Nitartha Digital Library
Tibetan
༄༅།། སྙིང་པོའི་ངོ་སྤྲོད་དོན་དམ་གཏེར་མཛོད་བཞུགས་སོ།།

24 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]


24   


24 occurrences of ཐ་མལ་གྱི་ཤེས་པ་
[Clear Hits]

 
no previousno next

(༡)ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། སྙིང་པོའི་ངོ་སྤྲོད་དོན་དམ་གཏེར་མཛོད་བཞུགས་སོ། །

(༢)བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ངེས་དོན་ཕྱག་རྒྱ་ཆེན་པོ་ཡི། །སྙན་ནས་སྙན་དུ་གདམས་པ་འདི། །མི་བརྗེད་གཟུང་ནི་མ་ཐོབ་པས། །དྲན་པ་གསོ་ཕྱིར་བྲི་བར་བྱ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་གསུང་ནས། །ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས། །སྣང་སྲིད་འཁོར་འདས་ཙམ། གཉུག་མའི་ངང་དུ་ཅིག་གོ། །འདས་པའི་སོད་ཚད་མ་འོངས་པའི་འོང་ཚང་། ད་ལྟ་དྲན་པ་སྣ་ཚོགས་ཅིར་སྣང་ཅིར་ཤར་ཡང་། །དེ་གསུམ་ཀ་གཉུག་མའི་ངོ་བོར་གཅིག་གོ། །འདས་པའི་དུས་ན་ཆོས་ཉིད་གཉུག་

(༣)མར་གནས། །མ་འོངས་པའི་དུས་ན་ཡང་ཆོས་ཉིད་གཉུག་མར་གནས། །ད་ལྟ་དྲན་པ་སྣ་ཚོགས་ཅི་ཤར་ཡང་། །ཆོས་ཉིད་གཉུག་མའི་ངང་ལས་མི་གདའ། འདས་མ་འོངས་ད་ལྟ་གསུམ་ལ་ཁྱད་པར་མེད་པར་རྟོགས་པ་ནི། ཕྱག་རྒྱ་ཆེན་པོའོ། །དེ་ལ་ཕྱག་ནི། སྣང་སྲིད་འཁོར་འདས་ཙམ་ཆོས་ཉིད་སྐྱེ་བ་མེད་པའི་ངང་ལས་མི་འདའ་བར་རྟོགས་པ་ནི་ཕྱག་གོ། །ཅིར་སྣང་ཅིར་སྲིད་ཐམས་ཅད་གཉུག་མའི་དོན་ལས་མི་འདའ་བས་རྒྱའོ། །ཆོས་ཉིད་རང་གྲོལ་དུ་རྟོགས་པས་ན་ཆེན་པོའོ། །དེ་ལྟར་རྟོགས་པའི་

(༤)གང་ཟག་དེ། །ཕྱི་ནང་ཐམས་ཅད་ལྷན་ཅིག་སྐྱེས། །དཔེ་གསེར་བཙོ་མ་དང་འདྲའོ། །ཕྱི་ནང་ལྷན་སྐྱེས་དོན་དེ་ལ། །འདུ་འབྲལ་མེད་པར་རྟག་ཏུ་གནས། །རང་ཅི་ཙུག་གནས་བྱས་པ་ལ། །གཉུག་མའི་ངོ་བོ་གང་ཤར་ལྟོས། །གཉུག་མའི་ངང་ལ་ཞེ་སྡང་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་ཞེ་སྡང་རང་སར་དག །གཉུག་མའི་ངང་ལ་འདོད་ཆགས་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་འདོད་ཆགས་རང་སར་དག །གཉུག་མའི་ངང་ལས་གཏི་མུག་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་གཏི་མུག་རང་སར་དག །གཉུག་མའི་ངང་ལས་ཕྲག་དོག་ཤར། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་ཕྲག་དོག་རང་སར་དག །གཉུག་མའི་ངང་ལས་ང་རྒྱལ་བྱུང་། །གཉུག་མའི་ངོ་བོ་སྟོང་པ་ཡིན། །དེས་ན་ང་རྒྱལ་རང་སར་དག །དཔེར་ན་རྒྱ་མཚོ་ཆེན་པོ་ལ། །ཆུ་སྣ་མང་དུ་བྱུང་གྱུར་ཀྱང་། །ངོ་བོ་ཆུའི་ངོ་བོར་གཅིག །གཅིག་པ་དེ་ལྟར་རྟག་ཏུ་གནས། །ཆུ་བོ་ཀླུང་འབྱམས་བསམ་གཏན་

(༥)བྱ། །རྟག་ཏུ་གནས་པའི་དོན་དེ་ལ། །འདུ་འབྲལ་མེད་པར་རྟག་ཏུ་གནས། །སྐྱེ་འབྲི་མེད་པར་རྟག་ཏུ་གནས། །སྤང་ཐོབ་མེད་པར་རྟག་ཏུ་གནས། །འཕེལ་འགྲིབ་མེད་པར་རྟག་ཏུ་གནས། །འབྱུང་འཇུག་མེད་པར་རྟག་ཏུ་གནས། །རྟག་ཏུ་ཆོས་ཉིད་གཉུག་མར་གནས། །ཅིར་སྣང་ཕྱག་རྒྱ་ཆེན་པོར་གནས། །ལུས་ཀྱི་མཛད་སྤྱོད་ཅི་བྱེད་ཀྱང་། །ངག་གིས་གླེང་བརྗོད་ཅི་སྨྲ་ཡང་། །ཕྱག་རྒྱ་ཆེན་པོའི་ངོ་བོར་གནས། །དེ་ལྟར་རྟོགས་པའི་གང་ཟག་དེ། །ཆུ་བོ་ཀླུང་འབྱམས་བསམ་གཏན་ཟིན། །གཉུག་མ་རྒྱུན་མི་འཆད་པར་གནས། །རང་ལས་གཞན་དུ་བཙལ་དུ་མེད། །རྒྱུན་དུ་གནས་པའི་དོན་དེ་ལ། །ཐོག་མ་མེད་པར་རང་ལ་གནས། །མཐའ་དབུས་མེད་པར་རང་ལ་གནས། །གསལ་འགྲིབ་མེད་པར་རང་ལ་གནས། །འཕོ་འགྱུར་མེད་པར་རང་ལ་གནས། །དགོས་འདོད་འབྱུང་བ་རང་ལ་གནས། །རང་ལ་གནས་པའི་དོན་དེ་ལ། །གཞན་ནས་བཙལ་བས་རྙེད་མི་སྲིད། །མི་མཐུན་སྤང་དུ་མེད་པ་ཡིན། །ཆོས་ཉིད་གཉུག་མའི་དོན་དེ་ལ། །གང་ཤར་ཆོས་ཉིད་རང་གྲོལ་

(༦)ནས། །དཔེ་ནི་ནམ་མཁའ་དངས་པ་ལ། །སྤྲིན་དང་ན་བུན་ལ་སོགས་པ། །ནམ་མཁའི་ངང་ལ་རང་སར་གྲོལ། །རྐྱེན་དང་གཉེན་པོ་དེ་ལ་མེད། །སེམས་ཉིད་ཕྱག་རྒྱ་ཆེན་པོ་ལ། །ཉམས་མྱོང་སྤང་དུ་མེད་པའི་དཔེ། །དཔེར་ན་རིན་ཆེན་གསེར་གླིང་ན། །ཐམས་ཅད་གསེར་ལ་བྱས་པ་བཞིན། །དེས་ན་མི་མཐུན་སྤང་དུ་མེད། །གཉེན་པོས་བཅོས་སུ་མེད་པ་ཡིན། །མི་མཐུན་སྤང་དུ་མེད་པའི་དོན་དེ་ལ། །གཉེན་པོས་བཅོས་སུ་མེད་པས་གྲུབ་པ་མེད། །ཡེ་ནས་ཡིན་པས་གཉེན་པོ་མེད། །ཆོས་ཉིད་རང་སར་གྲོལ་ནས་གནས་པ་ལ། །དེ་ལ་གཉེན་པོས་བཅོས་མི་དགོས། །འབྲས་བུ་སྒྲུབ་དུ་མེད་པ་ཡིན། །གཉེན་པོ་མེད་པའི་ཆོས་ཉིད་དེ། །རང་ལ་གནས་པ་རྟོགས་ཙ་ན། །འབྲས་བུ་ལོགས་ནས་སྒྲུབ་མི་དགོས། །གཉུག་མ་རང་ལ་སྨིན་ཙ་ན། །འབྲས་བུ་གཞན་ལ་རེ་བ་མེད། །རེ་དོགས་མེད་པའི་འབྲས་བུ་དེ། །འབྲས་བུ་རེ་དོགས་མེད་པར་གོ། །དཔེར་ན་ནམ་མཁའ་དངས་པ་འདྲ། །ལྟ་བ་ངོས་བཟུང་མེད་པ་ཡིན། །འབྲས་བུ་སྒྲུབ་ཏུ་མེད་ཙ་ན། །ལྟ་བ་ངོས་བཟུང་མེད་པར་དེས། །ཆོས་ཉིད་གཉུག་མའི་དོན་དེ་ལ། །

(༧)རྟོགས་པའི་རྒྱུད་ལ་མ་བྱུང་བས། །ལྟ་བ་ངོས་བཟུང་མེད་པར་དེས། །དབྱིབས་དང་ཁ་དོག་དང་བྲལ་བས། །ལྟ་བ་ངོས་བཟུང་མེད་པར་དེས། །སྤྲོས་པའི་མཐའ་དང་བྲལ་བ་ཡིས། །ལྟ་བ་ངོས་བཟུང་མེད་པར་དེས། །དཔེར་ན་ཆུ་ཡི་ཟླ་བ་འདྲ། །དེ་ཉིད་སྒོམ་དུ་མེད་པ་ཡིན། །ལྟ་བ་ངོས་བཟུང་མེད་པ་དེ། །རང་ལ་གནས་པར་རྟོགས་ཙ་ན། །དེ་ཉིད་གཞན་ནས་སྒོམ་དུ་མེད། །ལུས་ཀྱི་སྒོ་ནས་དེ་མི་འཚོལ། །ངག་གི་སྒོ་ནས་དེ་མི་བརྗོད། །ཡིད་ཀྱི་སྒོ་ནས་དེ་མི་སེམས། །སྒོམ་དང་མི་བསྒོམ་རྩིས་བདབ་མེད། །བརྗོད་པ་མེད་པས་ཕྱག་རྒྱ་ཆེ། །བྱ་རྩོལ་བྲལ་བས་གནས་ཙ་ན། །གཉུག་མ་རྒྱུན་མི་འཆད་པར་གནས། །དཔེར་ན་ཆུ་བོའི་རྒྱུན་དང་འདྲ། །ཚིག་ཕྱིར་མི་འབྲེང་སེམས་ལ་རྔུབ། །སྐལ་ལྡན་རྣམས་ཀྱིས་གསོལ་འདེབས་པས། །གདམས་ངག་ཡི་གེར་བྲིས་པ་ཡིན། །བླ་མ་ཡི་དམ་མཁའ་འགྲོས་བཟོད། །མཛད་ནས་དངོས་གྲུབ་སྩལ་དུ་གསོལ།། །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། ལྷན་སྐྱེས་ཡེ་ཤེས་ཀྱི་གདམས་པ་གཞུགས་སོ།། །།ན་མོ་གུ་རུ། རང་རིག་གསལ་བ་འགྲོ་བ་

(༨)ཀུན་ལ་ཁྱབ། །དབྱེར་མེད་ཚུལ་གྱིས་མ་སྐྱེས་རང་བཞིན་ཡིན། །ས་ལམ་སྒྲོད་མེད་འབྲས་བུ་བློ་ལས་འདས། །སྙིང་པོའི་དོན་ནི་རྟོག་གེའི་ཡུལ་ལས་འདས། །རྒྱལ་བའི་དགོངས་པ་ཉག་ཅིག་བསམ་དུ་མེད། །དག་དང་མ་དག་འཁོར་འདས་གཟུགས་བརྙན་རྣམས། །སྣང་ཡང་སྐྱེ་བ་མེད་པའི་ངང་དུ་ཅིག །སྐྱེ་མེད་འདི་ལ་གཉིས་སུ་མེད་པ་ཡིན། །བདེ་ཆེན་མི་རྟོག་རྒྱུན་དུ་ངང་ལ་གནས། །འཛིན་རྟོག་གཉིས་འདས་མ་བཅོས་ཆོས་ཀྱི་སྐུ། །སྨྲ་མེད་ཉམས་སུ་མྱོང་བ་རྒྱུན་མི་འཆད། །དོན་དམ་དམིགས་སུ་མེད་པའི་དབྱིངས་སུ་རོ་གཅིག་ཉིད། །འཆར་ནུབ་མེད་ན་རྣམ་རྟོག་མུན་པ་ནུབ། །མཐའ་དབུས་མེད་པའི་ཆོས་ཉིད་ནི། །ནམ་མཁའ་ལྟ་བུར་ཐམས་ཅད་ལ། །མ་ཁྱབ་པ་ནི་མེད་པས་ན། །ངོ་མཚར་ཆེ་སྟེ་ཉམས་མྱོང་སྨྲ་མི་བཏུབ། །དབྱེར་མེད་རྟོགས་ན་ལྟ་ངན་མྱུར་དུ་འཇོམས། །འཁོར་འདས་གཉིས་ཀྱི་རེ་དོགས་བྲལ། །དངོས་པོ་ཐམས་ཅད་མཉམ་ཉིད་ཕྱག་རྒྱ་ཆེན་པོ་ལ། །རྟོག་པ་སྤངས་ཤིང་མི་རྟོག་མི་སྒོམ་དེ། ཁོ་ན་ཉིད་ལ་གཉེན་པོ་རང་ལས་གཞན་

(༩)མེད་དེ་རང་སར་གནས། །གཞན་ན་ཡོད་ན་ཀུན་གྱི་མཐོང་བར་རིགས། །རང་ལ་ཡོད་པས་ལྐོག་གྱུར་བླ་མའི་ཞལ། །རང་གི་སེམས་ཉིད་སངས་རྒྱས་ཁོ་ན་ཡིན། །ཕྱག་རྒྱ་ཆེན་པོའི་ཡོན་ཏན་ནམ་མཁའ་འདྲ། །ཕྱག་རྒྱ་ཆེན་པོའི་རང་ལས་གཞན་མེད་ཕྱིར། །མཆོད་རྫས་མཆོད་གནས་མཆོད་པ་རང་ཉིད་ཡིན། །ངོ་བོ་བློ་ཡི་ཡུལ་ལས་ཤིན་དུ་འདས། །རང་ཉིད་ཕྱག་རྒྱ་ཆེན་པོ་ཉིད་ཡིན་པས། །འཁྲུལ་དང་མ་འཁྲུལ་བློའི་ཡུལ་ལས་འདས། །འོད་གསལ་ཆེན་པོ་གཉུག་མའི་ངོ་བོ་ཉིད། །གསལ་རྒྱུ་མེད་པས་བྱང་ཆུབ་སེམས་སུ་གཅིག །གཉིས་སུ་མེད་པས་འཁོར་བའི་རང་བཞིན་མེད། །དེ་ཉིད་ཤེས་ན་སྣང་བའི་ལོངས་སྤྱོད་ཡིན། །མྱོང་སྣང་ཐམས་ཅད་སྨྲར་མི་བཏུབ་པས་ན། །གཞོན་ནུ་མའི་བདེ་བ་ཇི་བཞིན་དུ། །བདག་དང་གཞན་དོན་གཉིས་མེད་གསལ་བའི་ངང་། །དངོས་དང་དངོས་མེད་ཡོངས་སུ་བཏང་ནས་འཁོར་བ་མེད། །སེམས་ཀྱི་རང་བཞིན་སངས་རྒྱས་གཉིས་མེད་ངང་། །དྲན་རིགས་ཐམས་ཅད་མ་བསྒྲིམས་གློང་ལ་བཞག །

(༡༠)ཐམས་ཅད་མཁྱེན་པའི་ངོ་བོར་འདི་འདྲ་མེད། ཁོ་ན་ཉིད་ཀྱིས་རྟོགས་པར་ཐེ་ཙོམ་མེད། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །རང་གིས་ཉམས་སུ་མྱོང་བ་དེ་ཁོ་ནའོ། །རང་རིག་རང་ལ་འབར་ན་འཛིན་རྟོག་ཟད། །ཤེས་རབ་རང་བཞིན་ཏིང་འཛིན་དགོས་མི་འགྱུར། །རྟོགས་པའི་རང་བཞིན་བསམ་གྱི་མི་ཁྱབ་ཀྱང་། །གདོང་ནས་དག་པས་རྟོག་མེད་ངང་ལ་ཐིམ། །ཡེ་ཤེས་རང་བཞིན་སྐྱེ་འགག་མེད་པར་རྟོགས། །བློ་ལས་འདས་པས་མནོ་བསམ་ཡུལ་མ་ཡིན། །སེམས་ཅན་སངས་རྒྱས་བསམ་གྱིས་མི་ཁྱབ་པ། །སྐྱེ་མེད་རྟོགས་པའི་ཡུལ་ནི་བློར་མི་སྣང་། །བཟུང་འཛིན་བྲལ་བའི་ཕྱག་རྒྱ་ཆེན་པོ་ནི། །མཚན་ཉིད་བརྟེན་པའི་ཉན་ཐོས་ལ་སོགས་སྲེག །རྩེ་གཅིག་བལྟས་ན་ཡོན་ཏན་མཐར་ཐུག་ལྡན། །ཐོག་མཐའ་བྲལ་ཕྱིར་སྔ་ཕྱིའི་དུས་མི་དམིགས། །དེ་ཕྱིར་དངོས་མེད་ཡེ་ཤེས་རྟོགས་པའི་ལམ་གང་དུ་བལྟས་ཀྱང་ཡེ་ཤེས་རང་ལ་རྙེད། །གཏེར་རྙེད་བདག་བཞན་གཉིས་ཀའི་དོན་མ་རྨོངས། །ཐུགས་རྗེའི་སྤྲུལ་པས་ནམ་མཁའི་ཁམས་ཀུན་འགེངས་

(༡༡)དོན་དམ་རབ་ཏུ་མི་གནས་རྒྱལ་བའི་ཐུགས། །ཐུགས་ཀྱི་དགོངས་པ་དབྱིངས་ལས་མ་སྐྱོད་ཀྱང་། །ཚིམ་ཞིང་མགུ་ནས་རབ་ཏུ་མི་གནས་སྟོན་པར་བྱེད། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་བསལ་བར་སྟོན། །ཐོག་མཐའ་མེད་ནས་སྲིད་པའི་རྒྱ་མཚོར་གཡེངས། །སྡུག་བསྔལ་སྲིད་དང་མྱ་ངན་འདས་པའི་ཆོས། །རང་གི་སེམས་ཡིན་ཐག་ཆོད་བསམ་དུ་མེད། །བློ་ལས་འདས་པ་བསྒོམ་དུ་མེད། །གདོད་ནས་གནས་པ་ལྷན་ཅིག་སྐྱེས། །སྐྱེ་བ་མེད་པའི་ཆོ་འཕྲུལ་ལས། །གཟུགས་ཀྱི་སྐུ་རུ་བྱུང་བ་ཡིན། །ཆོས་སྐུ་ཡེ་ཤེས་ཆེན་པོ་རང་། །ལོངས་སྐུ་སྤྲུལ་སྐུར་ཤར་བ་ཡིན། །རྟོགས་པའི་སྒོ་ནས་ཐ་དད་ཙམ། །ངོ་བོ་གཅིག་ལས་མེད་པ་ཡིན། །ཉམས་སུ་བླངས་པའི་གདམས་ངག་ཀྱང་། །རྨོངས་པ་རྣམས་ནི་འདི་ལྟ་སྟེ། །མཉམ་བཞག་རྗེས་ཐོབ་ངག་ཏུ་འདོད། །ཐུན་དུ་བཅད་ནས་སྒོམ་པར་འདོད། །དམིགས་མེད་གར་ཡང་མ་འཕྲོས་ལ། །ཕྱག་རྒྱ་ཆེན་པོ་སྒོམ་པར་འདོད། །དེ་ལྟར་བྱོལ་སོང་རྣམས་འདོད་དོ། །ས་

(༡༢)ར་ཧ་ནི་འདི་ལྟར་འདོད། །དབང་པོ་དྲུག་གི་སྤྱོད་ཡུལ་དུ། །སྣང་བའི་དང་པོ་ཐམས་ཅད་ནི། །འབད་རྩོལ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་མེད་པར་རྟོགས་པར་བྱ། །བསམ་དང་བྲལ་བའི་ཚུལ་གྱིས་སུ། །སྣང་བ་དངོས་མེད་རྟོགས་པར་བྱ། །སྤྱོད་པ་མེད་པའི་རང་བཞིན་ལས། །སྣང་སྲིད་ཆོས་སྐུར་རྟོགས་པར་བྱ། །རྒྱུན་མི་ཆད་པའི་རྣལ་འབྱོར་གྱིས། །ཐམས་ཅད་ལྷན་སྐྱེས་རྟོགས་པར་བྱ། །བླང་དོར་མེད་པའི་མཆོག་ཡིན་ནོ། ཁམས་གསུམ་ཡེ་ནས་སངས་རྒྱས་ཡིན། །འཁོར་བ་ཡེ་ནས་མྱང་འདས་ཡིན། །སེམས་ཉིད་ཡེ་ནས་གྲོལ་བ་ཡིན། །དུག་ལྔ་སྨན་གྱི་རང་བཞིན་ཡིན། །ཉོན་མོངས་ཡེ་ནས་བྱང་ཆུབ་ཡིན། །འོན་ཀྱང་མ་རྟོགས་འཁོར་བར་ཁྱམས་པ་ཡིན། །འཁོར་བ་ཟློག་ལ་བླ་མའི་གདམས་ངག་དགོས། །དབུལ་པོའི་གཏེར་ནི་ཇི་བཞིན་དུ། །རང་ལ་ཡོད་ཀྱང་མ་རྟོགས་སོ། །དེས་ན་བླ་མའི་གདམ་ངག་གིས། །སྐད་ཅིག་ཙམ་ཡང་མ་ཡེངས་པར། །ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་། །བྱ་བ་བཏང་ལ་ཉམས་སུ་བླང་། །ཕྱག་རྒྱ་ཆེན་པོ་

(༡༣)དང་འབྲེལ་བའི། །སྤྱོད་པ་རྣམ་གསུམ་བསྟན་པར་བྱ། །གསང་སྤྱོད་རིག་སྤྱོད་ཚོགས་སྤྱོད་གསུམ། །ཕྱག་རྒྱ་ཆེན་པོའི་དུས་སུ་བྱ། །དེ་ཉིད་རྟོགས་ཤིང་ནུས་མེད་པ། །དེའི་དུས་སུ་གསང་སྤྱོད་བྱ། །ནུས་པ་དག་ནི་སྐྱེས་གྱུར་ན། །དེ་ནས་རིག་པའི་བརྟུལ་ཞུགས་སྤྱོད། །ཚོགས་སྤྱོད་ཟླ་གཅིག་སྤྱོད་བའོ། །འདོད་པ་གཡེང་པ་བཞི་བ་དང་། །ཏིང་འཛིན་བརྟན་པའི་དགོས་པ་ཡོད། །སྤྱོད་པ་མཐར་ཕྱིན་གལ་ཆེའོ།། །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། །ཐོག་བབས་ཀྱི་རྩ་བ་ལགས་སོ། །ན་མོ་གུ་རུ། ཕྱག་རྒྱ་ཆེན་པའི་གདམ་ངག་ཐོག་བབས། །ཡས་ཐོག་ཏུ་གདབ་པ་འདི་ལ་དོན་གཉིས་ཏེ། ཕྱོགས་སྔ་མ་ལོག་པར་རྟོག་པ་ལྔ་བསལ་བ་དང་། །གདམས་ངག་དངོས་སོ། །དང་པོ་ལ་ལྔ་ལས། ངོ་བོ་ལ་ལོག་པར་རྟོག་པ་བསལ་བ་ནི། །ད་ལྟའི་སེམས་ངན་པ་སྤངས་ནས་ཕྱིས་ཡེ་ཤེས་བཟང་བ་ཅིག་འདོད་པ་ཡིན་ལ། །གདམས་ངག་འདིའི་ལུགས་ཀྱིས། ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པས་སྤང་དུ་མེད་དོ། །གཉིས་

(༡༤)པ་ཡུལ་ལ་ལོག་རྟོག་བསལ་བ་ནི། དུག་ལྔ་སྤང་བར་འདོད་པ་དེ། ཆོས་འདིའི་ལུགས་ཀྱིས། དུག་ལྔ་ལམ་དུ་ཁྱེར་བའོ། །གསུམ་པ་དུས་ལ་ལོག་རྟོག་བསལ་བ་ནི། །བསྐལ་པ་གྲངས་མེད་གསུམ་ན་རྟོགས་པར་འདོད་པ་དེ། །ཆོས་འདིའི་ལུགས་ཀྱི། ད་ལྟ་རང་རྟོགས་པར་འདོད་པའོ། །བཞི་པ་ཤེས་རབ་ལ་ལོག་རྟོག་བསལ་བ་ནི། རིག་པས་རྟོགས་པར་འདོད་པ་དེ། །འདིར་གདམས་ངག་གིས་རྟོགས་པར་འདོད་པའོ། །ལྔ་པ་སངས་རྒྱས་དང་། །སེམས་ཅན་ལ་བཟང་ངན་དུ་བྱེད་པའི་ལོག་རྟོགས་བསལ་བ་ནི། །འདིར་རྟོགས་མ་རྟོགས་ལས་ཁྱད་མེད་པའོ། །གཉིས་པ་གདམས་ངག་དངོས་ལ་གསུམ། དང་པོ་སྒོམ་པའི་མགོ་རྩོམ་པ་ལ་མཁས་པ། བར་དུ་ཉམས་སྟོན་པ་ལ་མཁས་པ། ཐ་མར་འཕྲོ་གཅོད་པ་ལ་མཁས་པའོ། །དང་པོ་ལ་གཉིས་ལས། ལུས་ཀྱི་བཞག་ཐབས་ནི། རྣམ་སྣང་གིས་ཆོས་བདུན་ནོ། །སེམས་ཀྱི་བཞག་ཐབས་ལ་གཉིས་ལས། སེམས་མ་འཁྲུལ་

(༡༥)པར་ངོས་བཟུང་བ་ནི། སེམས་ཀྱི་ངོ་བོ་བདེ་གསལ་མི་རྟོག་པ་དེ། མ་བཅོས་པར་རང་ལུགས་སུ་རྩོལ་སྒྲུབ་དང་བྲལ་བར། ཐོགས་བབས་སུ་བཞག་པའོ། །སེམས་འཁྲུལ་པ་ངོས་བཟུང་བ་ལ་བཞི། ལྟ་བའི་ཡུལ་དང་། ལྟ་ཐབས་དང་། མཐོང་ཚད་དང་། མཐོང་ལུགས་སོ། །དང་པོ་ལྟ་བའི་ཡུལ་ནི། དགེ་བ། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་རྣམ་པར་རྟོག་པའོ། །གཉིས་པ་ལྟ་ཐབས་ནི། རྣམ་རྟོག་གང་བྱུང་ལ། ཤེས་རབ་ཀྱི་མིག་གིས་ཐོག་བབས་སུ་བལྟ་བའོ། །གསུམ་པ་མཐོང་ཚད་ནི། རྣམ་རྟོག་བུད་པའི་ཤུལ་ནས་སེམས་མེད་པ་མ་ཡིན་ཏེ། སེམས་ངོ་བོས་སྟོང་པ། གསལ་སིང་ངེ་བ་གཅིག་འདུག་པ་དེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །བཞི་པ་མཐོང་ལུགས་ལ་བཞི། ཅི་མཐོང་བ། དུས་ནམ་མཐོང་བ། ཆོས་ཅི་དང་ལྡན་པར་མཐོང་བ། །ཅི་ལྟར་མཐོང་བའོ། །ཅི་མཐོང་ཞེ་ན། སེམས་མཐོང་སྟེ། རྟོགས་ན་སངས་རྒྱས་སོ། །དུས་ནམ་མཐོང་ཞེ་ན། ཐོག་མ་མེད་པ་ནས་ཡོང་

(༡༦)བར་རོ། །ཆོས་ཅི་དང་ལྡན་པར་ཐོང་ཞེ་ན། །ཆོས་ཐམས་ཅད་ལ་ཁྱབ་པར་མཐོང་ངོ་། །ཅི་ལྟར་མཐོང་ཞེ་ན། དབང་པོ་དྲུག་གི་སྤྱོད་ཡུལ་ལས་འདས་པར་མཐོང་སྟེ། ཁ་དོག་དང་དབྱིབས་སུ་མ་གྲུབ་པའོ། །བར་དུ་ཉམས་བརྟན་པ་ལ་མཁས་པ་ནི། རྒོད་ན་དེ་རང་གི་ཐོག་ཏུ་གཏད། བྱིང་ན་རྒོད་དུ་ཅུག་སྟེ་དེ་ལ་བལྟ་བའོ། །ཐ་མ་འཕྲོ་བཅོད་པ་ལ་མཁས་པ་ནི། གསལ་ལ་ཡུན་ཐུང་དུ་བྱས་ཏེ་སྒོམ་པ་དེ། སྒོམ་དང་མཁོན་པར་བཟང་གྱེས་བྱ་བའོ། །ཕྱག་རྒྱ་ཆེན་པོ་རྩིས་ཀྱི་རྒྱ་མདུད་དང་བཅས་པའོ།། །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། །ཉམས་ལེན་དགུ་ཕྲུགས་ཀྱི་གདམས་པ་ལགས་སོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་ཕྱག་རྒྱ་ཆེན་པོ་ལ་དབྱེ་བ་མེད་ཀྱང་། རྣལ་འབྱོར་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ན་གཉིས་ཏེ། སེམས་ཉིད་ལྷན་ཅིག་སྐྱེས་པ་དང་། སྣང་བ་ལྷན་ཅིག་སྐྱེས་པའོ། །དང་པོ་ནི་ཆོས་སྐུ་ཡིན་ལ། གཉིས་པ་ནི་ཆོས་སྐུའི་འོད་

(༡༧)ཡིན་ནོ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུའི་རང་བཞིན་མ་བཅོས་པ་ཡིན། ངོ་བོ་བཟུང་དང་བྲལ་བ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ནི་དགེ་མི་དགེ་ལུང་མ་བསྟན་པ་རྣམ་པར་རྟོག་པ་དུ་མ་དང་བཅས་པ་ཡིན་ནོ། །དེ་ཉིད་གཅིག་གམ་ཐ་དད་ཅེ་ན། མ་རྟོགས་པ་རྣམས་ཐ་དད་པ་ལྟར་སྣང་ལ། རྟོགས་པ་རྣམས་ལ་ཅིག་སྟེ། དཔེར་ན། ཙན་དན་དང་ཙན་དན་གྱི་དྲི་བཞིམ་ནམ་ཉི་མ་དང་ཉི་མའི་ཟེར་བཞིན་ནམ། ཆུ་དང་ཆུའི་རླབས་བཞིན་ནོ། །དེ་ལྟར་རྟོགས་པར་བྱེད་པའི་ཆོས་གསུམ་སྟེ། གཞི་ཅི་ཡང་མ་ཡིན་པ་ལ། སྣ་ཚོགས་སུ་ཤེས་པར་བྱ། སྣ་ཚོགས་སུ་སྣང་བ་དེ་ལ་ཡང་དོན་ལ་ཅི་ཡང་མ་ཡིན་པར་ཤེས་པར་བྱ། རྟོགས་པའི་དུས་སྨྲ་མི་བཏུབ་ སེམས་ཉིད་ ལྷན་ཅིག་སྐྱེས་པ་དེ། པར་ཤེས་ སྣང་བ་ལྷན་ཅིག་སྐྱེས་པ་དེ། གཞི་སེམས་ཉིད་ལས་བྱུང་བ། པར་བྱ། གཞོན་ནུ་མའི་ བདེ་བ་བཞིན་དུ། རྟོགས་པར་བྱེད་པ་ལ་ཉམས་སུ་ལེན་

(༡༨)དགོས་པས། དེ་ལ་ཆོས་གསུམ་སྟེ། དང་པོ་འབད་རྩོལ་དང་བྲལ་བའི་སྒོ་ནས། ལུས་སེམས་ཁོང་གློད་པ་དང་། བར་དུ་ཐེ་ཙོམ་དང་བྲལ་བའི་སྒོ་ནས་མ་བཅོས་པའི་ངང་ལ་བཞག་པ་དང་། ཐ་མ་བྱུང་ཚོར་གྱི་རྟོག་པ་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ། །དེ་ལ་བླ་མའི་མན་ངག་གིས་རྒྱས་འདེབས་དགོས་པས། །མཐའ་རྟེན་གྱི་གདམས་ངག་གསུམ་སྟེ། འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ལྷན་ཅིག་སྐྱེས་པའི་ དུག་གསུམ་གྱི་རྟོགས་པ་དང་བྲལ། ཡེ་ཤེས་དེ་རང་ལ་ཡོད་པས། གཞན་ནས་བཙལ་མི་ སྔར་འདྲེས་ཀྱི་མི་དང་འཕྲད་པ་ལྟར། དགོས། སྡུག་བསྔལ་ཐམས་ཅད་སྤངས་པའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་དེ། རང་གི་རིག་པ་འདི་ཁོ་ན་ཡིན་པས་ལོགས་ན་མེད། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཡིན་པས། རང་སེམས་ལ་རང་འཇིགས་མི་དགོས་སོ། །ཕྱག་རྒྱ་བླ་མའི་གདམས་ངག་གིས་ངང་ལ་ཡོད་པ་བདེ་ཤེས་པར་བྱེད་པའོ། །ཆེན་པོ་ངོ་སྤྲོད་གདམ་ངག་ཨིྀྠ།

(༡༩)ཆོས་སྐུ་འཛུགས་ཚུགས་ཞེས་བྱ་བ་བཞུགས་སོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རིན་པོ་ཆེའི་ཞལ་ནས། ངས་ཁྱོད་ལ་ངོ་སྤྲོད་ཅིག་བྱ་གསུང་། །ད་ཁྱོད་རང་གི་ཤེས་པ་གསལ་སིང་ངེ་བ་དེ་རང་ཆོས་སྐུ་ཡིན། ལོགས་ན་མེད། ད་ལྟ་རང་འདི་ནས་ལངས། ཕ་གིར་བསྡད་ཙ་ན་ཡང་། ཤེས་པ་ལ་བལྟས་པས། །གསལ་སིང་ངེ་འདུག་པ་དེ་ཁོ་ན་ཆོས་ཀྱི་སྐུ་ཡིན། དེ་ནས་ཡང་། ཁྱིམ་དུ་ཕྱིན་ནས་མལ་དུ་བསྡད་དེ། སེམས་ལ་བལྟས་པས། གསལ་སིང་ངེ་བྱ་བ་ངོས་བཟུང་དང་བྲལ་བར་འདུག་ན། དེ་ཁོ་ན་ཆོས་སྐུ་ཡིན། དེ་ལ་གནས་པ་ཡུན་ཐུང་སྟེ་སྐད་ཅིག་ཙམ་ཡང་མི་གནས་པ་དེ་ཡང་ཆོས་སྐུ་ཡིན། ཤེས་པ་འཕྲོ་བ་ལ་སྐྱོན་དུ་མི་ལྟ། མི་འཕྲོ་བ་ལ་ཡོན་ཏན་དུ་མི་ལྟ་བར། ཅི་ལྟར་འདུག་ཀྱང་། ཤེས་པ་གསལ་སིང་ངེ་བ་ལ། ངེས་སུ་བཞུག་སྟེ། འོང་ན་ཡེ་ཤེས་འཆར་རོ། །དེ་ཙ་ན་རང་མཁས་པ་འོང་ཡིན་གསུང་ངོ་།། །འོལ་ཀའི་ཡོན་དག་མོ་ལ་གདམས་པ་ལགས་སོ།། །།ན་མོ་གུ་རུ། བླ་མ་དགས་པོ་སྙི་སྒོམ་

(༢༠)གྱིས། འོལ་ཀའི་ཡོན་བདག་མོ་ཅིག་སྒོམ་འདོད་ནས། ཐུགས་ནས་ཕྱུང་བ་ཡིན་སྐད། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་དེ། བྱང་ཆུབ་ཀྱི་སེམས་ཡིན། སེམས་རང་སོར་འཇོག་པ་དེ། གདམ་ངག་ཡིན། འཇོག་ལུགས་ནི། ནམ་མཁའ་ལྟར་ངོས་བཟུང་མེད་པར་འཇོག །རི་བོ་ལྟར་གཡོ་འགུལ་མེད་པར་འཇོག །མར་མེ་ལྟར་གསལ་ལ་མ་ཡེངས་པར་འཇོག །དེ་ལྟར་བཞགས་པས། དཔེ་གསུམ་པོ་ལྟར་སེམས་གནས་ཙ་ན། སེམས་རང་གིས་རང་ངོ་ཤེས་པ་དེ་རྟོགས་པ་ཡིན། སེམས་དེ་རྟོགས་ལུགས་ནི། སྐྱེ་བ་མེད་པར་རྟོགས། འགགས་པ་མེད་པར་རྟོགས། གནས་པ་མེད་པར་རྟོགས། དེ་ལྟར་རྟོགས། དེ་ལྟར་རྟོགས་པས་མཐའ་དང་བྲལ་བ། ནམ་མཁའ་ལྟར་ཡངས་པ་དེ་ལྟ་བ་ཡིན། ཉམས་མྱོང་བཟུང་དུ་མེད་པ། ཉི་ཟླ་ལྟར་གསལ་བ་དེ་སྒོམ་པ་ཡིན། དྲན་སྣང་ཆོས་ཉིད་དུ་ཤར་བ་དེ་སྤྱོད་པ་ཡིན། དེ་ལྟ་བུ་ཉམས་སུ་མྱོང་བ་དེ་འབྲས་བུ་སངས་རྒྱས་ཡིན་ནོ། །ཞེས་གསུང་ངོ་། །

(༢༡)། རྗེ་རིན་པོ་ཆེའི་ལྟ་སྒོམ་སྤྱོད་འབྲས་ཀྱི་གདམས་པ། འོལ་ཀའི་ཡོན་བདག་མོ་ལ་གསུངས་པའོ།། ༈ །།དུས་གསུམ་དབྱེར་མེད་ཀྱི་གདམས་པ་ལགས་སོ།། །།ན་མོ་གུ་རུ། རིན་པོ་ཆེ་སྒམ་པོ་པའི་ཞལ་ནས། ཕྱག་རྒྱ་ཆེན་པོའི་དབང་དུ་བྱས་ན། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ཡིན། སེམས་མ་བཅོས་པ་དེ་ཉིད་ཆོས་སྐུ། སྣང་གྲགས་སྣ་ཚོགས་སུ་ཤར་བ་དེ་ཆོས་སྐུའི་འོད། དེ་གཉིས་མར་མེ་དང་མར་མའི་འོད་ལྟ་བུ་ཡིན། དེ་ཉམས་སུ་ལེན་པའི་དུས་སུ་འདི་ཅུག་ཡིན། འདས་པའི་རྣམ་པར་རྟོག་པ་རྗེས་མི་བཅད། མ་འོངས་པའི་རྣམ་པར་རྟོག་པ་སྔོན་མི་བསུ། ད་ལྟར་བའི་སྣང་བ་ཡིད་ལ་མི་བྱ་བར། །ཤེས་པ་གསལ་ལ་རྟོག་པ་མེད་པ། །ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུའི་ངང་དུ། སེམས་མ་བཅོས་པར་རང་གར་ཙེན་གྱིས་བཞག །དེའི་དུས་སུ་ཤེས་པ་སྐད་ཅིག་མ་ཅིག་ཙམ་འམ། སྐད་ཅིག་གཉིས་པ་ཙམ་གནས་པ་འོང་། དེ་ཡུན་རིང་བ་ལ་ཡོན་ཏན་

(༢༢)དུ་མི་བལྟ། ཐུང་བ་ལ་སྐྱོན་དུ་མི་ལྟ་བ་ཡིན། །དེ་ལྟར་བསྒོམས་པས་དུས་ཅི་ཞིག་ཙ་ན། །ཤེས་པ་དེ་མར་མེའི་རྩེ་མོའམ། །ཆུ་བོའི་རྒྱུན་བཞིན་དུ་ཕྲིལ་གྱིས་འགྲོ་བ་འོང་བ་ཡིན། དེ་དུས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱ་བ་ཡིན། ཆུ་བོའི་རྒྱུན་ནི་རབ་འབབ་དང་། མར་མེའི་རྩེ་མོ་རབ་བཅིངས་ལྟར། །ཉིན་མཚན་རྟག་ཏུ་བདག་གི་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །བྱ་བ་ཡིན་པས། དེ་ལས་མེད། སེམས་ཀྱི་ངོ་བོ། །རང་བཞིན། །མཚན་ཉིད་དོ། །ངོ་བོ་ནི་ཕྱོགས་རིས་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཡིན། རང་བཞིན་ནི། གསལ་ལ་གོ་མ་འགས་པ་ངོས་བཟུང་མེད་པ་དེ་ཡིན། མཚན་ཉིད་ནི། རྟོགས་པ་སྣ་ཚོགས་སུ་འགྱུར་བ་དེ་ཡིན། ལར་བྱ་བ་བཏང་ནས་བསྒྲུབ་དགོས་པ་ཅིག་ཡིན། འཇིག་རྟེན་བློས་ཐོང་ལ་རེམ་ལ་སྒོམ་ཅིག་གསུང་། ཡུན་རིང་ལ་ངོས་དྲག་དྲག་ཏུ་སྒོམ་ན། སྒོམ་ཉམས་སུ་མྱོང་བ་ཡིན། སྙོམས་ལས་བྱས་པ་ལ་མི་སྐྱེ་གསུང་།། །།དགས་པོ་སྒོམ་ཆུང་གིས་

(༢༣)གསུངས་པའི་ངོ་སྤྲོད་ལགས་སོ།། །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །རིན་པོ་ཆེ་སྒོམ་ཆུང་གི་ཞལ་ནས། འོ་ན་ཕྱག་རྒྱ་ཆེན་པོ་ངོ་སྤྲོད་སྒོམ་པ་འདི་ཙུག་ཡིན་པས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། སེམས་རིག་པའི་ངོ་བོ་འདི་རྟོགས་ན། སངས་རྒྱས། མ་རྟོགས་ན་འཁོར་བ་ཡིན། སྤྱིར་ཆོས་ཐམས་ཅད་ཀྱི་ཟབ་པར་གྱུར་པ་བྱ་བ་ཡིན། དེ་སྒོམ་ན་ཅི་ཙུག་སྒོམ་བྱས་པས། འདས་པའི་རྗེས་མི་བཅད། །མ་འོངས་པའི་སྔོན་མི་བསུ། ད་ལྟར་གྱི་ཤེས་པ་རང་ག་རྣལ་མར་ཙེན་གྱིས་བཞག །དེ་ལ་འདས་པའི་རྗེས་མི་བཅད་ཟེར་ཙ་ན། འོ་སྐོལ་གྱི་བློ་རྣམ་རྟོག་སྔ་མའི་ཕྱི་མི་འབྲང་བ་ཡིན། མ་འོངས་པའི་སྔོན་མི་བསུ་ཟེར་ཙ་ན། འོ་སྐོལ་གྱི་བློས། རྣམ་རྟོག་ཕྱི་མའི་མདུན་མི་བསུ་བ་ཡིན། ད་ལྟར་གྱི་ཤེས་པ་རང་ག་རྣལ་མར་ཙེན་གྱིས་བཞག་ཟེར་ཙ་ན། ད་ལྟར་གང་དུ་ཡང་མི་དམིགས་པ་ལ་ཟེར་བ་ཡིན། སེམས་མ་བཅོས་ན་གསལ། ཆུ་མ་རྙོགས་ན་དངས་བྱ་

(༢༤)བྱ་བ་ཡིན་པས། མ་བཅོས་པའི་ངང་ལ་རང་གར་ཙེན་གྱིས་ཞོག །དེ་ལྟར་བཞག་པས། གསལ་ལ་རྟོགས་པ་མེད་པ། སིང་ངེ་ཡེ་རེ་བ་བ་སེ་གོལ་རྟོག་པ་ཙམ་འམ་བ་འཇོབ་ཙམ་ལ་སོགས་པ་འོང་། དེ་ཡུན་རིང་བ་ལ་ཡོན་ཏན་མི་ལྟ། ཐུང་བ་ལ་སྐྱོན་དུ་མི་ལྟ་བར་སྒོམ། དེའི་རྗེས་ལ། རྣམ་རྟོག་གཅིག་འོང་། དེ་ལ་གློད་ནས་འཇོག་འཇུར་བུས་བཅིངས་པའི་སེམས་ཉིད་དེ། གློད་ན་གྲོལ་བ་ཐེ་ཚོམ་མེད། །བྱ་བ་ཡིན་པས་གློད་པ་ཡིན། །དེ་ལྟར་གློད་ཅིང་བསྒོམས་པས། གསལ་ལ་རྟོག་པ་མེད་པ་དེ་ཡུན་ཇེ་རིང་ཇེ་རིང་ལ། ཅི་ཞིག་ཙ་ན། རང་གི་ངོ་བོའི་ནང་དུ་ཕྲིལ་གྱིས་འགྲོ་བ་འོང་། དེ་ལྟར། ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་བྱ་བ་དེ་ལ་ཟེར་བ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་རྟོགས་ནས། ཚིག་གནས་དཔྱད་ཡང་དོན་འདི་ལ་འབབ་པ་ཡིན་པས། དེ་ལས་མེད། གློད་ལ་བསྒོམས་ཤོག། །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། རྒྱུ་ལམ་འབྲས་བུའི་མན་ངག་ལགས་སོ།། ༈ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དབང་པོ་རབ་ཕྱག་རྒྱ་ཆེན་པོ་རྟོགས་པར་བྱེད་

(༢༥)པ་ལ་དོན་རྣམ་པ་གསུམ་སྟེ། རང་བཞིན་རྒྱུའི་ཕྱག་རྒྱ་ཆེན་པོས་གཞི་ཤེས་པར་བྱ་བ་དང་། སྒོམ་པ་ལམ་གྱིས་ཕྱག་རྒྱ་ཆེན་པོས། ལམ་ཉམས་སུ་བླང་བའི་ཐབས་བསྟན་པ་དང་། ལྷུན་གྱིས་གྲུབ་པའི་འབྲས་བུ་བསྟན་པའོ། །སྒོམ་པ་ལམ་གི་ཕྱག་རྒྱ་ཆེན་པོས། ལམ་ཉམས་སུ་བླང་བའི་ཐབས་བསྟན་པ་ནི། དང་པོ་བརྔའི་གདམ་ངག་དག་གིས་ཕྱག་རྒྱ་ཆེན་པོའི་རོ་འཚོལ་བ་དང་། བར་དུ་གཉིས་མེད་འོད་གསལ་གྱི་སྒོམ་པས། སེམས་ཉིད་རྣལ་དུ་གཞུག་པ་དང་། ཐ་མ་ཡིད་ལ་མི་བྱེད་པའི་རྣལ་འབྱོར་གྱིས། རྣམ་པར་རྟོག་པ་ལ་བཟླ་བའོ། །དེ་ཡང་རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས་གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཅེས་གསུངས་པས། བརྡའི་མན་ངག་གིས་མ་སྐྱེས་པ་ངོས་བསྟན་པ་ནི། བརྒྱུད་པའི་བླ་མ་དང་། དངོས་ཀྱི་བླ་མའོ། །དེ་ཡང་། བརྒྱུད་པའི་བླ་མ་རང་ལ་ཐ་དད་མེད་པ་དེས། མ་སྐྱེས་པའི་ངོ་བོ་བསྟན་པའོ། །དང་པོ་

(༢༦)དྲིལ་བུའི་སྒྲ་ལྟ་བུ་ལ་ཤེས་བུ་ལ་ཤེས་པ་གཏོང་དུ་བཅུག་སྟེ། མ་སྐྱེས་པའི་ངོ་བོ་བསྟན། གཉིས་པ་ལ། རྟོག་པ་བློ་བུར་བསྟན་པ་ནི། རྡོ་རྗེ་གདན་བྱས་པས། སློབ་མ་ཡང་རྡོ་རྗེ་གདན་དུ་འཛིན་པའི་ཤེས་པ་འབྱུང་སྟེ། རྟོག་པ་བློ་བུར་བ་ཡིད་ཆེས་པར་བྱེད། གསུམ་པ་རྟོག་པ་ཆོས་ཉིད་དུ་ངོ་སྤྲད་པ་ནི། འཕགས་པ་ཤིང་ཀུན་བྱས་པས། སློབ་མ་ཡང་ཤིང་ཀུན་འཛིན་པའི་རྟོག་པ་སྐྱེས་པས། རྡོ་རྗེ་གདན་དུ་འཛིན་པའི་རྟོག་པ་དེ་ཡང་ཆོས་ཉིད་ཡིད་ཆེས་སོ། །བཞི་པ་ལ་རྟོག་པ་ཅི་སྐྱེས་ཐམས་ཅད་ཆོས་ཉིད་ཡིན་གྱི། གཞན་ལོགས་ན་གྲུབ་པའི་རྟོག་པ་མེད་པར་བསྟན་ནོ། །དངོས་ཀྱི་བླ་མ་ནི། དང་པོ་སེམས་མ་ཟིན་པ་ཟིན་པར་བྱེད་པ་དང་། ཟིན་པ་བརྟན་པར་བྱེད་པ་དང་། བརྟན་པ་བོགས་འདོན་པའོ། །དང་པོ་ནི། བདག་གི་གཞོགས་གང་རུང་ཅིག་ཏུ་མར་མེ་རླུང་གིས་མ་སྐྱོད་པ་ཅིག་བཞག་ལ། དེའི་གཟུགས་བརྙན་མེ་ལོང་གཡའ་དག་པ་ཅིག་ལ་འཆར་དུ་བཅུག་སྟེ། གཟུགས་

