚར། །འཁྲུལ་བའི་ར་བས་ཡོངས་བསྐོར་འཁོར་བའི་གཞིར། །ཆོས་བརྒྱད་མི་གཙང་དྲི་ལ་ཆགས་མིན་པའི། །གཏན་བདེ་བུང་བ་འབབ་སྟེགས་དགེ་བའི་ཆོས། །འདབ་སྟོང་སྙིང་པོའི་གེ་སར་འདི་ན་དགོད། །འགྲོ་བའི་སྙིང་ལ་གཟེར་བའི་སྒྲིབ་གཉིས་མདའ། །ལྷག་བསམ་དཔྱིད་ཀྱིས་རྩ་བ་དྲུངས་འབྱིན་པའི། །ཚེ་ཡི་རིག་བྱེད་འཛིན་པ་མེས་པོའི་བུ། །སྨོན་ལམ་དག་པའི་ཚངས་སྐུད་མགུལ་པར་འཆང་། །གཅིག་ཏུ་དཀར་བའི་རླབས་ཆེན་སྤྱོད་པའི་དྲི། །ཚེ་རབས་མང་པོའི་ཙནྡན་འཕྲེང་བ་ལ། །རྟག་པར་སིམ་པའི་ངད་པ་སྐྱེ་བ་འདིར། །ཆེད་དུ་རྩོལ་བར་མ་ལྟོས་ངང་གིས་འཐུལ། །གནམ་གྱི་ཤེ་མོང་ནོར་འཛིན་བདག་པོ་རུ། །དབང་བསྐུར་ལྷ་གཟིགས་ཕག་མོ་གྲུ་པ་ཡིས། །རྫོང་དང་དམག་གི་དཔོན་དུ་ཉེར་མངགས་པ། །སྐྱིད་ཤོད་མི་ཡི་རྗེ་བོ་དགའ་ལྡན་པ། །ཆེན་པོའི་ལུང་དང་ལས་


GLG016_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཀས་ཁུངས་དང་འབྲེལ། །ཡ་རབས་རིམ་པར་བརྒྱུད་པས་དཔའ་རྟུལ་མཛངས། །ལུགས་གཉིས་རྣམ་དཔྱོད་དོ་ཀེཪ་རང་མཉམ་གྱི། །དྲེགས་ལྡན་ཀུན་གྱི་གཙུག་ཏོར་རྩེ་ལས་མཐོ། །བདག་གཞན་བྱང་ཆེན་ཐོབ་པའི་རྒྱུ་ཚོགས་དང་། །གངས་ཅན་ཕན་བདེའི་རྩི་སྨན་ལྗོན་པ་ཆེ། །ཚུལ་འདི་བསྟར་བའི་ཕྱག་རྗེས་གྲགས་པའི་རྔ། །སྲིད་མཐའི་བར་དུ་ཕྱོགས་ཀྱི་མཛེས་མས་བརྡུངས། །གང་དེར་ལུས་ངག་ཡིད་ཀྱིས་ངལ་བསྟེན་ཞིང་། །ཟང་ཟིང་ནོར་གྱི་ཕན་པ་བསྒྲུབས་སོ་ཅོག །རྟག་ཏུ་བདེ་བའི་རྣ་རྒྱན་རབ་འཆང་བའི། །གྲོ་བཞིན་སྐྱེས་ཀྱི་ངང་ཚུལ་མི་གཏོང་ཤོག །ཐབས་ཤེས་ཟུང་དུ་འཇུག་པའི་གསེཪ་ལག་ལས། །ཚོགས་གཉིས་དངུལ་སྲང་འབུམ་ཕྲག་ཉིན་རེ་བཞིན། །འབབ་པས་སྐྱེ་རྒུའི་སྲིད་ཞི་དབུལ་སེལ་བ། ཁྱིམ་བདག་ལྷ་རྗེའི་བུ་ཡི་རྗེས་འགྲོར་ཤོག །ལོངས་སྤྱོད་རྨུགས་འཛིན་མཛོད་དང་གཅིག་ཏུ་བྱས། །སྲོག་གི་འཚོ་བ་ཚངས་པའི་རིག་བྱེད་འགྲུབ། །མངའ་ཐང་བརྒྱ་བྱིན་འབངས་ལ་བགོ་བཤའ་རུ། །བྱེད་པའི་དབང་ཕྱུག་ལྷུན་གྱིས་གྲུབ་པར་ཤོག །བློ་དམན་ཉན་རང་རྟུལ་ཕོད་རྒྱལ་སྲས་ཐེག །དབང་སྣོན་སྔགས་ཀྱི་ལམ་ཞུགས་བགྲོད་པ་ཡིས། །བཟོད་དཀའ་འཁོར་བར་ཕྱི་ཕྱག་ཡོངས་བཙལ་ནས། །གཏན་དུ་སྒོ་གསུམ་ཚོར་བ་སིམ་པར་ཤོག །འདི་དང་ལྷན་ཅིག་རང་གཞན་མཐའ་དག་གིས། །དུས་གསུམ་བསོགས་པའི་བསོད་ནམས་ཕུང་པོའི་མཐུས། །སྒྲིབ་གཉིས་དགྲ་ཚོགས་བཅོམ་སྟེ་རྒྱལ་རྔ་ཆེ། །འོག་མིན་ཞིང་གི་རྩེ་ནས་བརྡུང་བར་ཤོག །ལུང་རྟོགས་ཆོས་གྱི་བདུད་རྩི་དེང་གི་དུས། །


GLG016_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་བའི་སྣོད་ཅིག་གངས་རིའི་སྨན་ལྗོངས་འདིར། །ནད་རིམས་དབུལ་དང་འཐབ་རྩོད་རྒོལ་ངན་གྱིས། །འཚེ་བའི་ཀླན་ཀ་ནམ་ཡང་མི་འཇུག་ཤོག །རང་དབང་མངའ་རིས་འབྱོཪ་བར་ཆོག་ཤེས་ལྡན། །ཕན་ཚུན་ཕུ་ནུ་བཞིན་དུ་མཉེས་གཤིན་བྱམས། །འབྱུང་བཞི་ཆ་སྙོམས་ཚེ་ཡང་རིང་དུ་འཚོ། །མཁོ་དགུའི་དཔལ་འབྱོར་ངང་གིས་འབྱུང་བར་ཤོག །ལོ་པཎ་རྒྱལ་བློན་རྣམས་ཀྱི་བཞེད་སྨོན་ལྟར། །ཆོས་འཁོར་སྟོད་སྨད་རྟེན་དང་བརྟེན་པར་བཅས། །ཡིད་ཅན་ཡོངས་ཀྱི་བསོད་ནམས་གསོག་ཞིང་དུ། །ཉི་ཟླས་མུན་སེལ་དེ་སྲིད་བརྟན་པར་ཤོག །ཡོན་སྦྱོར་ས་སྤྱོད་མངའ་ཐང་དབྱར་གྱི་མཚོར། །ལུགས་གཉིས་འཇུག་པའི་རླབས་འཕྲེང་དུས་མི་ཡོལ། རང་རིགས་ཐིག་ལེ་ཆེས་དཀར་སྲས་བརྒྱུད་ཀྱི། །དབུ་བའི་དོ་ཤལ་རིང་དུ་དགོད་པར་ཤོག །སླུ་མེད་དཀོན་ཅོག་རིན་ཅེན་ལྷ་དང་དྲང་སྲོང་སྲུང་མར་བཅས་རྣམས་ཀྱི། །ཕུལ་བྱུང་ཐུགས་རྗེའི་བདེན་པའི་ཆུས་བཀྲུས་ཕན་བདེའི་རིན་ཅེན་དབང་གི་རྒྱལ། །བསམ་པའི་རེ་བ་ཡོངས་སུ་སྐོང་བའི་མ་སྨད་འདོད་དགུའི་ཆར་ཆེན་པོས། །ཀུན་ཁྱབ་བཀྲ་ཤིས་རྒྱུད་མངས་གླུར་དྲངས་ནོར་འཛིན་དཔལ་མོའི་རྣར་འཇེབས་ཤོག །ཅེས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་ས་སྐྱོང་དགའ་ལྡན་པ་རྡོ་རྗེ་རྣམ་རྒྱལ་མཆེད་སྲས་བཅས་ཀྱིས་ཉམས་གསོས། བཀུར་སྟི་གྱ་ནོམ་པ་མཛད་པ་རྣམས་དཀར་ཆག་ཏུ་ཐེབས་ན་སླད་ནས་ཀྱང་བཟང་པོའི་མིག་ལྟོས་ཀྱི་རྒྱུར་འགྲོ་བ་འདུག་པས་རྩོམ་པར་སྐུལ་ཞིག་ཅེས་སྣང་སྲིད་དྲེགས་པའི་སྡེ་དཔོན་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་དང་། བཀའ་གཉན་གནོད་སྦྱིན་ཆེན་


GLG016_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཙེའུ་དམར་པོ་གཉིས་ཀྱི་རྡོ་རྗེའི་གསུང་གིས་བསྐུལ་མ་མཛད་པའི་ལོ་རྒྱུས། །ས་བོན་གྱི་ཤོག་དྲིལ་དང་བཅས་པ་སོ་སོའི་བར་མཚམས་དང་མཇུག་ཏུ་སྨོན་ལམ་གྱིས་བརྒྱན་པ་ཞིག་དགོས་ཞེས་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་གྱི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའི་ལོ་ནག་པ་ཟླ་བའི་དམར་ཆའི་བཟང་པོ་དང་པོ་ལ་ལུགས་གཉིས་ཀྱི་འདུན་ས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་སོ། །བསྐལ་མང་ཚོགས་གཉིས་ས་བོན་སྨིན་པའི་འབྲས། །ཆོས་གཟུགས་སྡོང་པོ་ཡལ་འདབ་དཪ་དྲག་པའི། །ཐུབ་དབང་དཔག་བསམ་ཡོངས་འདུའི་ཞབས་པད་རྡུལ། །བྱང་ཆུབ་བར་དུ་གཙུག་ཏོར་མཛེས་པའི་རྒྱན། །གང་གི་རི་མོ་གཡས་འཁྱིལ་མགྲིན་པ་ནས། །ངེས་དོན་ཤེར་ཕྱིན་དུང་གི་དབྱངས་སྙན་པོ། །ཐེག་མཆོག་རིགས་སད་གདུལ་བྱར་ལེགས་བསྒྲགས་པའི། །ཕུལ་བྱུང་སྟོང་ཕྲག་བརྒྱ་པའི་གླེགས་བམ་ཚོགས། །བློ་བཟང་དངོས་གྲུབ་བློ་དང་བརྩོན་པ་ཡིས། །ཨེ་ལུང་ཆོས་དཀར་ཕྱོགས་སུ་འདི་བསྐྲུན་ནས། །འོལ་ཁའི་རང་ཁྱིམ་དགའ་བའི་ཚལ་ཡངས་པོར། །མ་སྨད་བསོད་ནམས་ཞིང་དུ་ཉེ་བར་དྲངས། །རྣམ་འདྲེན་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི། །མཛད་པ་གང་ལ་བརྟེན་པའི་བསོད་ནམས་ཚོགས། །གཟུགས་སུ་གྲུབ་ན་སྟོང་གསུམ་འཇིག་རྟེན་གྱི། ཁམས་འདིས་སྣོད་དུ་བྱས་ཀྱང་ཡངས་མིན་དོག ཁྱད་པར་མཛད་པའི་རབ་དང་ཕུལ་གྱུར་པ། །དྲང་དང་ངེས་པའི་ཆོས་ཕུང་རྒྱ་


GLG016_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཆེའི། །བླ་ནས་བླར་མཐོ་འཁོར་ལོ་བར་པ་ཞེས། །ཟབ་ལས་ཆེས་ཟབ་སྙིང་པོའི་ཕ་རོལ་སོན། །བརྗོད་དོན་གདོད་ནས་སྟོང་པའི་གནས་ལུགས་ལ། །ཅུང་ཟད་ཐེ་ཚོམ་ཟོས་ཀྱང་སྲིད་པའི་མཐའ། །བརྟུལ་ན་ཡིད་ཆེས་དད་པས་འདྲི་ཀློག་འཆང་། །སྲི་ཞུ་བསྐྲུན་པའི་བསོད་ནམས་ཚད་བཟུང་མིན། །དེ་ཕྱིར་བསགས་པའི་ལེགས་བྱས་གངྒཱའི་ཡབ། །རབ་དཀར་གཙུག་ཏོར་ལས་བབས་བསོད་ནམས་ཀྱི། །འཛད་མེད་ཉལ་འགྲོས་སྒྲིབ་གཉིས་དྲི་མ་རྣམས། །རབ་བཀྲུས་ཀུན་མཁྱེན་ཆུ་གཏེར་ཀློང་འབབ་ཤོག །འདིའི་ཆེད་སྒོ་གསུམ་འབད་དང་རྒྱུ་སྦྱོར་བའི། །ཡོན་གྱི་བདག་པོར་བཅས་རྣམས་དེང་ནས་བཟུང་། །ངེས་པར་ལེགས་པའི་ལམ་དུ་བཞུགས་མིན་པར། །འཆི་མེད་བདེ་བར་མཉམ་དུ་སྤྱོད་པར་ཤོག །མཐོ་རིས་ཐར་པའི་ཐེམ་སྐས་ལ་འཛེགས་ནས། །རིང་མིན་སྟུག་པོ་བཀོད་པའི་ཞིང་གི་གཙོར། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུར། །མངོན་གྱུར་རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་སཱ་ལ་ཡི། །སྨན་ལྗོངས་ཡངས་པ་གླིང་དགུའི་རྒྱལ་ཁམས་འདིར། །རྩོད་པའི་མིང་ཡང་མི་གྲག་རྫོགས་ལྡན་གྱི། །བདེ་སྐྱིད་མངོན་སུམ་ཉམས་སུ་མྱོང་བར་ཤོག །ཐོག་མཐའ་བར་དུ་སླུ་མེད་གཏན་གྱི་སྐྱབས། །སངས་རྒྱས་ཆོས་དང་དགེ་འདུན་འདུས་པ་ཡིས། །བཀྲ་ཤིས་རྒྱུད་མངས་གླུ་ལས་ཉེར་དྲངས་པ། །རྟག་ཏུ་རྣ་བ་མཛེས་པའི་རྒྱན་གྱུར་ཅིག །ཅེས་འོལ་ཁ་དགའ་ཚལ་པ་བློ་བཟང་དངོས་གྲུབ་གཉེན་འདུན་དང་བཅས་པ་སྟོན་པ་མཉམ་མེད་


GLG016_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱའི་དབང་པོའི་གསུང་རབ་ཀུན་གྱི་རྩེ་མོར་སོན་པ་ཤེར་ཕྱིན་སྟོང་ཕྲག་བརྒྱ་བའི་གླེགས་བམ་བཞེངས་པའི་ཚེ་སྨོན་ལམ་ཚིགས་བཅད་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བཎྜེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། སྤང་དང་རྟོགས་པའི་སྡོང་པོ་ཡལ་འདབ་ཚོགས། །འོག་མིན་ཞིང་ཁམས་མ་ལ་ཡར་རྫོགས་ནས། །རིས་བྲལ་འགྲོ་བའི་གདུང་སེལ་ཐུགས་རྗེའི་དྲི། །ཆེས་དངར་འཐུལ་མཛད་རྣམ་འདྲེན་ཟས་གཙང་སྲས། །མགོན་པོ་ཁྱོད་ཀྱི་སྒྱུ་འཕྲུལ་དྲ་བའི་གར། །གདུལ་བྱའི་སྣང་ངོར་འཚམ་པ་ཉན་ཐོས་ཚུལ། །འཛིན་མཛད་གནས་བརྟན་ཆེན་པོ་བཅུ་དྲུག་ཅེས། །ཐུབ་བསྟན་ཇི་སྲིད་མངོན་སུམ་འགྲོ་འདིའི་གཉེན། །དགེ་བསྙེན་དྷརྨ་ཏར་གྲགས་རིམ་གྲོ་བ། །ཏོང་ཁུན་པ་ཡི་ཚངས་པའི་མཆོད་ཡུལ་གྱི། །མགྲོན་དུ་འགུགས་བྱེད་ཧྭ་ཤང་ཕོ་ཉ་བ། །དཀར་ཕྱོགས་སྐྱོང་བར་ཞལ་འཆེས་རྒྱལ་ཆེན་བཞི། །ཀུན་ཚང་ངོ་མཚར་བཀོད་པའི་རྒྱ་མཚོའི་དཔྱིད། །མཐོང་བས་ཡིད་འཕྲོག་སྒྱུ་མའི་རོལ་རྩེད་ཅན། །བསོད་ནམས་འཛད་མེད་ཆུ་བོ་འབྱུང་བའི་ཁུངས། །སྐུ་བརྙན་ཏི་སེའི་གཙུག་ཏོར་གཟེངས་སུ་ཐོན། །གང་གི་ཁུར་ཆེན་དད་བརྩོན་སྙིང་སྟོབས་ཀྱི། །ཁྱོགས་ལས་གྱེན་དུ་འདེགས་པར་ངལ་མེད་པ། །འཕྲུལ་སྣང་བྱ་འདབ་ཀ་བརྒྱད་ཚོམ་པ་བ། །རྟ་དཔོན་རྣམ་འཇོམས་ཨ་མཆོག་བཅས་པས་བསྒྲུབས། །སྔགས་འཆང་དབང་པོ་སོ་ཟུར་གནུབས་གསུམ་ལས། །ཟུར་གྱི་གདུང་འཛིན་གཞིས་ཀ་ཤར་བ་བའི། །འཕྲིན་ལས་རྣམ་རྒྱལ་སོར་མོའི་ཟློས་གར་འཕྲུལ། །


GLG016_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་དབང་པོའི་གཞུ་རིས་ལྟ་བུར་མཚར། །དེ་ལྟའི་ལེགས་བྱས་ཉ་ཕྱིས་ཁོག་པ་ནས། སྲིད་ཞིའི་ཕུན་ཚོགས་མུཀྟི་ཀ་ཡི་ཆར། །དུས་ལས་ཡོལ་བ་མེད་པའི་འཁྲི་ཤིང་གི ། རྣམ་ཐར་མངོན་སུམ་ཉམས་སུ་མྱོང་བར་ཤོག །རང་བདེར་གཞོལ་མིན་འགྲོ་ཀུན་ལ་བསྔོས་དགེའི། །འབྲས་བུ་འཁོར་འདས་ཡོངས་བདེའི་ཉོན་མོར་བྱེད། །དེང་ནས་བྱང་ཆུབ་བར་གྱི་མཁར་ཤར་ནས། །བདག་གཞན་གདུང་བའི་སྨག་རུམ་སངས་པར་ཤོག །ཅེས་རྟ་དཔོན་རྣམ་འཇོམས་ཀྱིས་དེ་བཞིན་གཤེགས་པ་འཁོར་འཕགས་པའི་གནས་བརྟན་བཅུ་དྲུག་དྷརྨ་ཏ་ཧཱ་ཤང་རྒྱལ་ཆེན་བཞི་དང་བཅས་པའི་བྲིས་སྐུ་བཞེངས་པའི་སྐབས་རྒྱབ་ཡིག་སྨོན་ལམ་དང་བཅས་པ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་བསྟན་འཛིན་ནོ། །འགྲོ་ལ་བྱམས་དང་བརྩེ་བའི་འོད་སྟོང་གིས། །བདུད་བཞིའི་སྨག་རུམ་མཐར་མཛད་རྒྱལ་ཚབ་མཆོག །གང་གི་སྐུ་བརྙན་མདོ་སྨད་སྐྱེ་རྒུ་ཡིས། །བསོད་ནམས་ཞིང་བྱོན་འབུམ་གླིང་མི་ཕམ་སྐུར། །བསམ་བློ་ཨ་ཞང་ཆོས་རྗེས་གསེར་ཞུན་ཆུ། །ཡང་སྐྱོར་སྲི་ཞུར་བསྐྲུན་པའི་དགེ་ཚོགས་ཀྱི། །གངྒཱའི་ཆུ་རྒྱུན་ནམ་ཡང་ཟད་མི་ཤེས། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་འབབ་པར་ཤོག །ཅེས་བསམ་བློ་ཨ་ཞང་ཆོས་རྗེས་མདོ་སྨད་འབུམ་གླིང་གི་ཁྲུ་བརྒྱད་ཅུའི་སྐུ་ཚད་ཅན་གྱི་བྱམས་ཆེན་ལ་གསེར་གསོལ་ཡང་སྐྱོར་བྱེད་རྩིས་ལ་ཚིགས་བཅད་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་མནྡེས་སྦྱར་བའོ། །


GLG016_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་གླིང་ཨེམ་ཕྱི་སངས་རྒྱས་འབྱུང་གནས་ཀྱི་གྲ་ཐང་དུ་གནས་བརྟན་བཅུ་དྲུག་གི་གོས་སྐུ་ཕུལ་བའི་དེབ་ཀྱི་འགོ་བརྗོད་སྙན་གྲགས་དཔལ་འབར་སོགས། མ་རྒན་ཉམ་ཐག་སྙིགས་མ་ལྔ་བདོའི་འགྲོ། །འདྲེན་པར་སྙིང་སྟོབས་མཆོག་གི་དམ་བཅའ་ལ། །བདེ་གཤེགས་། ཤེགས་ཀུན་གྱི་ལེགས་སོས་བསྔགས་པའི་ཡུལ། །བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ། །བསྟན་པ་དེ་སྲིད་གནས་པར་ཉན་ཐོས་ཀྱི། །མངོན་སུམ་སྐུ་ཡི་བཀོད་པ་ཉེར་བསྟན་ནས། །མཐའ་ཀླས་གདུལ་བྱའི་དོན་མཛད་གནས་བརྟན་ཆེ། །དྲུག་གིས་ལྷག་པའི་བཅུ་ཕྲག་མཚན་དུ་སྙན། །སྟོབས་ཀྱི་འཁོར་ལོས་སྒྱུར་མཛད་འཛམ་གླིང་ལྷ། །ཐའི་སུན་ཐང་གི་ལེགས་བྱས་སྤེལ་བའི་གཞིར། །མང་བཀུར་རྒྱལ་པོའི་ཁབ་ཏུ་སྤྱན་དྲངས་པའི། །སྣང་བརྙན་བཀོད་པ་རྒྱ་མཚོ་འབྱམས་སུ་ཀླས། །རྣམ་འདྲེན་སློབ་མར་བཅས་པའི་བྲིས་འབུར་སྐུ། །སྒྱུ་མའི་གར་དུ་གང་བསྒྱུར་གནྡྷོ་ལར། །རབ་གྲགས་མཆོག་དམན་ཀུན་གྱི་ཆོས་དཀར་རྒྱུན། །ཆད་མེད་བྱེད་པོར་ཉེར་བསྒྲུབས་གངྒཱའི་རྡུལ། །གྲ་ནང་ཕུན་ཚོགས་དགེ་བའི་ཡུལ་གྲུ་ནས། །གསོ་རིག་འཛིན་པ་སངས་རྒྱས་འབྱུང་གནས་ཞེས། །ཞྭ་སེར་ཅོད་པཎ་འཆང་བའི་བསྟན་པ་ལ། །མོས་པའི་ལྷག་བསམ་ཟླ་ལྟར་དཀར་བ་དེས། །བསླུ་མེད་རྒྱུ་དང་འབྲས་བུའི་ངང་ཚུལ་ལ། །ཡིད་ཆེས་དད་པའི་ཤུགས་ཀྱི་ཉེར་དྲངས་ནས། །སྣ་ཚོགས་གྱོན་གོས་བཟའ་བསྒྲིགས་འཇའ་ཚོན་བཞིན། །རྣམ་པར་བཀྲ་བའི་ངོ་མཚར་རྟེན་འདི་བསྐྲུན། །ཚེ་ཡི་རིག་བྱེད་འབྱུང་བའི་སྒོ་གཅིག་པུ། །བཤེས་གཉེན་གྲྭ་པ་མངོན་ཤེས་གདན་ས་ཆེ། །གྲ་ཐང་གཙུག་ལག་ཁང་གི་མཛེས་རྒྱན་དུ། །


GLG016_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཕུལ་བདོག་པའི་དེབ་ཐེར་འདི་ན་སྤྲོ། །སྐྱིད་ཤོད་ཆོས་རྗེའི་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་སེར་འབྲས་དགེ་གསུམ་བཀྲ་ཤིས་ལྷུན་པོ་བཅས་པར་དངུལ་གྱི་ཆབ་རིལ་རྒྱན་དྲུག་ཕུལ་བའི་ཁ་བྱང་ཚུལ་ཁྲིམས་འཐུལ་བའི་རླུང་བཞོན། ཚངས་པར་མཚུངས་པར་སྤྱོད་ལ་མཁོ་བའི་རྫས། །དངུལ་དཀཪ་ཪིན་ཅེན་ཕྲས་སྤུད་ཞལ་བསིལ་སྣོད། །དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཆེན་པོར། །ཕུལ་འབྲས་སྐྱེ་བར་རབ་ཏུ་འབྱུང་བར་ཤོག །བསིལ་བྱེད་སྦྲེང་སྣོད་བརྒྱ་ཕྲག་སྲང་ལྡན་པའི། །དངུལ་དཀར་ཞུན་མ་མཛེས་པའི་རྒྱན་དྲུག་ཅན། །དཔལ་ལྡན་འབྲས་སྤུངས་ཆོས་སྡེར་ལེགས་བསྟར་མཐུས། །རྟག་ཏུ་ཉེས་བརྒྱའི་དྲི་མ་ཀུན་འཁྲུད་ཤོག །རིན་ཅེན་གཉིས་པའི་ཁམས་ལས་ལེགས་གྲུབ་པའི། །རིལ་བ་སྤྱི་བླུགས་མཛེས་རྒྱན་ཚཪ་དངར་བ། །ཐེག་ཆེན་གླིང་དུ་ཉེར་སྦྱར་བསོད་ནམས་ཀྱི། །རླབས་ཆེན་སྤྱོད་པས་འགྲོ་བ་འདྲེན་པར་ཤོག །བཀྲ་ཤིས་ལྷུན་གྱིས་གྲུབ་པའི་སྡེ་ཆེན་པོར། །གཙང་བྱེད་ཆུ་ཀླུང་རབ་འཁྱིལ་མཛེས་པའི་སྣོད། །བསྟབ་པའི་འབྲས་བུ་གྲོ་བཞིན་བྱེ་བ་རྣའི། །རྣམ་པར་ཐར་དེ་མངོན་སུམ་འཛིན་པར་ཤོག་སྭ་སྟི་པྲ་ཛྭ་བྷྱ༔ མགོན་ཁྱོད་མཛད་པ་ངོ་མཚར་བཀོད་པའི་གར། །བྱེ་བ་ཕྲག་བརྒྱའི་ཁམས་སུ་ལེགས་བསྒྱུར་བའི། །ཞིང་འདིར་མཆོག་གི་སྤྲུལ་སྐུ་ཟས་གཙང་སྲས། །སློབ་མར་བཅས་པའི་གྲགས་པ་སྲིད་རྩེར་སྙན། །མི་ཟད་ཡོན་ཏན་ཆུ་ཟླ་ཕ་མཐའི་ཚད། །རྟོགས་མིན་སྤྲུལ་པ་ནམ་མཁའི་


GLG016_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཀླས་པ། །གྲགས་ཆེན་འཕགས་པའི་དགེ་འདུན་བཅུ་དྲུག་ཅེས། །ཉན་ཐོས་ཚུལ་འཛིན་དོན་དུ་སངས་རྒྱས་དངོས། །ཐུབ་དབང་གནས་བརྟན་དགེ་བསྙེན་རྒྱལ་ཆེན་བཞི། །ཙཱི་ཎར་སྤྱན་འདྲེན་བྱེད་པོ་ཧ་ཤང་བཅས། །མཐོང་ན་མི་མཐུན་མེད་པའི་སྣང་བརྙན་སྐུ། །གསེར་ཞུན་རྣམ་བཀྲར་ཡེ་ཤེས་སེམས་དཔའ་འཁྱིལ། །མཆོད་དཔོན་ངག་དབང་ཤེས་རབ་ལྷག་བསམ་གྱིས། །དགོས་དགོས་སྐྱིད་སྐྱིད་གཉིས་ཀྱིས་ཐོག་དྲངས་པའི། །མཁའ་མཉམ་འགྲོ་ཀུན་བྱང་ཆུབ་སར་འགོད་ཆེད། །ཟང་ཟིང་གཏོང་བའི་ལག་པ་རིང་དུ་བརྐྱངས། །རི་མོའི་བྱེད་པོ་ཁ་བའི་སྨན་ལྗོངས་འདིར། །སྔགས་འཆང་རྒྱལ་པོ་ཟུར་གྱི་གདུང་གསོབ་པ། །ལྷ་ལྡན་གཞིས་ཀ་ཤར་པའི་སོར་མོའི་འཕྲུལ། །སྒྱུ་མ་མཁན་གྱི་ཁེངས་པ་ཐུང་ངུར་བྱས། །དགེ་བའི་ཕུང་པོ་ཆེས་དཀར་ཏི་སི་ཡི། །གཙུག་ཏོར་ལས་བབས་ཚེ་དཔལ་བསོད་ནམས་ཀྱི། །ཆུ་ཀླུང་ནམ་མཁའི་ངོ་བོ་མི་གཏོང་བར། །འཛད་མེད་སྲིད་ཞིའི་རྒྱ་མཚོར་རྟག་འབབ་ཤོག །འོད་སྣང་ཕ་མས་གཙོ་བྱས་འགྲོ་བ་ཀུན། །རིང་མིན་བླ་མེད་བྱང་ཆུབ་ས་བརྙེས་ཤིང་། །མ་ཐོབ་ཡང་སྲིད་ཀུན་ཏུ་ངན་སོང་གི ། མིང་ཡང་མི་གྲག་མཐོ་རིས་རྟེན་ཐོབ་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཀྱི་ཡུལ། །གླིང་དགུའི་རྒྱལ་ཁམས་ཀུན་ཏུ་རྩོད་ལྡན་གྱི། །སྡུག་བསྔལ་བཙལ་ཡང་མི་རྙེད་ཕན་དང་བདེའི། །དགའ་སྟོན་རྫོགས་ལྡན་གཞོན་ནུའི་དཔལ་རྒོད་ཤོག །རྟག་ཏུ་ཕུན་ཚོགས་རྒྱ་མཚོའི་དཔལ་གྱི་སྒོ། །འབྱེད་འཛད་དཀོན་ཅོག་རིན་ཅེན་རྣམ་གསུམ་གྱི། །ཕུལ་


GLG016_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བཀྲ་ཤིས་མེ་ཏོག་མནྡ་རས། །ཡངས་པའི་ནོར་འཛིན་ཁྱོན་ཀུན་ཁྱབ་པར་ཤོག །ཅེས་པ་འདི་འང་རྒྱལ་དར་གོང་པ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་གནས་བརྟན་བཅུ་དྲུག་གི་གཏེར་ཐང་བཞེངས་པའི་ཁ་བྱང་སྨོན་ལམ་དང་བཅས་པ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཏྲེ་བོ་ངག་དབང་ནམ་མཁའ་འོ། །ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་ཐམ་ཀ་དམར་པོའི་ཐམ་ཕུད་ལྕགས་ཕག་ཧོར་ཟླ་དང་པོའི་ཚེས་བཅུ་གཉིས་ཀྱི་ཉིན་ཇོ་བོ་རིན་པོ་ཆེ། དམག་ཟོར་མ། དུང་སྐྱོང་མ་གསུམ་ལ་ཕུལ་བའི་ཚིགས་བཅད་འཛམ་གླིང་གཙུག་ན་གསལ་བའི་རི་མོ། ཇོ་བོ་རིན་པོ་ཆེ། དོན་ཀུན་གྲུབ་པའི་ཐུགས་རྗེའི་འོད་ཟེར་གྱིས། ཁྲིམས་གཉིས་འདབ་བརྒྱ་བཞད་པའི་ལྟེ་བ་རུ། །མི་འགྱུར་བཀའ་རྟགས་ཟེའུ་འབྲུ་གཡུར་ཟའི་བཅུད། །ལུས་ཅན་བུང་པའི་དགའ་སྟོན་རྒྱས་བྱིན་རློབས། །དམག་ཟོར་མ། ཐུན་མཚམས་མདངས་འཛིན་ཕྱག་རྒྱ་རི་མོའི་རྗེས། །ཡིད་ཅན་ཡོངས་ཀྱི་གཙུག་ཏོར་རྩེར་གསལ་བས། །བར་མེད་གནམ་ས་ཀུན་ལ་དབང་ཕྱུག་པར། །མཛོད་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། །དཔལ་ལྷ། གངས་ཅན་ལྟེ་བའི་རྒྱལ་ཁབ་ཆེན་པོ་ནས། །ཆོས་སྲིད་གཉིས་ལྡན་རྣམ་པར་ལྕི་བའི་ལུང་། །འཛམ་གླིང་སྐྱེ་རྒུས་ལེན་པའི་དབང་ཐང་དཔལ། །འབར་བར་མཛོད་ཅིག་དཔལ་ལྡན་དུང་སྐྱོང་མ། །གནོད་སྦྱིན་བྱེ་བའི་སྡེ་དཔོན་ཞང་བློན་ཆེ། །ཉི་མའི་དངོས་བརྒྱ་འབར་བའི་ལུགས་འཛིན་པ། །མིའུ་ཐུང་སྲིན་པོ་ཁྲོས་པའི་དྲག་ཤུལ་གྱིས། །ཡིད་སྲུབས་རྩ་ལག་སྨག་རུམ་ཕ་མཐར་སྐྲོད། །ཕྱག་ན་ཡིད་བཞིན་རིན་ཆེན་དབང་གི་རྒྱལ། །གྲངས་མེད་


GLG016_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་འབྱུང་བའི་སྒོ་འཕར་ལས། །བཞི་བརྒྱ་རྩ་བཞི་ནད་ཀྱི་གདུང་སེལ་སྨན། །ཕུན་ཚོགས་གཏེར་གྱི་འདོད་དགུ་ཆར་དུ་སྙིལ། །རྣམ་དག་དད་པའི་ཡིད་ཀྱི་མན་ཤེལ་ངོས། །ཁྱོད་སྐུའི་ཟློས་གར་མཚོན་མདངས་ཡོངས་བཀྲ་བ། །འདི་ཞེས་སྟོན་ཕྱིར་རས་དཀར་དྲི་བྲལ་ལ། །མངོན་སུམ་རི་མོའི་བཀོད་པ་ཚར་དུ་དངར། །ཆེད་དུ་བརྩོན་པའི་སོར་མོའི་དབྱུ་གུ་ཡིས། །དགེ་བའི་རྒྱུད་མངས་བརྡུངས་བའི་སྒྲ་སྙན་པོ། །ལྷ་ཁྱོད་ཐོས་འཛིན་དབང་པོར་ལེགས་འཁྲོལ་བས། །རྨད་བྱུང་ཐུགས་རྗེ་ཆེན་པོ་ཉེར་བསྐུལ་ན། །འཚོ་བྱེད་ངག་དབང་ལྷག་པའི་བསམ་པ་ཡིས། །ནད་གསོ་སྨན་གྱི་སྦྱོཪ་བ་བྱས་སོ་ཅོག །རིང་འཚོའི་སྲོག་གི་བཅུད་ལེན་བདུད་རྩི་རུ། །འགྱུར་བའི་འཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པ་འདིའང་འཚོ་བྱེད་ངག་དབང་ལྷག་བསམ་གྱིས་ཞང་བློན་རྡོ་རྗེ་བདུད་འདུལ་གྱི་བྲིས་སྐུ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁས་བགྱིས་པ་སརྦ་དཱ་ཛ་ཡནྟུ། །རྣམ་གསུམ་སྡེ་སྣོད་འབྲས་བུ་ཉེར་སྤུངས་པ། །ཁྲིམས་ལྡན་འདུས་པའི་གསེར་སྦྱངས་ཡོལ་གོ་རུ། །ནེའུ་ལེའི་ཁ་ནས་སྐྱུག་པའི་ནོར་བུའི་དཔྱ། །འཛད་མེད་འཁྱིལ་བར་མཛོད་ཅིག་ངལ་བསོས་པོ། །ཛ་ཏའི་དྲི་བསུང་འཐུལ་བའི་སྨན་ལྗོངས་ནས། །ཟ་འོག་ཐགས་སུ་འཐག་པའི་ཡུལ་ཚུན་གྱི། །ཕུན་ཚོགས་བདོག་པའི་རིམ་པ་བྱུང་ཟིན་དང་། །འབྱུང་འགྱུར་རིམ་སྤེལ་དེབ་ཐེར་འགོད་པ་ལ། །ལེགས་ལྡན་ནག་པོ་འཆི་བདག་ལས་ཀྱི་གཤིན། །


