Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུད་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་གླེགས་བམ་གསུམ་པ།
   
   
   
   
   
   
   
   
   
   


 
no previousསྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུད་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་གླེགས་བམ་གསུམ་པ།next

སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུད་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་གླེགས་བམ་གསུམ་པ།


GLG018_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུད་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་གླེགས་བམ་གསུམ་པ་བཞུགས་སོ།།


GLG018_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཡེ་ཤེས་མ་དྲོས་འཁྱིལ་བ་ནས། །སྐུ་བཞིའི་ཆུ་བོ་འགྲོ་ཁམས་གཞིར་བརྒྱུ་བས། །བྱང་ཆུབ་གསུམ་གྱི་རྒྱ་མཚོར་འཕྲིན་ལས་རླབས། །ཡོལ་མེད་ཟས་གཙང་སྲས་པོས་ཤིས་པ་སྩོལ། །མཛེས་སྡུག་མཚན་དཔེའི་སྐུ་ཡིས་ཀུན་ཡིད་བརྟན། །ཉེར་འཕྲོག་མཐོང་ན་མཐུན་སྣང་གྲུབ་པའི་ཞབས། །རྩིབས་བརྒྱད་འཁོར་(༢ན)


GLG018_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་རི་མོ་རྣམ་བཀྲ་ལས། །རྡུལ་དམར་བསྐྱུག་ལ་མགོ་བོས་ལན་བརྒྱར་གཏུག །ཐུབ་དབང་ལྗགས་ཆེན་བཀྲམ་སྟེ་ཚངས་དབྱངས་རྒྱུད། །མཁྱེན་བརྩེ་སོར་རྩེས་བསྐུལ་བའི་རྟོགས་བརྗོད་གླུ། །ཁོལ་ཆུང་ཨུཏྤལ་ཆུན་པོ་སྙིགས་པ་དིང་། །གསར་པའི་སྤེལ་ལེགས་ཕྲེང་བ་ཐོད་འཆིང་མཚར། །བློ་གྲོས་ཉ་ཕྱིས་ཁོག་ནས་རྣམ་འདྲེན་གྱི། །མཛད་པའི་མུ་ཏིག་འཁྲུལ་མེད་ཚིག་སྦྱོར་ཕྲེང་། །སྲད་བུར་བརྒྱུ་ལ་སྐལ་བཟང་ཆོས་ཀྱི་མིག །རྒྱ་མཚོ་ལྟར་ཡངས་དེས་བསྐྲུན་གྲགས་པ་སྙན། །ཡོན་ཏན་བྱེ་བའི་མྱུ་གུ་བླ་ནས་སྔར། །འཕེལ་བྱེད་དད་པའི་ས་བོན་རྒྱལ་རྣམས་ཀྱི། །རྣམ་ཐར་འདྲི་ཀློག་རྒྱ་ཆེར་སྤེལ་བ་ཡི། །ཆོ་ག་དེང་དུས་ཀུ་ཤའི་རྩེ་བཞིན་ཕྲ། །སྣ་ནམ་བྱ་ནག་གདུང་དང་རིགས་ཀྱིས་བཙུན། །སྔགས་འཆང་བརྟུལ་ཞུགས་གྲུབ་པའི་ནུས་མཐུར་ལྡན། །གོང་མའི་ལུང་གིས་ལྷོ་རྒྱུད་ཁྲི་སྐོར་བདག །ནོར་འཛིན་བདེ་བར་སྐྱོང་བ་རིམ་བྱོན་ལས། །ས་སྤྱོད་རྐང་(༢བ)