(༢༧)གསལ་ལ་མི་གཡོ་བ་ཅིག་ལ་ཤེས་པ་གཏད། དེ་ལ་སེམས་ཟིན་པ་དང་། ཕ་གི་ཅི་འདྲ་བ་ཅིག་རང་གི་སྙིང་གི་ནང་དུ་བསམ་མོ། །གཉིས་པ་ཟིན་པ་བསྟན་པར་བྱ་བ་ནི། བྱིང་བ་ལ་གཉིད་དུ་སོང་བ། རྒོད་པ་ལ་སྣ་ཚོགས་སུ་འཕྲོ་བ། གཏད་པ་ལ་ཤེས་པ་བཞུངས་དྲགས་པ། བྱིང་ན་བསེང་། གོས་དང་ཤེས་པ་གསེང་ གདོང་བཀྲུ། རྒོད་ན་ཤེས་པ་གློད། འཕྲོ་རྒྱུ་རང་ཅི་ཡོད་སྙམ་ནས། ཤེས་པ་ལྟེངས་ཀྱིས་བཞག །ཡང་སྤྱིང་རྒོད་བྱུང་ན། ཐུན་སྐྱངས་ཐུན་མཚམས་སུ་སྤྱོད་ལམ་གྱི་དུས་སུ། སེམས་དགའ་བ་དང་། སྤྲོ་བ་བསྐྱེད་ལ་གནས་པར་བྱའོ། །དེ་ཡང་ཅིས་ཤེས་ན། ཆུ་བོའི་རྒྱན་ནི་རབ་རབ་འབབ་དང་། མར་མེའི་རྩེ་མོ་རབ་བཅིངས་ལྟར། །ཞེས་པས་གསལ་ལོ། །གསུམ་པ་བརྟན་པ་བོགས་འདོན་པ་ནི། དེ་བཞིན་དུ་ཤེས་པར་བྱས་ལ། དེ་ཉིད་སྒྲོ་སྐུར་རྟོགས་པ་ཐམས་ཅད་དང་བྲལ་བ་ནི། ཆོས་ཉིད་འོད་གསལ་ཡིན་ལ། རྟོགས་མེད་ཀྱི་རིགས་པ་གསལ་ལ་མ་འགགས་པ་ནི་

(༢༨)སེམས་ཉིད་འོད་གསལ་བའོ། །རིག་པ་སྤྲོས་པ་དང་བྲལ་བ་ཐ་དད་མེད་པ་གཉིས་མེད་འོད་གསལ་ཞེས་བྱའོ། །དེའི་ངང་ལ་འབད་རྩོལ་མེད་པར་གནས་པར་བྱའོ། །དེ་ནི་གཉིས་མེད་འོད་གསལ་གྱི་སེམས་རང་མལ་དུ་བཞུག་པ་ཞེས་བྱའོ། །དེ་ལྟར་ཤེས་པ་བདེ་བ་གསལ་བ་རྟོག་པ་མེད་པའི་རྗེས་ལ། ལུས་དཀྱིལ་མོ་དཀྲུང་མ་ཞིག་པར། བདེ་གསལ་རྟོག་མེད་དེའི་འཕྲོ་ལ། མིག་སྣ་རྩེར་ཕབ་པ་ལ་གོ་ལེ་ཕྱེ་ལ། རང་གི་སྣང་སྲིད་ལ་བལྟས་པས། མིག་གི་ཡུལ་དུ་གཟུགས། སྣ་བའི་སྒྲ། རྣའི་དྲི། ལྕེའི་རོ། ལུས་ཀྱི་རེག་བྱ། སེམས་ཀྱི་ཡུལ་དུ་དྲན་རྟོག་སྣ་ཚོགས་ཤར་བ། དེ་ཐམས་ཅད་ལ་དེ་ནས་ཡང་། གདངས་བ་བཙུམ་ལ། ནང་ཡེ་ཤེས་བདེ་གསལ་རྟོག་མེད་དང་སྦྱར་རོ། །བདེ་བ་ཆུ་ལ་ཆུ་ཐིམ་པ་ལྟ་བུའམ། ཕོ་མོ་ཕྲད་པ་ལྟ་བུའམ། །ལྟོ་འགྲངས་ཉི་མ་དྲོ་བའི་བདེ་བ་ལྟ་བུ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཟག་པ་མེད་པའི་བ་ཆེན་པོའོ། །གསལ་ལ་བ་ནམ་མཁའ་ལ་ཉི་མ་

(༢༩)ཤར་བ་ལྟ་བུ་ཉི་མ་ལ་སྒྲིབ་པ་དང་ངོས་མེད་དོ། །རང་གི་ཤེས་པ་དེ་ཡང་། བདེ་གསལ་རྟོག་མེད་དུ་འདུག་པ་ལ་ངོས་བཟུང་མེད་དོ་རྟོག་པ་མེད་པ་ནམ་མཁའ་ལ་རླུང་ངམ་ན་བུན་དེངས་པ་ལྟ་བུ་ཅིག་སྐྱེའོ། །བྱུང་ཡང་ནམ་མཁའ་ལས་འབྱུང་། དེངས་ཀྱང་ནམ་མཁའ་ལ་དེངས་སོ། །དེ་བཞིན་དུ་རྟོགས་པ་བྱུང་ཡང་སེམས་ཉིད་ལས་བྱུང་། དེངས་ཀྱང་སེམས་ཉིད་དུ་དེངས་སོ། །བདེ་གསལ་དེ་རང་ལ་ཡང་། ཁྱོད་བདེ་བར་མ་སྒོམ། སྡུག་པར་ཡང་མ་སྒོམ། ཤེས་པ་གཉེར་མེད་དུ་ཁྲིས་ཀྱིས་བོར་ལ་ཐོང་། དེ་ཙ་ན་བདེ་བ་མཐིལ་དུ་སྐྱེ། མི་རྟོག་བཟུར་ལ་སྐྱེ། རྣམ་པར་རྟོག་པ་རང་ཡལ་དུ་འགྲོ། དཔེར་ན་ཉི་མ་ཤར་ནས། མུན་པ་སྙིང་ལ་འདོད་ཀྱང་མི་འོང་། རིན་པོ་ཆེ་གསེར་གླིང་དུ་མ་ཕྱིན་ནས་ཕྱིན། ཕྱིན་ནས་རྡོ་སྙིང་ལ་འདོད་ཀྱང་མི་འོང་། སེམས་བདེ་གསལ་དུ་གནས་པ་ལ། རྣམ་པར་རྟོག་པ་སྙིང་ལ་འདོད་ཀྱང་མི་འོངས། དེ་ལྟར་བསྒོམས་པ་ལ་ཉམས་གསུམ་འཆར་བ་ནི། བརྟན་པ་རི་

(༣༠)རབ་ལྟ་བུའི་ཉམས། །སྣང་བ་ལ་ཕར་རྒྱས་མ་ཐེབས། །ཚུར་གནོད་མི་སྐྱེལ་ཞི་གནས་སོ། །གསེར་འགྱུར་གྱི་རྩི་ལྟ་བུའི་ཉམས། །སྣང་ཉམས་སྤྱིར་སྦྱར་བས་མཚན་མ་རང་སར་གྲོལ། སེམས་ཉིད་བླ་མར་ཤར་བའོ། །དཔེ་ཚོན་གྱིས་སྣམ་བུ་སྒྱུར་པ་ལྟ་བུའོ། །བྱ་རོག་གཟིངས་ལ་ཆགས་པ་ལྟ་བུའི་ཉམས། །ནང་དུ་སྦྱར་བ་ལྟ་བུའི་སྣང་བ་བླ་མར་ཤར་བའོ། །དཔེ་མེ་ལ་ཕར་རེག་པས་ཚ་བ་ཆུར། ཉམས་སུ་མྱོང་བ་ལྟར། སྣང་བ་ལ་ཕར་བལྟས་པས། གཉིས་མེད་ཀྱི་ཡེ་ཤེས་ཀྱི་ཉམས་ཚུར་ལ་འཆར་བའོ། །དེ་ཡང་རང་དག་མ་ཡིན་སྟེ། ཀྱེ་རྡོ་རྗེ་ལས། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་སྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ན། །སྒོམ་མེད་ཉིད་ནི་སྒོམ་པའི་མཆོག །ཅེས་དང་། སཾ་བྷུ་ཏྲི་ལས་ཀྱང་སྐད་ཅིག་གཅིག་གི་ཡེ་ཤེས་ལ། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅིང་། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་སྒོམ་པའི་མན་ངག་གོ།།

(༣༡)༄༅ །།དགའ་གདུང་རོ་སྙོམས་ཀྱི་མན་ངག་བཞུགས་སོ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གང་ཞིག་ཉམས་སུ་ལེན་པར་འདོད་པས། ཕྱི་རོལ་གྱི་རྣམ་པར་རྟོག་པ་ཐམས་ཅད་སེམས་ཉིད་ལས་བྱུང་། དགའ་བ་སྐྱེས་པའི་དུས་སུ་དགའ་བའི་སེམས་མ་རྙེད་པས། དགའ་བ་རང་ཞིར་སོང་། མི་དགའ་བ་སྐྱེས་པའི་དུས་སུ། མི་དགའ་བ་མ་རྙེད་པས། མི་དགའ་བ་རང་ཞིར་སོང་། དེ་བཞིན་དུ། སྙན་མི་སྙན་གཉིས་ཐོས་པའི་དུས་སུ། སྙན་མི་སྙན་གཉིས་ཀྱི་རང་ཞིར་སོང་། གཟུགས་སྡུག་མི་སྡུག་གཉིས་མཐོང་བའི་དུས་སུ། སྡུག་མི་སྡུག་ཀྱི་སེམས་མ་རྙེད་པས། སྡུག་མི་སྡུག་གཉིས་རང་ཞིར་སོང་། རྣམ་པར་རྟོག་པ་ཐམས་ཅད་བྱུང་ཡང་སེམས་ལས་བྱུང་། ཞི་ཡང་སེམས་ཉིད་ངང་དུ་ཞི། རང་བྱུང་རང་ཞི་ཆུ་དང་ཆུ་བུར་ལྟ་བུར་འདུག་པ་ཡིན་ན། དེ་བས་སེམས་ཀྱི་མཚན་ཉིད་སྟོང་པར་འདུག་པ་ཡིན། རྣམ་རྟོག་ཐམས་ཅད་སེམས་ཉིད་ཀྱི་སྟོང་པར་ཤེས་ཙ་ན། སེམས་

(༣༢)ལ་རྣམ་པར་རྟོགས་པའི་ཕན་མ་ལངས་པས། སེམས་ཉིད་སྐྱེ་མེད་དུ་གནས་པ་ཡིན། སྐྱེ་མེད་ལ་འགག་མེད་ཀྱི་རྩལ་ཅིག་ཡོད་པ་ཡིན། སྐྱེ་མེད་ལ་འགག་མེད་ཀྱི་རྩལ་ཡོད་པས། རྟོགས་ཏེ་སངས་རྒྱས་འོང་། མ་རྟོགས་ཏེ་འཁོར་བ་འོང་། དཔེར་ན་ཡུང་དཀར་ལ་སྣུམ་གྱི་རྩལ་ཡོད་པས། བཏབ་ན་ཞ་ལུ་འོང་། བཙིར་ན་མར་ཁུ་འོང་བ་བཞིན་དུ། སྐྱེ་མེད་ལ་འགག་མེད་ཀྱི་རྩལ་ཡོད་པས། རྩལ་དུ་རིག་པར་ཤར་བས་ཆོས་སྐུ་འོང་། མ་རིག་པར་ཤར་བས་སེམས་ཅན་འོང་བ་ཡིན་ནོ། །རྩལ་དེ། སེམས་ཅན་གྱིས་དུས་སུ་མ་རིག་པ་དང་། འཁྲུལ་པར་བྱུང་། རྣལ་འབྱོར་པ་ལམ་པའི་དུས་སུ། རྟོགས་དང་ཉམས་སུ་འབྱུང་། འབྲས་བུ་སངས་རྒྱས་པའི་དུས་སུ། སྐུ་དང་ཡེ་ཤེས་སུ་འབྱུང་བ་ཡིན། སྐྱེ་བ་མེད་པའི་ངང་ལ་བཞག །སྐྱེ་མེད་ད་རུང་ཚམ་བྱེད་པས། །རིག་པ་དང་མ་རིག་པ་འདྲེས་ཏེ་ཡོད་པ་ཡིན། ཁ་ཅིག་སྐྱེ་མེད་ད་རུང་རྟོགས་པ་ལ་ལྟ་བར་བྱེད། སྐྱེ་མེད་ཀྱི་ངང་ལ་སྒོམ་པར་བྱེད། སྐྱེ་མེད་བརྟན་པ་ལ་

(༣༣)འབྲས་བུ་བྱེད་དེ། དེ་ལ་སྐྱོན་འདི་ཡོད། སྐྱེ་མེད་ཆོས་སྐུ་བྱས་ན། འཁོར་བ་ག་ནས་བྱུང་། འཁོར་བའི་ཆོས་མ་རིག་པ་ཡང་རྒྱུ་རྐྱེན་མེད་པས། སྐྱེ་མེད་དེ་རང་ཡིན། མྱ་ངན་ལས་འདས་པའི་ཆོས་རིག་པ་ཡང་རྒྱུ་རྐྱེན་མེད་པས། སྐྱེ་མེད་དེ་རང་ཡིན། འཁོར་འདས་གཉིས་ཀའི་ཆོས་སྐྱེ་མེད་དུ་མཉམ་སྟེ། སྐྱེ་མེད་ལ་འགག་མེད་ཀྱི་རྩལ་ཡོད་པས། རྩལ་དེ་རིག་པར་བྱུང་བས་ཆོས་སྐུ་བྱུང་ལ། མ་རིག་པར་བྱུང་བས་འཁོར་བ་བྱུང་བ་ཡིན། དེའི་ཕྱིར་ན། སྐྱེ་མེད་ལ་ཆོས་སྐུ་མི་བཏུབ་པ་ཡིན། སྐྱེ་མེད་དེ་རྣམ་རྟོག་མེད་པས་ཆོས་སྐུ་འདྲ་ཡང་། ཡེ་ཤེས་མེད་པས་སངས་རྒྱས་མི་བཏུབ་པ་ཡིན། སངས་རྒྱས་དེ་རྣམ་རྟོག་མེད་པས་མི་ཆོག་སྟེ། ཅི་ཡང་ས་ལ་མཁྱེན་དགོས་པ་ཡིན་ནོ། །སྐྱེ་མེད་དེ་ཆོས་སྐུ་ཡིན་ཡང་། ཡེ་ཤེས་ཀྱི་སྐུ་མིན། སྐྱེ་མེད་དེ། རྣམ་རྟོག་མེད་པར་འདུག་ཀྱང་། རྣམ་རྟོག་མེད་པ་ཙམ་གྱིས་སངས་རྒྱས་མི་བཏུབ་པ་ཡིན། དཔེར་ན། རྣམ་རྟོག་མེད་པ་ཙམ་

(༣༤)དེ་བེམ་པོ་ལ་ཡང་ཡོད་དེ། ཡེ་ཤེས་མེད་པས། སངས་རྒྱས་མི་བཏུབ་པ་ཡིན། དེའི་ཕྱིར་ན། སྐྱེ་མེད་ལ་སངས་རྒྱས་རེ་བ་ལ་སྐྱོན་ཡོད་པ་ཡིན་ནོ། ཁ་ཅིག་སྐྱེ་མེད་ལ་རྟོག་དཔྱོད་བྱེད་ཅིང་། འགག་མེད་ལ་ཀྱི་གདམས་ངག་མ་ཤེས་ན། སྐྱེ་མེད་འགག་མེད་དུ་བསླང་བས་རིག་པ་འཁོར་ལོ་ཁ་ཁེངས་པས་མ་རིག་པ་ནང་དུ་ཚུད་དོ། །དཔེར་ན་སྐྱེ་མེད་དེ་མེ་འདག་དང་འདྲ། འགག་མེད་སློངས་པས་མེ་ལྕེ་འབར་བ་དང་འདྲ། མེ་འདག་ཀྱང་ཚ་བའི་རང་བཞིན། མ་ལྕེ་ཡང་ཚ་བའི་རང་བཞིན་དུ་འདུག་པས། མེ་ཚ་བ་ཙམ་དུ་མཉམ་ཡང་། མེ་ལྕེ་འབར་བས་མུན་པ་སེལ་ནུས་ལ་ནུས་ལ། འདག་མས་སེལ་མི་ནུས་སོ། །དཔེ་དེ་བཞིན་དུ། སྐྱེ་མེད་ཀྱི་དུས་ན་རྟོག་མེད་དུ་འདུག་ལ། །སྐྱེ་མེད་བསླང་བའི་དུས་ན་ཡང་རྟོག་མེད་དུ་འདུག་པས། རྟོག་མེད་དུ་མཉམ་ཀྱང་། ཁྱད་པར་གྱི་ཆོས་ལ་སྐྱེ་མེད་རིག་པར་ལངས་པས། མ་རིག་པ་སེལ་ནུས་པ་ཡིན། སྐྱེ་མེད་བཏང་སྙོམས་དེས་མ་རིག་པ་སེལ་མི་

(༣༥)ནུས་པ་ཡིན། སྐྱེ་མེད་འགག་མེད་དུ་ལངས་པས། རྣལ་འབྱོར་པ་ལམ་པ་ལ། བདེ་བ་གསལ་བ། མི་རྟོག་པ་གསུམ་འབྱུང་བ་ཡིན། སངས་རྒྱས་པའི་དུས་ན་ཡང་། རང་དོན་དུ་མངོན་པར་ཤེས་པ་དྲུག་འབྱུང་བ་ཡིན། གཞན་དོན་དུ་གཟུགས་སྐུ་གཉིས་གདུལ་བྱའི་སྣང་བར་འཆར་བ་ཡིན། སྐྱེ་མེད་བསླངས་པས་བརྩོན་འགྲུས་སུ་འགྲོ་བས། ཉམས་ལེན་དུ་ཡང་འདྲིལ། བདེ་གསལ་དུ་ཡང་འདྲིལ། དུས་ཐམས་ཅད་དུ་སོང་བས་བདེ་གསལ་གྱི་སྒོམ་པ་དང་མ་བྲལ་བར་ཡོད་པ་ཡིན། སྐྱེ་མེད་འགག་མེད་དུ་སློངས་པ་ལྟ་བ། སྐྱེ་མེད་འགག་མེད་དུ་འཁྱེར་ཤེས་པ་སྒོམ་པ། སྐྱེ་མེད་འགག་མེད་དུ་བརྟན་པ་འབྲས་བུ་ཡིན་ནོ། །སྐྱེ་མེད་འགག་མེད་དུ་སློང་མ་ཤེས་ན། རྣམ་པར་རྟོག་པ་ཐམས་ཅད་སྐྱེ་མེད་དུ་སློང་མ་ཤེས་པས། རྣམ་རྟོག་སྐྱེ་མེད་དུ་འདུག་སྟེ། རྣམ་རྟོག་སྐྱེ་མེད་ཀྱང་རུང་དེ་ལ་ཡེ་ཤེས་ཀྱི་རྩལ་མེད་པས། སྐྱོན་དུ་འདུག་པ་ཡིན། སྐྱེ་མེད་དེ་འགག་མེད་དུ་

(༣༦)འཁྱེར་ཤེས་པས། འགག་མེད་དེ་རྣལ་འབྱོར་པས་ལམ་དུ་སློངས་པས། རྣལ་འབྱོར་པ་ཉམས་སུ་མྱོང་ཡོད་པ་ཡིན། སངས་ཀྱི་མཁྱེན་པའི་ཡོན་ཏན་ཐམས་ཅད་ཀྱང་དེ་ལས་འབྱུང་བ་ཡིན་ནོ། །དངོས་གྲུབ་མི་ཡལ་བ་གསང་ཐུབ་པའི་རྟགས། མི་འགྱུར་བའི་ཕྱིར་སྒོམ་སྲན་བསྐྱེད་པའོ། །བྱང་ཆུབ་མྱུར་བའི་ཕྱིར་རེ་དོགས་ཀྱི་འཕྲད་བཅད་པའོ། །བདུད་ཀྱི་བར་དུ་མི་ཆོད་པའི་ཕྱིར་རྟགས་དང་མཚན་མ་ཅི་བྱུང་ཡང་། དགའ་མི་དགའི་འདུ་ཤེས་མི་བྱའོ། སངས་རྒྱས་ལ་རེ་བ་མེད་ཀྱང་། ཆོས་ལ་རེ་བ་མེད་ཀྱང་། ཆོས་གང་ལ་ཡང་སྐུར་བ་མི་གདབ་བོ། །འཁོར་བ་ལ་དོགས་པ་མེད་ཀྱང་། སྡིག་པ་ཕྲ་མོ་ནས་སྤང་བར་བྱའོ། །རང་སེམས་སངས་རྒྱས་སུ་རྟོགས་ཀྱང་། བླ་མ་སྤྱི་བོར་ཁུར་རོ། །རང་རང་གཞན་ཐ་མི་དད་པས། སྙིང་རྗེ་རྒྱུན་མི་བཅད་དོ། །ཉམས་སུ་ལོང་ཤིག །དམ་ཚིག་གི་རྩ་བ་སྐྱེ་མེད། རང་སེམས་རྟོགས་པ་ཡེ་ཤེས་རླུང་། སྐྱེ་མེད་དེ་མ་སློངས་པས་དེ་རང་མ་ཤེས་པ་ལ་རླུང་ཞེས་གསུངས་པའོ།།

(༣༧)༄༅ །།ཡང་བླ་མའི་ཞལ་ནས། སྣང་ཞིང་གྲགས་པའི་ཆོས་ཐམས་ཅད་རྣམ་རྟོག་ཡིན་ཏེ། རྣམ་རྟོག་མེད་ན་སྣང་བ་ཡོད་མི་སྲིད། རྣམ་རྟོག་སེམས་ཡིན། སེམས་སྐྱེ་མེད་ཡིན། སྐྱེ་མེད་སྟོང་ཉིད་ཡིན། སྟོང་ཉིད་ཆོས་ཉིད་ཡིན། ཆོས་ཉིད་ཅི་ཡང་མ་ཡིན་དེ་སྣ་ཚོགས་སུ་ཤར་བ་ཡིན། ཤར་བའི་དུས་ན་དོན་ཅི་ཡང་མ་ཡིན་པ་ལས་མ་འདས་དེ་ལྟར་བདེན་པ་གཉིས་དབྱེར་མེད་དུ་གནས་པའི་དོན་དེ་རྟོགས་ན་ལྟ་བ། དེ་ལས་མ་ཡེངས་པ་སྒོམ་པ། རེ་དོགས་སྙེམས་ཐག་ཆོད་པ་འབྲས་བུ་ཡིན་གསུང་ངོ་།། ༈ །།ངོ་སྤྲོད་རྣམ་ལྔའི་མན་ངག་ལགས་སྷོ།། །།ན་མོ་གུ་རུ། བླ་མའི་ཞལ་ནས། ཕྱག་རྒྱ་ཆེན་པོའི་མན་ངག་ལ་ངོ་སྤྲོད་རྣམ་པ་ལྔ་སྟེ། སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་འོད་གསལ་དུ་ངོ་སྤྲད། །འོད་གསལ་ཟུང་འཇུག་དུ་ངོ་སྤྲད། །ཟུང་འཇུག་བདེ་བ་ཆེན་པོ་ངོ་སྤྲད་པའོ། །དེ་ལ་ཕན་པའི་སྣང་བ་དང་། གནོད་པའི་སྣང་བ་དང་། ཕན་

(༣༨)གནོད་མེད་པའི་སྣང་བ་སེམས་ཡིན་པའོ། །དེ་ལ་རྟགས་ལྔ་འབྱུང་སྟེ། སྣང་བ་སེམས་སུ་ངོ་སྤྲད་པའི་དུས་ན། ཕྱིའི་ཡུལ་ལ་ཞེན་པ་མེད་པ་འབྱུང་ངོ། །སེམས་སྟོང་པར་ངོ་སྤྲད་པའི་དུས་ན། སེམས་ཀྱི་གཞི་རྩམ་གྲུབ་པར་འབྱུང་ངོ། །སྟོང་པ་འོད་གསལ་དུ་ངོ་སྤྲད་པའི་དུས་ན། སེམས་ཉིད་འོད་གསལ་ལ་མ་ཡེངས་པ་འབྱུང་ངོ། །འོད་གསལ་ཟུང་འཇུག་དུ་ངོ་སྤྲད་པའི་དུས་ན། སྣང་བ་གྲོགས་སུ་འགྲོ་བ་འབྱུང་ངོ་། །ཟུང་འཇུག་བདེ་བ་ཆེན་པོར་ངོ་སྤྲད་པའི་དུས་ན། ཕྱོགས་མེད་པའི་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུ་འབྱུང་ངོ་། །དེ་ལ་ཉམས་གསུམ་འབྱུང་སྟེ། དང་པོ་འོད་ཀྱི་གོང་བུ་ལྟ་བུའི་ཉམས། གཉིས་པ་ནོར་བུ་ཆུ་དངས་པ་ལྟ་བུའི་ཉམས། །གསུམ་པ་མཐའ་དབུས་མེད་པ་ནམ་མཁའ་ལྟ་བུའི་ཉམས་འབྱུང་ངོ་། །དེ་ལ་དྲོད་ཚད་གསུམ་འབྱུང་སྟེ། ཕྱིའི་དྲོད་ཚད་ལུས་ཡོད་དུ་མི་ཚོར་བ་འབྱུང་། ནང་གི་དྲོད་ཚད་དབྱུགས་རྒྱུ་བ་མི་ཚོར་བ་འབྱུང་།

(༣༩)གསང་བའི་དྲོད་ཚད་རྣམ་རྟོག་རྒྱུན་ཆད་འབྱུང་ངོ་། །སེམས་བརྟན་པའི་རྟགས། བྱ་བྱེད་རྒྱུན་ཆད་པ་དང་། སྣང་བས་མི་གནོད་པ་འབྱུང་ངོ་།། །།ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཡི་དམ་ལྷ་སྒོམ་པ་དང་སྟོང་ཉིད་མི་འགལ་བ་ཅིས་ཤེས་ན། ཚེ་འདི་ལྷར་གསལ་བར་བསྒོམས་ན། འཆི་བའི་དུས་སུ་གསལ་བཏབ་པས་སེམས་ཉིད་ལྷར་འཆར་ཏེ། ཞེན་པས་ནི་འཆིང་བ་ཡིན་པས་སྟོང་ཉིད་དུ་རྒྱས་གདབ། སྟོང་པ་ལ་གསལ་བ། མཚན་བཅས་ལ་མ་ཞེན་ན། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སུ་ཡི་རྒྱུད་ལ་དེ་ཡོད་པ། །ཟག་མེད་བདེ་བ་ཆོས་སྐུ་ཡིན། །ཞེས་གསུངས་སོ། །འཆི་ཀའི་ཉམས་ལེན་ཡིན་གསུང་ངོ་། །ཞེས་པ་འདི་ནི།། ༈ །།རྗེ་ཉིད་ཉིད་ཀྱི་དཔོན་པོ་སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤན་ཏིར་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་སླད་དུ་པར་དུ་བགྱིས་པའོ།། །།

(༤༠)

(༤༡)། ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། རྣམ་རྟོག་དོན་དམ་གྱི་ངོ་སྤྲོད་བཞུགས།

(༤༢)། ན་མོ་གུ་རུ་རདྣ་བྷྱ། རྗེ་བཙུན་རིན་པོ་ཆེའི་ཞལ་ནས། ཡར་སངས་རྒྱས་ལ་རེ་བ་མེད་དེ། སྐུ་གསུང་ཐུགས་རང་ལ་ཡོད་པའི་ཕྱིར་རོ། །མར་འཁོར་བ་ལ་དོགས་པ་མེད་ཅིང་། སྤང་དུ་མེད་དེ། ཤེས་རབ་ཀྱི་བུད་ཤིང་ཡིན་པའི་ཕྱིར་རོ། །དགེ་བཤེས་ལྕགས་རི་བའི་བླ་མ་རྣམ་གཉིས་ཀྱི་གདམ་ངག་ཡིན་ཏེ། སྒོམ་ཆེན་པ་དེ་བསྒོམ་པའི་དུས་སུ། རྣམ་པར་རྟོག་པ་འབྱུང་སྟེ། ཕྲད་འཇོམས་པ། ཕྱི་བསྙགས། མེད་སྤྲུལ་པ་རྣམ་པ་གསུམ་མོ། །དང་པོ་རྣམ་རྟོག་བྱུང་མ་ཐག་སྐྱེ་མེད་དུ་ཆོད་པ་ནི། ཕྲད་འཇོམས་པ་བྱ་བ་ཡིན། ཕྲད་མཆོམས་ན། ཕྱི་བསྙག་གསུང་། རྣམ་

(༤༣)རྟོག་དེ་གང་ནས་བྱུང་། དེ་སེམས་ལས་བྱུང་། སེམས་སུ་ཐིམ། སེམས་དང་གཉིས་ཐ་མི་དད་དེ། ཕྱི་བསྙག་བྱ་བ་ཡིན་གསུང་མེད་སྤྲུལ་པ་ནི། གང་ཤེས་པ་ལ་ལྕི་བ། ཉམས་ལ་མི་བདེ་བ་ཅིག་མེད་སྤྲུལ་པ་ཡིན་ཏེ། འོ་སྐོལ་རབ་ཏུ་བྱུང་བ་ལ་རྩ་བཞི་ཤེས་དགོས་པ་ལྕི་སྟེ། དེ་ཉིད་མེད་སྤྲུལ་ཏེ། དེ་རྣམ་པར་རྟོག་པ་ཡིན། རྣམ་རྟོག་དེ་སེམས་ཡིན། སེམས་སྐྱེ་མེད་ཡིན་གསུང་། དཔེར་ན། ནགས་ལ་མེ་ཤོར་ན། མེ་ཆུང་ངུ་རླུང་གིས་འཆི་བ་ཡིན། ནགས་ཚལ་ཆེན་པོ་ཚིག་ཙམ་ན། །རླུང་ཡང་གྲོགས་སུ་འགྲོ། ཤིང་མང་པོ་ཡང་དག་པ་ཚོགས་ན། མེ་ལ་དམག་འདྲེན་པ་ལ། མེ་

(༤༤)ན་རེ། ད་རུང་ཁྱེད་རང་མང་དུ་སྤུངས་དང་། ཁྱེད་ཇི་ལྟར་མང་བ་བཞིན། བདག་དགའ་བ་ཡིན་ཟེར་ལ། དེ་བཞིན་དུ་རྣམ་རྟོག་མང་བ་བཞིན། ཤེས་རབ་ཀྱི་གྲོགས་སུ་འགྲོ་གསུང་ངོ། །ས་རྡོ་ཚུན་ཆད་གྲོགས་སུ་འགྲོ། དེ་བཞིན་དུ། རྣམ་རྟོག་ཇི་ལྟར་མང་བ་བཞིན་ཤེས་རབ་ཀྱི་གྲོགས་སུ་འགྲོ་གསུང་། མཚོ་ལ་ཁ་བ་བབ་པ་དང་འདྲ་སྟེ། བབས་མ་ཐག་ཏུ་རོ་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་རྣམ་རྟོག་བྱུང་མ་ཐག་ཏུ་ལྷན་ཅིག་སྐྱེས་པར་རོ་གཅིག །སྔར་ཕྲད་པའི་མི་དང་ཕྲད་པ་དང་འདྲ་སྟེ། སྔར་འདྲིས་ཀྱི་མི་དང་ཕྲད་ཙ་ན། ཡིན་མིན་རྟོགས་དཔྱོད་བྱ་མི་དགོས། དེ་བཞིན་དུ། རྣམ་རྟོག་ལ་རྟོག་དཔྱོད་བྱ་མི་དགོས་པར་སྐྱེ་མེད་དུ་ངོ་ཤེས་གསུང་། དེ་ནི་དགེ་བཤེས་ལྕགས་རི་བའི་ཡིན། བླ་མ་མི་ལའི་ཞལ་ནས། རྣམ་པར་རྟོག་པ་དེ་ནི། དགོས་པ་སྐུ་དྲིན་ཅན། མེད་དུ་མི་རུང་པ། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆས་སུ་ཡོད་པ་ཡིན་གསུང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་བརྟེན་ནས། འོད་

(༤༥)གསལ་གྱི་རྩལ་སྦྱངས་པ་ཡིན་གསུང་། གསང་སྔགས་ཀྱི་དབང་དུ་བྱས་ན། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ལོག་ནས་ཀྱང་། བསྐྱེད་པའི་རིམ་པ་ལ་རྟེན་ནས་རྩལ་སྤྱོང་བ་ཡིན་གསུང་། བསྒོམ་ཆེན་པ་རྣམ་རྟོག་སྐྱོན་དུ་མི་བལྟ་བར། རྟོག་པ་ལ་དབང་ཐོབ་པ་ཅིག་དགོས་གསུང་། འོ་ན་རྟོག་པ་ལ་དབང་ཐོབ་པའི་སྒོམ་ཆེན་པ་དེ་ལན་པ་འོང་ངམ་ཞེ་ན། འོང་སྟེ། བྱུང་མ་ཐག་ཏུ་ན་བ་རྣམ་པར་རྟོག་པ་ཡིན། རྣམ་པར་རྟོག་པ་སེམས་ཡིན། སེམས་དེ་ལྟར་སྐྱེ་མེད་དུ་རྟོགས་པ་ཅིག་འཆི། དེ་ལ་འཆི་བ་འོང་སྟེ། སྐྱེ་བ་མེད་པའི་གནང་ཀས་འཆི་བ་ཡང་སྐྱེ་མེད་དུ་ཤེས། གལ་ཏེ་དམྱལ་བའི་སྣང་བ་ལྟ་བུ་ཤར་ཡང་། འདི་རྣམ་པར་རྟོག་པ་ཡིན། རྣམ་པར་རྟོག་པ་སེམས་ཡིན། སེམས་སྐྱེ་བ་མེད་པ་ཡིན་སྙམ་པ་འོང་སྟེ། དར་གྱི་ཕོ་ལོང་བརྡབ་པ་ཙམ་གསུང་། སེམས་ཀྱི་ངོ་བོ་ལ་རེས་འགའ་ མལགྱིཤེས next hit་བྱ་བར་མིང་བཏགས་ཏེ། དེ་ཐམས་ཅད་ཅིག་ཡིན་གསུང་། རེས་

(༤༦)འགའ་གཉུག་མ་བྱ་བར་མིང་བཏེགས་ཏེ། དེ་ཆོས་ཉིད་གཅིག་ཡིན་གསུང་། དོན་ལ་ངོ་བོ་བྱ་བ་ཡིན་ཏེ་མེད་པ་མ་ཡིན་པའི་དོན་ཏེ། སངས་རྒྱས་ལ་གསལ་གསུང་། ག་གའི་རྣལ་འབྱོར་པ་ལ་རང་ཤུགས་ཀྱིས་འབྱུང་གསུང་། སྒྲིམས་པས་འོད་ཏུ་རེ་ཏེ། སྒྲིམས་པས་མི་འཆི། གློད་པས་མི་འཆི། འོ་ན་ཇི་ལྟར་བྱས་ན་འཆི། རྣལ་འབྱོར་མ་ག་ག་དྷ་རས་གསུངས་པ་དེ་ཡིན། །དེའི་ལོ་རྒྱུས་ཀྱི་དབང་དུ་བྱས་ནས། རྣལ་འབྱོར་པ་གཅིག་གིས་བསྒོམས་པས། བདེ་གསལ་མི་རྟོག་པ་བྱུང་། ལུས་རས་བལ་གྱི་འདབ་མ་བཞིན་དུ་ཡང་བ་བྱུང་། སྣང་བ་འོད་ཀྱི་གོང་བུ་ལྟར་མཐོང་ནས། བླ་མ་ལ་འདི་ལྟར་བྱུང་ཞེས་བརྗོད་པས། བླ་མ་ཞལ་ནས། ཐོས་བསམ་བྱས་པ་དེ་ཐམས་ཅད་ཀྱི་དང་པོའི་ཤེས་པ་དེ་རང་ཚོལ་བ་ཡིན། ཞེས་གསུངས་པས། ཁོས་མ་གོ་ནས་ལོག་ནས་ཕྱིན་པ་དང་། རྣལ་འབྱོར་མ་ག་ག་དྷ་རའི་ཞལ་ནས། གར་ཕྱིན་གསུངས་པས། ངས་བླ་མའི་དྲུང་དུ་ཕྱིན་པ་ལ། བླ་མའི་ཞལ་ནས་རིགས་ཀྱི་བུ། །ཡུལ་ལ་མ་བལྟ་

(༤༧)སེམས་ལ་མ་བལྟ་ཤིག །བྱ་བ་མ་མང་ཞེ་འདོད་མ་བྱེད་ཅིག །ཉམ་ང་མ་བྱེད་དགོས་པ་མ་འཆའ་བར། །སེམས་ནི་གང་དགའ་ཉིད་དུ་མཐོང་ལ་ཐོང་། །ཞེས་གསུངས་པས། རྣལ་འབྱོར་པ་དེས་ཀྱང་གྲུབ་པ་ཐོབ་གསུང་། །རྣལ་འབྱོར་མ་ཀར་ཀ་དོ་ཧའི་ཞལ་ནས། །གཉིས་མེད་ཤེས་པ་ཆུ་དང་འོ་མ་འདྲེས་པ་འདྲ། །ཉམས་མྱོང་སྤྲེའུ་ལྟ་བུར་གང་ལྟར་འགྱུར་ཀྱང་རུང་། །རྣལ་མའི་ཤེས་པ་གླང་པོ་ལྟ་བུ་ལ། །རྟོགས་པ་ནམ་མཁའ་བཞིན་དུ་ཇི་བཞིན་ཁྱབ། །ཅེས་གསུངས་སོ། །དགེ་བཤེས་ལྕགས་རི་བ་ལ། བླ་མ་ཉིད་ཀྱིས། བཀའ་གདམས་མི་སྤོང་བར་ལམ་དུ་འཁྱེར་བའི་གདམ་ངག་ཡོད་དམ་ཞུས་པ་ལ། ལྕགས་རི་པའི་ཞལ་ནས། དགེ་བཤེས་གླང་རི་ཐང་པས། དགེ་བཤེས་ཕུ་ཆུང་པ་ལ་ཞུས་པས། ཚེམས་ནེམ་མཛད་ནས། ཡོད་དག་ཡོད་དེ། ང་ལ་ཟླས་དབང་མེད་པ་གསུང་སྐད། ཕྱིས་རྣལ་འབྱོར་པ་རྣམས་གཉིས་ལ་གདམས་ངག་ཏུ་བྱུང་གསུང་། ལོ་ཙྪ་བ་རིན་ཆེན་བཟང་པོ་དང་། སྒོམ་ཆེན་པ་པཱུཎྱེ་

(༤༨)ཛྙ་བོ་དྷི་གཉིས་ཀྱི་སྲས་ལགས་སྐད། དབུས་སུ་ལྕགས་རི་བ་སྨིན་པར་མཛད། གདམ་ངག་ཇི་ལྟར་བྱུང་ཞེ་ན། ཆོས་ཚན་མ་དགུ་ཡོད་གསུང་། རྟོགས་པ་རྒྱུ་མེད་ཅིང་གཞི་རྩ་མ་གྲུབ་པས། རྟོགས་པའི་ཐབས་ལ་མཁས་ཏེ། བཀའ་རྟགས་ཀྱི་ཕྱག་རྒྱའི་དཔེ་གསུང་། དགེ་བཤེས་ཕུ་ཆུང་པའི་ཞལ་ནས། རྟོག་པ་ལམ་དུ་ཁྱེར་ནས་སྤངས་ན་ཅི་ལ་འོང་གསུང་སྐད། དེ་ཡང་བླ་མ་དང་ཅུང་མི་འདྲ། སྟོང་ཉིད་རམ་འདར་ལྡོག །གཞུག་ཨེན་ཙམ་ཡོད་གསུང་། རྟོག་པ་རྒྱུ་མེད་པ་དང་། ཤེས་རབ་ཀྱི་བུད་ཤིང་ཡིན་པ་དང་། དེ་ལ་སོགས་པ་རྒྱས་པར་གསུང་། བླ་མ་ནི་སྙིང་ནས་རྟོག་པ་ལ་སྐུ་དྲིན་ཆེ་བར་བཞེད་པ་ཡིན་གསུང་། དགོས་པ་སྐུ་དྲིན་ཆེ་བ་ཇི་ལྟར་ཡིན་ན། དེ་སེམས་ལས་བྱུང་བ་ཡིན། སེམས་ཆོས་ཀྱི་སྐུ་ཡིན། རྟོག་པ་དེ། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན། རྟོགས་པ་དེས། ངོ་བོ་གསལ་བར་བྱེད་པས་ན་སྒྲོན་མེ་ལྟ་བུ་ཡིན། རྩ་བ་རྙེད་པར་བྱེད་པས་ན་མཚོན་ལྟ་བུ་ཡིན། རྟོག་པ་ལམ་དུ་ཁྱེད་བས། རྟོག་མེད་འཆར་

(༤༩)གསུང་ངོ་། །རྟོགས་པ་དེ་རྒྱུ་ཡིན་ནམ་ལམ་ཡིན་ནམ། འབྲས་བུ་ཡིན་ནམ་གང་ཡིན་བྱས་པས། རྒྱུ་ཡིན་ཏེ། ཁོ་རང་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་འབྱུང་། ལམ་ཡང་ཡིན་ཏེ། མི་སྤོང་བར་ལམ་དུ་བྱེད་གསུང་། འབྲས་བུ་ཡང་ཡིན་ཏེ། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན་པས། སྐུ་བཞི་རང་ཆས་སུ་ཡོད་གསུང་། འབྲས་བུ་ལ་མི་རེ་ཏེ། རྒྱུ་ལམ་འབྲས་གསུམ་དུ་འབྱོངས་བ་བྱ་བ་ཡིན་གསུང་ངོ་།། ༈ །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་། བསྐྱེད་རྫོགས་ཟུང་འཇུག་གི་ཞལ་གདམས་བཞུགས་སོ།། །།ན་མོ་གུ་རུ། རིན་པོ་ཆེའི་ཞལ་ནས། ཡི་དམ་ལྷའི་བསྐྱེད་རིམས་རྫོགས་པར་ཡང་སྐད་ཅིག་མ་རེ་སྒོམ་དགོས་གསུང་། སྐད་ཅིག་དྲན་རྫོགས་ཀྱིས་ཡི་དམ་གྱིས་ལྷར་བསྐྱེད་ནས། འོད་གསལ་འབའ་ཞིག་སྒོམ་པ་ཡིན་ནོ་གསུང་། དེ་ཡང་། གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་དེ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་པས། ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་རྟོགས་པ་

(༥༠)ཡིན་གསུང་། བླ་མ་རྟོགས་ལྡན་གཅིག་དང་། སློབ་མ་སྐལ་ལྡན་ཚེ་འདི་བློས་བཏང་བ་ཅིག་ཕྲད་ནས། བླ་མ་དེས། མ་སྨིན་པ་སྨིན་པར་བྱེད་པའི་དབང་བཞི་བསྐུར་ནས། སྨིན་པ་གྲོལ་བར་བྱེད་པའི་ཐབས་བསྐྱེད་རྫོགས་གཉིས་ལ་སློབ་པ་ཡིན་གསུང་། བསྐྱེད་རིམ་ནི། ལྷའི་སྐུ་སྒྱུ་མ་ལྟ་བུར་སྒོམ་པ་དང་། སྤྲོས་པ་དང་བཅས་པའི་རྫོགས་རིམ་ཀྱང་དེ་ཡིན་གསུང་།། །།རྫོགས་རིམ་ནི་འོད་གསལ་སེམས་ཀྱི་སྟོང་ཉིད་མངོན་སུམ་དུ་གཟིགས་པ་དེ་ལགས། དེ་ལྟར་བསྐྱེད་རྫོགས་བསྒོམས་པས་ཡོན་ཏན་འབྱུང་སྟེ། དེ་ཡང་དབེན་པར་བསྒོམ་པ་ལས་འབྱུང་གསུང་། ལུས་བདེ་བ་དང་། སེམས་བདེ་བ་འོང་སྟེ། ནང་དུ་རྟགས་རྣམ་ལྔ་འཆར། སྤྱིར་ཡང་ཕན་ཡོན་བརྒྱད་འབྱུང་སྟེ། རྟགས་དང་ཕན་ཡོན་དུ་བ་ལྟ་བུ་བྱུང་ཙ་ན། རླུང་སྣང་བ་འགགས་སྟེ། རླུང་ཨ་བ་དྷུ་ཏིར་ཚུད་པ་ཡིན་གསུང་། རྟགས་གཉིས་པ་ཤར་ཙ་ན། སྣང་བ་ཉམས་སུ་མྱོང་བ་བྱ་བ་ཡིན། རྟགས་གསུམ་པ་བྱུང་ཙ་ན། གསལ་ལ་མི་རྟོག་པ་འབྱུང་། དེ་ནི་སྒོམ་པའི་

(༥༡)མཐར་ཐུག་ཡིན་ཏེ། རླུང་སེམས་སུ་ཚུད་པ་ཡིན་གསུང་། རྟགས་བཞི་པ་ཤར་ཙ་ན། ལྟ་བའི་དོན་དང་། ཆོས་ཐམས་ཅད་རོ་གཅིག་རིག་ཅིང་གསལ་བ་དང་། འཕྲིན་ལས་བཞི་འགྲུབ་སྟེ། ལྟ་བའི་དོན་བྱ་བ་ནི། སེམས་ཉིད་ལ་བློ་ངེས་པའོ། །ཆོས་ཐམས་རོ་གཅིག་རིག་ཅིང་གསལ་བ་ནི། འཁོར་འདས་ཐམས་ཅད་འོད་གསལ་དུ་འཆར་བའོ། །འཕྲིན་ལས་བཞི་ནི། བཟླས་པ་ལ་སོགས་པ་བྱ་མ་དགོས་པར། འཕྲིན་ལས་བཞི་གང་བྱས་ཀྱང་ཚེགས་མེད་དུ་འགྲུབ་པོའོ། །རླུང་འོད་གསལ་དུ་ཚུད་པའི་དུས་སུ། ཡེ་ཤེས་ཀྱི་རྟགས་ཀྱང་འབྱུང་སྟེ། ལུས་འཇའ་ཚོན་ནམ་འོད་ཀྱི་གོང་བུ་ལྟ་བུ་ལ་སོགས་པ་ཡང་འབྱུང་ངོ། །དེ་ཡེ་ཤེས་ཀྱི་རྟགས་བྱ་བ་ཡིན་གསུང་། བལྟ་བྱ་བལྟ་བྱེད་མེད་པ་ལ་སྟོང་པ་ཉིད་ཟེར་བ་ཡིན། ཁམས་གསུམ་ལས་འདས་ཤིང་བློ་དང་བྲལ་བ་ལ་སྨོན་པ་མེད་པ་ཟེར་བ་ཡིན་གསུང་། སྒྲུབ་པ་ལ་བདུད་ཀྱི་བར་ཆད་འབྱུང་བའི་བདུད་ལ་གཉིས་ཏེ། མི་དང་མི་མ་ཡིན་པའི་བདུད་དང་། རྣམ་

(༥༢)པར་རྟོག་པའི་བདུད་དོ། །དེ་ལ་སེལ་ཐབས་རྣམ་པ་གསུམ་ཡོད། བྱམས་སྙིང་རྗེ་བསྒོམ་པས་སེལ་བ་ཡིན་ཏེ། བྱམས་སྙིང་རྗེ་བསྒོམ་པས། མས་བུ་ལ་གནད་པ་བྱེད་མི་སྲིད། སྒྱུ་མ་རྨི་ལམ་ལྟ་བུ་དང་། སྟོང་ཉིད་བསྒོམས་པས་སེལ་ཏེ། གནོད་བྱ་གནོད་བྱེད་གཉིས་མེད་གསུང་། འཁྲུལ་པར་ཤེས་པས་ཞི། དེ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་དུ་ཤེས་པས། གནོད་པ་མི་བྱེད། བྱས་ཀྱང་མི་ཚུགས། ད་ལྟ་འཁོར་མང་བ་དང་། རྫས་ཀྱི་བསོད་ནམས་འབྱུང་བ་འདི། གསང་སྔགས་ནས་ཐུན་མོང་གི་དངོས་གྲུབ་དུ་ཡང་བཤད་དེ། བདུད་ཀྱི་བར་ཆད་ཡིན་ཡང་གསུང་། བདུད་ཀྱིས་ཀྱང་དངོས་སུ་བར་དུ་མི་གཅོད། སྔོན་ལ་འཁོར་གྱིས་བར་དུ་གཅོད། དེ་ནས། རྫས་ཀྱི་བསོད་ནམས་ཆེན་པོས་དགེ་སྦྱོར་ལ་བར་དུ་གཅོད། དེ་ནས་སྒྲུབ་བ་པོ་དེ་ཆགས་སྡང་གིས་བར་དུ་ཆོད་ནས་འགྲོ་བ་ཡིན་གསུང་། བདུད་ཀྱི་བར་ཆད་ཡིན་མིན་རང་གི་སེམས་ལ་བལྟ་གསུང་། རང་ལ་གནོད་ན་བདུད་ཀྱི་བར་ཆད་ཡིན། མི་གནོད་