GLG016_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་སྐྱོང་མ་དཔལ་ལྡན་ཡང་གྷ་བཟའ། །གཙུག་ལག་སྲུང་མ་ལི་བྱིན་ཧ་ར་ཡིས། །མེལ་ཚེ་གཏོང་གྲོགས་མཛད་ལ་ཤིས་པ་སྩོལ། །ཞེས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་འཕགས་པའི་ཡུལ་གྱི་ཤྲི་དྷ་ནྱ་ཀ་ཊ་ཀ་གཉིས་པ་གངས་རིའི་ལྗོངས་འདིར་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའི་དགེ་འདུན་འདུ་བའི་སྤྱི་རྫས། གཉེར་ཁང་གི་འཛིན་ཆས་གཞིས་ཁག་སོ་སོ་རྩིས་འཁྲི་སོགས་ས་ཕག་ཕན་གྱི་སྤྲོད་རྙིང་དེབ་བཤེར་ཐོག་ནས། གསང་མཁར་དཀའ་བཅུ་དང་ཆར་ཆོས་པ་གཉིས་ལ་རྩིས་སྤྲད་པའི་སྡེ་ཚན་སོ་སོའི་གཤམ་དུ་དཀའ་བཅུ་ངག་དབང་སྨོན་ལམ་དང་དཔོན་གཤོང་བརྩོན་འགྲུས་རྒྱལ་མཚན་གྱི་གསར་འཕར་རྣམས་བྲིས་པའི་ལག་ཡོད་ཀྱི་དེབ་ཐེར་གསལ་བར་བཀོད་པ་ལ། །ཇི་སྙེད་ཤེས་བྱའི་ས་འཛིན་ཡངས་པར་བརྡ་སྤྲོད་གསེར་གྱི་འཁོར་ལོ་ལ། །བརྟེན་ནས་རྨོངས་པའི་རྒོལ་ངན་རབ་བཅོམ་བཅུ་ཕྲག་རིག་གནས་གླིང་བཞི་པོར། །རྣམ་དཔྱོད་དཔུང་གིས་ཐོགས་མེད་དབང་སྒྱུར་བྱེད་པོ་གཙུག་ན་ཟླ་བའི་སྲས། །ཆོས་ཀྱི་འཁོར་ལོའི་པད་མཚོར་དུས་ཀུན་བཞུགས་ལ་རིག་བྱེད་དངོས་གྲུབ་སྩོལ། །ལེགས་སྦྱར་གསེར་མངལ་ཐོད་ཀྱི་ཆུ་ཀླུང་ལས། །སྙིང་པོར་དྲིལ་བའི་ཡན་ལག་བརྒྱད་ལྡན་ཆབ། །ལྗོངས་འདིར་ཡུན་དུ་གནས་པ་ཆོས་སྐྱོང་བཟང་། །སྐལ་ལྡན་ཤིང་རྟའི་དྲིན་ཡིན་སླར་ཡང་སྐྱོངས། །གང་དེའི་ལེགས་བཤད་མཛོད་འཛིན་སྐད་གཉིས་པ། །རིམ་བྱོན་མཁས་པའི་གསང་ཚིག་རྟ་ལྗང་གིས། །བློ་གྲོས་འདབ་བརྒྱ་ཅུང་ཟད་བཞད་པ་ལ། །


GLG016_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དབྱེའི་འཇུག་ཚུལ་གེ་སར་དེང་འདིར་སྤྲོ། །པད་དཀར་ཟླ་གཞོན་ཉ་གང་སྟེང་རྣམ་དབྱེ་དང་པོ་དོན་ཙམ་སྟོན་པའི་གཅིག་ཚིག་འགྱིང་བ། །ཕྲ་ལྡེམ་མཛེས་ཤིང་ཡིད་འོང་ལང་ཚོ་གཉིས་ཚིག་དག །གཅིག་བསྡུས་གྲངས་མེད་སྒྱུ་རྩལ་དྲུག་ཅུ་མང་ཚིག་རྣམས། །འདྲེན་བྱེད་བདུད་རྩིར་སྤྲོ་མཛད་དབྱངས་ཅན་མ། །རིག་གནས་གཙུག་ལག་རྒྱ་མཚོར་བློ་གྲོས་གཉིས་པ་ལས་སུ་བྱ་བའི་གཅིག་ཚིག་གཟིངས། །ཐོགས་མེད་བགྲོད་བྱེད་བརྩོན་པའི་རླུང་དག་གཉིས་ཚིག་ལ། །ཉེར་འབད་འདོད་དོན་མང་ཚིག་རྣམས་ལ་མཐུན་རྐྱེན་ཀུན། །ལེགས་སྟེར་རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ། །མཚོ་ལྡན་མིག་སྟོང་རྡོ་རྗེ་རྩེ་བརྒྱ་གསུམ་པ་བྱེད་པའི་གཅིག་ཚིག་པས། །མོང་རྟུལ་ས་འཛིན་བཅོམ་ཞེས་སྒྲ་དག་གཉིས་ཚིག་གིས། །བློ་གྲོས་ལུས་ཅན་རྣམས་མང་ཚིག་ཀྱིས་དུས་ཀུན་ཏུ། །འཇིགས་བྲལ་དགའ་བདེའི་ཁྱད་པར་ཅི་ཡང་མྱོང་། །ངག་དབང་དངོས་གྲུབ་དགའ་འགུར་སྤྱོད་པའི་བཞི་པ་དགོས་ཆེད་ཀྱི་གཅིག་ཚིག་ཕྱིར། །ཚངས་སྲས་སྒེག་མོ་དག་གཉིས་ཚིག་ལ་མཆོད་བསྟོད་སོགས། །རིང་ནས་བརྩོན་ཤུགས་རྣམས་མང་ཚིག་ཀྱི་ཆེད་འབད་ཚེ། །རབ་དགའི་ས་དེ་རྫུན་སྙམ་ཡིན་ལ་གྲང་། །དབྱངས་ཅན་ཐུགས་རྗེ་དཔག་བསམ་ལྗོན་ཤིང་ལྔ་པ་འབྱུང་ཁུངས་ཀྱི་གཅིག་ཚིག་ལས། །ལེགས་འོངས་རིག་གནས་དྲི་བསུང་དག་གཉིས་ཚིག་ལས་ཀྱང་། །རྟོགས་དཀའ་ཚ་གདུང་རྣམས་མང་ཚིག་ལས་རིང་འབྱུང་ཁུངས་མིན་ཀྱང་ལྔ་པ་སྟེར་བའི་ཡུལ་བརྒལ་ཏེ། །ཀུན་ཤེས་འགྲོགས་གཞོན་ཅན་དང་རྟག་ཏུ་གནས། །དབྱངས་ཅན་གཟུགས་སྐུའི་དྲུག་པ་འབྲེལ་བའི་གཅིག་ཚིག་འཆི་མེད་ལམ་ཡངས་ངོས། །རིན་ཅེན་ཕྱང་འཕྲུལ་


GLG016_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་གཉིས་ཚིག་རྒྱུ་སྐར་མཆོག །རབ་བཀྲ་ཤེལ་དཀར་ས་འཛིན་རྣམས་མང་ཚིག་ཀྱི་མདངས། །ལན་བརྒྱར་བསྟེན་ཡང་རྒྱ་མཚོའི་ཟླ་བར་འཁུ། །ཞལ་ཁྲིམས་མཚོ་ལ་བདུན་པ་གནས་གཞིའི་གཅིག་ཚིག་འདྲེན་བྱེད་ངང་མོ་དཀར། །རྣམ་བཀྲ་འཕུར་ལྡིང་དག་གཉིས་ཚིག་ལ་ཟུར་མིག་ཅན། །སྙན་འགྱུར་མགྲིན་རྔ་འདོད་ལྡན་འགྲོ་རྣམས་མང་ཚིག་ལ། །རྩེ་དགའ་རྒོད་པའི་དགའ་སྟོན་ཅི་ཡང་གནས། །འདུད་དོ་བརྒྱད་པ་འབོད་པའི་གཅིག་ཚིག་དབྱངས་ཅན་བསིལ་སྦྱིན་མཁན་པོ་དགོངས། །བློ་གྲོས་ཨུཏྤལ་ཚོགས་གཉིས་ཚིག་དག་རབ་ཏུ་རྒྱས། །རིགས་གནས་ཟེའུ་འབྲུ་རྣམས་མང་ཚིག་ཀྱང་གཡུར་ཟ་ལྡེམ། །དགའ་བདེའི་དཔལ་ལ་རོལ་སོགས་ཐོགས་མེད་སྩོལ། །རྣམ་དབྱེ་བརྒྱད་གསུམ་ཉི་ཤུ་རྩ་བཞིའི་འཇུག་ཚུལ་དཎྜའི་ཚིག་རྒྱན་གྱི་ལམ་ནས་དྲངས་པ་འདི་ཡང་རིག་བྱེད་པ་ཚངས་སྲས་བཞད་པའི་རྡོ་རྗེས་བརྡ་སྤྲོད་ཀྱི་གཙུག་ལག་ཀ་ལཱ་པར་ཐོས་བསམ་ཅུང་ཟད་བགྱིས་སྐབས་གོ་ཚོད་དང་བསྟུན་ཏེ་བྲིས་པའོ། །(སྡེབ་སྦྱོར་མེ་ཏོག་ཕྲེང་ཅན། )ཤོཏམཏྲེགམཱནཱཉྩསནྟཱབརཎྱོལགོཀྲྀཏྭནིཏྱཾཤུབྷཾཡུཏྟིཀཿནོཧིདཱིརྨཱཛྙཧཱིསྶཱཏནུཏྟཱརལཱབྷཾམུནེཝཱཙཱནེཔུསྟཀཱ་ནཱཾསྲཛཿ ཐོས་པའི་མོད་ལ་འགྲོ་བའི་རྒྱུད་ཀྱི་གྲིབ། །སྲབ་མོར་བྱས་ནས་ངེས་ལེགས་ལ་སྦྱོར་ཞིང༌། །རིང་མིན་ཀུན་མཁྱེན་གོ་འཕང་བླ་ན་མེད། །ཐོབ་བྱེད་ཐུབ་གསུང་པུ་སྟ་ཀ་ཡི་འཕྲེང་། །རྩ་རྩེ་མཚེ་བཞིན་


GLG016_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་པཎ་ཚོགས་རྣམས་ཀྱི། །འབད་པས་ཉེར་བསྒྱུར་མདོ་འདུལ་ཤེར་ཕྱོགས་དང་། །ཕྱི་འགྱུར་རྒྱུད་བཅས་བསོད་ནམས་མུཀྟི་ཀའི། །འཛད་མེད་ཆར་དུ་སྐྱུག་པའི་འཁྲི་ཤིང་བཞིན། །རབ་དཀར་འཇམ་མཉེན་ཤོག་བུའི་ཨཱ་དརྴར། །བརྡ་སྤྲོད་གཟུགས་ཀྱི་རྣམ་འགྱུར་ལུས་ཕྲའི་བཞིན། །ཀུན་ཡིད་བརྟན་པ་འཕྲོག་པའི་སྒྱུ་མའི་གར། །གཅིག་ཏུ་བསྒྱུར་བའི་ཚུལ་འདི་ངོ་མཚར་རྨད། །བྱ་དགའི་ཁུར་ཆེན་འཛིན་པ་བླ་ནས་བླར། །འདེགས་པའི་སྙིང་སྟོབས་རུས་སྦལ་སྒྱུ་ཐབས་མཁན། །ཕྱག་མཛོད་ཕུན་ཚོགས་རབ་བརྟན་བློ་བརྩོན་གྱིས། ཁྱབ་འཇུག་དྲེགས་པའི་རི་བོ་ས་ལ་སྙོལ། །ལྷག་བསམ་མ་དྲོས་མཚོ་ཆེན་ལས་བབས་པའི། །བསོད་ནམས་ཚད་མེད་ཆུ་བོ་བཞི་ཡི་རྒྱུན། །བྱང་ཆུབ་མཆོག་གི་ཟླ་བའི་མ་མ་རུ། །ཉེར་བབས་དབྱེ་བ་མེད་པ་རོ་གཅིག་ཤོག །འདུས་བྱས་མཚན་མ་མེད་པ་ནམ་མཁའི་ཁམས། །ངོ་བོ་གཏོང་མིན་དེ་སྲིད་གསེར་མདོག་གི ། ཅོད་པན་འཆང་བའི་རིང་ལུགས་འཛམ་གླིང་གཞིར། །ཡོངས་ཁྱབ་མི་འགྱུར་གཡུང་དྲུང་ལྟར་བརྟན་ཤོག །བློ་བཟང་དམ་པའི་ཆོས་ཀྱི་རྒྱལ་མཚན་རྩེར། །ཡེ་ཤེས་གཟི་བྱིན་རྣམ་པར་འབར་བའི་ཏོག །སྣང་བས་ཉེས་བརྒྱའི་སྨག་རུམ་ད་ག་རེ། །སྨྲ་བ་གཟེངས་མཐོའི་དངོས་པོ་རྟག་བརྟན་ཤོག །ཕུན་ཚོགས་བང་མཛོད་ལ་དབང་རིམ་གྲོ་པ། །རབ་བརྩོན་བློ་གྲོས་བརྟན་སོགས་ཚུལ་འདི་ལ། །འབད་པར་གཏོགས་ཀུན་བྱམས་མགོན་དབུས་འགྱུར་འཆང་། །འབྱོན་པའི་འདུས་པ་དང་པོར་སྐྱེ་བར་ཤོག །ཆོས་


GLG016_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པིར་གྱིས་མ་རྒན་འགྲོ་ཀུན་ལ། །པད་རྩ་ལྟ་བུའི་ལས་བཟང་ཉེར་བྲིས་པའི། །རྣམ་སྨིན་ཚར་དུ་དངར་བའི་གཟིགས་མོ་ལ། །སྤྱད་དེ་གཏན་གྱི་བདེ་སྐྱིད་དཔལ་འབར་ཤོག །ཅེས་འདུལ་མདོ་ཤེར་ཕྱོགས་གངས་ཅན་དུ་འགྱུར་རོ་ཅོག་དང་རྒྱུད་སྡེ་རིན་པོ་ཆེ་ཕྱི་འགྱུར་བཅས་པའི་གླེགས་བམ་བརྒྱ་ཕྲག་བླ་བྲང་རྒྱལ་མཚན་མཐོན་པོའི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་གྱིས་འབད་པ་ཆེན་པོས་བསྒྲུབས་པའི་ཚེ་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པའོ། །མདོ་སྐོར་ཚང་མར་འབྲི་རྒྱུ། སྐྱེ་རྒུའི་བསམ་པའི་ཕ་མཐའ་ནམ་མཁའ་བཞིན། །གཞལ་དཀའ་རྣམ་མཁྱེན་གྱིས་གཟིགས་གྲངས་མེད་པའི། །ཉོན་མོངས་གཉེན་པོར་གསུངས་པའི་ཆོས་ཀྱི་དོན། །ཉེར་རྟོགས་དེ་དོན་གཞན་ལ་སྟོན་པར་ཤོག་འདུལ་ལུང་ཚང་མར་འབྲི་རྒྱུ། བརྒལ་དཀའི་ཕྲ་རྒྱས་ཆུ་ཀླུང་དྲག་པོའི་རྦ། །ལྡོག་བྱེད་སྒོ་གསུམ་བག་ཡོད་བསྡམས་པའི་རགས། །རང་རྒྱུད་ཆེད་དུ་འདུལ་བའི་བསླབ་པ་ཡི། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས་པར་ཤོག །ཤེར་ཕྱོགས་ལ་འབྲི་རྒྱུ། སྣང་དང་སྟོང་པ་ཟུང་དུ་ཉེར་འཇུག་མེས། །འཁོར་བའི་བུད་ཤིང་ཕུང་པོ་རབ་བསྲེག་པའི། །སླུ་མེད་རྟེན་ཅིང་འབྲེལ་འབྱུང་སྣང་བ་ཡིས། །མཐར་འཛིན་སྨག་རུམ་མིང་གི་ལྷག་མར་ཤོག །རྒྱུད་འབུམ་ཚང་མར་འབྲི་རྒྱུ། མ་ནུབ་དབང་གི་ཆུ་བོས་རང་རྒྱུད་སྨིན། །གྲོལ་བྱེད་ཟབ་ལམ་མཆོག་གི་རྣལ་འབྱོར་གྱིས། །ཚེ་འདིར་དཔལ་ལྡན་རྡོ་རྗེ་སེམས་པ་ཆེ། །སྔོན་འགྱུར་འགྲོ་རྣམས་སྒྲོལ་བའི་ཁུར་འཁྱེར་ཤོག །


GLG016_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་བྲི་ཏྟ་ལས་རྒྱུན་ཆགས་གཉིས་པ་ཆུ་རྒྱུན)ཨཔགགནཁབཛྲཡཱབཏུཔཉྩཱཝཙིཧེཥཱདྷརྨསྱཀཱཡཱཀྵརཾཤནྱཏཤཱིལཀོཔྲབྦཧཱི། །པྲཧིཙམཧཏཙཱརཱརཱསིཀམཱ་ནཱནྡདོདཡྻཙཱཀཱཡསཾབྷོགཤཱརིརཔཱུཎཱམྲྀཏེརསྨིན༔ མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཇི་བཞིན་གཟུགས་དང་མཚན་མ་དམིགས་སུ་མེད་པ་ཆོས་སྐུ་སྟོང་ཉིད་འཕོ་མེད་ངང་། །འཕགས་ཆེན་ཉག་གཅིག་ཡིད་ངོའི་ཀུན་འགྲོར་རྟག་ཏུ་འཆར་ཡང་འཛད་མེད་ལོངས་སྤྱོད་རྫོགས་སྐུའི་ཉ་གང་བདུད་རྩིའི་འོད། །


GLG016_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པྲཏིརབིཡིཏིབཔྲསེནཾཏཐཔཉྩསནྟཏདྷཱཏོསརེཀཱཤནིརྨཏྲཧཱིཔཱརིབི། ཧིབིནཡནསརཱདཱིཤེཥཱསིཤཱིལཾསཛཱ་ཡེནསོཔྲཏྟཧཱིཤཱཀྱསིདྷཱཡཤིརྻརྣམཿ པྲ་ཕབ་ལྟ་བུར་རྒྱུད་ལྔ་ཁམས་ཀྱི་རྫིང་བུར་གསལ་བ་སྤྲུལ་པའི་སྣང་བརྣན་འདི་ཞེས་ཚད་གཟུང་ཡོངས་བྲལ་ཡང་། །རྣམ་འདྲེན་གཞན་ལས་ཁྱད་ཞུགས་ཚུལ་ལ་སྲས་བཅས་རྒྱལ་བས་ལེགས་པར་རབ་སྦྱིན་ཤཱཀྱ་སེང་གེར་མགོས་ཕྱག་འཚལ། །


GLG016_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ལྕི་བའི་ཕུང་པོར་ལེགས་སྤུངས་ལུས་ཅན་བསོད་ནམས་ཚོང་ཟོང་ཚོགས་ཀྱིས་གཞལ་བ་ལས། །ཐོག་མཐའ་བར་དགེ་ཐུབ་པའི་གསུང་རབ་མུཀྟི་ཀཿའཕྲེང་ཡན་ལག་དྲུག་ཅུའི་སྲད་བུ་ལ། །བརྒྱུད་ནས་སྐལ་བཟང་མགུལ་པའི་རྒྱན་མཛེས་ལུང་རྟོགས་བསྟན་པའི་ཉིན་བྱེད་འོད་ཀྱི་འཇིག་རྟེན་གསུམ། །སྣང་བའི་སྒྲོན་མེ་སྐྱེ་རྒུ་ཀུན་གྱི་ཕན་བདེའི་སྲོག་སོང་ཆོས་ཀྱིས་བདག་བྱིན་རློབས། །ཉོན་མོངས་ལང་ཚོ་དར་ལ་དྲག་པའི་སེམས་གླང་བག་ཡོད་བཙན་པོའི་ར་བ་རུ། །ཉེར་བཅུག་ཤེས་བཞིན་ལྕགས་ཀྱུས་རབ་བཏབ་བསླབ་གསུམ་མཛེས་པའི་གསེར་སྦྱངས་རྒྱན་སྤྲས་ནས། །འཁོར་བའི་གཡུལ་ལས་མངོན་པར་རྒྱལ་མཛད་ཉན་རང་བྱང་སེམས་དགེ་འདུན་ཚོགས་བཅས་ཀྱི། །རྣམ་པར་ཐར་པའི་རྗེས་སུ་བདག་ཀྱང་སློབ་ན་ངེས་ལེགས་བསྒྲུབ་པའི་གྲོགས་མཛོད་ཅིག །འཕགས་བོད་པཎ་གྲུབ་འཇིག་རྟེན་མིག་གཅིག་ཆོས་རྒྱལ་རིམ་པར་བྱོན་རྣམས་ཀྱི། །རྨད་བྱུང་བརྩོན་པའི་ཤིང་རྟས་ལེགས་དྲངས་ཐུབ་པའི་བསྟན་པ་ཡིད་བཞིན་ནོར། །ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར་མཆོད་སྲིད་ཞིའི་ལེགས་ཚོགས་འདོད་རྒུའི་ཆར། །ཀུན་བཟོད་ལྟོ་བ་ཡོངས་སུ་བཀང་བའི་བཀའ་དྲིན་ཕ་མཐའ་གཞལ་ནུས་སུ། ཁྱོད་མཁྱེན་མེ་ལོང་ངོས་སུ་མི་འཆར་ཤེས་བྱའི་གཟུགས་བརྙན་གང་། །རྒྱུན་མཐའ་པ་ཡིས་མ་རྟོགས་བར་ཆད་མེད་ལམ་ལ་གཡུར་ན། །ངེས་པར་རྣམ་པ་ཐམས་ཅད་གཟིགས་པ་ཉིད་ལས་གཞན་མིན་པའི། །ཡིད་ཆེས་གཏན་གྱི་སྐྱབས་གཅིག་བློ་བཟང་གྲགས་པས་རྗེས་ཟུངས་ཤིག །འཆད་རྩོད་རྩོམ་པས་བསྟན་འཛིན་དགེ་འདུན་


GLG016_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བཞི་ལ། །མཁས་དང་གྲུབ་པའི་གསེར་གྱི་འཁོར་ལོས་ཡོངས་སྒྱུར་བས། །ལུང་རྟོགས་རྫོགས་ལྡན་དགའ་སྟོན་སྤེལ་བའི་ཆོ་ག་མཁན། །རྒྱ་ཆེན་མཚོ་བྱུང་མགྲིན་པར་ཞུགས་ཁྱོད་གཙུག་ཏུ་བསྟེན། །བསོད་ནམས་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། 2)གནམ་གྱི་ཤེ་མོང་དཔུང་པ་ཡིས། །ཧོར་འབངས་ཀུན་ལ་དབང་སྒྱུར་རིགས་བདག་ཏུ། །སོན་པ་ཞྭ་སེར་འཆང་བའི་རིང་ལུགས་ཀྱིས། །རྒྱ་མཚོའི་གོས་ཅན་མཐར་ཁྱབ་མཛད་ལ་བསྔགས། །འགྲོ་རྣམས་མ་རིག་སྟུག་པོའི་གཉིད་པོ་ཆེར། །གཡུར་ལས་སད་བྱེད་ཆོས་ཀྱི་ཆུ་བོ་ཆེ། །སྐད་གསང་། སྐད་གསང་ཕྱོགས་བཅུར་སྒྲོག་པའི་གསུང་རབ་ཀྱི། །པུསྟ་ཀཿའཕྲེང་ལེགས་བྱས་བྱེ་བའི་ཞིང་། །སྐྱེ་རྒུའི་རྒྱུད་ཀྱི་སྒྲིབ་གཉིས་དེ་སྙེད་ནད། །སེལ་ནུས་མཐའ་ཀླས་ཆོས་ཕུང་རྩི་སྨན་ལྗོན། །རྣམ་འདྲེན་མགུར་དང་བྱིན་རླབས་རྗེས་གནང་བ། །ཕུང་པོར་སྤུངས་ན་སྲིད་པའི་རྩེ་ལས་བརྒལ། །ཏི་མིའི་གྲོང་ལས་གཟར་བུས་བཅུས་པའི་ཆུས། །སྐོམ་པའི་གདུང་སེལ་ཇི་བཞིན་དབུས་འགྱུར་ནས། །ལྔ་བཅུས་ལྷག་པའི་བརྒྱ་ཕྲག་གླེགས་བམ་ཚོགས། །ལོ་པཎ་དྲིན་ལས་ཁ་བའི་ལྗོངས་འདིར་འགྱུར། །ཡང་མེས་ཆོས་རྒྱལ་དུས་བྱོན་རྣམ་འདྲེན་གསུང་། །ཕལ་ཆེར་གསར་བཅད་སྐད་ཀྱིས་གཏན་ཕབ་པའི། །བྱེད་པོ་མངའ་བདག་ཁྲི་ལྡེ་སྲོང་བཙན་གྱི། །རྣམ་ཐར་དྲན་དད་པའི་སྤུ་ལོང་གཡོ། །དབུས་པ་བློ་གསལ་བློ་ལྡན་རལ་གྲིའི་ཞབས། །ཚལ་པ་སི་ཏུ་ཀུན་མཁྱེན་བུ་སྟོན་སོགས༑ ། བསྟན་ལ་གཅེས་འཛིན་རྣམས་ཀྱི་བོད་ཡུལ་འདིར། །འགྱུར་བ་ཕལ་ཆེར་དག་ཐེར་དཀར་ཆག་བསྒྲིགས། །སྲི་ཞུའི་ནང་ནས་འཆད་ཉན་ཉེར་བསྔགས་


GLG016_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པས། །གྲོ་ལུང་འཕགས་པ་བག་སྟོན་ཐུ་བཙུན་རྗེ། །གནས་གསར་ཁྱབ་བདག་མགོན་པོ་བསོད་ནམས་མཚན། །ཐུབ་བསྟན་སྲོག་གི་ཟུངས་སུ་གྲུབ་པ་བཞིན། །སྔ་དར་དུས་ཀྱི་ལྡན་དཀར་འཕང་ཐང་མར། །གསང་སྔགས་ནང་རྒྱུད་གཉེན་པས་མ་བཀོད་ཅེས། །གསུངས་པ་རྙིང་མའི་རྒྱུད་ཀྱི་རིན་ཅེན་འཕྲེང་། །ཡིན་ཕྱིར་དེང་གི་དུས་ཀྱང་ཕལ་ཆེར་གབ། །འདུལ་ལུང་ཤེར་ཕྱོགས་དཀོན་བརྩེགས་ཕལ་པོ་ཆེ། །ཐེག་པ་གཅིག་ཏུ་མ་ངེས་སྣ་ཚོགས་མདོ། །ཕྱི་དར་རྒྱུད་དང་སྔ་འགྱུར་གཙོ་བསྡུས་ཀྱི། །བརྒྱ་ཕྲག་བརྒལ་བའི་བཀའ་པོད་ནོར་བུའི་དཔྱ། །གང་ཞིག་མཐོང་ཐོས་དྲན་པས་མངོན་མཐོ་དང་། །ངེས་པར་ལེགས་པའི་གོ་འཕང་ལ་འགོད་པ། །འབྲི་བའི་བསོད་ནམས་གཟུགས་སུ་ཉེར་གྲུབ་ན། །ཚངས་པས་སྣོད་ཀྱི་འཇིག་རྟེན་སྤྲུལ་འདི་ཆུང་། །རྣམ་སྨིན་དཀཪ་ནག་སོ་སོཪ་འབྱིན་པའི་ཟོང་། །ཕྲ་ཞིབ་ལས་འབྲས་སྲང་ལ་བརྟེན་པ་ན། ཁེགས་བྱས་འབྲས་བུས་ཅི་འདོད་ལྷག་པའི་སེམས། །རྡུལ་བྲལ་སྟོན་ཟླས་བསྒྲུན་མིན་གཅིག་ཏུ་དཀར། །དེ་ཕྱིར་གནམ་སྔོན་འཁྱིལ་འདྲའི་ཤོག་བུའི་ངོས། །བཙོ་མའི་གསེར་གྱི་ཁུ་བས་ཉེར་བྲིས་པ། །ངང་རིང་དལ་བུར་བཀོད་པའི་གཟུགས་མཛེས་མ། །དཔྱད་གསུམ་དག་པའི་བརྡ་དག་ལང་ཚོ་རྒྱས། །དིང་ཕོན་གཙོར་གྱུར་རྒྱ་དང་ཧོར་གྱི་གོས། །ལྔ་བརྩེགས་སྟོང་སྐུད་ལྷས་མའི་སྐུ་རགས་ཅན། །རྒྱ་རག་གླེགས་ཆབ་སེང་ལྡེང་ཙནྡན་གྱིས། །ཉེར་གཡོགས་བཟང་རྒུ་འདུས་པའི་བདོག་པས་བསྒྲུབས། །དགེ་འདིས་ཁ་ལོ་སྒྱུར་བའི་འགྲོ་མང་ཞིག །ཐར་པའི་བ་གམ་ནང་དུ་འཛེག་སྙམ་ནས། །ཡིད་སྲུབས་ཆུང་མར་བཅས་པ་བློང་བློང་


GLG016_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པོའི། །སེམས་ཀྱིས་མྱ་ངན་ཁང་བུར་དྲན་མེད་བརྒྱལ། །དཀར་ཕྱོགས་སྐྱོང་བའི་སྟོབས་ལྡན་མཐུ་ཆེན་རྣམས། །ལེགས་སོའི་མེ་ཏོག་མཁའ་ལ་འཐོར་བཞིན་དུ། །དགྱེས་པའི་ཟློས་གར་དབྱར་རྔ་ཉེར་ཐོས་པའི། །རྨ་བྱའི་སྒྲོ་གཤོག་ཟླུམ་པོར་བསྒྱུར་ལྟར་བྲེལ། །དགེ་འདིའི་ཁྱུ་མཆོག་མཁའ་མཉམ་འགྲོ་བ་ཀུན། །སངས་རྒྱས་འཐོབ་རྒྱུར་སྙིང་ནས་བསྔོས་པའི་ཞར། །ལོ་ལེགས་ཕུབ་མ་དང་མཚུངས་འདི་དང་ཕྱིའི། །ཡང་སྲིད་བརྒྱུད་མར་བདེ་བའི་དཔལ་འབར་ཤོག །རང་གཞན་རྣམས་ཀྱི་སྡུག་བསྔལ་འབྱུང་བའི་གཞི། །གཅེས་འཛིན་རྩ་བ་སྦོམ་པོར་བསྐྱེད་བསྲིངས་པ། །དྲུང་ཕྱུང་ཀུན་འབྱུང་འཁོར་བའི་ལྗོན་ཤིང་སྡོང་། །ཤེས་རབ་ཚ་དབལ་མེ་ལྕེས་བསྲེག་པར་ཤོག །སྡིག་པའི་ས་མཁན་རྗེས་སུ་མི་འབྲང་བར། །སྒོ་གསུམ་དགེ་བའི་ལམ་ལ་དལ་བགྲོད་པས། །འགྲོ་རྣམས་སྲིད་ལས་གྲོལ་བར་གྱུར་མིན་པར། །སུམ་རྩེན་ལེགས་བྲིས་ཇི་བཞིན་སྐྱིད་པར་ཤོག །དཀར་ནག་བླང་དོར་ལག་ཏུ་བསྟར་སྟོན་པ། །སངས་རྒྱས་འབྱུང་དང་བསྟན་པ་མ་ནུབ་པར། །རག་ལས་ཕྱིར་ན་ཐུབ་པའི་རིང་ལུགས་མཆོག །བྱམས་མགོན་དབུས་འགྱུར་མ་བྱོན་བར་གནས་ཤོག །ཉི་མའི་གཉེན་གྱིས་ཇི་ལྟར་བཞེད་པའི་ཆོས། །འཁྲུལ་མེད་ཚུལ་བཞིན་སྟོན་པ་བཙོང་ཁ་པའི། །མདོ་སྔགས་བཤད་གྲུབ་རྒྱ་ཧོར་བོད་ཀྱི་མཁར། །འཆར་དང་ནུབ་པ་སྤངས་ཏེ་རྟག་བརྟན་ཤོག །གདུལ་བྱའི་བློ་བྲིད་སྡེ་སྣོད་རིན་ཅེན་གསུམ། །ཚུལ་བཞིན་བགྱིད་འདུན་རི་མོ་སྙིང་བྲིས་བདག །རེ་བ་འགྲུབ་ཕྱིར་འཚོ་བའི་སྲོག་གི་ཟུངས། །རྡོ་རྗེའིཁམས་སུ་དཀོན་ཅོག་མཐུས་བྱིན་རློབས། །


GLG016_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་བརྒྱ་པའི་རྗེས་འགྲོའི་དཔལ་འབྱོར་ལྡན། །ཉི་འོག་མངོན་པར་འཕགས་པའི་ཕོ་བྲང་གི ། ལུགས་གཉིས་མངའ་ཐང་ཆེས་མཐོ་ཁྲིམས་ཀྱི་ཤིང་། །ཡིད་ཅན་ཡོངས་ཀྱི་གཉའ་བར་ལྕི་བར་ཤོག །གླེགས་བམ་འདི་བསྐྲུན་ཆེད་དུ་ངལ་དུབ་པའི། །དཀའ་ཐུབ་བསྟེན་རྣམས་ལྟ་ཞོག་གོམ་གསུམ་ཙམ། །སྤོས་པས་མཐའ་རྟེན་བགྱིས་ཀུན་འཁོར་བར་ཡང་། །བདེ་ཞིང་མྱུར་དུ་ཐར་བའི་སྐས་འཛེག་ཤོག །དཀོན་ཅོག་ཡུལ་བྱས་བསགས་པའི་བསོད་ནམས་ཀྱིས། །དུས་ཀྱི་བདག་པོའི་ལས་དབང་ཆེས་བཙན་པས། །འབངས་སུ་གཏོགས་སོ་ཅོག་ལ་བདེ་སྐྱིད་ཀྱི། །དགེ་བའི་མཚན་མས་རྟག་ཏུ་ཤིས་པར་ཤོག །རྒྱལ་བ་བྱང་སེམས་སློབ་མའི་ཚོགས་ཀྱི་བདེན་པ་ཆེན་པོའི་བྱིན་རླབས་དང་། །དཀར་ཕྱོགས་ལ་དགའ་ལྷ་ཀླུ་གནོད་སྦྱིན་དྲི་ཟར་བཅས་པའི་བདེན་པའི་ཚིག །རྒྱུད་མངས་ལས་དྲངས་སྙན་པའི་གླུར་བླངས་བཀྲ་ཤིས་མེ་ཏོག་མནྡ་རས། །འཆི་མེད་ལམ་ཀུན་དོག་པོར་བཀོད་དེ་ནོར་འཛིན་ཁྱོན་ལ་ཁྱབ་གྱུར་ཅིག །ཅེས་གསང་སྔགས་སྔ་འགྱུར་གྱི་རྒྱུད་རྣམས་བཀའ་གཉན་པས་གཙོ་བསྡུས་ཙམ་དང་དེ་ཕྱིན་བོད་ཡུལ་དུ་འགྱུར་རོ་ཅོག་གི་རྒྱལ་བའི་བཀའ་རྣམས་མཐིང་ཤོག་ལ་གསེར་ཞུན་གྱིས་དྲིས་པ་ཞིག་བཞེང་འདུན་ཡོད་པའི་སྟེང་། ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་བརྩོན་པ་ཆེན་པོས་ཡར་ཀླུངས་སོལ་ནག་ཐང་པོ་ཆེའི་གཙུག་ལག་ཁང་དུ་དོ་དམ་གཟིམས་ཤག་ལྷོ་པ་ནང་སོ་དཀོན་ཅོག་དར་རྒྱས་དང་སྤེལ་ནག་རིན་ཅེན་གཉིས་ཀྱིས་བགྱིས་པའི་འཕྲལ་དུ་བསྒྲུབས་་བསྒྲུབས་པའི་དགེ་བ་རྣམས་བྱང་ཆུབ་ཀྱི་རྒྱུར་བསྔོས་པས་གནས་སྐབས་ཀྱི་བདེ་སྐྱིད་ཞར་ལ་འབྱུང་བ་ལས་འོས་མ་མཆིས་རུང་སྡེ་པས་ངེད་རང་རིང་དུ་འཚོ་བར་དམིགས་པ་ཡིན་པས་ཚིགས་བཅད་དགོས་ཚུལ་བྱུང་