GLG018_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་དབུས་ན་ཡོངས་འདུ་ཡི། །འཁྲི་ཤིང་གཉིས་པ་རྒྱལ་པོ་བཀྲ་ཤིས་ཞེས། །མཁྱེན་ཡངས་ཟླ་བ་ཉ་གང་རྣམ་དཔྱོད་ཀྱིས། །མི་ཟད་པར་གྱི་ཀུནྡའི་འདབ་མ་ཕྱེ། །ཐུབ་དབང་ཡོན་ཏན་ཆ་ཤས་ཆེས་ཕྲ་ལ། །ཉེར་དད་བསོད་ནམས་སྲིད་འདིར་ཤོང་དཀའ་ན། །མཛད་པ་འཁྲུལ་མེད་དབྱར་རྔ་ཕྱོགས་བྲལ་རྣར། །བྱང་ཆེན་རྨ་བྱའི་མངལ་ཁུར་ཅིས་མི་སྦྲུམ། །བསྟན་ལ་རི་མོར་ཡོངས་བགྱིད་སྙིང་སྟོབས་ཀྱིས། །ནམ་མཁའི་ལྟོ་བ་དབྲལ་བར་གསེར་མངལ་ཅན། །དངངས་ནས་དགུ་ཚིགས་སྐུད་པས་ཉེར་འཚམ་པར། །བལྟ་བའི་ཆེད་དུ་གདོང་བཞི་སྤྲུལ་མིན་ནམ། །བསོད་ནམས་ཞིང་དབུལ་འབྲུ་ལྔ་ཆགས་པའི་འབྲས། །གླིང་བཞི་ལྷ་གནས་མངའ་སྒྱུར་སྤྱི་བོ་སྐྱེའི། །དབང་ཐང་ཆུང་ངུར་བྱེད་ནུས་ལེགས་བྱས་ཀྱི། །རི་མོ་མིག་གསུམ་པ་དེས་ག་ལ་དབྱི། །བསྟན་པར་སྲི་ཞུ་ཡོངས་བསྐྲུན་སྔོན་བྱོན་གྱི། །འཕགས་བོད་རྒྱལ་བའི་ངང་ཚུལ་གངས་ཅན་ལྗོངས། །གཉལ་བྱར་འཛིན་མར་དིང་སང་གནས་སོ་ཞེས། །མེ་ཏོག་ཕལ་ཆེར་ཕྱོགས་དེར་དགོད་པ་བཞིན། །ཆོས་དཀར་སྨིག་མའི་ཚལ་དུ་སྐྱེད་བསྲིངས་ནས། །འདི་ཕྱིའི་མདུན་མ་ལྷུན་གྲུབ་གར་མཁན་སྟེང་། །འགྱིངས་ཏེ་ཐར་ལམ་འཆི་མེད་བ་གམ་དུ། །གཞོན་ནུ་གདོང་དྲུག་ཚུལ་ལ་འཁུ་ནུས་ཤོག །མི་ཡི་དབང་ཕྱུག་བཙུན་མོ་སྲས་བཅས་རྣམས། །སྐུ་ཚེ་རིགས་རྒྱུད་ཆབ་སྲིད་ངལ་བསོས་བུའི། །གྲིབ་མར་བལྟོས་མིན་མངོན་སུམ་མཆེད་ཟླ་རུ། །འགྱུར་བའི་རྣམ་སྨིན་དཀར་པོར་འཛག་པར་ཤོག །(༣ན)


GLG018_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་ཕོད་བདོག་པ་ཚངས་པའི་རལ་ཀླུང་ནས། །བསོད་ནམས་མཐོ་རིས་ཆུ་བོས་མི་བདག་གི །སྡིག་སྒྲིབ་དྲི་འཁྲུས་རྩེ་མོར་གཏན་མདུན་གྱི། །ཞབས་སེན་ཏོག་གི་འོད་སྟོང་འབར་བར་ཤོག །དར་རྒྱས་ནོར་བུས་མཚོན་པ་རིག་བྱེད་མཁན། །འདིའི་ཆེད་སྒོ་གསུམ་ངལ་བ་བསྟེན་ནོ་ཅོག །ཉི་མའི་གཉེན་གྱི་སྤྱན་རས་དཀྱུས་རིང་པོས། །མི་གནས་མྱང་འདས་འཐོབ་མིན་བཙའབར་ཤོག །དགེ་བའི་ཡོན་ཏན་ཆ་རྫོགས་ཆུ་ཤེལ་དབང་། །རྩོད་ལྡན་བརླང་སྤྱོད་འཐིབས་པོར་ཤར་བའི་མོད། །བརྒྱ་བྱིན་མིག་སྟོང་སྤྲུལ་ནས་དུཿཁའི་མུན། །བཙལ་ཀྱང་ག་རེ་ཅུང་ཟད་མི་རྙེད་ཤོག །ནམ་མཁར་ཉི་ཟླ་གཟའ་སྐར་འོད་ཟེར་འབར། །གསེར་ལྡན་ལྟོ་བར་བཀྲ་ཤིས་གཡང་དུ་ཆགས། །མཆོག་གསུམ་ལྷ་དང་དྲང་སྲོང་རིགས་འཛིན་གྱི། །བདེན་ཚིག་མེ་ཏོག་ཆར་ཆེན་བསྙིལ་བར་ཤོག །ཅེས་བྱ་བ་ཆོས་རྗེ་སྐལ་བཟང་ཆོས་ཀྱི་རྒྱ་མཚོས་དེ་བཞིན་གཤེགས་པའི་མཛད་པ་འཁྲུལ་མེད་བསྒྲིགས་པར་པར་རྙིང་ཞིག་སྣང་བ་དེང་སང་གང་དུ་ཡོད་ཆ་མ་འཚལ་བར་བརྟེན་བྱ་ནག་རིགས་ཀྱི་ཐིག་ལེ་ས་སྤྱོད་རྒྱལ་པོ་བཀྲ་ཤིས་ཀྱིས་པར་གསར་བརྐོས་ཀྱི་རྒྱུ་སྦྱོར་དང་། ཨེ་ཆོས་ལུང་དཀར་པོ་ནས་དར་རྒྱས་དང་ནོར་བུས་གཙོས་པར་མཁན་བཅུ་བཀུག་སྟེ་ཞལ་བཀོད་ཀྱིས་ཁྱབ་པའི་ཚེ་པར་བྱང་ཞིག་རྩོམས་ཤིག་པར་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་རིག་བྱེད་པ་ཚངས་སྲས་བཞད་པའི་(༣བ)
རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །


no previousསྐུ་གསུང་ཐུགས་རྟེན་གསར་བཞེངས་དང་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུད་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་གི་གླེགས་བམ་གསུམ་པ།next