(༥༣)ན་དངོས་གྲུབ་ཡིན་ནོ་གསུང་ངོ་། །སོ་མ་ལ་གསུམ། ལུས་ཁོང་གློད་པ། ངག་རླུང་མི་བཙིར་བར་རང་དགར་བཞག་པ། ཤེས་པ་རྟེན་མི་བཅའ་པའོ།། །།རང་དགའ་ལ་གསུམ། ཤེས་པ་རང་དགར་བཏད། འཕྲོས་པའི་ཡུལ་མཚན་མར་སྣང་བ་དེ་ཆོས་སྐུར་ཤེས་པར་བྱ་བ། དེ་ལ་མ་ཡེངས་པའོ། །ལྷུག་པ་ལ་གསུམ། སྤྱོད་ལམ་རྣམ་བཞི་ལ་ཁྱད་པར་མེད་པར་བྱ་བ། ཉམས་དང་མི་འབྲལ་བར་བྱ་བ། ཚོགས་དྲུག་ལྷུག་པར་བཞག་པའོ། །གསང་སྔགས་ཀྱི་དབང་དུ་བྱས་ན་ཡང་། བཀའ་གདམས་པའི་ལུགས་ཀྱིས། དང་པོ་ནས་རྫོགས་པར་མི་རྟོག །དང་པོ་ཚོགས་སོགས་ཙམ་ཅིག་སྟོན། དེ་ནས་བསྐྱེད་རིམ་ཙམ་ཅིག་སྟོན། དེ་ནས་དབང་བསྐུར་བ། དེ་ནས་བདུད་རྩི་མྱང་བ། དེ་ནས་མཆོད་བསྟོད། དེ་ནས་རྫོགས་རིམས་སྟོན་པ་ཡིན་ཏེ། དེ་ནས་རིམས་ཀྱིས་སྟོན། དགེ་བཤེས་ལྕགས་རི་པའི་ཞལ་ནས། ལྟ་བ་ཀུན་རྫོབ་ཡིན་གསུང་། མཐའ་གཉིས་དང་བྲལ་བའི་སྒྱུ་མ་བྱ་བ་དེ། ཕ་རོལ་དུ་ཕྱིན་པའི་ལྟ་བ་ཡིན། དོན་དམ་པ་ལ་ལྟ་རྒྱུ་མེད་

(༥༤)གསུང་། གསང་སྔགས་ཀྱི་ལྟ་བ་སེམས་ཡིན་གསུང་། ནཱ་རོ་པའི་བཞེད་པས། མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་། སྨིན་པ་གྲོལ་བར་བྱེད་པ་ལ་བསྐྱེད་རྫོགས་གཉིས། དེ་སྟན་ཐོག་ཅིག་ཏུ་སྒོམ་པར་བྱ་བ་དང་། རིམས་ཀྱིས་པའི་ལུགས་གཉིས་ཡིན་ཏེ། སྟན་ཐོག་གཅིག་ཏུ་སྒོམ་པ་ནི། དུས་གཅིག་ཏུ་སྒོམ་ལ། རིམ་གྱིས་པ་ནི། བསྐྱེད་རིམ་ལ་བསྟན་པ་ཐོབ་ནས། རྫོགས་རིམ་སྒོམ། དེ་ཡང་། ནང་ནས་ཤར་བ་དེ་རྫོགས་རིམ་རྣལ་མ་དེ་ཡིན། ནང་ནས་མ་ཤར་ན། ཟབ་པའི་རྫོགས་རིམས་སུ་མི་བཏགས་ཀྱང་། བློས་བྱས་ཅིག་ཡིན་གསུང་། སྤྱིར་དེ་ལྟར་ཡིན་ཀྱང་། འཁོར་བ་མཐའ་དག་ལས་ཐར་པ་ལ་དོན་དམ་པ་བྱང་ཆུབ་སེམས་དགོས་ཏེ། དེ་ཡང་ཇོ་བོ་རྗེའི་ལུགས་ཀྱིས། གཅིག་དང་དུ་བྲལ་ལ་སོགས་པས་ཕྱི་ནས་གཅོད་པ་ཡིན། བླ་མའི་བཞེད་པས། ནང་ནས་གཅོད་པ་ཡིན་གསུང་། ཁ་ཅིག་ཉོན་མོངས་པའི་སྒྲིབ་པ་ནས། མས་ནས་ཡར་སྤོང་བར་འདོད་པ་ཡིན། བླ་མའི་ཤེས་བྱའི་སྒྲིབ་པ་ནས་བཙད་དེར་གཅོད་

(༥༥)སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། ལྷན་ཅིག་ཅི་ལྟར་བྱེད་ན། བླ་མའི་བཞེད་པས། རིག་པ་དང་སྟོང་པ་ལྷན་ཅིག་སྐྱེས་གསུང་། གྲུབ་པ་ཐོབ་པའི་གྲུབ་སྐོར་ནས་བཤད་པ་དང་། བྲམ་ཟེ་ཆེན་པོའི་དོ་ཧ་ནས་བཤད་པ་དང་། རྡོ་རྗེ་འཆང་གིས་བརྒྱུད་ནས་བཤད་པ་དང་། དེ་རྣམས་ཡོ་མཐུན་གསུང་། བླ་མའི་ཞལ་ནས་མེན་ན་རང་ནོར་གསུང་། ཚན་ཅིག་ནས། ཐབས་གཙོ་ཆེར་བཤད་དེ་བློ་དམན་པའི་དུས་སུ་ཐབས་གཙོ་ཆེ་བ་མན་ངག་ཡིན་གསུང་། བློ་ཡར་སོང་ཙ་ན་ཤེས་རབ་གཙོ་ཆེ་བ་ཡིན་གསུང་། བླ་མའི་ཞལ་ནས། ཤེས་རབ་གཙོ་ཆེར་རང་ཤུགས་ཀྱིས་འགྲོ་བ་ཡིན་གསུང་། དང་པོ་ཡོ་མི་དགོས་སྙམ་ཙ་ན་དགོས་བརྡོ་བ་ཡིན་གསུང་། ཤུགས་འབྱུང་གིས་འགགས་པ་ཅིག་དགོས། ཤུགས་འབྱུང་བྱ་བའི་གོ་བ་ནི། བློ་གཅོས་མ་དང་བྲལ་བ་ཅིག་ལ་ཟེར་བ་ཡིན་གསུང་། སྒོམ་ཆེན་པ་རྣམས་ལ་ཞུ་ན། གནས་པའི་དུས་སུ། རྟོག་མེད་དེ་རྒྱུན་བསྲིང་བ་ཡིན་ཏེ། ངོ་བོ་ལ་རྟོག་མེད་རྒྱུན་བསྲིང་ན། ཆོས་ཀྱི་གནད་མ་གོ་བ་ཡིན། ཆོས་མ་ཆོད་པ་ཡིན་

(༥༦)གསུང་། གདོད་མ་ནས་རྒྱུན་ཆད་མ་མྱོང་བའི་གནད་ཀས་གསུང་། དོན་དམ་པ་འདི་འདྲ་བ་ཅིག་ཡིན་བྱ་བ་ནི། སངས་རྒྱས་ཀྱིས་ཀྱང་སྨྲ་བར་མ་ནུས་ན། རྒྱུན་ཆད་མེད་པ་དེ་སངས་རྒྱས་བྱོན་ཡང་མི་ཁེགས་གསུང་། དགེ་བཤེས་ཡོན་བདག་གི་ཞལ་ནས། གྲུབ་མཐའ་ལ་རྟེན་ནས་རིགས་པས་གཞིགས་པས། ཤ་བ་སྐྱེ་འུར་ཆུད་པ་ལྟར། འགྲོ་ས་འདི་ལས་མེད་ཟེར་ཏེ། ཁྱེད་རྣམས་ཀྱི་བློ་ཕུགས་རྡར་འབྱམས་པ་དེ་ནི་ཁྱོད་རང་གིས་བྱས་པ་ཡིན་ན། ཨ་ན། ཨང་གེ། ཁྱེད་ཀྱི་དེ་འོང་བར་འོང་ཕུང་འདྲེ་མཁན་ལོགས་ན་ལུས་པ་ཆ་མེད་པར་གསུང་།། །།རིན་པོ་ཆེའི་ཞལ་ནས། བཀའ་གདམས་པ་ཡང་། ལྟ་བ་ལ་རྩིས་ཆེ་སྟེ། གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། ལྟ་བ་ལྟ་བའི་སྟོང་པ་ལ་རྩིས་ཆེ་གསུང་། བླ་མ་ཡང་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། ལྟ་བ་རང་ཤར་ལ་རྩིས་སུ་མཛད། །ཆོས་ཐམས་ཅད་ཉམས་ཐོག་ནས་སྨྲ་བ་གཅིག་དགོས་གསུང་། སྟོང་ཉིད་ཤེས་བྱའི་གཤིས་སྒོམ་པ་དང་། རྩ་རླུང་བསྒོམས་པའི་རྟེན་

(༥༧)འབྲེལ་གྱིས་ཉམས་བྱུང་བ་དེ་ཡང་། ཉམས་ཡིན་ཏེ། ཤ་ཆོད་རུ་ཆོད་མི་མཆི་གསུང་། ཆོས་ཤ་རུས་ཆོད་པ་ལ། དོན་དམ་སྐྱེ་བའི་ཉམས་ཅིག་སྐྱེ་དགོས་གསུང་། ཀུན་རྫོབ་སྒྱུ་མར་མཐོང་བ་བྱ་བ་དང་། སེམས་ཉིད་སྒྱུ་མར་མ་ཐོང་ན། དེ་ཉིད་ཡིད་ལ་བགྱིར་ཡང་མི་འཚལ། མེད་པ་ཡང་མ་ཡིན་ཏེ། བཀག་པས་མི་ཁེགས་གསུང་། བློའི་ཡུལ་དུ་བྱར་མི་རུང་། གྲུབ་ཐོབ་ཀྱི་བླ་མས་གསུངས་པ་དང་། སངས་རྒྱས་གསུང་བ་པོ་མཐུན། སངས་རྒྱས་ཀྱི་ཐུགས་ལ་གསལ་བ་དེ་དང་། རྣལ་འབྱོར་པ་ལ་བླ་མའི་བྱིན་བརླབས་ཀྱིས་རང་ཤུགས་སུ་བྱུང་བ་དེ་ཡོད་པ་མ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན། རྣམ་རྟོག་གི་བློ་མཐོང་བ་ལྟ་ཅི་སྨོས། མེད་པ་མ་ཡིན་ཏེ། གང་ཚེ་དོན་ལ་རེག་གྱུར་ན། བསམ་པ་ཀུན་གྱིས་བསམ་དུ་མེད། གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་མི་ཁྱབ་པར་འགྱུར། །ཞེས་གསུངས་སོ། །དགེ་ཤེས་པོ་ཏོ་བའི་ཞལ་ནས། ཀ་པ་ལི་དང་བྲལ་ན་མེད་པ་ཡིན་གསུང་། དགེ་བཤེས་ཕོ་ཆུང་བའི་ཞལ་

(༥༨)ནས། རེས་སྒོམ་རེས་བལྟ་བྱེད་པ་ཡིན་གསུང་། དགེ་བཤེས་སྤྱན་སྔ་པའི་ཞལ་ནས། དཔེ་ལྟ་སྒོམ་ཆེན་པོ་བྱ་བ་དེ་མི་འདོད་པ་ཡིན་གསུང་། བཟོང་་ཕུག་དགོས་པ་ཡིན་གསུང་སྐད།། །།ཆོས་རྗེས་དགས་པོ་ལྷ་རྗེའི་གསུང་ལམ་རིམ་མདོར་བསྡུས་བཞུགས་སོ།། ༈ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྗེའི་ཞལ་ནས། འོ་སྐོལ་རྣམས་ཀྱི་གཏན་ཡུལ་ངན་སོང་གསུམ་ཡིན། ད་རེ་དལ་འབྱོར་ལུས་ཐོབ་པ་དི་ངན་སོང་གིས་ནས་དོན་གཉེར་བའམ། ངལ་སོ་བ་ལྟ་བུ་ཡིན། འགྲོན་པོའི་ཚོང་ཙམ་ཡིན། དེ་ནས་ཡང་ངན་སོང་དུ་འགྲོ་བ་ཡིན། འོ་སྐོལ་འཆི་ཙ་ན་ཡང་། རང་གི་ཕ་ཡུལ་ངན་སོང་གསུམ་ཡིན། དེར་འགྲོ་ཟེར་ནས་འགྲོ་བ་ཡིན། དེའི་ནང་ནས་ཀྱང་དམྱལ་བར་འགྲོ་བ་ཡིན། འོ་ན། ངན་སོང་གསུམ་ན་བདེ་སྐྱིད་ཡོད་དམ་སྙམ་ན། བདེ་སྐྱིད་མེད་པས། ངན་སོང་གསུམ་གྱི་སྡུག་བསྔལ་ཡིད་ལ་བྱས་ལ། དལ་འབྱོར་རྙེད་དཀའ་སྒོམ། ངན་སོང་གསུམ་གྱིས་སྡུག་བསྔལ་ལ་འཇིགས་སྐྲག་པར་བྱས་ལ།

(༥༩)ད་ནི་ངན་སོང་གསུམ་དུ་ཅིས་ཀྱང་མི་སྐྱེ་བ་ཅིག་བྱེད་དགོས་སྙམ་དུ་ཡང་ཡང་བསམ། དེ་ལྟར་ངན་སོང་གིས་འཇིགས་ཙ་ན། བསྐྱབས་ཚོལ་དགོས་པས། བསྐྱབས་ནི་བླ་མ་ལ་བྱ་སྟེ། གསོལ་བ་གདབ། ཇོ་བོ་དཀོན་མཆོག་གསུམ་ལ་བསྐྱབས་འགྲོ་བྱ། གསོལ་བ་གདབ། ངན་སོང་དུ་སྐྱེ་བའི་རྒྱུ་སྡིག་པ་མི་དགེ་བ་བཅུ་ཡིན་པས། སྡིག་པ་ཕྲ་མོ་ཙམ་ཡང་མི་བྱ་བར། སྡིག་པས་ལས་འབྲས་ལ་ཡིད་ཆེད་པར་བྱ། མཐོ་རིས་སུ་སྐྱེ་བར་བྱེད་པའི་རྒྱུ། དགེ་བ་ཡིན་པས། དགེ་བ་ཕྲ་ཞིང་ཕྲ་བ་ནས་སྒྲུབ། དགེ་བའི་ལས་འབྲས་ལ་ཡིད་ཆེས་པར་བྱ། དེས་བསྙེན་གནས་དང་། དགེ་བསྙེན་གྱི་སྡོམ་པ་སྐྱེ། ཚེ་འདི་ལ་བློ་ལོག་པར་བྱ། དེ་ལྟར་བྱས་ན། ངན་སོང་དུ་ཕུལ་ཡང་མི་འགྲོ་སྟེ། དེ་ནི་སྐྱེས་བུ་ཆུང་ངུའི་ལམ་ཡིན་ནོ། །དེས་ཀྱང་ཅུང་མི་འོང་སྟེ། ལྷ་མི་གཉིས་རང་ལ་བདེ་སྐྱིད་མེད་དེ། སྡུག་བསྔལ་ལས་མ་འདས། དེ་ནས། འཁོར་བའི་ཉེས་དམིགས་སྒོམ། ཐམས་ཅད་མི་རྟག་པ་ཡིན་པས། མི་རྟག་པ་སྒོམ། ཚེ་འདིའི་ཉེ་དུ་དང་། རྫས་དང་། རང་གི་ལུས་ལ་

(༦༠)ཡང་མ་ཆགས་བསྒོམ། དེ་ལྟར་བྱས་ནས། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་སྟེ། ཉན་ཐོས་ཀྱི་ལམ་ཡིན་ནོ། །དེ་ནི་སྐྱེ་བུ་འབྲིང་གི་ལམ་ཡིན་ཏེ་རང་དོན་འབའ་ཞིག་གོ།། །།དེས་ཀྱང་ཅུང་མི་འོང་སྟེ། འཁོར་བ་ན་ཡོད་པའི་སེམས་ཅན་རྣམས་ཀྱིས། ངེད་རང་གི་ཕ་མ། མ་བྱས་པ་མེད་པས། དེ་རྣམས་ལ་བྱམས་རྗེ་སྒོམ་ལ། བདག་པས་གཞན་གཅེས་པར་བཟུང་། ཐེག་དམན་ལས་བློ་ལོག་པར་བྱ་ཞིང་། དེ་ལ་བརྟེན་པ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད། སྨོན་འཇུག་གཉིས་བླངས་ལ། དེའི་བསླབ་བྱ་སློབ་པ་དེ་ནི་སྐྱེ་བུ་མཆོག་གི་ལམ་ཡིན་ནོ། །དེས་ཀྱང་འཁོར་བ་ལས་འདོན་པར་མི་ནུས་པས། དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེ་མེད་སྒོམ་དགོས། དེ་སྒོམས་པས་དངོས་པོ་དང་མཚན་མ་ལས་བློ་ལྡོག །དེ་ལྟར་བསྒོམས་པས་ཉམས་མྱོང་། བདེ་གསལ་མི་རྟོག་པ་གསུམ་འབྱུང་སྟེ། དེ་ལ་ཡང་ཞེན་ན་མི་འོང་། བདེ་བ་ཤས་ཆེ་ན། དེ་ལ་ཞེན་པས་འདོད་ཁམས་གསལ་བ་ཤས་ཆེ་ན། དེ་ལ་ཞེན་པས་གཟུགས་ཁམས། མི་རྟོག་པ་ཤས་ཆེ་ན། དེ་ལ་ཞེན་པས་གཟུགས་མེད་ཁམས་སུ་

(༦༡)སྐྱེ་བའི་རྒྱུ་ཡིན་ནོ། །འོ་ན་ཇི་ལྟར་དུ་རང་གི་སེམས་ཉིད་མཉུག་མ་འདི་ཉིད་སྒོམ་ན། དེ་ཡང་། ཅི་ལྟར་ཆུ་ལ་ཆུ་བཞག་དང་། མར་ལ་མར་ནི་བཞག་པ་བཞིན། མ་བཅོས་པར་བཞག །སོ་མ། ལྷུག་པ། རང་ག་གསུམ་དུ་བཞག་པས། ཅུང་ཟད་སེམས་ཟིན་པ་འོང་། སེམས་ཀྱི་ངོ་བོ་བག་རེ་ཙམ་མཐོང་བའོ། །ཤེས་པ་སེང་ངེ་ཡེར་རེ་རྩེ་གཅིག་པ་འོང་། རྗེས་ལ་ཡང་བག་རེ་འོང་། དེ་ཙ་ན་རང་གི་རིག་པ་དུམ་ཙམ་ཅིག་ད་ངོ་ཤེས་པས། ཉམས་དགའ་བ་དང་། སྤྲོ་བ་འོང་སྟེ། དེ་ནི་རྩེ་གཅིག་གིས་རྣལ་འབྱོར་བ་ཡིན། །དེ་ནས་ཡང་དེ་ཙུག་བསྒོམས་པས། །ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་རྩེ་མོ་རབ་གསལ་བཞིན། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཤིག་བསམ་པར་བྱ། །ཅེས་གསུང་པས། ཆུ་བོ་ཆེན་པོ་ལ་རྒྱུན་ཆད་མེད་པའམ། མར་མེའི་རྩེ་མོ་ལ་གསལ་བ་རྒྱུན་ཆད་མེད་པ་བཞིན་དུ། ཉིན་མཚན་དུ་དྲན་པས་བསྐུལ་ཞིང་། ཡང་དང་ཡང་དུ་བསྒོམས་པས་ཉམས་ལ། ཕྱི་བཟུང་བར་བྱ་བའི་ཡུལ་

(༦༢)དང་། ནང་འཛིན་པར་བྱེད་པའི་སེམས་གཉིས་ག་སྤྲོས་པའི་མཐའ་བཞི་དང་བྲལ་བར་འདུག་སྙམ་དུ་རྟོགས། རང་གི་རིག་པ་འདི་ཡང་། སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་བཞིན་དུ་མཐོང་བའོ། །ཉམས་རེས་བཟང་། རེས་ངན་པ་འབྱུང་སྟེ། དེ་ཉིད་སྤྲོས་བྲལ་གྱི་རྣལ་འབྱོར་བྱ་བ་ཡིན། དེ་ནས་དེ་བཞིན་དུ་བསྒོམས་པས། ཉམས་ལ་ཕྱིའི་སྣང་བ་དང་། རང་གིས་ལུས་དང་། སེམས་གསུམ་ཐ་མི་དད་པར། ཆུ་དང་འོ་མ་འདྲེས་པ་བཞིན་དུ་ཐ་དད་མེད་པར་འཆར་རྟོགས་པ་ལ་ཡང་། དེ་གསུམ་ཐ་དད་མེད་པར་ཤར་པའི་རྟོགས་པ་འཆར། དེ་ཙ་ན། ཕ་རོལ་པོ་ལ་ཡང་སྒོམ་ཡོད་མེད་མཐོང་བ་ཙམ་གྱི་ཤེས་པ་འབྱུང་། དེ་ཉིད་དུ་མ་རོ་གཅིག་གི་རྣལ་འབྱོར་བྱ་བ་ཡིན། དེ་ནས་དེ་བཞིན་དུ་བསྒོམས་པས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཐག་ཆད་པས། སྤང་བྱ་སྤང་དུ་མེད། གཉེན་པོ་པོ་རྟེན་དུ་མེད། སངས་རྒྱས་བསྒྲུབ་ཏུ་མེད། འཁོར་བ་སྤང་དུ་མེད། སྒོམ་བྱ་སྒོམ་བྱེད་མེད་པར་འབྱུང་སྟེ། དེ་ཉིད་སྒོམ་མེད་ཀྱི་རྣལ་འབྱོར་བྱ་བ་ཡིན་

(༦༣)ནོ། །དེ་རྩ་ན་རང་གི་སེམས་ཁོ་ནར་འདུག་པས། འོ་ན་རྟོགས་པ་དེ་སངས་རྒྱས་མཚན་ཉིད་པ་ཡིན་རྣམ་བྱས་པས། མཚན་ཉིད་པ་ད་རུང་མ་ཡིན། རྣམ་སྨིན་གྱི་ལུས་འདི་ཡོད་རིང་ལ། ཚོར་བ་བདེ་སྡུག་ཡོང་། དཔེར་ན། སེང་གེའི་ཕྲུ་གུ་མའི་མངལ་དུ་སྟོབས་རྫོགས་ཀྱང་། མངལ་མ་ཕྱུང་བར་དུ་རྩལ་འབྱིན་པར་མི་ནུས་ཏེ། མངལ་རྒྱས་བཅིངས། ཁྱུང་ཕྲུག་ཀྱང་། སྒོ་ངའི་ནང་དུ་གཤོག་སྒྲོ་རྒྱས་ཀྱང་། སྒོ་ང་མ་ཆག་བར་དུ་འཕུར་མི་ཤེས་ཏེ། སྒོ་ང་རྒྱས་བཅིངས་པའོ། །དེ་བཞིན་དུ། རྣལ་འབྱོར་པ་རྟོགས་པ་བྱུང་ནས་སེམས་ཉིད་རྫོགས་པའི་སངས་རྒྱས་སུ་འདུག་ཀྱང་། རྣམ་སྨིན་གྱིས་ཕུང་པོ་འདི་མ་བོར་གྱིས་བར་དུ་སངས་རྒྱས་ཀྱི་ཡོན་ཏན་རྫོགས་པར་སྟོན་མི་ནུས། རྣམ་སྨིན་གྱིས་ལུས་རྒྱས་བཅིངས་པའོ། །འོ་ན་སངས་རྒྱས་མཚན་ཉིད་ནམ་འབྱུང་ན། བར་དོར་འོང་བའོ། །དེ་ཡང་འཆི་བའི་དུས་སུ། འབྱུང་བ་བཞི་རིམ་གྱིས་བསྡུས་ནས། ཕྱི་དབུགས་དང་། ནང་དབུགས་ཆད་པ་དང་། ལུས་རྒྱ་ཞིག་ནས། བར་དོ་དང་

(༦༤)པོ་ཆོས་སྐུ་ཇི་ལྟ་བ་བཞིན་དུ་རྟོགས་པ་འབྱུང་ངོ་།། །།ཆོས་རྗེ་དྭགས་པོ་ལྷ་རྗེའི་མདོ་སྔགས་ཀྱི་གྲུབ་མཐའ་ཆ་ཐུན་ཁྱད་འཕགས་བཞུགས་སོ། །ན་མོ་གུ་རུ། གསང་སྔགས་ཀྱི་ལྟ་བ་ནི། ཐེག་པ་ཆེན་པོ་དབུ་མ་སེམས་ཙམ་ལས་ལས་ཆ་ཐུན་ཁྱད་པར་དུ་གྱུར་བ་སྟེ། ཆོས་ཉིད་སྟོང་པ་དབུ་མ་དང་མཐུན། འོ་ན་ཁྱད་མེད་དམ་ཞེ་ན། བདེ་བས་ཁྱད་པར་དུ་བྱས་པ་སྟེ། སྟོང་པའི་བདེ་བར་ཤར་བར་བའོ། །རང་རིག་རང་གསལ་བ་སེམས་ཙམ་དང་མཐུན། འོ་ན་ཁྱད་མེད་དམ་ཞེ་ན། གསལ་ཙམ་མ་ཡིན་ཏེ། རོ་བདེ་བར་ཤར་བའོ། །དེ་ནས་སལ་བ་ཉིད་སྟོང་པ། སྟོང་པ་ཉིད་གསལ་བར་ཤར་བའོ། །ཟུང་འཇུག་དེ་གསང་སྔགས་སོ། །ཆ་རེ་རེ་ནས། སེམས་ཙམ་དབུ་མ་གཉིས་ཆར་དང་མཐུན་པའོ། །ཕྱི་རོལ་དཀར་དམར་གྱི་རྣམ་པ་འདིའི་ངོ་བོ་སྟོང་པ་ཡིན་ཡང་། དབུ་མ་པས་སྟོང་པ་སྤྱིའི་རྣམ་པ་ཡལ་དུ་བྱས་ལ། གསང་སྔགས་པས། རང་གི་མཚན་ཉིད་ཡུལ་དུ་བྱས་པ་ཡིན། སེམས་ཙམ་པས་ཆོས་ཅན་དཀར་དམར་དུ་སྣང་བ་ཡིན་ལ། གསང་སྔགས་པས། དཀར་དམར་ཆོས་ཅན་ཉིད་ལྟར་སྣང་བའོ། །དེ་ཆོས་སྤྱིའི་

(༦༥)རྣམ་པ་ཡིན། རྣལ་འབྱོར་བས་ཉམས་ལ་སྦྱར་བའི་དུས་སུ། རིག་པའི་ངོ་བོ་མ་སྐྱེས་ཤིང་མ་འགགས་པའི་སྐད་ཅིག་མའི་ཤེས་པ་དེ་ལ། ནང་ནས་ངེས་པའི་ཤེས་པ་ཕྲ་མོ་ཅིག་སྐྱེས་པའི་དུས་སུ། འདི་ལྟར་ཉམས་སུ་མྱོང་བར་བཟུང་དུ་འདོད་དམ་ཞེ་ན། མི་འདོད་དེ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ཤིང་། གཟིགས་པར་མི་འགྱུར་རོ། །འོ་ན་དེའི་ཉམས་དེ་དགག་པར་ནུས་སམ་ཞེ་ན། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་དེ་དག་དགག་པར་མི་ནུས། དེ་ལྟ་བུའི་དོན་དེ་མྱ་ངན་ལས་འདས་པ་ཡིན། དེ་ལས་བྱུང་བའི་འཕྲོ་བྱེད་ཀྱི་ཤེས་པ་དེ་འཁོར་བའི་མཚན་ཉིད། འོ་ན་དེ་རྣལ་འབྱོར་པ་ལ་གནོད་ནུས་སམ་ཞེ་ན། གནོད་མི་ནུས་ཏེ། དཔེར་ན་ཉིན་མོའི་སྐར་མ་དང་འདྲ། རིག་པ་ལ་བལྟས་པའི་དུས་སུ། རེས་དྲན་པ་མེད་པར་རྨུགས་པ་དང་། བྱིང་བ་དང་། རྟོག་པ་སྣ་ཚོགས་འཕྲོ་བ་འོང་། རེས་གསལ་ལ་མ་ངེས་པའི་སེང་ངེ་ཡེ་རེ་བ་འོང་། སེང་ངེ་ཡེ་རེ་བའི་ངོ་བོ་ཉམས་ཡིན་ཏེ། དེ་ཡུན་རིང་བར་གནས་པ་གཅིག་དང་། སྐད་ཅིག་མ་གཅིག་གཉིས་ལས་མི་གནས་ཀྱང་། ཡང་ཡང་སྒོམ་པར་བྱས་ན་རྟོགས་པ་གང་ལ་

(༦༦)འཆར་ཆ་མེད། རྟོགས་པ་ཤར་བའི་དུས་སུ་སེང་ངེ་ཡེ་རེ་བའི་དོན་དེ་དང་པོ་གང་ནས་ཀྱང་མ་སྐྱེས་པར་ངེས། ཐ་མ་གང་ཡང་མི་འགག་པར་ངེས། དུས་ཐམས་ཅད་དུ་སྐྱེ་མེད་འཇིག་དང་བྲལ་བར་སེམས་ཀྱི་ངོ་བོ་དེ་ལྟར་ངེས་ན། གནས་པ་ཡུན་ཐུང་ཡང་མི་ལྟོ། སེང་ངེ་ཡེ་རེ་བ་དེ་ཡུན་རིང་བར་གནས་ཀྱང་། ངེས་ཤེས་མ་སྐྱེས་ན་ཡུན་རིང་པོ་དེས་གོ་མི་ཆོད། འོ་ན་རྟོག་པ་སྣ་ཚོགས་སུ་འཕྲོ་བ་དེ་སེམས་ཀྱི་མཚན་ཉིད་ཏེ། ངོ་བོའི་རྒྱུན་དེར་མ་ཤོར་ན། རྣམ་རྟོག་མང་དུ་བྱུང་ཡང་། ཅི་བྱུང་ཡང་ཆ་མེད། བརྗེད་ནས་འགྲོ། རྟོག་པ་དེས། བག་ཆགས་ཀྱི་ས་བོན་འདེབས་མི་ནུས། ཡང་རིག་པའི་མཚན་ཉིད་ནི། མ་རིག་པ་ལས་ལོག་པས་ན་རིག་པ། མི་གསལ་བ་ལས་ལོག་པས་ན་གསལ་བ། མཚན་མ་ཐམས་ཅད་ལས་ལོག་པས་ན་སྟོང་བ།། །།སྐྱེ་འཇིག་ཐམས་ཅད་ལས་ལོག་པས་ན་མི་འགྱུར་པ་ཡིན་ན། དེ་སྒོམ་པའམ། འོན་ཏེ་མ་ཡིན་པ་ཅིག་བསྒོམ་ཞེ་ན། །དེ་ཡེ་ནས་རིག་པའི་མཚན་ཉིད་ཡིན་པས། །མ་བསྒོམས་ཀྱང་འོང་བ་ཁོའི་ཆོས་ཉིད་ཡིན། །སྒོམ་པ་པོ་མེད་པ་བསྒོམ་པ་མེད། །བསྒོམ་པ་བྱ་བ་ཅུང་ཟད་མེད། །ཅེས་གསུངས་པས། སེམས་མ་

(༦༧)བཅོས་པ་རང་བབས་སུ་གཞོག །སྒོམ་རྒྱུ་ཅི་ཡང་མེད། སངས་རྒྱས་ཀྱིས། སྒོམ་པ་པོ་མེད་བསྒོམ་པ་མེད། །བསྒོམ་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས་ཀྱང་། རྣལ་འབྱོར་པ་ནི། སངས་རྒྱས་ཀྱི་ཞལ་ལ་ཡང་མི་ཉན། སངས་རྒྱས་མི་བདེན། བསྒོམ་པ་པོ་ཡོད་ཇི་ལྟར་ཡོད་ན། རིག་པ་ང་རང་ཡིན། ངའི་ངོ་བོ་གསལ་ལ་གོ་མ་འགགས་པ། རྒྱུན་ཆད་མེད་པ་འདི་ཉིད་སྒོམ་པ་པོ་ཡིན། ངའི་ངོ་བོ་འདི། སངས་རྒྱས་ཀྱིས་ཀྱང་དཔྱད་པར་མི་ནུས། སྒོམ་པ་ཡང་ང་རང་ཡིན། བསྒོམ་པར་བྱ་བ་ཡང་ཡོད་དེ། ང་ལ་ཉམས་སུ་མྱོང་བ་ཨེན་ཙམ་ཡོད། འོ་ནའང་། སངས་རྒྱས་བདེན། སངས་རྒྱས་ཀྱི་རྗེས་སུ་འབྲང་། བསྒོམ་པ་པོ་མེད། ཇི་ལྟར་མེད་ན། རང་རིག་ངོས་བཟུང་མཐའ་དག་དང་བྲལ་བས། དཔེ་དང་ཚིག་གང་གིས་ཀྱང་མཚོན་དུ་མེད། མཚན་མའི་ངོས་ནས། དུས་གསུམ་གྱིས་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར། དེའི་ངོ་བོ་ལ་སྒོམ་བར་བྱ་བའི་ཡུལ་མེད། དེ་ལྟར་ཉམས་སུ་མྱོང་བྱ་བ་མེད་པས། སྒོམ་པར་བྱ་བ་ཡང་ཅུང་ཟད་ཀྱང་མེད། ང་གསལ་བ་མི་འདོད། གསལ་བར་འདོད་པ་དེ་ངོས་བཟུང་ཡིན།

(༦༨)ང་བདེ་བ་དང་མི་རྟོག་པ་ཡང་མི་འདོད། བདེ་བ་དང་མི་རྟོག་པ་དེ་ཡང་ངོས་བཟུང་ཡིན། ང་དཔེ་གང་གིས་ཀྱང་མཚོན་དུ་མེད། ཚིག་གིས་ཀྱང་ཐོག་ཏུ་མི་ཕེབས། ང་ལ་བཅས་བཅོས་མ་བྱེད། རང་གར་གཞོག། ༄༅ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ལམ་རིམ་སྙིང་པོ་བཞུགས་སྷོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུ་འཆི་བ་མི་རྟག་པ་སེམས་པ་གལ་ཆེ་བ་ཡིན། དེ་ནས། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་སེམས་པ་གལ་ཆེ། དེ་རྣམས་བློ་ལ་ངེས་ནས་འདུག་ན། ཆོས་མི་བྱེད་པ་བཞིན་དུ་འདུག་ཀྱང་། ཆོས་རྣལ་མ་ཅིག་འོང་བ་ཡིན། དེ་རྣམས་བློ་སྐྱེས་ན། ཚེ་འདིའི་བྱ་བ་ཐམས་ཅད་བོར་ནས། ཆོས་ཁོ་ན་བྱེད་པ་ཅིག་འོང་བ་ཡིན། དེ་ནས། བླ་མ་རྣལ་མ་གཅིག་གིས་འཁྲིད་པ་གལ་ཆེ་སྟེ། དེ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་དགོས་པ་ཡིན། དེ་བློ་ལ་སྐྱེས་ཙམ་ན། ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་པ་ཅིག་འོང་བ་ཡིན། དེ་མེད་ན། གཟུགས་སྐུ་གཉིས་མ་འབྱུང་། དེ་གཉིས་ཕན་ཚུན་ལྟོས་ཆོས་ཡིན། ཆོས་སྐུ་མ་རྟོགས་ན། འཁོར་བ་ལས་མི་འདའ།

(༦༩)དཔེར་ན། ནམ་མཁའ་ལ་འཇིགས་པའི་སྐྱེས་བུ་དང་འདྲ། །གར་སྐྱེས་ཀྱང་འཁོར་བ་ལས་ཐར་པ་མེད། །ཆོས་སྐུ་རྟོགས་ན་ཐར་པ་ཡིན། །དེ་ཡང་། ཆོས་ནས་རང་གི་དད་པ་ཉིད་ཀྱིས་རྟོགས་པར་བཤད་པ་ཡིན་ཏེ། གཞན་གྱིས་མི་འབྱུང་གསུང་། དེས་ན། བླ་མ་རྒྱུ་ལ་ཆོས་སྐྱེས་པའི་རྟོགས་ལྡན་ཅིག་ལ་བརྟེན་ནས། དེ་ལ་དད་པ་དང་གུས་པ་ཚུལ་བཞིན་དུ་བྱས་ན་རྟོགས་ནས་འོང་བ་ཡིན། །བླ་མ་ལ་རྟོགས་པ་མེད་ན། སློབ་མས་དད་གུས་བྱས་ཀྱང་མི་ཕན། དཔེར་ན། སྐོས་ཕོར་ལ་རི་མོ་མེད་ན། འབི་འབི་ལེགས་ཀྱང་ཚ་ཚ་མི་འབྱུང་བ་དང་འདྲ་གསུང་། བླ་མ་རྒྱུད་ལ་རྟོག་པ་དང་། ཆོས་ཡོད་པ་ཅིག་གིས་སློབ་མ་དེ་འདྲེན་ནུས་པ་ཡིན། དང་པོ་བླ་མ་གདམ་དགོས། དེ་བས་ཇོ་བོ་ཀུན་ཡིད་ཆེས་པ་གལ་ཆེ། ཡིད་མ་ཆེས་ན། བྱིན་བརླབས་མི་འབྱུང་། ཡིད་ཆེས་པ་ཅིག་ལ་ཆོས་མང་པོ་མི་དགོས། ཁ་ཡར་བལྟས་ན་གྲོལ་བ་ཡིན། །ཞེས་གསུངས་སོ། །སྒོམ་ཆེན་པ་རྣམས་ལ་ཆོས་ཅིག་སྙན་དུ་གསོལ་བའི་དབང་དུ་བགྱིས་ན། དགེ་བའི་བཤེས་གཉེན་པ་རྣམས་ཀྱི་ཆོས་ཉམས་སུ་ལེན་ལུགས་

(༧༠)སོ་སོ་ལགས། བློ་ལྡོག་པའི་ཆོས་དང་། བྱང་ཆུབ་སྒྲུབ་པའི་ཆོས་གཉིས་ཡིན། བློ་ལྡོག་པ་ལ་འཆི་བ་མི་རྟག་པ་སྒོམ་དགོས་པ་ཡིན་གསུང་། དེ་རྣལ་མར་རྒྱུད་ལ་སྐྱེས་པའི་གང་ཟག་དེས། ཚེ་འདི་ལ་ཆེད་ཆེར་མི་འཛིན་པ་ཅིག་འོང་བ་ཡིན། ཆོས་མིན་བ་ཅིས་ཀྱང་བྱར་མེད་སྙམ་པ་སྙིང་ཕུགས་སུ་འཇུག་པ་ཅིག་འོང་བ་ཡིན། འཆི་བ་མི་རྟག་པ་བསྒོམས་པས། ཚེ་འདི་ལ་བློ་ལྡོག་དགོས། བློ་མ་ལོག་ན། སྒོམ་ཀྱང་དགོས་པ་མེད་པ་ཡིན་གསུང་། དེ་ནས། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་སྒོམ་པ་ཡིན་ཏེ། དེ་ཡང་། ངན་སོང་གསུམ་ན་བདེ་སྐྱིད་ཡོད་དམ་ཞེ་ན། ཅུང་ཟད་ཀྱང་མེད་དེ། དམྱལ་བ་ཙོ་བསྲེག་གི་སྡུག་བསྔལ། ཡི་དགས་སྐྲེས་སྐོམ་གྱིས་སྡུག་བསྔལ། དུད་འགྲོ་རྣམས་ལ་ཉིད་ཤ་ཉིད་གིས་ཟ་བའི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པས། བདེ་ཞིང་སྐྱིད་པའི་གོ་སྐབས་ཡེ་མེད་པ་བྱ་བ་ཡིན། དེ་ལྟར་བསམ་ནས་རང་ངན་སོང་གསུམ་དུ་ཅིས་ཀྱང་མ་སྐྱེས་པ་ཅིག་བྱེད་དགོས་པ་ཡིན། འོ་ན་ལྷ་དང་མི་ལ་བདེ་སྐྱིད་ཡོད་དམ་ཞེ་ན། དེ་ལ་ཡང་མེད་དེ། ལྷ་འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ། མི་ལ་ཡོད་

(༧༡)པ་འཚོ་སྐྱོང་། མེད་པ་འཚོལ་བ་ལ་སོགས་པས་སྡུག་བསྔལ་བས་ན། བདེ་སྐྱིད་མེད་པ་བྱ་བ་ཡིན། དེ་བས་ན་རིགས་དྲུག་གར་སྐྱེས་ཀྱང་། བདེ་བ་དང་སྐྱིད་པ་ཕུན་སུམ་ཚོགས་པ་ཡེ་མི་འདུག་པས། བླ་ན་མེད་པས་བྱང་ཆུབ་ཁོ་ན་ཅི་ཐོབ་བྱ་དགོས། སྙམ་དུ་སེམས་པ་ཡིན་ནོ། །དེ་ལྟར་བསམ་པས་འཁོར་བ་ལས་བློ་མ་ལོག་ན། བསམས་པ་ལ་དགོས་པ་མེད་པ་ཡིན་གསུང་། དེ་ཡང་། རང་ཉིད་གཅིག་བུ་ཐར་འདོད་ཀྱིས་མི་འོང་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྒོམ་དགོས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དབང་དུ་བྱས་ན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་སྙིང་རྗེ་གསུམ་ཡིན། དེ་ཡང་། རིམ་པ་བཞིན་ས་ལམ་དང་སྦྱར་ན། སྦྱོར་ལམ་མན་ཆད་སེམས་ཅན་ལ་དམིགས་པ་ཡིན། མཐོང་ལམ་ནས་ས་དགུ་པ་མན་ཆད་ཆོས་ལ་དམིགས་པ་ཡིན། ས་བཅུ་པ་ཡན་ཆད་དམིགས་པ་མེད་པའི་སྙིང་རྗེ་མེད་པ་ཡིན། དེ་ཡང་གང་ཟག་གི་བློ་ཚོད་དང་སྦྱར་ནས་སེམས་པ་ཡིན་ཏེ། ཇི་སྲིད་སྒོམ་མཁན་རང་ལ་དངོས་

(༧༢)པོ་དང་མཚན་མར་འཛིན་ཅིང་། གང་སྒོམ་པར་བྱ་བ་སེམས་ཅན་ཡང་དངོས་པོ་དང་མཚན་མར་འཛིན་པ་ཡོད་རིང་ལ། བྱམས་སྙིང་རྗེ་སྒོམ་པ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེའོ། །དེ་ནས་རང་ཡང་རྨི་ལམ་སྒྱུ་མ་ཙམ། གང་སྒོམ་པར་བྱ་བའི་སེམས་ཅན་ཡང་རྨི་ལམ་སྒྱུ་མ་ཙམ་དུ་གོ་བ་ནི། ཆོས་ལ་དམིགས་པའི་སྙིང་རྗེའོ། །སྒོམ་བྱ་བསྒོམ་བྱེད་གཉིས་ཀ་མི་དམིགས་པར། བྱམས་སྙིང་རྗེ་རང་ངམ་ཤུགས་ཀྱིས་སྐྱེ་བ་ནི། དམིགས་པ་མེད་པའི་སྙིང་རྗེའོ། །དེ་ལྟར་འགྲོ་བ་མར་རྒན་རྣམས་སྙིང་ཕུགས་སུ་བཅུག་པ་གཅིག་གིས། དོན་དམ་བྱང་ཆུབ་ཀྱི་སེམས་ལ་མོས་པ་བྱིང་དགོས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འབའ་ཞིག་ཏུ་སོང་ན། སེམས་ཅན་གྱིས་དོན་དམ་བྱང་ཆུབ་ཐོབ་པའི་ཐབས་མེད་པ་བྱ་བ་ཡིན། དཔེར་ན་ནམ་མཁའ་ལ་འཇིགས་པའི་སྐྱེས་བུ་དང་འདྲ་སྟེ། ཕྱོགས་གར་སོང་ཡང་ནམ་མཁའ་མིན་པ་འགྲོ་ས་མེད་པ་ཡིན། དཔེ་དེ་བཞིན་དུ། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་ན། ཐམས་ཅད་འཁོར་བའི་རྒྱུ་འབྲས་ཡིན་ཏེ། འཚང་རྒྱ་མི་ནུས་བྱ་བ་ཡིན་ཏེ། འཁོར་བ་ལས་

(༧༣)རྔ་འདྲེས་གང་ཙམ་ཡང་འདའ་མི་ནུས་གསུང་། དོན་དམ་བྱང་ཆུབ་སེམས་ཀྱི་དབང་དུ་བྱས་ན། བླ་མ་དམ་པའི་བྱིན་བརླབས་དང་། རང་གི་སྒོམ་པའི་ཉམས་མྱོང་ལས་སྐྱེ་བ་ཡིན། དེ་ཡང་བླ་མ་མི་ལའི་ཞལ་ནས། སྣང་སྲིད་སེམས་སུ་འདུས་པར་གདའ། །སེམས་ཉིད་གསལ་བའི་ངང་དུ་གདའ། །དེ་ལ་ངོས་བཟུང་མེད་པ་གདའ། །ཅེས་གསུངས་སོ། །སློབ་དཔོན་ཏོག་རྩེ་བའི་ཞལ་ནས། །ཐ་མལ་ཤེས་པ་སྙིང་གིས་དབུས་སུ་སང་། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་འཆད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དུ་མེད་པ་གཉུག་མའི་ངང་ལ་ཞོག །ཅེས་གསུངས་སོ། །དོན་རང་གི་ངོ་བོ་དེ་ལྟ་བུ་ཅིག་རྒྱུ་ལ་སྐྱེས་དོགས་གསུང་། དེ་ལྟ་བུ་རྒྱུད་ལ་སྐྱེས་པའི་གང་ཟག་དེ་ནི། ཏོག་ཙེ་བས། ལས་ནི་སེམས་ཅན་མི་ཤེས་པས། །གལ་ཏེ་དམྱལ་བར་སྐྱེས་ན་ཡང་། །ཞེས་གསུངས་པས། །ལས་ཤིན་ཏུ་ཕྲ་བ་སེམས་ཅན་གྱི་མ་ཤེས་པས། ལས་དབང་གིས་དམྱལ་བར་སྐྱེས་ཀྱང་། དར་གྱིས་ཕོ་ལོང་བརྡབ་པའི་ཚོད་ལས་མི་སྐྱེ་སྟེ། གང་

(༧༤)ཟག་དེ་ནི་མྱུར་དུ་ཐོན་ནས་འོང་བ་ཡིན་གསུང་། དེ་ཡང་། སྤྲོས་བཅས་དང་། སྤྲོས་མེད་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྫོགས་རིམ་གྱི་སྒོ་ནས་ཉམས་སུ་ལེན་དགོས་པ་ཡིན། སྤྲོས་བཅས་ཀྱི་དབང་དུ་བྱས་ན། རྩ་རླུང་ངམ་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཉམས་སུ་ལེན་པ་ཡིན་ཏེ། དོན་གྱི་ངོ་བོ་དང་པོ་སྐད་ཅིག་ཅིག་ལ་རྟེན་ནས་སྐྱེ་བ་ཡིན་ཏེ། དཔེར་ན་ཚེས་ཅིག་ཅིག་གི་ཟླ་བ་ཉ་གང་པའི་ནུས་པ་བཞིན་དུ། དོན་རང་གི་ངོ་བོ་དེ་ཡང་། སྐད་ཅིག་ཙམ་ལས་འགྲོ་འཆག་ཉལ་འདུག་དུས་ཐམས་ཅད་དུ་འཕྲིལ་གྱི་འགྲོ་བ་ཡིན་གསུང་། དེ་ཡང་ད་ལྟར་གྱི་སེམས་ཀྱི་ཨེན་ཙམ་མཐོང་བ་ཅིག་གིས་ཀྱང་། བར་དོའི་གནས་སྐབས་སུ་ཤེས་པ་སྔ་མ་བས་ལོག་བོས་བོགས་ཆེ་བ་གསལ་བ་ཡོད་པ་ཡིན་པས། བར་དོའི་འོད་གསལ་ངོས་ཟིན་ནས་སངས་རྒྱ་བ་ཡིན། དེ་ཡང་། ད་ལྟ་ནད་པ་འཆི་ཀ་མའི་ཤེས་པ་མི་གསལ་ཟེར་ཏེ། ངོ་བོ་རྣལ་མ་ཅིག་མཐོང་ན། ནད་ཀྱི་སྟོབས་ཀྱིས་འཆི་ཀའི་ཤེས་པ་འཁྲུལ་ཡང་། དེ་བོར་དུ་མི་བཏུབ་དེ། ཤེས་པ་ལས་ལོག་པའི་ངོ་བོ་མེད་པས་ཤར་ནས་འོང་བ་ཡིན། ངོ་བོ་རྣལ་མར་མཐོང་ན་བར་དོའི་འོད་