GLG016_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་ཁོངས་སུ་འཐུས་པ་བྱས། འདྲེན་པ་མཉམ་མེད་བུ་རམ་ཤིང་པ་ལྕགས་སྤྲེལ་ལ་སྐུ་བལྟམས་ནས་ཉིས་སྟོང་དྲུག་བརྒྱ་སོ་གཅིག་འདས་པ་འཕགས་ཡུལ་བ་བི་རོ་དྷ་ཀྲྀཏ་ཅེས་ལྗོངས་འདིར་འགལ་བྱེད་དུ་འབོད་ཅིང་ཤར་ཕྱོགས་རྒྱལ་པོའི་འདུན་སར་ཟི་ཧིར་བརྗོད་པ་ལྕགས་མོ་ཕག་འབྱུང་བ་སུམ་ལྡན་གྱི་ལོ་ཆུ་ཤེལ་གྱི་དབང་པོ་ཆུ་སྟོད་ཀྱིས་ཉ་བའི་ཚེས་ལྔ་ཉི་མ་མེ་བཞིའི་འགྲུབ་སྦྱོར་གྱི་དུས་ཟ་ཧོར་གྱི་བནྡེས་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་དཀར་དྲག་པ་ངག་དབང་བྱམས་པས་བགྱིས་པ་སརྦ་ཀཱ་ལི་ཥུ་ཤྲེ་ཡ་བྷ་ཝནྟུ། །(སྡེབ་སྦྱོར་མཉམ་པའི་པྲི་ཏྟ་ལས་ཟླུམ་པོ། )ཨཱདིཏཱཀརུཎྱབཔྤཎིདྷྱཙཱཔཏཱརགོཥསཱུཔྟགཱཎ། །ཛྙཱནཔུཎྱཏཔཱཙཱཏྟུཔཱཀནདྭིཀཱཡཏོདྲུམོབྷུརཱིཤ ། གཟོད་མ་ཉིད་ནས་སྙིང་རྗེའི་ས་བོན་སྨོན་འཇུག་འཛིན་མར་ལེགས་བཏབ་ཚོགས། །བསོད་ནམས་ཡེ་ཤེས་དྲོད་གཤེར་གྱིས་སྨིན་སྐུ་གཉིས་སྡོང་པོ་གཡུར་ཟ་བས། །མཁྱེན་བརྩེ་ནུས་པ་རོ་བདའི་གཡང་ཆགས་འཕྲིན་ལས་འབྲས་བུས་


GLG016_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་དུད་པ། །ཛཱཏདཱཡཤཱགྲསསྭཐོཤཱིཡཱིཡཀརྨཕཱལཔཱརིཏྲིམྱ། །བུདྡྷཀལྤཙམསྱཚཱཏྲསརྦཛྭགཤྲམཎྱཀུརྨ། །ཐུབ་དབང་དཔག་བསམ་ལྗོན་པའི་གྲིབ་མར་ལུས་ཅན་མ་ལུས་ངལ་གསོར་མཛོད། །ལྷ་གཅིག་མགྲིན་པ་བཀྲ་ཤིས་གཡས་འཁྱིལ་དུང་། །རྣམ་གསུམ་འཁོར་ལོ་བསྐོར་བའི་དབྱངས་སྙན་པོ། །མཆོག་དམན་གདུལ་བྱའི་རྣ་བར་རབ་བསྒྲགས་པ། །ཡིད་ཅན་ཀུན་གྱི་གསོས་སྨན་བླ་ན་མེད། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོའི་ཚད། །འགྲོ་བའི་བློ་དང་འཚམ་པར་ལེགས་སྩལ་པ། །མི་བརྗེད་གཟུངས་ཐོབ་དགྲ་བཅོམ་ཚོགས་རྣམས་ཀྱིས། །བཀའ་བསྡུས་བསྟན་པའི་སྲོག་འཐུད་ལུས་ཅན་གཉེན། །དབུས་འགྱུར་རྒྱ་གར་ཤར་དང་ལྷོ་ཕྱོགས་ནུབ། །ཨྱོན་གསང་མཛོད་ཀ་ལཱ་པ་ཡི་གྲོང་། །མཁའ་སྤྱོད་རིག་འཛིན་གནས་བཞུགས་གསུང་རབ་ཀྱི། །ཕ་མཐའ་ཀུན་མཁྱེན་ལས་གཞན་ཚད་གཟུང་ཅི། །གངས་ཅན་སྐྱེ་རྒུའི་བསོད་ནམས་ལྷུན་པོའི་


GLG016_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །རྒྱལ་བའི་ཐུགས་རྗེའི་རྒྱ་མཚོར་བསྒྲིལ་བ་ལས། །མ་སྨད་བསྟན་པའི་ས་སྲུངས་ཕན་དང་བདེའི། །གོམ་སྟབས་ལྷོད་པོར་ད་ལྟའི་བར་དུ་རྒྱུ། །ཐོ་རི་གཉན་བཙན་དུས་ནས་དབུ་བརྙེངས་ཏེ། །ཆོས་སྐྱོང་བཟང་པོའི་བར་དུ་རིམ་བྱོན་པའི། །ལོ་པཎ་དྲིན་ལན་རྙེད་པའི་རྣམ་འདྲེན་བཀའ། །འགྲེལ་པར་བཅས་པས་པུར་རྒྱལ་དོག་པོར་བྱས། ཁྱད་པར་མདོ་འདུལ་ཤེར་ཕྱོགས་གསར་མའི་རྒྱུད། །བོད་འདིར་འགྱུར་རོ་ཅོག་དང་སྔ་འགྱུར་ནས། །ཐོར་བུར་བཅས་པ་པདྨ་དཀར་པོ་ཡི། །ཆུན་པོ་སྐལ་བཟང་འགྲོ་བའི་ཐོད་དུ་བཅིངས། །ལེགས་བྱས་དྲོད་ཀྱིས་ཞུ་བའི་ཏེ་སིའི་ཆུ། །བསྔོ་སྨོན་དག་པའི་ལམ་གསུམ་ལ་བརྒྱུད་དེ། །སེམས་བསྐྱེད་ཉིན་མཚན་ཆད་པ་མེད་པའི་རྒྱུན། །ཀུན་མཁྱེན་རྒྱ་མཚོར་འབབ་འདི་སུ་ཡིས་བཟློག །ཡང་ཡང་མཐོང་བས་དོན་དང་ལེགས་ལྡན་ཅིང་། །མང་མང་ཐོས་པས་བཟང་པོའི་བག་ཆགས་འཇོག །གསལ་གསལ་བསམས་དང་བསྒོམས་པས་རྣམ་གྲོལ་བས། །དཀའ་དཀའི་དལ་འབྱོར་རྙེད་འདི་སྟོང་ལོག་མིན། །མི་ཁོམ་དང་བྲལ་མི་ལུས་ཐོབ་པ་དཀོན། །དཀོན་ཅོག་བླ་མར་འཛིན་པའི་ཤེས་ལྡན་ཉུང་། །ཉུང་བསྡུས་སྙིང་པོ་བསྟན་ཀྱང་གོ་བ་དཀའ། །དཀའ་སྤྱད་ཆོས་ལ་བྱེད་པ་ཉིན་སྐར་ཙམ། །འོན་ཏེ་འཁོར་བའི་འཁོར་ལོ་བསྐོར་མིན་པར། །ཀུན་མཁྱེན་ཡེ་ཤེས་ཡེ་ནས་སྒྲུབ་འདོད་བློས། །དགེ་ཚོགས་གང་ཐོབ་གང་དེ་བྱང་ཆུབ་རྒྱུར། །བསྔོ་ནུས་རྣམ་དཔྱོད་རྣམ་དཀར་འཛད་པ་མེད། །དཔང་པོའི་རྟེན་དང་འགྱོད་སྡོམ་སྔོན་འགྲོ་བས། །མཐིང་ཤོག་རྫིང་བུར་གསེཪ་དངུལ་ཡིག་གཟུགས་བྱ། །བརྡ་དག་རྐང་གདུབ་


GLG016_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འཁྲོལ་ཀུན་ཏུ་སྤྱོད། །སྟོབས་བཞིས་འདག་པར་ནུས་མིན་སྡིག་དེ་གང་། །མི་དགེའི་ར་རི་གཉེན་པོའི་ཆུས་བཀྲུས་ནས། །ལེགས་བྱས་ཟླ་བཞིན་གསལ་བའི་སཱི་ཏ་མ། །འཕྲོག་བྱེད་འབོད་སྒྲོགས་གཙུག་ཏོར་སར་ལྷུང་བའི། །དཔལ་ཆེན་རཱ་མ་ཎ་ཡི་ཚལ་འདི་མཚར། །ཞེས་སྙན་པའི་ཚིག་གི་བརྗོད་པ་རྣམ་པར་དག་པ་སྔོན་དུ་བཏང་ནས། །ཇི་སྐད་དུ། འཕགས་པ་བརྒྱད་སྟོང་པ་ལས། ཀུན་དགའ་བོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འདོད་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱ་གཟུང་བར་བྱ་བཅང་བར་བྱ་བཀླག་པར་བྱ་ཀུན་ཆུབ་པར་བྱ་རབ་ཏུ་གདོན་པར་བྱ་བསྟན་པར་བྱ་ལུང་འབོག་པར་བྱ་ཁ་ཏོན་དུ་བྲི་བར་བྱ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ་མེ་ཏོག་དང་བདུག་པ་དང་དྲི་དང་འཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་དང་ཁོ་ར་ཁོར་ཡུག་ཏུ་མར་མེའི་འཕྲེང་བ་དང་མཆོད་པ་རྣམ་པ་མང་པོས། བཀུར་སྟིར་བྱ་བླ་མར་བྱ་བརྗེད་པར་བྱ་མཆོད་པར་བྱ་རི་མོར་བྱ་བསྙེན་བཀུར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངས་རྗེས་སུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དང་། སྡུད་པ་ལས། བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། འཆང་ཞིང་མེ་ཏོག་བྱུག་པས་


GLG016_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བསྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་དང་། ལ་ལས་གངྒཱའི་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་ནས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་བཀའ་སྩལ་བས་དངོས་སུ་ཤེར་ཕྱིན་ལ་སྦྱར་ནའང་གསུང་རབ་གཞན་རྣམས་ལ་ཡང་དེ་དང་འདྲ་བའི་ཕན་ཡོན་དོན་གྱིས་བསྟན་ལ། མདོར་ན་དེ་བཞིན་གཤེགས་པ་ཡུལ་དུ་བྱས་པའི་ཡོན་ཏན་གང་ལ་དད་པ་བསྐྱེད་པའི་ཕན་ཡོན་ཀྱང་མཐའ་ཀླས་པའི་ཕྱིར་ན། ཕལ་ཆེན་ལས། སུ་ཞིག་སངས་རྒྱས་ཡུལ་ལ་དད་སེམས་པ། །དེ་ནི་ཆགས་མེད་ཐུབ་པ་ཀུན་གྱིས་དབང་ཡང་བསྐུར། །རྡོ་རྗེ་ལྟ་བུར་སྲ་ཞིང་བརྟན་ལ་མི་ཤིགས་པ། ང་གཉིས་གཙོ་བོས་མཛད་པ་རྟག་ཏུ་དྲན་ཤེས་ཤིང་། །འདྲེན་པའི་སྤྱོད་ཡུལ་སྣང་བ་ཤིན་ཏུ་རྙེད་པ་རྣམས། །གཞན་གྱི་དྲིང་ལ་མི་རྒྱུག་བྱང་ཆུབ་སེམས་ཀྱང་སྐྱེ། །ཞེས་གསུངས་ཤིང་མཛད་པའི་གཙོ་བོ་ནི་གསུང་གི་མཛད་པ་ཡིན་པས། རྗེ་བཙུན་བཙོང་ཁ་པས་མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། ཞེས་གསུངས་པས་ཤེས་ནུས་ཤིང་། དེ་བཞིན་གཤེགས་པས་ཞལ་གྱིས་འཆེས་པ་ནི་ནམ་ཡང་བསླུ་བ་མེད་པ། ལུང་ཕྲན་ཚེགས་ལས། ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྷུང་ཡང་སྲིད། །ས་འདིར་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་བསྐམ་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་པ་མིན། །ཞེས་འབྱུང་བ་ཡིད་ཆེས་


GLG016_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངེས་པས། སྟོད་འགྲེལ་བའི་ལུགས་ལ། བི་རོ་དྷ་ཀྲྀཏ་དུ་འབོད་པ་འགལ་བྱེད་ཅེས་པ་ལྕགས་མོ་ཕག་གི་ལོར་སོལ་ནག་ཐང་པོ་ཆེར་བཀའ་འགྱུར་རིན་པོ་ཆེ་གསེར་ཆོས་དང་སྐྱ་བོད་ཚར་རེ་འབྲི་བའི་སྟ་གོན་གྱི་སྐབས་སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་ཁྲིམས་གནོན་དུ་སྲོག་གཅོད་པ་སོགས་ནན་ཏུར་ཆད་ལས་བྱ་བའི་ཁ་ན་མ་ཐོ་བ་དང་། རྗེས་སུ་ཆོས་སྐྱོང་སོགས་གཞན་རྐྱེན་ལ་བརྟེན་པའི་མཆིས་བྲང་བདག་གིར་བཟུང་བའི་སྡིག་པ་སྦྱོང་ཐབས་རྣམ་གྲངས་མང་ནའང་། གཙོ་བོ་ནི། ཚེ་དཔག་ཏུ་མེད་པའི་མདོ་ལས། གང་ཞིག་ཚེ་དཔག་ཏུ་མེད་པའི་མདོ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེའི་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཞེས་རྒྱལ་བའི་བཀའ་ཉིད་གཙོ་བོར་བསྔགས་ཤིང་། དེ་ཡང་རྒྱུ་བསོད་ནམས་ཀྱི་ཚོགས་ཆེ་བའི་ཁྱད་ནས་སྐྱ་བོད་སྔོ་ཆོས་སུ་བསྒྱུར་ལ། དགེ་བ་བསྒྲུབས་པ་དེ་དག་ཀྱང་སྨོན་ལམ་གྱིས་འཚམས་སྦྱར་བ་ཉིད་གཙོ་ཆེ་བས། བུ་མོ་ཟླ་བ་མཆོག་གིས་ཞུས་པའི་མདོ་ལས། གལ་ཏེ་རྒྱལ་བ་དེ་དག་མཆོད་འདོད་ན། །སངས་རྒྱས་ཉིད་ཕྱིར་ཁྱོད་ཀྱིས་སྨོན་ལམ་ཐོབ། །བྱང་ཆུབ་སེམས་བསྐྱེད་བརྟན་གྱུར་གང་ཡིན་པ། དེ་ལས་ལྷག་མཆོད་སྲིད་པ་གསུམ་ན་མེད། །ཅེས་དང་། ཇི་སྐད་དུ། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུངས། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་འབྱུང་བའི་ཚིགས་བཅད་ཕྱི་མ་འདི་བློ་གྲོས་རྒྱ་མཚོས་ཞུས་པའི་མདོའི་ཆོ་ག་ཡིན་པས་མཁས་རློམ་ཕལ་ཆེར་ལ་རླུང་ལྟར་གྲགས་ཀྱང་དེར་འདི་འདྲའི་ཕྱོགས་ཙམ་ཡང་


GLG016_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་། བློ་གྲོས་མི་ཟད་པའི་མདོར་དོན་འདི་ལྷུག་པར་བྱས་པ་ཞིག་ཡོད་པས་དེ་ལས་སྔོན་གྱི་བླ་མ་ཞིག་གིས་ཚིགས་བཅད་དུ་བསྡེབས་པར་མངོན། གང་ལྟར་དོན་ལ་གནས་པས་མི་འཕྲོག་པའི་དད་པ་བརྟན་པོས་ཡིད་དྲངས་ཏེ་བསྔོ་སྨོན་གྱི་རིམ་པ་ནི། སྙིང་སྟོབས་ཐོར་ཚུགས་གཏོང་བའི་གཡང་ཤུན་ལྡན། །རྣམ་དཔྱོད་ཚངས་སྐུད་འཆང་བའི་གཉིས་སྐྱེས་ཀྱིས། །རྒྱལ་གསུང་རི་མོར་བྲི་བའི་བུམ་པའི་ཆུས། །སྡིག་ལྟུང་དྲི་མ་མ་ལུས་དྲུང་འབྱིན་ཤོག །ལས་དཔོན་ཡིག་མཁན་བྲན་དུ་བཀོལ་བ་སོགས། །འགུལ་བསྐྱོད་གཏམ་སྨྲ་རྟོག་པའི་འཕྲོ་འདུ་ཡིས། །དངོས་པོ་ཆུད་མ་འཛའ་བར་དོན་ལྡན་དུ། །བསྒྲུབ་ཀུན་རྟག་ཏུ་བདེ་སྐྱིད་མྱོང་བར་ཤོག །ཐུབ་དབང་རྗེས་སུ་ཚུལ་བཞིན་ཉེར་སློབ་པ། །སྤྱི་དང་ཁྱད་པར་རྒྱལ་བ་བཙོང་ཁ་པའི། །བསྟན་པ་ཐོས་བསམ་སྒོམ་པས་རབ་འཕེལ་ཞིང་། །དེ་འཛིན་སྡེ་བཅས་ཡུན་རིང་བརྟན་པར་ཤོག །གནམ་སའི་དཀྱིལ་འཁོར་ཁྱོན་ལ་བར་མེད་དུ། །དབང་སྒྱུར་ས་སྤྱོད་སྲོག་གི་ཀ་བ་ཚུགས། །མི་ཉམས་མངའ་ཐང་རྒྱས་པའི་བཙན་པོའི་བཀའི། །དྲང་ཐིག་ཁྲིམས་ཀྱིས་འཇིག་རྟེན་བདེ་བར་ཤོག །ཀུན་བཟོད་ཉ་ཕྱིས་ཁོག་པ་ཡངས་པོ་རུ། །འབྱུང་བའི་བཅུད་རྣམས་སོས་པའི་མུ་ཐི་ལ། །རྨུགས་འཛིན་འབྱོར་བའི་མཛོད་རྒྱ་གྲོལ་བ་དང་། །ལྷན་ཅིག་རུ་བཞི་ཡོངས་གང་ཕྱུར་བུར་ཤོག །མ་བྱས་ལས་དང་ནམ་ཡང་ཕྲད་མིན་པ། །རྒྱུ་འབྲས་དངོས་པོའི་གཤིས་ལ་མཚར་དུ་ཅི། །དགེ་སྡིག་མཉམ་པར་དཀར་བས་རྩོད་དུས་འདིར། །རྫོགས་ལྡན་དཔལ་གྱི་རྩེ་དགའ་རྒོད་པར་ཤོག །འདི་མཚོན་ཐོག་མེད་ཡང་སྲིད་ཆེས་མང་བར། །བསགས་པའི་འདུས་བྱས་དགེ་རྩ་ཇི་སྙེད་པ། །ནམ་མཁའི་སྐ་རགས་དེས་ཀྱང་འཆིང་མེད་པའི། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་རྒྱུར་བསྔོ། །འཆི་མེད་ལམ་དུ་


GLG016_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མིག་མི་འཛུམ་པའི་ཚོགས། །སྙན་པའི་གླུ་ལེན་སྣ་ཚོགས་རོལ་མོ་འཁྲོལ། །དབང་གཞུའི་བླ་བྲེ་ཉེར་ཕུབ་ཆུ་སྐྱེས་ཆར། །རབ་སྙིལ་ཤིས་པའི་དཔལ་དེས་སྐྱོང་གྱུར་ཅིག །ཅེས་འཇིག་རྟེན་གསུམ་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཤཱཀྱ་སེང་གེའི་གསུང་རབ་རིན་པོ་ཆེ་མཐིང་ཤོག་ལ་གསེར་དངུལ་སྤེལ་མར་བཞེངས་པའི་དོ་དམ་གཟིམས་ཤག་ལྷོ་པ་ནང་སོ་དཀོན་ཅོག་དར་རྒྱས་དང་སྤེལ་ནག་རིན་ཅེན་གཉིས་ཀྱིས་བགྱིས་པའི་ཚེ་ཟ་ཧོར་གྱི་བནྡེས་གདོང་དྲུག་བསྙེམས་པའི་ལང་ཚོས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པས་བགྱིས་པ་ལགྣི་ཀ་ལྱ་ཎ་སརྦ་ཥུ་མ་ཧྭ་བྷུ་མི་པྲ་བྷུ་ཛཿ། (སྡེབ་སྦྱོར་མཉམ་པའི་བྲི་ཏྟ་ལས་ཟླུམ་པོ)ཨ ཀཱུཤབཱརཏྲཾཎྱམཉྫུཙཱསནེཔྲགོསྠིཏེཀཧིཔྲརིཏྭཧཱིམཧཱདཡསྶམཱདྷྱཤསྟགཱངྒརཛསཾཁྱལཱབྷིཀཉྩ། མཱརསེན་སཱཧིཏབྱཱུཧཱིཧིནཱམིཀསྱཤེཁཏཱཔྲདཱནྟཨཱརྠསི་དྡྷཀཏྭཔཱདདྭནྟཨཱདྲཱསིདྡྷཀཏྭཔཱདེཤེཁབུདྷྱཙཱཔྲསེབདྷིཥྛནདྨ། །ཀཱུ་ཤའི་རྩྭ་མཆོག་འཇམ་པའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གཅིག་བཅས་ནས། །བྱམས་པ་ཆེན་པོའི་ཏིང་འཛིན་མཚོན་གྱི་གངྒཱའི་རྡུལ་གྱི་གྲངས་སྙེད་ཅན། །དགའ་རབ་དབང་ཕྱུག་སྡེ་དང་བཅས་པ་མིང་གི་ལྷག་མར་རབ་བཏུལ་བ། །དོན་ཀུན་གྲུབ་ཁྱོད་ཞབས་པད་


GLG016_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ན་བྱང་ཆུབ་བར་བརྟེན་བདག་བྱིན་རློབས། །བསྟན་པ་རིན་ཅེན་གཏད་རབས་དགྲ་བཅོམ་བདུན། །ཤིང་རྟ་ཆེ་སོགས་པཎ་གྲུབ་རིམ་བྱོན་གྱི། །མཛད་བཟང་ཉི་མའི་དངོས་བརྒྱ་འཕགས་ཕུལ་མཁར། །ཤར་བས་འཛམ་གླིང་རྨོངས་པའི་སྨག་དེ་སངས། །རིགས་གསུམ་སྒྱུ་འཕྲུལ་གར་མཁན་ཆོས་རྒྱལ་གཟུགས། །གངས་ཅན་སྐྱེ་རྒུའི་ལེགས་བྱས་ཨཱ་དརྴར། །སྣང་བའི་གཟིགས་མོ་དེང་བར་ཚར་དངར་བ། །ཉིས་སྟོང་ལྷག་བཅས་བགྲང་བྱར་སླར་དཀྱུས་རིང་། །དཀོན་ཅོག་རྟེན་དང་བརྟེན་པའི་སྡོང་བུ་དར། །གསུང་རབ་བསྒྱུར་བཤད་བསམ་སྒོམ་ཕང་ཕུང་འདབ། །ཚུལ་ཁྲིམས་ངད་ལྡང་ལྗོངས་འདི་མ་ལ་ཡར། །བསྒྱུར་མཛད་ལོ་པཎ་སངས་རྒྱས་གཉིས་པར་འཁུམས། །ཧ་ཤང་ལུགས་དངོས་མིང་བསྒྱུར་དུད་འགྲོའི་ལུས། །འབད་པས་བསྒྲུབ་བའི་འཁྲུལ་ཆོས་ནམ་མཁའི་གླང་། །རྣམ་དཔྱོད་བསིར་བུས་མཐའ་ཕྱེད་ཀ་མ་ལ། །འཇམ་དབྱངས་ས་ལོའི་རྣམ་ཐར་དད་པའི་གསོས། །ཐུབ་གསུང་རྣར་བརྒྱུད་ཆད་མེད་ནོར་བུའི་དཔྱ། །བརྩོན་པའི་ཤིང་རྟས་འདྲེན་པའི་སྙིང་སྟོབས་གྱད། །རྒྱལ་བསྟན་ཐུགས་ལ་གཅེས་འཛིན་ངང་ཚུལ་ཟླས། །བདག་ཡིད་ཀུནྡ་ཁོང་ནས་ཅིས་མི་བཞད། །སྔོན་བྱུང་ཕང་ཐང་མ་དང་ལྡན་དཀར་མ། །རིམ་བསྒྱུར་བསྣན་པའི་སྣར་ཐང་ཞ་ལུ་ཚལ། །མཁས་པའི་དཔྱད་བསྒྲིགས་ལུས་ཕྲའི་འགྲམ་ཆང་གིས། །མདོ་རྒྱུད་བ་ཀུ་ལ་བྱེ་གཟིགས་མོར་མཚར། །དབུས་པ་བློ་གསལ་བཅོམ་རལ་བུ་སྟོན་རྗེ། །ཚལ་པ་སི་ཏུ་ལ་སོགས་ཆོས་ཀྱི་སྤྱན། །རབ་གསལ་སྤྱོད་ཚུལ་གཅིག་ཏུ་དཀར་བའི་སྒྲོན། །བྱེད་པོས་ལྷུན་པོའི་རྩེ་ནས་སྤར་བ་བཞིན། །དྲང་ངེས་ཕྲ་རགས་དཀའ་བའི་གནད་ཀྱི་རྒྱ། །མཁྱེན་པའི་རལ་གྲིས་གཅོད་མཛད་


GLG016_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དབྱངས། །མངོན་སུམ་མི་ཡི་ཚུལ་འཛིན་བཙོང་ཁ་པ། ཁྱོད་མིན་བླ་མེད་གཏན་གྱི་སྐྱབས་དེ་སུ། །ཆོས་བློན་ཐུན་མོང་ནས་གཟུང་འཇིག་རྟེན་མིག །ཆོས་སྐྱོང་བཟང་པོའི་བར་གྱི་ཐུབ་པའི་བསྟན། །དར་བའི་ལོ་རྒྱུས་ཐོས་དིང་རྟགས་ཙམ་ལ། །མཚར་དེ་འཛིན་པའི་ཚུལ་འདིར་མཆི་མ་དཀུ། །སེམས་གནས་ཆིག་ཐུབ་ཁུང་བུར་མལ་བཅས་ནས། །ལོག་རྟོག་ཕུད་སྒྲ་སྒྲོགས་པའི་ཚུལ་འཆོས་ལྕེ། །འཇམ་པོའི་དུག་གིས་འགྲོ་མང་ཐར་པའི་སྲོག །གཅོད་པའི་ལྟོ་འགྲོས་ལྗོངས་འདི་གང་བ་བཞིན། །འོན་ཏེ་དབྱངས་ཅན་དགྱེས་པའི་རྣམ་དཔྱོད་ཀྱིས། །ལང་ཚོ་གསར་པས་ཤེས་ལྡན་རི་དྭགས་མིག །བསྟན་པ་འཕྲོག་པའི་སྔོན་བྱོན་དམ་པའི་སྤུན། །འགའ་ཞིག་སྲིད་སྙམ་རེ་བས་རང་སྒྲོ་གསོས། །ཐུབ་གསུང་འདྲི་དང་ཉན་བཀླག་ཀུན་ཆུབ་པ། །སྲི་ཞུ་རི་མོར་བྱས་པའི་གྲངས་ཀྱི་ཚད། །ཞིང་ཁམས་རྒྱ་མཚོའི་ལྕགས་རྡུལ་གྱིས་བགྲངས་ཀྱང༌། །མ་ལྡངས་ངལ་བས་ཚངས་པ་གཉིད་ལ་གཡུར། །དམྱལ་སོགས་ངན་དུ་འགྲོ་བའི་གཡང་སའི་ཁུང༌། །ཅིག་ཅར་འགེགས་པའི་སྒོ་ཆེན་ཉེར་བཀབ་ནས། །མཐོ་རིས་སྐས་ལ་ཁྲིད་དེ་ཐར་པ་ཡི། ཁང་པར་འཇུག་པའི་དགེ་ཚོགས་ཀུན་གྱི་རྩེ། །དེ་ཕྱིར་འབད་པ་ཡང་དག་དོན་ལྡན་དུ། །དབང་རྣོན་ཆོས་ཀྱི་དད་པས་ངེས་རྙེད་ནས། །རབ་དཀཪ་ཤོག་བུའི་ངོས་སུ་མིག་སྨན་གྱི། །མདངས་འཛིན་ཡི་གེར་སྤེལ་བའི་ཆོ་ག་བརྩམས། །མཁས་འདོད་རང་བཟོའི་གཅན་གཟན་དྲེགས་པའི་བརྡ། །མ་ཡིན་ཆོས་སྐྱོང་བཟང་པོའི་སེང་གེའི་སྒྲ། །འཇིགས་མེད་རྒྱུད་ཀྱི་དབྱངས་སྙན་ཟ་མ་ཏོག །དཔང་གཙུགས་ཞུས་ཆེན་དཔྱད་གསུམ་དག་པས་བསྒྲུབས། །དགེ་ཚོགས་གསེར་སྦྱངས་བྱེ་བ་ཁུགས་པའི་ཟོང་། །འབྲས་བུ་སྲིད་ཞིའི་ལམ་དུ་རྟག་བདེ་བའི། །རྣ་རྒྱན་ཚུལ་འདི་བསྒྲུབ་པར་


GLG016_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་རྣམས་ཀྱིས། །མི་འབྲལ་གྲོ་བཞིན་སྐྱེས་ཀྱི་རྗེས་འགྲོར་ཤོག །བྱང་ཆུབ་སེམས་ཀྱི་ལག་པ་རིང་བརྐྱངས་ཏེ། །བསོད་ནམས་བསགས་ཀུན་འགྲོ་ལ་ཡོངས་བཏང་། འཛད་མེད་སྐྱེ་བར་རང་གིས་ལོངས་སྤྱོད་པ། །གསེར་མདོག་རྒྱལ་པོའི་རྣམ་ཐར་འཛིན་པར་ཤོག །ལྔ་ཕྲག་བཅུ་ཡི་རྩིབས་མས་ཉེཪ་བཏེག་པའི། །ཐོས་བསམ་ལྷ་རྫས་གོས་ཀྱི་ཤམ་བུ་ཅན། །མངོན་རྟོགས་ནོར་བུའི་ཏོག་མཛེས་བསྟན་པའི་གདུགས། །གྲིབ་མར་སྐྱེ་རྒུ་མ་ལུས་བདེར་འཁོད་ཤོག །སྣ་ཚོགས་སྐད་དང་ཆ་ལུགས་ཐ་དད་པའི། །ཡངས་པའི་ཡུལ་གྲུ་ཆེན་པོར་འབྱམས་ཀླས་པར། །བློ་བཟང་གྲགས་སྙན་འབར་བའི་རིང་ལུགས་ཀྱིས། །ཡོངས་ཁྱབ་བླ་ནས་བླར་ཡང་འཕེལ་བར་ཤོག །ཀུན་དགའི་ས་བོན་ལེགས་ལྡན་དཔྱིད་ཀྱི་མངལ། །སྦྲུམ་པའི་སོས་ཀྱི་བདེ་སྐྱིད་ཕོ་བྲང་ཆེའི། །ལུགས་གཉིས་ཁྲིམས་ཀྱི་ར་བར་ཡིད་ཅན་ཚོགས། །བག་ཕབ་ཕན་ཚུན་མཉེས་གཤིན་མཛའ་བར་ཤོག །སྤྱི་དང་ཁྱད་པར་རྒྱ་ནག་ཧོར་ཡུལ་བོད། །ཀུན་ཏུ་དུས་ཀྱི་ཆད་པའི་ཟུག་རྔུ་ཡི། །ཚོར་བ་དམིགས་མེད་དཔལ་འབྱོར་ཕུན་ཚོགས་ཤིང་། །ཚེ་ཡང་རིག་གནས་མཚན་མ་མཐོང་བར་ཤོག །ཕྱོགས་བཅུའི་བདེ་གཤེགས་མགྲིན་དང་དབྱངས་གཅིག་པར། །སྭསྟི་ཀ་ཡི་སྒྲ་ལས་ཉེར་དྲངས་པའི། །རྟག་ཏུ་བཀྲ་ཤིས་རྒྱ་མཚོ་གླུར་བླངས་པ། །ཐོས་འཛིན་སྙན་པའི་འདོད་པ་འཇོ་བར་ཤོག །ཅེས་སྔ་འགྱུར་གྱི་རྒྱུད་རྣམས་བཀའ་གཉན་པས་གཙོ་བསྡུས་ཙམ་དང་དེ་ཕྱིན་པུར་རྒྱལ་གླིང་དགུའི་ས་ཆེན་པོར་འགྱུར་རོ་ཅོག་གི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་རྣམས་བཞེང་རྩིས་ཀྱི་ཤེལ་དཀར་དུ་བྱ་ལོ་ཤོག་བུའི་སྟ་གོན་གྱི་བཀོད་པ་སོང་བ་ཉེ་ལམ་སྡེ་པ་བློ་བཟང་མཐུ་སྟོབས་ཀྱིས་བརྩོན་པའི་མཐུ་ལ་བརྟེན་ནས་བསྒྲུབས་པའི་རྫོང་སྡོད་གསོ་རིག་སྨྲ་བ་བྱ་ར་བ་དངོས་གྲུབ་དང་མཚལ་མིག་པ་རྒྱ་


GLG016_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཆེད་དུ་མངགས་པ་འབྲི་ལུང་པ་དབང་རྒྱལ་དང་སྨོན་གྲུབ་པ་རིན་ཅེན་བཞིས་དོ་དམ་བྱས་བཞེངས་པའི་ཚེ་ཆེ་བརྗོད་སྨོན་ལམ་དང་བཅས་པ་འདི་ནི་དབུས་འགྱུར་གྱི་ཡུལ་དུ་བི་རོ་དྷཱ་ཀྲྀཏ་ཅེས་འགལ་བྱེད་དུ་གྲགས་པ་འབྱུང་བ་སུམ་ལྡན་ལྕགས་མོ་ཕག་གི་ལོ་ཉིན་མོར་བྱེད་པ་ཀརྐ་ཊའི་ཁྱིམ་དུ་སྤྱོད་པའི་དཀར་ཆའི་རྫོགས་པ་དང་པོ་རྟ་ལྗང་ཅན་མེ་བཞིའི་དགའ་མ་དང་རྩེ་བའི་དུས་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་སྦྱར་བའི་ཡི་གེ་པ་ནི་དཀར་བྲག་པ་ངག་དབང་བྱམས་པས་བགྱིས་པ་སརྠེ་ཥུ་ལོག་ཤྲེ་ཡ་སེ་ན་པྲ་བྷུ་ཀུ་རྦནྟུ། །(སྡེབ་སྦྱོར་མཉམ་པའི་པྲི་ཏྟ་ལས་ལག་འགྲོ་ལྟུངབ)ཨསཾཁུཏྲིཀཝེཥུསཾབྷཱཏསཏྠཾཀྑིདེབཱིདྲྀཌརྙེརུཔོཔོཏཱཏཱཏྭཾཀསདྱསཾབཎྞཔུཔྥཾཧིསིཉྩསྱདེཤཔྲཔུཤྰཀྱསིདྡྷནྠི་ཀཤྲཱི། གྲངས་མེད་བསྐལ་གསུམ་ཚོགས་བསགས་བདེན་དཔང་དུ། །ལྷ་མོ་བསྟན་མ་ལུས་ཕྱེད་ཉེར་འཕགས་ནས། །དྲང་གཏམ་བསྔགས་པའི་མེ་ཏོག་འཐོར་བའི་ཡུལ། །ཤཱཀྱའི་སྐྱེས་མཆོག་དོན་ཀུན་གྲུབ་པའི་དཔལ། །སྤང་རྟོགས་མཉམ་པར་ལྡན་ཀྱང་སྙིང་སྟོབས་ལ། །བདེ་