(༧༥)གསལ་ཟིན་ནས་འོང་བ་ཡིན། དགེ་བཤེས་པ་རབ་ཅིག་གི་ཞལ་ནས། ངོ་བོ་ད་ལྟ་སྐྱེས་པའི་དུས་མིན་ཟེར་ཏེ། བླ་མ་མི་ལའི་ཞལ་ནས། ད་ལྟ་སྐྱེ་བའི་དུས་མིན་ནམ་ཡིན། རྟེན་དལ་བ་འབྱོར་བ་མིའི་ལུས་ཕུན་སུམ་ཚོགས་པ་ནི་ཐོབ། དབང་པོ་ལྔ་ལ་ནི་སྐྱོན་མ་ཞུགས། ཐེག་ཆེན་གྱིས་བླ་མ་དང་འཇལ་བའི་དུས་འདིར་མི་སྐྱེ་ན། ངན་སོང་གསུམ་དུ་སྐྱེས་ཙ་ན་སྐྱེའམ་གསུང་། དེ་མེད་པར་གདའ། བར་དོ་ལ་འོད་གསལ་མ་ཟིན་ན་ཡང་། ངོ་བོ་མཐོང་བས་སྐྱེ་བ་ཕྱི་མ་ལ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་ཡིན་ཏེ། གང་ཟག་དེ་ནི། བསགས་པའི་རྒྱབ་ཅན་བྱ་བ་ཡིན་པས། འོ་སྐོལ་བར་དོ་ལ་སངས་ཅི་རྒྱ་བྱ། དེ་ལ་མ་རྒྱས་ན་ཡང་། སྐྱེ་བ་ཕྱི་མ་ལ་ཅི་རྒྱ་བགྱི་བས། ཆོས་དེ་ལས་མ་མཆིས་གསུང་། མཁའ་འགྲོ་ཆོས་སྐྱོང་ལ་བཟོད་པ་གསོལ། ཞེས་པ་འདི་ནི། རྗེ་ཉིད་ཀྱི་དབོན་པོ་སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤན་ཏིར་བཀའ་རྒྱུད་ཀྱི་བསྟན་པ་སྤེལ་བའི་སླད་དུ་བར་དུ་བགྱིས་པའོ།། །།

(༧༦)

(༧༧)། ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། སྒྲུབ་པ་སྙིང་གི་ངོ་སྤྲོད་བཞུགས་སོ། །

(༧༨)བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བདག་ཉིད་བདེ་ཡིད་དག་ལ་གདུང་མི་བྱ། །བདག་ཉིད་ཟ་ཞིང་འཐུང་ལ་གཉིས་སྦྱར་ཏེ། །དགའ་བའི་ཡིད་ཀྱི་སྤྱོད་པར་བྱེད་པ་ཉིད། །ང་རྟག་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདིས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པས་འཇིག་རྟེན་མགོར་རྟགས་བཞག་ནས་སོང་། །ཞེས་བྱ་བའི་དོན་ནི། རྣལ་མ་གཉུག་མའི་དོན་ཉིད་ཉམས་སུ་

(༧༩)མྱོང་བའི་རྣལ་འབྱོར་པ་བདག་ཉིད་ལ་བདེ་བ་སྐྱེས་ཀྱང་ཡིད་གདུང་བར་མི་བྱའོ། །འོ་ན་བསྒོམ་པར་བྱ་བ་མ་ཡིན་ནམ་ཞེ་ན། རྣལ་འབྱོར་པ་བདག་ཉིད་གཉུག་མའི་ཏིང་ངེ་འཛིན་དེ་དག་གི་ཟས་ཟ་ཞིང་བླ་མའི་གདམ་ངག་སྐོམ་དུ་འཐུང་ལ། བདེ་བ་དང་སྟོང་པ་གཉིས་སྦྱོར་བར་བྱེ་བ་ནི། རང་དགའ་བའི་ཚུལ་ཏེ། དྲན་པ་རྒྱུན་ཆགས་ཀྱིས་ཡིད་ཀྱིས་སེམས་དང་སེམས་སུ་ངོ་སྤྲོད་པར་བྱེད་པ་སྟེ། སྣང་བ་སེམས་

(༨༠)ལ་མ་ཐིམ་བར་དུ་ཡང་དང་ཡང་དུ་གོམས་པར་བྱ་སྟེ། ལུས་བདེ་བ་ཆེན་པོའི་འཁོར་ལོ་ལ། སེམས་སངས་རྒྱས་ཀྱི་འགེངས་ཞེས་བྱའོ། །དཔེར་ན། རང་བཞིན་གྱི་ཆོས་འདིས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འཚོན་པའི་འཇིག་རྟེན་ཕ་རོལ་འགྲུབ་པར་འགྱུར་ཏེ། དེས་ནི་སེམས་དང་སེམས་ཉིད་དུ་གྲུབ་ཅིང་རྟོགས་པའོ། །ཐ་དད་ཀྱིས་སྒྲིབས་པའི་རྨོངས་པས་འཇིག་རྟེན་གྱི་རྣམ་པར་རྟོག་པ་བརྟགས་པའི་མགོར། སེམས་རྣམ་རྟོག་ཏུ་བརྟགས་ནས་བཞག་ནས་སོང་ངོ། །དེ་དག་གིས་འབྲས་བུ་ལ་ཉེ་བར་བྱེད་པ་མ་ཡིན་ནོ། །ཇི་ལྟར་བསྒོམ་ན། སྙིང་པོ་དོན་གྱི་ཡེ་ཤེས་དེ་ཁོ་ན། །བདག་མེད་མས་ནི་གདམ་ངག་བསྟན་ནས་སོང་། །གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །ཅིག་ཏུ་རྟོགས་ན་རྣལ་འབྱོར་སྤྲོས་པའི་ལམ། །ཞེས་བྱ་བའི་དོན་ནི། སེམས་གཉུག་མའི་རང་བཞིན་སྙིང་པོའི་དོན་དེ་ཉིད་ཀྱི་ཡེ་ཤེས་ཆོས་འཕྲུལ་

(༨༡)དཔག་ཏུ་མེད་པ་སྣང་སྟེ། དེ་ཐམས་ཅད་ཀྱང་རྣལ་མའི་དེ་ཁོ་ན་ཉིད་ཀྱིས་ཉམས་སུ་མྱོང་བར་བྱེད། དེ་དག་ནི་སེམས་ཀྱི་ངོ་བོ་སྟེང་བདག་གི་ཆ་དང་བྲལ་བའི་ཕྱིར་བདག་མེད་པ་ཡིན་ལ། འབྲས་བུ་ཐམས་ཅད་བདེ་བ་བསྐྱེད་པར་བྱེད་པ་སྟེ། དེས་ནི་དེ་ཉིད་ལ་ཅི་ཡང་མེད་པའི་གདམ་ངག་བསྟན་ནས་སོང་ངོ། །དེ་འཛིན་པར་བྱེད་པའི་གང་ཟང་གིས་སྒོམ་བྱ་སྒོམ་བྱེད་གཉིས་སུ་མ་བྱ་ཞིང་། ངོ་བོ་གཅིག་ཏུ་བྱེད་པ་སྟེ། བདག་ཉིད་ཀྱི་ངོ་བོ་ཡིན་ནོ་ཞེས་གཅིག་ཏུ་བསྟན་པ་ན། རྣལ་འབྱོར་བའི་རྟོག་པ་དང་སྤྲོས་པའི་ལམ་སྟེ། འབྲས་བུ་ཟད་པར་བྱེད་པ་ཉིད་དོ། །དེས་ན། སྤང་དུ་མེད་དེ་ཐབས་ཀྱིས་ཤེས་པའི་འདོད་ཆགས་ཆེན་པོ་ཉིད་ཡིན་ཏེ། དེ་ཡང་ངེས་པའི་འདོད་པ་དང་། ཅི་ཡང་མ་ཡིན་པའི་ཆགས་པ་ཆེན་པོ་ཉིད་ཀྱི་སྐུ་ཉག་གཅིག་ཏུ་ཁ་དོག་བསྒྱུར་བར་བྱའོ། །དེས་ན་ཆོས་ཐམས་ཅད་

(༨༢)སེམས་ཉིད་ཡིན་པས་བསྟན་པར་བྱའོ། །སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །དེ་ལ་འཁོར་བ་དང་མྱང་འདས་སྣང་ངོ། །སྲིད་པ་སྣ་ཚོགས་དེ་ལས་འཕྲོས་པ་ཡིན། །འཕྲོས་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན་ཏེ། །ཆོས་ཀྱི་སྐུ་ལས་སྣང་བ་གཞན་མེད་དོ། །རྟོགས་པས་མྱ་ངན་འདས་པ་ཉིད་ཡིན་ཏེ། །དེ་ལྟར་སེམས་ཆོས་སྐུར་རྣམ་པར་དག་པའི་ངོ་བོ་དེ་ལས་ཐམས་ཅད་བདག་ཉིད་རྣམ་པར་འཕེལ་ཏེ། བསྐྱེད་པར་བྱེད་པའི་ས་བོན་གཞན་གྲུབ་པར་བྱེད་པའི་ཕྱིར། དེས་ན། སེམས་གཅིག་པུ་སྣང་གྲགས་ཀུན་གྱིས་ས་བོན་ཡིན་ཏེ། དེ་ལས་འཁོར་བའི་རྣམ་རྟོག་བདག་ཉིད་དང་། ཞི་བ་མྱ་ངན་ལས་འདས་པའོ། །ངོ་བོ་ང་སྟེ་ཁམས་གསུམ་གྱི་སྲིད་པའི་ཚོགས་ཀྱི་རྣམ་པ་ཐམས་ཅད་ཉི་མའི་ཟེར་བཞིན་དུ་ངོ་བོ་དེ་ལས་འཕྲོས་པ་ཡིན་ནོ། །ཉི་མ་དང་ཟེར་གཉིས་ཐ་མི་དད་པ་བཞིན་དུ་འཕྲོས་པས་སྣང་གྲགས་ཀྱི་ཆོས་དེ་ཉིད་དང་། སེམས་ཉིད་ཆོས་སྐུ་

(༨༣)གཉིས་ཐ་དད་མ་ཡིན་ཏེ། ཆོས་སྐུའི་སྣང་བ་དེ་ཉིད་གཞན་ཞིག་གྲུབ་པ་ནི་མེད་དོ། །དེ་ཉིད་རྟོགས་པས་མྱ་ངན་ལས་འདས་པ་ཉིད་ཡིན་ཏེ། བཞན་དུ་བརྟག་པར་མི་བྱའོ། །སེམས་མ་བཅིངས་ན་གྲོལ་བར་འགྱུར། །སེམས་ཀྱི་གླང་པོ་ཡན་དུ་ཆུག །སེམས་ནི་ནམ་མཁའ་འདྲ་བར་བལྟ་བྱ་སྟེ། །ལུས་ནི་དེ་ཉིད་ཡིན་པས་ཆགས་མི་བྱ། །ཆོས་རྣམས་ཀུན་དང་སེམས་ཉིད་མཉམ་པ་སྟེ། །སེམས་དེ་བསམ་གྱིས་མི་ཁྱབ་བསམ་བྱས་ན། །དེས་ནི་བླ་ན་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་དོན་ནི། རྣལ་འབྱོར་པའི་སེམས་ཀྱི་ངོ་བོ་ནི་ནམ་མཁའ་དང་འདྲ་བར་བལྟ་བར་བྱ་སྟེ། དེ་ནི་མི་ཤེས་ཤིང་བསམ་པའམ་སྨྲར་མེད་དོ། །ཅི་ཡང་མ་ཡིན་པའི་ཕྱིར་དེ་དང་མཚུངས་སོ། །དེ་ལྟར་ལུས་ཀྱི་ངོ་བོ་དེ་ཉིད་ཀྱང་། དེ་ཁོ་ན་ཉིད་ཀྱི་ངོ་བོ་ཡིན་པས་ཆགས་པར་མི་བྱ་བ་ཁོ་ནའོ། །དེས་ན། ལུས་སེམས་ཐམས་ཅད་དགོས་པ་མེད་པའི་རྣམ་པར་བག་ཡངས་པའི་ཚུལ་

(༨༤)དུ་བཞག་སྟེ། དེ་ཅིའི་ཕྱིར་ཞེ་ན། སྣང་གྲགས་ཀྱི་ཆོས་རྣམས་ཀུན་དང་སེམས་ཉིད་ཀྱི་ངོ་བོ་མཉམ་སྟེ། སེམས་དེ་ཆོས་སྐུ་ཡིན་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའི་ངོ་བོ་ནི། །ཅི་ཡང་མ་ཡིན་པའི་ཚུལ་དུ་བསམ་པར་བྱས་ན། དེས་ནི་བླ་ན་མེད་པའི་ཐོབ་པར་འགྱུར་རོ། །སེམས་ཕྱི་ནང་གི་རྟོག་པ་འདི་ནི་ནམ་མཁའ་དང་སྤྲིན་བཞིན་ནོ། །གང་ཞིག་བླ་མའི་ཞལ་གྱི་བདུད་རྩིའི་ཆུ། །བཏུང་ལེགས་བསིལ་ལྡན་དོམས་པར་མི་འཐུང་ན། །དེ་ནི་བསྟན་བཅོས་དོན་མེད་བྱས་ཏེ་དོན་དང་མི་ལྡན་པས། །མྱ་ངན་ཐང་ལ་སྐོམ་པས་གདུངས་ཏེ་ཤི་བར་ཟད། །དེ་ནི། སྐལ་བ་དང་ལྡན་པའི་སྐྱེས་པ་དང་བུད་མེད་ཀྱི་ཤེས་རབ་དང་སྙིང་རྗེའི་བདག་ཉིད་དུ་འབྲེལ་བ་སྟེ། །གཉིས་མེད་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་ཡིན་ནོ། །དེ་ཡང་ནི་བླ་མའི་གདམ་ངག་ལས་ཤེས་པར་བྱའོ། །ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོ་ནི་སེམས་ཉིད་མ་བཅོས་པ་སྟེ། ཅི་ལྟར་བསྟན་ཞེ་ན། ཐ་མལ་པའི་སྒོ་ནས་སེམས་དང་སྣང་བ་

(༨༥)གཉིས་ལྷན་ཅིག་སྐྱེས་པ་དེ། དྲན་པས་མ་ཡེངས་པར་གུས་པས་འབད་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྱུང་བར་འགྱུར་ཏེ་ཐེ་ཙོམ་མེད་དོ། །ཤེས་པ་མ་བཅོས་པ་གསང་བའི་ཚུལ་དག་ཏུ་ཉམས་སུ་མྱོང་ན་བདེ་གསལ་མི་རྟོག་པ་འབྱུང་ངོ་། །previous hit མལགྱིཤེས་པའི་བསམ་ next hit་དེ་དྲན་པ་རྒྱུན་ཆགས་ཀྱིས་སྐྱོངས་བས། རྣམ་རྟོག་རྡུག་པའི་སྐུས་རྡུལ་བཞིན་དུ་རློག་པར་བྱེད་དོ། །ཇི་ལྟར་ཆུ་ལ་ཆུ་བཞག་ན། །དེ་ནི་ཆུ་རུ་རོ་མཉམ་འགྱུར། །ཇི་ལྟར་མར་ལ་མར་བཞག་མཚུངས། །སེམས་དང་སྣང་བའམ་དེ་སྐད་སྨྲ། །སྐྱོན་དང་ཡོན་ཏན་ལྡན་པའི་སེམས། །མགོན་པོ་སུམ་ཀྱང་མཚོན་པར་མི་ནུས་སོ། །ཞེས་གསུངས་པའི་དོན་ནི། གཉིས་སུ་མེད་པར་རོ་མཉམ་པ་སྟེ། བདེ་བ་ཆེན་པོའི་ངང་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་དག་ཉམས་སུ་མྱོང་བར་བྱ་བ་ནི། དང་པོ་ཤེས་པ་རྩོལ་སྒྲུབ་དང་བྲལ་བར་བྱ་བ་དང་། དེ་ནས་མ་བཅིངས་པའི་བདག་ཉིད་ཡོངས་སུ་ཤེས་པར་བྱ་བ་དང་།

(༨༦)ཐ་མ་སེམས་དང་རྟོག་པ་དང་བྲལ་བ་སྟེ་གཉུག་མའི་ངོ་བོ་ལ་བརྗོད་པ་ཙམ་མོ། །ང་ཡིས་རྩེད་མོ་བྱས་པ་ལ། །བྱས་པ་རྣམས་ནི་ཤ་ཐད་ཆད་མེ་བྱུང་བ་ནི་སྤྲ་བ་སྟེ། མེ་ནི་སྤྲ་བ་ཉིད་ལ་འབར། །ཞེས་གསུངས་པའི་དོན་ནི། དགག་སྒྲུབ་དང་བྲལ་བའི་དོན་གྱིས་སྒྲུབ་པའོ། །མེ་འབྱུང་བའི་རྒྱུ་ནི་སྤྲ་བ་སྟེ། བྱུང་མེ་དེ་ཉིད་ཀྱིས་སྤྲ་བ་ལ་འབར་ཞིང་སྲེག་གོ། །དེ་བཞིན་དུ་སེམས་ལ་སྣང་བའི་ཆོས་འདི་དག་འབྱུང་སྟེ། བྱུང་བའི་ཆོས་དེ་དག་སྣང་བ་ལ་རབ་ཏུ་ཐིམ་མོ། །སྒོམ་པར་བྱ་བ་ནི་རྡུལ་ཕྲ་རབ་ཙམ་ཡང་མེད་དོ། །དེ་དག་གིས་ངང་ལ་བཞག་ཏུ་མེད་དོ། །བཞག་ཏུ་མེད་པའི་ངང་ལ་བཞག་ན་མཆོག་གོ། །དོན་དེ་ནི་སྙིང་པོའོ། །སྙིང་པ་ཞེས་བྱ་བ་ནི་ཕྱི་ནང་གི་ཆོས་ཐམས་ཅད་སེམས་སུ་ཤེས་ལ་ཤེས་པ་མེད་པའོ། །སྣང་སྲིད་ཐམས་ཅད་ཆོས་ཀྱི་སྐུ། །ཆུ་ཟླ་ལྟ་བུའི་ངོ་བོ་ཉིད། །དབང་པོ་ཡུལ་ལ་ཕྲད་འདས་པའོ། །དྲན་པ་རྟེན་པའི་མཆོག་ཡིན་ནོ། །སྤྱོད་ལམ་རྣམ་བཞི་སྔོན་འགྲོ་བའི། །དྲན་པ་

(༨༧)དེ་བཞིན་ཉིད་དུ་བརྙེན། །སེམས་ཉིད་བླ་མ་ཉིད་དུ་བཀུར། །དགག་པ་དོར་ཞིང་ཅི་བདེར་བཤད། །ཅེས་བྱ་བའོ།། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། སྙིང་པོའི་དོན་ལྔ་ལྡན་བཞུགས་སྷོ།། །།སྙིང་པོ་དོན་གྱི་གདམ་ངག་རྣམ་པ་ལྔ་ལས། རྟོགས་པ་ལྟ་བ་དང་ལྡན་པ། སྒོམ་པ་ཉམས་མྱོང་དང་ལྡན་པ། སྤྱོད་པ་རོ་སྙོམས་དང་ལྡན་པ། དེས་ཤེས་སྐྱོན་བསལ་བ་དང་ལྡན་པ། བརྒྱུད་པའི་གདམ་ངག་དང་ལྡན་པའོ། །རྟོགས་པ་ལྟ་བ་དང་ལྡན་པ་ལ་གཉིས། སངས་རྒྱས་དང་སེམས་ཅན་རྒྱུད་ཅིག་ཏུ་རྟོགས་པ་ནི། དཔེ་ཏིལ་ལ་མར་འབྱུང་བ་ལྟ་བུའོ། །སྣང་བ་དང་སེམས་ཐ་མི་དད་པར་རྟོགས་པ་ནི། དཔེ་ཆུ་དང་ཆབ་རོམ་ལྟ་བུའོ། །ལྟ་བ་ནི་ཞེ་འདོད་མེད་པའོ། །སྒོམ་པ་ཉམས་མྱོང་དང་ལྡན་པ་ནི། ཕྱོགས་སུ་མ་ལྷུང་ཞིང་ངོས་བཟུང་དང་བྲལ་བ་དང་། ཚིག་གི་ཐ་སྙད་ཀྱིས་བརྗོད་དུ་མེད་པའོ། །

(༨༨)ཉམས་མྱོང་ནི་བརྗོད་དུ་མེད་པའོ། །ཕྱིའི་རྟགས་འཇིག་རྟེན་ཆོས་བརྒྱད་སྤོང་བ་དང་། མཉམ་གཞག་རྗེས་ཐོབ་མེད་པའོ། །སྤྱོད་པ་རོ་སྙོམས་ལ་གསུམ་སྟེ། །སྣང་བ་དང་འོད་གསལ་ལ་ཁྱད་མེད་ན་རྟོག་པའི་རོ་སྙོམས། མཉམ་བཞག་དང་རྗེས་ཐོབ་ལ་ཁྱད་མེད་ན་མཉམ་པ་ཉིད་ཀྱི་རོ་སྙོམས། ཉོན་མོངས་པ་དང་ཡེ་ཤེས་ལ་ཁྱད་མེད་ན་ཉམས་སུ་མྱོང་བའི་རོ་སྙོམས་སོ། །དེས་ཤེས་སྐྱོན་བསལ་བ་ནི། སངས་རྒྱས་རང་ལ་ཡོད་པ་པར་ངེས། ཆོས་ཐམས་ཅད་སེམས་སུ་འདུས་པར་ངེས། འཁོར་བ་ལ་ཐོག་མཐའ་མེད་པར་ངེས། འབྲས་བུ་རང་ལ་འཆར་བར་ངེས། གཟའ་གཏང་མེད་པའི་དོན་མ་རྟོགས་ན་འཁོར་བ་སྡུག་བསྔལ་བར་ངེས་སོ། །བརྒྱུད་པའི་གདམ་ངག་ནི། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་རྡོ་རྗེ་སློབ་དཔོན་མི་སྤང་། འབྲས་བུ་ལ་རེ་བ་མེད་ཀྱང་ཆོས་སྤྱོད་རྒྱུན་མི་གཅོད། ཆོས་ཐམས་ཅད་སེམས་སུ་འདུས་ཀྱང་ཆོས་ལ་སྐུར་

(༨༩)པ་མི་གདབ། མཉམ་ཉིད་ཀྱི་དོན་ཁོང་དུ་ཆུད་ཀྱང་དགོན་པ་རྟེན་ལ་གོམས་པར་བྱ། འཁོར་བ་ལ་དོགས་པ་མེད་ཀྱང་ཁ་ན་མ་ཐོ་བའི་སྡིག་པ་ཕྲ་མོ་ཙམ་ལ་ཡང་འཛེམ། བདག་གཞན་མཉམ་པར་རྟོགས་ཀྱང་སེམས་ཅན་ལ་སྙིང་རྗེ་ཆེར་བསྐྱེད། འབྲས་བུ་རང་ལ་འཆར་ཡང་ལྟ་སྤྱོད་གཞན་དང་བསྟུན་པར་བྱའོ།། ༈ །།བླ་མ་རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ལྷན་སྐྱེས་ཆོས་སྐུའི་ཉམས་ལེན་བཞུགས་སོ།། །།རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྗེ་བཙུན་མཆོག་དང་བྱིན་བརླབས་འབྱུང་བའི་གནས། །རྣལ་འབྱོར་མ་དང་མཁའ་འགྲོའི་ཚོགས་དང་བཅས་རྣམས་ལ། །གུས་པས་མཆོག་གིས་བདག་ནི་རབ་ཏུ་འདུད་པར་བགྱི། །ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་བྱ་སྟེ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་ཆོས་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་

(༩༠)ཞེས་བྱ་བ་ནི་ཆོས་སྐུའི་འོད་དོ། །དེ་ཡང་ཇི་ལྟར་གནས་ན། ཐ་དད་དུ་ཞེན་པའི་རྣམས་པར་རྟོག་པ་མེད་པར། གཉུག་མ་དེ་ཁོ་ན་ཉིད་ལ་གནས་པར་བྱ་སྟེ། འབྲས་བུ་ལ་རེ་བ་དང་། འཁོར་བ་ལ་དོགས་པ་དང་། མཉམ་པའི་དོན་ལ་རྩོལ་བར་བྱ་བའི་སེམས་དེ་དག་ཐོང་ལ། ཅི་ཡང་མ་ཡིན་པའི་སེམས་རང་དགའ་རྣལ་མ་འདི་ཉིད་དམ་པའོ། །གཉུག་མའི་དོན་དེ་ཉིད་རྟོགས་ན་སྣང་ཞིང་གྲགས་པ་ཐམས་ཅད་དེའི་ངོ་བོ་ཡིན་ཏེ། དེ་ལས་གཞན་པའི་མཐའ་ཞིག་ན་སངས་རྒྱས་དང་རྗེ་བཙུན་པ་ལ་སོགས་པ་སུས་ཀྱང་ཤེས་པར་མི་འགྱུར་རོ། །སེམས་ཉིད་གནས་པ་རྡོ་རྗེ་ཡེ་ཤེས་ནི། །སྣ་ཚོགས་སྣང་ཡང་གཉུག་མའི་ངོ་བོ་ཉིད། །དབྱེ་སྒོ་ཐ་དད་པ་ཡི་ཚུལ་སྣང་ཡང་། །ཉིད་ཀྱི་དོན་ལས་གཞན་པ་ཡོད་མ་ཡིན། །སེམས་ཉིད་ཅི་ཡང་མ་ཡིན་པར་དཔྱད་ཅིང་གོམས་པ་བྱ་སྟེ། འདི་ནི་ངེས་པའི། །དེ་བས་ན། བླ་མ་དག་གིས་སྨྲས་པའི་རྣལ་མའི་ཤེས་པ་དེ་དག་

(༩༡)ཤུགས་ཀྱིས་གོ་བ་སྟེ་སྙིང་པོ་གཉུག་མའི་དོན་ལ་གོམས་པས། མཉམ་པ་ཉིད་ཀྱི་དོན་སྙིང་ལ་ཞུགས་པར་འགྱུར་ཏེ། ཇི་བཞིན་པའི་ངོ་བོ་དེ་བཞིན་པར་རྟོགས་སོ། །དེ་དག་ཀྱང་དཔེར་ན། སྐྱུ་རུ་ར་ལག་མཐིལ་དུ་བཞག་པའམ། ནོར་བུ་རིན་པོ་ཆེ་ཨ་མྲི་ཏ་མེ་ལོང་གཡང་དག་པའི་སྟེང་དུ་བཞག་ན། ཕྱི་ནང་ཐམས་ཅད་གསལ་བ་བཞིན་དུ། གཉུག་མའི་དོན་འདི་རྟོགས་པ་ན། ཆོས་ཐམས་ཅད་སེམས་ཉིད་དུ་རྟོགས་ཤིང་བདེ་བ་ཆེན་པོར་རོ་གཅིག་པས། བདག་མེད་པའི་དོན་ལ་ཤུགས་ཀྱིས་འཇོག་གོ། །དོན་དེ་ཉིད་དབུ་མ་པ་ལ་སོགས་པ་བཞན་གྱིས་རྟོགས་པ་མ་ཡིན་ཏེ། འདི་ན་གཟའ་གཏད་དང་བྲལ་བའི་ཕྱིར། བསམ་གཏན་མེད་ཅིང་རྟོགས་པས་སངས་རྒྱ་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པ་གཉུག་མའི་དོན་ནི། འོ་དོད་རྟག་ཏུ་འབོད་དེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་གཉུག་མ་དེ་དག །ཐོག་

(༩༢)མ་ནས་རང་བཞིན་གྱིས་དངོས་པོ་ཡོད་པར་རྟོགས་པ་དང་། མེད་པར་རྟོགས་པ་དང་བྲལ་བས། སྙིང་པོའི་དོན་འདི་ནི་previous hit མལགྱིཤེས next hit་ཡིན་ནོ། །རྟོགས་པས་སངས་རྒྱ་བ་ཡིན་ནོ། །ཐམས་ཅད་བདེ་བ་ཆེན་པའི་རང་བཞིན་ཡིན་ནོ། །ཞེས་སྙན་པའི་འོ་དོད་དང་། བདེ་བའི་འོ་དོད་དང་། གྲགས་པའི་འོ་དོད་རྟག་ཏུ་འབོད་དོ། །དུག་གི་སྔགས་ཅན་ལ་དུག་གིས་མི་ཚུགས་པ་བཞིན་དུ། དེ་ཉིད་སྨན་གྱི་མཆོག་ཏུ་འགྱུར་རོ། །དེས་ན། རྟོགས་པ་ལོགས་སུ་དོར་ནས། ཡེ་ཤེས་བཞན་ནས་ཐོབ་པ་ནི་མ་ཡིན་ནོ། །previous hit མལགྱིཤེས next hit་ཉམས་སུ་མྱོང་བ་དེ་ཉིད་ངོ་བོར་འགྱུར་རོ། །འདི་དག་གིས་ཅི་ཙམ་ན་ངེས་པར་སངས་རྒྱ་ནུས་ན། previous hit མལགྱིཤེས next hit་བླངས་ནས་རྟག་ཆད་ཀྱི་སྐྱེ་ཤི་གནས་འགྱུར་པས། དེ་ཁོ་ན་ཉིད་ཀྱི་འབྲས་བུ་ཐམས་ཅད་ཀྱི་མཆོག་བདག་ཉིད་ཀྱིས་བདག་ཉིད་ལ་བླངས་ཏེ། སྐད་ཅིག་དེ་ཉིད་ལ་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མཆོག་གྲུབ་སྟེ་

(༩༣)མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཉིད་གཉུག་མའི་དོན་དེ་ཉིད་ལ་སྒོམ་དུ་མེད་པའི་ཕྱིར་རོ། །སྒོམ་པར་བྱ་བ་མ་ཡིན་ཏེ། གཉིས་འཛིན་གྱིས་བསམ་གཏན་དང་བྲལ་བས་ཇི་བཞིན་བསམ་དུ་མེད་དོ། །previous hit མལགྱིཤེས་པའི་དོན་ཅི་ཡང་མེད་པའི་རང་བཞིན་ཤེས next hit་རྣམས་ཀྱི། འཁྲུལ་པ་ལོགས་སུ་མི་རྟོགས་ཏེ། དེ་ཉིད་སྙིང་པོའི་དོན་ཡིན་པའི་ཕྱིར་རོ། །དེ་ལྟར་རང་བཞིན་གྱིས་དག་པའི་སེམས་ཀྱི་རྟོག་པའི་དྲི་མས་མ་གོས་པའི་རྟོག་པ་དེ་ལ། རྟོག་གེ་བའི་བསམ་གཏན་དག་གིས་བསླད་པར་མི་བྱ་སྟེ། རང་བཞིན་རང་གི་ཚུལ་དུ་བཞག་པ་དེ་ཉིད་ཉམས་སུ་མྱོང་བའི་ཡིད་ལུས་དང་། སེམས་ལ་གནས་ཀྱང་དེ་ལ་མ་ཞེན་ཅིག །དམ་པ་རྣམས་ཀྱི་གདམས་པའི་གཉུག་མའོ། །ཅེས་པའི་དོན་ནོ། །གཉུག་མ་དེ་ཉིད་ཉམས་སུ་མྱོང་ཡང་བདེ་བ་

(༩༤)དེ་དག་ལ་ཡིད་གདུང་བར་མི་བྱའོ། །འོ་ན་སྒོམ་པར་བྱ་བ་མི་ཡིན་ནམ་ཞེ་ན། གཉུག་མའི་ཏིང་ངེ་འཛིན་གྱི་ཟས་ཟ་ཞིང་། བླ་མ་དམ་པའི་གདམ་ངག་སྐོམ་དུ་འཐུངས་ལ། བདེ་སྟོང་གཉིས་མེད་དུ་སྦྱོར་བ་ནི་རང་དགའི་ཚུལ་ཏེ། དྲན་པ་རྒྱུན་ཆགས་ཀྱི་ཡིད་ཀྱི་སེམས་དང་སེམས་སུ་ངོ་སྤྲོད་པར་བྱེད་ཅིང་། སྣང་བ་སེམས་ལ་མ་ཐིམ་བར་དུ་རྟག་པར་ཡང་དང་ཡང་དུ་གོམས་པར་བྱ་སྟེ། དེས་ནི་སེམས་ཉིད་དུ་གྲུབ་ཅིང་རྟོགས་པའོ། །རྨོངས་པའི་བསམ་གཏན་ནམ། སྟེང་འོག་གི་རྩ་རླུང་ཐིག་ལེ་དང་སྐུ་དང་ཕྱག་རྒྱ་ལ་སོགས་ཀྱི་དམིགས་པ་ཉེ་བར་བཟུང་བའི་ཞི་གནས་བསྐྱེད་པར་བྱེད་པ་སྟེ། ཤེས་པ་ཁུགས་སུ་བཅུག་ནས་ནན་གྱིས་བསྡུས་པར་འགྱུར་ཏེ། སྡུག་བསྔལ་འབའ་ཞིག་བསྐྱེད་པར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་previous hit མལགྱིཤེས next hit་དང་། ཤེས་རབ་གསལ་བ་དང་མི་རྟོག་པ་དང་། བདེ་བ་

(༩༥)དང་། ཆོས་སྐུ་བདེ་བ་ཆེན་པོའི་རང་བཞིན་དང་བྲལ་ནས་མེད་པར་འགྱུར་བས། གཉིས་འཛིན་གྱི་གནས་དེར་མཉམ་པར་བཞག་པས་བྱེ་མ་བཙིར་བའི་མར་བཞིན་ནོ། །དེ་ལ་དོན་གྱི་ཡེ་ཤེས་གཉིས་སུ་མི་བྱེད་པར་གཅིག་ཏུ་བྱ་བ་སྟེ། གཅིག་ཏུ་རྟོགས་ན་རྣལ་འབྱོར་སྤྲོས་པའི་ལམ་ཞེས་གསུང་ངོ། །གཉུག་མའི་ངོ་བོ་དེ་ལ་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་ཏེ། ནམ་མཁའ་དང་འདྲའོ། །དབུས་ནི་ཅི་ཡང་མ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ནོ། །མྱོང་དུ་ཡོད་ཀྱང་བརྗོད་པའི་ཐ་སྙད་ཀྱིས་གཏན་ལ་མི་ཕེབས། བདག་གིས་སྨྲ་བར་མི་ནུས་སོ། །དེ་ལྟར་ཉམས་སུ་མྱོང་བ་དེ་ཉིད་ལ་སྲིད་པ་མྱ་ངན་ལས་འདས་པ་གཉིས་སུ་མི་རྟོགས་ཏེ། དབྱེར་མེད་པའི་ཕྱིར་རོ། །དེ་ལྟར་ན་རང་བཞིན་གྱི་ངོ་བོ་ནི་སེམས་མ་བཅོས་པ་ཡིན་ཏེ། འདི་རྟོགས་པ་ནི་བདག་གི་སུ་ལའང་དྲི་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཏགས་པ་ཐམས་ཅད་

(༩༦)སྡུག་བསྔལ་ཡིན་པའི་ཕྱིར། གཉུག་མའི་ངོ་བོ་གར་འགྲོ་previous hit མལགྱིཤེས next hit་རང་གྲོལ་བར་འགྱུར་ཏེ། རང་ཉིད་སངས་རྒྱས་སུ་མཐོང་། དེ་ལྟར་རང་གི་ཡིད་རྟོགས་ན། །གྲོལ་བའི་འབྲས་བུ་བཞན་མེད་དོ། །དེས་ན་དེ་ཉིད་ལ་གོམས་ཤིང་མཐར་ཕྱིན་པའི་དུས་སུ་ནི་མྱ་ངན་ལས་འདས་པའི་མཆོག་གཉིས་སུ་མེད་པ་ནི་ཐོབ་པར་འགྱུར་རོ། །དེ་དག་ཀྱང་ཐོབ་ཏུ་ཡོད་དམ་ཞེ་ན། ཐོབ་ཅེས་སློབ་མའི་བློ་ལ་མཚོན་དུ་ཟད་ཀྱང་། རྟོག་པའི་དུས་དེ་ཉིད་ངོ་བོར་མཚོན་པ་ནི་མ་ཡིན་ནོ། །དེས་ན། སེམས་གཅིག་པུ་ལས་གཞན་འཁོར་འདས་གཉིས་མེད་དེ། སྣང་གྲགས་ཀྱི་ཆོས་དང་སེམས་ཉིད་ཆོས་ཀྱི་སྐུ་གཉིས་ཐ་མི་དད་དེ། ཉི་མ་དང་འོད་ཟེར་བཞིན་ནོ། །རྣལ་འབྱོར་པའི་སེམས་དེ་དག་འཆིང་བ་ནི་འཁོར་བར་འཆིང་བར་འགྱུར་ཏེ། སེམས་མ་བཅིངས་པའི་ཚུལ་གྱིས་གློད་ནས་བཞག་ན། འགྲོལ་ཞིང་ཐར་བར་འགྱུར་རོ། །དེ་ཉིད་ཅི་ཡང་མ་ཡིན་པའི་ཚུལ་གྱིས་བསམ་པར་

(༩༧)བྱས་ན། དེས་ནི་བླ་ན་མེད་པ་ཐོབ་པར་འགྱུར་རོ། །previous hit མལགྱིཤེས next hit་དེ་ཉིད་ལ་གོམས་ནས། ནམ་ཞིག་ནུས་པ་དང་ལྡན་པས་རྟོགས་པ་སྟེ། འཁོར་བར་མི་རྟོག་པའི་རྣམ་པ་དང་། མཚན་མས་གཡོས་པ་ཐམས་ཅད་ཤུགས་ཀྱིས་ཡོང་བར་འགྱུར་རོ། །སྲོག་ཆགས་ཐམས་ཅད་ཀུན་ལ་ཡང་། །དེ་ཉིད་ཡོད་དེ་རྟོགས་པ་མེད། །ཐམས་ཅད་རོ་སྙོམས་རང་བཞིན་པས། །ཏིལ་དང་ཏིལ་གྱི་མར་བཞིན་དུ། །གྱད་ཀྱི་ནོར་བུ་དང་འདྲ་ཡི། །རང་ལ་ཡོད་ཀྱང་རྟོགས་པ་མེད། །དེ་བས་ཐམས་ཅད་ཆོས་སྐུའོ། །སྙིང་པོའི་དོན་རྟོགས་པས་སངས་རྒྱ་བ་ཡིན་ནོ། །བརྩོན་འགྲུས་ཀྱི་སྟོབས་བསྐྱེས་པ་སྟེ་གོམས་པར་བྱས་ཁོ་ནའོ། །བྱ་བྱེད་རྟོག་པའི་རྣམ་པར་སྣང་བ་ཐམས་ཅད་དང་། བྱ་བ་མི་བྱེད་པ་སེམས་ཀྱི་ངོ་བོར་སྡང་བ་ཐམས་ཅད་གཉུག་མའི་ངོ་བོ་ཡིན་ཏེ། དེ་ངེས་ཤིང་རྟོགས་ན་འགྲོ་བ་རྣམས་རང་གྲོལ་བར་འགྱུར་ཏེ། འཆིང་བར་མི་འགྱུར་རོ། །དེ་དག་ཀྱང་དྲན་པ་རྒྱུན་ཆགས་ཀྱི་ཡིད་ལ་འཇུག་

(༩༨)པར་འགྱུར་རོ། །ཐ་དད་ཀྱི་རྟོགས་པ་དེ་དག་ནི་སྤང་བྱ་སྤོང་བྱེད་ཀྱི་རྩོལ་བས་གྲོལ་བར་བྱེད་པ་རྣམས་དེ་ཉིད་ཉམས་སུ་མྱོང་བའི་དུས་ཉིད་དུ་སེམས་མི་གཡོ་སྟེ། མཚན་མ་ལ་སྤྲོ་བར་མི་བྱེད་དོ། །འགྱུར་བ་མེད་དེ། བློ་བུར་གྱི་རྐྱེན་གྱིས་གནོད་པར་མི་འགྱུར་རོ། །བརྟན་པར་ཤེས་པ་གནས་ཏེ་ཤིན་དུ་ཡུན་རིང་གཞན་དུ་འགྱུར་བར་མི་ནུས། དེ་ཉིད་བློ་ཆུང་བ་ཡིན་ཏེ། འཆིང་བ་དང་བཅས་པར་ཟད་དོ། །དེ་ཉིད་ལ་བརྟན་པར་གོམས་པ་ནི་མ་ཡིན་ཏེ། སྒོམ་དུ་མེད་པ་previous hit མལགྱིཤེས next hit་རྣལ་མར་བཞག་པས། ཕྱི་ནང་གི་གཡེང་བས་གནོད་པར་མི་འགྱུར་རོ། །དེ་ལྟར་ཡུན་རིང་ཤེས་པ་བྱིང་བ་དག་ལ་ཡོན་ཏན་དུ་མི་བལྟ་བར་བྱ་སྟེ། གང་ཡང་འགྱུར་ཞིང་དེ་ལ་ཞེན་པ་མེད་ན། དྲན་པས་ཡང་དང་ཡང་དུ་བསྟེན་པས་གཏན་པར་གནས་སོ། །དེ་ནས་རྗེ་བཙུན་པ་ངག་གིས་བུ་ཅེས་བོས་ནས། ཁྱོད་ཆོས་སྐུའི་སྙིང་པོ་ལེན་པར་འདོད་པ་རྣམས། དེ་ལྟར་རང་ལ་མཚོན་ཏེ་ལྟོས་ཤིག །

(༩༩)ཅེས་བྱ་བའི་དོན་ཏོ། །སེམས་དང་སྣང་བ་གཉིས་མེད་རོ་མཉམ་དུ་གྱུར་པས། རེ་དོགས་གཉིས་འཛིན་མེད་ཅིང་གཟའ་གཏད་དང་བྲལ་བའི་ངོ་བོ་ཉམས་སུ་མྱོང་བ་ལ། བླང་དོར་གྱི་སྤྱོད་པ་དག་འབྱུང་བར་མི་འགྱུར་ཏེ། དེའི་ཚེ་ཉམས་པར་འགྱུར་བ་མེད་པའི་ཕྱིར་ཐ་དད་ཀྱི་རྟོགས་པ་དང་བྲལ་བས། རྨང་རིགས་དང་བྲམ་ཟེ་མེད་དོ། །དེའི་ཚེ་བསོད་ནམས་ཀྱི་ཚོགས་དང་སྙིང་རྗེར་བཅལ་བ་ལ་འབད་པར་བྱའོ། །དུས་རྟག་ཏུ་བླ་མ་མི་བརྗེད་པར་བྱའོ། །སྣང་སྲིད་ཆོས་སྐུ་གཉུག་མ་ཉིད་དུ་རྟོགས་པར་བྱའོ། །དེ་གོམས་པ་མཐར་ཕྱིན་པའི་དུས་སུ། སྣང་བ་དབང་པོའི་ཡུལ་དུ་གྱུར་པ་ཐམས་ཅད་གཉུག་མའི་ངོ་བོ་ཉིད་དུ་ནུབ་པར་འགྱུར་ཞིང་། དེ་ཡང་རང་གི་ངོ་བོར་མཉམ་པ་སྟེ་ཇི་བཞིན་པར་རྟོགས་སོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གཞན་ནས་རྙེད་པ་མ་ཡིན་ཏེ། བླ་མའི་ཞལ་གྱི་བདུད་རྩི་དག་ལ་དྲིས། །བླ་མའི་ཞལ་གྱི་ངོ་བོ་དེ་རྟོགས་ན། །

(༡༠༠)ཡིད་ནི་འཆིང་བ་མེད་པ་སྟེ། །ཤེས་པ་རྣལ་མ་ཆོས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །རྟོགས་པ་ཆད་པ་ཡང་མེད་པ་དེ་བཞིན་དུ། སྣང་གྲགས་ཆོས་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ནི་ཉོན་མོངས་པ་དང་དེ་ཁོ་ན་ཉིད་ཐ་མི་དད་པ་ཡིན་པའི་ཕྱིར་ཏེ། ཁམས་སུམ་པའི་མ་རིག་པ་ཉིད་ཡེ་ཤེས་ཡིན་ཏེ། གཉིས་སུ་མེད་པའི་ཕྱིར་རོ། །ཟབ་ཅིང་དཔག་དཀའ་བའི་ཕྱིར་ན་རྒྱ་མཚོ་ཆེན་པོ་དང་འདྲའོ། །གང་ཟག་གཞན་གྱིས་སྨྲ་བར་མི་ནུས་སོ། །འདི་ནི་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། རྟོགས་ལྡན་སྤྲུལ་པའི་བླ་མས་བསྟན་པ་ཁོ་ནའོ། །དེ་ན། སེམས་དངོས་པོ་ཡོད་པར་རྟོགས་པ་དང་མེད་པར་རྟོགས་ཀྱང་ཆོས་ཀྱི་སྐུ་འཆིང་བ་སྟེ། དོན་གྱི་འབྲས་བུ་སྐྱེ་བར་མི་ནུས་སོ། །དེས་ན། སེམས་གཉུག་མའི་རང་བཞིན་ཅི་ཡང་མ་ཡིན་པའི་དོན་དེ་ཉིད་ལ། དེ་ཉིད་ཀྱི་ཚུལ་གྱིས་ལྟོས་དང་།

(༡༠༡)རྣལ་འབྱོར་པ་ཀུན་གྱིས་སོ། །ཆུ་ལ་ཆུ་བཞག་པ་བཞིན་དུ་སེམས་ལ་སྣང་བ་བཞག་སྟེ། གཉིས་སུ་མེད་པར་ཤེས་པར་གྱིས་ཤིག །སྒོམ་བྱ་བསྒོམ་བྱེད་གཉིས་སུ་མི་བྱ་སྟེ། །དངོས་གཞི་འཁྲུལ་པས་མི་རྙེད་དོ། །previous hit མལགྱིཤེས next hit་དག་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་དེ་དག་བརྟག་པ་མི་ནུས་ཏེ། བརྗོད་དུ་མེད་པ་ཡིན་ནོ། །གཉུག་མའི་དོན་དེ་དག་ཤུགས་ཀྱིས་དེ་སྐད་སྨྲ་བར་འགྱུར་རོ། །དཔེར་ན་ནམ་མཁའ་མི་རྟོག་པ་བཞིན་དུ་ལྷན་ཅིག་སྐྱེས་པའི་ངོ་བོ་དེ་ལ་སྐྱེ་བ་དང་གནས་པ་དང་འགག་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། ཉམས་སུ་མྱོང་བ་དེ་དག་རྣམ་རྟོག་གིས་བློས་མཐོང་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ན་དེ་བརྗོད་པར་བྱ་བའི་བརྡའ་དང་། ཐ་སྙད་དང་ཡང་བྲལ་བར་བྱའོ། །མཁས་པ་སྟོང་ཉིད་འཆད་པས། སངས་རྒྱས་རང་ལ་ཡོད་པ་མ་རྟོགས་སྷོ། སྐྱེས་བུ་ཤེས་རབ་ཅན་གྱིས་ཀྱང་སེམས་ཀྱིས་མཐའ་མི་རྫོགས་ཏེ། སེམས་ཀྱིས་མཐའ་རྙེད་པ་མ་ཡིན། །

(༡༠༢)བདེ་བ་ཆེན་པོ་རོ་གཅིག་ཏུ་མ་ཤེས་པའི་སྐྱོན་གྱིས་སྐྱེ་བོ་རྣམས་བསླུས་སོ། །མངོན་སུམ་དང་རྗེས་དཔག་གི་རིག་པའི་ཆིག་གི་མཚོན་ཆས། གཞན་དག་སུན་འབྱིན་པར་བྱེད་ཀྱང་དེ་ཁོ་ན་ཉིད་སུས་ཀྱང་མཚོན་པར་མི་ནུས་སོ། །གཉུག་མའི་དེ་ཁོ་ན་ཉིད་སུས་ཀྱང་མཚོན་པ་མ་ཡིན་ནོ། །དེ་བས་ན་རང་གིས་ཀྱང་བརྟགས་པས་མི་རྙེད་དོ། །སྐྱེ་འགག་མེད་པར་འབྱུང་བའི་ངོ་བོ་ནི་རྙེད་པ་མ་ཡིན་ཏེ། དེ་ཉིད་ཤེས་པ་མ་ཡིན་ནོ། །དེ་བས་ན་ཤེས་པ་རྣལ་མ་རང་བཞིན་ཆོས་སྐུར་འཁྱེར་བར་བྱའོ། །མ་ཤེས་པའི་ཉམས་སུ་མྱོང་བའོ། །སློབ་དཔོན་དེ་ཉིད་ཀྱི་མན་ངག་དག་པ་སྟེ། དེ་དག་གིས་མཐོང་བར་མི་འགྱུར་རོ། །དེ་ལྟར་ཉམས་སུ་མྱོང་བའི་དོན་དེ་མཐའ་གཉིས་ཀྱི་ཆོས་དང་། མཚན་མའི་བགྲོད་པར་བྱ་བའི་ལམ་དང་། ཉོན་མོངས་པ་དང་གཉེན་པོ་གོ་རིམས་རྟོག་པ་རྟོག་པར་བྱེད་པ་ནི་འཕགས་པ་ཡང་མ་ཡིན་སངས་རྒྱས་ཀྱང་མ་ཡིན་ནོ། །ཤེས་པ་རང་གར་བཞག་པ་ནི་ཀུན་དུ་བཟང་པོའོ།། །།