GLG016_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་གཞན་གྱིས་བསྐྲུན་པར་མ་ནུས་པས། །ཉེར་བོར་ལྔ་བརྒྱའི་འགྲོ་འདྲེན་ཁྱོད་སྐལ་དུ། །གྱུར་པ་སྲས་བཅས་རྒྱལ་བས་མགྲིན་གཅིག་བསྔགས། །ཆེར་སྙིགས་ལོག་སྤྱོད་རི་བོའི་སྲུབ་ཤིང་གིས། །སེམས་བསྐྱེད་ཆུ་གཏེར་ལན་བརྒྱར་དཀྲུགས་བྱས་ཀྱང༌། །རྗེས་ཆགས་ཟླ་བ་ནམ་ཡང་མི་གཏོང་བའི། །ཐུགས་རྗེའི་རླབས་འཕྲེང་དུས་ལས་ཡོལ་བ་མེད། །ཨེ་མ་སློབ་ལམ་དུས་ན་མགོན་ཁྱོད་ཀྱིས། །མ་མཛད་འགྲོ་ལ་ཕན་པ་རྡུལ་ཕྲན་ཙམ། །སྲིད་མིན་དེ་ཕྱིར་སྔོན་བྱུང་རྫོགས་པའི་གཏམ། །ཚངས་པ་རྒན་པོས་གླེངས་ཀྱང་མཐའ་རྙེད་མིན། །འོན་ཀྱང་སྐྱེས་རབས་འཕྲེང་དང་སྐུ་ཚེ་འདིའི། །རྟོགས་བརྗོད་མཚོན་མདའི་གྲངས་ཟུར་དཔག་བསམ་ལྗོན། །སྙན་དངགས་མུ་ཏིག་འཁྲི་ཤིང་གཡུར་ཟ་བ། །འདི་འདྲ་མཁས་རྣམས་དགའ་བ་བསྐྱེད་པའི་རྒྱན། །ས་སྤྱོད་གཙུག་ལག་འཆང་ལ་སྤོབས་པའི་མཐུ། །ཆེས་མཐོ་དགེ་བའི་དབང་པོ་ཡབ་སྲས་ཀྱི། །རྣམ་དཔྱོད་སོར་མོས་བརྡུངས་པའི་ལེགས་བཤད་རྒྱུད། །མང་པོར་འཁྲོལ་བའི་གླུ་འདི་གཅིག་ཏུ་སྙན། །གྲོང་ཚིག་བཅད་ལ་དྲེགས་པའི་ལངྐའི་མགྲིན། །དོན་སྨྱུག་སྒྲ་ཡི་སྒྲོ་ལྡན་ཉག་ཕྲན་གྱིས། །གཅོད་མཛད་སྔོན་བྱོན་ལོ་པཎ་ལུང་རིག་འཕོང་། །སྐྱེན་པའི་སྟོབས་ལྡན་རཱ་མ་ཎཱ་དེ་མང་། །གནས་ལྔ་མཁྱེན་པའི་ཡང་མེས་ཕལ་མོ་ཆེ། །སྐལ་ངན་དུས་ཀྱི་དམུ་ཐག་ལམ་བཤེགས་བཤུལ། །ཕ་བཟང་ཙནྡན་ལས་སྐྱེས་རང་རིགས་ཀྱི། །ཚར་མའི་ཡལ་ག་འཁྱོག་པོས་བོད་འདི་གང་། །སྨོན་འགྲོ་ལོ་ཙྭའི་ལེགས་བཤད་གནའ་བོའི་སྲོལ། །བཟུང་བས་ལྔ་རིག་གསེར་གྱི་སྒོ་ང་སྟོང་། །བདག་བློའི་དྲོད་ཀྱིས་སྨིན་ལ་ངལ་མེད་པས། །འདི་ན་ཚངས་པའི་བརྟུལ་ཞུགས་འཛིན་ལ་བྲེལ། །དེ་ཕྱིར་རང་སེམས་ཡངས་པའི་དོ་ར་རུ། །རིས་མེད་དཀར་བའི་ལྷག་བསམ་གར་མཁན་


GLG016_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད། །ཐུབ་པའི་མཛད་པར་ཆགས་པའི་དཀྱུས་རིང་མིག །བསོད་ནམས་ཕུང་པོའི་ལུས་ཕྲར་གཅིག་ཏུ་བལྟ། །རྒྱལ་ལ་ཅུང་ཟད་དད་པའི་ལེགས་བྱས་ཀྱང་། །གཟུགས་སུ་གྲུབ་ཚེ་ས་འདིར་ཤོང་མིན་ན། །རྟོགས་བརྗོད་ཡོངས་བཀོད་མུཀྟི་ཀ་ཡི་ཆར། །འཛད་མེད་བབས་པས་མཁའ་ཡང་དོག་པོར་འགོད། །རྣམ་ཐར་བྲིས་པའི་བརྒྱ་བྱིན་གཙུག་ཏོར་རྩེར། །རེག་པའི་མོད་ལ་འཁོར་བ་མི་ཡི་གཟུགས། །ངེས་ལེགས་འཆི་མེད་ལུས་སུ་གནས་འགྱུར་བའི། །ཚེགས་ཆུང་དོན་ཆེན་འདི་ལ་སུ་མི་སེམས། །ཐ་སྙད་ཟླ་དིང་ཆ་ཤས་ཆེས་ཕྲ་ཡང་། །ཞིང་ཁམས་ངོ་མཚར་བཀོད་པས་ཡིད་དྲངས་ཞག །བཅོ་ལྔར་འཕེལ་བས་གནས་ལྔ་རིག་པའི་ཉ། །ཡོངས་གང་གཅིག་ཏུ་བོད་ཡུལ་གདུང་མུན་སེལ། །འདི་སྣང་གཡེང་པས་ཁྱེར་པའི་བྱང་སེམས་དང་། །རང་བདེར་གཤོལ་ལ ་བཟང་རྫུ་དམན་པའི་ལམ། །མཐའ་གཉིས་མ་ལྷུངས་ཐུབ་བསྟན་ཤིང་རྟ་ཆེའི། ཁ་ལོ་གྱེན་འདེགས་ཁུར་ཆེན་ཡིད་ལ་ཁྱེར། །སྨན་ཐང་མཁས་པས་བཏོད་པའི་རི་མོའི་སྲོལ། །འཛིན་པའི་གཙུག་ལག་གཉིས་པ་ཤེས་པའི་མིག །གཅིག་ཏུ་ཡངས་པ་སྟག་ལུང་དཔལ་མགོན་ཞེས། །གྲགས་པ་ཕྱོགས་བྲལ་སྒེག་མོའི་རྣ་ལུང་རྒྱན། །ལུས་རྩལ་སོར་མོའི་འཁྲུལ་བྱས་པིར་རྗེས་སུ། །སྣང་སྲིད་གཟུགས་ཀུན་རི་མོར་འདྲེན་ནུས་པའི། །བི་ཤྭ་ཀརྨའི་སྤུན་ཟླ་བགྲང་ཡས་པས། །སྒྱུ་མའི་ཁེངས་པ་ཐུང་ངུར་བྱས་ཀྱི་དོགས། །རང་བཟོ་སྣ་བསྡུས་མུ་ཏོའི་ཕྱེ་མིན་པར། །ཚད་ལྡན་མཁས་ལ་གྲགས་པའི་ཞིང་བཀོད་འཕྲེང༌། །བསྐྲུན་པས་གངས་ཅན་དཔལ་མོ་མཛེས་བྱེད་པའི། །རིན་ཅེན་དོ་ཤལ་རིང་དུ་བརྐྱངས་པ་བཞིན། །རྟག་ཏུ་བདེ་སྐྱིད་ཤལླི་ཀ་ཡི་ཚལ། །ཆད་མེད་ཟ་ནུས་ཆོས་དཀར་ལམ་ཡངས་པར། །བླང་དོར་འཛོལ་བ་མེད་པ་གོམ་པའི་སྟབས། །ལྷོད་པོར་སྒྱུར་བའི་ཚུལ་


GLG016_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཅིག་ཏུ་མཚར། །ཞེས་ཆེད་དུ་བསྔགས་ཏེ་འོ་སྐོལ་གྱི་སྟོན་པ་བུ་རམ་ཤིང་པའི་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་གི་ཞིང་བཀོད་བཞེང་འདུན་ཡིད་ལ་བརྣགས་པ་ཉེ་ཆར་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་བརྩོན་པའི་ཁུར་བླངས་ནས་གྲངས་བཞི་བཅུ་ཞེ་གཅིག་གི་སྐྱ་རིས་ཧོར་ཟླ་བདུན་པའི་ཚེས་ལྔ་ནས་དབུ་མཛད་སྟག་ལུང་དཔལ་མགོན་གྱིས་དབུ་བཙུགས། ལོ་དེ་གའི་ཧོར་ཟླ་དགུ་པའི་སྟོད་ནས་བཟུང་སྲད་པ་བསོད་ནམས། ཕོ་བྲང་ཕུན་ཚོགས། རོང་པ་ཚེ་དབང་རིགས་འཛིན་པ། མཁར་རྩེ་དཔོན་བསམ་རྣམས་རིམ་འབྱོར་གྱིས་སྐྱ་རིས་བྱས་པ་ཟླ་བ་བཅུ་གཉིས་པའི་ཟླ་སྒང་ལ་ཟིན། ལྕགས་ཕག་ཧོར་ཟླ་གཉིས་པའི་ཚེས་བཅུ་དྲུག་ནས་བཟུང་དབུ་ཆུང་སྔགས་གྲ་བསོད་ནམས། ཆོས་མཛད་བཀྲ་ཤིས། པ་རྣམ་མགོན་པོ་བཀྲ་ཤིས། རོང་པ་ཚངས་པ། གཏིང་སྐྱེས་པ་ལྷུན་པོ། སྡིངས་པོ་ཆེ་བ་མི་འགྱུར། ལྕང་སྲུང་ཁང་པ་རིན་ཅེན་རྡོ་རྗེ། ལྷ་ས་དཀོན་ཅོག །འཇམ་དབྱངས་དོན་གྲུབ། རྟ་མགྲིན། དངོས་བསམ། སེ་ར་ངག་དབང་དར་རྒྱས། གཞིས་རྩེ་རྡོ་རྗེ་རབ་བརྟན། རྡོ་རྗེ་ཚེ་བརྟན། མཁར་རྩེ་ཀུན་དགའ་བསྟན་འཕེལ། དགེ་བསྙེན་རྒྱལ་པོ། པད་ནས་རྒྱལ་པོ། གྲགས་པ་ཕུན་ཚོགས། རིམ་པ་བྲག་ལོགས་པ། སྙེ་མོ་ཀརྨ། ཚོན་སྦྱོར་བ་སྙེ་མོ་བསོད་ནམས་རྡོ་རྗེ་རྣམས་ཀྱིས་ཚོན་མདངས་ཞིབ་ཚགས་གསེར་དྲིས་སོགས་རུ་ང་བ་བསྟར། དོ་དམ་གླང་ར་འོག་པ་ལྷ་དབང་ཚེ་འཕེལ། ལྷ་ས་རག་པ་ཚེ་དབང་རབ་བརྟན། གོང་གཤམ་པ་དབུ་མཛད་ར་ཕྱི་ཤག་པ་དབུ་རྒྱན། བསྟན་པ། ཚེ་བརྟན། དབུ་ཆུང་ར་ཕྱི་ཤག་པ་བསོད་ནམས། བཟད་པ་བཅོ་ལྔ། པདྨ་ཚེ་རིང་། ཕུན་ཚོགས། བྱིངས་གྲས་རྒྱལ་རྩེ་བསྟན་འཛིན། ཆོས་དབང་། དཔལ་འབྱོར། པ་རྣམ་རབ་བརྟན། ནོར་བུ། གྲ་ཕྱི་ནོར་སྐྱོང་། བསོད་ནམས་དོན་གྲུབ། གྲ་ནང་མཁས་མཆོག །


GLG016_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དོལ་པ་བཅོ་ལྔ། གོང་དཀར་བསོད་ནམས་དབང་རྒྱལ། དོ་དམ་རྩེ་ཆེན་པ་རྒན་པ་བཀྲ་ཤིས་རབ་རྒྱས། ལྷ་རྩེ་ལྷ་ཁང་པ་ཀུན་དགའ་བསམ་འཕེལ། རྒྱབ་ཡིག་མཁན་ཨེ་པ་ངག་དབང་དཔལ་འབྱོར། ངག་དབང་ཚེ་རིང་། སྲི་ཐར། རྒྱལ་རྩེ་འཇམ་དབྱངས་དབང་པོ། ངག་དབང་ཕུན་ཚོགས་ཕོགས་ཀྱི་དགོས་ཆ་སྤྲོད་མི་བྱང་གླིང་བསམ་འགྲུབ་རྒྱལ་པོས་བྱས་ཏེ་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་སྐོར་ལ་གེགས་མེད་དུ་ལེགས་པར་སྒྲུབ་བོ། །ལེགས་བྱས་ཟླ་བའི་དཀྱིལ་འཁོར་ཉ་གང་འབུམ། །སྨོན་ལམ་གསེར་རིའི་རྩེ་ནས་ཆད་མེད་དུ། །ཤར་བས་མཁའ་མཉམ་འགྲོ་བའི་སྲིད་ཞིའི་མུན། །ཉེར་སངས་ཕན་བདེའི་སྣང་བ་རྟག་འབར་ཤོག །འདི་ལ་ཆུ་ཐིགས་ཙམ་གྱིས་ཕན་པའི་ཆ། །བསྒྲུབས་པའི་ཕ་མཐར་བྱས་པའི་སྐྱེ་རྒུ་ཀུན། །མ་ཕམ་མགོན་དེ་མཆོག་གི་སྤྲུལ་པའི་སྐུར། །གྱུར་ཚེ་འདུས་པ་དང་པོར་སྐྱེ་བར་ཤོག །ཉི་མའི་གཉེན་གྱིས་སྤྱད་པའི་རླབས་ཆེན་སྤྱོད། །ཇི་བཞིན་བསྒྲུབས་པའི་ལྷག་བསམ་བདག་སྙིང་སྟོབས། །ཟུངས་གྱུར་ཡིད་དམ་བརྟན་པའི་དགའ་དང་སྤྲོས། ཆུ་མཚོར་ངང་པ་བཞིན་དུ་འཇུག་ནུས་ཤོག །བཟོད་དཀའ་མི་ཁོམ་གདུང་བའི་ཞུགས་ཀྱི་ལྕེ། །ཐར་པའི་ས་བོན་ལྗོན་པར་ཡོངས་འབར་བ། །ཐུགས་རྗེའི་ཆར་གྱིས་གཞིལ་བའི་གཤིན་པའི་སར། །གཏན་བདེའི་ཙནྡན་ནགས་ཀླུངས་རྒྱས་པར་ཤོག །རྒྱལ་བསྟན་འཛམ་བུའི་ལྗོན་པ་དར་དྲག་ལས། །ཞྭ་སེར་མནབས་པའི་རིང་ལུགས་འབྲས་དུད་ཚོགས། །ཆོས་སྲིད་རྒྱ་མཚོར་ངོ་བོ་རོ་གཅིག་པ། །ལུས་ཅན་བདེ་བའི་གསེར་དུ་འགྱུར་བར་ཤོག །ཐུབ་བྱིན་ས་ཆེན་སྐྱོང་ཀུན་ཡིད་ཞུགས་ནས། །དཀར་ནག་ལས་ལ་ངེས་རྙེད་དགེ་བ་བཅུ། །རྫོགས་པར་སྤྱད་པའི་དེ་འབྲས་དོན་ཡོད་ཀྱི། །བསྐལ་པ་དིང་ཤར་རྩོད་དུས་མཐར་བྱེད་ཤོག །པཱ་ཎི་ཀ་ཙན་དབྱངས་ཅན་བརྡ་སྤྲོད་པ། །སྒྲ་དོན་གབ་ཚིག་སྡེབ་སྦྱོར་མངོན་བརྗོད་གཞུང་། །ཟློས་གར་སྐར་རྩིས་ལ་སྦྱངས་དཔྱོད་ལྡན་གྱིས། །ཀུན་བཟོད་ལུས་ཕྲའི་མངལ་ཁུར་ལྕི་བར་ཤོག །རྒྱལ་བ་སྲས་དང་སློབ་མའི་མཛད་པ་རྣམས། །མངོན་སུམ་མཐོང་བྱེད་སོར་མོའི་གར་མཁན་མ། །མཁྱེན་སྨན་རིང་ལུགས་


GLG016_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ལྷད་མེད་འཛིན་བཟོད་མཁན། །གངྒཱའི་རྡུལ་གྱི་གྲངས་སུ་བསྙེག་པར་ཤོག །འདྲེན་མཆོག་སྤྱན་སྔར་དཀར་ཕྱོགས་ཉེར་སྐྱོང་བར། །ཞལ་འཆེས་ལྷ་དང་གནོད་སྦྱིན་སྟོབས་པོ་ཆེ། །ཀུན་གྱིས་འཇིག་རྟེན་ཁམས་སུ་བདེ་ལེགས་པའི། །བཀྲ་ཤིས་མནྡ་ར་ཡི་ཆར་འབེབས་ཤོགག །ཅེས་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་གི་ཞིང་ཁམས་ངོ་མཚར་བཀོད་པ་གསར་དུ་བསྐྲུན་པའི་ཆེ་བརྗོད་སྨོན་ལམ་དུ་ཟ་ཧོར་གྱི་བཙུན་པ་ཚངས་སྲས་བཞད་པའི་རྡོ་རྗེས་འགལ་བ་ཞེས་པ་ལྕགས་མོ་ཕག་གི་ལོ་ཧོར་གྱི་ཟླ་བ་བརྒྱད་པའི་དཀར་ཆའི་རྒྱལ་བ་དང་པོའི་ཉི་མ་མེ་བཞིའི་འགྲུབ་སྦྱོར་གྱི་དུས་དགེ་བར་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁས་བགྱིས་པ་སརྦ་ཀཱ་ལེ་ཥུ་བྷ་ཝནྟུ། (སྡེབ་སྦྱོར་མཉམ་པའི་པྲི་ཏྟ་ལས་མེ་ཏོག་འཕྲེང་ཅན)ཋེ ཛཱཡབཱགྷརྨགཉྫཱསཀཱལཱབདཱནོདཡཾཀྲྀཏྠིཔོརུཋམརྨཱཔཐ༔ ཤྭསནཱརཱིནྣིཏེརྦེདྷམདྒམཡཾགྲནྠམོགྷཀྵསརྦ་ཛྙསོདྷཱིཡཤཿ༔ རྒྱལ་གསུང་ཆོས་ཕུང་འབྱམ་ཀླས་གདམས་པ་རུ། །འཆར་བྱེད་སྐྱེས་བུ་གསུམ་གྱི་ལམ་གྱི་གནད། །སྟོན་མཛད་འཕགས་བོད་པཎ་གྲུབ་བཞེད་གཞུང་མདུད། །འགྲོལ་མཁས་ཐམས་ཅད་མཁྱེན་པ་བཙོང་ཁ་པ། ཁྱོད་བསྟན་འཛིན་རློམ་དྲེགས་པའི་ས་འཛིན་རྐང༌། །


GLG016_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཔྱོད་རྡོ་རྗེ་གདེངས་ནས་ཕྱེར་འཐག་པ། །དཀོན་ཅོག་ཆོས་འཕེལ་སྔོན་མེད་ལེགས་བྲིས་གཙོ། །འཇམ་མགོན་ངུར་སྨྲིག་ཟློས་གར་སྒྱུར་ལས་ཅི། །ཟབ་རྒྱས་བརྒྱུད་པ་མ་ཆད་མུ་ཏིག་འཕྲེང་། །གཟུགས་དབང་གྲངས་ཀྱི་བྲིས་ཐང་རྒྱུ་སྦྱོར་བ། །ས་སྤྱོད་བློ་བཟང་མཐུ་སྟོབས་ལྷག་བསམ་མདོག །རྡུལ་བྲལ་སྟོན་ཟླས་བསྒྲུན་མིན་གཅིག་ཏུ་དཀར། །ཀཱ་ཤིའི་མཁའ་ལ་ཚོན་མདངས་འཇའ་རིས་ཅན། །བརྒྱུད་པའི་སྣང་བརྙན་ཡེ་ཤེས་སེམས་དཔའི་གར། །བསྒྱུར་བར་ཆོས་བཟང་ལྷ་ཡི་འདུན་ས་ནས། །བི་ཤྭ་ཀརྨ་ས་འདིར་འོངས་པ་བཞིན། །ཞེས་ཆེད་དུ་བསྔགས་ནས་ལམ་རིམ་བརྒྱུད་པའི་ཞལ་ཐང་ལྔ་བཅུ་རྩ་གཅིག་ལྕགས་ཕག་ཧོར་ཟླ་དང་པོའི་ཟླ་སྟོད་ནས་དབུ་མཛད་དཔལ་མགོན། སྲད་པ་བསོད་ནམས། ཕོ་བྲང་ཕུན་ཚོགས་རོང་པ་ཚེ་དབང་རིགས་འཛིན། མཁར་རྩེ་དཔོན་བསམ་རྣམས་ཀྱིས་བྱས་ཧོར་ཟླ་གཉིས་པའི་ཉི་ཤུ་སྐོར་ནས། །འཕྱོང་རྒྱས་འཇམ་དབྱངས། ཕུན་ཚོགས་ཆོས་འཕེལ། རོང་ལྔ་འཛོམ་པ། ཚེ་བདག །ལྷ་ཁང་དགོས་སྐྱེས། མཁར་ཆུ་འབྲུག་རྒྱས། དགེ་བཅུ་འཇམ་དབྱངས། མཚོ་སྨད་ཚེ་བརྟན། བསོད་ནམས་རྒྱལ་པོ། གནས་རྙིང་ལྷུན་གྲུབ་རྡོ་རྗེ། མཁར་ལུང་བསོད་ནམས། །གོང་དཀར་འཇམ་དབྱངས་རིན་ཅེན། མཚོ་སྨན་རྡོ་རྗེ། རྩེ་གདོང་བསྟན་འཛིན། ལྷུན་རྩེ་རབ་བརྟན་ཚེ་རིང་། ལྷོ་བྲག་མཆོག་གྲུབ། འཕྲང་འགོ་དཀོན་མཆོག །མཚོན་སྦྱོར་སྙེ་མོ་ཚེ་དབང་ནོར་བུ་རྣམས་ཀྱིས་ཚོན་མདངས་གསེར་རིས་ཞིབ་ཚགས་དོ་དམ་གླང་ར་བ་ལྷ་དབང་ཚེ་འཕེལ། ལྷ་ས་རག་པ་ཚེ་དབང་རབ་བརྟན། གོང་གཤམ་པ་དབུ་ཆེན་ཚེ་བརྟན། དབུ་ཆུང་བཟོད་པ་བཅོ་ལྔས་གཙོས་པའི་བཟོ་བོ་བཅོ་བརྒྱད། དོ་དམ་ཡོལ་གདོང་བཀྲས་རབ། ལྷ་རྩེ་ལྷ་ཁང་པ། ཞལ་བྱང་ཡི་གེའི་འདུ་བྱེད་པ་རྒྱལ་རྩེ་འཇམ་དབྱངས་དབང་པོ། དགོས་ཆ་སྤྲོད་མཁན་བྱང་གླིང་བསམ་གྲུབ་རྒྱལ་པོས་བྱས་ཏེ་ལྕགས་ཕག་ཧོར་ཟླ་བརྒྱད་པའི་ནང་དུ་ལྷུན་གྱིས་གྲུབ་བོ། །འདི་འབྲས་སྐུ་


GLG016_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་བསྐྲུན་པར་གཏོགས་ཀུན་དང་། མཁའ་མཉམ་འགྲོ་རྣམས་མཐོ་རིས་ཐར་པའི་སྐས། །རིམ་འཛེགས་སྲིད་ཞིའི་བདེ་བར་སྤྱོད་བཞིན་དུ། །བླ་མེད་སྐུ་གསུམ་ཁང་པར་མྱུར་འཇུག་ཤོག །ཞྭ་སེར་ཅོད་པན་འཛིན་པ་དགའ་ལྡན་པའི། །བསྟན་པས་འཛམ་གླིང་ཁྱོན་ཡོངས་ཁྱབ་པའི་ཞར། །ཡིད་ཅན་སྤྱི་དང་ཁྱད་པར་རྒྱ་ཧོར་བོད། །བདེ་སྐྱིད་ནོར་གྱིས་ཕྱུར་བུར་གཏམས་པར་ཤོག །དཀོན་ཅོག་གསུམ་གྱི་ཐུགས་རྗེ་རྒྱུད་མངས་པོ། །དད་པའི་སོར་མོས་བསྐུལ་བའི་བྱིན་རླབས་གླུ། །ཐོས་པའི་བདེ་བ་ཆེན་པོ་སྙིང་དབུས་སུ། །འཇུག་པའི་བཀྲ་ཤིས་དཔལ་གྱིས་གང་བར་ཤོག །ཅེས་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་བྱང་ཆུབ་ལམ་རིམ་བརྒྱུད་པའི་ཐང་ཀ་གྲ་ཚར་ལྔ་བཅུ་ང་གཅིག་བཞེངས་པའི་ཆེ་བརྗོད་སྨོན་ལམ་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ངག་དབང་ནམ་མཁས་བགྱིས་པ་སིདྡྷི་རསྟུ། །(སྡེབ་སྦྱོར་མཉམ་པའི་བྲི་ཏྟ་ལས་མེ་ཏོག་འཕྲེང་ཅན)ཨི ཤྲཱིམཏཱཀཱུལཙཔྲབྷིཙནྡཱབབྷཱསེརུཔཱསཾཁྱདམྱུཥྐརེསཱུདཡ མཎྜལཱབིདྷྱམཱཡཱཧརིནྣཾཏྱཔཱརཱནྟཁོདགཏོམཱནི་ཀཤཱཀྱཀཿ དཔལ་ལྡན་རིགས་ཀུན་ཁྱབ་བདག་ཟླ་སྣང་གཟུགས། །གྲངས་མེད་གདུལ་བྱའི་རྫིང་བུར་ལེགས་ཤར་བ། །དཀྱིལ་འཁོར་རྒྱ་མཚོའི་སྒྱུ་འཕྲུལ་དྲྭ་བའི་གར། །ཕ་མཐའ་ནམ་མཁའི་ཚད་ཀྱིས་འཇལ་ནུས་ཅི། །འོན་ཏེ་རྡོ་རྗེ་བཙུན་མོས་དབུགས་ཕྱུང་ལྟར། །སློབ་


GLG016_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་འཇིགས་མེད་འབྱུང་གནས་སྦས་པ་དང་། །པཎ་ཆེན་འགྲོ་བའི་མེ་ལོང་བཞེད་པའི་སྲོལ། །འཕྲེང་བ་ཀྲི་ཡ་ཉི་ཟླ་ཟུང་འབྲེལ་བཞིན། །ཚུལ་འདིར་བསྒྱུར་འཆད་མཁས་གྲུབ་མང་བྱོན་མཐར། །འཁྲུལ་མེད་ལུགས་འཛིན་ཁྱབ་བདག་ཨེ་ཝཾ་པ། །ཀུན་དགའ་བཟང་པོ་བརྒྱུད་པར་བཅས་པ་ཡི། །མཛད་པས་དཔྱོད་ལྡན་ཡིད་ཀྱི་བརྟན་པ་འཕྲོག །ཁྱད་པར་རྡོ་རྗེ་འཆང་དབང་བཀའ་འགྱུར་བ། །གནས་གསར་མགོན་པོ་བསོད་ནམས་མཆོག་ལྡན་ཅེས། །སྨིན་གྲོལ་རིན་ཅེན་གླིང་ཁྲིད་དེད་དཔོན་དེའི། །བྱང་ཆུབ་བར་དུ་གཞལ་དཀའ་དྲིན་བསབ་སླད། །རྒྱ་བོད་ཁུངས་ཐུབ་གཞུང་མང་ལ་དཔྱད་ཅིང་། །ཀུན་མཁྱེན་རྡོ་རྗེ་གདན་པའི་ཐུགས་དམ་མའི། །དཀྱིལ་ཐང་སྒོ་བསྟུན་འཕྲེང་བ་ཞེ་ལྔ་མ། །སྒྲུབ་རྒྱ་ཟུར་བཀའི་ལྷ་མགྲོན་ཕ་མཐའ་ཡས། །སྣ་ཚོགས་ཚོན་དང་ཉེ་བའི་མན་ཤེལ་བཞིན། །ངོ་མཚར་མིག་གི་གཟིགས་མོར་ཚར་དངར་བས། །རང་སེམས་དག་པའི་མེ་ལོང་གཙང་མའི་ངོས། །བསྐྱེད་རིམ་ཕྱག་རྒྱའི་ཟློས་གར་སྒྱུར་ལ་བྲེལ། །ཞེས་ཆེད་དུ་བརྗོད་ནས་རང་ལོ་སོ་གསུམ་པ་ས་མོ་གླང་གི་ལོར་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞབས་དྲུང་དུ་རྒྱུད་སྡེ་བཞིའི་ཕྱི་བཀའི་དཀྱིལ་འཁོར་བརྒྱད་ཅུ་རྩ་བདུན་དུ་སྨིན་པའི་སྐལ་བ་བཟང་པོར་གྱུར་པས་དཀྱིལ་ཐང་ཁུངས་བཙན་ཞིག་བཞེངས་པའི་འདུན་པ་ཡིད་ངོར་རིམ་ལུས་ལ་ཉེ་ཆར་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བླངས། རི་མོའི་འདུ་བྱེད་མཁྱེན་བརྩེའི་ལུགས་ལ་རིང་དུ་སྦྱངས་པའི་གོང་དཀར་རྡོ་རྗེ་གདན་གྱི་འབྲས་སྤུངས་སློབ་དཔོན་ངག་དབང་འཕྲིན་ལས། དབུ་ཆུང་གསང་སྔགས་མཁར་པ་ཚེ་འཕེལ། དོལ་


GLG016_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་ཁང་སྔོན་པ་བྱམས་པ་རྒྱལ་མཚན། སྲིན་བུ་རི་པ་བསོད་ནམས་མགོན་པོ། སྡོམ་བརྩོན་རིན་ཆེན་རྒྱལ་མཚན། རྣམ་རབ་ཐར་གླིང་པ་བཀྲ་ཤིས་དཔལ་འབྱོར། དོལ་རྣམ་རྒྱལ་ལྟེ་བྱང་པ་བསོད་ནམས་འཇམ་དབྱངས། དགའ་ལྡན་བཤད་སྒྲུབ་གླིང་པ་ངག་དབང་མདོ་སྡེ། ཚེར་ཤིང་སྦུས་ཁྱིམ་པ་བསོད་ནམས་མགོན་པོ། གསང་ཕུ་ར་བ་སྨད་པ་ཀུན་དགའ་རབ་འཕེལ། ཞལ་བྱང་གི་ཁ་ཡིག་འདྲི་མི་ཉང་སྟོད་པ་འཇམ་དབྱངས་དབང་པོ། དོ་དམ་ཐོན་བྱ་སྒོ་བ་བློ་བཟང་དབང་ཕྱུག །ཕོགས་སོགས་དགོས་ཆ་སྤྲོད་མི་བྱང་གླིང་བསམ་གྲུབ་རྒྱལ་པོས་བྱས་ནས་ལྕགས་ཁྱི་ཧོར་ཟླ་གཉིས་པའི་ཚེས་གསུམ་ལ་དབུ་བཙུགས། ལྕགས་ཕག་ཧོར་ཟླ་དགུ་པའི་ནང་དུ་ལེགས་པར་གྲུབ་བོ། །དགེ་ཚོགས་མཐོ་རིས་ཡན་ལག་བརྒྱད་ལྡན་ཆུས། །འགྲོ་ཀུན་སྒྲིབ་གཉིས་བག་ཆགས་ཀུན་བཀྲུས་ནས། །སྐུ་བཞིའི་ས་བོན་ཐེབས་པའི་སྨིན་བྱེད་ལམ། །ཉེར་བགྲོད་རྣམ་གྲོལ་རིགས་ཀུན་བདག་གྱུར་ཅིག །སྐྱེ་བར་ཡང་དག་རྡོ་རྗེའི་སློབ་དཔོན་གྱིས། །རྗེས་བཟུང་དབང་དང་བསྐྱེད་རྫོགས་རྒྱུད་མན་ངག །ཐོས་བསམ་སྒོམ་པར་བྱེད་པའི་སྣོད་ལྡན་དུ། །འགྱུར་བར་བླ་མ་ལྷ་ཡིས་བདག་བྱིན་རློབས། །བསོད་ནམས་འདིའི་ཆེད་བྱེད་པོར་གཏོགས་སོ་ཅོག །གནས་སྐབས་འཆི་མེད་བདག་པོའི་བདེ་བར་སྤྱོད། །རིང་མིན་ཁ་སྦྱོར་བདུན་ལྡན་སྐུར་བཞེངས་ནས། །བདག་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འཕྲེང་བ་དང་ཀྲྀ་ཡ་ས་མུཉྩ་ཟུང་དུ་འཇུག་པའི་དཀྱིལ་ཐང་ཞེ་ལྔ་བཞེངས་པའི་དུས། ཆེ་བརྗོད་སྨོན་ལམ་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་དཔལ་བཟང་གིས་བགྱིས་པ་སིདྡྷི་རསྟུ།


GLG016_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་ལྟུང་བ་ལས་པྲིཏྟ་ལས་ལག་འགྲོའི་ལྟུངབ)ཙཏུཛྭཤཀཱལོཙཥེཊཤྱཙོབྲྀཏྲུཔཤྭེཏཧེམརོནྡྷུཁཀུནྣཾ། ཧིཀིམྦཱབིལཱཔེཏབུདྡྷསྱསྱཝཱཀཱིནྟམཎྱརྦིནྲྀརྡེབདཱ་རྦཾསུམུདྡྷེ། ཀ་འཕྲེང་སོ་བཞིར་བཅུ་དྲུག་དབྱངས་ཞུགས་གཟུགས། ཁ་བ་ལྟར་དཀར་ཤིང་གི་མ་མར་འཁྱིལ། །ག་ནའང་སྐྱོན་བྲལ་ཐུབ་གསུང་ཡིད་བཞིན་ནོར། །ང་རྒྱལ་དྲེགས་ལྡན་ལྷ་མིའི་གཙུག་རྩེར་མཛེས། །ཅ་རེ་ཡིག་རིས་མཁན་རྣམས་ཁྱིམ་དུ་བསྟེན། །ཆ་ལུགས་གོས་རྒྱན་བདོག་པས་ཉེ་བར་བརྔན། །ཇ་ཆང་ཟས་སྐོམ་འདོད་དགུས་ཚིམ་བྱས་ནས། །ཉ་རྒྱས་བརྡ་གཟུགས་འོད་དཀར་ཅན་འདི་སྤྲོས། །ཏ་ལའི་ལོ་མར་ལེགས་བྲིས་རྒྱ་དཔེ་ལས། །ཐ་དད་མ་འདྲེས་བོད་འདིར་ཡོངས་འགྱུར་བ། །ད་ལྟའི་དུས་མིན་སྔོན་བྱོན་ལོ་པཎ་དྲིན། །ན་ཚོད་ཡོལ་ཡང་དེ་རྗེས་འཇུག་ལ་སྤྲོ། །པ་སངས་ལྟར་དཀར་སེམས་ཀྱིས་འགྲོ་བ་ཀུན། །ཕ་རོལ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་གྲུ། །བ་ལང་ཁྱུ་མཆོག་བཤུལ་གྱི་རྗེས་འགྲོ་བས། །མ་ལུས་ཐར་པའི་རིན་ཅེན་གླིང་དུ་ཁྲིད། །ཙ་ཀོ་རས་ཀྱང་ཚེ་འདིའི་མདུན་མ་བསྒྲུབ། །ཚ་ཟེར་ཅན་གྱིས་རིས་མེད་མུན་པ་སེལ། །ཛ་ཡ་སྲས་བཅས་རླབས་ཆེན་སྤྱོད་པ་དང༌། །ཝ་འདྲ་སོ་སྐྱེའི་ངང་


GLG016_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྱད་པར་ཆེ། །ཞྭ་ཡི་ཏོག་བཞིན་རྩེར་སོན་གསང་སྔགས་རྒྱུད། །ཟ་མའི་རོ་ལྟར་ཐ་དད་སྣ་ཚོགས་ཐེག །འ་ཅག་སྐྱེ་རྒུའི་སེམས་འདུལ་སྡེ་བཞིའི་ལུང་། །ཡ་མཚན་རྨད་བྱུང་ཟས་གཙང་སྲས་ཀྱི་བཀའ། །ར་གདེངས་མཚོན་ཐོགས་འཆི་མེད་དབང་པོ་ཡིས། །ལ་ཀླུང་བགྲོད་འོང་སྦྱིན་སྐྱེས་དཔུང་བཅོམ་བཞིན། །ཤ་ཟ་བདུད་བཞིར་བཅས་པའི་ཚོགས་བཏུལ་ནས། །ས་གསུམ་རྣམ་འདྲེན་གོ་འཕང་མངོན་བྱེད་ཤོག །ཧ་རི་ཙནྡན་དགེ་བའི་དྲི་བསུང་གིས། །ཨ་དོན་མ་རྟོགས་འགྲོ་བའི་ཚ་གདུང་བཅིལ། །ཧ་ཅང་ཚུལ་འདི་བསྒྲུབ་ཀུན་ཕན་དང་བདེ། །ཨ་ཧོ་དགོད་པའི་གླུ་དང་གར་སྒྱུར་ཤོག །ཅེས་ལྷ་ལྡན་ཁང་གསར་བ་དགེ་བསྙེན་ཁྱོ་ཤུགས་ཀྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསར་དུ་བཞེངས་པའི་ཆེ་བརྗོད་སྨོན་ལམ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་དཔལ་བཟང་གིས་བགྱིས་པ་སྭསྟི་སིདྡྷཾ། །(སྡེབ་སྦྱོར་མཉམ་པའི་པྲི་ཏྟ་ལས་དབང་པོ་རྡོ་རྗེ། ) ནྲྀཏྱེཤྭརཾཀཱརུཎམཱཡཔདྨཀཱརེཀབཱཥཱཧཱཥམིནཱམརཱུཔ པཤྱཤྲུབསྨཱརཔུཊཱནྠབཏྠུཀྟོབྷཱགབྷཱབྷཱདྲོསྲྀདནཱནྟིཀ་ཤྲཱི༔ གར་དབང་ཐུགས་རྗེའི་སྒྱུ་འཕྲུལ་པདྨ་འབྱུང༌། །གཅིག་ལས་དུ་མར་སྤྲུལ་བ་མཚན་བརྒྱད་སྐུ། །མཐོང་ཐོས་དྲན་རེག་དོན་ལྡན་ལ་སྦྱོར་བ། །སྐལ་བཟང་སྙིང་ལ་དགའ་བ་བསྐྱེད་པའི་དཔལ། །གཞི་ཚོན་རྙོག་བྲལ་དམ་ཚིག་མཚོ་ནང་དུ། །ཡེ་ཤེས་སེམས་དཔའི་ཟླ་སྣང་


GLG016_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཤར་འདི། །དབུ་མཛད་བློ་བཟང་ཡོན་ཏན་རྒྱུ་སྦྱར་དང་། །འཇམ་དབྱངས་དབང་པོའི་སོར་མོའི་རྩེ་ལས་བསྐྲུན། །བསོད་ནམས་བྱས་འབྲས་བསྟན་དང་བསྟན་འཛིན་སྡེ། །ལེགས་འཕེལ་སྦྱིན་བདག་འདི་ཕྱིའི་དོན་ཀུན་འགྲུབ། །ཁྱད་པར་པདྨ་ཐོད་འཕྲེང་ཐུགས་རྗེའི་མཐུས། །བོད་ཡུལ་འགྲོ་རྣམས་རྟག་ཏུ་བདེ་སྐྱིད་ཤོག །ཅེས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཚེས་བཅུའི་བླ་མ་སྒྲུབ་པའི་རྟེན་ཏུ་མཚན་བརྒྱད་ཀྱི་སྐུ་བརྙན་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བཞེངས་པའི་རྒྱབ་ཡིག་ཏུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དབྱངས་དཔལ་བཟང་གིས་བགྱིས་པ། སནྠ་མངྒ་ལཾ། །(སྡེབ་སྦྱོར་མཉམ་པའི་པྲི་ཏྟ་ལས་དབང་པོའི་རྒྱུད། )ཏྭཾནཱམཏཔཱཔྲབྷསརྗུདཡཡམཏྲཻཝཛུདུཎཱནྡྷཀརནྟཀཱརཀཿ ཤཱཀྱསྱབཱརཱརདིནཾཀརེཤཔྤཱདྷཱིདཱུརབུདྡྷནྟར་མཱུཛྙསུནྡར༔ ཁྱོད་མཚན་ཚ་ཟེར་འོད་འཕྲེང་ཤར་ཙམ་གྱིས། །སྐྱེ་རྒུའི་སྡུག་བསྔལ་སྨག་རུམ་མཐར་བྱེད་པ། །ཤཱཀྱའི་སྐྱེས་མཆོག་ཉིན་བྱེད་དབང་པོ་ཡི། །ཞབས་རྡུལ་བྱང་ཆུབ་བར་དུ་གཙུག་ན་མཛེས། །ནམ་མཁའི་མཐས་རྙེད་མ་རྒན་འདྲེན་པའི་ཆེད། །གྲངས་མེད་བསྐལ་གསུམ་ཚོགས་


GLG016_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་དཔང་པོ་རུ། །ས་ཡི་ལྷ་མོས་བཞིན་གསལ་ཐལ་སྦྱར་བར། །དུས་གསུམ་རྒྱལ་ཀུན་མགྲིན་གཅིག་ལེགས་སོར་བྲེལ། །མཐོང་ཐོས་དྲན་རེག་ཆ་ཤས་ཕྲ་མོས་ཀྱང་། །སྲིད་གདུང་ཧྲུལ་པོར་བྱེད་ན་དཔལ་ཀྱི་མགུར། །ཉེར་བཏེག་རྒྱལ་བའི་དམ་ཆོས་ཚངས་པའི་དབྱངས། །རྣར་ལྷུང་མོད་ལ་གྲོལ་མིན་ལུས་ཅན་སུ། །བརྒྱད་ཁྲི་བཞི་སྟོང་ཉོན་མོངས་དུག་བརླབས་མགྲིན། །གཉེན་པོར་འཚམ་པའི་གསུང་རབ་འཁོར་ལོ་ཡིས། །དུམ་བུར་གཅོད་པའི་སྔོན་མེད་ཚངས་པའི་སྤུན། །སྒྱུ་འཕྲུལ་རྒྱལ་པོར་རྫུ་བའི་ཟོལ་ལ་བརྟེན། །རིམ་གསུམ་བསྡུས་པའི་བཀའ་པོད་རྒྱ་མཚོ་ལས། །བརྩོན་པའི་སྐྱོགས་ཀྱིས་ལྗོངས་འདིར་ཉེར་བཅུས་ཏེ། །ཐོས་བསམ་སྒོམ་པ་སེལ་མཛད་རྒྱལ་བློན་དང་། །ལོ་པཎ་བཀའ་དྲིན་བསྐལ་བརྒྱར་གཞལ་ནུས་གང་། །འདྲི་ཀློག་ཉན་ཆུབ་སྲི་ཞུའི་བསོད་ནམས་གཟུགས། །མངོན་སུམ་རི་བོ་རྒྱུ་འདྲ་འདི་ཕྱིའི་འདུན། །འབད་པས་བསྒྲུབས་པའི་དཔྱོད་ལྡན་རྣམ་ཐར་ལ། །བསམས་ཀྱིན་ཡིད་ཀྱི་ཤིང་རྟ་ལན་བརྒྱར་རྒྱུག །བཤེས་གཉེན་གྲོ་ལུང་བློ་གྲོས་འབྱུང་གནས་ཞབས། ཁམས་གསུམ་འགྲོ་བའི་མགོན་པོ་འཕགས་པའི་མཚན། །བག་སྟོན་ལ་སོགས་བསྟན་ལ་གཅེས་འཛིན་འགས། །བཀླག་ལུང་འབད་བཙལ་འཆད་ཉན་རྒྱ་ཆེར་སྤེལ། །ལ་ལ་ཚེ་འདིའི་བདེ་བསྒྲུབ་གཙོར་བྱེད་ཞར། །གལ་ཆུང་ཆོས་སུ་བྱས་པའི་རྣམ་གཡེང་མེས། །བུ་རམ་ཤིང་པའི་རིང་ལུགས་ཙནྡན་ནགས། །མང་ཞིག་བསྲེགས་པའི་མགལ་དུམ་ཕུང་པོར་སྤུངས། །འོན་ཏེ་རྒྱལ་འཕྲིན་གདུལ་བྱར་འཇུག་པའི་རྒྱུན། །ཆད་མིན་དེ་ཕྱིར་ཐུ་བཙུན་ཐམས་ཅད་མཁྱེན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན་ཞབས། །ཐུབ་བསྟན་སྲོག་གི་


GLG016_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བ་མངོན་སུམ་བཞིན། །ཐང་པའི་བཀའ་བརྒྱུད་རྒྱལ་མཚན་རྩེར་སོན་ཏོག །ངག་དབང་བཀྲ་ཤིས་དཔལ་གྲུབ་སྙན་པོའི་མཚན། །ལྷག་མར་བྱས་ཏེ་དག་པའི་ཞིང་གཤེགས་པ། །རྣམ་འདྲེན་ཐབས་མཁས་མཛད་པར་སུ་ཞིག་གཤུང་། །མགོན་དེས་སྟོང་ཆེན་ཕྱག་རྒྱའི་གོམ་གཅིག་གིས། །ཚོགས་སྦྱོར་མཐོང་སྒོམ་མི་སློབ་ས་ཆེན་པོ། །གཞལ་ཚེ་དཀར་ནག་ལས་འཆར་ཨཱ་དརྴ། །ངལ་བས་དགེ་དང་སྡིག་པ་གཅིག་ཏུ་མཉམ། །འོན་ཀྱང་རྗེས་འཇུག་ལེགས་བྱས་སྒོ་འབྱེད་སླད། །ཀུན་དགའ་བོའི་མཆེད་རིམ་གྲོ་པ་ཡི་རྩེར། །དབུ་མ་བློ་བཟང་ངག་དབང་སྙིང་སྟོབས་ཀྱིས། །དམ་པའི་བཞེད་པ་སྐོང་ལ་ཟླ་མེད་ཟླ། །གང་དེའི་ནང་ཚན་མཐིང་ཤོག་ངོས་ཡངས་པར། །རིན་ཅེན་ཁུ་བས་བྲིས་པའི་རྒྱལ་བའི་བཀའ། །བརྒྱ་ཕྲག་གླེགས་བམ་ཚར་དངར་དཔག་བསམ་ལྗོན། །མདོ་སྟོད་ཕན་བདེའི་ཚལ་དུ་གཡུར་ཟ་ལྡེམ། །བསོད་ནམས་བྱས་པའི་ཕུང་པོ་མཐོར་བརྩེགས་འབྲས། །ངག་དབང་བཀྲ་ཤིས་དཔལ་འབར་ལྷུན་གྲུབ་མཁར། །ངེས་དོན་ཆོས་ཀྱི་ཉི་མ་འོད་པོ་ཆེས། །འགྲོ་རྣམས་སྨིན་པའི་བཞེད་པ་ཡོངས་འགྲུབ་ཤོག །སྒོམ་ཞྭའི་ཅོད་པན་གཟེངས་མཐོ་པུས་འཁྱུད་ཅན། །གྲུབ་རིགས་རྗེས་སུ་སྨོན་ཀུན་རྣམ་གྲོལ་ལམ། །འཁྲིད་པའི་དགོངས་པ་ཇི་བཞིན་མཆོག་གི་ས། །མངོན་གྱུར་སྡེ་བཞིར་ལུས་ཅན་ཡོངས་སྤྱོད་ཤོག །ཚུལ་འདིར་སྒོ་གསུམ་འབད་དང་བདོག་པ་གཏོང་། །མ་ལུས་མགོན་པོ་ཁྱེད་ཀྱིས་རྗེས་བཟུང་སྟེ། །འདིར་སྣང་ལྷ་ཡི་བདེ་སྐྱིད་ལ་འཁུ་ཞིང་། །རིང་མིན་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་རྗེ་བཙུན་སྟག་ལུང་པ་ཆེན་པོ་ངག་དབང་བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི་མ་རྣམ་གྲོལ་མཆོག་གི་སྡེ་དག་པའི་ཞིང་དུ་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་པའི་ཚེ་མཁའ་ཁྱབ་ཀྱི་འགྲོ་བ་སྒྲོལ་བཞེད་ཀྱི་དགོངས་པ་རྫོགས་སླད་དུ་རྗེ་བཙུན་གང་གིས་རིམ་གྲོ་བ་དབུ་


GLG016_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྱག་མཛོད་བློ་བཟང་ངག་དབང་གིས་མདོ་སྟོད་རི་བོ་ཆེར་བཀའ་འགྱུར་རིན་པོ་ཆེ་གསེར་དངུལ་བཞུན་མའི་ཁུ་བས་བཞེངས་པའི་ཚེ་ཆེ་བརྗོད་སྨོན་ལམ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་སྔགས་འཆང་བ་འཇམ་དབྱངས་གྲགས་པས་བགྱིས་པ་སིདྡྷི་རསྟུ། །སརྦ་དཱ་ཤྲེ་ཡ་བྷ་ཝནྟུ། མཚན་སྙན་ཐོས་པ་ཙམ་གྱི་སྲིད་ཞིའི་གདུང་། །སེལ་མཛད་དུས་གསུམ་རྒྱལ་བ་སྤྱི་ཡི་གཟུགས། །པདྨ་ཐོད་འཕྲེང་རྩལ་ལ་ཐུན་དྲུག་ཏུ། །གསོལ་བ་འདེབས་པ་འདི་ཕྱིའི་མདུན་མའི་རྩེ། །སྒྲ་དོན་རྒྱན་གྱིས་ཆེད་དུ་བཅོས་མ་དང་། །བླུན་རྒན་གྲོང་གཏམ་དུམ་བུར་བཅད་མིན་པ། །ཤུགས་འབྱུང་ཚིག་འཇིབས་དོན་བཟང་འཕགས་ཡུལ་གྱི། །པཎ་ཆེན་ལས་གཞན་མཁས་རློམས་སུ་ཡིས་ནུས། །གྲངས་དང་གོ་རིམ་དབྱེ་བ་ལྷན་ཐབས་རྣམས། །དབང་རྟུལ་དུ་མས་ནོངས་པའི་རྙོག་མ་ཀུན། །ངེས་པར་པདྨའི་གདུང་འཚོབ་རིམ་བྱོན་གྱི། །ཞལ་ལུང་ཀེ་ཏ་ཀ་ཡིས་དྲུངས་པར་བྱས། །རྗེ་འབངས་ཉེར་ལྔ་མི་གཏོགས་འདྲེན་པ་གཞན། །གང་དེའི་གྲངས་སུ་གསོལ་འདེབས་འཁྲུལ་བའི་གཏམ། །མ་ཞིག་ཞིག་པོར་བརྫུས་པའི་བརྩམས་ཆོས་ཀྱིས། །བློ་དམན་མང་དག་ལོག་རྟོག་དྲྭ་བར་བཙུད། །དེ་ཕྱིར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི། །ཡང་སྲིད་ཆོས་རྒྱལ་དབང་པོའི་སྡེས་མཛད་པའི། །རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་ཡི། །གསོལ་འདེབས་འདི་ཀོ་དཔྱད་བཟོད་ལེགས་པའི་ལམ། །ལྷག་བསམ་མ་དྲོས་མཚོ་ཆེན་ལས་འོངས་པའི། །ཆོས་སྦྱིན་འཛད་པ་མེད་པ་གངྒཱའི་རྒྱུན། །གངས་ཅན་སྐྱེ་རྒུའི་རྒྱ་མཚོར་རྟག་བབས་པས། །ཕན་བདེའི་རླབས་འཕྲེང་དུས་ལས་ཡོལ་བ་མེད། །ཚོགས་གཉིས་སྤྱི་བོའི་ཤ་རྨེན་ལས་སྐྱེས་པའི། །


GLG016_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཉིས་གསེར་གྱི་འཁོར་ལོས་ཡོངས་སྒྱུར་བས། །མཐའ་གཉིས་བཅོམ་སྟེ་ལུས་ཅན་མ་ལུས་པ། །དོན་གཉིས་ལྷུན་གྲུབ་བྱང་ཆེན་སར་འཁྲིད་ཤོག །ཅེས་ཨྱོན་སངས་རྒྱས་གཉིས་པ་སློབ་མར་བཅས་པའི་གསོལ་འདེབས་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་བཞེད་པ་ལྟར་དགའ་ལྡན་ཕུན་ཚོགས་གླིང་དུ་བརྐོས་པའི་པར་བྱང་དུ་ཟ་ཧོར་གྱི་བནྡེས་བྲིས་པའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བགྱིས་པ་ཛ་ཡནྟུ། །གསོལ་འདེབས་གོང་འོག་གཉིས་ཀྱི་ཁ་སྐོང་ཅུང་ཟད་དགོས་པ་གསར་དུ་བཀོད་དོ། །(སྡེབ་སྦྱོར་མཉམ་པའི་བྲི་ཏྟ་ལས་མེ་ཏོག་འཕྲེང་ཅན)ཨེམསརྠཱརབིདིནཏྲཧཱིཙོཏྠིཏོཏྲུདཀཱཎུརཱརཱཐེརསམཱིཔེནཡ༔ དྭེགཎཱདིཏྱམཎྜལྱསཱམཔྟརསྨིཾཧིཏེཏྠུཁྱད་ཏྟབྱཤོདྫོདན༔ ཨེ་མ་འགྲོ་ཀུན་མ་རིག་གཉིད་སློང་བར། །ཐུགས་བསྐྱེད་སྐྱ་རེངས་ཤིང་རྟས་ཉེཪ་དྲངས་པའི། །ཚོགས་གཉིས་ཉི་མའི་དཀྱིལ་འཁོར་རྫོགས་པའི་འོད། །ཕན་བདེའི་སྣང་བ་འབྱིན་མཛད་ཟས་གཙང་སྲས། ཁྱོད་མགྲིན་འཁོར་ལོ་གྲོལ་བའི་དྲུག་ཅུའི་དབྱངས། །


GLG016_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱའི་དབང་པོར་འཚམ་པའི་ཆོས་ཀྱི་ཚད། །འཕགས་ཆེན་བྱང་སེམས་ཀྱིས་འཛིན་སྐལ་ཕྲ་ན། །ཚུར་མཐོང་བྱིས་པའི་བློ་ཡིས་གཞལ་ནུས་ཅི། །འོན་ཏེ་ཨ་མྲའི་ཚི་གུ་ཆུ་གཏེར་ལས། །ལེན་ལྟར་ལྗོངས་འདིར་ས་སྤྱོད་ལོ་པཎ་གྱིས། །སྔ་ཕྱིར་བསྒྱུར་བའི་ཐུབ་གསུང་རིན་ཅེན་འཕྲེང་། །དཔྱོད་ལྡན་མཛེས་པའི་དོ་ཤལ་ཚར་དུ་དངར། །དེ་ཚུལ་འདྲི་ཀློག་ལུང་ནོད་སྲི་ཞུ་རུ། །བགྱིས་པའི་བསོད་ནམས་མངོན་སུམ་གཟུགས་ཅན་བཞིན། །གྲུབ་ན་སྣོད་དུ་ཡངས་པའི་འཇིག་རྟེན་ཁམས། །ཆུང་པས་སྨྲར་ཡང་སྤྲུལ་ལ་ཚངས་པ་བྲེལ། །རིགས་གསུམ་སྒྱུ་དྲའི་གར་མཁན་ཆོས་ཀྱི་རྒྱལ། །མེས་དབོན་ཕྱག་རྗེས་རི་མོ་ཉེར་གབ་པ། །གསལ་མཛད་འཁོན་རིགས་འཇམ་མགོན་འཕགས་པ་སོགས། །མཁས་མང་རྣམ་ཐར་ཡིད་སོས་བདུད་རྩིའི་དཔྱིད། །ཐུགས་གསང་དཔལ་གྱི་བེའུར་རྣམ་འདྲེན་བསྟན། །གཅེས་འཛིན་དམ་པ་དུ ་མས་བཙལ་བའི་ལུང་། །པདྨའི་སྐུད་པ་རྡོ་རྗེའི་ཁམས་ཀྱི་གཞིར། །སྒྱུར་མཛད་ཀུན་དགའ་རྣམ་རྒྱལ་འགྲོ་བའི་མིག །གལ་ཆུང་དམ་པའི་ཆོས་སུ་བྱེད་དུས་དིང་། །འབད་རྩོལ་རླུང་གི་འཆད་ཉན་ཙནྡ་དྲི། འདྲེན་མཛད་ཁོ་བོའི་བཤེས་གཉེན་གནས་གསར་བ། །དཀྱིལ་འཁོར་འཁོར་ལོའི་མགོན་ལས་གཞན་དུ་ཅི། འདུལ་མདོ་ཤེར་ཕྱོགས་གསར་རྒྱུད་པུ་སྟ་ཀར། །བོད་རྒན་བླུན་པོའི་ལྷད་ཀྱི་རྙོག་མའི་ཚོགས། །དག་བྱེད་ཆོས་ཀྱི་སྤྱན་ལྡན་བུ་སྟོན་རྗེའི། །མ་སྨད་རྣམ་དཔྱོད་མཐོ་རིས་ཆུ་བོ་འདྲ། །དེ་ཕྱིར་ཐེམ་སྤངས་གླེགས་བམ་སོར་བཞག་ལ། །མདོ་སྒྱུ་སེམས་ཕྱོགས་སྒྲུབ་སྡེ་བརྒྱད་ཀྱི་བསྐོར། །སྙིང་པོར་སྡུད་མཁས་ཚལ་པ་ཐམས་ཅད་མཁྱེན། །ཀུན་དགའ་རྡོ་རྗེའི་བཞེད་པ་ཇི་བཞིན་བསྣན། །དེ་ཚུལ་མི་ཉག་ཏོང་འཁུན་རྒྱལ་པོའི་བརྒྱུད། །རིམ་བྱོན་


GLG016_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་པ་རིགས་ལྡན་ས་སྤྱོད་ཁབ། །ལ་སྟོད་ངམ་རིང་ཕོ་བྲང་ཆེན་པོ་རུ། །རབ་བྱུང་བཅུ་གཅིག་ཡོངས་འཛིན་བགྲང་བྱར་བཞེངས། །སྡེབ་གཟུགས་ཡི་གེའི་མིག་འཕྲུལ་སྒྱུ་མ་མཁན། །ཨེ་དབྱིབས་ཆོས་ལུང་དཀར་པོའི་འཛིན་མ་ནས། །གཙུག་ལག་གཉིས་པ་ཤེས་པ་མེས་པོའི་བུ། །དུ་མས་སོར་མོའི་ཟློས་གར་ཅི་ཡང་བསྒྱུར། །ཕྱོགས་འདིར་སྒོ་གསུམ་འབད་དོ་ཅོག་གི་འགྲོའི། །འདི་དང་གཏན་གྱི་མདུན་མའི་སྣང་བརྙན་ཀུན། །རླབས་ཆེན་ལེགས་བྱས་མེ་ལོང་རྡུལ་བྲལ་ངོས། །མངོན་སུམ་འཆར་བའི་སྐལ་བཟང་ཐོབ་པར་ཤོག །འཇམ་དཔལ་རྡོ་རྗེ་ངུར་སྨྲིག་འཛིན་པའི་གཟུགས། །བློ་བཟང་གྲགས་སྙན་ཪབ་འབཪ་བཙོང་ཁ་པའི། །བསྟན་པ་ཛཱ་ཏིའི་མེ་ཏོག་བཀྲ་བ་ནས། །རྒྱ་མཚོའི་མཐའ་ཀླས་བར་མཚམས་མེད་ཁྱབ་ཤོག །མ་སྨད་དགའ་བའི་དཔལ་ལྡན་ཕོ་བྲང་ཆེའི། །རྒྱལ་ཁྲིམས་གསེར་ཤིང་སྐོར་གསུམ་རུ་བཞི་སྒང་། །དྲུག་ལྡན་སྐྱེ་རྒུའི་གཉའ་བ་རབ་མནན་ཏེ། །རྫོགས་ལྡན་གསར་པའི་དགའ་སྟོན་ཉམས་མྱོང་ཤོག །མཁའ་མཉམ་འགྲོ་རྒྱུད་ལ་བསྒོས་སྒྲིབ་གཉིས་མུན། །མཆོག་གསུམ་ཐུགས་རྗེའི་ཟླ་སྣང་བཀྲག་པོ་ཆེ། །མཐར་བྱས་བྱང་ཆེན་ཀཏྤུ་རའི་གཟེགས་མས། །དོན་གཉིས་སིམ་པའི་ངད་ཀྱིས་ཁྱབ་པར་ཤོག །རྒྱལ་སྲས་སློབ་མར་བཅས་དང་དཀར་པོའི་ཕྱོགས། །སྐྱོང་བའི་འཆི་མེད་ཚོགས་ཀྱིས་མནྡ་ར༔ ། འཐོར་དང་ལྷན་ཅིག་བདེན་པ་གསུང་བའི་ཚིག །བཀྲ་ཤིས་དབྱངས་ཀྱིས་དུས་ཀུན་ཁྱབ་པར་ཤོག །ཅེས་རབ་བྱུང་བཅུ་གཅིག་པའི་ཡོངས་འཛིན་དུ་འབོད་པ་ཆུ་ཕོ་བྱི་བའི་ལོ་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་མཛད་དོ་དམ་སྤུན་དྲུག་རྫོང་པ་ཚེ་དབང་དོན་གྲུབ་དང་སྨོན་གྲུབ་པ་རིན་ཅེན་བཀྲ་ཤིས་གཉིས་ཀྱིས་བྱས་


GLG016_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཆོས་ལུང་དཀར་པོའི་དཔོན་ཡིག་མཁས་བསྒྲུགས་བསྡུས་ཏེ་རིགས་ལྡན་ཆོས་ཀྱི་རྒྱལ་པོའི་ཁབ་ངམ་རིང་ཕོ་བྲང་དུ། འོ་སྐོལ་ཀྱི་སྟོན་པ་ཤཱཀྱ་སེང་གེའི་གསུང་རབ་གངས་ལྗོངས་འདིར་འགྱུར་བ་ཕལ་ཆེ་བ་རྩོད་མེད་ཡོངས་གྲགས་ཀྱི་ཀུན་མཁྱེན་བུ་སྟོན་ཆོས་རྗེས་ཞུས་དག་པའི་ཐེམ་སྤངས་མར་གཞི་བྱས། རྙིང་མ་རྒྱུད་འབུམ་གྱི་སྙིང་པོ་བསྡུས་པའི་གླེགས་བམ་གསུམ་ཚལ་པ་བཀའ་འགྱུར་ལྟར་བསྣན་ཏེ་བཞེངས་པའི་ཆེ་བརྗོད་སྨོན་ལམ་འདི་ནི་ཟ་ཧོར་གྱི་རིགས་ལས་སྡོམ་བརྩོན་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་རྒྱལ་ཁབ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བགྱིས་པ་སརྦ་ཥཱ་དི་གུད་ཡ་བྷ་ཝནྟུ། སྭསྟི་སིཊྛཾ། དགྱེས་མཛད་རྡོ་རྗེའི་བཙུན་མོ་བདག་མེད་མའི། །ཞལ་དྲོད་མ་ཡལ་དངར་པོར་འཐུལ་བའི་རོ། །བཏུང་པའི་གྲུབ་མཐའ་སྙོགས་ཏེ་ཟུང་འཇུག་སྐུ། །མངོན་གྱུར་རྣལ་འབྱོར་དབང་ཕྱུག་བི་རཱུ་པ། །ཁྱོད་གསུང་ཚད་མ་བཞི་ལྡན་སྙན་བརྒྱུད་ཆོས། །ཡོངས་རྫོགས་བསྟན་པའི་གནད་ཀུན་ཚང་པའི་ལམ། །རྒྱས་མཛད་ས་སྐྱའི་བླ་ཆེན་རྡོ་རྗེ་འཆང་། །སྲས་སློབ་བརྒྱུད་པའི་བཞེད་སྲོལ་ཕ་མཐའ་ཡས། །ཚོགས་ལས་ཁྱད་པར་གྱུར་པ་སློབ་བཤད་ཅེས། །ཟབ་ལས་ཆེས་ཟབ་སྙན་བརྒྱུད་ཡིད་བཞིན་ནོར། ཁའུ་བྲག་རྫོང་བསྟན་པའི་སྲོལ་འབྱེད་མཁན། །རིགས་རྣམས་ཀུན་གྱི་ཁྱབ་བདག་ཚར་བ་རྗེ། །གང་གི་གསུང་རབ་བཅུ་གཉིས་ཁྱིམ་ལམ་ལས། །ཕྱི་དང་ནང་གི་བསྐྱེད་པའི་རིམ་པ་ཡི། །རྣམ་བཤདཉི་མའི་དཀྱིལ་འཁོར་ཤར་བའི་མོད། །སྐལ་བཟང་སྙིང་གི་པདྨ་ཅི་ཡང་བཞད། །དེ་ཚུལ་ཐོས་བསམ་སྒོམ་པའི་རང་རྒྱུད་ལ། །ཉམས་མྱོང་ཚད་མ་བསྐྱེད་མཛད་དགེ་བའི་བཤེས། ཁྱབ་བདག་རྡོ་རྗེ་སེམས་དངོས་གནས་གསར་བའི། །བཀའ་


GLG016_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་བྱང་ཆུབ་བར་དུ་གཞལ་ནུས་མིན། །དེ་ཕྱིར་དམ་པའི་དགོངས་པ་བསྐོང་ཆེད་དང་། །ངེས་གསང་ཐེག་པའི་ཡང་རྩེའི་ཆོས་ཚུལ་འདི། །སྲིད་མཐའི་བར་དུ་མི་ཉམས་འཕེལ་བའི་རྒྱུར། །མི་འཛད་ཆོས་སྦྱིན་པར་གྱི་སྒོ་འཕར་ཕྱེ། །དགེ་བས་གངས་ཅན་འཛིན་མ་པདྨའི་གཞིར། །སློབ་བཤད་དམ་པའི་ཉི་འོད་རབ་བརྡལ་ཞིང་། །སྐྱེ་བར་ཆོས་ཚུལ་འདི་དང་མི་འབྲལ་བར། །ཉམས་བླངས་བཅུ་གསུམ་རྡོ་རྗེའི་ས་བརྙེས་ཤོག །ཅེས་ཚར་པ་ཆོས་ཀྱི་རྒྱལ་པོས་མཛད་པའི་ཀྱེ་རྡོར་མན་ངག་ལུགས་ཀྱི་ཕྱི་ནང་གི་བསྐྱེད་རིམ་རྣམ་བཤད་དང་དབང་ཆུ་གསལ་བྱེད་ལྷན་ཐབས་ནོར་བུའི་འཕྲེང་བ་རྣམས་དགའ་ལྡན་ཕུན་ཚོགས་གླིང་དུ་བརྐོས་པའི་པར་བྱང་དུ་རྡོ་རྗེ་འཆང་གནས་གསར་བ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་བཀའ་དྲིན་ལས་ཆོས་ཚུལ་འདི་ལ་རྒྱུ་མཚནཤེས་ནས་དད་པ་ཐོབ་པའི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བགྱིས་པ་ཤཱ་ས་ནོད་ཡ་བྷ་ཝནྟུ། (སྡེབ་སྦྱོར་མཉམ་པའི་པྲི་ཏྟ་ལས་མེ་ཏོག་འཕྲེང་ཅན)དཱིགྷསཾསྟུདྡྷདོབཱལབུདྡྷནྱབེཤེཀཱརྻཔྲཔོ༴ནྱབཻཤེཀཱརླཔྲཔོརུཋཤཱཀྱོཏྟམཀཱརུཎཙྪཱཡསཱིཏེཔྲཛྭམསོཀལླཤཱཏོམུཁོདྷ་བརྞཏེ། རིང་ནས་གོམས་པའི་སྙིང་སྟོབས་རྒྱལ་གཞན་ལས། །ཁྱད་པར་བྱས་པའི་སྐྱེས་མཆོག་ཤཱཀྱའི་གཙོ། །ཐུགས་རྗེའི་གྲིབ་ཏུ་བསིལ་བར་སྐྱེ་རྒུ་རྣམས། །ངལ་གསོའི་བསྐལ་བཟང་སྒོ་བརྒྱ་འབྱེད་དེ་བསྔགས། །གང་གི་སྣང་བརྙན་མཐོང་བས་རྣམ་གྲོལ་བ། །དོན་


GLG016_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྲུབ་པའི་ཞལ་སྐྱིན་ཡོངས་འདུའི་ལྗོན། །མི་བསྐྱོད་རྡོ་རྗེའི་ལེགས་བྱས་ཡུལ་གྱི་ནོར། །ཡིད་ཅན་ཆོས་དཀར་ཤིང་རྟའི་ཤུགས་ཀྱིས་དྲངས། །རྒྱས་བཏབ་ར་མོ་ཆེ་ཞེས་སྒྱུ་མ་མཁན། །ཁེངས་འཕྲོག་སྤྲུལ་པའི་ཞིང་ཁམས་ཆེར་སྙིགས་པ། །ས་དབང་བློ་བཟང་མཐུ་སྟོབས་མཁྱེན་དཔྱོད་ཀྱིས། །གསར་བསྐྲུན་སུམ་རྩེན་གནས་ཀྱི་མཆེད་ཟླ་བཞིན། ཁོར་ཡུག་ཇོ་ཤཱཀ་བཞུགས་པད་ཁྱོན་ཚད་ཀྱིས། །ཉེར་གཞལ་སྐུ་དངོས་འབུམ་ཕྲག་སྐོར་བའི་གྲངས། །ལྷག་བཅས་སྟོན་པའི་རྫིངས་ཀྱིས་འགྲོ་བ་རྣམས། །མཐོ་རིས་ཐར་པའི་རིན་ཅེན་གླིང་དུ་ཁྲིད། །ཅེས་ཚིགས་སུ་བཅད་ནས་དངོས་དོན་གྱི་སྙིང་པོ་ར་མོ་ཆེའི་གཙུག་ལག་ཁང་གི་བར་སྐོར་ཐེངས་གཅིག་ལ་ཇོ་བོ་མི་བསྐྱོད་རྡོ་རྗེའི་བཞུགས་པད་ལ་ཇི་ཙམ་ཐོབ་བརྩིས་པར་བསྐོར་བ་སུམ་ཅུ་རྩ་གཉིས་རེ་ཡོང་ངེས་ནས་ཁྱོན་བསྡོམས་སྟོང་ཕྲག་གསུམ་དང་ཉག་མ་ཉེར་ལྔས་ཆིག་འབུམ་ཐོབ་ཀྱང་ཁ་ལོངས་དང་བཅས་སུམ་སྟོང་སུམ་བརྒྱ་བསྐོར་ན་ཆད་མེད་དུ་འགྲོ་བ་གཏན་འབེབས་སུ་བྱས་པ་ཡིན། འགྲོ་ཚོགས་མ་དྲོས་ཆུ་ཀླུང་ལས་བབས་པའི། །བསོད་ནམས་བྱས་པ་ཛཏྣའི་བུ་མོ། །ཀུན་མཁྱེན་ཟླ་བའི་མ་མར་རོ་གཅིག་པའི། །འབྲས་བུ་མཁའ་མཉམ་འགྲོ་འདྲེན་རྒྱུ་རུ་བསྔོ། །ཞེས་པ་འདིའང་ས་སྤྱོད་མཐུ་སྟོབས་ཀྱིས་ར་མོ་ཆེའི་སྐོར་ཚད་རྩི་དགོས་ཚུལ་གསུང་བ་ལྟར་ཟ་ཧོར་གྱི་བནྡེས་ཡོངས་འཛིན་གྱི་ལོ་སྣྲོན་ཟླ་བ་སྔོན་མའི་དཀར་ཆའི་དགའ་བ་གཉིས་པའི་ཚེས་ལ་བཀོད་པའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་མ་ཕུན་ཚོགས་དབང་པོས་བགྱིས་པ་སརྦ་དཱ་ཤྲེ་ཡ་ཝ་དྷེ་ཥཱ་བྷ་ཝནྟུ། །