(༡༠༣)བཞིན་དུ་བློས་བཅོས་པར་བྱ་བ་མ་ཡིན་ནོ། །འཕགས་པའི་གང་ཟག་རྣམས་ཀྱི་སྔགས་ཀྱི་བསྟན་བཅོས་སུ་རིག་པ་དང་། དེ་བཞིན་གཤེགས་པའི་བཀའ་དང་། རྒྱུད་སྡེ་ས་རྣམས་ལ་རིག་པ་དང་འབྲེལ་བ་ཀུན་ལ་འབད་པ་བྱས་ཀྱང་། ཐ་སྙད་ཀྱི་རྟོག་པ་དང་བྲལ་བས་སེམས་ཉིད་རྣལ་མ་མ་བཅོས་པ་དེ་ཚང་བཟུང་དུ་མེད་པའི་ཕྱིར་བརྟག་དགའོ།། །།གང་ཟག་གཅིག་ཡང་མཐོང་བའི་ལམ་སྐྱེ་བའི་སྐལ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སྡིག་གིས་རྣམ་སྨིན་མི་སླུ་བར་སོ་སོར་འཆི་བར་འགྱུར་ཏེ། ཐ་སྙད་ཀྱི་ཟུག་རྔུའི་རྟོག་པས། བདེ་བ་གསལ་བ་མི་རྟོག་པ་དང་དབྱེར་མི་ཕྱིད་པ་དེ་ཉིད་སྤྱོད་ལམ་རྣམ་བཞི་ལ་ཁྱད་པར་མེད་པར་གོམས་པར་བྱའོ། །དྲན་པ་རྒྱུན་ཆགས་ཀྱིས་གཉུག་མའི་མུ་ནས་བཟུང་སྟེ། ཅིར་སྣང་ཕྱག་རྒྱ་ཆེན་པོར་སྣང་བའི་ཚེ་ཐུན་མོང་མ་ཡིན་པར་ཡང་དག་པར་རྟོགས་པས་ཡང་མངོན་པར་ཤེས་པས་གཟིགས་སོ། །

(༡༠༤)དེ་དག་ཀྱང་རྒྱུ་འབྲས་ཀྱི་ཚུལ་དུ་ཡོད་དམ་ཞེ་ན། དེ་ནི་རྨི་ལམ་དུ་ཡང་མི་སྲིད་ན། དངོས་སུ་ལྟ་སྨོས་ཀྱང་ཅི་དགོས། སྤྱོད་ལམ་ཐམས་ཅད་དུ་དེ་ཁོ་ན་ཉིད་ལས་མ་ཡེངས་པར་བག་ཡོད་པར་གྱིས་ཤིག །རྟོགས་པའི་སྐད་ཅིག་དེ་ཉིད་ལ་སངས་རྒྱས་པར་འགྱུར་རོ། །དེ་ནི་རང་གི་ཁྱིམ་ན་ཡོད་པའོ། །དེ་ལྟར་མ་རྟོགས་པས་ནི་ཕྱི་རོལ་དུ་སོང་ནས་ཚོལ། དེ་རྟོགས་པར་བྱེད་པའི་བླ་མ་དེས། བདག་ཉིད་ཀྱིས་བདག་ཉིད་ལ་ཤེས་པར་བྱོན་ཤིས། བདག་ཉིད་ལ་རེ་བ་དང་། དོགས་པ་དང་བྲལ་བའི་དེ་ཁོ་ན་ཉིད་རྟོགས་ན། ཐ་སྙད་ཀྱི་རྣམ་པར་བཞག་པ་ནི་མི་དགོས་ཏེ། དེ་བས་ན་ཟུགས་རྔུ་ཡིན་པའི་ཕྱིར་རོ། །བསམ་པ་དང་བསམ་བྱ་གཉིས་འཛིན་གྱི་རྟོག་པ་རབ་ཏུ་སྤངས་ནས། སེམས་རྣལ་མ་ཇི་ལྟ་བའི་ཚུལ་དུ་བཞག་པར་བྱ་ཞིང་། སེམས་མ་བཅོས་པ་དང་། སྣང་སྲིད་བདེ་བ་ཆེན་པོའི་ཡུལ་ལ་དྲན་པས་བསྒྲིམས་ཏེ། སྤྱོད་ལམ་

(༡༠༥)རྣམ་བཞིའི་ཚུལ་ཡེངས་པ་མེད་པའི་གུས་པས་འབད་ན། ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད་དོ། །བླ་མས་བསྟན་པས་མི་ཤེས་ན། །སློབ་མས་གོ་བ་ཡོད་མིན་ཏེ། །ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོ། །གང་ཞིག་ཇི་ལྟར་བསྟན་པར་བྱ། །ཅེས་གསུངས་པ་དེ་དག་གིས་དོན་ཅི་ཞེ་ན། ཤེས་པ་མ་བཅོས་པ་གསོན་པའི་ཚུལ་དེ་དག་ཉམས་སུ་མྱོང་བས། ལུས་སེམས་བདེ་བས་གང་ཞིང་སྟོང་པས་རྒྱལ་བདེ་སྟོང་དབྱེར་མེད་པ་དེ་ཉིད་ཟད་མི་ཤེས་པའི་གཏེར་ཡིན་ནོ། །དེ་ལས་གཞན་པའི་གཏེར་གང་ཡང་མེད་དོ། །དེས་ན། སེམས་ཉིད་ཀྱི་ངོ་བོ་ཅི་ཡང་མ་ཡིན་པ་དེ་ལ། ཅིར་ཡང་སྣང་སྟེ། སྣང་བ་ལ་རྟོག་ན་སྐྱོན་དུ་འགྱུར་བ་དང་། དེ་ཉིད་མ་བཅོས་པར་བཞག་ན། སངས་རྒྱས་ཀྱི་ཡོན་ཏན་རྣམས་རྟོགས་པར་འགྱུར་བ་སྟེ་དོན་དང་ལྡན་པ་ཞེས་མཐོང་ཞེས་previous hit ་སྟེ། མལགྱིཤེས next hit་པའོ། །བླ་མ་དམ་པའི་གདམ་

(༡༠༦)ངག་ཁྱིམ་མཆོག་དམ་པ་དང་། །ཉམས་མྱོང་ཁྱིམ་ན་དགག་སྒྲུབ་མེད་པར་རྟོགས། །མ་བཅོས་རྣལ་མའི་ཟས་ཅིག་ཟོས་གྱུར་ན། །གྲུབ་མཐའ་མ་ལུས་ཀུན་ཀྱང་ཚིམ་པར་འགྱུར། །རྨོངས་པས་མ་རྟོགས་ཐ་སྙད་ཚིག་ལ་རྟེན། །བཙལ་ཀྱང་མ་རྙེད་འདུག་ཀྱང་ངོ་མ་ཤེས། །ཆུ་མ་རྙོགས་ན་དངས་པའི་རྣམ་པ་དང་། །མར་མེ་མ་བསླང་གསལ་བ་ཇི་བཞིན་དུ། །སེམས་ཉིད་མ་བཅོས་དེ་ཉིད་རང་ལ་གཞོག །ཉམས་མྱོང་བདེ་བ་ཆེན་པོའི་རོ། །ཉམས་སུ་མྱོང་བས་ཤིན་དུ་བདེ། །བདག་གིས་སྨྲ་བར་མི་ནུས་ཀྱིས། །འདི་ལ་སྨྲས་ན་སྐྱོན་དུ་འགྱུར། །ཆོས་སྐུ་བདེ་ཆེན་སྨྲ་ཏུ་མེད། །སྨྲ་ཕྱིར་ཟད་ཀྱི་རྒྱུ་ཆུད་མེད། །དེའི་ངོ་བོ་ཤེས་མི་ནུས། །རྟོགས་པར་འགྱུར་བ་མ་ཡིན་ནོ།། །།བུམ་དབང་ནི། མ་རིག་པ་དང་། ཉོན་མོངས་པ་ལྔ་ལས་ལོག་ནས། རིག་པ་ཡེ་ཤེས་ལྔར་བསྐྱེད་པར་བྱེད་དེ། བྱང་ཆུབ་ཀྱི་སེམས་སོ། །ཤེས་རབ་ཡེ་ཤེས་

(༡༠༧)ཞེས་བྱ་བ་ནི། །ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པ་སྟེ། མཐར་ཐུག་གི་དོན་ཤེས་རབ་སྟོང་པ་སྟེ། གསལ་བ་དང་། མི་རྟོག་པ་དང་། བདེ་བ་དང་རང་བཞིན་གཅིག་པ་སྟེ། གཉུག་མའི་དེ་ཁོ་ན་ཉིད་དོ། །ཉན་ཐོས་བྱེ་བྲག་པ་དང་མདོ་སྡེ་པ་གཉིས་ལྟ་བའི་བཞི་མཐུན་ཏེ། དེ་ཡང་། བཟུང་བ་རང་བཞིན་མེད་པར་ཤེས་པས། གང་ཟག་ལ་བདག་མེད་པར་རྟོགས་ལ། འཛིན་པ་རང་བཞིན་དུ་གནས་པས། ཆོས་ལ་བདག་ཏུ་གནས་སོ། །ཤེས་པ་ཡང་འདས་པ་དང་། མ་འོངས་པ་དང་། དེ་ལྟར་གྱི་དུས་གསུམ་དུ་བསགས་པའི་རྫས་རྡུལ་ཕྲ་རབ་ཏུ་གྲུབ་པར་འདོད་དེ། གཡག་རྔ་དང་ནེའུ་སིང་གི་ཚུལ་དུའོ། །སྙིང་པོའི་དོན་རྟོགས་པ་དང་། གཉིས་མེད་ལ་གནས་ཤིང་ལྡང་འཇུག་མེད་པས་ན། སྤྱོད་པའི་ངག་ལུགས་ཀྱིས་འགག་ཅིང་རྟོག་པ་འཆིང་བའི་

(༡༠༨)ཕྱིར། སྒོམ་པ་དང་སྤྱོད་པ་ཡང་དེ་ཉིད་དང་འབྲེལ་བ་ཤུགས་ཀྱིས་སྟོན་པ་སྟེ། དེ་རྟེན་གྱི་གང་ཟག་ཁྱད་པར་དུ་གྱུར་པ་རྣམས་སོ། །གཉིས་མེད་ཅེས་བྱ་བ་ནི་previous hit མལགྱིཤེས next hit་རྣམས་སོ། །མྱོང་བ་ཅེས་བྱ་བ་ནི་གསལ་བ་དང་། མི་རྟོག་པ་དང་། བདེ་བའོ། །བྲལ་བ་ཅེས་བྱ་བ་ནི། མྱོང་དུ་མེད་པའི་མྱོང་བ་སྟེ། ཅི་ཡང་མ་ཡིན་པ་ཉིད་དོ། །དེ་ཉིད་བདག་དེ་དག་ལ་བཀག་པའི་མུ་སྟེགས་ཀྱི་བརྟུལ་ཞུགས་དང་། དམན་པའི་ཉན་ཐོས་ཀྱི་སྤྱོད་པ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། རྣམ་པར་རིག་པ་དང་། དབུ་མ་པའི་དགག་སྒྲུབ་དང་བཅས་པ་རྣམས་ལ་ནི། བསམ་གཏན་ནི་དགོས་པ་མེད་པའི་ཕྱིར་རོ། །ཕྱིར་བསལ་ཏེ། སྙིང་པོའི་དོན་མཆོག་ཏུ་གྱུར་པའི་ང་རྟོགས་པ་ན། ལོགས་ནས་ནི་སངས་རྒྱས་གྲུབ་པ་མེད་པའི་ཕྱིར་རོ། །མཆོད་པའི་བྱེ་བྲག་དང་སྔགས་ཀྱང་མི་སྨྲ་སྟེ། འབྲས་བུ་བསྒྲུབ་ཏུ་མེད་པའི་ཕྱིར་རོ། །དེ་ཡང་། རྣམ་པར་བཅད་པ་ལྟ་བུ་ནི་

(༡༠༩)མ་ཡིན་ཏེ། ཤུགས་ཀྱིས་འགག་པ་ཡིན་པའི་ཕྱིར་རོ། །ཆེད་དུ་སྒྲུབ་པར་ལྟ་བ་ནི་མ་ཡིན་ནོ། །མ་རྟོགས་པ་དང་ལྔར་འཇུག་ཡོད་པ་རྣམས་ཀྱིས་ནི་དེ་མི་བཏང་ཞེས་སོ། །རྟོག་པ་ནི་གཉུག་མའི་ལམ་ཡིན་ནོ། །དེ་ཁོ་ན་ཉིད་ཉམས་སུ་མྱོང་བའི་རྣལ་འབྱོར་བ། དེ་ཁོ་ན་ཉིད་དང་མི་འབྲལ་བ་ཡང་། གཉིས་སུ་མེད་པའི་དོན་ཀློང་དུ་མ་གྱུར་བར་དུ། དེ་བཞིན་ཉིད་མ་ཡིན་ཏེ། མ་རྟོགས་བར་དུ་དམི་བཏང་ངོ། །རྟོགས་ན་བསོད་ནམས་ཀྱི་ཚོགས་དེ་དག་ཀྱང་། གཉུག་མའི་ངོ་བོ་ཉིད་མ་ཉམས་པའི་ལམ་ཆེན་པོའོ། །དེ་དག་ཀྱང་རྩ་རླུང་ཐིག་ལེས་ཉམས་སུ་མྱོང་བ་མ་ཡིན་ཏེ། འདི་དག་ནི་ངོ་བོ་དྲི་མ་མེད་དོ། །དེ་དག་ཉམས་སུ་མྱོང་བར་བྱ་བ་ནི། དང་པོ་ཤེས་པ་རྩོལ་སྒྲུབ་དང་བྲལ་བར་བྱ་བ་དང་། དེ་ནས་མ་བཅོས་པའི་བདག་ཉིད་ཡོངས་སུ་ཤེས་པ་དང་། མཐར་སྙེམས་དང་བྲལ་བ་སྟེ། སྙིང་རྗེ་དང་བྲལ་བའི་སྟོང་པ་ཉིད་

(༡༡༠)ཀྱང་བདུད་ཀྱི་ལས་སུ་རིག་པ་བྱའོ། །སྟོང་ཉིད་དང་བྲལ་བའི་སྙིང་རྗེ་ཡང་བདུད་ཀྱི་ལས་སུ་རིག་པའི་བྱའོ།། །།སྙིང་རྗེ་ཞེན་པས་ཡིད་གསུངས་ཏེ། །སེམས་ནི་ངལ་བསོའི་གནས་དང་བྲལ། །ལྟ་བ་གཉིས་མེད་ཕྱག་རྒྱ་ཆེ། །མུ་མཐའ་མེད་པ་སྒོམ་པ་ཡིན། །མ་བྲལ་མ་བཅོས་སྤྱོད་པ་ཡིན། །མ་ཡེངས་ལྷུན་གྲུབ་འབྲས་བུ་ཡིན། །ཨེ་མ་ཧོ་འདི་རབ་ངོ་མཚར་ཆེ། །མཉམ་པའི་ངང་དུ་ད་རེས་རྟོགས། །སྐྱེ་མེད་དབྱིངས་ལ་ཡེ་ནས་གནས། །མན་ངག་སྙིང་གི་དཀྱིལ་དུ་སྦ། །འདི་ལས་བྱུང་བའི་བསོད་ནམས་ཀྱིས། །ཐམས་ཅད་བདེ་བ་ཆེན་ཐོབ་ཤོག། །།བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག། །།ཕྱག་རྒྱ་ཆེན་པོ་མཚན་ཉིད་བཞི་ལྡན་བཞུགས་སྷོ།། །།སྙིང་པོ་དོན་གྱི་གདམ་ངག་ལ་ལྔ་ལས། ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི་བཞི་སྟེ། ཐམས་ཅད་

(༡༡༡)ལ་ཁྱབ་པ་དང་། གཟུགས་ཅན་མ་ཡིན་པ་སྟེ་ཡེ་ཤེས་ཀྱི་ངོ་བོ་དང་། དུས་ཐམས་ཅད་པ་དང་། འགྲོ་འོང་མེད་པའོ། །དེ་དག་ཟག་ཅིག་ལ་སྐྱེ་ན་འཁོར་བ་ལ་སྤང་བྱར་མི་འཛིན་པ་སྟེ། དེས་མི་མཐུན་པའི་ཕྱོགས་མི་སྤོང་བ་དང་། མྱ་ངན་ལས་འདས་པ་ལ་ཞི་བར་མི་འཛིན་པ་སྟེ། དེས་གཉེན་པོ་མི་རྟེན་པ་དང་། འབྲས་བུ་ལ་རེ་དོགས་མེད་པ་སྟེ། དེས་རང་ལས་གཞན་པའི་སངས་རྒྱས་མེད་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་ཡིད་ལ་བྱེད་པ་སྟེ། གཟའ་གཏང་མེད་པའོ། །དེ་རྟོགས་པར་བྱེད་ན་རྒྱུད་ནས་བླ་མས་བྱེད་ལ། དངོས་སུ་རང་གིས་རྟོགས་པའོ།། །།ཞེས་པ་འདི་ནི།། ༈ །།རྗེ་ཉིད་ཀྱི་དབོན་པོ་སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤན་ཏིར་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་པར་དུ་བགྱིས་པའོ།། །།ཡི་གེ་ཤེས་རབ་ཀུན་དགའི་སོར་མོ་རྩེ་ལ་སྐྱོད།། །།

(༡༡༢)

(༡༡༣)། ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། མདོ་སྔགས་ཀྱི་སྒོམ་དོན་བསྡུས་པ་བཞུགས་སོ། །

(༡༡༤)ན་མོ་གུ་རུ། ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་ནས། སྐྱབས་སུ་སངས་རྒྱས་ཉག་ཅིག་ཡིན་པར་ཤིས་ཤིང་། སྲོག་གི་ཕྱིར་ཡང་སྐྱབས་འགྲོ་མི་གཏོང་བ་ནི། སྐྱེས་བུ་ཆུང་ངུའི་ཆོས་ཡིན་པས། དུས་རྟག་ཏུ་ངན་སོང་གསུམ་གྱི་སྡུག་བསྔལ་སོམ་ལ་སྐྱབས་འགྲོ་གྱིས། འཁོར་བ་མཐའ་དག་ལ་ཡིད་ཕྱུང་ནས། རང་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས། མི་དགེ་བ་བཅུ་སྤངས། དགེ་བ་བཅུ་བསྒྲུབ་པ་ནི། སྐྱེས་བུ་འབྲིང་གི་ཆོས་ཡིན་པས། དུས་རྟག་ཏུ་འཁོར་བའི་སྡུག་བསྔལ་སོམས་

(༡༡༥)ལ། མི་དགེ་བ་ཕྲ་མོ་ནས་སྤོངས། དགེ་བ་མཐའ་དག་དང་དུ་ལེན་པར་གྱིས།། །།འཁོར་བའི་མ་རྣམས་ཀྱི་སྡུག་བསྔལ་མ་བཟོད་ནས་དེ་རྣམས་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་ནི། སྐྱེས་བུ་མཆོག་གིས་ཆོས་ཡིན་པས། དུས་རྟག་ཏུ་སེམས་ཅན་ལ་བྱམས་དང་སྙིང་རྗེ་སྒོམ་པ་ལ་བརྩོན་པར་གྱིས། ངན་སོང་གི་སྡུག་བསྔལ་བསམས་པས། ངན་སོང་ལ་བློ་ལོག་ནས་མཐོ་རིས་ལྷ་མི་ཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས། མི་དགེ་བ་བཅུ་སྤོང་ཞིང་དགེ་བ་བཅུ་ཉམས་སུ་ལེན་པ་ཡིན་ནོ། །དེ་ནས་འཁོར་བ་མཐའ་དག་གིས་སྡུག་བསྔལ་བ་བསམས་ནས། འཁོར་བ་མཐའ་དག་ལ་བློ་ལོག་

(༡༡༦)སྟེ་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས། བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བླངས། འདུལ་བ་བསྒྲུབ་ཐབས་སུ་བྱས་ནས་ཚེ་འདི་ལ་བློ་ལྡོག་པ་ཡིན་ནོ། །དེ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམས་པས། ཐེག་པ་དམན་པ་ལ་བློ་ལྡོག་པ་ཡིན་ནོ། །དེ་ནས་བདག་མེད་རྣམས་གཉིས་སྒོམ་པ་ཡིན་ཏེ། བཀའ་གདམས་ཀྱི་གཞུང་ཤིང་དེ་འདྲ་བ་ཅིག་ཡིན་གསུང་ངོ་།། །།གསང་སྔགས་ཀྱི་དབང་དུ་བྱས་ན་ཡང་། བཀའ་གདམས་པའི་ལུགས་སུ། དང་པོ་ནས་རྫོགས་པར་མི་སྟོན། དང་པོ་ཚོགས་སོག་ཙམ་སྟོན། དེ་ནས་བསྐྱེད་རིམ་ཅིག་ཙམ་སྟོན། དེ་ནས་ཡེ་ཤེས་སེམས་དཔའ་བཞུགས་པ་སྟོན། དེ་ནས་དབང་བསྐུར་མཆོད་སྟོད། དེ་ནས་རྫོགས་རིམ་སྟོན་པ་ཡིན་གྱི། དང་པོ་ནས་རྫོགས་པར་མི་སྟོན། དགེ་བཤེས་ལྕགས་རི་བའི་ཞལ་ནས། ལྟ་བ་ཀུན་རྫོབ་ཡིན། མཐའ་གཉིས་དང་དང་བྲལ་བའི་དབུ་མ་བྱ་བ། ཕ་རོལ་དུ་ཕྱིན་པའི་ལྟ་བ་ཡིན། དོན་དམ་པ་ལ་བལྟ་རྒྱུ་མེད་གསུང་། གསང་སྔགས་ཀྱི་ལྟ་བ་སེམས་ཡིན་གསུང་། །

(༡༡༧)ནཱ་རོ་པའི་བཞེད་པས། མ་སྨིན་པ་སྨིན་པར་བྱེད་པ་དབང་གིས་ལམ། སྨིན་པ་གྲོལ་བར་བྱེད་པ་བསྐྱེད་རྫོགས་གཉིས་གདན་ཐོགས་ཅིག་ཏུ་སྒོམ་པར་བྱ་བ་དང་། རིམས་ཀྱིས་པའི་ལུགས་གཉིས་ཡིན་ཏེ། གདན་ཐོག་ཅིག་ཏུ་སྒོམ་པ་ཅིག་ཅར་བའི་དུས་སུ་སྟོན། རིམས་ཀྱིས་པ་ནི་འོག་མ་འོག་མ་ལ་བསྟན་པ་ཐོབ་ནས། གོང་མ་གོང་མ་སྟོན་སྟེ། བསྐྱེད་རིམ་ལ་བསྟན་པ་ཐོབ་ནས་རྫོགས་རིམ་སྒོམ། དེ་ཡང་ནང་ནས་ཤར་བ་དེ་རྫོགས་རིམ་གཤའ་མ་དེ་ཡིན། ནང་ནས་མ་ཤར་ན་ཟབ་པའི་རྫོགས་རིམས་སུ་མིང་བཏགས་ཀྱང་། དོན་ལ་བློས་བྱས་ཅིག་ཡིན་གསུང་། སྤྱིར་དེ་ལྟར་ཡིན་ཡང་འཁོར་བ་མཐའ་དག་ལས་ཐར་བར་བྱེད་པ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་དགོས་ཏེ། དེ་ཡང་། ཇོ་བོ་རྗེའི་ལུགས་ཀྱིས་ཕྱི་ནས་སྤྱོད་པར་བཞེད། བླ་མ་མི་ལའི་བཞེད་པས་ནང་ནས་སྤྱོད་པ་ཡིན། བླ་མ་ནི་བར་དེར་སྤྱོད། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། བླ་མའི་བཞེད་པས། རིགས་དང་སྟོང་པ་ལྷན་ཅིག་སྐྱེས་གསུང་། དེ་ཡང་། གྲུབ་པ་ཐོབ་པའི་སྐོར་ནས་བཤད་པ་དང་། རྡོ་རྗེ་

(༡༡༨)འཆང་གིས་རྒྱུད་དུ་གསུངས་པ་དང་། རྣལ་འབྱོར་པ་ལ་ནང་ནས་ཤར་བ་ཡོ་མཐུན། བླ་མའི་ཞལ་ནས། ནང་ནས་བྱུང་བ་དང་མི་མཐུན་ན། ཡང་ན་རང་གི་ནོར། ཡང་ན་གཞན་གྱི་ནོར་གསུང་། ཚན་ཅིག་ནས་ཐབས་གཙོ་ཆེར་བཤད། ཚན་ཅིག་ནས་ཤེས་རབ་གཙོ་ཆེར་བཤད་དེ། བློ་དམན་པའི་དུས་སུ་ཐབས་གཙོ་ཆེར་བ་མན་ངག་ཡིན། བློ་ཡར་སོང་རྩ་ན་ཤེས་རབ་གཙོ་ཆེ་བ་ཤུགས་ཀྱིས་འོང་བ་ཡིན། དེ་ཡོ་ལ་མི་དགོས་སྙམ་ཙ་ན་དགོས་སྔོ་བ་ཅིག་ཡིན་གསུང་། ཤུགས་འབྱུང་གི་འགག་པ་ཅིག་དགོས་པ་ཡིན། ཤུགས་འབྱུང་ཞེས་པ་ནི་བཅོས་མ་དང་བྲལ་བ་ཅིག་ཡིན། སྒོམ་ཆེན་པ་རྣམས་ལ་ཞུ་ན། གནས་པའི་དུས་སུ་རྟོག་མེད་དེ་རྒྱུན་སྲིང་བ་ཡིན། ངོ་བོ་ལ་རྟོག་མེད་རྒྱུན་བསྲིངས་ན་ཆོས་ཀྱི་གནད་མ་གོ་བ་ཡིན། ཆོས་ཤ་རུས་མ་ཆོད་པ་ཡིན། གདོད་མ་ནས་རྒྱུན་ཆད་མ་མྱོང་བའི་གནད་ཀས་གསུང་ངོ་།། །།ཡང་རིན་པོ་ཆེའི་ཞལ་ནས། དོན་དམ་པ་འདི་འདྲ་བ་གཅིག་ཡིན་བྱ་བ་ནི། སངས་རྒྱས་ཀྱིས་བསྟན་པར་མི་ནུས། རྒྱུན་ཆད་མེད་པ་དེ་སངས་

(༡༡༩)རྒྱས་ཀྱིས་བཀག་བས་ཀྱང་མི་ཁེགས། སངས་རྒྱས་ཀྱིས་གཟིགས་པར་མི་འགྱུར་གསུང་། དགེ་བཤེས་ཡོན་བདག་གི་ཞལ་ནས། གྲུབ་མཐའ་ལ་བརྟེན་ནས་རིག་པས་གཞིགས་ནས། ཤ་བ་སྐྱེའུ་ཆུད་པ་ལྟར་འགྲོ་ས་འདི་ལས་མེད་ཟེར་ཏེ། ཁྱོད་ཀྱི་དེ་ལ་རྣམ་རྟོག་བློ་ཕུགས་གཏད་བྱས་པས། དེ་ནི་ཁྱོད་རང་གིས་བྱས་པ་ཡིན་ན། ཁྱོད་ཀྱི་དེ་ངོ་བོར་མི་འོང་། ཕུང་འདྲེ་མཁན་པོ་ལོགས་ན་ཡོད་པར་ཆ་མེད་པར་གསུང་ངོ། །དགེ་བཤེས་ལྕགས་རི་བའི་ཞལ་ནས། ཀླུ་གྲུབ་ཀྱི་དབུ་མ་རྟོགས་སུ་མི་སྟེར་བ་རབ་རིབ་རྣམ་པ་གཉིས་ཡིན་ཏེ། མ་རིག་པའི་རབ་རིབ་དང་། ལྟ་བའི་རབ་རིབ་པོ། །མ་རིག་པའི་རབ་རིབ་ནི་གོ་སླ། ལྟ་བའི་རབ་རིབ་ནི། གྲུབ་མཐའི་རྟོག་པ་སྣ་ཚོགས་ཀྱིས་བློ་བསླད་པ་དེ་ཡིན་གསུང་ངོ། །བླ་མའི་ཞལ་ནས། དེ་ཐམས་ཅད་བློས་བྱས་ཀྱི་གྲུབ་མཐའ་བྱ་བ་ཡིན་གསུང་། སྒོམ་ལས་མ་བྱུང་གི་ལྟ་བ་དཀའ་གསུང་། །རིན་པོ་ཆེའི་ཞལ་ནས། བཀའ་གདམས་པ་ཡང་ལྟ་བ་ལ་རྩིས་ཆེ་སྟེ། གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་

(༡༢༠)མི་ཆེ། ལྟ་བ་རང་ཤར་ལ་རྩིས་ཆེ། ལར་ཆོས་ཐམས་ཅད་ཉམས་ཐོག་ནས་སྨྲ་བ་ཅིག་དགོས། སྟོང་ཉིད་ཤེས་བྱའི་གཤིས་སྒོམ་པ་དང་། རྩ་རླུང་སྒོམ་པའི་རྟེན་འབྲེལ་གྱིས་ཉམས་འབྱུང་སྟེ། དེ་ཡང་ཉམས་ཡིན་པ་ཡིན་ཏེ། དེས་ཆོས་ཤ་རུས་ཆོད་པ་མི་འོང་། ཆོས་ཤ་རུས་ཆོད་པ་ལ། དོན་དམ་ལ་སྐྱེ་མེད་སྐྱེས་པའི་ཉམས་ཅིག་དགོས་གསུང་། ཀུན་རྫོབ་སྒྱུ་མར་མཐོང་མཐོང་བ། བློའི་ཡུལ་དུ་བྱར་མི་འདོད། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས་ན། རྣམ་རྟོག་གི་བློས་མི་མཐོང་གསུང་ངོ་།། །།རིན་པོ་ཆེའི་ཞལ་ནས། གསང་སྔགས་ཀྱི་རྒྱུད་ཅིག་ལམ་དུ་སློང་བ་ཡིན་ཏེ། དེ་ཡང་རྒྱུད་ཅིག་ལམ་དུ་སློངས་ན་ཡོ་སློངས་པ་ཡིན། དེ་ཅི་ལྟར་སློང་ན། དབང་བཞི་པ་ལམ་དུ་སློང་བ་ཡིན། བུམ་པའི་དབང་གི་དགོས་པ་ཅི་འདྲ་བ་ཅིག་ཡོད་ན། ཐ་མལ་པའི་ཞེན་པ་ལྡོག་ནས་ལྷའི་ང་རྒྱལ་དུ་བྱེད་པ་ཡིན། ཉོན་མོངས་པ་ལྔ་བཟློག་ནས་ཡེ་ཤེས་ལྔར་བྱེད་པ་ཡིན། གསང་བའི་དབང་གིས་རང་ལ་ཡོད་པའི་

(༡༢༡)བདེ་བ་བསྐྱེད་པར་བྱེད་པ་ཡིན། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཟག་མེད་ཀྱི་བདེ་བ་བསྐྱེད་པར་བྱེད་པ་ཡིན། ཚིག་དབང་རིན་པོ་ཆེས་ནི་ཆོས་ཀྱི་སྐུ་ངོ་སྤྲོད་པར་བྱེད་པ་ཡིན་གསུང་། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ལམ་གྱིས་སྨིན་པར་བྱས་ནས། སྨིན་པ་གྲོལ་བར་བྱེད་པ་ཐབས་སྐྱེད་རྫོགས་གཉིས་ཡིན་ཏེ། དེ་ཡང་། ངོ་བོ་ཉིད་ཀྱི་སྐུ་ཉོན་མོངས་པའི་དྲ་བ་ཐམས་ཅད་དང་བྲལ་བ། བདག་གི་སེམས་ཀྱི་སྟོང་ཉིད་ཀྱི་རང་བཞིན་བདེ་བར་གཤེགས་པ་འབའ་ཞིག་གི་སྤྱོད་ཡུལ། ཆོས་ཀྱི་དབྱིངས་ཀྱི་སེམས། བདེ་བ་ཆེན་པོའི་བདག་ཉིད་རྟོགས་པར་བྱེད་དོ། །དེ་ཡང་། ལྷའི་སྐུ་སྒྱུ་མ་ལྟ་བུ་ལ་བརྟེན་ནས་བསྐྱེད་རིམ་གྱི་ལམ་བསྒོམ་པས། ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་སྟེ། རྟོག་པའི་རང་བཞིན་བརྒྱ་བཅུ་དང་བྲལ་ནས། རྟོག་མེད་སྐྱེ་བ་ནི་མཆོག་དགའ། རྟོག་པའི་རང་བཞིན་བདུན་དང་བྲལ་ནས། ལྷན་ཅིག་སྐྱེས་པའི་དགའ་བའོ། །དེའི་དུས་ནས་ནང་རྟགས་ལྔ། ཕྱིའི་རྟགས་བརྒྱད་ལ་སོགས་པ་དང་། ལུས་

(༡༢༢)སེམས་སྦྱངས་པའི་རྟགས་མང་དུ་འབྱུང་ངོ་། །དེ་ནི་བསམ་གཏན་དང་པོའི་དངོས་གཞི་ཡིན་ན། དེ་ལ་ངེས་ཤེས་སྐྱེས་ནས་ཆོས་སྐུ་མངོན་སུམ་དུ་ཐོབ་པར་བྱེད་པ་ཡིན་ནོ། །བླ་མས་ངེས་ཤེས་དྲངས་ནས་བདེ་བ་རྟོག་མེད་སྒོམ་པ་ནི། འདུ་ཤེས་ཀྱི་རྣམ་པར་ཤེས་པའི་མངོན་སུམ་གྱི་བསམ་གཏན་དང་པོའི་དགའ་བདེ་སྒོམ་པ་ཡིན་ནོ། །དེ་ལྟར་ནང་གི་དགའ་བ་བརྟན་པའི་སྟོབས་བཟུང་བ། སྟོང་ཉིད་རྟོགས་པའི་རྣལ་འབྱོར་གྱི་མངོན་སུམ་ཡིན་ནོ། །དེ་ཡང་སོ་སོ་སྐྱེ་བོ་ལ་ཇི་ལྟར་སྐྱེ་ན། གང་དག་བག་ཆགས་སྲབ་པ་དང་། རྒྱུ་རྐྱེན་རྟེན་འབྲེལ་འཛོམ་པ་ལས། །མེ་ལོང་དག་གི་གཟུགས་བརྙན་བཞིན། །སེམས་ཉིད་མངོན་སུམ་དག་གི་རྟོགས། །དེ་ལྟ་བུའི་སེམས་ཉིད་ཀྱི་སྟོང་ཉིད་རྟོགས་པ་ནི། ཟག་པ་མེད་པའི་སྡོམ་པ་དང་པོའི་མངོན་སུམ་ཡིན་ཏེ། སེམས་ཉིད་ཀྱི་སྟོང་ཉིད་ལ་ངེས་ཤེས་སྐྱེས་པའི་ཕྱིར་རོ། །ངེས་ཤེས་སྐྱེས་ནས། སེམས་ཉིད་ཀྱི་སྟོང་ཉིད་ལ་ཚད་མས་ངེས་པ་ཡིན་ནོ། །དེ་ལ་ངེས་ཤེས་མ་སྐྱེས་ན། ཟག་པ་མེད་པའི་ས་བོན་མ་སྐྱེས་པས། སོ་སོར་བརྟག་མིན་གྱི་འགོག་པ་

(༡༢༣)ཞེས་བྱའོ། །ཞེས་གསུངས་སོ། །ཡང་རིན་པོ་ཆེའི་ཞལ་ནས། སེམས་ཉིད་འགྱུར་བ་མེད་པ། རྒྱུན་ཆད་པ་མེད་པ། དུས་ཐམས་ཅད་པའོ། །འགྱུར་བ་མེད་པ་ནི། དབྱིབས་དང་ཁ་དོག་ཏུ་མ་གྲུབ་པས་འགྱུར་བ་མེད་པའོ། །རྒྱུན་ཆད་མེད་པ་ནི། རིག་པ་ལ་རྒྱུན་ཆད་པ་མེད་པའོ། །དུས་ཐམས་ཅད་པའོ། །དུས་འདི་ནས་ཡོད་དང་འདི་ནས་མེད་བྱ་བ་མ་ཡིན། མ་སྐྱེས་ཤིང་མ་འགགས་པའི་ཕྱིར་དུས་ཐམས་ཅད་པའོ། །སེམས་གྲུབ་མཐའི་བློས་མ་སྒྱུར་པ་རྣམ་པར་རྟོག་པ། གྲུབ་མཐའི་བློས་སྒྱུར་བ་རྣམས་ལ་ཕར་རིག་པ། རྟོགས་པའི་དུས་སུ་ཡེ་ཤེས་སོ། །ཤེས་པ་ཤེས་རབ། ཤེས་བྱ་གསུམ་གང་ཞེ་ན། ཤེས་པ་ནི་རང་རིག་པའི་ངོ་བོ། །ཤེས་བྱ་ནི་བློའི་ཡུལ་དུ་གྱུར་པ་ཐམས་ཅད་ཤེས་རབ་ནི་དེ་ཉིད་རྟོགས་པར་བྱེད་པ་ལ་བྱའོ། །ཞེས་གསུང་ངོ་། །ཡང་རིན་པོ་ཆེའི་ཞལ་ནས། ཚེ་འདི་བློས་བཏང་ནས་ཆོས་གཤའ་མར་བྱེད་པ་ལ། བླ་མ་མ་ནོར་བ་ཅིག་དང་འཕྲད་དགོས། ཆོས་མ་ནོར་བ་ཅིག་དང་འཕྲད་དགོས། བླ་མ་ནོར་བ་དང་ཕྲད་ན། ཆོས་ནོར་བ་དང་ཕྲད་ནས། །ལམ་

(༡༢༤)མ་ནོར་བ་རྒྱུད་ལ་མི་སྐྱེ། དེ་མ་སྐྱེས་ན། འབྲས་བུ་མ་ནོར་བ་རྒྱུད་ལ་མི་འཆར། དེ་མ་ཤར་ན་སངས་མི་རྒྱ། དེས་ན། བླ་མ་མ་ནོར་བ་ཅིག་དང་ཕྲད་ནས། ཆོས་མ་ནོར་བ་ཅིག་དང་ཕྲད། དེ་དང་ཕྲད་པས་ལམ་མ་ནོར་བ་རྒྱུད་ལ་སྐྱེ། དེ་རྒྱུད་ལ་སྐྱེས་བས་འབྲས་བུ་མ་ནོར་བ་རྒྱུད་ལ་འཆར་གསུང་། ཆོས་གཤའ་མ་ཅིག་བྱེད་ན། དང་པོ་མིག་རྟག་པ་བསྒོམ་པའི་སྟོབས་ཀྱིས་ཚེ་འདི་ལ་བློ་ལྡོག་པ་ཅིག་དགོས། དེ་ནས་འཁོར་བའི་ཉེས་དམིགས་བསྒོམས་པས། འཁོར་བ་མཐའ་དག་ལ་བློ་ལྡོག་དགོས། དེ་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། འཁོར་བ་ན་གནས་པའི་མ་རྣམས་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་ཅིག་དགོས། བྱང་ཆུབ་ཀྱི་སེམས་རྣམ་གཉིས་རྒྱུད་ལ་སྐྱེས་ན་སངས་རྒྱས། དེ་གཉིས་མ་སྐྱེས་ན་སངས་མི་རྒྱ། བསོད་ནམས་ཀྱི་ཚོགས་གསོགས་པ་དང་། བསྐྱེད་རིམ་སྒོམ་པ་དང་། བཟླས་པ་བྱེད་པ་ལ་སོགས་པ་ཡང་། དེ་གཉིས་ཀྱི་ཞབས་ཏོག་གི་ཚུལ་དུ་བྱེད་པ་ཡིན། ཀུན་བརྫོབ་སྒྱུ་མ་ཙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་

(༡༢༥)སེམས་དང་མི་འབྲལ་གསུང་། སྒོམ་པར་བྱ་བ་ནི། ཕྱི་བཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་ཡིན་ཏེ། ཕྱི་བཟུང་བའི་ཡུལ་རླུང་གི་དཀྱིལ་འཁོར་ནས། སྲིད་པའི་རྩེ་མོའི་བར་འདི་དག་ནི་བརྫུན་པ་ཡིན་ཏེ། དེ་དང་པོ་ནས་ཡོད་མ་མྱོང་བ་ཡིན། དཔེར་ན་རྨི་ལམ་ན་ཟས་ཟོས་པ་དང་། སྐོམ་འཐུངས་པ་ལ་སོགས་པ་རྨི་ཡང་། གཉིད་སད་བ་ན་གང་ཡང་མ་གྲུབ་པ་དེ་བཞིན་དུ། ད་ལྟ་འཁོར་བའི་ཆོས་སྣ་ཚོགས་སུ་སྣང་ཡང་། བདེན་པ་མཐོང་བའི་དུས་སུ་གང་ཡང་མ་གྲུབ། དེས་ན་ད་ལྟ་ཡང་བདེན་པ་མཐོང་བ་ཡང་བརྫུན་པ་ཡིན་ལ། བརྫུན་པའི་ངོ་བོ་ཡང་བདེན་པ་ཡིན། སྣང་བ་རྨི་ལམ་སྒྱུ་མ་ཙམ་དུ་ཤེས་པར་བྱའོ། །ནང་འཛིན་པའི་སེམས་འདི་ཉིད་ཀྱང་ངོས་བཟུང་མེད་པ་ཡིན་ཏེ། དང་པོ་མ་སྐྱེས། ཐ་མ་མི་འགག །རྒྱུ་རྐྱེན་གྱིས་མ་བསྐྱེད་དེ། གང་དུ་ཡང་འགྱུར་བ་མེད། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །ཅེས་གསུངས། སངས་རྒྱས་ཀྱི་ཐུགས་ལ་མངའ་བ་དང་། སེམས་ཅན་གྱི་སེམས་གཉིས་ལ་བཟང་ངན་མེད། རྟོགས་མ་རྟོགས་ཀྱི་ཁྱད་པར་ཡིན། བློས་བྱས་ཀྱི་སྟོང་པ་

(༡༢༦)ཡང་དང་ཡང་དུ་བསྒོམ། བརྟགས་ཏེ། སེམས་ཀྱི་ངོ་བོ་དེ་དང་པོ་ནས་མཐོང་མ་མྱོང་བར་ཡོད་པ་ཡིན། སེམས་ཀྱི་མཚན་ཉིད་ནི། རྟོག་པ་སྣ་ཚོགས་སུ་འཕྲོ་འདི་སྣ་ཚོགས་སུ་ཤར་བ་ཡིན། སྐྱེས་བུ་ཤེས་རབ་ཆུང་བ་ནི། སེམས་དང་རྟོག་པ་ཐ་དད་དུ་རྟོག །ཤེས་རབ་ཅན་ནི་གཉིས་སུ་མེད་པར་རྟོག་སྟེ། རྟོག་པ་སེམས་ལས་བྱུང་ཞིང་སེམས་ལ་ཐིམ་སྟེ། ཆུ་དང་རླབས་བཞིན་དུ་གནས་པ་ཡིན་ནོ། །སེམས་ཀྱི་རང་བཞིན་ནི། འོད་གསལ་བ་ཅིའི་ངོ་བོ་ཡང་མ་གྲུབ་པ་ཡིན། དང་པོ་བློ་གསར་བའི་དུས་སུ། གང་ནས་སྐྱེས། གར་འགག །ཅི་ལྟར་གནས་བལྟས་པས་བློ་ངེས་པར་བྱེད་པ་ཡིན། དེ་ཉིད་བློ་ཆེར་སོང་ནས། མ་བཅོས་པའི་ཤེས་པ་རང་གསལ་ལ་འཇོག་པ་ཡིན། ཡུལ་དེ་ཉིད་ལ། དད་པ་བརྩོན་པ་གུས་པས། ནན་ཏན་གྱིས་རྒྱུན་རིང་བར་སྒོམ་པར་བྱ་སྟེ། ཆུ་བོ་ལ་རྒྱུན་ཆད་མེད་པ་དང་མར་མེ་ཡི་རྩེ་མོ་རླུང་གིས་མ་སྐྱོད་པ་དང་། བུ་གཅིག་པོ་ཤི་བའི་མ་བཞིན་དུ། ཉིན་མཚན་ངུ་འབད་ན། ལོ་འགའ་ཟླ་བ་འགའ་ན་དོན་གྲུབ་སྟེ་འོང་གསུང་ངོ་། ཕ་རོལ་ཏུ་ཕྱིན་པས། ཀུན་རྫོབ་ཏུ་གཟུགས་སྟོང་པ། སྟོང་པ་ཉིད་གཟུགས་གཉིས་མེད་དུ་བཞེད་ལ། དོན་དམ་པར་ཆོས་ཐམས་ཅད་མི་དམིགས་པར་བཞེད་དོ། །དོན་དངོས་ལམ་དུ་བྱེད་པ་ནི་གསང་སྔགས་ཏེ། ཏཻ་ལོ་པས། རང་གིས་རིག་པ་ནི། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་ལ་བསྟན་དུ་ཅི་ཡང་མེད།

(༡༢༧)ཟེར་བ་ལྟ་བུ་སྟེ། ལྟ་བ་གཉིས་སུ་མེད་པ། ཉམས་མྱོང་རྒྱུན་ཆད་མེད་པ། སྒོམ་པ་ཕྱོགས་སུ་མ་ལྟུང་པ། །སྤྱོད་པ་དགག་སྒྲུབ་དང་བྲལ་བ། །འབྲས་བུ་རེ་དོགས་དང་བྲལ་བ་ཡིན། །ཞེས་གསུང་ངོ་།། ༄༅ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་ཉམས་ལེན་གྱི་གནད་སྡུས་པ་ལགས།། །།ན་མོ་གུ་རུ། རིན་པོ་ཆེའི་ཞལ་ནས། འཆི་བ་མི་རྟག་པ་སྒོམ་པ་གལ་ཆེ། དེ་ཡང་འཆི་བ་བསྒོམས་པས་ཚེ་འདི་ལ་བློ་ལྡོག་དགོས། མི་རྟག་པ་བསྒོམས་པས་འཁོར་བ་མཐའ་དག་ལས་བློ་ལྡོག་དགོས། འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་བསྒོམས་པས། ཉེས་པ་མཐའ་དག་ལས་བློ་ལྡོག་དགོས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། རང་ཞི་བདེ་འདོད་པ་ལས་བློ་ལྡོག་དགོས། ཆོས་ཐམས་ཅད་སྟོང་ཉིད་དུ་བསྒོམས་པས། དངོས་པོ་དང་མཚན་མར་འཛིན་པ་ལས་བློ་ལྡོག་དགོས། །ཞེས་གསུང་ངོ་།། །།ཡང་རིན་པོ་ཆེའི་ཞལ་ནས། དད་པས་ཁམས་གསོ་ནུས་པ། ཚུལ་ཁྲིམས་ལ་ངོ་ལྐོག་མེད་པ། གདམ་ངག་ལ་རང་བྱན་

(༡༢༨)ཚུད་པས། ལུས་སེམས་ཀྱི་གནོད་པ་ཕྲ་མོ་སེལ་ནུས་པ། གཉེན་པོས་རྐྱེན་ཐུབ་པ་ཅིག་དགོས་གསུང་། །ཡང་རིན་པོ་ཆེའི་ཞལ་ནས། ངའི་མི་རྟག་པ་འདི་སྟོན་པ་རྣམས་ཀྱིས་མ་གོ། །བཙུན་པོ་རྣམས་ཀྱིས་མ་གོ། ཤེས་རབ་ཅན་གྱིས་མ་གོ། །དད་པ་ཅན་གྱིས་མ་གོ། །མི་རྟག་པ་ནན་ལྟར་གོ་ན། །ཐ་མལ་གྱི་ལོང་སྐད་ཅིག་ཀྱང་མེད་པ། །དགེ་བ་འབའ་ཞིག་བྱེད་པ་སྟེ། །ཆོས་ཁོ་ན་བྱེད་པ་ཅིག་འོང་བ་ཡིན་ཏེ། གསུང་། དགེ་བའི་བཤེས་གཉེན་པའི་ཞལ་ནས། ཁྱེད་ལ་ལོང་འདུག་སྟེ། ང་ལ་སྦུར་པ་རྒད་པོ་ཅིག་གི་ཚེ་ལས་མེད་གསུང་ངོ་།། །།ཡང་རིན་པོ་ཆེའི་ཞལ་ནས། འོ་སྐོལ་སྒོམ་ཆེན་པ་རྣམས་ལ། ནང་རྟགས་ཕྱིར་འཆར་བ་ཅིག་དགོས། ཆོས་བརྒྱད་རོ་མ་སྙོམ་རིང་ལ། ཁས་བླངས་བཟང་བས་མི་ཕན། སོ་ཚུགས་པ་དང་། མཐའ་ཆོད་པ་གཉིས་དགོས་གསུང་ངོ་།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་ཞལ་ནས། བློ་ངེས་སུ་འདོད་ན་ཆོས་གང་སྤྱད་ཀྱང་ཟབ། བློ་ངེས་སུ་མ་འདོད་ན་ཆོས་གང་སྤྱད་ཀྱང་མི་ཟབ།