GLG016_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་བྲི་ཏྟ་ལས་མེ་ཏོག་འཕྲེང་ཅན། )ཧཱསྱཧཱསྱོམུཁཱལུརྨུརཱིཤཱསྱཏིཿཀཤཀྭཤཱནྡྷ; ། རུཏཱཏཱ། སདྱསདྱོགཐཱསཾཎེརཀྵཀབྷཀྟབྷཀྟཉྩལཱིབུ་ངྷཔཱུརྦེདྡྷཡུཀྲ། །འཛུམ་འཛུམ་ཞལ་ལྡན་ལྷ་མོ་བསྟན་མ་དེས། །གསལ་གསལ་ལུས་ཕྱེད་ས་ལས་ཉེར་འཕགས་ཏེ། །བདེན་བདེན་ཚིག་གིས་ཚོགས་བསགས་དབང་པོའི་ཚུལ། །གུས་གུས་ཐལ་མོ་ཐུབ་ཆེན་མདུན་སྦྱར་ཚེ། །ཡང་ཡང་གཡོ་སྒྱུར་གོམས་པའི་སྡིག་ཏོ་ཅན། །མང་མང་སྡེ་དང་བཅས་པ་མ་ལུས་ཚོགས། །ནག་ནག་བཞིན་གྱི་འཕྲེང་བ་ཆེར་བསྡུས་ནས། །ངལ་ངལ་མྱ་ངན་ཁང་བུར་བརྒྱལ་བ་འདྲ། །རྣམ་འདྲེན་དོན་ཀུན་གྲུབ་པའི་མཛད་པ་ལས། །ལས་དཀར་འགྲོ་ལ་སྤེལ་བ་ཤ་སྟག་མོད། །མོད་ལ་ཚེ་གཅིག་འཇའ་ལུས་ཟུང་འཇུག་སྐུ། །སྐུ་བཞི་མངོན་བྱེད་ངེས་གསང་རྡོ་རྗེ་ཐེག །ཐེག་ཆེན་ཆོས་ཀྱི་མྱུ་གུ་ཕར་ཕྱིན་ལམ། །ལམ་མཆོག་མངོན་པར་རྟོགས་དང་སྟོང་ཉིད་ཚུལ། །ཚུལ་ལྡན་ཕྱོགས་ཟུང་མ་ལྷུངས་དབུ་མའི་དོན། །དོན་གཉིས་སྒྲུབ་ནུས་


GLG016_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་ཕྱོགས་གླེགས་བམ་ཚོགས། །ཚོགས་ཆེན་གསོག་ལ་འགྲོ་རྣམས་བསམ་པའི་མཐའ། །མཐའ་དང་ཚད་དུ་གཞལ་ཏེ་ཐེག་གསུམ་ཆོས། །ཆོས་འཁོར་བགྲང་ཡས་བསྐོར་བའི་སྣ་ཚོགས་མོད། །མདོ་སྔགས་ལམ་གྱི་ཡན་ལག་ཀུན་ཚང་གནད། །གནད་འགག་ཟབ་རློམ་ཁ་པོ་ཆེས་མཐོ་ཡང་། །ཡང་དག་རང་རྒྱུད་འདུལ་བར་ནུས་པའི་ལུང་། །ལུང་ཆེན་སྡེ་བཞི་ཐུབ་བསྟན་རྩ་ལག་མཆོག །མཆོག་དམན་ཀུན་གྱིས་ཉམས་སུ་བླང་བྱའི་གཞུང་། །སྔོན་བྱོན་ཆོས་རྒྱལ་རྒྱལ་བའི་སྲས་རྣམས་ཀྱིས། །ཤུགས་དྲག་ལྷག་བསམ་བསམ་པས་ཉེར་བསྐུལ་ཏེ། །རྣམ་འདྲེན་གསུང་ཚོགས་ཚོགས་རབ་སྤེལ་བའི་ཆེད། །དཀའ་སྤྱད་མཐུ་ལས་ལས་ཅན་ལྗོངས་འདིར་དྲངས། །བརྡ་སྤྲོད་གཞུང་མང་མང་དུ་སྦྱངས་པའི་མཐུས། །འཕགས་ཡུལ་གཙུག་ལག་ལག་ལྡན་ཁུར་ཚད་ཙམ། །བསྒྱུར་བའི་བཀའ་དྲིན་དྲིན་ལན་བསབ་དཀའི་གནས། །བསམས་ཀྱིན་རྣམ་ཐར་ཐར་ལམ་སྟོན་པའི་སྒོ། །ཡང་ཡང་ཤཱཀྱའི་རིང་ལུགས་འཕེལ་འགྲིབ་ཅན། །ལྕི་ལྕི་སྙིང་སྟོབས་ཁུར་གྱིས་གསོ་མཛད་མཁན། །མང་མང་མཁས་གྲུབ་རིམ་བྱོན་ཟླ་འོད་ཀྱིས། །དུང་དུང་དད་པའི་རྒྱ་མཚོ་ཅིས་མི་འཕེལ། །བྲིས་པས་དོན་ལྡན་དོན་ཀུན་ལྷུན་གྲུབ་གསུང་། །ཐོས་པས་ངེས་རྙེད་ངེས་པ་དོན་གྱི་ཆོས། །བསྒོམས་པས་རྣམ་གྲོལ་རྣམ་མཁྱེན་ཐོབ་པའི་ཐབས། །སྲི་ཞུས་ལེགས་བྱས་ལེགས་ཚོགས་མཐའ་དག་སྤེལ། །རྣམ་དཔྱོད་མིག་གིས་བླང་དོར་ཀུན་མཐོང་བས། །རྣམ་འདྲེན་གསུང་པོད་བརྒྱ་ཕྲག་ཡོངས་བརྒལ་བ། །རྣམ་གླིང་ཤངས་ཀྱི་ས་མདུད་མཁར་རྫོང་དུ། །རྣམ་དག་བརྩོན་པས་ཡོངས་འཛིན་ལོ་ལ་བཀོད། །མགོན་པོ་འཇམ་དབྱངས་དབྱངས་ཅན་ལྷ་མོ་ཡིས། །རྗེས་བཟུང་རྣམ་དཔྱོད་དཔྱོད་ལྡན་དགའ་བའི་བཤེས། །བློ་བཟང་སྙན་གྲགས་གྲགས་པའི་རིང་ལུགས་བསྟན། །སྲིད་སྡེར་བཅས་ཀུན་ཀུན་ནས་དར་བར་ཤོག །འདི་གྲུབ་རྣམས་ལྟ་ཅི་ཡིད་ཅན་ཚོགས། །འདི་སྣང་ལྷ་


GLG016_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བདེ་སྐྱིད་ཉམས་མྱོང་ཞིང་། །འདི་ནས་འཕོས་ཚེ་དག་པའི་ཞིང་བགྲོད་ནས། །འདི་ཕྱི་ཡོངས་ཀྱི་རེ་འབྲས་དོན་ཡོད་ཤོག །དཀར་ཕྱོགས་ལེགས་སྐྱོང་ལེགས་ལྡན་ནག་པོ་ཆེ། །བདུད་སྡེའི་སྲོག་འཕྲོག་སྲོག་བདག་འདོད་ཁམས་མ། །ལྷ་དང་དྲང་སྲོང་དྲང་པོའི་བདེན་ཚིག་གིས། །བཀྲ་ཤིས་དགའ་སྟོན་དགའ་བདེས་ཁྱབ་པར་ཤོག །ཅེས་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་དོ་དམ་སྔགས་པ་དགེ་སློང་བློ་བཟང་བསྟན་འཛིན་དང་ནས་འབྲསཔ་གཉིས་ཀྱིས་བྱས། ཨེ་པ་དང་སྙེ་མོ་བའི་དཔོན་ཡིག་བཀུག་ནས་རྙིང་མ་རྒྱུད་འབུམ་གྱི་གཙོ་བསྡུས་གསུམ་མ་གཏོགས་རྒྱལ་རྩེ་ཐེམ་སྤངས་མ་སོར་བཞག་གི་བཀའ་འགྱུར་ཤངས་རྣམ་རྒྱལ་གླིང་དུ་བཞེངས་པའི་ཚེ་དཀར་ཆག་ཆེ་བརྗོད་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང༌པོས་བགྱིས་པ་སརྦསཏྭཏྲེདུཿ ཁཱནཾམཧཱསམུདཱརྨོཀྵེབྷ ཝནྟུ།


GLG016_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བསྐུར་གྱི་དེབ་ཐེར་ཚིག་དོན་རབ་གསལ། (སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་མེ་ཏོག་ཕྲེང་ཅན། )མཱཡ། གུཧྱནཀོཥྭཛཡཝཱགགངྒཔིཎྜཱབྱཱཀརཎྱབདྷིབཤྭསཱམཡི། །སོདོརུབརྟིཏྱཧམཱིཙནྡྲནྡཙིཏྟཔཱཏྱཐུབྷགཱིརར་དནམ༔། རྒྱལ་བའི་གསུང་གི་གསང་མཛོད་གངྒཱའི་རྒྱུན། །སྣ་ཚོགས་བརྡ་སྤྲོད་གཞུང་གི་བྱེད་པོ་ཡིས། །གངས་ཅན་ཟླ་སྙིང་རྐང་པར་ལེགས་སྩོལ་བའི། །སྒྲ་བསྒྱུར་ཐུ་མི་སྐལ་ལྡན་ཤིང་རྟར་འདུད། །གང་དེ་ནས་བཟུང་རྒྱ་བོད་གསར་རྙིང་བརྡས། །ལོག་སྨྲ་ཚར་གཅོད་བློ་གསལ་དགའ་སྟོན་རྣམས། སྤེལ་མཛད་ཆོས་སྐྱོང་བཟང་པོའི་བར་བྱོན་པའི། །ལོ་ཆེན་རྗེས་འཇུག་བཅས་པ་རྟག་ཏུ་རྒྱལ། །མཆོག་དམན་བར་པའི་ལུས་ཅན་ནོར་གླིང་དུ། །འཕྲིན་ཡིག་རྫིངས་ལས་དོན་གྱི་རིན་ཅེན་འཕྲེང་། །ལེན་ཕྱིར་ཚིག་གི་སྦྱོར་བའི་དེད་དཔོན་ཆེ། །འགྱུར་མེད་དྲན་གསོའི་ཁང་བཟང་འདི་ན་སྤྲོ། ཞེས་ཤིས་པ་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ། རྒྱ་ནག །ཧོར། རྒྱ་གར། བལ་པོ། བོད་སོགས་ཡངས་པའི་ཡུལ་གྲུ་ཆེན་པོ་རྣམས་ཀྱི་ལྷ་སྡེ། མི་སྡེ། རྒྱལ་པོ། རྒྱལ་རིགས། དཔོན་ཆེན། དཔོན་སྐྱ། མདུན་ན་འདོན་སོགས་མཆོག་དམན་བར་པའི་སྐྱེ་རྒུ་རྣམས་ལ་དྲག་ཞན་གྱི་ཡིག་བསྐུར་ཐོབ་ཐང་ལྟར་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་ཧོར་ཟླ་


GLG016_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཕྱོགས་ཕྱི་མའི་རྒྱལ་བ་གསུམ་པ་དམག་དཔོན་ཐ་སྐར་གྱི་འགྲུབ་སྦྱོར་གྱི་དུས་དགེ་བར་བརྗེད་བྱང་གི་དེབ་ཐེར་འཕྲེང་བར་སྤེལ་བ་ལ། ཚེ་རིང་གནམ་གྱི་ཤེ་མོང་གི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་རྒྱལ་པོའི་ཞབས་དྲུང་དུ། འཛམ་གླིང་མང་པོས་བཀུར་བའི་རྒྱལ་ཁབ་ཆེན་པོའི་ཁྲིར་འདུགས་པའི་འཇམ་དབྱངས་གོང་མ་རྒྱལ་པོའི་བཀའ་ལན་དང་ཞུ་མཆིད་འབུལ་སྐབས་སྙན་ངག་དང་འབྲེལ་བའི་ཚིག་བཅད་མི་བྱེད་ཚེ་ཚིག་སྦྱོར་ལྷུག་པ་འདི་བཞིན་དང་འབེབས་མཛུབ་གང་འོག་ཏུ་ནོན་པའི་ཞུ་བ་ནས་བརྩམས་ཏེ་བརྗོད་བྱ་གང་ལེགས་མཇུག་ཏུ་ཕུལ་ཞུ་ཡིག་ཅེས་པ་ཅུང་ཟད་འབེབས། ཁ་ཡིག་ལ་གནམ་སའི་དབང་ཕྱུག་མན་རྒྱག་གི་ཡོད་ཀྱང་ལྕགས་ཀྱི་ལོ་གསེར་ཡིག་པ་ཆོས་འཕེལ་དགེ་ཕོངས་སྐབས་གོང་གི་བཀའ་ཤོག་ཏུ་དེ་ནས་བཟུང་ཞབས་དྲུང་དང་ཞུ་བ་གཉིས་མ་བྱེད་བཀའ་ཕེབས་པ་བློ་ཡུལ་དུ་ཆུད་བཀའ་ཡང་གྱེན་དུ་བཟློག་མི་ནུས་པས་དེ་ནས་བཟུང་སྟེ་བརྗོད་བྱ་གོང་དང་འདྲ་བ་ལ་རྒྱལ་པོའི་དྲུང་དུ་ཞེས་པའི་འོག་ཏུ་འབེབས་མཛུབ་གང་། ཞུ་བའི་ཚབ་ལ་གསོལ་བ་བཅུག །སྤྱིར་ཚིགས་བཅད་ཀྱི་རིགས་ལ་བོད་ལུགས་ལས་སྤྲོས་པའི་བྱེད་ཐེབས་མེད། ཚིག་ལྷུག་ཡིན་ཕྱིར་རྒྱལ་པོའི་མཚན་བྱུང་ཚེ་ཡིག་འཕྲོས་སྟོང་པར་བཞག་སྟེ་འཕྲེང་རྗེས་མ་ནས་འགོ་བཙུགས་པའི་འཛུགས་རྩ་སོར་གཉིས་ཀྱིས་ཕྲེང་སྔོན་མ་རྣམས་ལས་མཐོ་བར་བྱེད། འཛམ་གླིང་བསྟན་འགྲོ་ཡོངས་ཀྱི་དཔལ་མགོན་དམ་པ་རིན་པོ་ཆེར། །གདན་ས་གོང་གི་ཞབས་དྲུང་ཁྲི་ཐོག་ཏུ་བབས་པ་རྣམས་ལ་འབེབས་སྒང་སོར་ལྔའི་འོག་ཐད་འདྲོངས་སུ་དེང་གི་དུས་ལྟ་བུ་འགོ་བཙུགས། ཆོས་ཕྱོགས་གཙོ་བོར་གྱུར་པའི་ལུགས་གཉིས་དང་འབྲེལ་བའི་བསྔགས་བརྗོད་གང་ཆེ་དང་། བཀའ་ཤོག་རྟེན་ལྡན་ཕེབས་ཚུལ། རྫོགས་མཚམས་ཀྱི་ཕུལ་ལ་ཐམ་ཀའི་རྩེས་སླེབ་ཙམ་པ་ཁ་ཡིག་གི་ཕུལ་འབེབས། ལྷ་བཅས་སྐྱེ་རྒུའི་འདྲེན་པ་ཆོས་ཀྱི་རྗེ་གདུང་བརྒྱུད་རིན་པོ་ཆེར། གདན་སའི་ཞལ་ངོ་དགུང་ལོ་བཅུ་གསུམ་ཅན་ཁྲི་ཐོག་ཏུ་ཕེབས་སྲོལ་མི་འདུག་པས་དེ་རིགས་ལ་འབབ་སྒང་སོར་བཞི་གཞན་མ་གོང་དང་འདྲ། །བསྟན་པའི་འགྲོ་བ་ཀུན་གྱི་མཆོད་སྡོང་དམ་པ་རིན་པོ་ཆེར། གདན་ས་འོག་གི་ཞབས་དྲུང་ཁྲི་ཐོག་ཏུ་ཕེབས་གྲུབ་པ་རྣམས་ལ་བཟོས་སྒོ་གདན་ས་གོང་དང་འདྲ། འགྲོ་བའི་འདྲེན་པ་མཚུངས་མེད་གདུང་བརྒྱུད་རིན་པོ་ཆེར། གདན་ས་འོག་གི་ཞལ་ངོ་དགུང་ལོ་བཅུ་གསུམ་ཡན་གྱི་ཁྲི་ཐོག་ཏུ་ཕེབས་མ་གྲུབ་པ་རྣམས་ལ་བཟོས་སྒོ་གདན་ཁྭ་ཕེབས་པ་རྣམས་དང་འདྲ། དཔལ་


GLG016_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལྷ་གཟིགས་ཕག་མོ་གྲུ་པ་ནོར་འཛིན་ཆོས་ཀྱི་རྒྱལ་པོར། སྣེའུ་སྡོང་རྩེ་ནས་ཞབས་དྲུང་རིན་པོ་ཆེ་མ་ཆེན་བློ་བཟང་མཁྱེན་བརྩེའི་དབང་ཕྱུག་ནོར་འཛིན་ཆོས་ཀྱི་རྒྱལ་པོ་ངག་གི་ལྷར་བཟོས་སྒོ་ས་སྐྱའི་ཞབས་དྲུང་ཁྲི་ཐོག་ཏུ་མ་ཕེབས་པ་རྣམས་དང་འདྲ། ལྷ་གཟིགས་རིགས་ཀྱི་ཟླ་ཚེས་མིའི་དབང་ཕྱུག་དམ་པར། སྣེའུ་སྡོང་རྩེའི་གདུང་བརྒྱུད་ཁྲིཪ་ཕེབས་ཟིན་པ་རྣམས་ལ་བཟོས་སྒོ་གོང་དང་འདྲ། དཔལ་ལྡན་མིའི་དབང་ཕྱུག་དམ་པར། སྣེའུ་སྡོང་རྩེའི་ཞལ་ངོ་ཁྲིར་ཕེབས་མ་ཟིན་པའི་རིགས་ལ་འབེབས་སྒང་སོར་གསུམ། དེང་དུས་ལྟ་བུ་འོག་ཏུ་མནོན་པའི་གསེགས་འགྲོས་གཞན་མ་གོང་འདྲ། རྒྱལ་དབང་པདྨའི་རྒྱལ་ཚབ་རིན་པོ་ཆེར། འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པ་བཞུགས་དུས་བཀུར་བཟོས་སྣེའུ་སྡོང་རྩེ་དང་འདྲ་བ་བྱེད་ཀྱིན་ཡོད་རུང་ཕྱི་སྐོར་གདུང་བརྒྱུད་ཆད་པའི་སྤྲུལ་སྐུར་འདུག་པར་གོང་གི་བབས་འབྲེལ་མ་བྱུང་བས། གྲུབ་རིགས་ཀྱི་དབང་ཕྱུག་སྤྲུལ་པའི་སྐུ་རིན་པོ་ཆེར། ཞེས་པའི་བརྗོད་བྱར་བཟོས་སྒོ་འོག་ནས་གསལ་བའི་འབྲུག་པ་སྤྲུལ་སྐུ་སོགས་དང་འདྲ། གྲུབ་རིགས་རྒྱ་མཚོའི་ཤིང་རྟ་སྟག་ལུང་དཔོན་རིན་པོ་ཆེར། བཟོས་སྒོ་སྣེའུ་སྡོང་རྩེ་དང་འདྲ། གྲུབ་རིགས་ཡོངས་ཀྱི་གསལ་བྱེད་སྟག་ལུང་ཀུན་སྤངས་རིན་བོ་ཆེར། སྟག་ལུང་ཁྲི་ཟུར་པའི་རིགས་ལ་བཟོས་གོང་དང་འདྲ། མཚུངས་མེད་མཆོག་གི་སྤྲུལ་སྐུ་རིན་པོ་ཆེར། ཀརྨ་པ་ལ་བཟོས་སྣེའུ་སྡོང་རྩེ་བ་དང་འདྲ། གར་དབང་མཆོག་གིས་སྤྲུལ་སྐུ་རིན་པོ་ཆེར། ཞྭ་དམར་བར་བཟོས་ཞྭ་ནག་པོ་དང་འདྲ། ཞྭ་དམར་ནག་གིས་སྔར་ཚུར་ཐད་བྲིས་མཛད་པའི་སྟབས་ཀྱིས་ཕར་ཡང་དེ་མཚུངས་ཤིགའདུག་ཀྱང་དེང་སང་ཞྭ་ནག་པས་ཚུར་བཟོས་ཆེ་བས་ཕར་ཡང་སྤར་བ་ཡིན། མཚུངས་མེད་ཆོས་ཀྱི་རྗེ་རིན་པོ་ཆེར། གདན་ས་ཆེན་པོ་དགའ་ལྡན་ཁྲི་རིན་པོ་ཆེ་གདན་ཟུར་ལ་འབེབས་རྩེ་སོར་གསུམ་གསེགས་འགྲོས། ཆོས་ཕྱོགས་དངའབྲེལ་བའི་ཆེ་བ་གང་ཆེ། ཆབ་ཤོག་རྟེན་ལྡན་ཕེབས་ཚུལ། ཐམ་ཁའི་ཕྱེད་ཀྱིས་ཕུལ་ནོན་པ་ཁ་ཡིག་གི་ཕུལ་འོག་ཏུ་འབེབས། གླིང་སྨད་ཞབས་དྲུང་རིན་པོ་ཆེར་དཔལ་ལྡན་བླ་མ་འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་སོགས་ནི་བླ་མའི་ཆེ་བ་ཡིན་པས་གཞན་གྱི་པར་བཀབ་མ་ཐུབ། མཚུངས་མེད་སྤྲུལ་པའི་སྐུ་རིན་པོ་ཆེར། བཀྲ་ཤིས་ལྷུན་པོའི་སྤྲུལ་སྐུ་ལ་བཟོས་དགའ་ལྡན་ཁྲི་རིན་པོ་ཆེ་དང་འདྲ། སྔར་རྗེ་གོང་མ་ལ་རྒྱལ་བ་མཆོག་གི་བདག་ཉིད་རྗེ་བཙུན་རིན་པོ་ཆེ་ཟེར་


GLG016_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཆོས་འབྲེལ་གྱི་ཆེ་བ་ཡིན་པས་སྐུ་སྐྱེ་རྣམས་ལ་རིགས་བསྒྲེ་མ་ཐུབ། དྭགས་བརྒྱུད་ཀྱི་གཙུག་རྒྱན་སྤྲུལ་སྐུ་རིན་པོ་ཆེར། དྭགས་ལྷ་སྒམ་པོའི་སྤྲུལ་སྐུར་བཟོས་གོང་དང་འདྲ། སྤྱན་སྔར་རིན་པོ་ཆེར། སྒམ་པོའི་གདུང་བརྒྱུད་སྤྱན་སྔར་བཏོན་པའི་རིགས་བཟོས་གོང་དང་འདྲ། གྲུབ་རིགས་ཀྱི་ཤིང་རྟ་སྤྲུལ་སྐུ་རིན་པོ་ཆེར། འབྲུག་པ་སྤྲུལ་སྐུའི་བཟོས་གོང་དང་འདྲ། མཚུངས་མེད་ཀརྨ་པའི་རིགས་སྲས་སྤྲུལ་སྐུ་རིན་པོ་ཆེར། མཚུར་ཕུ་རྒྱལ་ཆོས་དྲུང་པར་བཟོས་གོང་དང་འདྲ་ཞིང་། དིང་སང་ཁམས་ན་ཀརྨ་བའི་སྲས་ལ་རྒྱལ་ཚབ་སྤྲུལ་སྐུ་འདུག་ཟེར་བའི་དབང་དུ་བྱས་པ་ཡིན་གྱི། སྤྲུལ་སྐུ་གཞན་དུ་བྱུང་ན། དྲུང་པ་སྤྲུལ་པའི་སྐུ་རིན་པོ་ཆེར། ཟེར་བ་ཐོག །སྤྲུལ་པའི་རིན་པོ་ཆེར། འཕགས་པ་ལྷར་བཟོས་གོང་དང་འདྲ། །ཆོས་རྗེ་རིན་པོ་ཆེར། ཁམས་རི་བོ་ཆེའི་ཆོས་རྗེར་བཟོས་གོང་དང་འདྲ། རིགས་འཛིན་ཀུན་གྱི་གཙུག་རྒྱན་དམ་པ་རིན་པོ་ཆེར། རྡོ་རྗེ་བྲག་སྤྲུལ་སྐུར་འབེབས་རྩེ་སོར་དོ་གསེགས་འགྲོས། ཆོས་ཕྱོགས་དང་འབྲེལ་བའི་བསྔགས་བརྗོད་ཡོད་པ་ལ་གོང་མ་རྣམས་ལས་ཆུང་བ། ཆབ་ཤོག་གི་བརྗོད་བྱ། ཁ་ཡིག་གི་ཕུལ་ཕབ་ཙམ། སྤྲུལ་པའི་སྐུ་རིན་པོ་ཆེར། ཡར་འབྲོག་བསམ་སྡིངས་པ་སྦྱོར་ར་སྤྲུལ་སྐུ་ཆེ་བ། ལྕགས་ཟམ་སྤྲུལ་སྐུ་རྣམས་ཀྱི་བཟོས་རྡོ་རྗེ་བྲག་སྐུ་དང་འདྲ། དེ་མོ་སྤྲུལ་སྐུ་སྔར་བླ་མ་ཆུང་བ་ཡིན་ཀྱང་ཕྱིས་སུ་ཏའི་གུ་ཤྲིའི་ལས་ཀས་གོང་འདྲ་བར་སྤར། ཆོས་རྗེ་རིན་པོ་ཆེར། གནས་རྙིང་གི་ཁྲི་ཐོག་པ་རབ་བྱུང་དང་གདུང་བརྒྱུད་སུ་ཡིན་ཀྱང་བཟོས་གོང་དང་འདྲ། གེ་རེ་ལྷ་པའི་ཞལ་ངོ་བསླབ་གཙང་གི་རིགས་ལའང་གནས་རྙིང་པ་དང་མཚུངས་ཤིང་། ར་ལུང་འབྲུག་པ་གསུང་བརྒྱུད་མ་ཆད་པའི་སྐབས་ལྷ་གནས་གཉིས་དང་འདྲ་བ་བྱེད་འདུག །མཁན་རིན་པོ་ཆེར་དགེ ། ཚོགས་སྡེ་བཞི། ཞ་ལུ་མཁན་པོ་རྣམས་ལ་ནང་དུ་འབེབས་མེད་པའི་ཐད་བྲིས་ཀྱི་ཞེ་ས་གོང་དང་དབྱིབས་འདྲ་བ་ཡོད་པ་ལ་མཐའ་རྟེན་དང་ཁ་ཡིག་གི་མཐར་ཕུལ་གྱི་ཚབ་ལ་དགེ་འཇུག་ཞིང་། འདི་ནས་བཟུང་དགེ་དང་བྲིས་ཡོད་པའི་སྟེང་དུ་ཐམ་ཀའི་དཀྱིལ་སྨད་ཀྱིས་སླེབས་པ་བརྒྱབ། འདི་མན་ཀྱི་ཕུལ་མེད་པ་ཐམས་ཅད་ལ་ཟུར་ཐེལ་བྱེད། ཞ་ལུ་མཁན་ཆེན་ཀུན་སྤངས་པའི་རིན་ཅེན་བསོད་ནམས་མཆོག་གྲུབ་ལ་རིགས་ཀུན་ཁྱབ་བདག་སོགས་ཀྱི་བཟོས་ཡོད་པ་ནི་ཆོས་འབྲེལ་ཀྱི་ཆེ་བའི་དམིགས་བསལ། ཆོས་རྗེ་རིན་པོ་ཆེར་དགེ ། གསང་སྔགས་


GLG016_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་སྟོད་སྨད་གོང་དང་འདྲ། སྤྲུལ་པའི་སྐུ་ལ། རྟ་ཚག་སྤྲུལ་སྐུ། གཟིམས་ཁང་གོང་སྤྲུལ་སྐུ། སོག་ཡུལ་གྱི་བྱམས་པ་སྤྲུལ་སྐུ། སྟོང་བསྐོར་སྤྲུལ་སྐུ་གསུམ། འཇམ་དབྱངས་སྤྲུལ་སྐུ། ལྷོ་བྲག་དཔའ་བོ། སི་ཏུ་སྤྲུལ་སྐུ། ཉི་ལྡེ་སྤྲུལ་སྐུ་རྣམས་ལ་ཐད་བྲིས་ཀྱི་ཞེ་ས་རྐང་མ་ཆག་འོག་ཏུ་བྲིས། ཧོར་ཚང་ཆོས་རྗེ་ལ། ཏྲེ་བོ་ཧོར་ཚང་པའི་ཁྲི་པའི་ཏའི་སི་ཏུའི་ལས་ཀ་དང་བཅས་བཟོས་གོང་དང་འདྲ། བྱང་རྩེ་ཆོས་རྗེ་ལ། དགའ་ལྡན་བྱང་རྩེ་ཐོང་བཟོས་གོང་གི་སྤྲུལ་སྐུ་དང་འདྲ། ཤར་པར་བྱང་རྩེ་བའི་ཚབ་ཏུ་འདབ། དེས་མཚོན་ན་ལེནྡ་ཆོས་རྗེ་བཅོ་བརྒྱད་པ་ལ། ཡར་ཀླུངས་བཀྲ་ཤིས་རྩེའི་དཔོན་ངག་དབང་བསོད་ནམས་ལ། ཆོས་རྗེ་ཡོན་ལ། སྒེར་པ་བ་དང་སྟོང་རི་བོ་ཆེ་པའི་མི་ངོ་བླ་མའི་རིགས་ལ་ལྕགས་ཟམ་ཆོས་རྗེ། ཁམས་རྒྱ་སྟོན་པར་རྒྱ་སྟོན་ཆོས་རྗེ། རྒྱལ་ལེགས་བཤད་གླིང་ཆོས་རྗེ་རྣམས་ལ་བཟོས་གོང་དང་འདྲ། །བཀྲ་ཤིས་རྩེའི་སློབ་དཔོན་མགོན་པོ་བསོད་ནམས་མཆོག་ལྡན་ལ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་སོགས་ཀྱི་བཟོས་ནི་བླ་མའི་ཆེ་བའི་དམིགས་བསལ། སྒམ་པོ་གདུང་བརྒྱུད་ལ། སྤྱན་སྔར་མ་འཁོད་པའི་རིགས་དང་། ལྷ་གདུང་བརྒྱུད་ལ། གེ་རེ་ལྷ་པའི་ཞལ་ངོ་དཀྱུས་མ་རྣམས་ལ་བཟོས་གོང་དང་འདྲ། ངམ་རིང་མཁན་ཆེན་པ་ལ། བཟོས་རྩེ་ཤར་དང་འདྲ་བའི་རིགས། མངའ་རིས་ཁྲི་རྩེ། བཟང་ལྡན། ལུང་བུ། ཆོས་འཁོར་ལྷུན་པོ། འདར་གྲང་མོ་ཆེ། ལྷུན་པོ་རྩེ། གངས་ཅན་ཆོས་འཕེལ། བཀྲ་ཤིསལྷུན་པོ། སྣར་ཐང་། ངོར་ཨེ་ཝཾ་ཆོས་ལྡན། གསེར་མདོག་ཅན། དཔལ་འཁོར་བདེ་ཆེན། ཐུབ་བསྟན་རྣམ་རྒྱལ། ཐུབ་བསྟན་ཡངས་ཅན། ཤངས་རི་བོ་དགེ་འཕེལ། སྐྱིད་ཚལ་གོང་། གྲ་བྱམས་པ་གླིང་། གྲ་ཐང་། རི་བོ་བདེ་ཆེན། སྤྱན་གཡས། གཉལ་སྡེ་དྲུག །རྫིང་ཕྱི། ཀུན་དགའ་ལྡན་རབ་བརྟན། བྱང་ར་སྒྲེང་། སྐྱོར་མོ་ལུང་། གསང་སྔགས་མཁར། འཕགས་སྡེ་བཞི་རྣམས་འགྲེ། བྱ་ཡུལ་སྤུན་སྡེ་ལ། འདི་དང་། འཆད་ཀ ། བདེ་ཆེན་ཡངས་པ་ཅན་གསུམ་གྱི་སྤྱན་སྔར་བཟོས་གོང་དང་འདྲ། སེམས་དཔའ་སྤྲུལ་སྐུ་ངག་དབང་ཕུན་ཚོགས་ལ། རིགས་འཛིན་གསུང་སྤྲུལ། ཏྲེ་བོ་སྤྲུལ་སྐུ། རས་ཆུང་ཕུག་སྤྲུལ་སྐུ། རྒྱལ་སྲས་ཤེར་འཕེལ་བའི་སྤྲུལ་སྐུ། ཐུགས་སྲས་ཟླ་བའི་སྤྲུལ་སྐུ་ཁམས་ཀྱི་ངག་དབང་སྤྲུལ་སྐུ། སྦྱོར་ར་སྤྲུལ་སྐུ་ཆུང་བ། གྲུབ་དབང་སྐུ་སྐྱེ། ཟངས་


GLG016_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐུ་སྐྱེ། བདེ་ཆེན་ཆོས་འཁོར་བ། སྡིངས་པོ་ཆེ་བ་རྣམས་ལ་སྤྲུལ་སྐུའི་མཐར་མཚན་འབོད་ལ་ཡིག་དང་བཟོས་རྐང་མ་ཆག་བྱེད། ཆོས་རྗེ་འུག་པ་ལུང་པ་ལ། རྟ་ནག་སྒྲོལ་མ་ཕུག་པ། མངའ་བདག་སྨའི་འུག་པ། ལྷོ་བྲག་གནས་བཞི་པ། བསམ་ཡས་དཀར་པོ་བ། ལ་སྟོད་བསེ་བརྒྱ་མཁར་བ་སོགས་བཀའ་གཏེར་གྱི་བརྒྱུད་པ་ཁུངས་བཙུན་ཆེ་བས་ངེས་ཆོས་རྒྱུད་ཀུན་ཟིན་པའི་རིགས་རྣམས་ལ་བཟོས་གོང་གི་སྤྲུལ་སྐུ་རྣམས་དང་འདྲ། གདན་ས་ཆེན་པོ་རི་བོ་དགའ་ལྡན་སྤྱི་སོར་སྤྲོད། ནང་དུ་རི་མོ་རྟེན་ལྡན་འབྱོར་ཚུལ་སོགས་ལས་ཞེས་པར་བཀབ་དགོན་པ་ཚོར་བྱེད་སྲོལ་མི་འདུག །ཆོས་སྡེ་ཆེན་པོ་སྤྱི་སོར་སྤྲོད། སེ་འབྲས་གཉིས་ལ་འདི་བཞིན་བྱེད། ངམ་རིང་ཆོས་སྡེ་སྤྱི་སོར་སྤྲོད། འདིས་མཚོན་ཆོས་སྡེ་ཆེན་པོའི་རིགས་རྣམས་འགྲེ། བཀྲ་ཤིས་སྡེ་ཆེན་སྤྱི་སོར་སྤྲོད། འདིས་མཚོན་ཆོས་སྡེ་ཆུང་བའི་རིགས་རྣམས་འགྲེ། བློ་གསལ་གླིང་དུ་སློབ་དཔོན་པར་སྤྲོད། འདིས་མཚོན་སེར་འབྲས་དགེ་གསུམ་གསང་ཕུ་སོགས་དབུས་གཙང་གིས་དགེ་དགོན་ཆོས་སྡེ་ཁག་གི་གྲྭ་ཐ་དཔོན་ལ་རིགས་འགྲེ་ཞིང་། མིང་ཤེས་ན་སློབ་དཔོན་གྱི་མཐར་མིང་འབོད་བྱས་ཆོག །དཔོན་སློབ་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ལ་རིགས་ཀུན་ཁྱབ་བདག་སོགས་ཀྱི་བཀུར་བཟོས་ནི་ཆོས་འབྲེལ་གྱི་ཆེ་བ་ཡིན་ཞིང་གདན་ས་སེར་འབྲས་ཀྱི་སློབ་དཔོན་རྣམས་དང་འདྲ། བཀྲ་ཤིས་སྡེ་ཆེན་བླ་མར་སྤྲོད། འདིས་མཚོན་ས་དགེའི་ཨ་མའི་ཁྲིམས་རྣམས་ལ་འགྲེ། ཡང་རི་དྲུང་པར་སྤྲོད། ཡང་ཟུར་གཉིས་ལ་དྲུང་པ་ཟེར་གྱི་འདུག་ཅིང། དེ་ཕྱིར་ཀར་འབྲུག་འབྲི་སྟག་གི་གྲྭ་ཚང་དང་དགོན་དཀྱུས་མའི་རིགས་ལ་བླ་མའི་མཐར་མིང་འབོད། ཆོས་རྗེ་དར་རྒྱས་ཆོས་སྡིངས་པར་སྤྲོད། རྙིང་ལུགས་ཀྱི་གྲྭ་ཚང་གི་བླ་མ་དང་གདུང་བརྒྱུད་དཀྱུས་མའི་རིགས་ལ་ཆོས་རྗེའི་མཐར་མིང་འབོད་བྱེད། གུང་ཐང་དཔོན་སློབ་ཟུར་ཆོས་དབྱིངས་རང་གྲོལ་ལ་རིགས་འཛིན་ཡོངས་ཀྱི་གཙུག་རྒྱན་འཁོར་ལོའི་མགོན་པོ། དཔོན་སློབ་སྨན་ལུང་ནས་རིག་སྔགས་འཆང་བ་ཀུན་གྱི་འཁོར་ལོས་སྒྱུར་བ། དར་སྡིངས་གཏེར་སྟོན་པ་སྤྲུལ་སྐུ་རིགས་འཛིན་ཆེན་པོ་སོགས་བཟོས་ཆེ་བ་ནི་ཆོས་འབྲེལ་ཞུས་པ་དང་གཏེར་སྟོན་གྱི་ཆེ་བ་ཡིན་པས་རྗེས་འཇུག་རྣམས་ལ་རྒྱས་མི་ཁེབས་ལ། རྙིང་ལུགས་ཀར་འབྲུག་གི་སྐུ་སྐྱེ་དཀྱུས་མའི་རིགས་ལ་སྤྲུལ་


GLG016_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའམ་སྐུ་སྐྱེའི་མཐར་མིང་འབོད་སྤྲོད་ཡིག་བྱང་གཡུང་དྲུང་བོན་གྱི་རྗེ་ལ། ཞང་སྟོན་དར་སྡིངས། རི་ཞིང་སོགས་བོན་པོ་གདུང་བརྒྱུད་ཁུངས་བཙུན་རྣམས་བོན་མ་དཀྱུས་མ་ཚོར་བླ་མའི་མཐར་མིང་འབོད་སྤྱོད་ཡིག་བྱེད། ཕྱག་མཛོད་བློ་བཟང་ངག་དབང་ལ་སྤྲོད། འདི་དབུ་མ་ཕྱག་མཛོད་པ་དཔེར་བརྗོད་པ་ཡིན་ཞིང་དེ་དག་མཚོན་ནས་གོང་འོག་འབྲི་སྟག །དགའ་ལྡན་ཁྲི་གདན་ཟུར། བཀྲ་ཤིས་ལྷུན་པོ། སྐར་འབྲུག །འཕགས་པ་ལྷ་སོགས་བླ་ཆེན་གྱི་ཕྱག་མཛོད་པའི་རིགས་ལ་འགྲེ་ཞིང་། ཡང་དབོན་པོའི་རིགས་ཡིན་ན་དབོན་པོ་ཕྱག་མཛོད་དམ་དཔོན་ཆེན་གྱི་མིང་འབོད་བྱས་ཀྱང་ཆོག །ས་སྐྱོང་བ་ལྷ་ངག་དབང་དགའ་ལྡན་རབ་བརྟན་ལ། རྒྱ་རིམ་ཆེན་གྱི་མཚན་ལ་དཔེར་བརྗོད་པ་ཡིན། སྲས་ཁྲིར་བཏོན་པ་ལ་རིགས་འགྲེ་ཞིང་ཐད་བྲིས་ཀྱི་ཞེ་ས་ཚོགས་སྡེ་བཞི་རྣམས་དང་དབྱིབས་འདྲ་བའི་འོག་ཏུ་བྲིས་དང་ཁ་བྱང་ལ་ལ་ཁ་ཡིག་བྱེད། ས་སྐྱོང་བ་བྱ་རྒྱ་པོ་བཀྲ་ཤིས་ལ། ད་ལྟའི་བྱ་བ་མ་ཆེན་དང་སྲས་ཁྲི་འདོན་བྱས་པ་རྣམས་ལ་བཟོས་རྒྱ་རི་བ་དང་འདྲ། ལྷ་བྱའི་ཞལ་ངོ་ཁྲིར་མ་བཏོན་པ་ལ་སྡེ་པའི་མཐར་མཚན་འཁོད་ལ་ཡིག་བྱེད། འབྲོག་ཁྲི་དཔོན་ཟིལ་གནོན་དབང་རྒྱལ་རྡོ་རྗེ་ལ། བཟོས་རྒྱ་རི་བ་དང་འདྲ་ཞིང་དེང་སང་དཀར་ཆས་སུ་བསྒྱུར་ནས་བླ་ཚུགས་མཛད་འདུག་པ་ཚད་ལྡན་བྱུང་ན་རྟ་ཚག་པའི་གྲས་ཀྱི་སྤྲུལ་སྐུའི་བཟོས་དགོས་མི་དགོས་བརྟག །ལྷུན་པོ་རྫོང་པ་ལའང་ཁྲི་དཔོན་གྱི་མཐར་མཚན་འབོད་ལ་ཡིག །ས་སྐྱོང་རྡོ་རྗེ་རྣམ་རྒྱལ་ལ། སྟག་ཙེ་ཐའི་ཇིར་པར་མཚོན་པའི་བདེ་ཆེན། ཚལ་ཕོ་མདོ་བ། ཁམས་རི་བོ་ཆེའི་བདེ་བ་ཕག་མོ་བ་རྣམས་ལ་ས་སྐྱོང་གི་མཐར་མཚན་འབོད་པ་ཡིན། ནོར་འཛིན་སྐྱོང་བ་རིགས་ལྡན་དབང་མོ་ལ། སྣེའི་སྡོང་རྩེའི་བདག་མོ་དང་ལྕམ་གྱི་རིགས་ལ་བཟོས་བྱའི་ཁྲི་པ་རྣམས་དང་འདྲ། ཁྲི་ལྕམ་ནོར་འཛོམ་ལ། སྣ་དཀར་རྩེའི་སྲས་མོ་རྣམས་ལ་འདི་བཞིན་དང་། སྡེ་དཔོན་གཞན་གྱི་སྲས་མོར་དཔོན་སའི་མཐར་མཚན་འབོད་པ་ལ་ཡིག །ཐོན་ལེགས་ལྡན་དབང་པོ་ལ་སྤྲོད། འདིས་མཚོན་འབོག་མདོངས། ལྕང་ར་བ། བང་རིམ་པ། སྤྱི་བ་པ། འདར་གདོང་། འབྲོང་ཙེ་བ་བྱིང་རྣམ། ཀོང་པོ་དཔོན་ཁག་སོགས་ནང་སོ་རྣམ་པས་ཐོག་དྲངས། གྲ་རིགས་དྲུང་འཁོར་མི་སྡེ་དཀྱུས་མའི་རིགས་ཀུན་ལ་དབྱིབས་


GLG016_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་མཚུངས་པ་ལས་དྲག་ཞན་གྱི་པར་བཀབ་མེད། རྒྱ་གར་གྱི་རྒྱལ་རིགས་ཤིང་སཱ་ལ་ལྟ་བུ་ཤ་ཧ་སུ་ཛ་ལ་ཕུལ། རྒྱ་གར་གྱི་ཡུལ་ཕལ་ཆེར་ལ་མངའ་རྒྱུར་བར་ཤཱཀྱ་རྭ་ཛའི་སྲས་ཤ་ཧ་སུ་ཛ་ལ་ནང་དུ་ཐད་བྲིས་ཀྱི་ཆེ་བ་གང་ཆེའི་ངོས་ནས་གསོལ་བ་སོགས་ཚིག་སྦྱོར་གང་ལེགས་དང༌། མཇུག་ཏུ་ཕུལ་ཙམ་བྱེད། ཡངས་པའི་ས་ཆེན་པོ་སྐྱོང་བ་ཨ་ཤོང་རཱ་ཛ་ལ་ཕུལ། རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་ཨ་ཤོང་ལ་བཟོས་གོང་དང་འདྲ། ནི་པཱ་ལ་ཡམ་བུའི་ས་སྐྱོང་བའི་རྒྱལ་པོ་ཆེན་པོར་ཕུལ། ཡམ་བུའི་རྒྱལ་པོ་ལ་ནང་དུ་ཐད་བྲིས་ཀྱི་བཟོས་གང་ཆེ་ཨ་ཤོང་དང་འདྲ། ཁོ་ཁོམ། ཡེ་རང་། མོན་འཛུམ་ལང་རྣམས་ལ་སྐབས་ཐོབ་ཀྱི་མཚན་བསྒྱུར་བའི་བཟོས་གོང་དང་འདྲ། གངས་ཅན་བོད་ཀྱི་ལྷ་བཙན་པོའི་གདུང་བརྒྱུད་དྲི་མ་མེད་པར་ཕུལ། གུ་གེ་རྒྱལ་པོ་ཡབ་སྲས་ལ་བཟོས་གོང་དང་འདྲ། དཔལ་ལྡན་ལྷའི་བཙུན་པ་རིན་པོ་ཆེར་ཕུལ། གུ་གེའི་ཞལ་ངོ་བླ་མའི་རིགས་ལ་འདི་བཞིན་བྱེད། དཔལ་ལྡན་མི་དབང་ཐུ་བོར་ཕུལ། སྔོན་གྱི་ལ་དགས་པ་པོ་ཁུངས་བཙུན་རྣམས་ལ་འདི་བཞིན་མཛད་སྲོལ་འདུག་ཀྱང་། དེའི་བློན་པོ་སེང་གེ་རྣམ་རྒྱལ་གྱིས་འབངས་གྱེན་ལོག་བྱས་པར་བརྟེན་དབུས་གཙང་ཕྱོགས་སུ་རུས་འཁྱར་འདྲ་བས་ཡིག་བཟོས་ཐོབ་པའི་རིགས་མི་འདུག །མངའ་རིས་མང་ཡུལ་གྱི་ས་སྐྱོང་བདེ་ལྡན་རྣམ་རྒྱལ་ལ། ལ་དགས་རྒྱལ་པོ་མཆེད་ལ་བཟོས་རྒྱ་རི་བ་དང་འདྲ། ས་སྐྱོང་བ་ཕུན་ཚོགས་རྣམ་རྒྱལ་ལ། རུ་ཐོག་དབང་པོའི་ཡབ་ལ་འདི་བཞིན་བྱེད་ཡོད་པ་སྲས་རྣམས་ལའང་འདྲ། འཇང་ནོར་འཛིན་སྐྱོང་བའི་དགེ ། འཇང་རྒྱལ་པོར་བཟོས་སྒོ་ཚོགས་སྡེ་བཞི་དང་འདྲ་ཞིང་། རྒྱ་བལ་སོགས་མཐའི་རྒྱལ་པོ་རྣམས་ཀྱི་བློན་པོར་མིང་ཡིག་གི་མཐར་སྤྲོད་ཡིག་བྱེད། སྡེ་བརྒྱད་ཡོངས་ཀྱི་རྗེ་བོ་སྤྲུལ་པའི་ཆོས་རྒྱལ་ཆེན་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོར་དགེ ། བསམ་ཡས་ཆོས་སྐྱོང་ཆེན་པོར་ནང་དུ་ཐད་བྲིས་བརྗོད་བྱ་གང་ལེགས་ཡིན་ཀྱང་ཆོས་སྐྱོང་གི་རིགས་ལ་ཟུར་ཐེལ་བྱེད་སྲོལ་མེད། དྲེགས་པའི་སྡེ་དཔོན་གནོད་སྦྱིན་ཆེན་པོར་དགེ ། རྩེ་དམར་བ། གནོད་སྦྱིན་རྒྱལ་པོ་ཤིང་བྱ་ཅན༌ལ་དགེ ། བར་ཁང་རྒྱལ་པོ། སྤྲུལ་པའི་རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་ལ་དགེ ། གནས་ཆུང་བ། དཔལ་ལྡན་ཚངས་པ་དུང་ཐོད་ཆེན་པོར་དགེ ། ལ་མོ་བ། རྒྱལ་


GLG016_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཤིང་བྱ་ཅན་བཤན་པ་ལག་དམར་ལ་དགེ ། ཐང་པོ་ཆེ་བ། ལྷ་རུ་རྒྱལ་ཆེན་མོན་བུ་པུ་ཏྲར་དགེ ། ལྟ་རུ་བ། དཔལ་ལྡན་ཚངས་པ་ཆེན་པོར་དགེ ། ཁྲ་འབྲུག་པ། ཚངས་པའི་བཀའི་བྱ་ར་བ་ལ། བསེ་སྐུ་བ། གནོད་སྦྱིན་ཆེན་པོ་བཤན་པ་བྱ་ཁྲིད་མིག་གཅིག་པར་དགེ ། ཚོང་འདུས། སྟོབས་ལྡན་བཙན་རྒོད་ཆེན་པོར་དགེ ། བྲག་དམར་རོང་བཙན། འཕྱོས་གྲིབ་བཙན། ཁམས་གསུམ་ཆོས་སྐྱོང་། ཁ་ཆེ་དམར་པོ། སྐྱིད་གཤོང་བཙན་གསར་སོགས་ལ་འགྲེ། ཆོས་འཁོར་སྟེང་གི་རྒྱལ་པོ་ལ། ཆོས་འཁོར་སྟེང་། བཙན་རྒོད་རྒོད་པོ་རྟ་ར་བ་ལ། རྒོད་པོ་རྟ་ར་བ། སྦས་པའི་རྒྱལ་པོ་ལ། མཆིམས་ཕུ་སྦས་རྒྱལ། དགའ་གདོང་གནས་སྲུང་ཆེན་པོ་ལ། དགའ་བ་གདོང་། ལས་མཁན་ཁྱི་འཇུག་པ་ལ། སྐྱོར་ལུང་གནས་སྲུང་། དད་ལྡན་ཟིན་ནང་སོ་ལ། ཐད་བྲིས་ཀྱི་བཟོས་རྐང་མ་ཆག །མཇུག་ཏུ་བྲིས་དང་ཁ་བྱང་ལ་ལ་ཡིག །དེས་མཚོན་ཞིང་སྐྱོང་ནང་སོ། མདོ་པ་ནང་སོ། མི་ཉག་ནང་སོ། ཨོ་རྒྱན་ནང་སོ། འདི་ལྔ་ལ་ཨ་མདོའི་ནང་སོ་རྣམ་ལྔ་ཟེར། ཁྱི་དོར་རྟ། ཁི་ཚན་ཀྱང་། གྲོ་ཚང་ནང་སོ། བྲག་ཏེ་རྟེན་འབུལ་ནང་སོ། བསམ་བློ་ཡང་དགོན་ནང་སོ་སོགས་རྒྱ་ནག་གི་ལས་ཀ་ཡོད་པ་རྣམས་ལ་རིགས་འགྲེ། ནང་ཕྱོགས་ཀྱི་བླ་དཔོན་ཆུང་བའི་རིགས་ལ་དར་ལྡན་གྱི་མཐར་མིང་འབོད་སྤྲོད་ཡིག །སྐུ་འབུམ་ཆོས་རྗེ་ལ་སྤྲོད། བྱ་ཁྱུང་། དགོན་ལུང་། བླ་མ་བཙན་པོའི་གང་ནས་སོགས་ལ་རིགས་འགྲེ། མང་བཀུར་རྒྱལ་པོའི་རིགས་ལས་དད་སྟོབས་ཀྱི་དབང་ཕྱུག་ཐོབ་ཆེ་ཆིན་ཝང་ལ། ཕོ་བྲང་ནང་གི་རྒྱལ་པོ་དང་སྐུ་རུས་གཅིག་པའི་ཝང་རྣམས་ལ་བཟོས་འཇངས་རྒྱལ་པོ་དང་འདྲ། གནམ་གྱི་བུ་དང་སྟོབས་ཀྱི་དབང་ཕྱུག་ཆ་ཁར་ཝང་ལ། འདི་དང་དབྱིབས་འདྲ་བ་ཇུ་ནང་ཝང་ལ་བྱེད་ཅིང་བཟོས་ནང་གི་ཝང་དང་འདྲ། ཕྱི་ལོགས་ཀྱི་ཝང་དཀྱུས་མ་རྣམས་ལ་སྟོབས་ཆེ་ཆུང་དང་བསྟུན་པའི་དད་སྟོབས་དང་དད་ལྡན་གང་རིགས་སྦྱར་བའི་འཇུག་ཏུ་སྤྲོད་ཡིག །བེའི་སེ། པའི་ལི་སོགས་ལ་དད་ལྡན་གྱི་མཐར་མིང་འབོད་སྤྲོད་ཡིག །ཚེ་རིང་གནམ་གྱི་རིགས་ལས་དད་སྟོབས་ལྡན་པ་ཇ་སག་ཐུ་རྒྱལ་པོ་ལ། ཁལ་ཁ་གཡས་རུའི་རྒྱལ་པོའི་འདི་དང་དབྱིབས་འདྲ་བ། གཡོན་དུ་ཐུ་ཤི་ཡེ་ཐུ་རྒྱལ་པོ་ལ་བཟོས་རྒྱ་ནག་གི་ཝང་རྣམས་དང་འདྲ། དད་སྟོབས་ཀྱི་དབང་ཕྱུག་སེ་ཆེན་


GLG016_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལ། ཨོ་རོད་སེ་ཆེན་རྒྱལ་པོ་དང་བསྟན་འཛིན་ད་ལའི་རྒྱལ་པོ་སོགས་གོང་དང་འདྲ། ཁལ་ཁ་ཨོ་རོད་ཀྱི་ཐའི་ཇི་དང་དཔོན་པོ་དམངས་མར་སྟོབས་དང་བསྟུན་པའི་དད་ལྡན་གང་རུང་སྦྱར་བའི་མཚན་འབོད་མཇུག་ཏུ་སྤྲོད་ཡིག །དེའང་རྒྱ་ཧོར་གྱི་དཔོན་པོ་རྣམས་ཀྱི་ཧུང་ལར། ཏ་ལའི་བླ་མ་བཛྲ་དྷ་རས་ཞེས་བྲིས་པ་ནས་མཁྱིད་གང་ཙམ་ཕབ་པའི་འོག་ཏུ། དད་སྟོབས་ལྡན་པ་འདི་ཞེས་བྱ་བར་ཟློ་བ་ཞེས་པ་སྦྱར་སྲོལ་ཡང་། གོང་མ་ཝ ན་ལིའི་ལུང་གིས། ཀྭན་དིང་ཏའི་གུ་ཤྲི་ཞེས་ཀུན་གྱི་གཙུག་ན་མངོན་པར་མཐོ་བའི་རྒྱལ་ཁམས་ཀྱི་འདྲེན་པ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་གཏམ། འདི་འགོ་བརྗོད་དུ་བྱས་ཚེ་སྔར་འཕགས་པ་རིན་པོ་ཆེའི་བཀའ་ཤོག་ས་གསུམ་མར་རྒྱག་སྲོལ་འདུག་ཀྱང་ཕྱིས་སུ་ས་གསུམ་མ་ཐམ་ཤུ་བྱས་ནས་བཀའ་ཤོག་ངོ་བོ་འཕགས་པའི་ཡི་ཕའུའི་ཤེལ་ཐམ་ཆེན་པོ་བརྒྱག་པ་ཡིན་ཞིང་། ཡང་རྒྱ་ཧོར་གྱི་ཐམ་ཁ་གོང་མ་གཉིས་གཏོང་བའི་ལུགས་ཀྱང་ཡོད་པས་གང་བདེ་ཡིན། གོང་མ་ཧོང་དེའི་ལུང་གིས། ཟི་ཐེན། ཏཱ་ཞན། ཙི་ཙེའི་སྭོ། ཤོ་ཝུའི་ཐིན་ཞ། ཤ་ཀྱོའུ། ཡི་ཐང་། བཱི་ཞི། དའི་ཆི་ཀྱིང་གང་། དེའི་ཁེའི། ཤང་ཟི་ཙི་ཡིན། ཞེས་ནུབ་ཀྱི་ལྷ་གནས་ཆེས་དགེ་བ་བདེ་བར་གནས་པའི་སངས་རྒྱས་ལ་བཀའ་ལུང་གནམ་འོག་བསྟན་པ་གཅིག་གྱུར་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མཪ་དབང་བསྐུར་བའི་གཏམ། ཞེས་པ་འདི་གོང་ནས་གནང་བའི་གསེར་ཐམ་ཆེན་མོ་རྒྱག་དུས་ཀྱི་ལམ་ཡིག་གི་འགོ་རྒྱངས་ལ་འདྲི། ཐམ་ཤུ་རྒྱ་ཡིག་མའམ། ཐོ་ཤྲ་རྙིང་པ་གང་རིས་བྱེད། ཅུང་ཟད་བསྡུས་པ་བྱེད་ན། གོང་མའི་ལུང་གིས། དེའི་ཆི་ཀྱིན་གང་ཞེས་སྲིད་ཞིའི་གཙུག་རྒྱན་དུ་དབང་བསྐུར་བའི་གཏམ། ཞེས་པའང་བྱེད་སྲོལ་ཡོད། གསེར་གྱི་རྒྱལ་པོའི་ལུང་གིས། ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་ཏ་ལའི་བླ་མ་བཛྲ་དྷ་རར་འབོད་པའི་གཏམ། འདི་སོག་པོ་ཚོ་ཆེན་བཞི་བཅུ་དང་། ཨོ་རོད་ཚོ་པ་བཞིར་ལམ་ཡིག་གཏང་བའི་འགོ་རྒྱངས་ལ་བྱེད་ཅིང་ཐམ་ཀ་ཨལ་ཐན་རྒྱལ་པོས་ཕུལ་བའི་གསེར་ཐམ་བརྒྱབ། ལམ་ཡིག་གི་རིགས་ལ་སྤྲིང་ཡིག་བྱེད།


GLG016_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་བའི་པྲི་ཏྟ་ལས་མེ་ཏོག་འཕྲེང་ཅན) སཔྟཤཱརཀཱཏྭེནུབྷཱབཏྭཁོགོམསཱནྡྷནྷཱབཱཧུལྱརའཛྙབྷཱུལཾཏེཔིཏཱནཔྟཀཱདིརྷིམཱགྷོཥཱཔིཏཱནཔྟཀཱདིརྷིམཱགྷོཏྱདེབོཡུདྲྀཥྱཀྲ་བརྟུཀསཾཔརྞཀ༔ སྣ་བདུན་རིན་ཅེན་མཐུ་ལས་གནམ་དང་ས། །བར་མཚམས་མེད་བདག་མང་བཀུར་རྒྱལ་པོའི་རིགས། །མེས་དཔོན་གསུམ་སོགས་གངས་ཅན་བོད་ཡུལ་ལྷ། །རྩོད་དུས་འཁོར་ལོས་སྒྱུར་རྣམས་གཅིག་ཏུ་བསྔགས། །གོང་མའི་ལུང་གིས་ནོར་འཛིན་དཔལ་མོའི་མངལ། །རབ་ལྕི་ཆོས་ཀྱི་རྒྱལ་པོ་འཕགས་པའི་ཞབས། །ལྷ་གཟིགས་ཕག་མོ་གྲུ་པའི་སྡེ་སྲིད་ཅེས། །གྲགས་པ་དོན་ལྡན་ཆེན་པོའི་ཚུལ་ལ་རངས༌། །ཡ་རབས་འདུན་སར་དུས་ཀྱི་དགའ་སྟོན་ལ། །མཆོག་དམན་བར་པའི་ཕྲ་རགས་ཞིབ་ཕྱེ་ནས། །ཁྲི་སྟན་རྣམ་དབྱེ་རབ་གསལ་མེ་ལོང་འདིར། །བླང་དོར་གཟུགས་བརྙན་འཆར་རོ་དཔྱོད་ལྡན་ཀྱེ། །དེ་ཡང་ཆོས་འབྱུང་གསལ་བའི་མེ་ལོང་ལས། །རྒྱལ་པོས་ཁྲིམས་སུ་བཅས་པའི་ལེའུར། བཀྲ་ཤིས་ཉམས་སུ་དགའ་བ་བྲག་ལྷའི་ཚལ། །ལྗོན་ཤིང་སྟར་ཁ་སྡོང་པོའི་བསིལ་གྲིབ་ལ། །ཆོས་རྒྱལ་ཆེན་པོ་ཁྲི་ཡི་སྟེང་ན་བཞུགས། །དཔའ་མཛངས་འཕྲུལ་ལྡན་བློན་པོའི་ཚོགས་དང་བཅས། །བོད་འབངས་འཁོར་དང་བཅས་


GLG016_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐ་མ་བསྐོར། །ཞེས་དང་། བློན་པོ་ཐུ་མིས་རྒྱ་གར་དུ་ཡིག་རིགས་བསླབ་པར་བྱོན་པའི་དུས་ཀྱི་གསུང་ལས། བདག་ནི་མཐའ་འཁོབ་བོད་ཀྱི་བློན་པོ་ཡིན། །བདག་གི་རྒྱལ་པོ་ཐུགས་རྗེ་ཆེན་པོ་ལགས། །བཅུ་གསུམ་ལོན་ནས་རྒྱལ་སར་རབ་བཟུང་སྟེ། །རིན་ཅེན་ཁྲི་ཡི་སྟེང་དུ་བཞུགས་པའི་དུས། །འཁོར་འབངས་རྣམས་ལ་ཆོས་ཀྱིས་ཚིམ་པ་དང་། །དགེ་བ་བཅུ་ཡི་རྒྱལ་ཁྲིམས་འཆའ་བ་ལ། །བདག་གི་ཡུལ་ན་ཡི་གེའི་སྲོལ་མེད་པས། །བདག་ལ་ཕྱག་རྟེན་རྒྱགས་ཕྱེ་བསྐུར་ནས་ནི། །ཁྱེད་ཀྱི་དྲུང་དུ་ཡི་གེ་བསླབ་ཏུ་བཏང་། །ཞེས་པ་ལྟར་རྒྱལ་པོ་བཞུགས་པའི་ཁྲི་དངོས་སུ་བསྟན་ཅིང་། རྒྱ་ནག་གི་སྐད་དུ་གྲུམ་ཙེ་དང་པོར་ཏར་ཟེར་གདན་གྱི་རྒན་རབས་རྣམས་ལ་གྲགས་པས་ཆོས་རྒྱལ་མེས་དབོན་གྱི་དུས་ནས་གདན་གྱི་རྣམ་གཞག་རགས་རིམ་ཡོད་པར་མཐོང་ཞིང་ཤར་རྒྱལ་པོའི་ལུང་གིས་བོད་ཆོལ་ཁ་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པར་ཕུལ་བའི་ཚེ་ལས་ཚན་བཅུ་གསུམ་དུ་གྲགས་པའི་ནང་དུ་ཐབ་འདྲེན་གདན་གསུམ་ཞེས་གདན་གཉེར་གསལ་བར་ཐོན་ཞིང་གནམ་གྱིས་བསྐོས་པའི་རྒྱལ་པོ་ཕག་མོ་གྲུ་པ་མངའ་ཐང་སྒང་ལ་བརྒྱག་པའི་དུས་འདི་སྐོར་གྱི་རྣམ་གཞག་ཤིན་ཏུ་དར་ལ། ཞྭ་དམར་ནག་སོགས་རྒྱལ་ཁམས་ཕྱོགས་མེད་དུ་བསོད་སྙོམས་ལ་ཕྲིན་ལས་ཆེན་པོའི་མིང་གིས་བསྙད་དེ་ཕེབས་འགྲུལ་གཙོ་བོར་བཏོན་པར་ཟོར་ཡང་བའི་དབང་དུ་བྱས་པའི་འབོལ་གྱི་ཚབ་གོས་འཇག་སྲབ་མོས་མཛད་པའི་སྤྱན་ལྟོས་སྡེ་སྲིད་གཙང་པའི་རྒྱུན་ལའང་ཡོད་མོད། རྒྱལ་ཁབ་ཆེན་པོའི་གདན་ཆུང་གྲུ་བཞི་གནོན་མཁན་ཀྱི་རིགས་ལ་སྣེའུ་སྡོང་པའི་ལུགས་ཀྱི་ཕྱག་རྒྱུན་དག་བསྐལ་དུས་བཟང་མདོག་ཁ་བར་མངོན། །དེའང་དྲག་ཞན་མཐའ་དག་ལ་གྲུམ་ལིང་འཇག་གདན་ཁོ་ནས་གོ་ཆོད་པ་མི་ལ་རས་པའི་ཟ་ཚོད་དེ་སྐབས་སུ་བབས་པར་མ་མངོན་པར་ལག་ཏུ་དར་བའི་རིགས་ཅུང་ཟད་བརྗོད་ན་བརྡ་ཆད་ཀྱི་རྣམ་དབྱེ་མེད་ན་ངག་གི་སྒྲ་ཙམ་གྱིས་དོན་སྟོན་པར་མི་ནུས་པས། རྣམ་འགྲེལ་ལས། སྒྲ་ནི་ཁོ་བོས་འདི་དོན་དང་། །འདི་དོན་མིན་ཞེས་བརྗོད་མི་བྱེད། །ཅེས་གསུངས་པ་ལྟར་ཡིན་པས་སྔོན་གྱི་རྒན་པོ་བརྡ་ལ་


GLG016_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བ་རྣམས་ཀྱིས་བྱས་པའི་བརྡ་ཆད་ལ་བརྟེན་ནས་དོན་གོ་བར་འགྱུར་བས། རིགས་པའི་དབང་ཕྱུག་གིས། རྒན་པོ་སྒྲ་གཅིག་བརྡར་བྱས་པ། །ཞེས་དང་། དོན་ཤེས་བྱེད་པ་དག་གི་རྒྱུ། །བརྡ་ནི་སྐྱེས་བུ་ལ་བརྟེན་པ། །ཞེས་པ་ལྟར་མཆོག་དམན་གྱི་རིགས་གང་ལ་འཇུག་ཀྱང་མིང་དོན་འཕྲོད་པའི་རྣམ་དབྱེ་ཤེས་དགོས་པས་ཐོག་མར་ཉེ་བར་མཁོ་བའི་བརྡ་ཆད་ཅུང་ཟད་བརྗོད་ཚེ། ཁྲུ་ཕྱེད་གཉིས་ཡན་ཆད་ཇི་ལྟར་རིགས་པའི་བར་གྱི་གདན་ལ་ཁྲིའི་ཐ་སྙད་འདོགས། ཤིང་ཁྲི་ཚོན་རྩི་གང་ལེགས་ལ་གཡོགས་མེད་པ་དང་། ཡང་ན་རྔ་གཟར་གཡོགས་པའང་ཡོད་འདུག་ཅིང་གལ་ཆེ་སྐབས་དིང་དཔོན་གཡོག །འབོལ་ཤུན་འགབས་ཆེ་ངེས་ལ་མ་གཏོགས་མི་ཐོབ། ཆ་ཙེའི་འོག་ཏུ་གྲུམ་ཙེ་སེར་པོ་འཇག་མ་བརྒྱག་པ་སྔ་དུས་ཀྱི་སྲོལ་ལ་འདུག་ཅིང་བབས་ཆགས་པ་ཙམ་ཡོང་། དེ་འོག་ལ་ཤིང་ཁྲིར་གཡོགས་དང་འབོལ་ཤུན་གྱི་ཚབ་རང་གྲུབ་མ་དགོས། ས་གདན་གྱི་སྟེང་དུ་འབོལ། གོས་འབོལ་ཐེར་འབོལ་རས་འབོལ་ཏེ་མཆོག་དམན་གསུམ་གྱི་དབྱེ་བ་ཡོད། བླ་དཔོན་གྱི་རིགས་ལ་འདི་སྐབས་ནང་གསེས་ཀྱི་ཐོབ་ཐང་དབྱེ། འབོལ་མ་འབྱོར་ན་ཁ་གང་མ་བཞི་ལྔ་ཙམ་བརྩེགས་ནས་འབོལ་གྱི་དཔངས་དང་མཉམ་པ་བྱས་པས་གོ་ཆོད་གྲས། དེ་སྟེང་གྲུམ་ཙེ་རྒྱ་ཚོས་འཇག་མ། འདི་ལ་གྲུམ་ཙེ་རྒྱ་ཚོས་མ་གཏོགས་གཞན་མི་འགྲོ། དེ་སྟེང་སྟན་དམར་དང་སྙེས་འབོལ་ཡོད་པར་སུམ་གདན་སྙེས་འབོལ་ཆེ་བ་ཟེར། ཆུང་བ་ས་གདན་ཐེར་འབོལ་སྟེང་སྟན་དམར་དང་སྙེས་འབོལ་བརྒྱབ་པར་ངོས་འཛིན། ཡང་ས་གདན་སྟེང་བལ་རྫར། འབོལ་སུན་ཡང་ཟེར། དེ་སྟེང་གྲུམ་ཙེ་འཇག་མ། དེ་སྟེང་ཁ་གདན་བཏིང་བར་སྲབ་ལྔ་བརྩེགས་ཟེར། ཁ་གདན་ལ་གོས་མཐོངས་མ། གུང་གདན། སྟག་གི་མགོ་གདན་སོགས་དྲག་ཞན་གྱི་དབྱེ་བ་ཡོད། ལྔ་བརྩེགས་མ་འགྲིག་ན་དེ་ཚབས་གདན་སྟེང་དུ་གོས་གདན་ཁ་གང་གཉིས་བརྩེགས་སམ་ཆིག་བརྐྱང་གི་སྟེང་ཁ་གདན་བརྒྱབ་པས་དེང་སང་གོ་ཆོད་གྲས། སྲབ་བཞི་བརྩེགས་ལ་གོང་ནས་འབོལ་སུན་དོར་ཞིང་ཁ་གདན་གྱི་ཚབ་ལ་པགས་གདན་འདིང་། ཡང་ས་གདན་སྟེང་གྲུམ་ཙེ་མེད་པའི་འཇག་རྐྱང་ཐོག་ཁ་གདན་གཏིང་བར་སྲབ་