(༡༢༩)དགེ་བཤེས་སྟོན་པས་གསང་སྔགས་ཀྱི་ཆོས་བསམ་གྱི་ཁྱབ་པ་མཁྱེན་ཏེ། ཁོང་སྐྱེས་བུ་གསུམ་ལ་ངེས་པས། དུས་རྟག་ཏུ་བྱམས་པ་དང་སྙིང་རྗེ་ལ་གོམས་པར་མཛད་པ་ལ། འགྲོ་བ་ཐམས་ཅད་དད་པར་གྱུར། ད་ལྟ་བཀའ་གདམས་ཀྱི་བསྟན་པ་དར་བར་བྱེད་པ། ཁོང་གི་སྐྱེས་བུ་གསུམ་ལ་བྱེད་པ་ཡིན། དེ་བཞིན་དུ། ལོ་ཙྪ་བ་རིན་ཆེན་བཟང་པོས་གོང་དུ་པཎྜི་ཏ་བཅུ་དྲུག་དང་མཇལ་ཏེ། བྱམས་སྙིང་རྗེའི་གདམ་ངག་མེད། ཇོ་བོ་ཆེན་པོ་རྗེ་དང་མཇལ་ནས། བྱམས་པ་དང་སྙིང་རྗེ་ལ་བློ་ངེས་པས། ཁོང་གྲུབ་པ་ཐོབ་པར་གྱུར། དེ་བཞིན་དུ། རྣལ་འབྱོར་པ་གསུམ་མན་ཆད་ནས། དགེ་བཤེས་ཇོ་བོ་ཡན་ཆད་བཀའ་གདམས་པ་དེ་ཐམས་ཅད་སྐྱེས་བུ་གསུམ་ལ་བློ་ངེས་པས། བྱམས་སྙིང་རྗེ་བསྒོམས་པ་ལས་བྱུང་བ་ཡིན། དེ་བས་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འདི་གལ་ཆེ། འདི་དང་པོར་མཁོ་སྟེ། འདི་མེད་ན་ཐེག་ཆེན་གྱི་ལམ་དུ་མི་ཆུད། བར་དུ་མཁོ་སྟེ། འདི་མེད་ན་ཉན་ཐོས་ལ་སོགས་པར་ལྟུང་། ཐ་མར་མཁོ་སྟེ། འདི་མེད་ན་སྐུ་གཉིས་མི་འབྱུང་ངོ་། །

(༡༣༠)མི་རྟག་པ་འདི་ཡང་དང་པོར་མཁོ་སྟེ། འདི་མེད་མཚེ་འདི་ལ་བློ་མི་ལྡོག །བར་དུ་མཁོ་སྟེ། འདི་མེད་ན་རྟག་པར་བཟུང་སྟེ་ཉན་ཐོས་ལ་སོགས་པར་གོལ་བ། ཐ་མར་མཁོ་སྟེ། མི་རྟག་པ་དང་སྟོང་དོན་ཅིག་ཡིན་ནོ། །ལས་དང་འབྲས་བུ་འདི་ཡང་དང་པོར་མཁོ་སྟེ། ཚུལ་ཁྲིམས་རྣམ་པར་དག་ན་ངན་འགྲོའི་སྒོ་ཁེགས་པ་ཡིན་ནོ། །བར་དུ་མཁོ་སྟེ། སྒྱུ་མ་རྨི་ལམ་ཙམ་དུ་ཚོགས་གཉིས་རྫོགས་པར་བྱེད་པ་ཡིན། ཐ་མར་མཁོ་སྟེ། ཀུན་རྫོབ་མཐར་ཕྱིན་གཟུགས་སྐུ་རྣམ་གཉིས་ཡིན། དེས་ན་ལམ་རིམ་རྩིས་སུ་ཆེ་གསུང་། དེ་རྣམས་རྒྱུད་ལ་མི་ལྡན་ན། གཉུག་མ་རབ་རིབ་ཅིག་སྐྱེས་ཀྱང་། ཡུལ་དང་ཉེ་དུ་ལ་ཆགས་ན་གཉུག་མ་དེས་མི་ཕན། མར་འགྲོ་བ་ལས་ཡར་མི་འགྲོ་གསུང་། ཚེ་འདི་ལ་ཆགས་པར་མ་བྱེད། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་ངེས་སུ་ཆུག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱོངས། དེ་ལྟར་ངེས་ན་གཉུག་མ་མེད་ཀྱང་། ཁོ་ཡར་འགྲོ་བ་ལས་མར་མི་འགྲོ།། །།འོ་ན་གཉུག་མ་རྣལ་མ་ཅིག་རྒྱུད་ལ་སྐྱེས་ན། གཉུག་མའི་

(༡༣༡)ངོ་བོ། །གཉུག་མའི་འབྲས་བུ། གཉུག་མའི་རྒྱུ་གསུམ། ངོ་བོ་ནི། མེད་པ་མ་ཡིན་པའི་དོན་སྐྱེ་འགག་ཐམས་ཅད་དང་བྲལ་བ་དེ་ཡིན། འབྲས་བུ་ནི། སྐྱེ་འགག་མེད་པ་དེ་ཉིད་ཆོས་སྐུ་ཡིན། །དེ་ལས་གཟུགས་སྐུ་གཉིས་འབྱུང་། །གཟུགས་སྐུ་ཡང་གཉུག་མའི་བདེ་གསལ་མི་རྟོག་པ་ལས་བྱུང་བས། སྐུ་གསུམ་གཉུག་མའི་འབྲས་བུ་ཡིན། བདེ་གསལ་དེ་གཏུམ་མོ་ལས་འབྱུང་བས་ན་གཉུག་མའི་རྒྱུ་ཡིན། གཉུག་མ་སྐྱེས་ཀྱང་གཏུམ་མོ་མེད་ན། ཤེས་རབ་རྐྱང་པ་ཡིན། གཏུམ་མོ་ཡོད་ན། ཐབས་ཤེས་ཡ་མ་བྲལ་བ་ཡིན་གསུང་ངོ་། །བླ་མ་མི་ལའི་ཞལ་ནས། སྒོམ་པ་ལས་མ་བྱུང་གི་ལྟ་བ་དཀའ་བས། གཏུམ་མོ་ལ་འབད་པ་གལ་ཆེ་གསུང་། གང་ཟག་དབང་པོ་རབ་འབྲིང་གསུམ་ལ་ཆོས་ཅི་ལྟ་བུ་ཅིག་དགོས་ན། ཕ་རོལ་དུ་ཕྱིན་པའི་བཞེད་པ་ནི། སྐྱེས་བུ་གསུམ་ལས། སྐྱེས་བུ་མཆོག་གི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ནས། ལྟ་བ་དབུ་མ་མཐར་ཐུག་རྟོགས་པ་ཡིན། སྐྱེས་བུ་འབྲིང་ནི། གཞི་སྐྱེས་བུ་འབྲིང་གིས་ཆོས་ལ་བྱས་ནས། ཉམས་ལེན་ཆོས་

(༡༣༢)ཐམས་ཅད་མི་རྟག་པར་གོ་བ་དེ་ཡིན། སྐྱེས་བུ་ཆུང་ངུ་ནི། གཞི་སྐྱེས་བུ་ཆུང་ངུའི་ཆོས་ལ་བྱས་ནས། ལག་ཏུ་ཅི་ལེན་ན། ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་ནས། ལས་འབྲས་ལ་ཡིད་ཆེས་ནས་རྣལ་མར་འཇམ་པ་དེ་ཡིན། དེ་ལ་སྐྱེས་བུ་ཆུང་ངུར་བཏགས་ཀྱང་། འཇིག་རྟེན་པའི་ཡང་དག་ལྟ། ཆེན་པོ་སུ་ལ་ཡོད་གྱུར་བ། །དེ་ནི་ཚེ་རབ་སྟོང་དུ་ཡང་། །ངན་འགྲོ་དག་ཏུ་འགྲོ་མི་འགྱུར། །ཞེས་གསུངས་སོ། །འོ་ནའང་། སྐྱེས་བུ་ཆུང་ངུ་དེ་ཡང་། ངན་སོང་གསུམ་གྱི་སྡུག་བསྔལ་ལས་འདས་ནས་མཐོ་རིས་ལྷ་མིའི་སངས་རྒྱས་ཀྱི་ཚོད་ཙམ་ཡིན་ཏེ། མིག་ཡར་ལ་བལྟས་པའི་དུས་ནས། འཁོར་བ་གང་ལ་ཡང་སྐྱིད་མེད། འཁོར་བའི་མཚན་ཉིད་རིན་པོ་ཚིག་པའི་དབུས་ན་རང་ཉིད་འདུག་པའམ། རྒྱ་མཚོའི་དཀྱིལ་དུ་གཟིངས་འབྱམས་པའམ། གཙང་པོའི་དཀྱིལ་དུ་གྲུ་འབྱམས་པ་ལྟར་རོ། །མདོར་ན། མྱ་ངན་ལས་འདས་པ་ཅི་ཐོབ་བྱེད་དགོས། །སྐྱེས་བུ་འབྲིང་དེ། ཉན་ཐོས་ཀྱི་ལམ་ཡིན། དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། དེས་མི་འོང་བས། བླ་ན་མེད་པའི་བྱང་ཆུབ་ཅི་ཐོབ་བྱེད་དགོས། དེ་ནི་ཕ་རོལ་དུ་ཕྱིན་པའི་

(༡༣༣)ལམ་མ་ཡིན། ཐབས་བསྐྱེད་རྫོགས་གཉིས་ཡིན་ཏེ། དེ་ཡང་བསྐྱེད་རིམ་གྱིས་ཟུང་འཇུག་གི་རྟོགས་པ་སྒྲུབ། བསྐྱེད་རིམ་འབྲིང་དང་ཐ་མ་གཉིས་ཀྱིས་ཐ་མལ་གྱི་ཞེན་པ་བཟློག །རབ་ཀྱིས་རང་ལྷར་མཐོང་། ཇི་ལྟར་མཐོང་ན། རིགས་ལྔར་མཐོང་། ལྷ་མོ་ལྔར་མཐོང་། བྱང་ཆུབ་སེམས་དཔའ་བཅུ་དྲུག་ཏུ་མཐོང་། དེ་ལ་སོགས་པ། ཕྱི་ནང་གང་བྱེད་ཀྱི་ལྷར་མཐོང་། འབྲིང་གིས་སྒྱུ་མར་ངེས། ཐ་མས་མོས་པ་བྱེད་དོ། །རྫོགས་རིམ་ནི། རབ་ཀྱི་ས་རང་ཉིད་སངས་རྒྱས་སུ་མཐོང་། འབྲིང་གིས་ངོ་བོ་སྐྱེ་མེད་དུ་རྟོགས། ཐ་མས་སྤྲོས་བཅས་ལ་བརྟེན་ནས་རྩེ་གཅིག་སྤྱོང་ངོ་། འོ་ན་ཕ་རོལ་དུ་ཕྱིན་པ་དང་ཁྱད་པར་གང་ཞེ་ན། ཕ་རོལ་དུ་ཕྱིན་པ་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཞེས་བྱེ་བ། ཕྱི་བཟུང་བའི་ཡུལ་འདི་གཅིག་དང་དུ་བྲལ་གྱིས་གཞིགས་ནས་སྟོང་པར་བྱེད། བཟུང་བ་མེད་ན་དེར་འཛིན་མེད། བཟུང་ཡུལ་རྩད་ཆོད་ན། འཛིན་པ་སྒྲོག་རང་བདལ་ལ་འགྲོ་ཟེར་ནས། ནང་འཛིན་པའི་སེམས་ལ་རྟོག་དཔྱོད་མི་གཏོང་ངོ། །གསང་སྔགས་པ་ནི། ཕྱི་བཟུང་བའི་ཡུལ་ལ་རྟོག་དཔྱོད་མི་གཏོང་། རྒྱས་

(༡༣༤)འདེབས་བྱེད། སེམས་དང་པོ་གང་ནས་སྐྱེས་བལྟས་པས། གང་ནས་ཀྱང་མ་སྐྱེས། བར་དུ་གང་ན་གནས་བལྟས་བས་གང་ན་ཡང་མི་གནས། ཐ་མ་གར་འགག་བལྟས་པས། གར་ཡང་མི་འགག །རང་བཞིན་ཅི་ལྟ་བུ་འདུག་བལྟས་པས། ཅིའི་ངོ་བོར་ཡང་མ་གྲུབ་པ། དེ་ལྟ་བུའི་དོན་ཅི་ལ་ཡང་མ་ཡིན་པ་དེ་ལ་རིག་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་གྱི། རྣམ་རྟོག་གི་བློའི་ཡུལ་མ་ཡིན་ནོ། །དེས་ན། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཅེས་གསུངས་སོ། །དེ་ལྟ་བུའི་དོན་དེ་ལ་གནས་ན། ཐ་མལ་མི་འཛིན་པའོ། །ཕ་རོལ་དུ་ཕྱིན་པ་དང་གསང་སྔགས་གཉིས་ཀྱི་ཁྱད་པར་ལ། ཕ་རོལ་དུ་ཕྱིན་པ་ནི་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད། དོན་སྤྱིའི་རྣམ་པ་ནི། ཆོས་ཐམས་ཀྱི་མཚན་ཉིད་ཅིག་དང་དུ་བྲལ་གྱིས་བཞག་ནས། མ་གྲུབ་པ་ཅིག་ལ་བརྟེན་ནས། ཆོས་ཐམས་ཅད་མ་གྲུབ་པར་བྱས་ནས། ནམ་མཁའ་རྣམ་པར་དག་པ་ལྟར་བློས་བྱས་ནས་འཇོག་པ་ནི། དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཡིན་ནོ། །དོན་དངོས་ལམ་དུ་བྱེད་པ་ནི། ཐབས་ལམ་དྲག་ཏུ་བཅུན་

(༡༣༥)པས། རླུང་ཨ་ལ་དྷུ་ཏཱིར་ཚུད་དེ། དེའི་དུས་སུ་རླུང་སེམས་གཉིས་སུ་མེད་པས། ཤེས་པ་གསལ་ལ་མི་རྟོག་པ་འབྱུང་སྟེ། དེའི་དུས་སུ་བླ་མ་ཅིག་གིས། ཁྱོད་ཀྱི་ཤེས་པ་གསལ་ལ་མི་རྟོག་པ་དེ་ནི། རང་གི་སེམས་རིག་པ་ཁོ་ན་ཡིན་ནོ། །ཞེས་ངོ་སྤྲད་ནས། ཁོས་དེ་ཁོ་ན་ལྟར་བསྒོམས་པས། གསལ་བ་དང་མི་ཏོག་པ་ལ་མཆོག་འཛིན་བཏང་སྟེ། རིག་པ་དེ་ལ་ངེས་ཤེས་སྐྱེས་སོ། །རིག་པ་དེ་ཁོ་ན་གསལ་པ་དེ་ཉིད་ལ་མ་ཡངས་པ་ནི་ཏིང་ངེ་འཛིན་ཏོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པ་ཆོས་ཀྱི་སྐུའོ། །ལམ་རྣམ་པ་གསུམ་ནི། གཞི་སྤོང་བའི་ལམ། གཞི་སྒྱུར་བའི་ལམ། གཞི་ཤེས་པའི་ལམ་མོ། །གཞི་སྤོང་བའི་ལམ་ནི། ཉོན་མོངས་པ་སྤོང་བར་འདོད་ཅིག །གཉེན་པོ་ཡེ་ཤེས་རྒྱུད་ལ་སྐྱེ་བར་འདོད་པ་ནི། ཕ་རོལ་དུ་ཕྱིན་པའོ། །གཞི་སྒྱུར་བའི་ལམ་ནི་གསང་སྔགས་སྟེ། ཅི་ལྟར་སྒྱུར་ན། ཆོས་ཐམས་ཅད་གཞལ་ཡས་ཁང་དང་། ལྷ་དང་ལྷ་མོར་སྒྱུར། ཟས་ཐམས་ཅད་བདུད་རྩིར་སྒྱུར། རང་ལྷར་སྒྱུར། ཉོན་མོངས་པ་ཡེ་ཤེས་སུ་སྒྱུར། གཞི་ཤེས་པ་ནི། ཆོས་ཐམས་ཅད་ལ་སྤང་རྒྱུ་མེད། བླང་རྒྱུ་མེད། སྒྱུ་རྒྱུ་

(༡༣༦)ཡང་མེད་པ་ཐམས་ཅད་སེམས་སུ་འདུས། སེམས་ཀྱི་རྣམ་འཕྲུལ་ཡིན། སྐྱེ་མེད་འོད་གསལ་བར་ཤེས་པ་ནི། གཞི་ཤེས་པ་སྟེ་གསང་སྔགས་སོ། །རྡོ་རྗེ་འཆང་གིས། སྒོམ་མེད་སྒོམ་པ་པོ་ཡང་མེད། །སྒོམ་པར་བྱ་བ་ཅུང་ཟད་མེད། །ཅེས་གསུང་ཏེ། རྣལ་འབྱོར་པ་ནི། སངས་རྒྱས་ལ་མི་ཉན། སངས་རྒྱས་མི་བདེན། སྒོམ་པ་ཡོད། ཅི་ལྟར་ཡོད་ན་རིག་པ་རང་ཡིན། ངའི་རིག་པ་གསལ་ལ་གོ་མ་འགགས་པ། རྒྱུན་ཆད་མེད་པ་འདི་སྒོམ། སྒོམ་པ་པོ་ཡོད་དོ། །ཅི་ལྟར་ཡོད་ན། ངའི་ངོ་བོ་འདི་སངས་རྒྱས་ཀྱིས་གཅད་པར་མི་ནུས་པས་ང་རང་ཡིན། སྒོམ་པར་བྱ་བ་ཡང་ཡོད། ང་ལ་ཉམས་སུ་མྱོང་བ་ཨེན་ཙམ་ཡོད། འོ་ན་ང་སངས་རྒྱས་བདེན། ང་སངས་རྒྱས་ཀྱི་རྗེས་སུ་འབྲང་། སྒོམ་པ་མེད། ཅི་ལྟར་མེད་ན། རང་གི་ངོས་བཟུང་དང་བྲལ་བ། དཔེ་དང་ཚིག་གང་གིས་ཀྱང་མཚོན་དུ་མེད། མཚན་མའི་ངོས་ནས་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར། དེའི་ངོ་བོ་ལ་སྒོམ་པར་བྱ་བའི་ཡུལ་མེད། ང་གསལ་བར་མི་འདོད་དེ་དངོས་བཟུང་ཡིན། ང་མི་རྟོག་པ་མི་འདོད་དེ། དེ་ཡང་

(༡༣༧)ངོས་བཟུང་ཡིན། དཔེ་གང་གིས་ཀྱང་མཚོན་དུ་མེད། ཚིག་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ང་ལ་བཅས་བཅོས་མ་མང་རང་གར་ཞོག །ཅེས་གསུང་ངོ། །ཡང་རིན་པོ་ཆེའི་ཞལ་ནས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང་། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་གཉིད་ཡིན། དེ་ལ་སེམས་ཉིད་ལྷན་ཅིག་སྐྱེས་པ་ནི། སེམས་ཀྱི་རང་བཞིན་ནམ་ངོ་བོ་དེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི། དེ་ལས་བྱུང་བའི་རྣམ་པར་རྟོག་པ་དེ་ཡིན། དེ་ཡང་ཉི་མ་དང་ཉི་མའི་འོད་བཞིན་ནམ། ཙན་དན་དང་ཙན་དན་གྱི་དྲི་ལྟ་བུ་ཡིན་ནོ། །དེ་ལ་རྟོགས་པར་བྱ་བའི་ཆོས་གསུམ་དང་། ཉམས་སུ་བླང་བའི་ཆོས་གསུམ་མོ། །རྟོགས་པར་བྱ་བའི་ཆོས་གསུམ་ནི། སྣང་བ་ལྷན་ཅིག་སྐྱེས་པ་ཅི་ཡང་མ་ཡིན་པ་ལ་སྣ་ཚོགས་སུ་ཤར་བ་ཤེས་པར་བྱ། སྣ་ཚོགས་སུ་ཤར་ཡང་དོན་ཅི་ཡང་མ་ཡིན་པར་ཤེས་པར་བྱ། གཉིས་མེད་སྨྲར་མི་བཏུབ་པར་ཤེས་པར་བྱའོ། །ཉམས་སུ་བླང་བྱའི་ཆོས་གསུམ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ། དང་པོ་རྩོལ་སྒྲུབ་དང་བྲལ་བས་ལུས་སེམས་ཁོང་གློད་

(༡༣༨)པ་དང་། བར་དུ་ཐེ་ཙོམ་དང་བྲལ་བས་སེམས་མ་བཅོས་པར་སོ་མར་བཞག་པ་དང་། ཐ་མ་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ།། །།འཆི་བ་བསྒོམས་པས། ཚེ་འདིའི་དོན་མི་བྱེད། འཁོར་བའི་ཉེས་དམིགས་བསྒོམས་པས་འཁོར་བར་མི་སྐྱེ། ལས་དང་འབྲས་བུ་བསྒོམས་པས་ངན་སོང་དུ་མི་སྐྱེ། བྱམས་སྙིང་རྗེ་བྱང་ཆུབ་སེམས་བསྒོམས་པའི་ཉན་རང་ཏུ་མི་ལྟུང་། ཟབ་མོ་སྟོང་ཉིད་བསྒོམས་པས། གཟུགས་ཁམས་དང་གཟུགས་མེད་ཁམས་སུ་མི་སྐྱེ། འཆི་བ་བསྒོམས་པས། ཡོན་ཏན་བརྒྱད། ཕ་ཡོན་གསུམ་ཡོད་དེ། གང་ཞེ་ན། སྐྱོ་བ་སྐྱེ་བ་ཡིན། དད་པ་གསོ་བ་ཡིན། བརྩོན་འགྲུས་ཅན་དུ་འགྱུར་བ་ཡིན། འཇིག་རྟེན་ལ་མི་ཆགས་པ་ཡིན། མྱ་ངན་ལས་འདས་པ་ལ་ཕྱོགས་པ་ཡིན། འཆི་བ་སྒོམ་པ་ལ་རབ་འབྲིང་གསུམ་ཡོད། རབ་ཀྱི་དངོས་པོ་ཞག་ཏུ་མི་འཛིན། འབྲིང་གིས་ཟླ་བར་མི་འཛིན། ཐ་མས་ལོར་མི་འཛིན་པ་ཡིན་གསུང་། བླ་མའི་གདམ་ངག་ཡིག་གེར་བྲིས་པའོ།། །།ཡང་བླ་མའི་ཞལ་ནས། མི་དམིགས་

(༡༣༩)པ་གསུམ་ནི། སྦྱིན་པ་མི་དམིགས་པ། སྦྱིན་པ་པོ་མི་དམིགས། སྦྱིན་པའི་དངོས་པོ་མི་དམིགས། སེམས་ཀྱི་རྣམ་འཕྲུལ་ཡིན། སྦྱིན་པའི་ཡུལ་མི་དམིགས། སེམས་ཀྱི་རྣམ་འཕྲུལ་ཡིན། སེམས་སྐྱེ་མེད་འོད་གསལ་བ་ཡིན། འོད་གསལ་གཉིས་འཛིན་གྱིས་ཤེས་པ་དང་བྲལ་ན་མི་དམིགས་པའོ། །ཞེས་གསུང་ངོ་། ༄༅ །།ན་མོ་གུ་རུ། བདེ་གཤེགས་སྤྲུལ་པ་བླ་མ་དམ་པ་ཡིས། །རང་སེམས་སངས་རྒྱས་ཡིན་པར་ངོ་སྤྲད་ནས། །ངེས་ཤེས་སྐྱེས་པའི་ཉམས་མྱོང་ཚིགས་དང་བྲལ། །འཁོར་འདས་གཉིས་འཛིན་རྣམ་པར་རྟོག་པ་ཡང་། །བརྗོད་མེད་སྤྲོས་བྲལ་ཆོས་སྐུའི་ངང་དུ་ཐིམ། །རྟག་ཆད་གཉིས་ཀྱི་མཚན་མ་རང་སར་གྲོལ། །ཟག་བཅས་བདེ་བ་ལུས་ཀྱི་དཀྱིལ་ནས་ཤར། །ཟག་མེད་བདེ་བ་དངོས་པོ་ཀུན་ལ་ཁྱབ། །ཞེན་པ་མེད་པའི་ལྟ་བ་ནམ་མཁའ་འདྲ། །རྒྱུན་ཆད་མེད་པའི་ཉམས་མྱོང་ཆུ་བོ་འདྲ། །རེ་དོགས་མེད་པའི་འབྲས་བུ་ལྷུན་གྱིས་གྲུབ། །དེ་ལྟེའི་དོན་ཅིག་ཉམས་སུ་མྱོང་འདོད་པས། །བླ་མ་སྤྱི་བོར་ཁུར་བས་ལམ་

(༡༤༠)ལ་ཡིད་ཆེས་བྱས། །སྡུག་བསྔལ་དང་དུ་བླངས་བས་བདེ་བ་ཤུགས་ལ་འབྱུང་། །དངོས་པོའི་ཞེན་པ་བཏང་བས་སྣང་བ་སྒྱུ་མ་འཆར། །ཐམས་ཅད་རྫུན་དུ་ཤེས་པས་ཉེ་དུའི་གདུང་སེམས་བྲལ། །གར་བདེའི་རི་ཁྲོད་འགྲིམས་ན་གནས་ཀྱི་ཞེན་པ་བྲལ། །འདུས་པ་འབྲལ་བར་ཤེས་ན་གྲོགས་ཀྱི་ཞན་པ་བྲལ། །བསགས་པ་མཛད་པར་གོ་ན་ནོར་གྱི་ཞེན་པ་བྲལ། ཁམས་ཀྱི་ཟས་རྟེན་ལ་ཉམས་མྱོང་སེམས་ལ་བསྐྱང་། །སྟོང་ཉིད་སྙིང་རྗེ་འདྲེས་ན་སྒོམ་ལ་གོལ་ས་མེད། །དམན་པའི་ས་ལ་འདུགས་ན་དུག་ལྔ་ངང་གིས་ཞི། །ཧྲུལ་པོའི་གོས་ལ་རྟེན་ལ་རྟེན་ལ་ཐབས་ཀྱི་ཞབས་ཏོག་འབད། །རིགས་དྲུག་གཡང་ས་ཆེ་བས་དམ་ཚིག་སྡོམ་བ་བསྲུངས། །མི་ལུས་ཐོབ་བར་དཀའ་བས་ད་རེས་བརྩོན་འགྲུས་འབད། །ལྟ་བ་ཚིག་ཏུ་འཆོར་བས་ཉམས་ཀྱི་བརླན་ལ་གཙོ། །ཉམས་མྱོངས་བློས་བྱས་ཡིན་པས་དོན་ལ་སྙེམས་ཐག་བཅད། །ཆོས་བརྒྱད་སྔོན་དུ་སོང་བའི་སྤྱོད་པ་ཚུལ་འཆོས་ཡིན། །རེ་དོགས་གཉིས་དང་བྲལ་ན་འབྲས་བུ་ལྷུན་གྱིས་གྲུབ། །འགྲོ་ལ་སྙིང་རྗེ་བསྐྱེད་ན་གཞན་དོན་

(༡༤༡)ཤུགས་ལ་འབྱུང་། །ཐབས་ཀྱི་དམ་པ་ཡིན་པས་བསྔོ་བས་ཟིན་བར་གྱིས། །ཉམས་མྱོང་ཡི་གེར་བཀོད་པས་མཁའ་འགྲོའི་བཟོད་པས་གསོལ། །བསྡུས་པའི་ཉམས་ལེན་ཨྠིྀ།། །།བླ་མ་ཏི་པུ་པ་དང་། ཨ་ནུ་ཏ་ར་བཛྲ་དང་། བླ་མ་མི་ལ་རྣམས། ད་ལྟ་ལམ་གྱི་ལམ་འོད་གསལ། །བར་དོ་ལམ་གྱི་འབྲས་བུ་འདྲེས་པར་བཞེད་པ་ཡིན། །བླ་མ་བལ་བོ་དང་ཉི་མའི་རིས་ལ་རྩོད་པ་བྱས། །ལམ་གྱི་འོད་གསལ་དངོས་མ་ཟིན་པར། འབྲས་བུའི་འོད་གསལ་བར་དོར་ཟིན་པ་མི་སྲིད། གདམ་ངག་མེད་པ་རྣམས་འོད་གསལ་ལ་ལངས་ན། ལུས་ཚོལ་བས་འཁོར་བར་སྐྱེ་གསུང་།། །།ཟུང་འཇུག་རྣམ་འགྱུར་གྱིས་མན་ངག་ཡིན། །བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །བདག་ཉིད་བདེ་ཡིད་དག་ལ་གདུང་མི་བྱ། །བདག་ཉིད་ཟ་ཞིང་མཐུང་ལ་གཉིས་སྦྱར་ཏེ། །དགའ་བའི་ཡིད་ཀྱིས་སྤྲོ་བར་བྱེད་པ་ནི། ང་ངག་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཆོས་འདིས་འཇིག་རྟེན་ཕ་རོལ་འགྲུབ་འགྱུར་ཏེ། །རྨོངས་པས་འཇིག་རྟེན་མགོ་བརྟགས་བཞག་ནས་སོང་། །ཞེས་བྱ་བའི་དོན་ནི། རྣལ་མའི་དོན་ནོ། །

(༡༤༢)གཉུག་མའི་དོན་ཉིད་ཉམས་སུ་མྱོང་བ་ན། རྣལ་འབྱོར་པ་བདག་ཉིད་ལ་བདེ་བ་སྐྱེས་ཀྱང་། ཡིད་གདུང་བར་མི་བྱའོ། །འོ་ན་སྒོམ་པར་བྱ་བ་མ་ཡིན་ནམ་ཞེ་ན། རྣལ་འབྱོར་པ་བདག་ཉིད་གཉུག་མའི་ཏིང་ངེ་འཛིན་དེ་དག་གི་ཟས་ཟ་ཞིང་། བླ་མའི་གདམ་ངག་སྐོམ་དུ་འཐུང་ལ། བདེ་བ་དང་སྟོང་པ་དང་གུས་པའི་སྒོ་ནས་ཡུན་རིང་དུ་ཉམས་སུ་བླངས་པས་འབྱུང་ངོ་། །ལུས་སེམས་སྦྱངས་པའི་རྟགས་མང་དུ་འབྱུང་སྟེ། སྲོག་དྷུ་ཏཱིར་པའི་སྟོབས་ཀྱིས། རྟགས་ལྔ་དང་ཕན་ཡོན་བརྒྱད་ལ་སོགས་པ་ཡོན་ཏན་མང་དུ་འབྱུང་ངོ་། དེ་ལྟ་བུའི་ལུས་སེམས་བདེ་བ་ཅི་བྱུང་ཡང་ཞི་གནས་ཡིན་ཏེ། འོན་ཀྱང་རྟགས་ལྔ་དང་ཕན་ཡོན་བརྒྱད་པོ་དེ་ཞི་གནས་དང་། ལྷག་མཐོང་ཟུང་དུ་འབྲེལ་བ་ལས་འབྱུང་སྟེ། དམིགས་པ་ཕྲ་མོ་ཟུང་པའི་གནས་པ་ལྟེང་ལྟེང་ལ་མི་འབྱུང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་བསམ་གཏན་དང་པོའི་དངོས་གཞི་ཡིན་གསུང་། དེ་ཡང་ལུས་ཀྱི་རྣམ་པར་ཤེས་པའི་བསམ་གཏན་གྱི་དགའ་བ་སྒོམ་པ་ཡིན་གསུང་། བླ་མ་སེམས་ཀྱི་སྟོང་ཉིད་མངོན་སུམ་དུ་བྱས་པ་ཅིག་གིས། སྐྱེ་མེད་ངེས་སུ་འཇུག་སྟེ། མ་ངེས་ན་སྣང་བ་ལ་མ་ངེས་པ་ཞེས་བྱའོ། །དེ་ཡང་། ལུས་ཀྱི་རྣམ་པར་ཤེས་པ་ཟག་བཅས་ཀྱི་བདེ་བ་མངོན་སུམ་གྱིས་

(༡༤༣)སྐྱེ་མེད་དུ་ངེས་སུ་འཇུག་སྟེ། མ་ངེས་ན་སྣང་ལ་མ་ངེས་པ་ཞེས་བྱ་སྟེ། སོ་སོར་བརྟག་མིན་གྱི་འགོག་པར་འགྲོ། ཐུན་མོང་གི་ལམ་པོ་ཡིན་པས་གར་སྐྱེ་ཆ་མེད་གསུང་། ངེས་པའི་ཤེས་པ་སྐྱེས་ན། རྟོག་པ་དང་བྲལ་བའི་སྟོང་ཉིད་ཀྱི་ཡུལ་མངོན་སུམ་གྱིས་རབ་ཏུ་ཤེས་གསུང་ངོ་། །སེམས་སྐྱེ་མེད་ཀྱི་ངོ་བོ་ལམ་ངེས་ན། བླ་མའི་ཞལ་ནས། དེ་དེ་ཡིན་ཏེ་དེ་དེ་མིན། སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །ཞེས་གསུང་། ཇོ་བོའི་ཞལ་ནས་ཀྱང་། ངེས་སྦྱངས་བག་ཆགས་བྲལ་བས་རྣལ་འབྱོར་མ་མཐོང་བ། ནམ་མཁའི་མེ་ཏོག་བླངས་པས་འཇིགས་པ་མཐོང་བ་འདྲ། །ཅེས་གསུངས། དེ་བས་ན། ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་པས། སེམས་ཀྱི་ཆོས་ཉིད་རྟོགས་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པ་ཡིན་ནོ། །དེས་ན། སེམས་ཀྱི་རང་བཞིན་བཟུང་འཛིན་གཉིས་དང་བྲལ་བའི་ཆོས་སྐུའི་ངོ་བོ་དེ། རྫོགས་པའི་སངས་རྒྱས་བྱོན་ཡང་རུང་། མ་བྱོན་ཡང་རུང་སྟེ། གནས་པས་ན་རྟག་ཅེས་བྱའོ། །དེ་

(༡༤༤)ལ་རྣམ་པར་རྟོག་པ་རྣམས་སྤངས་པ། །བཟུང་དང་འཛིན་པ་དང་བྲལ་བ། །ཡེ་ཤེས་འདུས་མ་བྱས་པ་སྟེ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་བ། ཞེས་གསུངས་སོ། །དེ་ལྟ་བུའི་སེམས་ཀྱི་ཆོས་ཉིད་རྟོགས་པ་ནི། ཟག་པ་མེད་པའི་སྡོམ་པ། ས་དང་པོའི་མངོན་གསུམ་ཡིན་ཏེ། སེམས་ཀྱི་སྟོང་ཉིད་ལ་ངེས་ཤེས་སྐྱེས་པའི་ཕྱིར་རོ། །དེ་ལ་ཅི་ལྟར་སྐྱེས་ན། གཟུགས་བརྙན་ནམ། སྒྱུ་མ་ཡུལ་གྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་བཞིན་དུ། སེམས་སྒྱུ་མ་དང་ཆུ་ཟླ་ལྟར། རང་གིས་རང་ལ་ངེས་པའི་ཤེས་པ་འདྲེན་ནོ། །དེ་ལྟར་སེམས་ཉིད་སྟོང་པ་ཉིད་ལ་ངེས་པ་ཐོབ་པ་ལ་ཚད་མས་ངེས་པ་ཞེས་བྱའོ། །རང་རིག་རྟོག་པ་མེད་པ་ཡི། སྟོང་ཉིད་མངོན་སུམ་ངེས་གྱུར་པ། བདེ་ཆེན་རྟོག་པ་མེད་པ་དང་། ཁྱད་པར་མེད་པ་སྐལ་མཉམ་མཐོང་། །ཞེས་གསུངས་པས། ནང་དུ་སེམས་ཀྱི་སྟོང་ཉིད་རྟོགས་པའི་ཤུགས་ཀྱིས། །ཕྱིའི་ཡུལ་སྟོང་པར་རྟོགས་པ་ནི། །རྣལ་འབྱོར་གྱི་མངོན་སུམ་ཡིན་གསུང་། །དེ་ཡང་། དང་པོའི་ཤེས་པ་ངོས་ཟིན་ན་དེ་ཉིད་ཡིན་ཏེ། ཤེས་རབ་ཀྱི་མིག་གི་སེམས་ལ་

(༡༤༥)བལྟས་ལ། སེམས་ཀྱི་ངོ་བོ་ལ་ཐོག་མཐའ་ཡོད་པ་མི་ཡིན་ཏེ། ནམ་མཁའ་དང་འདྲའོ། །དབུས་ནི་ཅི་ཡང་མ་ཡིན་པའི་ཕྱིར་བདག་གིས་སྨྲ་བར་མི་ནུས་སོ། །ཤེས་གསུངས་ཏེ། ཐ་མལ་གྱི་ཤེས་པའི་ངོ་བོ་དེ་ལ། སྒོམ་བྱ་སྒོམ་བྱེད་ཀྱི་བསམ་གཏན་དང་བྲལ་བས། སྒོམ་དུ་མེད་དེ་སྒོམ་པའི་མཆོག །ཅེས་བྱའོ། །རང་བཞིན་གྱིས་དག་པའི་སེམས་ཀྱི་ངོ་བོ་སྟོང་ཉིད་མངོན་སུམ་དུ་མཐོང་བ་དེ་ལ། ཆོས་ཀྱི་སྐུ་ཤེས་བྱ་སྟེ། དེ་ཡང་། ཟླ་བ་ཚེས་པ་དང་། སེང་གེ་ཕྲུ་གུའི་དཔེ་དང་། བྱིས་པ་ཆུང་ངུའི་དཔེས་རྟོགས་པར་བྱའོ། །དེ་ཡང་མ་བཅོས་པར་བཞག་པས་ཉམས་སུ་མྱོང་སྟེ། མྱོང་བའི་དོན་དེ་ལ། ཡང་དང་ཡང་དུ་ངེས་པ་ཐོབ་པར་བྱ། ཡུན་རིང་དུ་གནས་ཤིང་མི་འགྱུར་པ་ལ་ཡོན་ཏན་དུ་མི་ལྟ། འཆིང་པའི་བསམ་གཏན་དུ་འགྲོ་གསུང་ངོ་། །རང་བཞིན་གྱིས་ངོ་བོ་ནི་སེམས་མ་བཅོས་པ་ཡིན་ཏེ། འདིའི་དོན་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་པ་ནི། སྐྱེ་འཇིག་དང་བྲལ་བ་དང་། དུས་ཐམས་ཅད་པ་དང་། རྒྱུན་ཆད་མེད་པ་དང་། མི་འགྱུར་བ་དང་། ཐམས་

(༡༤༦)ལ་ཁྱབ་པ་དང་། དོན་དེ་རྣམས་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་ན། དོན་དམ་པ་མཐོང་བ་ཡིན་ཏེ། ད་ནི་སུ་ལའང་དྲི་བར་བྱའོ། །ཞེས་གསུངས་སོ། །དེ་ལ་ཡང་དང་པོ་དམིགས་པ་དང་རྩོལ་བས་མི་སྒྲུབ་བར་དུ་མི་གནས། ཐ་མར་ཉམས་དང་རྟོགས་པ་དང་མ་བྲལ་བར་བྱའོ། །དུས་རྟག་ཏུ་དྲན་པ་རྒྱུན་ཆགས་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བར་བྱ། ལྷན་ཅིག་སྐྱེས་པའི་ཉམས་དང་མི་འབྲལ་བའི་སྒོ་ནས། ཟག་པ་མེད་པར་ལུས་སེམས་ཕབ་སྟེ་སྦྱངས་བའི་ཡོན་ཏན་ཐོབ་པར་བྱ། བྱམས་སྙིང་རྗེས་ཀུན་ནས་བསླངས་བའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མི་འབྲལ་བར་བྱའོ།། ༄༅ །།ཆོས་རྗེ་རིན་པོ་ཆེས། སྐལ་ལྡན་ཇོ་མོ་ལ་གདམས་པའོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྟེན་གྱི་གང་ཟག་དད་པ་ཅན་སྐྱེ་ཤིས་འཇིགས་ནས། ཆོས་ཚུལ་བཞིན་དུ་བྱེད་པར་འདོད་པས། དབེན་པའི་གནས་སུ། བདེ་བའི་སྟན་ལ་དཀྱིལ་དཀྲུང་གིས་བསྡད་ལ། དབུགས་གློད་ལུས་བསྲང་། མིག་སྣ་རྩེར་དབབ། ལྕེ་རྩེ་རྐན་ལ་གཏད། ལག་པ་མཉམ་བཞག་

(༡༤༧)བྱ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ། འགྲོ་དྲུག་གི་སེམས་ཅན་མ་རྒན་རྣམས་ཀྱི་དོན་དུ། སྐྱེ་མེད་ཀྱི་དོན་སྒོམ་སྙམ་དུ་བསམས་ལ། རང་ཡི་དམ་གྱི་ལྷར་སྒྱུ་མ་ཙམ་དུ་མོས་པ་བྱས་ལ། རང་གི་སེམས་ཉིད་ངོ་བོ་འདི་དང་པོར་སྐྱེ་བ་མེད། བར་དུ་གནས་པ་མེད། ཐ་མར་འགག་པ་མེད། དངོས་པོ་ཁ་དོག་དུ་གྲུབ་པ་གྲུབ་པ་མེད་པས། དེ་སྒོམ་ན་ཡང་། སྐྱེ་བ་དང་། གནས་པ་དང་། འགག་པ་དང་། དངོས་པོ་དང་། ཁ་དོག་ཏུ་གྲུབ་པ་མེད་བས་ན། སེམས་ཁ་དོག་དངོས་པོ། གང་ཏུ་ཡང་མ་གྲུབ་པས། མ་གྲུབ་པར། སེང་ངེ། ཡེར་རེ། ལྷང་ངེ། ལྷན་ནེ། ཙེན་ནེ། ལྷམ་མེ། ལྷུག་གེ། མ་བཅོས་པར་བསྒོམས་པས། སེམས་ལ་འོད་གསལ་འཆར། །ལུས་ལ་བདེ་དྲོད་འབར། མཚན་མ་རང་སར་གྲོལ། མཉམ་བཞག་དང་རྗེས་ཐོབ་ཁྱད་པར་མེད་དེ། དཔེ་ཆུ་ལ་ཁ་བ་བབས་པ་དང་འདྲ། སྔར་འདྲིས་ཀྱི་མི་དང་ཕྲད་པ་འདྲ། བདེ་གསལ་མི་རྟོགས་པའི་ཉམས་འཆར། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར། རྣམ་རྟོག་ལ་སྐྱོན་དུ་མི་ལྟ། བྱིང་རྒོད་ཀྱི་དབང་དུ་མི་བཏང་། ཡུན་ཐུན་ལ་

(༡༤༨)གྲངས་མང་དུ་སྒོམ། རང་ངམ་ཤུགས་ཀྱི་ནམ་དང་ཉིན་མོ་འུད་འུད་འཆར། དེ་ལྟར་བསྒོམས་པས། མཐར་ཐུག་རང་དོན་དུ་ཆོས་སྐུ། གཞན་དོན་དུ་གཟུགས་སྐུ་རྣམ་གཉིས་འཆར་རོ། །ཉམས་སུ་བླངས་ན་དངོས་གྲུབ་ཐོབ། ལམ་འབྲས་བུ་དང་བཅས་པའོ། །འགྲོ་དྲུག་སེམས་ཅན་མ་ལུས་པ། །ཕྱག་རྒྱ་ཆེན་པོ་མྱུར་ཐོབ་ཤོག །རི་ཁྲོད་དཔལ་གྱི་ལྡོམ་བུ་བས། །སྐལ་ལྡན་ཇོ་མ་ལ་གདམས་པའོ། །གསངས་ནས་སྒྲུབས་ན་ཆོས་སྐུ་འབྱུང་ངོ། །རྡོ་རྗེ་འཆང་། ཏཻ་ལོ་པ། ནཱ་རོ་བ། མར་བ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པའི་རྡོ་རྗེ། སྙི་སྒོམ་བསོད་ནམས་རིན་ཆེན། ཤི་སྒོམ་བྱང་ཆུབ་ཡེ་ཤེས། ཇོ་གདན་ལེགས་མཛེས། དེ་ལ་སློབ་དཔོན་ལྷ་སྒོམ་གྱིས་ཞུས་པའོ། །ཞེས་པ་འདི་ནི། རྗེ་ཉིད་ཀྱི་དབོན་པོ། སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པས། རི་བོ་ཤན་ཏིར། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་བར་དུ་བགྱིས་པའོ།། །།

(༡༤༩)། ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས་དུ་མ་སྒྲིགས་མ་བཞུགས་སོ། །

(༡༥༠)ན་མོ་གུ་རུ། བསྐྱེད་རྫོགས་གཉིས་ཕྱེད་འབྱོངས་པ་ཅིག་ཤི་ན། སྲིད་པར་མངལ་དུ་ཞུགས་དབང་ཡོད། མི་ཞུགས་ནའང་དབང་ཡོད་དེ། དེ་ཉིད་དུ་སངས་རྒྱའོ། །བསྐྱེད་རིམ་ཕྱེད་ཙམ་འབྱོངས་པ་ཅིག་ཤི་ན། བར་དོར་རིགས་གང་འདོད་ཀྱི་མངལ་དུ་འཇུག་སྟེ། གདམས་ངག་དྲན་ནས་སྐྱེ་བ་དེ་ཉིད་ལ་སངས་རྒྱའོ། །དེ་ནི་སྐྱེ་བ་གཅིག་གི་སངས་རྒྱས་ཞེས་བྱའོ། །རིགས་མཐུན་མངལ་གྱི་བར་

(༡༥༡)དོ་ཅེས་ཀྱང་བྱའོ། །དེས་ན། བར་དོ་ལྔ་རུ་ཡང་འགྲོ་སྟེ། དེ་ནི་གཉུག་མའི་ལམ་མོ། །བློ་ཆོས་ཉིད་ཀྱི་བར་དོ་སྟེ། སྐྱེ་ཤི་གཉིས་ཀྱི་བར་དོ་དང་། རྨི་ལམ་བར་དོ་དང་། སྲིད་པ་བར་དོའོ། །དེ་ལ་གསུམ་སྟེ། རྣམ་པར་སྨིན་པའི་ལུས་དང་། ཡིད་ཀྱི་ལུས་དང་། བག་ཆགས་ཀྱི་ལུས་སོ། །དེ་ལ་བསྲེ་བ་གསུམ་སྟེ། སྐྱེ་འཆི་འདོད་ཆགས་དང་བསྲེ། རྨི་ལམ་གཏི་མུག་དང་བསྲེ། སྲིད་པ་ཞེ་སྡང་དང་བསྲེའོ། །

(༡༥༢)དེ་ལ་བར་དོ་ཆུང་ངུ་གསུམ་སྟེ། གཉིད་ཉལ་མཚམས་སུ་འོད་གསལ་སྐྱེ་བའི་དུས་དང་གཅིག་གཉིས་སད་ནས་བར་དོར་རྟོགས་པ་སྐྱེ་བའི་དུས་དང་གཉིས། བཟང་དབུགས་ཆད་མ་ཆད་པར་དེར་རྟོགས་མེད་སྐྱེ་བའི་དུས་དང་གསུམ་དུ་བསྟན་པ་ཡིན་ནོ། །སྐྱེ་ཤིའི་སྔོན་དུ་འོད་གསལ་བྱེད། མཚམས་སྦྱོར་ནི་དབང་གསུམ་པའོ། །གཉིད་ཀྱི་སྔོན་དུ་རྨི་ལམ་བྱེད། མཚམས་ནི་ཚར་གཅད་སྦྱོར་བའོ། །སྲིད་པའི་སྔོན་དུ་འོད་གསལ་བྱེད། མཚམས་ནི་སློབ་དཔོན་ཡབ་ཡུམ་གྱི་ཆགས་པ་ལ། ཞེ་སྡང་མིག་སེར་མེད་པའོ། །དེ་ཡང་སྒྱུ་མ་ལྟ་བུའི་ཤེས་པ་འཛིན་པ་མེད་པ། རང་གི་ཕྱག་རྒྱ་ལ་མི་གསེར་མེད་པའོ། །སྲིད་པ་བར་དོར་ཕ་མའི་འདུ་ཤེས་མི་སྐྱེ་བས་མངལ་