GLG016_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྩེགས་ཟེར། ས་གདན་སྟེང་པགས་རིགས་ཀྱི་གདན་བཏིང་བར་སྲབ་རྐྱང་ཟེར། སྲབ་རྐྱང་བསྡུས་པ་ལ་གྲུམ་ཙེའི་འཇག་རྐྱང་གི་སྟེང་དུ་སྟག་གདན་གཏིང་པ་ལ་ཟེར། མཐའ་གོས་ཆེན་དང་མཐོངས་སྤེན་ཏོག་གམ་རྩིད་པ་གང་རུང་གིས་བྱས་པ་ལ་གོས་འཇབ་ཟེར། དགུན་རྩིད་མཐོངས་དང་དབྱར་རས་མཐོངས་བྱེད་པའི་དབྱེ་བ་ཡོད། འདི་ལས་གདན་འདིང་དགོས་མི་དགོས་ཀྱི་སྐབས་དབྱེ་གོང་སྣེའུ་སྡོང་་པའི་མཚན་དོན་ཡར་འགྲོའི་དུས་བཞིའི་སྲོལ་མེད་འདུག །སྲམ་གདན། འདི་གཙང་ལུགས་མ་གཏོགས་སྣེའུ་སྡོང་པའི་དུས་སྲོལ་མེད། གུང་གདན་འཇའ་ནོར་སྲམ་མ། བོད་སྲམ་མ། རྐྱང་པ། སྟག་གི་མགོ་གདན་རྒྱ་ཚོས་འཇའ་ནོར་སྲམ་མ། བོད་སྲམ་མ། རྐྱང་པ། སྟག་མཇུག་སྒྲིགས་ནོར་སྲམ་མ། བོད་སྲམ་མ། རྐྱང་པ། སྟག་གདན་འཇའ་ནར་སྲམ་མ། བོད་སྲམ་མ། རྐྱང་པ། གཟིག་གདན་འཇའ་ནོར་སྲམ་མ། བོད་སྲམ་མ། རྐྱང་པ། གྲུབ་ཙེ་ངུར་སྨྲིག །འདི་སྣེའུ་སྡོང་པ་ལྟ་བུའི་རིགས་ལ་མ་གཏོགས་གཞན་ལ་མི་འགྲོ། རྒྱ་ཚོས་གྲུམ་ཙེ་འདི་རྣམས་ལ་འཇག་ཡོད་པ་དང་མེད་པ་གཉིས་སུ་ཡིན། དམར་པོ། སྔོན་པོ། ཉིས་ཆོས། ལྗང་གུ། ནག་པོ། སྟན་ཡུག་དཀྱུས་མ་ལ་རས་ཐེར་སྣམ་བུ་སོགས་སོ་སོའི་རྒྱུ་དང་བསྟུན་པའི་གོང་འོག་རིགས་པས་དཔྱོད། དེ་ཡང་འདི་གའི་ཁྲི་མཐོ་འདི་ལ་བླ་བྲེ་དང་ས་གདན་སོ་སོར་སུམ་བརྩེགས་ཡོད་ན་སྣེའུ་སྡོང་རྩེ་བ་ཡན་གྱི་འདྲེས་རྣམས་ལ་ཉིས་བརྩེགས་ཐོབ་པ་ལྟ་བུ་རིག་པས་དཔྱོད། དམའ་ཇི་ལྟར་ཡང་ཆ་ལྔར་བགོས་པའི་གདན་ས་གོང་འོག་གཉིས་ལ་ཆ་གཅིག་གིས་དམའ་བ། གདན་ས་གོང་མ་ཁ་གང་མ་གཅིག་གིས་མཐོ་བ་འཐད་པའིརྒྱུ་མཚན་ནི་འཕགས་པ་རིན་པོ་ཆེའི་བཞུགས་ཁྲི་པདྨ་ཅན་ལ་ཁྲི་འདོན་བྱས་ན་ཁྱད་མེད་ཀྱང་དེང་སང་འོག་ཏུ་མ་མཛད་བ་མང་བས་དེ་རྩིས་ཡིན། སྣེའུ་སྡོང་རྩེ་དང་སྟག་ལུང་ལྷ་སྡེ་ཞ་དམཪ་ནག་གཉིས་ལ་ཆ་ཕྱེད་གཉིས་ཀྱིས་དམའ་བ། འབྲི་གུང་པའི་གདུང་བརྒྱུད་མ་ཚང་བར་སྟག་ལུང་བ་དང་འདྲ་གི་ཡོད་། དེ་ཕྱིན་གྱི་བླ་ཆེན་འདི་འདྲེས་རྣམས་ལ་བཞུགས་གྲལ་དང་མགྲོན་ཁང་གཉིས་ཀར་བླ་བྲེ་


GLG016_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། རྣམས་ལ་ཆ་གཉིས་ཀྱིས་དམའ་བ། དགའ་ལྡན་ཁྲི་གདན་ཟུར། བཀྲ་ཤིས་ལྷུན་པོའི་སྤྲུལ་སྐུ། འབྲུག་པ་སྤྲུལ་སྐུ། འབྲི་གུང་སྤྲུལ་སྐུ། སྒམ་པོ་སྤྲུལ་སྐུ། རྒྱལ་ཚབ་སྤྲུལ་སྐུ། འཕགས་པ་ལྷ། སྒམ་པོའི་གདུང་བརྒྱུད་སྤྱན་སྔར་བཏོན་པ། ཁམས་རི་བོ་ཆེ་པའི་ཆོས་རྗེ། དེ་ལས་ཅུང་ཟད་དམའ་བ་འདི་གའི་སྡེ་པ། ཁྲིའི་འདིའི་འདྲེས་རྣམས་ལ་ཐོབ་ཐང་གི་ཁྲི་མགྲོན་ཁང་དུ་བྱེད་པ་ཤར་ཚེ་བླ་བྲེ་ཐོབ། ཆ་གསུམ་ཙམ་དོར་བའི་ཁྲིར། བླ་མ་གོང་མ་རྣམས་ལས་ཅུང་ཟད་ཆུང་གྲས། རྡོ་རྗེ་བྲག་སྤྲུལ་སྐུ། བོ་དོང་སྦྱོ་ར་སྤྲུལ་སྐུ་ཆེ་བ། འབྲོག་བསམ་སྡིངས་སྤྲུལ་སྐུ། གཟིམས་ཁང་གོང་སྤྲུལ་སྐུ། བར་ཁམས་རྟ་ཚག་སྤྲུལ་སྐུ། དེ་མོ་སྤྲུལ་སྐུ། ཁལ་ཁ་འཇམ་དབྱངས་སྤྲུལ་སྐུ། བྱམས་པ་སྤྲུལ་སྐུ། རྒྱལ་ཁང་རྩེ་སྤྲུལ་སྐུ། སྟོང་སྐོར་སྤྲུལ་སྐུ། གནས་རྙིང་ཁྲི་པ་བསླབ་བ་གཙང་མ་གཙང་ལ་མ་བལྟོས་པ། ལྕགས་ཟམ་སྤྲུལ་སྐུ། གེ་རེ་ལྷ་བ་བསླབ་གཙང་གི་རིགས་རྣམས་ཡིན་པ་ཚོམས་ཆེན་སོགས་བཞུགས་གྲལ་ཆེ་བའི་རིགས་ལ་ཡིན་གྱི་གཟིམས་ཆུང་གི་ཁྲི་དམའ་སར་སུམ་གདན་སྙེས་འབོལ་བྱེད་ཡོད། སུམ་གདན་སྙེས་འབོལ་ཆེ་བ་ཐོབ་གྲས། ཞ་ལུ་དང་ཚོགས་སྡེ་བཞིའི་མཁན་པོ། གསང་བུ་གླིང་སྟོད་སྨད། གར་ལུགས་ཉི་ལྡེ་སྤྲུལ་སྐུ། དཔའ་བོ་སྤྲུལ་སྐུ། ཏྲེའོ་ཧོར་ཚང་ཆོས་རྗེ། ཉག་རེ་བྲག་ཡག་སྤྲུལ་སྐུ། སི་ཏུ་སྤྲུལ་སྐུ་རྣམས་ཡིན་ཞིང་། ལོ་གསར་ལྟ་བའི་ཚེ་སེར་འབྲས་ཀྱི་སློབ་དཔོན། རིན་ཅེན་རྒྱན་སྤྲོད་པའི་ནང་གི་སྣང་ཀར་རྩེ། ལྷ་བྱ། སྐྱིད་ཤོད་པ་རྣམས་བགྲེས་གཞོན་གྱིས་བཞུགས་པའི་སུམ་གདན་སྙེས་འབོལ་ཆེ་བ་བྱེད་སྐབས་མཁན་པོ་དཀྱུས་མ་སོགས་སྲབ་ལྔ་བརྩེགས་ཐོབ་པ་རྣམས་ལའང་ཁྲི་ཆུང་ཐོབ་པའི་སྟབས་ཀྱིས་མཁན་པོ་ཆེ་བ་ལྔ་དང་རྡོ་རྗེ་བྲག་པའི་འདྲེས་རྣམས་ལ་དེ་གའི་རིམ་འགྲོས་ཀྱི་ཁྲི་ཅུང་ཟད་སྤར་དགོས། སུམ་གདན་སྙེས་འབོལ་ཆུང་བ་ཐོབ་གྲས། ལོ་གསར་དུས་འབོག །མདོངས། ཐོན་པ། ཤག་ལྷོ་བས་མཚོན་པ་རྣམས་ལ་བྱེད་ཅིང་། དེའང་བཞུགས་གྲལ་དཀྱུས་མའི་སྐབས་སྐྱིད་ཞོད་ཁག་ལྟ་བུ་ཨོ་རོད་ཀྱི་དཔོན་ཆུང་རྣམས་དང་ཁྱད་མེད་ཀྱི་གདན་བཟོས་ལས་མི་ཡོངས་དང་འདི་སྐབས་ཅོག་ཙེ་པང་ཁེབས་གཏོང་བ་སོགས་རིན་ཅེན་རྒྱན་ཆའི་ཆ་ལས་ཡིན་གཤིས་སྤྱིར་བཏང་དམིགས་བསལ་ཤེས་དགོས་


GLG016_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྲབ་ལྔ་བརྩེགས་ཐོབ་པ། དགའ་ལྡན་རྩེ་ཤར། སེམས་དཔའ་སྤྲུལ་སྐུ། རྒྱལ་སྲས་ཤེས་རབ་འཕེལ་བ། ནཱ་ལནྡ་བཅོ་བརྒྱད་པ། གར་ལུགས་ཏྲེའི་སྤྲུལ་སྐུ། བཀྲ་ཤིས་རྩེའི་དབོན། སྟོད་རི་བོ་ཆེ་བ་དང་སྒེར་པ་བའི་མི་ངོའི་རིགས་ཀྱི་ཆོས་རྗེ། ཁམས་རྒྱ་སྟོན་ཆོས་རྗེ། རྒྱལ་ལགས་བཤད་གླིང་ཆོས་རྗེ། སྒམ་པོའི་གདུང་བརྒྱུད་སྤྱན་སྔར་མ་བཏོན་པའི་རིགས་གེ་རེ་ལྷ་པ་གདུང་བརྒྱུད། ངམ་རིང་མཁན་པོ། མངའ་རིས་ཁྲི་རྩེ། བཟང་ལྡན། དགེ་ཆུ། ཆོས་འཁོར་ལྷུན་པོ། འདར་གྲང་མོ་ཆེ། ལྷུན་རྩེ། གངས་ཅན་ཆོས་འཕེལ། སྣར་ཐང་། ངོར། གསེར་མདོག་ཅན། དཔལ་འཁོར་བདེ་ཆེན། ཐུབ་བསྟན་རྣམ་རྒྱལ། ཐུབ་བསྟན་ཡངས་ཅན། ཤངས་རི་བོ་དགེ་འཕེལ། སྐྱིད་ཚལ་གོང་། གྲ་བྱམས་གླིང་། གྲ་ཐང་། རི་བོ་བདེ་ཆེན། རྩེས་ཐང་ལྔ་མཆོད་པ། སྤྱན་གཡས། གཉལ་སྡེ་དྲུག །ཐར་པ། མཚན་སྒྲོག །རྫོང་ཕྱི། ཀུ་རབ་དགའ་ལྡན་རབ་བརྟན། ར་བསྒྲེང་། སྐྱོར་མོ་ལུང་། གསང་སྔགས་མཁར། འཕགས་སྡེ། བྱ་ཡུལ་སྤྱན་སྔ། མས་དྲོ་ཆད་ཀ ། བདེ་ཆེན་ཡངས་པ་ཅན། ལྷོ་བྲག་གསུང་སྤྲུལ། རས་ཕུག་སྤྲུལ་སྐུ། ཐུགས་སྲས་ཟླ་སྤྲུལ། ཁམས་ཀྱི་ངག་དབང་སྤྲུལ་སྐུ། སྦྱོར་ར་སྤྲུལ་སྐུ་ཆུང་བ། གྲུབ་དབང་སྐུ་སྐྱེས། བདེ་ཆེན་ཆོས་འཁོར་བ། གྲ་དར་རྒྱས་ཆོས་སྡིངས་པའི་གཏེར་སྟོན་རིན་པོ་ཆེ། བསམ་ཡས་དཀར་པོ་བ། ཡང་འུག་གཉིས། རྟ་ནག་སྒྲོལ་མ་བ། མངའ་བདག་སྨྲ་བོ་ཅོག་པ། གནས་གཞི་བ། སྲབ་སུམ་བརྩེགས་ཐོབ་པ། གྲ་ལྕོག་གྲྭ་བ། ཨེ་བྲང་སྣ་བ། ལ་སྟོད་སེ་བཅུ་མཁར་པ། ཆོས་རྗེ་དཀོན་གཉེར་དཔོན་པ། ཆོས་རྗེ་བཀྲ་བཟང་པ། རྩེས་ཐང་ཆེན་པོ་བྱང་མ་བ། དཔལ་རི་སྤྲུལ་སྐུ། སྙེ་མདོ་བ་སོགས་བཀའ་གཏེར་གྱི་ཆོས་བརྒྱུད་ཟིན་ཞིང་གདུང་བརྒྱུད་ཆེ་ངེས་རྣམས། སྲ་བརྐྱང་ཐོབ་པ། མཁན་པོ་དཀྱུས་མ་ལས་ཞིང་དམིགས་བསལ་གྱི་རིགས། ས་གདན་གྱི་སྟེང་གོས་གདན་སྟན་ཡུག །ལྷོ་འབོག་གང་ཁག །མདོ་མཁར་བ། ཐོན་པ། གཟིམས་ཤག་ལྷོ་པ། ཧོར་སྟོད་སྨད། སྡེ་དཔོན་ཆེ་ཁའི་དཔོན་སའི་རིགས་རྣམས་ལ་བྱེད་ཅིང་། བསྡུས་པའི་སྐབས་གོང་གི་སྡེ་དཔོན་ཆེ་བ་རྣམས་ལ་འདི་སྟེང་ཁ་གདན་དང་ཁ་གང་མ་སོགས་སྐབས་ཐོབ་ཀྱི་འདིང་། གདན་ས་གོང་འོག་གི་བཙུན་མོར་ཁ་གང་མ་བཞི་བརྩེགས། སྣེའུ་སྡོང་པའི་བདག་མོར་ཁ་གང་མ་སུམ་བརྩེགས་ཁ་གདན་ཙམ་ཡང་བྱེད།


GLG016_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སྲམ་གདན། གུར་གདན་རིགས་གསུམ། མགོ་གདན་རིགས་གསུམ། འདིར་སུམ་ཁ་ནང་སོ་རྣམ་པར་དཀྱུས་མའི་རིགས་ལས་དྲག་པོ་བྱུང་ན་དམིགས་བསལ་བབ་དང་བསྟུན་ནས་བྱེད། མཇུག་སྒྲིགས་རིགས་གསུམ། སྟག་གདན་རིགས་གསུམ། གཟིག་གདན་རིགས་གསུམ་པགས་རིགས་ཀྱི་གདན་འདི་རྣམས་ལ་ནང་སོ་རྣམ་པ་དཀྱུས་མའི་རིགས་དང་། ཀྲེ་ནག་སོགས་འབྲོག་པའི་དཔོན་ཁག །ཞང་སྟོན་པ། དར་སྡིངས་པ། རི་ཞིང་པ། གྲུ་ཚང་པའི་མི་ངོའི་རིགས་རྣམས་ཆེ་ཆུང་གི་བབས་དང་བསྟུན་ནས་འཇོག་ཅིང་གདན་ནད་ཡོང་སྐབས་སྲབ་ཀྱང་ལྟ་བུ་སྐབས་ཐོབ་བརྩིས་ནས་གང་འོས་སྦྱར། རྒྱ་གྲུམ། དམར་པོ། སྔོན་པོ་འཇག་མ་རྣམས་ལ། གྲུམ་ཙེའི་གོ་རིམ་གྱི་ཁ་དོག་གི་དབྱེ་བ་འདི་བཞིན་ཡིན་ཞིང་། རྒྱུན་དུ་སེ་འབྲས་དགེ་གསུམ། རྒྱལ། བཀྲ་ཤིས་ལྷུན་པོའི་སློབ་དཔོན་པ་རྣམས་ལ་བྱེད་ནའང་མི་མང་ཚོགས་པའི་ཕན་ཚུན་གདན་ནང་བྱུང་སྐབས་སྲབ་སུམ་བརྩེགས་སམ་སྲབ་རྐྱང་གང་བདེ་བྱེད། གསང་བུའི་ཆེན་པོ། རྫོགས་སྤྲུལ། གོར་ར་རྡོ་རྗེ་གླིང་པའི་བླ་མ་དུད་དགོན་པ། དར་རྒྱས་ཆོས་སྡིངས་པའི་རྒྱལ་སྲས་སྤུན། བླ་ཆེན་རྣམས་ཀྱི་ཕྱག་མཛོད་པ། དེའང་གོང་གསལ་རྣམས་ལྷན་དུ་འཛོམ་པ་ལྟ་བུའི་ཚེ་གོ་རིམ་བྲི་སྟན་མཐོ་དམའ་ཡོད་པ་རྣམས་གདན་གྱིས་ཤེས་ཤིང་འདྲ་འདྲའི་རིགས་ཚོར་མཁན་པོ་ལ་དགོན་ཆེ་ཆུང་། སློབ་དཔོན་པར་བསླབ་གྲལ། སྡེ་དཔོན་དང་དྲུང་འཁོར་དཀྱུས་མ་སོགས་སྐྱ་སེར་བྱིངས་ལ་རྒན་གཞོན་དང་ལས་སྣེའི་གོ་བབས། ནང་སོ་རྣམ་པ་ལ་ངོ་ཐོག་དྲག་ཞན་རྩི་སྲོལ་འདུག་པ་བཞིན་བྱེད། གྲུམ་ཙེ་གོང་གསལ་གསུམ་གྱི་སྟེང་དུ་ཉིས་ཆོས། ལྗང་གུ། ནག་པོ་རྣམས། དབུས་གཙང་དུ་ས་དགེ་བཀའ་བརྒྱུད་པའི་དགོན་པ་དང་གྲ་ཚང་གྲ་གཙང་བའི་སློབ་དཔོན། བལ་པོའི་རྒྱལ་ཁག །རྒྱ་གར་གོ་ཤིང་། འཛུམ་ལང་མངའ་རིས་སོགས་ཕྱོགས་མཐའི་རྒྱལ་ཁག་རྣམས་ཀྱི་མི་སྣ་རྣམས་ལ་དམར་གྲུབ་ཡན་འདིང་ཞིང་། བཞུགས་གྲལ་ཆེ་སྐབས་གྲ་གཙང་སར་བཙུགས། ཆོས་སྡེ་ཆེ་བའི་གྲ་གཙང་གཞན་གྱི་སློབ་དཔོན། ཕྱོགས་མཐའི་རྒྱལ་ཁག་གི་མི་སྣའི་རིགས་ལའང་། འཇུག་པ་དང་སྲབ་སུམ་བརྩེགས་སོགས་གྲལ་ས་གཞན་པའི་གོ་བབས་དང་བསྟུན་


GLG016_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣམ་པ་ལྟ། ཉིས་ཆོས་མན་བཙན་བཙུན། རྟོགས་ལྡན་དགོན་ཆུང་གི་རིགས་ཀྱི་བླ་ཆུང་ལ་བྱེད། སྣེའུ་སྡོང་པའི་དུས་བྲམ་ནག་བོན་པོ་དང་བཤན་པའི་གདན་དངོས་བཟུང་ཞིང་དྲག་ཞན་གྱི་དབྱེ་བ་གྲུམ་ཙེས་འབྱེད་པ་མ་གཏོགས་འཇག་གདན་གྱི་སྲོལ་ཆེ་བ་མེད་ཟེར། རྐྱོང་གདན། དྲུང་འཁོར། ལྡིང་དཔོན། ཆོས་སྡེ་ཁག་གི་གཉེར་ལས་འཛིན་སོགས་ལ་གང་ལ་གང་འཚམ་རིགས་པས་དཔྱད། སྲབ་ལྔ་བརྩེགས། རྒྱ་ནག་གོང་མའི་མི་སྣ་རྒན་གཞོན་གཉིས་ལ་འདིང་ཞིང་། སེར་མོ་བ་འགྲུལ་སྡེབས་པ་རྣམས་ལ་སོ་སོའི་བབས་དང་བསྟུན་པའི་རྣམ་པ་བལྟ། འདི་དང་ཆ་མཚུངས་པའི་ཨ་མདོའི་ནང་སོ་རྣམ་པ་རྒྱལ་ཐམ་ཀ་འཛིན་མཁན་ཆེ་བའི་རིགས་རྣམས་ལ་བྱེད། ཡུལ་དུས་དང་བསྟུན་པའི་ཁྲི་མཐོ་དམའ་ཇི་ལྟར་འོས་པ་སྙེས་འབོལ་དང་བཅས་པ། ཁལ་ཁའི་རྒྱལ་པོ། བསྟན་འཛིན་ད་ལའི་རྒྱལ་པོ། ཨོ་རོད་སེ་ཆེན་རྒྱལ་པོ་སོགས་རྒྱལ་སར་མངའ་གསོལ་ངེས་ཀྱི་རིགས་ལ་འདིང་ཞིང་རང་ཉིད་ཁལ་ཁ་ཨོ་རོད་ལས་ཅུང་ཟད་མཐོ་བ་བྱེད། ས་གདན་སྟེང་གོས་འཇབ་ཉིས་བརྩེགས་སུམ་བརྩེགས་སོགས་ཡུལ་དུས་དང་བསྟུན་པ། ཁལ་ཁ་ཨོ་རོད་ཀྱི་དཔོན་ཆེ་བའི་རིགས་ལ་བྱེད་ཅིང་། དཔོན་པོ་དྲག་མཉམ་ཡོད་ན་ཁལ་ཁ་ཅུང་ཟད་མཐོ་བ་བྱེད། རྒྱལ་པོ་མཐོ་ངེས་འདི་ཙམ་བྱེད། ས་གདན་གོས་འཇབ། དཔོན་ཚང་གི་རིགས་དང་དཔོན་མོ། གྲུམ་ཙེ། མི་བཟང་དང་མི་སྣ་དྲག་རིགས་སོགས་ལ་འདིང་ཞིང་། སོག་པོའི་ཆོས་རྗེའི་རིགས་གོ་བབ་དང་བསྟུན་བའི་གདན་བཟོས་རིགས་པས་དཔྱོད་དགོས། ལོ་གསར་སོགས་བཞུགས་གྲལ་ཆེན་མོའི་དུས་ཁྲིའི་ཉེ་སྐོར་དུ་གྲོང་སྨད་ཨ་བར་ལ་ས་གདན་གིས་འཇབ་མོ་བཀུག །ཁ་གང་མ། ཁ་གདན། ཅོག་ཙེ། གཟིམས་དཔོན་མཆོད་དཔོན་སོགས་ལས་ཚན་ཆེ་ཁ་རྣམས་ལ་གྲུབ་འཇག་མགོ་གདན་དེའང་སུམ་གདན་སྙེས་འབོལ་ཆུང་བ་ཡན་ལ་པང་ཁེབས་དང་ཅོག་ཙེ་ཐོབ། པང་ཁེབས་ལའང་ཤུར་ཐག་བྱེད་སྲོལ་ཡོད། དེའང་སྣེའུ་སྡོང་རྩེ་པ་ལྟ་བུའི་རིགས་ལ་ཅོག་ཙེ་མདུན་དང་། གཡས་ཟུར་གང་རིགས་ལ་འཇོག་ཅིང་། སྒམ་པོ་སྤྲུལ་སྐུ་ལྟ་བུ་ཡན་གཡས་གཡོན་ནམ། གལ་ཏེ་མདུན་ཏུ་འཇོག་དགོས་བྱུང་ན་གཡོན་


GLG016_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་སུ་འཇོག །གོང་དུ་ཞལ་དཀར་དཀར་འབྲས་ཡོད་ཚེ། འབྲས་ཤེལ་ཐོབ་པ། སུམ་གདན་སྙེས་འབོལ་ཆུང་བ་ཡིན། གོང་དུ་འབྲས་ཤེལ་ཡིན་ཚེ། ཀརྨ་གན་དཀར་སུམ་གདན་ཡན་ལ་ཡིན། གོང་དུ་ཀརྨ་གན་ཀར་ཡོད་ན་འདི་རྣམས་ལ་ཧོར་དཀར་སོགས་རིམ་འགྲོས་དགོས། དཔྱད་དོན་ལྟར་ན་ཀརྨ་གན་དཀར་ལས་ཧོར་དཀར་ཀར་ཨུཏྤལ་དངས་མཆུ་མ་འགངས་ཆེ། ཧོར་དཀར། ནང་སོ་རྣམ་པ་དཀྱུས་མ། བོད་དཀར་དཀར་གངས་དངས་མཆུ་མ། སོག་བུག་དཀར་གངས། སྨན་ཙེ་གན་དཀར། དཀར་གངས་དཀྱུས་མ་རྣམས། དྲུང་འཁོར་དང་ཆོས་སྡེ་ཁག་གི་གཉེར་ལས་འཛིན་སོགས་ལ་སྣེའུ་སྡོང་རྩེཪ་བྱེད་སྡོམ་ཡོད་འདུག་ཅིང་། དཔྱད་དོན་ལྟར་ན་དཀར་ཡོལ་ལེགས་ཉེས་ལ་ད་དུང་དཔྱད་རྒྱུ་འདུག །སྔོ་ཁྲ། ལྡིང་དཔོན་དང་བནྡེས་དཀྱུས་མའི་རིགས་ལ་བྱེད། །དཀར་གངས་པ་སེར་མ་དང་དང་སྔོ་ཁྲ་ཁ་སེར་མ། རིགས་ངན་སོགས་ཤིན་ཏུ་དམན་པ་ལ་བྱེད། དངོས་གཞིར་དཀར་ཡོལ་ལེགས་ཉེས་གཏོང་ཡུལ་ལ་བལྟས་ནའང་རྒྱ་བལ་ཁམས་མོན་ཧོར་སོགས་ཉམས་སྣང་ཆུང་ཞིང་ཆག་གྲུམས་ཡོད་གཏད་ཁ་བའི་རིགས་ལ་དཀར་ཡོལ་དཀྱུས་མ་ཐུག་པའི་རིགས་བཏང་ན་སྐབས་སུ་བབས་ཡོད།


GLG016_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

(སྡེབ་སྦྱོར་མཉམ་པའི་བྲི་ཏྟ་ལས་མེ་ཏོག་འཕྲེང་ཅན)མི་ཨེམེསཱབྷཱཙྪིདེརཏྭསམྤནྠསིངྒྷཀཱམཱནཱཉྩཙིཏྟེརྦལོཝརྨཏཿ མཱརཏོཛྭཡདུནྡུབྷཀཱདེཤབྷཱམྱགྲཛྷཉྙཾཀརིརྒོཏྟ་རཤཱཀྱིཀཿ༔ ཨེ་མ་རིས་སུ་མ་ཆད་སེམས་ཅན་གྱི། །དོན་ཀུན་གྲུབ་ལ་བཟོད་པའི་སྙིང་སྟོབས་གོས། །བདུད་ལས་རྒྱལ་རྔ་ཚངས་པའི་ཡུལ་སའི་རྩེར། །བརྡུང་མཛད་འགྲོ་བའི་བླ་མ་ཟས་གཙང་སྲས། །སྒྲིབ་གཉིས་གཏན་སྤངས་ཡེ་ཤེས་བླ་མེད་སྤྱན། །གཡེལ་


GLG016_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཟིགས་པས་མཆོག་དམན་གདུལ་བྱའི་ཁམས། །བསམ་པ་བག་ལ་ཉལ་བ་ཆེས་ཕྲ་ཡང་། །མ་འདྲེས་མངོན་སུམ་མཁྱེན་པས་རྗེས་སུ་འཛིན། །སྲིད་པའི་རང་བཞིན་ཉོན་མོངས་འཁྱིལ་བའི་སྦྲུལ། །སྡུག་བསྔལ་གསུམ་གྱི་སྲོག་ཏུ་སོང་བའི་རྩ། །ལེགས་གསུངས་དམ་ཆོས་མཁའ་ལྡིང་སྡེར་མོ་ཡིས། །བཅད་ནས་ཐར་པའི་ལམ་དུ་ཁྱོད་ཀྱིས་བཀྲི། །སྔོན་གོམས་ཀུན་འབྱུང་ནག་ནོག་ཚེར་མའི་དབལ། །འཁྲུད་དབྱུང་ནུས་མིན་བདེན་པ་བསྟན་པའི་མཐུས། །རྣམ་པར་གྲོལ་བའི་ལམ་ལ་ཉེར་འགོད་ཐབས། །ཚངས་པའི་དབྱངས་སུ་གླུར་བླངས་དམ་པའི་ཆོས། །མི་བརྗེད་གཟུངས་ཐོབ་ཉན་ཐོས་མཆོག་རྣམས་ཀྱིས། །བསྡུ་བ་རིམ་པར་མཛད་དེ་གླེགས་བམ་དུ། །བསྐྲུན་པ་ལུས་ཅན་བསོད་ནམས་ཞིང་ས་ལ། གཏན་བདེའི་སྙེ་མ་སྨིན་པའི་ཆོ་ག་རྫོགས། །འཇམ་དཔལ་རྩ་རྒྱུད་ལྷ་མོ་དྲི་མེད་ཀྱིས། །ཞུས་སོགས་མདོ་སྡེ་དུ་མར་བྱང་ཕྱོགས་སུ། །ལུང་རྟོགས་བསྟན་པ་འབྱུང་ཚུལ་དབུགས་དབྱུང་ཙམ། །མིན་པའི་མངོན་སུམ་སྤྱོད་ཡུལ་དེང་བར་སྣང༌། །རིགས་གསུམ་མགོན་སོགས་འཕགས་ཆེན་དམ་པ་རྣམས། གདོང་དམར་བོད་ཀྱི་འགྲོ་ལ་རྗེས་ཆགས་གར། །ཆོས་རྒྱལ་རིམ་པར་བསྟན་པའི་འཕྲུལ་ཆེན་པོས། །མཐའ་འཁོབ་ལྗོངས་འདི་ཡུལ་དབུས་ལས་ཁྱད་འཕགས། །ལེགས་སྦྱར་སྒྲ་ལ་སྦྱངས་པའི་སྐད་གཉིས་པ། །དུ་མས་བཀའ་དང་དེ་དོན་འགྲེལ་བའི་གཞུང་། །སྔ་ཕྱིར་འགྱུར་ལས་ཐུབ་གསུང་པུ་སྟ་ཀཿ༔ ། ཆད་མེད་ནོར་བུའི་དོ་ཤལ་ཚར་དུ་དངར། །འདི་ལ་རི་མོར་བགྱིས་པའི་བསོད་ནམས་ཀྱི། །ཕུང་པོ་གཟུགས་སུ་གྲུབ་ན་ནོར་འཛིན་མར། །རི་རྒྱལ་ལྷུན་པོ་རྒྱུ་སྙམ་འཕྱང་མོ་ལ། །ཚུར་མཐོང་སྐྱེ་བོ་མཐའ་དག་འགོད་ལས་ཅི། །དེ་ཕྱིར་དཀར་འཇམ་ཤིང་གི་མ་མའི་ངོས། །བཻཌཱུར་ཞུན་མ་རི་མོར་ཤར་འདྲ་བའི། །འདུལ་མདོ་ཤེར་ཕྱོགས་རྒྱུད་སྡེ་རྣམ་པ་


GLG016_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི། །ངོ་མཚར་གླེགས་བམ་བརྒྱ་ཕྲག་ཡོངས་བརྒལ་བ། །ཆེན་པོ་ཧོར་གྱི་སོ་སོར་ཕྱེ་བ་ཡི། །དབུས་གཙང་ཁྲི་སྐོར་བཅུ་གསུམ་ཆབས་ཅིག་པར། །དབང་སྐུར་ཕག་མོ་གྲུ་པའི་རྫོང་ཆེན་གྲས། །པ་རྣམ་ལྷུན་གྱིས་གྲུབ་པའི་རྩེ་མོ་རུ། །ཆུ་དར་གོས་ཀྱི་ཀླུབས་པ་བྱི་བའི་ལོ། །འཕགས་པའི་ཡུལ་དུ་པ་རི་དྷ་ར་ཞེས། །འབོད་ཚེ་སྡེབ་གཟུགས་གཙུག་ལག་གཉིས་པ་ལ། །སྦྱངས་མཁས་མང་དུ་བཀུག་སྟེ་བརྩོན་པས་བསྒྲུབས། །ཆོས་དང་ཆོས་མིན་འབྱེད་པའི་སྤྱན་གྱི་དཀྱུས། །ལྷ་ལམ་ཕ་མཐར་གཞལ་ནུས་བུ་སྟོན་རྗེའི། །བཞེད་སྲོལ་ལས་གཞན་གཉིས་མེད་རྣམ་རྒྱལ་སོགས། །བརྩམས་རྒྱུད་བཀའ་དང་མདོ་བསྡུས་རྙོག་མ་བྲལ། །ཟབ་ལས་ཆེས་ཟབ་བཀའ་རྒྱས་ཉེར་སྦས་པ། །སྔ་འགྱུར་གསང་ཆེན་མཚོ་ལས་ཉུང་ཟད་ཅིག །དྲུང་ཆེན་ཚལ་པས་བསྡུས་རྣམས་ཁ་བསྐངས་ཏེ། །རྒྱུད་འབུམ་ཕྱོགས་རེར་ལྷུངས་སྐྱོན་སྤངས་ཕྱིར་བསྣན། །བསོད་ནམས་རྡུལ་མངས་བརྩེགས་པའི་རྒྱ་དཔངས་ཀྱིས། །གནམ་སའི་བར་ཁྱོན་དོག་པོར་ཉེར་བྱས་པའི། །གྲིབ་མར་མཁའ་མཉམ་འགྲོ་ཀུན་ངལ་བསོས་ཏེ། །དགའ་བའི་རྩེད་འཇོ་ཁོངས་ནས་རྒོད་པར་ཤོག །གསེར་མདོག་ཞྭ་ཡིས་ཉེར་ཁྱབ་ཆོས་སྲིད་བསྟན། །དབང་ཐང་རྩིབས་སྟོང་འཁོར་ལོ་ཤུགས་ཆེན་པོའི། །རྗེས་སུ་སེམས་ལྡན་ལྟ་ཞོག་ནོར་འཛིན་མ། །རང་དབང་མེད་པར་ཕྱི་བཞིན་འབྲང་བར་ཤོག །བློ་བྲིད་ཟོག་པོའི་ཆོས་ལུགས་འཕྱོན་མའི་གར། །མ་ཡིན་སྨིན་གྲོལ་འཆད་ཉན་ཐོས་བསམ་སྒོམ། །ཐུབ་པའི་གཞུང་དང་མཐུན་པ་ཡིན་ནོ་ཅོག །སྐྱེ་རྒུའི་བསོད་ནམས་ཞིང་དུ་དར་བར་ཤོག །སྡུག་བསྔལ་རྩ་བ་མ་རིག་གཉིད་པོ་ཆེར། །འགྲོ་རྣམས་གཡུར་ལས་སློང་བའི་དམ་ཆོས་རྔ། །བརྡུངས་ནས་ཐར་པའི་སྐས་ལ་མ་རྒན་ཚོགས། །དྲངས་ཏེ་རྣམ་མཁྱེན་ཁང་བཟང་ལ་འཇུག་ཤོག །གངས་ཅན་འདོད་འཇོའི་བུ་མོའི་མངལ་ཡངས་ན། །བསྐལ་འཚོའི་ཚེ་


GLG016_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནོད་སྦྱིན་བང་མཛོད་ཀྱིས། །གཏམས་པའི་དགེ་མཚན་ཀུན་ཚང་གཡང་ཆགས་པ། །ཕུན་སུམ་ཚོགས་པའི་དཔལ་གྱིས་རིང་དུ་སྐྱོངས། །ཞེས་རབ་བྱུང་བཅུ་གཅིག་པའི་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཁུར་བཞེས་པའི་དོ་དམ་སྦངས་ཆེ་བ་ནོར་བཟང་དང་བ་ར་བ་གཉིས་ཀྱིས་བྱས་ཏེ་ཨེ་རིག་པའི་འབྱུང་གནས་ཀྱི་དཔོན་ཡིག་མཁས་བསྡུས་བསགས་ནས་དཔལ་ཕག་མོ་གྲུ་པའི་རྫོང་ཆེན་བཅུ་གསུམ་གྱི་ཡ་གྱལ་སུམ་རྩེན་ཡུལ་ལ་འགྲན་པ་ཉང་སྨད་པ་རྣམ་ལྷུན་གྲུབ་རྩེར་རྒྱལ་རྩེ་ཐེམ་སྤངས་མ་སོར་བཞག་གི་བཀའ་འགྱུར་ཟེ་དེ་བཀའ་འགྱུར་རོ་ཅོག་གི་སྟེང་རྙིང་མ་རྒྱུད་འབུམ་ནས་གཙོ་བསྡུས་བསྣན་ཏེ་བཞེངས་པའི་དཀར་ཆག་སྨོན་ལམ་དང་བཅས་པ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོས་བགྱིས་པ་སརྦ་དཱ་ཨཱ་ཛ་ག་སུ་ཁ་བྷ་ཝནྟུ།། །།མངྒ་ལཾ།


previousསྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུད་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་གླེགས་བམ་དང་པོ། no next