(༡༥༣)དུ་མི་འཇུག་པའོ།། །།ན་མོ་གུ་རུ། ད་ནི་གནས་ལུགས་ཀྱི་སྒོམ་པ་སྟོན་པ་སྟེ། དབང་པོ་རབ་ལྟ་ཐོག་ཏུ་སྐྱེལ་བ་དང་། འབྲིང་སྒོམ་ཐོག་ཏུ་བཞག་པའོ། །སྒོམ་པ་ལ་གཉིས། ལྟ་ཐོག་ནས་བསྒོམ་ཚོལ་བ་དང་། སྒོམ་ཐོག་ནས་ལྟ་བ་ཚོལ་བའོ། །ད་ནི་འདི་ལྟར་སྒོམ་པར་བྱ་སྟེ། སེམས་ཉིད་གསལ་བ་འཛིན་མེད་ཀྱི་ཤེས་པ། རྟོགས་མེད་དུ་ཙེ་ནེ་གཞོག །གསལ་བས་ཆད་པའི་མཐའ་སེལ། འཛིན་པ་མེད་པས། རྟག་པའི་མཐའ་སེལ། བདེ་ན་བདེ་རྒྱུ་མེད་དེ། བཟང་པོ་སྙམ་པའི་ང་རྒྱལ་མེད། ངན་ནོ་སྙམ་པའི་འཇིགས་པའི་སྐྱོན་གྱིས་མ་གོས། སེམས་ཉིད་རྣམ་རྟོག་གི་ལྷད་མ་ཞུགས། རིག་པ་རང་རྟོག་མེད་དུ་ཙེ་ནེ་གཞོག །དེ་ལྟར་བཞག་པའི་དུས་སུ། རྟོག་མེད་ཀྱི་ཡེ་ཤེས། ཕྱོགས་མེད་རང་གྲོལ་དུ་འཆར་གྱིས། དེ་སྒོམ་པའི་སྐྱོབས་ཤེས་ཀྱང་བྱ། རྒྱབ་རྟེན་ཞེས་ཀྱང་བྱ། འདིར་རྐང་གྲངས་

(༡༥༤)བཅོ་ལྔས་བསྟན་ཏེ། དང་པོ་ཁོ་རིག་པ་སྟོང་བར་གྱུར་པས། འགྱུ་བ་རང་སངས་ཀྱི་གདམ་ངག་བསྟན་པ་དང་ཅིག །རྣམ་རྟོག་ལ་སྐྱར་ཞོན་བསྟན་པ་དང་གཉིས། །བདེ་བ་ངོས་བཟུང་མེད་པ་དང་གསུམ། །ཝལ་པོ་རྗེས་མེད་དང་བཞི། །དྲན་པ་རང་ཡལ་དང་ལྔ། །གསལ་ལ་རྟོག་པ་མེད་པ་དང་དྲུག །སྣང་བ་འཛིན་པ་མེད་པ་དང་བདུན། ཁྱབ་པ་ཞེན་མེད་པ་དང་བརྒྱད། །ནམ་མཁའི་བྱ་བཞིན་རིག་པ་རྟེན་མེད་དང་དགུ། །ཉི་མའི་འོད་ཟེར་བཞིན་སེམས་ཉིད་འཕྲོ་འདུ་མེད་པའི་ངང་ལ་བཞག་པ་དང་བཅུ། །ཆུ་བོ་རྒྱུན་འབབ་བཞིན་དུ། སེམས་ཉིད་རྒྱུན་ཆད་མེད་པའི་ངང་ལ་བཞག་པ་དང་བཅུ་གཅིག །གསལ་ཆ་མ་འགགས་ལ། འཛིན་པ་མི་མངལ་བར་བཞག་པ་དང་བཅུ་གཉིས། །སྣང་ལ་རྟོག་པ་མེད་པ་འཛིན་ཆ་ལྷུག་པ་དང་བཅུ་གསུམ། །རིས་མེད་དུ་སྣང་ཞིང་ཞེན་མེད་དུ་ཤར་

(༡༥༥)བ་དང་བཅུ་བཞི། །སྒོམ་མེད་རྒྱུད་ལ་ཐེབས་ནས། འཛིན་མེད་རང་སར་གྲོལ་བར་བསྟན་པ་དང་བཅོ་ལྔའོ། །གནས་ལུགས་སྒོམ་པའི་མན་ངག་གོ།། །།ན་མོ་གུ་རུ། །སྣང་བ་འདི་སྒྱུ་མར་མཐོང་བས་སྒྱུ་ལུས། །སྒྱུ་མ་དེ་སྟོང་པར་ཤེས་ན་འོད་གསལ། །དེ་གཉིས་ཐ་མི་དད་པས་ན་ཟུང་འཇུག་གོ། །ཀུན་རྫོབ་ཏུ་ཡང་སྟོང་ན་འཆལ་བའི་ཤེས་རབ། སྒྱུ་མའི་སྐྱེས་བུ་བསད་སོགས་ལ། །དེ་ལ་སྡིག་པ་འབྱུང་མི་འགྱུར། །སྒྱུ་མའི་སེམས་དང་ལྡན་པ་ལ། །དགེ་དང་སྡོམ་སེམས་འབྱུང་བར་འགྱུར། །འདི་སྤྱོད་འཇུག་ཤེས་རབ་ལེའུ་ནས་བཤད་དོ།། །།ན་མོ་གུ་རུ། ཡུལ་དང་མི་ཆོས་ཟུག་རྔུ་བསྐྱེད་པར་བྱེད་པའི་ནད་དང་འདྲ་བས་རྒྱབ་ཏུ་བོར། །ཟས་ནོར་མི་རྟག་ནམ་མཁའི་འཇའ་ཚོན་འདྲ་བས་དེ་ལ་ཡིད་མ་ཆགས། །ཚེ་སྲོག་མི་རྟག་རྩྭ་ཁའི་ཟིལ་པ་འདྲ་བས་བརྩོན་འགྲུས་བསྐྱེད། །བླ་མ་བཤེས་གཉེན་ཡིད་བཞིན་ནོར་བུ་

(༡༥༦)རིན་ཆེན་འདྲ་བས་གུས་པས་གསོལ་བ་ཐོབ། །གདམ་ངག་ཟབ་མོ་གསོ་བར་བྱེད་པའི་ཁ་ཟས་འདྲ་བས་རྟག་ཏུ་ཉམས་སུ་ལོང་། །དལ་འབྱོར་རྙེད་དཀའ་ཨུ་དུམ་ཝ་རའི་མེ་ཏོག་འདྲ་བས་དོན་མེད་སྤྱོད་པས་ཆུང་མ་གསན། །སྡུག་བསྔལ་གྱི་རྩ་བ་ནི་དངོས་པོར་འཛིན་པ་ཡིན་པས། སྟོང་ཉིད་ཀྱི་སེམས་དང་མ་བྲལ། ཀུན་རྫོབ་ཀྱི་བདེན་པ་མི་སླུ་བས། །ལས་རྒྱུ་འབྲས་ཁྱད་དུ་མ་བསད། འབྲས་བུ་ཟད་མི་ཤེས་པ་ལྗོན་ཤིང་དང་འདྲ་བས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྟག་ཏུ་བསྒོམས། འདོད་པ་དུག་གིས་ལོ་མ་དང་འདྲ་བས། འཁོར་བའི་ཉེས་དམིགས་ཡིད་ལ་གྱིས།། །།ན་མོ་གུ་རུ། འོད་གསལ་གྱི་ངོ་བོ་དེ། དག་ཅིང་གསལ་བར་འདུག་པས། མེ་ལོང་ལྟ་བུའི་ཡེ་ཤེས། ཅིར་མ་མཐོང་། ཅིར་སྣང་ཐམས་ཅད་ཡེ་ཤེས་སུ་འཆར་བས་ན། སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ན། །

(༡༥༧)མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལྟ་བུའི་ངོ་བོ་ལ་གཞན་དོན་འབྱུང་བས་ན་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཐམས་ཅད་སྐྱེ་མེད་སྟོང་པར་ཤེས་པས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། འོ་སྐོལ་སྒོམ་ཆེན་པ་རྣམས་རྒྱུད་ལ་ཡོན་ཏན་ཅི་འདུག་བལྟ་དགོས་པ་ཡིན། འཆི་བ་སྒོམ་པའི་དུས་ན། ཚེ་འདི་ལས་བློ་ལོག་གམ་མ་ལོག །མི་རྟག་པ་བསྒོམས་པས་འཁོར་བ་ལ་བློ་ལོག་གམ་མ་ལོག །ལས་འབྲས་བསྒོམས་པས། ཉེས་པ་ལས་བློ་ལོག་གམ་མ་ལོག །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། །སེམས་ཅན་ལ་བློ་འགྲོའམ་མི་འགྲོ། །ཅི་ཆོད་ན་འདུག་བལྟ་དགོས་པ་ཡིན། །རྒྱུད་ལ་ཡོན་ཏན་མེད་པར། སོག་མེ་བཟང་བྱས་པས་མི་འོང་གསུང་། ཆོས་ཐམས་ཅད་བདེན་པ་གཉིས་རྟེན་འབྲེལ་སྐོར་ཅིག་ཏུ་བྱས་ན་ཁྱེར་དགོས་པ་ཡིན། ཀུན་རྫོབ་ཀྱི་བདེན་པ་འཆི་བ་མི་

(༡༥༨)རྟག་པ་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མན་ཆད་ཡིན། རྒྱུད་དེ་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཚོགས་གཉིས་གསོག་དགོས་པ་ཡིན་ནོ། །དོན་དམ་བདེན་པ་སྒྲོ་སྐུར་གཉིས་དང་བྲལ་བ་ཡིན། །སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་བྱས་ན། སྒྲོ་བཏགས་པར་འགྲོ། མེད་བྱས་ན་སྐུར་འདེབས་སུ་འགྲོ་བས་ན། དོན་དམ་པ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས། རྩིས་གདབ་མི་བཏང་། བླ་མའི་བྱིན་བརླབས་ལ་བརྟེན་ནས། རྩོལ་སྒྲུབ་དྲག་པོ་བྱས་ནས་བསྒོམས་ན་འོང་བ་ཡིན། ཀུན་རྫོབ་གཏན་ལ་ཕེབས་ན། དོན་དམ་གདོད་འོང་བ་ཡིན། །ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་རྟེན། །དེ་ལ་ཀུན་རྫོབ་བདེན་པ་དང་། །དོན་དམ་པའི་བདེན་པ་གཉིས། །ཀུན་རྫོབ་ལ་ཡང་དག་པ་དང་། །ལོག་པ་གཉིས།

(༡༥༩)ཡང་དག་པ་ལ་འབྲས་ལས་ཡིད་ཆེས་པའོ། །ལོག་པ་ཆུ་ནང་གི་ཟླ་བ་ལ་སོགས་པའོ། །གྲུབ་པའི་མཐའ་ལོག་པའི་བདེན་པར་འཛིན་པ་ཨ་འཐས་ཀྱི་ཤེས་པའོ། །ཡང་དག་པའི་ཀུན་རྫོབ། འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་སོ། །དེ་ལ་དཔེ་གསུམ་སྟེ། སྒྱུ་མ་མཁན་ཡང་དག་པའི་ཀུན་རྫོབ། །སྒྱུ་མ་ལ་བྲེལ་བའི་མི་ལོག་པའི་ཀུན་རྫོབ་སྒྱུ་མའི་སྔགས་ཀྱིས་མ་ཐེབས་པ། རིག་སུམ་གྱི་མི་ཅི་ཡང་མ་མཐོང་བ་དོན་དམ་པའོ། །སྣུམ་ཁུར་དང་། དབྱུག་པའི་དཔེ་གསུང་། མི་གཅིག་ལ་སྣུམ་ཁུར་གཅིག་དང་། དབྱུག་པ་ཅིག་དང་གཉིས་བཅོལ་བ་ལ། ལེན་ཕྱིན་པས། དབྱུག་པ་བྱི་བས་ཟོས་ཟེར་ནས། དབྱུག་པ་ཟོས་ན། སྣུམ་ཁུར་ལ་ལྟ་ཅི་སྨོས་ཟེར་ལོ། །དེ་བཞིན་དུ། ཀུན་རྫོབ་ལ་ཡང་

(༡༦༠)རང་བཞིན་མེད་ན། དོན་དམ་པ་ལྟ་ཅི་སྨོས་གསུང་། རྡོ་རྗེ་གདན་གྱི་དཔེ་ཡང་གསུང་། ཆོས་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བ་ལ། རྨི་ལམ་ལྟར་འཁྲུལ་པ་ཡིན་གསུང་ངོ་།། །།ན་མོ་གུ་རུ། གང་ཟག་གཅིག་གི་རྒྱུད་ལ། སྡོམ་པ་གསུམ་རྟེན་འབྲེལ་སྐོར་ཅིག་ཏུ་གནས་དགོས་ཏེ། གནས་ན་ཇི་ལྟར་གནས། བསྲུང་ན་ཇི་ལྟར་བསྲུང་། ལྡན་ན་ཇི་ལྟར་ལྡན། འཆོས་ན་ཇི་ལྟར་འཆོས། གནས་པ་བྱེ་བྲག་ཏུ་གནས་ཏེ། མཁན་སློབ་ལ་སྡོམ་པ་བླངས་པའི་དུས་སུ། སོ་ཐར་གྱི་སྡོམ་པ་ཐོས་སྙམ། སེམས་བསྐྱེད་པའི་དུས་སུ། སེམས་བསྐྱེད། བྱང་ཆུབ་སེམས་དཔའ་ཡིན་སྙམ། གསང་སྔགས་ཀྱི་དུས་སུ། ངས་དབང་ཐོབ་ཐེག་ཆེན་གསང་སྔགས་པ་ཡིན་སྙམ། བསྲུང་བ། སོ་ཐར་འདུལ་བ་བཞིན་བསྲུང་། སྡེ་སྣོད་ཀྱི་མ་མོ་བཞིན་དུ་བསྲུང་། རྩ་ལྟུང་རྩ་འགྲེལ་བཞིན་བསྲུང་། ལྡན་ན་

(༡༦༡)ཡར་ལྡན་ཏེ། ཐུག་འདོམ་བྱུང་དུས། རིམ་གྱི་གོང་མ་གཉིས་གཙོ་བོར་བྱའོ། །འཆོས་ན། གྲུབ་མཐས་འཆོས་ཏེ་སོ་ཐར་ལ་སྐྱོན་བྱུང་ན་འདུལ་བ་བཞིན་འཆོས། །སེམས་བསྐྱེད་ལ་སྡེ་སྣོད་བཞིན། དམ་ཚིག་ལ་རྩ་ལྟུང་བཞིན་འཆོས། དེ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །ལྷག་པ་སེམས་ཀྱི་བསླབ་པ་ནི། སྡོམ་པ་རྣམས་ལ་བསྔོ་བགྲང་བྱེད་ཅིང་། རང་གི་སེམས་གླང་ཆེན་སྨྱོན་པ་དང་འདྲ་བ་སྟེ། ཚུལ་ཁྲིམས་ཀྱི་དམིགས་པའི་ཀ་བ་ལ། དྲན་པའི་ཞགས་པས་དམ་དུ་བཅིང་། ཤེས་རབ་ཀྱི་ལྕགས་ཀྱུས་བཟུང་ནས། བློ་རིམས་ཀྱིས་སྒོམ་པ་ནི་ཞི་གནས་སོ། །དེ་ལྟར་ཞི་གནས་ལ་རྩེ་གཅིག་ཏུ་བཞག་ནས། ལྷག་མཐོང་གིས་སྤྱོད་ཞེས་བགྱེད་དེ། སྡོམ་པ་ལ་རྟོག་དཔྱོད་བཏང་བས། ཇི་སྲིད་རྟོག་དཔྱོད་འདུག་ཕན་ཆད་བསམ་ཤེས་ལ། རྟོག་དཔྱོད་ལས་འདས་ཕན་ཆད་སྒོམ་ཤེས་སོ། །ཤེས་རབ་ཀྱི་ཆོས་ཐམས་མ་ངེས་ན། སྒོམ་མི་ཤེས་སོ་ཟེར་བ་འདུག །

(༡༦༢)ཅད་ཀྱི་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བར་རྟོགས་པ་སྟེ། ལྷག་པ་ཤེས་རབ་ཡིན་གསུང་ངོ་།། །།ན་མོ་གུ་རུ། བླ་མ་ལ་གུས་སྙིང་རྗེར་ལྡན། ཐེག་པ་ཆེན་པོའི་མ་ངེས་ན། སྒོམ་མི་ཤེས་སོ་ཟེར་བ་འདུག །སྣོད་དུ་བཤེས་པ་ལགས། ཕྱག་རྒྱ་ཆེན་པོ་ལ་གཉིས་ཏེ། ཕྱི་བཟུང་བའི་ཡུལ་རྟེན་འབྲེལ་ཆོགས་པའི་ངོར་སྣང་། སྣ་ཚོགས་སུ་སྣང་བ་འདི། ཤེས་པའི་འཁྲུལ་སྣང་ཡིན་ཏེ། རེ་ཤིག་རྨི་ལམ་སྒྱུ་མ་ལྟ་བུ་གཟུགས་བརྙན་ལྟ་བུ། མིང་ཙམ། བརྡའ་ཙམ། བཏགས་པ་ཙམ་ལས། དངོས་པོའི་ངོ་བོ་ཉིད་དུ་མ་གྲུབ་པ་ཅིག་ཡིན། འོན་ཀྱང་། ལས་རྒྱུ་འབྲས་ནི་རྨི་ལམ་སྒྱུ་མ་ཙམ་དུ་ཡེ་མི་སླུ་བར་ཤེས་དགོས། དེ་རྣམས་ནི་དེ་ལྟར་རྟོགས་པ་གོ་བར་བྱ་བའི་ཆོས་སོ། །ཉམས་སུ་བླང་བ་ལ། རང་རིག་འོད་གསལ་བ་འདི་རང་བཞིན་ཆོས་སྐུ། སྐྱེ་མེད་ཐམས་ཅད་ལ་ཁྱབ་པ་འདིའི་ངོ་བོ་རིག་པ་གསལ་ལ་མ་འགགས་པའི་སིང་ངེ་ཡེ་རེ་བ་འདི་ལགས།

(༡༦༣)དེའི་ངང་ལ་རྣམ་རྟོག་སྣ་ཚོགས་སུ་བྱུང་བའི་ང་། བག་ཆགས་ཀྱི་གཟུགས་བརྙན་ཙམ་ཡིན། ངོ་བོ་གོམས་པ་ལས་ཐ་མ་འོད་གསལ་དུ་ཤེར་བ་ལགས་སོ། །དེ་ལྟར་སེམས་འོད་གསལ་དེ་མ་བཅོས་པར་བཞག །རང་དགར་བཞག །རང་གསལ་མ་ཡེངས་པར་རྩེ་གཅིག་ཏུ་བཞག །དེ་ལྟར་ཉམས་སུ་བླངས་པས། ཤེས་པ་གསལ་ལ་མི་རྟོག་པ། བདེ་ལ་དངས་པའི་ཉམས་འཆར་ཏེ། དེས་རང་རྒྱུད་ཚིམས་ནས། ཤིན་དུ་ཡིད་ཆེས་པ་འབྱུང་ངོ། །དེ་ནི་ཉམས་སུ་མྱོང་བ་ཡིན་ནོ། །རང་གི་སེམས་ཀྱི་ངོ་བོ་སྐྱེ་འཇིག་མེད་པ། དུས་ཐམས་ཅད་པ། མི་འགྱུར་བ། ལྷུན་གྱིས་གྲུབ་བདེ་ལྟར་གོ་ན། རྟོགས་པ་རང་གི་སེམས་ཉིད་དེ། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡིན་དེས་སྙམ་པ་ཅིག་དགོས་གསུང་ངོ་།། །།ན་མོ་གུ་རུ། གཅིག་པོར་སྡོང་པ་ལ་གདེངས་རྣམ་པ་བཞི་དགོས་ཏེ། ལྟ་བའི་གདེང་བྱ་བ་ཆོས་ཐམས་ཅད་ལྷན་ཅིག་

(༡༦༤)སྐྱེས་པའི་ཡེ་ཤེས་སུ་གཏོགས་པས། ཐམས་ཅད་མཉམ་པ་ཉིད་དུ་གོ་བ་ཅིག་དགོས། ཉམས་མྱོང་གི་གདེང་བྱ་བ། རང་ལ་དོན་གྱི་ངོ་བོ་ཤར་བས། བློའི་ཡུལ་དུ་ཅི་དང་ཅི་བྱུང་བ་ཐམས་ཅད། དེའི་ངང་དུ་ཤེས་པ་ཅིག་དགོས། གསང་སྔགས་ནུས་པའི་གདེང་བྱ་བ། རང་གི་ཡི་དམ་ལྷའི་བསྙེན་པ་ཐིམ་པས། ཡི་དགས་ལ་སོགས་པའི་གནོད་པ་ཅི་བྱུང་ཡང་། ཕཊབྱས་པས་ཆོག་སྙམ་པ་ཅིག་དགོས། བླ་མའི་མན་ངག་གི་གདེང་བྱ་བ། ཞི་རྒྱས་དབང་དྲག་ལ་སོགས་པའི། །ལས་གང་དང་གང་ཡིན་པ་ཤེས་པ་ཅིག་དགོས། །ཤེས་གསུངས་སོ།། །།ན་མོ་གུ་རུ། ལར་སྒྲུབ་པ་པོ་རྟག་ཏུ་སྒོམ་པ་ལ། ཆོས་འདི་རྣམས་དགོས་པ་ཡིན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྟག་ཏུ་སྒོམ་དགོས། དེ་ཐེག་ཆེན་གྱི་གཞི་རྩ་ཡིན། རང་ལུས་ལྷ་སྐུ་སྒྱུ་མ་ཙམ་དུ་སྒོམ་དགོས། དེ་གཉིས་ཀྱིས་སངས་རྒྱས་ནས་གཟུགས་སྐུ་གཉིས་འབྱུང་བའི་རྒྱུ་ཡིན།

(༡༦༥)ཐབས་ལམ་གྱི་རྫོགས་རིམས་ནུས་ཚད་སྒོམ་དགོས། དེ་ཟུང་འཇུག་གི་རྟོགས་པ་སྒྲུབ་པ་དང་། འབྱུང་བའི་ནད་ཀྱིས་མི་ཚུགས་པ་དང་། ཊཱ་ཀི་ཆོས་སྐྱོང་རང་བཞིན་གྱིས་འདུ་བ་ཡིན། ཚ་གྲོའི་རྗེས་ལ་གསང་སྔགས་ཀྱི་བཟླས་པ་ཚན་རེ་ཙམ་བྱེད་པ་ཡིན། དེ་གྲ་འཕྲིན་ལས་འགྲུབ་པར་བྱེད་པའི་རྒྱུ་ཡིན་ནོ། །དེ་ལྟར་བསྐྱལ་བས་ཕྱིས་གང་ལ་ཡང་ཐོགས་བརྡུགས་མེད་པ་ཅིག་འོང་བ་ཡིན། དུས་རྟག་ཏུ་སེམས་ལ་མ་ཡེངས་པར་བལྟ་བ་ཡིན། དེ་འདུས་མ་བྱས་ཡིན། འདུས་བྱས་ཀྱི་དགེ་རྩ་ཐབས་ཁྱད་པར་ཅན་རྣམས་ཀྱང་། དེའི་ངང་ལས་མ་ཡེངས་པར་བྱེད་པ། ཟུང་འཇུག་གི་རྟོགས་པ་སྒྲུབ་པ་ཡིན། སྤྱིར་ཆོས་བཤའ་མར་བྱེད་པའི་གང་ཟག་ལ། ཆོས་སྐྱོང་དང་ཊཱ་ཀིས་རང་བཞིན་གྱིས་བསྲུང་བ། རྟེན་འབྲེལ་གྱི་ཆེ་བ་ཡིན། དེ་ཡང་། ཡི་དམ་གྱི་གཏོར་མའི་རྗེས་ལ་མཁའ་འགྲོ་ཆོས་སྐྱོང་ལ་བསྔོས་ནས། བདག་གི་

(༡༦༦)བར་ཆད་ཞི་བར་མཛོད་ཅིག་ཅེས་འཕྲིན་ལས་བཅོལ་བ་ཡིན། ལས་ཀྱི་ཁྲོ་བོ་རེ་ལ་བསྙེན་པ་བག་ཙམ་རེ་བསྐྱལ་ནས། ནམ་དགོས་པ་དང་ལས་ལ་སྦྱོར་བ་ཡིན། སྦྱོར་ཁ་ཆེན་པོ་བྱས་པས་ཆོག་པ་ཡིན། ལྷ་གང་ལ་བཏགས་ཀྱང་འོང་། །སྤྱིར་རང་ངམ་གཞན་ལ་བར་ཆད་བྱུང་ན། ཡི་དག་ལ་ལས་སྦྱོར་བྱས་པས། རང་ལ་སྡིག་པ་མི་འོང་། འདྲེ་དེ་རང་གི་རྣམ་རྟོག་ཡིན། རྣམ་རྟོག་མེད་པ་ལ་སྡིག་པ་མེད་དེ། ཡུལ་ལོགས་ནས་གྲུབ་པ་མེད། དེ་བས་འཕྲིན་ལས། སངས་རྒྱས་ཀྱིས་རྣམ་རྟོག་མེད་པར་གསུངས་པ་ཡིན་པས། ལས་སྦྱོར་བྱས་པ་ལ། སྡིག་པ་མི་འོང་བ་ཡིན་པས། ལིང་ག་ལ་སོགས་པ་ལ། རང་གི་རྣམ་རྟོག་པ་ཀུ་གནས་ལས་སྦྱོར་བྱ་གསུང་ངོ་། དེ་ཚོ་ཡང་གལ་ཆེ་སྟེ། སྤྱིར་ནང་དུ་ཆོས་ཅིག་ཆོད་ནས་ངེས་ད་ཅི་ལྟར་བྱས་ཀྱང་བཏུབ་སྙམ་པ་ཅིག་འོང་བ་ཡིན་གསུང་ངོ་།། །།ན་མོ་གུ་རུ། ཐེག་ཆེན་གསང་སྔགས་ཀྱི་དབང་དུ་བྱས་ན།

(༡༦༧)ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་འདུས་པ་ཡིན། ཐེག་པ་འོག་མ་དང་བསྟུན་ན། མི་དགེ་བ་བཅུ་སྤོང་བ་དང་། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཟློག་པ་ཡིན་ཏེ། དེ་ཡང་ལུས་ཀྱི་གསུམ་པོ་སྤོང་བ་སྐུའི་དམ་ཚིག །ངག་གི་བཞི་སྤོང་བ་གསུང་གི་དམ་ཚིག །ཡིད་ཀྱི་གསུམ་སྤོང་བ་ཐུགས་ཀྱིའོ།། །།དེའི་སྟེང་དུ་ཐེག་པ་ཆེན་པོ་བས། སེམས་ཅན་ཐམས་ཅད་ཕ་མར་བྱས་ནས། ལུས་ཀྱིས་ཕན་འདོགས་པ་སྐུའི་དམ་ཚིག །ངག་གིས་འདོགས་པ་གསུང་གི་དམ་ཚིག །ཡིད་ཀྱིས་འདོགས་པ་ཐུགས་ཀྱིའོ། །དེའི་སྟེང་དུ། གསང་སྔགས་པས། ཐམས་ཅད་ཡི་དམ་ལྷར་བྱས་ནས། མཆོད་པ་བྱེད་པ་ཡིན་ཏེ། བདག་གཞན་ཐམས་ཅད་ལྷ་སྐུ་སྒྱུ་མ་ལྟ་བུར་སྒོམ་པ་སྐུའི་དམ་ཚིག །ངག་སྔགས་ཀྱི་བཟླས་པ་བྱེད་པ་གསུང་གི་དམ་ཚིག །སེམས་འོད་གསལ་སྐྱེ་མེད་སྒོམ་པ་ཐུགས་ཀྱིའོ། །དེ་ལྟར་

(༡༦༨)ཐབས་ཤེས་རབ་ཏུ་ཤེས་པས། ཆོས་ཐམས་ཅད་ཐབས་ཤེས་སུ་སྒོམ་པ་འདི་མན་ངག་ཏུ་ཆེ་བ་ཡིན། དེས་ན། རང་རྒྱུད་ལ་ཆོས་འདིའི་ནང་ནས་འབྱུང་བ་ལྟར། སྤང་བྱ་རྣམས་སྤོངས་སམ་མ་སྤོངས། ཉམས་སུ་བླངས་བྱས་རྣམས་བླངས་སམ་མ་བླངས་སྙམ་དུ་བལྟ་བ་གལ་ཆེའོ། །ཞེས་གསུངས་སོ།། །།ན་མོ་གུ་རུ། རྒྱལ་པོ་གཞོན་ནུའི་སྤྱོད་པ་ནི། འཇིག་རྟེན་པས་གཤེས་ཀྱི་དོགས་པས་རྒྱལ་པོའི་སྤྱོད་ཚུལ་ལས་མི་ཉམས་པར་བྱེད་དོ། །དེ་བཞིན་དུ། རྣལ་འབྱོར་པ་ཡང་བསྐྱེད་རྫོགས་ཀྱི་དམ་ཚིག་ལས་མི་འདའ་བར་བྱེད་ཅིང་སྒྲུབ་འོ། །གསང་སྔགས་པ་ནི་རང་གི་ཡུལ་དང་། མིང་རུས་དང་། ཆོས་བླ་མ་ཐམས་ཅད་གསངས་ནས་གྲོང་ཁྲོད་དུ་ལྟོས། སྔར་གྱིས་དང་ཁྱད་པར་འདུག་གམ་བལྟ། ཁྱད་པར་འདུག་ན་ད་རུང་དབེན་པ་སྟེན་ལ། དེ་ལ་བརྟན་པ་ཐོབ་ནས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་འཇུག་སྟེ། སྤྱོད་པའི་དུས་ཚོད་ནི། གཞན་

(༡༦༩)མི་མོས་པ་སྒྱུར་ནུས་པ་ཡིན་ཏེ། ཏཻ་ལོ་ནཱ་རོ་དང་། སློབ་དཔོན་དྲིལ་བུ་པ་ལྟ་བུའོ། །དེ་མཐར་ཕྱིན་ནས་མཉམ་བཞག་ཆེན་པོའི་སྤྱོད་པ་ལ་འཇུག་པ་ཡིན་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ནས་ཟས་ཕྱོགས་མེད། གོས་ཕྱོགས་མེད། སྤྱོད་པ་ཕྱོགས་མེད། ཕྱོགས་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་ལ་འཇུག་པ་ཡིན་ཏེ། མཐར་ཕྱིན་པའོ།། ༄༅ །།ན་མོ་གུ་རུ། ཕྱག་རྒྱ་ཆེན་པོ་ལ་དུས་གསུམ་ཡོད་དེ། ལྷུན་གྱིས་གྲུབ་པའི་དུས་ནི། སེམས་ཀྱི་ངོ་བོ་དེ་ལ་བརྟན་ཞིང་། དབང་ཐོབ་བསྙམ་བྱེད་ཙ་ན། སངས་རྒྱས་ཀྱི་རྟེན་སྐྱེས་པ་ཡིན་ཏེ། ལྷུན་གྱིས་གྲུབ་པའོ། །བསམ་གྱིས་མི་ཁྱབ་པའི་དུས་ནི། བཟུང་འཛིན་གཉིས་མེད་དུ་རྟོགས་པ་ལ་བྱ་སྟེ། བདེན་པ་མཐོང་བའོ། །བདེ་བ་ཆེན་པོའི་དུས་ནི། ལས་དང་། སྲིད་པའི་ས་བོན་རྣམ་ཤེས་འགགས་ནས། ཆོས་སྐུ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱས་པའོ།། །།

(༡༧༠)ན་མོ་གུ་རུ། དོན་དམ་པ་ལ་རྒྱུ་འབྲས་རྩི་རྒྱུ་མེད། ཀུན་རྫོབ་ལ་རྩི་བ་ཡིན། རྒྱུ་ཡང་དག་པའི་ཀུན་རྫོབ་རྣལ་མ་ཅིག་ལ། འབྲས་བུ་གཟུགས་སྐུ་གཉིས་འབྱུང་། རྒྱུ་ལོག་པའི་ཀུན་རྫོབ་ལ། འབྲས་བུ་འཁོར་བའི་བདེ་སྡུག་འབྱུང་། ས་དང་པོའི་བྱང་ཆུབ་སེམས་དཔའ་ཡང་ཆད་ལ། ཟག་པ་མེད་པའི་སྡོམ་པ་བྱ་བ་ཡོད་དེ། མཐོང་ལམ་གྱི་མཉམ་བཞག་དེ་ཡིན། དེའི་རྗེས་ཀྱི་ཤེས་པ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་ཁྱད་མེད་པར་མཁྱེན་པ། དེ་རྣམས་ཀྱི་མངོན་སུམ་ཡིན། ད་ལྟ་སོ་སོ་སྐྱེ་བོའི་རྒྱུད་ལ་ངོ་བོ་རྣལ་མར་སྐྱེས་པའི་དོན་ཏེ། །ཟག་པ་མེད་པའི་ཚུལ་ཁྲིམས་ཡིན། དེའི་རྗེས་ཀྱི་ཤེས་པ། ཕྱིའི་ཡུལ་ལ་བློ་གཏང་ན་སྒྱུ་མར་འཆར། སྟོང་པར་འགྲོ་བ་དེ། རྣལ་འབྱོར་གྱི་མངོན་སུམ་ཡིན། རྒྱུ་འབྲས་འདི་མན་ཆད་ལ་རྩི་བ་ཡིན་གསུང་ངོ་།། །།ན་མོ་གུ་རུ། ཆོས་

(༡༧༡)ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བའོ། །ཆོས་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་པའོ། །ཆོས་སུ་འགྲོ་བ་ནི། དགེ་བ་བྱེད་པ་ཐམས་ཅད་ཚེ་འདིའི་འདུ་ཤེས་ཀྱིས་མ་བསླད་པའོ། །ལམ་དུ་འགྲོ་བ་ནི། དགེ་བ་ཅི་བྱེད་ཐམས་ཅད། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས། གཞན་དོན་དུ་བསྔོའོ། །ལམ་འཁྲུལ་པ་སེལ་བ་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་གོམས་པས། ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་པ་ཤར་ནས། དངོས་པོར་འཛིན་པ་ལས་ལོག་པའོ། །འཁྲུལ་བ་ཡེ་ཤེས་སུ་འཆར་བ་ནི། རྟོགས་པ་དེ་སྒོམ་པ་ལ་བརྟེན་ནས། སེམས་ཉིད་ཀྱི་ངོ་བོ་གཉུག་མའི་དོན་རྟོགས་ཤིང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་། སྐྱེ་བ་མེད་པར་རྟོགས་པའོ། །ཞེས་གསུང་ངོ་།། །།ན་མོ་གུ་རུ། རྒྱུ་སྡུག་

(༡༧༢)བསྔལ་ལས། འབྲས་བུ་སྡུག་བསྔལ་འབྱུང་བ་ཡོད། རྒྱུ་སྡུག་བསྔལ་ལས་འབྲས་བུ་བདེ་བ་འབྱུང་བ་ཡོད། རྒྱུ་བདེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་ཡོད། རྒྱུ་བདེ་བ་ལས། འབྲས་བུ་བདེ་བ་འབྱུང་བ་ཡིད། དེ་ལ་དང་པོ་ནི། ཚེ་འདིའི་འདོད་པ་ལ་བློ་ཤོར་ནས་སྡིག་པ་མི་འཛེམ། སྡུག་པ་ལ་མི་བལྟ། གཏམ་ངན་པ་ལ་མི་བལྟ་བར། དུས་རྟག་ཏུ་འདོད་པས་གདུངས་པ་ནི། རྒྱུ་སྡུག་བསྔལ་ཡིན་ལ། འབྲས་བུ་ངན་སོང་དུ་སྐྱེའོ། །གཉིས་པ་རྒྱུ་སྡུག་བསྔལ་ལས་འབྲས་བུ་བདེ་བ་འབྱུང་བ་ནི། མཁན་སློབ་ཀྱི་སྤྱན་མདར་སོ་ཐར་གྱི་སྡོམ་པ་ཚུལ་བཞིན་དུ་བླངས་ནས། དཀའ་ཐུབ་དང་། དཀའ་སྤྱད་བྱེད་པ་ནི་རྒྱུ་སྡུག་བསྔལ་ལྟར་འདུག་སྟེ། འབྲས་བུ་ལྷ་མའི་བདེ་བ་ཐོབ་བོ། །གསུམ་པ་རྒྱུ་བདེ་བ་ལས། འབྲས་བུ་སྡུག་བསྔལ་འབྱུང་བ་ནི། ཚེ་སྔ་མ་སྦྱིན་པ་བཏང་བའི་ཤུགས་ཀྱིས། འདོད་ཡོན་ལ་ལོངས་སྤྱོད་རྒྱུ་བྱུང་ནས། ཆོས་

(༡༧༣)མི་བྱེད་བར་དེའི་རོ་ལ་བལྟ་ཞིང་ཆགས་པ་ནི། རྒྱུ་བདེ་བ་ལྟར་འདུག་སྟེ། འབྲས་བུ་སྡུག་བསྔལ་འབྱུང་ངོ་། །བཞི་བ་རྒྱུ་བདེ་བ་ལས། འབྲས་བུ་བདེ་བ་འབྱུང་བ་ནི། བླ་མ་རྟོགས་ལྡན་གཅིག་གིས། སློབ་མ་སྣོད་ལྡན་གཅིག་ཁྲིད་ནས། རི་ལ་སྒོམ་པ་ནི། རྒྱུ་བདེ། ལམ་བདེ། འབྲས་བུ་བདེ་བས་ན། བདེ་བ་ཆེན་པོ་ཞེས་བྱའོ།། །།སྤྱིར་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དགོས་ལྷ་རྗེ་ཉིད་ཀྱིས་བྱིན་གྱིས་བརློབས། མི་ང་རང་གང་ཡིན་ཟེར་ཙ་ན། ང་རང་ཚུལ་ཁྲིམས་སྙིང་པོ་ཡིན།

(༡༧༤)མི་ལ་ལ་ནི་གཙོ་བོ་གཙོ་བོ་ཟེར། །གཙོ་བོ་ཟེར་ཡང་འགྱོད་རྒྱུ་མེད། །གྲོས་སུ་ཤཱཀྱ་མུ་ནེ་བཞུགས། །ལ་ལ་ནི་གནས་བརྟན་གནས་བརྟན་ཟེར། །གནས་བརྟན་ཟེར་ཡང་འགྱོད་རྒྱུ་མེད། །གནས་གཞིར་ལྷ་ས་རྣམ་གཉིས་བཞུགས། །མཐོ་ལ་མཐོ་འགྲོགས་མ་བྱས་ཤིང་། །དམའ་ལ་ཁྱད་དུ་གསོད་མ་མྱོང་། །མཉམ་མ་

(༡༧༥)འགྲན་སེམས་མ་བྱས་ཏེ། །གྲོགས་ཤེད་མཐུན་བྱུང་ན་ཐང་སོར་སྐྱོང་། །ནོར་ཡོད་ན་བླ་མ་རྗེ་ལ་མཆོད། །མེད་ན་ཤེས་པ་གློད་ལ་གཞོག །ཕ་འཇིག་རྟེན་གྲགས་པ་དེ་སྐད་གསུང་།། །།ཞེས་པ་ནི། རྗེ་ཉིད་ཀྱི་དབོན་པོ། སྤྱན་སྔ་ཆོས་རྗེ་བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་སླད་དུ་རི་བོ་ཤན་ཏིར་པར་དུ་བགྱིས་པའོ།། །།

(༡༧༦)

(༡༧༧)ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བསླབ་གསུམ་རྣམ་བཞག་ལ་སོགས་པ་བཞུགས་སོ།། །།

(༡༧༨)ན་མོ་གུ་རུ། རིན་པོ་ཆེ་ལྷ་རྗེའི་ཞལ་ནས། བསླབ་པ་རྣམ་པ་གསུམ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་སེམས་ཀྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །ཚུལ་ཁྲིམས་གང་ཞེས་ན། མཁན་པོ་དང་སློབ་དཔོན་ལ་སོ་སོ་ཐར་པའི་སྡོམ་པ་བླངས་ནས། ཇི་ལྟ་བ་བཞིན་བསྲུང་བ་ནི་སོ་ཐར་སྡོམ་པའི་ཚུལ་ཁྲིམས། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསླབ་བྱ་ལ་སློབ་པ་ནི།

(༡༧༩)བྱང་སེམས་སྡོམ་པའི་ཚུལ་ཁྲིམས། དེ་ནས། གསང་སྔགས་ཀྱི་དབང་བསྐུར་ཞུས་ནས། དམ་ཚིག་ཇི་ལྟ་བ་བཞིན་བསྲུང་བ་ནི། གསང་སྔགས་སྡོམ་པའི་ཚུལ་ཁྲིམས། གང་ཟག་གཅིག་གི་རྒྱུད་ལ་སྡོམ་པ་གསུམ་རྟེན་འབྲེལ་བསྐོར་ཅིག་ཏུ་གནས་དགོས་ཏེ། གནས་ན་ཇི་ལྟར་གནས། བསྲུང་ན་ཇི་ལྟར་བསྲུང་། ལྡན་ན་ཇི་ལྟར་ལྡན། འཆོས་ན་ཇི་ལྟར་འཆོས་པའོ། །དེ་ཡང་། གནས་ན་བྱེ་བྲག་ཏུ་གནས་ཏེ། བྱེ་བྲག་གང་ཞེས་ན། མཁན་པོའམ་སློབ་དཔོན་ལ་སྡོམ་

(༡༨༠)པ་བླངས་པའི་དུས་སུ། ངས་སོ་སོ་ཐར་པའི་སྡོམ་པ་ཐོབ་སྙམ། སེམས་བསྐྱེད་པའི་དུས་སུ། ངས་སེམས་བསྐྱེད་ཐོབ་བྱང་ཆུབ་སེམས་དཔའ་ཡིན་སྙམ། དེ་ལྟར་སྙམ་པ་ཙམ་ལས། ངོ་བོ་གཅིག་སོ་སོར་ནི་ཡོད་པ་མ་ཡིན་ནོ། །བསྲུང་ན་འཆོལ་པར་བསྲུང་། འཆོལ་པ་གང་ཞེ་ན། སོ་སོ་ཐར་པའི་དུས་སུ་འདུལ་བ་བཞིན་བསྲུང་། སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱ། དབང་བསྐུར་ནས་གསང་སྔགས་ཀྱི་དམ་ཚིག་བསྲུང་། ལྡན་ན་ཡར་ལྡན་ཏེ། ཐུགས་འདོམ་བྱུང་བའི་དུས་སུ། རིམས་ཀྱིས་གོང་མ་གཙོ་ཆེར་བྱའོ། །འཆོས་ན་གྲུབ་མཐའ་འཆོས་ཏེ། སོ་ཐར་ལ་སྐྱོན་བྱུང་ན། མཁན་པོ་ལ་སོགས་པ་ལ་བཤགས་པས་ཆོག་ན་བཤགས། བསྐྱར་དགོས་ན་བསྐྱར། བྱང་ཆུབ་སེམས་དཔའི་དུས་སུ་སྐྱོན་བྱུང་ན། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་བཤགས་པས་ཆོག་ན། བསྡམ་པར་འོས་ན་བསྡམ། གསང་སྔགས་ཀྱི་ལྟུང་བ་བྱུང་ན། བླ་མ་ལ་བཤགས་པས་ཆོག་ན་

(༡༨༡)བཤག །བསྐྱར་དགོས་ན་བསྐྱར་རོ། །དེ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །ལྷག་པ་སེམས་ཀྱི་བསླབ་པ་ནི། སྡོམ་པ་རྣམས་ལ་བསྔོ་བགྲང་བྱེད་ཅིང་། རང་གི་སེམས་ཉིད་གླང་པོ་ཆེ་སྨྱོན་པ་ལྟ་བུ་དེ། ལྷག་པ་ཚུལ་ཁྲིམས་ཀྱི་དམིགས་པའི་ཀ་བ་ལ། དྲན་པའི་ཞགས་ཐེག་གིས་དམ་དུ་བཅིངས། ཤེས་རབ་ཀྱི་ལྕགས་སྐྱུས་བཟུང་ནས། བློ་རིམས་ཀྱིས་བསྒོམ་པ་ནི་ཞི་གནས་སོ། །དེ་ལྟར་ཞི་གནས་ཀྱི་སེམས་རྩེ་གཅིག་ཏུ་བཞག་ནས། ལྷག་མཐོང་གི་སྤྱོད་པ་ཞིག་བྱེད་དེ། སྡོམ་པ་ལ་རྟོག་དཔྱོད་བཏང་བས། ཇི་སྲིད་རྟོག་དཔྱོད་འདུག་ཕན་ཆད་བསམ་ཤེས་ལ། རྟོག་དཔྱོད་ལས་འདས་ནས་བསྒོམས་ཤེས།། །།ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་གོ་ཞིང་རྟོགས་པའོ། །དེ་ནི་སླབ་པ་རྣམ་པ་གསུམ་མོ།། །།ན་མོ་གུ་རུ། ཤེས་རབ་རྣམ་པ་གཉིས་ནི། དོན་དམ་པའི་ཤེས་རབ་དང་། ཀུན་རྫོབ་ཀྱི་ཤེས་རབ་བོ། །དོན་

(༡༨༢)དམ་པའི་ནི་གཉུག་མའོ། །ཀུན་རྫོབ་ནི་ཆོས་རྣམས་ལ་རྣམ་པར་འབྱེད་པའོ། །དེ་ལ་གསུམ་སྟེ། རྒྱུ་དང་། ངོ་བོ་དང་། གེགས་སོ། །རྒྱུ་ཐོས་བསམ། ངོ་བོ་སྐྱེ་མེད། གེགས་ཐོས་བསམ་མི་བྱེད་པའོ།། །།བདག་མེད་པ་རྣམ་པ་གཉིས་ནི། གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་མེད་དོ། །དེ་ལ་ཉན་ཐོས་པ་རང་གི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་མ་དཔེ་ཁ་ཅིག་ན། ཆོས་ཀྱི་བདག་ཉིད་ཉོན་མོངས་པའི་ཚོགས་ཡོད་མ་མྱོང་བའི་ཕྱིར། ཐེག་པ་ཆེན་པོ་ནི་བདག་དང་ཅེས་བྱ་བ་སྣང་། །རྣམས་གང་ཟག་གི་བདག་ཏུ་འདོད་དེ། རྒྱུ་ཉོན་མོངས་པས་གང་ལ། འབྲས་བུ་སྡུག་བསྔལ་གྱི་ཕུང་པོར་ཟག་པས་ན་ཟག་གོ། །ཆོས་ཀྱི་བདག་ནི། ཕྱི་བཟུང་བའི་ཡུལ་ལོ། །ཐེག་པ་ཆེན་པོ་ནི་བདག་དང་ཁམས་གསུམ་སྣང་གྲགས་ཀྱི་ཆོས་ལ་བྱ། ཆོས་ནི་ནང་འཛིན་པའི་སེམས་ལ་བྱའོ། །འོ་དོད་རྣམ་པ་གསུམ་ནི། སྙན་པའི་འོ་དོད། བདེ་བའི་འོ་དོད། གྲགས་པའི་འོ་དོད་ནི། སྙན་པའི་འོ་དོད་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲོ་བ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་

(༡༨༣)པའི་གཉུག་མ། དེ་རང་ལ་ཡོད་པས་གཞན་ནས་བཙལ་མི་དགོས་སོ། །བདེ་བའི་འོ་དོད་ནི། སྡུག་བསྔལ་སྤངས་པའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་དེ། རང་གི་སེམས་རིག་པ་ཆོས་ཀྱི་སྐུ་འདི་ཁོ་ན་ཡིན། ལོགས་ན་མེད་པས་བཙལ་མི་དགོས་སོ། །གྲགས་པའི་འོ་དོད་ནི། སྣང་གྲགས་ཀྱི་ཆོས་འདི་དག་ཐམས་ཅད་རང་གི་སེམས་ཡིན། ལོགས་ནས་མ་བྱུང་ཁྱོད་དེ་ལ་འཇིགས་མི་དགོས་སོ།། །།སྨྱོ་བ་དང་མ་སྨྱོ་བའི་ཁྱད་པར་ནི། ཚེ་འདི་འབའ་ཞིག་དོན་དུ་གཉེར་བ་རྣམས་ནི་སྨྱོ་བའོ། །མི་དགེ་བ་བཅུ་སྤངས་ནས། དགེ་བ་བཅུ་དང་དུ་ལེན་པ་རྣམས་ནི་མ་སྨྱོ་བའོ། །མཁས་མི་མཁས་ཀྱི་ཁྱད་པར་ནི། ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་འཇིགས་ནས། དེས་སྐྱབས་སུ་སངས་རྒྱས་འབའ་ཞིག་ཤེས་ཏེ། འབྲས་བུ་ལྷ་མི་ཐོབ་པར་འདོད་པ་ནི་མི་མཁས་པ་ཡིན། སྤྱིར་འཁོར་བའི་མཚན་ཉིད་ཤེས་ནས། སེམས་ཅན་གྱི་དོན་དུ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་ནི་མཁས་པ་ཡིན། རྒྱུ་ཚུལ་

(༡༨༤)ཁྲིམས་རྣམ་པར་དག་པ། མཚན་ཉིད་དམིགས་པ་རྩེ་གཅིག་ཏུ་གནས། ཉམས་བདེ་བ་མི་རྟོག་པ། རྣམ་རྟོག་ཉེ་བར་ཞི་བ། འབྲས་བུ་མི་རྟོག་པ་ཤས་ཆེ་བ། གཟུགས་མེད་སྐྱེ་མཆེད་མུ་བཞིའོ། །གསལ་བ་ཤས་ཆེ་ན། གཟུགས་ཁམས། བདེ་བ་ཤས་ཆེ་ནི། འདོད་ཁམས་སོ། །རྒྱུ་ཐོས་བསམ་གྱི་ཤེས་རབ། མཚན་ཉིད་སེམས་རྣམ་པར་དག་པ། ཉམས་གསལ་བ་མི་རྟོག་པ། འབྲས་བུ་ཆོས་སྐུ་ཟུང་དུ་འབྲེལ་ན་ཉམས་དེ་ཡོ་འཆར་རོ། །ཉམས་བདེ་གསལ་མི་རྟོག་པ་ཡིན། རྟོགས་པ་ནི། སེམས་སྐྱེ་འཇིག་དང་བྲལ་བར་གོ་བ་དེ་ཡིན། དེ་ལྟར་ངེས་ཀྱང་། སེམས་བདེ་བདེ་པོའམ། གསལ་གསལ་པོ། གནས་གནས་པོ་ཅིག་འདོད་ན། རྟོགས་པ་ཉམས་སུ་ཤོར་བ་ཡིན། ཉམས་མྱོང་བྱུང་བའི་དུས་སུ། རྟོགས་པ་འདི་རང་ཡིན། འདི་ལས་ལྷག་པ་མེད་སྙམ་ནས། དེ་ལས་དོན་དམ་དུ་འཛིན་ན། ཉམས་རྟོགས་པར་ཤོར་བ་ཡིན། རྟོགས་པ་མེད་ན་ཉམས་མྱོང་དེས་མཐོ་རིས་ཀྱི་རྒྱུ་ལས་མི་

(༡༨༥)འོང་། ཉམས་ཀྱི་ཞེ་འདོད་བྱུང་ཡང་རྩ་བ་ཆོད་ན། རྟོགས་པ་ངེས་ལམ་སྣ་ཟིན། ཉམས་མྱོང་བྱུང་ཡང་རྟོགས་པ་མེད། ཏོགས་པ་བྱུང་ན་ཉམས་མྱོང་མི་འབྱུང་མི་སྲིད། རྟོགས་པ་ནི། སེམས་རིག་པའི་ངོ་བོ་འདི་ལྷག་གེ་མཐོང་བའི་དུས་སུ། འདི་ཡིན་གསུངས་པ་ལ། འདི་དང་པོ་ནས་ངོ་ཤེས་ཐང་བ་ཅིག་འདུག་པ་ལ་སྙམ་པ་འོང་། དེ་ལ། ཉམས་བདེ་བ་ནི། ཟག་པ་མེད་པ་རང་བཞིན་གྱིས་བདེ་བ་ཆེན་པའོ། །གསལ་བ་ནི། ཁ་ན་ཙོན་ནེ་འོང་སྙམ་བྱེད་པའོ། །སྦར་མོས་བཅད་དུ་འདོད་པ་སྙམ་བྱེད་པའོ། མི་རྟོགས་པ་ནི། རྟོག་པ་ཕྲ་མོས་ཀྱང་མི་གོས་པའོ། །དེ་ཉམས་རྟོགས་གཉིས་མེད་དུ་ཤར་བ་ཡིན། གནས་པའི་ཉམས་ནི། ཐབས་ལམ་བཅུན་པས། རླུང་དྷཱུ་ཏཱིར་ཚུད་པའི་སྟོབས་ཀྱིས་བདེ་བ་ནི། ཟག་བཅས་ཀྱི་བདེ་བས་ལུས་སེམས་རྒྱས་པར་འོད་གསལ་བ་ནི། དེ་ཉམས་སུ་མྱོང་བ་ཡིན། མི་རྟོག་པ་ནི། རྟོག་མེད་ཀྱི་ཏིང་ངེ་འཛིན་དྲན་པ་མེད་པ་ཕྱམ་ཕྱམ་པ་འོང་། དེ་ནི་རྒྱུ་ལས་འབྲས་བུ་འབྱུང་བ་

(༡༨༦)ཡིན་གསུང་ངོ། །བླ་མ་ལྷ་རྗེ་རིན་པོ་ཆེའི་གསུང་སྒྲོས། སློབ་དཔོན་སྒོམ་ཚུལ་དང་། སྒོམ་ཆུང་གཉིས་ལ་གདམས་པ། དེས་གཏོད་ལུངས་ཀྱི་སྤྱན་སྔའི་སློབ་དཔོན་ཕོ་རོ་པ་ལ་གདམས་པའོ། །ཨྠིྀ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དགེ་བཤེས་ལྕགས་རིས་བ་ལ། བཀའ་གདམས་པ་རྟོག་པ་མི་སྤོང་བར་ལམ་དུ་འཁྱེར་བའི་གདམས་པ་བདོག་གམ་ཞུས་པས། དགེ་ཤེས་བླང་རི་ཐང་པས། ཆོས་དགེ་བཤེས་ཕུ་ཆུང་པ་ལ་ཞུས་པས། སོ་ཐམ་པ་ཅིག་མཛད་ནས། ཡོད་པ་ཡོད་དེ། ང་ལ་བཟླས་དབང་མེད་པ། འབན་ཆོས་པ་བྱུང་ཟེར་འོང་གསུང་སྐད། ཕྱིས་རྣལ་འབྱོར་པ་གཉིས་ལ་གདམ་ངག་བདོག་གམ་ཞུས་པས། བྱུང་གསུང་། དེ་གཉིས་ཀྱིས་ཇོ་བོ་རྗེ་ལ་ཡང་སློབ། ལོ་ཙྪ་བ་རིན་ཆེན་བཟང་པོ་དང་། སྒོམ་ཆེན་སྤུན་གཉིས་ཀྱི་སྲས་ལགས་སྐད། དབུས་སུ་ལགས་རི་བ། དེས་སྨིན་པར་མཛད་གསུང་། གདམ་ངག་ཇི་ལྟར་ཞུས་ན། རྟོགས་པའི་རྒྱུ་མེད་དེ་གཞི་རྩ་མ་གྲུབ་པས། རྟོགས་པའི་ཐབས་ལ་མཁས་ཏེ། བཀའ་

(༡༨༧)རྟགས་ཀྱི་ཕྱག་རྒྱ་དང་འདྲ། རྒྱལ་པོས་བཀའ་རྟགས་ཡོད་པ་དེ་བསྐུར་བས། ཇག་པ་དང་འཕྲད་ཀྱང་རྟགས་དེ་ཡོད་པས་མི་འཇིགས་ཀྱི་སྟེང་དུ་གྲོགས་བྱེད། དེ་བཞིན་དུ། གསང་སྔགས་ཀྱིས་ཐབས་ཀྱི་ཉོན་མོངས་པས་མི་གནོད་ཀྱི་སྟེང་དུ་ལམ་དུ་འཆར་བ་ལྟར་རྟོགས་པའི་ཐབས་དང་ལྡན་པས། ཀུན་ནས་ཉོན་མོངས་ཀྱི་ཆོས་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་ངོ་ཤེས་པའི་སྤང་བླང་མེད། སྤང་བླང་མེད་པས་རེ་དོགས་མེད། ཕྱི་ནང་གི་ཆོས་ཐམས་ཅད་རྟོག་པར་འདུག །རྟོག་པ་སེམས་སུ་ཤེས་ནས། སེམས་སྐྱེ་བ་མེད་པ་ཆོས་སྐུ་རུ་ངོ་ཤེས་པས་འབྲས་བུ་ལ་རེ་བ་མེད་དེ། སྐུ་གསུམ་རང་ལ་ཡོད་པའི་ཕྱིར། འཁོར་བ་ལ་དོགས་པ་མེད་དེ། སྤང་དུ་མེད་ཅིང་ཤེས་རབ་ཀྱི་བུད་ཤིང་ཡིན་པའི་ཕྱིར། གང་ཡང་སྤང་བྱ་མ་ཡིན་པས་སྤང་བྱ་ནི་མེད་གསུང་། སྒོམ་ཆེན་པས་སྒོམ་པའི་དུས་སུ་རྟོག་པ་འབྱུང་སྟེ། དེ་ལ་ཕྲད་འཇོམས་པ་དང་། ཕྱི་བསྙེགས་པ་དང་། མེད་སྤྲུལ་ལོ། །དེ་ལ། ཕྲད་འཇོམས་པ་ནི།

(༡༨༨)རྣམ་རྟོག་བྱུང་མ་ཐག་ཏུ་སྐྱེ་མེད་དུ་ཆོད་ནས། རང་སེམས་ངོ་ཤེས་པ་དེ་ཡིན་གསུང་། ཕྲད་མ་འཇོམས་ན། ཕྱི་བསྙག་པ་ནི། རྣམ་རྟོག་དེ་གང་ནས་བྱུང་ན། སེམས་ལས་བྱུང་། སེམས་ལ་ཐིམ། སེམས་དང་ཐ་མི་དད་པར་བསམ་པ་དེ་ཡིན་གསུང་། མེད་སྤྲུལ་པ་ནི། གང་ཤེས་པ་ལ་ལྕི་བ་དེ་ཡིད་ལ་མི་བདེ་བར་འཛིན་ན། ཤིན་ཏུ་ལྕི་བ་ཅིག་སྤྲུལ་པ་ཡིན་ཏེ། འོ་སྐོལ་ཏུ་རབ་བྱུང་བ་ལ། རྩ་བ་བཞི་ལ་ཉེས་སྐྱོན་མེད་བཞིན་དུ་མིས་སྐུར་པ་བཏབ་ན། ཤེས་པ་ལ་དེ་ལྕི་ཡིད་ལ་དེ་མི་བདེ་བ་ཡིན་ཏེ། དེ་རྣམ་པར་རྟོག་པ། རྣམ་པར་རྟོག་པ་དེ་སེམས། སེམས་དེ་སྐྱེ་མེད་ཡིན་གསུང་། དེ་ལ་དཔེ་རྣམ་པ་གསུམ། དང་པོ། ནགས་ལ་མེ་ཤོར་བ་དང་འདྲ་སྟེ། ནགས་ལ་མེ་ཤོར་ཙ་ན་རླུང་ཉིད་གྲོགས་སུ་འགྲོ། །རྩི་ཤིང་ནགས་ཚལ་ནས། ས་རྡོ་ཚུན་ཆད་ཀྱང་གྲོགས་སུ་འགྲོ་སྟེ། དགེ་བའི་བཤེས་གཉེན་གླང་རི་ཐང་པའི་ཞལ་ནས། ཤིན་ཐམས་ཅད་གྲོས་བྱས་ནས། མེ་ལ་དམག་དྲངས་པས། མེ་ན་རེ། ཁྱེད་ཇི་ལྟར་མང་བ་ལྟར་དེའི་འདོད་ཡིན་བྱ་བ། ཤེར་

(༡༨༩)ཕྱིན་ན་བཞུགས་སྐད། དེ་བཞིན་དུ། རྣམ་རྟོག་ཇི་ལྟར་མང་བ་ལྟར་ཤེས་རབ་ཀྱི་གྲོགས་སུ་འགྲོ། གཉིས་པ། ཆུ་ལ་ཁ་བ་བབ་པ་དང་འདྲ་སྟེ། བབ་མ་ཐག་ནས་ཆུར་རོ་གཅིག་པར་འགྱུར། དེ་བཞིན་དུ། རྣམ་རྟོག་བྱུང་མ་ཐག་ནས་ལྷན་ཅིག་སྐྱེས་པར་རོ་གཅིག་གོ། །གསུམ་པ། སྔར་འགྲིས་པའི་མི་དང་ཕྲད་པ་འདྲ་སྟེ། སྔར་འགྲིས་ཀྱི་མི་དང་ཕྲད་ཙ་ན། ཡིན་མིན་གྱི་རྟོག་དཔྱོད་བགྱི་མི་འཚལ། དེ་བཞིན་དུ། རྣམ་རྟོག་ལ་རྟོག་དཔྱོད་བགྱི་མི་འཚལ་བར་སྐྱེ་མེད་དུ་ངོ་ཤེས་གསུང་། དགེ་བའི་བཤེས་གཉེན་ཕོ་ཆུང་བའི་ཞལ་ནས། རྟོག་པ་ཉིད་ལམ་དུ་ཁྱེར་ན་སྤངས་པས་ཅི་ལ་སྤོངས་གསུང་སྐད་དོ། །རྣམ་རྟོག་ལམ་འཁྱེར་ཡིན་ཏེ། བླ་མའི་དང་ཅུང་མི་འདྲ་གསུང་། སྟོང་ཉིད་རམ་འདར་ལྡོག་ཞང་ཨེན་ཙམ་ཅིག་ཡོད་གསུང་། རྟོག་པའི་རྒྱུ་མེད་བྱ་བའམ། ཤེས་རབ་ཀྱི་བུད་ཤིང་མིན་བྱ་བ་ལ་སོགས་པ་གསུངས་པས་སོ། །ལྕགས་རི་བའི་གདམ་ངག་ཡིན་གསུང་། ཁ་ཅིག་

(༡༩༠)ཐབས་གཙོ་ཆེར་འཆད། ཁ་ཅིག་ཤེས་རབ་གཙོ་ཆེར་འཆད་དེ། བློ་དམན་པའི་དུས་ས་ཐབས་གཙོ་ཆེ་བ་མན་ངག་ཡིན་གསུང་། བླ་མའི་ཞལ་ནས། བློ་ཡར་སོང་ཙ་ན། ཤེས་རབ་གཙོ་ཆེར་རང་ཤུགས་ཀྱི་འགྲོ་བ་ཡིན་གསུང་། ད་ཡོད་ང་ལ་མི་དགོས་སྙམ་ན། དགོས་བསྔོ་བ་ཡིན་གསུང་། ཤུགས་འབྱུང་གིས་འགགས་པ་ཅིག་དགོས་པ་ཡིན། ཤུགས་འབྱུང་བྱ་བའི་གོ་བ་ནི། བཅོས་མ་དང་བྲལ་བ་ཅིག་ཡིན་གསུང་ངོ། །སྒོམ་ཆེན་པ་རྣམས་ལ་ཞུ་བ། གནས་པའི་དུས་སུ་རྟོག་མེད་དེ་རྒྱུན་བསྲིང་བ་ཡིན་ཏེ། ངོ་བོ་ལ་རྟོག་མེད་རྒྱུན་བསྲིང་ན་ཆོས་ཀྱི་གནད་མ་གོ་བ་ཡིན། ཆོས་མ་ཆོད་པ་ཡིན་གསུང་ངོ་། །གདོད་མ་ནས་རྒྱུན་ཆད་མ་མྱོང་བའི་གནད་ཀས་གསུང་། བླ་མའི་ཞལ་ནས། སྟོང་ཉིད་ཀྱི་སྤྱིའི་གོལ་ས་བཞི་ཡིན། སྟོང་ཉིད་ཤིས་བྱའི་གཤིས་ལ་ཤོར་བ་བྱ་བ། ཆོས་ཐམས་ཅད་ནམ་མཁའ་ལྟར་ཅི་ཡང་མ་གྲུབ་ཟེར་བ་དེ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་སྒོམ་ལུགས་

(༡༩༡)ཡིན། བློས་བྱས་ཀྱི་སྟོང་ཉིད་བྱ་བ་ཡིན་ཏེ། རྫོགས་ཆེན་པ་ལ་ཉེ་བ་ཡིན་གསུང་། རྒྱས་འདེབས་ནི་སྔགས་ཀྱི་ལུགས་ཡིན་ཏེ། རྒྱུ་ལ་འབྲས་བུའི་རྒྱས་འདེབས་ཤིང་། འབྲས་བུ་ལ་རྒྱུས་རྒྱས་འདེབས་ཞེས་ཟེར་ཞིང་། དེ་ཡང་སྟོང་པ་ཡིན་ཟེར་ནས། ཐམས་ཅད་བློས་བྱས་ཀྱི་སྟོང་པས་རྒྱས་འདེབས་པ་དེ་ཡིན་ཏེ། སྟོང་ཉིད་རྒྱས་འདེབས་ལ་ཤོར་བ་ནི་ཚེར་མ་ལ་དར་གྱིས་གཡོགས་པ་དང་འདྲ་གསུང་། སྟོང་ཉིད་གཉེན་པོར་ཤོར་བ་ཡིན་ཉོན་མོངས་པ་ལ་སོགས་པ་ཐམས་ཅད་སྟོང་པར་བསྒྱུར་ནས། སྟོང་ཉིད་ལ་ཉོན་མོངས་པའི་གཉེན་པོ་ཡོད་མ་མྱོང་གསུང་། སྟོང་ཉིད་ལམ་དུ་ཤོར་བ་བྱ་བ་ནི། བླ་མའི་ཞལ་ནས། སྟོང་ཉིད་དེ་ལམ་མ་ཡིན། འབྲས་བུ་ཡིན་གསུང་། བཞིར་བཤད་ཀྱང་དོན་ལ་ཤེས་བྱའི་གཤིས་ཤེས་བྱ་བ། བློས་བྱས་ཀྱི་སྟོང་པ་དེ་ཡིན་གསུང་། ཞེན་པ་དང་བྲལ་བ་ལ་དེས་ཀྱང་ཕན་དུ་རུང་གསུང་། རབ་ཀྱི་ཉན་ཐོས་ཀྱི་བྱང་ཆུབ་འོང་སྲིད། འབྲིང་གི་བསམ་གཏན་གྱི་དངོས་གཞི་ཙམ་འབྱུང་། ཐ་མས་

(༡༩༢)ཚེ་འདི་ལ་ན་ཚ་ཞི་ཙམ་འབྱུང་གསུང་། དོན་དམ་པ་འདི་འདྲ་མ་ཅིག་ཡིན་བྱ་བ་སངས་རྒྱས་ཀྱི་ཀྱང་གསུང་བར་མ་ནུས། རྒྱུན་ཆད་མེད་པ་དེ་སངས་རྒྱས་ཀྱི་བཀག་ཀྱང་མི་ཁེགས། སངས་རྒྱས་ཀྱིས་གཟིགས་པར་ཡང་མི་འགྱུར་གསུང་། རིན་པོ་ཆེའི་ཞལ་ནས། བཀའ་གདམས་པ་ཡང་ལྟ་བ་ལ་རྩིས་ཆེ། གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། ལྟ་བ་བལྟས་ཐོན་པ་རྩིས་ཆེ་གསུང་། བླ་མ་ཡང་གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། སྤྱིར་ཆོས་ཐམས་ཅད་ཉམས་ཐོག་ནས་མྱོང་བ་ཅིག་དགོས་གསུང་ངོ། །སྟོང་ཉིད་ཤེས་བྱའི་གཤིས་སྒོམ་པ་དང་། རྩ་རླུང་བསྒོམས་པའི་རྟེན་འབྲེལ་གྱིས་ཉམས་འབྱུང་བ་དེ་ཡང་ཉམས་ཡིན་ཏེ། དེས་ཆོས་ཤ་རུས་ཆོད་པ་མི་མཆི་གསུང་། ཆོས་ཤ་རུས་ཆོད་པ་ལ། དོན་དམ་སྐྱེས་པའི་ཉམས་ཅིག་དགོས། ཀུན་རྫོབ་སྒྱུ་མར་མཐོང་བར་བྱ་བ་དང་སེམས་ཉིད་སྒྱུ་མར་མཐོང་བ་བྱ་བ་གཉིས་ཡིན་ཏེ། སེམས་ཉིད་སྒྱུ་མར་མཐོང་ན། དེ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། བཀག་པས་མི་

(༡༩༣)ཁེགས། བློའི་ཡུལ་དུ་བྱར་མི་བཏུབ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མི་གཟིགས་ན། རྣམ་རྟོག་གི་བློས་མི་མཐོང་གསུང་ངོ་། །རིན་པོ་ཆེའི་ཞལ་ནས། རྣམ་པར་རྟོག་པ་ནི་དགོས་པ་སྐུ་དྲིན་ཅན་ཡིན་ཏེ། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན་པས། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆོས་སུ་ཡོད་པ་ཡིན་གསུང་། བྱང་ཆུབ་སེམས་དཔའ་རྣམས་ནི། བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་བརྟེན་ནས་འོད་གསལ་གྱི་རྩལ་སྦྱོངས་བ་ཡིན་གསུང་ངོ་། །གསང་སྔགས་ཀྱི་དབང་དུ་བྱས་ན་ཡང་། བརྟུལ་ཞུགས་ཀྱི་དཔྱོད་པ་ལས་ལོག་ནས་ཀྱང་། བསྐྱེད་རིམས་ལ་བརྟེན་ནས་རྩལ་སྦྱོང་བ་ཡིན་གསུང་ངོ་། །སྒོམ་ཆེན་པ་རྣམ་པར་རྟོག་པ་ལ་སྐྱོན་དུ་མི་བལྟ། རྟོག་པ་ལ་དབང་ཐོབ་པ་ཅིག་དགོས་གསུང་ངོ་། །སྒོམ་ཆེན་པ་དེ་ལ་ན་བ་དག་འོང་ངམ་ཞེ་ན། ལུས་འབྱུང་བ་བཞི་ལ་གྲུབ་པས། ན་བ་འོང་སྟེ། བྱུང་མ་ཐག་ཏུ་ན་བ་རྣམ་རྟོག་ཡིན་པར་ཤེས། རྣམ་རྟོག་

(༡༩༤)སེམས་སུ་ཤེས། སེམས་སྐྱེ་མེད་ཆོས་སྐུར་ཤེས་པ་ཅིག་འོང་། སྐྱེས་པ་ཡིན་པའི་ནད་ཀས་འཆི་བ་འོང་སྟེ། །འཆི་བ་ཡང་གོང་ལྟར་ཤེས་པ་ཅིག་འོང་། གལ་ཏེ་དམྱལ་བའི་སྣང་བ་ལྟ་བུར་ཤར་ཡང་། གོང་ལྟར་ཤེས་པ་ཅིག་འོང་སྟེ། སློབ་དཔོན་ཏོག་ཙེ་བའི་ཞལ་ནས། ད་ནི་ཤེས་པ་འདི་གོ་ནས། །དམྱལ་བ་དག་ཏུ་སྐྱེ་སྲིད་ཀྱང་། །དམྱལ་བ་ཉིད་ཀྱང་བདེ་བར་འཆར། །ཞེས་གསུང་། བླ་མའི་ཞལ་ནས། རྣམ་རྟོག་སྐུ་དྲིན་ཆེ་བ་ཅེ་སྟེ་ཞེ་ན། དེ་སེམས་ལས་བྱུང་བ་ཡིན། སེམས་ཆོས་སྐུ་ཡིན། རྣམ་རྟོག་དེ་ངོ་བོ་ཉིད་ཀྱི་རྟོགས་པ་ཡིན་ཏེ། རྟོག་པ་དེ་ནི་ངོ་བོ་གསལ་བར་བྱེད་པས་སྒྲོན་མེ་ལྟ་བུ་ཡིན། ཆོས་ཐམས་ཅད་ཀྱི་རྩ་བ་རྙེད་པར་བྱེད་པས་མཚོན་ལྟ་བུ་ཡིན། རྟོག་པ་ལམ་དུ་ཁྱེར་བས། འབྲས་བུ་ཡང་ཡིན་ཏེ། རྟོག་མེད་འཆར་བ་ངོ་མཚར་རེ་ཆེ་ན་གསུང་། རྟོག་པ་དེ་རྒྱུ་ཡིན་ནམ། ལམ་ཡིན་ནམ། འབྲས་བུ་ཡིན་ནམ་ཇི་ལྟར་ཡིན་ཞེ་ན། རྒྱུ་ཡིན་ཏེ། ཁོ་རང་ལ་བརྟེན་

(༡༩༥)ནས་ཡོན་ཏན་ཐམས་ཅད་འབྱུང་། ལམ་ཡང་ཡིན་ཏེ། དེ་ཉིད་མི་སྤོང་བར་ལམ་དུ་འཁྱེར། འབྲས་བུ་ཡང་ཡིན་ཏེ། ངོ་བོ་ཉིད་ཀྱི་རྟོག་པ་ཡིན་པས། སྐུ་བཞི་རང་ཆས་སུ་ཡོད་པས། འབྲས་བུ་བཞན་ནས་མི་རེ། རྒྱུ་ལམ་འབྲས་བུ་གསུམ་གཅིག་ཏུ་འཁྱེར་བ་གདམ་ངག་བྱ་བ་ཡིན་གསུང་ངོ་། །རང་ཅག་ལ་འཁྲིས་གཉིས་ཡོད་དེ། ཕྱིའི་འཁྲིས་དང་། ནང་གི་འཁྲིས་གཉིས་ཡིན། ཕྱིའི་འཁྲིས་ནི། ཅི་ཡང་མ་གྲུབ་པ་ཅིག་ཡིན་པ་ལ་བདག་དང་ཁམས་གསུམ་པོ་འདི་ལ་དངོས་པོ་དང་མཚན་མར་བཟུང་། ནང་གི་འཁྲིས་ནི། བདེ་བ་དང་གསལ་བ་ལ་ཡོན་ཏན་དུ་བལྟས་པས། འཇིག་རྟེན་པའི་ལམ་དུ་སོང་། འོ་ན་ཅི་ལྟར་བྱས་པས་འཁྲིས་མེད་པར་འགྱུར་སྙམ་ན། བླ་མ་དང་རྒྱུད་འདྲེས་པ་ཅིག་དགོས་གསུང་། དུས་རྟག་ཏུ་བླ་མ་ཡིད་ལ་བྱས་ན། བྱིན་བརླབས་རྒྱུན་ཆད་མེད་པར་འབྱུང་། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཆོས་

(༡༩༦)སྐུར་ཤེས་པར་བྱ་ཞིང་གཉིས་འཛིན་སྤང་། རང་སེམས་བླ་མར་ཤེས་པར་བྱ་ཞིང་། སེམས་ཅན་ལ་གནོད་པའི་ལས་མི་བྱ། བདག་དང་ཁམས་གསུམ་པོ་ཐམས་ཅད་སེམས་ཀྱི་ངོ་བོ་གཅིག་ཏུ་བྱས་ཏེ། བརྒྱ་འམ་སྟོང་ཙམ་དུ་བྱེད་པར་འཆི་རེས་བྱེད་ལ་ཅེས་གསུང་། བདེ་གསལ་མི་རྟོག་པ་གསུམ་སེམས་ཀྱི་ངོ་བོ་ཡིན་པས། སྤྱོད་ལམ་རྣམ་བཞིར་མ་ཡེངས་པར་བྱ། དེ་གསུམ་ངོ་བོ་གཅིག་ཏུ་ཤེས་པར་བྱ། ཞི་གནས་ལྷག་མཐོང་རྟོགས་པར་འདོད་ན། བཀའ་གདམས་པ་ལྟར་ལྷན་ཅིག་ཏུ་སྤུངས་བས་ཀྱང་མི་འོང་། རྣལ་འབྱོར་པ་ལྟར་གྲོང་ཁྱེར་འགྲིམས་པས་ཀྱང་མི་འོང་གསུང་ངོ་། །རིན་པོ་ཆེའི་ཞལ་ནས། རང་ཅག་ལ་འཁྲིས་མེད་པ་ཅིག་དགོས་ཏེ། ཆོས་བརྒྱད་ཀྱི་འཁྲིས་ཀྱང་ཡོད་པ་དེས་ཀྱང་མི་འོང་སྟེ། ཆོས་བརྒྱད་དུ་སོང་ན། དགེ་བཤེས་ཡོན་བདག་གི་ཞལ་ནས། ནག་པོའི་བསྟན་པ་བྱ་བ་ཡིན་གསུང་། ཐར་པའི་རྒྱུད་དག་ཅི་ལ་ཡང་འགྲོ་སྟེ། མཐོ་རིས་ཀྱི་རྒྱུར་ཡང་མི་འགྲོ་གསུང་། དགེ་བཤེས་

(༡༩༧)སྒྲེ་པའི་ཞལ་ནས། ཆོས་མ་ཡིན་པ་ཆོས་ལྟར་བཅོས་པ་བྱ་བ་ཡིན་གསུང་། དགེ་བའི་བཤེས་གཉེན་གླང་རི་ཐང་པའི་ཞལ་ནས། མི་དགེ་བ་རང་ཡིན་གསུང་། འོ་སྐོལ་ལ་ཅིས་ཀྱང་བྱར་མེད་པ་ཅིག་འཚལ། ཡང་ན་འཆི་བ་བསྒོམས་པས་ཅིས་ཀྱང་བྱར་མེད་ཅིག་སྐྱེ་དགོས། ཡང་ན། ངོ་བོ་ལ་བློ་ངེས་པས་ཞེན་པ་རང་ལོག་ཏེ་འོང་། ཐམས་ཅད་སྒྱུ་མའམ་རྨི་ལམ་ལྟ་བུ་ཤུགས་ཀྱིས་མཐོང་བ་ཅིག་འོང་། དེ་ཡང་། ད་ལྟ་སྒོམ་ན། འདི་ལྟར་སྣང་གྲགས་ཀྱི་ཆོས་འདི་ཐམས་ཅད་ཡེ་ཡོད་མ་མྱོང་བར་སངས་རྒྱས་ཀྱིས་གསུངས། ཡོད་མ་མྱོང་བ་ཡང་ཡིན་ཏེ། ད་ལྟར་སྣང་བ་འཆར་བ་འདི་སུས་ཁེགས། ལས་ཀྱི་སྣང་བ་འཆར་བ་འདི་མི་ཁེགས་གསུང་། སེམས་དང་ནམ་མཁའ་གཉིས་འདྲ་བ་ལ། ནམ་མཁའ་ལ་རིག་པ་མེད་པས་དཔེར་འོང་བ་ཡིན། རིག་པ་ཡོད་ན་དོན་རང་ཡིན་ཏེ། ད་ལྟ་རིག་པ་རྒྱུན་ཆད་མེད་པ་ལ། བདེན་པ་མཐོང་ནས་ཡེ་ཤེས་རྒྱུན་ཆད་མེད་པ་བྱ་བར་མིང་བཏགས། གསང་སྔགས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བར་ད་ལྟ་རང་ནས་བདོག་གསུང་

(༡༩༨)ངོ་བོ་ནི་བྱིན་བརླབས་རང་ལས་བསྒོམས་པས་མི་འོང་། སྒོམ་རྒྱུ་ཡང་མེད། ཡི་དམ་ལྷ་ནི་ཡེ་ནས་ཡིན། སྒོམ་མི་འཚལ། སྒོམ་རྒྱུ་བྱང་ཆུབ་ཀྱི་སེམས་ལས་མེད་པས། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར་སྒོམ་འཚལ། ཀྱཻ་རྡོ་རྗེ་ལས་ཀྱང་། ཀུན་རྫོབ་སྒྱུ་མས་བྱང་ཆུབ་བསྒྲུབ་པ་ཉིད། །ཅེས་གསུངས་སོ། །སྤྱིར་ཆོས་བཤའ་མར་བྱེད་པ་ལ་ཡིན་མིན་དང་། ལེགས་ཉེས་ལ་སོགས་པ་རྩིས་བས་ཆོས་ག་ན་འོང་། དེ་ཀུན་གང་ལ་ཡང་མི་བལྟ་བར། ཤེས་པ་སྐད་ཅིག་མ་བལྟ་བ་ལེགས་པས། འཇིག་རྟེན་པ་དང་འཛོལ་ལེ་བ་ཅིག་དགོས་པ་ཡིན། འཇིག་རྟེན་པས་འཕྱས་སེ་བ་ཅིག་དགོས་པ་ཡིན། ཚེ་འདིར་མི་བྱེད་དགུ་བྱེད་ཀྱིས། འཁོར་བ་དང་འབྲེལ་པ་ཆོད་པ་ག་ན་འོང་། དགོངས་མཛོད་གསུང་།། ༄༅ །།བླ་མ་ཆེན་པོ་ནཱ་རོ་པའི་བཞེད་པས། མ་སྨིན་པ་སྨིན་པར་བྱེད་པ་དབང་གི་ལམ། སྨིན་པ་གྲོལ་བར་བྱེད་པ་ཐབས་བསྐྱེད་རྫོགས་གཉིས། དེ་ཡང་གདན་ཐོག་ཅིག་ཏུ་སྒོམ་པར་བྱ་བ་དང་། རིམས་ཀྱིས་པའི་ལུགས་གཉིས་ཡིན་ཏེ། གདན་ཐོག་ཅིག་ཏུ་སྒོམ་པ་དུས་

(༡༩༩)གཅིག་ཏུ་སྟོན། རིམས་ཀྱིས་པ་ནི། འོག་མ་འོག་མ་ལ་བརྟན་པ་ཐོབ་ནས་གོང་མ་གོང་མ་སྟོན་ཏེ། བསྐྱེད་རིམས་ལ་བརྟན་པ་ཐོབ་ནས་རྫོགས་རིམས་སྒོམ། དེ་ཡང་། ནང་ནས་ཤར་བ་དེ་རྫོགས་རིམས་བཤའ་མ་དེ་ཡིན། ནང་ནས་མ་ཤར་ན་ཟབ་པའི་རྫོགས་རིམས་སུ་མིང་བཏགས་ཀྱང་དོན་ལ་བློས་བྱས་ཅིག་ཡིན་གསུང་། སྤྱིར་དེ་ལྟར་ཡིན་ཡང་། འཁོར་བ་མཐའ་དག་ལས་ཐར་བར་བྱེད་པ་ལ། དོན་དམ་བྱང་ཆུབ་ཀྱི་སེམས་ཅིག་རྒྱུད་ལ་སྐྱེ་དགོས་ཏེ། དེ་ཡང་། ཇོ་བོ་རྗེའི་ལུགས་ཀྱིས་ཕྱི་ནས་གཅོད་པར་བཅེད། བླ་མའི་བཞེད་པས་ནང་ནས་གཅོད་པར་བཞེད། མཚན་ཉིད་པ་ནི། ཉོན་མོངས་པའི་སྒྲིབ་པ་ནས་མས་ཡར་སྤོང་བར་འདོད་པ་ཡིན། བླ་མ་ནི་ཤེས་བྱའི་སྒྲིབ་པ་ནས་བརྩད་དེར་གཅོད། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་ཞེས་བྱ་སྟེ། བླ་མའི་བཞེད་པས། རིག་པ་དང་སྟོང་པ་ལྷན་ཅིག་སྐྱེས་གསུང་། དེ་ཡང་། གྲུབ་པ་ཐོབ་པའི་གྲུབ་བསྐོར་ནས་བཤད་པ་དང་། བྲམ་ཟེ་ཆེན་པོ་དང་།

(༢༠༠)ཀླུ་གྲུབ་ལ་སོགས་ཀྱི་སྙིང་པོ་སྐོར་དུ་བཤད་པ་དང་། རྡོ་རྗེ་འཆང་གི་རྒྱུད་ཀྱི་བཤད་པ་དང་། རྣལ་འབྱོར་པ་ལ་ནང་ནས་ཤར་བ་སྟེ་དེ་རྣམས་ཡོ་མཐུན་གསུང་། བླ་མའི་ཞལ་ནས། མ་མཐུན་ན་ཡང་རང་ནོར། ཡང་ན་བཞན་ནོར་བ་ཡིན་གསུང་། ཇོ་བོ་རྗེའི་བཀའ་བརྒྱུད་ཀྱི་དབང་དུ་བྱས་ན་ཡང་། དགྱེས་པ་རྡོ་རྗེ་འདུལ་བའི་ལེའུ་དང་བསྟུན་ནས་རིམས་ཀྱིས་པར་བཞེད་པ་ཡིན་གསུང་ངོ་། །བླ་མའི་ཞལ་ནས། ཅིག་ཅར་བའི་གང་ཟག་ནི་ཤིན་ཏུ་དཀོན། ང་ནི་རིམས་ཀྱིས་པར་འདོད་པ་ཡིན། གསང་སྔགས་ཀྱི་དབང་དུ་བྱས་ན་ཡང་། བཀའ་གདམས་པའི་ལུགས་ཀྱིས། དང་པོ་རྫོགས་པར་མི་སྟོན། དང་པོ་ཚོགས་གསོག་ཙམ་དུ་སྟོན། དེ་ནས་བསྐྱེད་རིམ་ཙམ་དུ་སྟོན། དེ་ནས་ཡེ་ཤེས་སེམས་དཔའ་བཞུགས་པ་སྟོན། དེ་ནས་དབང་བསྐུར། དེ་ནས་བདུད་རྩི་མྱང་བ། དེ་ནས་མཆོད་བསྟོད་དེ་ནས་རྫོགས་རིམ་སྟོན་པ་ཡིན་ཏེ། དེ་ལྟར་རིམས་ཀྱིས་བསྟོན། དགེ་བའི་བཤེས་གཉེན་ལྕགས་རི་བའི་ཞལ་ནས། ལྟ་བ་ཀུན་རྫོབ་ཡིན་

(༢༠༡)མཐའ་གཉིས་དང་བྲལ་བའི་དབུ་མ་བྱ་བ། ཕ་རོལ་དུ་ཕྱིན་པའི་ལྟ་བ་ཡིན། དོན་དམ་པ་ལ་བལྟ་རྒྱུ་མེད་གསུང་། གསང་སྔགས་ཀྱི་ལྟ་བ་ནི་སེམས་ཡིན་གསུང་ངོ་།། །།རིན་པོ་ཆེའི་ཞལ་ནས། ཡང་ཚན་ཅིག་ན་རེ། སྙིང་རྗེ་རྣམ་པ་གསུམ་བསྟན་ཐོག་ཅིག་ཏུ་སྒོམ་དུ་བཏུབ་ཟེར། ཚན་ཅིག་ན་རེ། བློས་རིམ་པར་འཇོག་ཟེར་ཏེ། དོན་ལ་སྦྱར་ན་དེ་འཐད་པར་འདུག །ས་དང་པོ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་གཉིས་ལ། སེམས་ཅན་གྱི་དོན་བྱེད་པ་ལ་འོལ་ཆེ་ཆུང་འདྲ་བར་བཞེད་པ་ཡང་ཡོད་དེ། སངས་རྒྱས་ཆེ་བ་ཡིན། འོ་ན་སངས་རྒྱས་ལ་དགོས་པ་ཅི་ཡོད་གསུང་། དགེ་བའི་བཤེས་གཉེན་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མངའ་བ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་མངའ་བ་གཉིས། སློབ་མ་ལ་སོགས་པ་ལ་བྱིན་བརླབས་ཆེར་བཤད་པ་ཡང་ཡོད་དེ། བླ་མའི་ཞལ་ནས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཅིག་ཡོད་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མི་འོང་

(༢༠༢)མི་སྲིད་གསུང་། ཡང་དོན་དམ་བྱང་ཆུབ་ཀྱི་སེམས་རྣལ་མ་ཅིག་རྒྱུད་ལ་ཡོད་ན། དཔེར་ན། ནོར་བུ་རིན་པོ་ཆེ་ལ་རྟོག་པ་མི་མངའ་ཡང་། སེམས་ཅན་གྱི་དགོས་འདོད་འབྱུང་བ་ལྟར། དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་རྟོག་པ་མི་མངའ་ཡང་། བྱིན་བརླབས་ཤུགས་ཀྱིས་འབྱུང་བ་དེ་ཆོས་ཉིད་ལགས། ཞེས་གསུང་ངོ་།། །།བརྩོན་འགྲུས་སྟོབས་ཀྱིས་འགྲོ་བར་བྱ་བ་ནི། ཚེ་འདི་ལ་བརྩོན་འགྲུས་འབར་བའི་སྟོབས་ཀྱིས་སྒྲུབ་པ་ལ་འགྲོ་བ་ཡིན་ཏེ། དེས་ཀྱང་བག་མི་འོང་། རྣམ་སྨིན་བརྒྱུད་ནས་འགྲོ་བ་བྱ་བ་ཡིན་གསུང་། ཐེག་ཆེན་གསང་སྔགས་ནི། ཚེ་གཅིག་ལུས་གཅིག་གིས་འགྲོ་བ་བྱ་བ་ཡིན་ཏེ། དེ་ཡང་། བྱིན་བརླབས་ཀྱིས་འགྲོ་བ་བྱ་བ་ཡིན་གསུང་། བླ་མ་རྟོགས་ལྡན་གཅིག་དང་སློབ་མ་སྐལ་ལྡན་གཅིག་ཕྲད་ནས། དེས་གདམ་ངག་རྣལ་མ་ཅིག་བཏབ་དེ། དབེན་པའི་གནས་སུ་ཕྱིན་ནས་བསྒྲུབས་ན། ལུས་སེམས་བདེ་བ་དང་། འབྱུང་བ་རོ་སྙོམས་པ་འོང་བ་

(༢༠༣)ཡིན། སེམས་རྩེ་གཅིག་ཏུ་གནས་ཏེ། སེམས་ལ་དབང་ཐོབ་པ་ལྟ་བུ་ཡང་འོང་བ་ཡིན། བཏང་ན་བཏང་དབང་ཡོད། བཞག་ན་བཞག་དབང་ཡོད་པ་འོང་བ་ཡིན། ཆོས་ཐམས་ཅད་གཏིང་ནས་གོ་བ་ལྟ་བུ་ཅིག་འོང་། ད་རང་འདི་ལས་ལྷག་པ་ཅིག་ཡར་བསྐྱལ་རྒྱུ་མེད་སྙམ་པ་འོང་། གསང་སྔགས་ཀྱི་རྟེན་འབྲེལ་གྱིས། ལུགས་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་ཀྱང་དེ་ལ་གྲོགས་བྱེད་པ་ཡིན། གཞན་ཐམས་ཅད་ལ་ཡང་བསྒོམས་ན་རུང་སྙམ་པའི་ཉམས་འབྱུང་བ་ཡིན་གསུང་། བླ་མ་ལ་དད་གུས་ཆེན་པོ་སྐྱེས་བ་ཡིན། ཐེག་པ་ཆེན་པོའི་ཆོས་ལ་ཡང་ཡིད་ཆེས་སྐྱེ་བ་ཡིན། ལར་བླ་མའི་བྱིན་བརླབས་ཅིག་མ་ཞུགས་ན་ཕུགས་མཁྲུས་པ་མི་འོང་གསུང་། ཚེ་འདི་ལ་བློ་ལོག་པ་ཅིག་གིས་དབེན་པའི་གནས་སུ་ཕྱིན་ནས་བླ་མའི་གདམ་ངག་ལ་འཇུག་པ་ཡིན་ཏེ། རྩ་འཆུན་པའི་འབྱུང་བ་རོ་སྙོམས། རླུང་འཆུན་པས་གསལ་ཤིང་གི་རྩེ་ལ་བསྒོམས་ཀྱང་ཙེན་ནེ་བ་འབྱུང་། ཐིག་

(༢༠༤)ལེ་འཆུན་པས་ལུས་ལས་སུ་རུང་བ། བདེ་བ། ཁ་ཟས་འཇུ་བ་འབྱུང་། སེམས་འཆུན་པས་ཉོན་མོངས་པས་མི་དགོས་པ་འབྱུང་། དེ་ལ་ཉམས་སུ་མྱོང་བ་ནི་རྩེ་གཅིག་ལ་དབང་ཐོབ་པ་ཡང་འོང་། དུས་གསུམ་གྱི་སངས་རྒྱས་བྱོན་ཡང་འདི་བས་ཡར་ལྷག་པ་མེད་སྙམས་པའི་ཡིད་ཆེས་ནང་ནས་སྐྱེ་སྟེ། ངག་ཏུ་བརྗོད་དུ་མི་བཏུབ། བླ་མ་མི་ལའི་ཞལ་ནས། འཁོར་འདས་ཀྱི་རྩད་དེ་གར་གཅོད་ན། རིག་མ་རིག་གཉིས་སུ་གཅོད་པ་ཡིན་ཏེ། དེ་ཡང་ངོ་སྤྲོད་པ་ཡིན། བླ་མ་རྟོགས་ལྡན་ཅིག་གིས་སློབ་མ་སྐལ་ལྡན་ཅིག་ལ་ངོ་སྤྲོད་པ་ཡིན་གསུང་། དེ་ཡང་། ཏཻ་ལོ་པས། ན་རོ་པ་ལ་གསུངས་པ་ཡིན་ཏེ། དེ་ཡང་། རིག་པ་ངོ་ཤེས་པ། རྟོགས་པ། ཉམས་སུ་མྱོང་བ་གསུམ་གལ་ཆེ་གསུང་། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་ནི་རང་རིགས་སྟེ། ཏཻ་ལོ་པའི་ཅི་ཡང་བསྟན་དུ་མེད། །བདག་ཉིད་གདོད་ནས་སངས་རྒྱས་ཡིན་པ་ལ། རྣམ་རྟོག་དབང་གི་སངས་རྒྱས་ཉིད་མ་མཐོང་། རྟོགས་པ་པའི་དུས་ན་མཐོང་བ་མེད་ཅིང་ཐོས་པ་མེད། གཉིས་མེད་རང་གི་རྟོགས་པ་དེ་ལ་ཕྱག་རྒྱ་ཆེ།

(༢༠༥)ངོ་ཤེས་པ་ནི་རིག་པ་དེ་ངོས་བཟུང་མེད་པ། སྤྲོས་པ་དང་བྲལ་བ། མི་འགྱུར་བ་དེ་ལ་སོགས་པ་ནི་ངོ་ཤེས་པའོ། །རྟོགས་པ་ནི། མ་རིག་པ་ཉིད། རིག་པ་ཡིན་པར་ཡིད་ཆེས་ནས་ཐེ་ཚོམ་མེད་པར་རྟོགས་པ་དེ་ཡིན་ནོ། །ཉམས་སུ་མྱོང་བ་ནི། ཟག་མེད་ཀྱི་བདེ་བ་ལྷན་ཅིག་སྐྱེས་པ་འོད་གསལ་བ་དེ་ཡིན་གསུང་། སྤྱིར་མ་རིག་པའི་འཁོར་དེ་དུག་ལྔ་ཡིན་ཏེ། དེ་ལྟ་བུའི་གང་ཟག་དེ་ལ་དུག་ལྔ་ཡེ་ཤེས་ལྔར་འཆར་བ་ཡིན་པ་དེ་སུས་ཀྱང་མི་ཁེགས་པས། དེ་ལྟ་བུའི་གང་ཟག་དེས་དོན་གྲུབ་པ་ཡིན། དེ་ལྟ་བུ་རྒྱུད་ལ་སྐྱེས་བ་ལ། འོ་ཅག་བཞིན་དུས་གཅིག་ཏུ་དཔུངས་པས་འོང་རི་ངས་སྐར་མི་ཐེབས་གསུང་ངོ་།། ༄༅ །།བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཚེ་ལ་ལོང་མེད་མྱུར་དུ་འཆི་བས། །འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མ་ཆགས་པ་ཅིག་དགོས། རིགས་དྲུག་གར་སྐྱེས་ཀྱང་སྐྱིད་མེད་དེ་སྡུག་བསྔལ་གྱི་ཕུང་པོར་ཤེས་པས། འཁོར་བ་མཐའ་དག་ལ་མ་ཆགས་པ་ཅིག་དགོས།

(༢༠༦)ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས། དུས་ཐམས་ཅད་དུ་སེམས་ཅན་བློས་མི་སྤོང་བ་ཅིག་དགོས། ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པས། གང་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་པ་ཅིག་དགོས། ཆོས་དེ་རྣམས་རྒྱུད་ལ་སྐྱེ་བ་ལ། བླ་མ་དང་དཀོན་མཆོག་གསུམ་ལ་དད་པ་དང་གུས་པའི་སྒོ་ནས། མཆོད་པ་དང་གསོལ་བ་འདེབས་པ་རྒྱུན་མི་ཆད་པ་ཅིག་དགོས་གསུང་། ཡུན་རིང་དུ་གོམས་པའི་བག་ཆགས་མཐུག་པོས་བག་ཆགས་མཐུག་པོས་འཁྲུལ་པའི་ཤེས་པ་སྣ་ཚོགས་སུ་ཤར་བ་ཡང་། བྱིས་པ་ཆུང་ངུའི་དཔེ་དང་། སེང་གེ་ཕྲུག་གུའི་དཔེ་དང་། རབ་རིབ་ཅན་གྱི་ནམ་མཁའི་སྐྲ་ཤད་ཀྱི་དཔེ་ལ་སོགས་པའི་སྒོ་ནས་འཁྲུལ་པ་བཅད། སྣང་བ་སེམས་དང་ཐ་མི་དད་པ་ནི། ཆུ་དང་ཆབ་རོམ་གྱི་དཔེ་དང་། ཙན་དན་དང་དྲིའི་དཔེ་དང་། གླ་རྩི་དང་དྲིའི་དཔེ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱ། སྣང་བ་ཆོས་སྐུ་ལ་ཁྱབ་པ་ཡིན། ཏིལ་ལ་མར་གྱི་ཁྱབ་པའི་དཔེ་དང་། དངུལ་རྟོ་ལོ་དངུལ་དང་། འོ་མ་ལ་མར་གྱིས་

(༢༠༧)ཁྱབ་པའི་དཔེ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱ། མེད་བཞིན་དུ་སྣང་བ་ནི། དུ་བ་དང་། སྤྲིན་དང་། ཁུ་རྣ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱ། རྟེན་ཅིང་འབྲེལ་པ་སྣ་ཚོགས་པ་ལས་སྣང་བ་ནི། མེ་ལོང་གི་གཟུགས་བརྙན་དང་། ཆུ་ནང་གི་ཟླ་བ་དང་། ནོར་བུ་རིན་པོ་ཆེའི་དཔེ་ལ་སོགས་པའི་སྒོ་ནས་རྟོགས་པར་བྱ། དེ་ལྟར་ཆོས་ཐམས་ཅད་གདོད་མ་ནས་ཡོད་མ་མྱོང་བ་ལ་འཁྲུལ་པའི་ངོར་སྣང་སྟེ། རྨི་ལམ་ལྟར་རང་སེམས་ཀྱི་གཟུགས་བརྙན་དོན་མ་ཡིན་པ་ལ་དོན་ལྟར་ཤར་བར་རྟོགས་པར་བྱ། དེ་བས་ན། ཆོས་ཐམས་ཅད་མི་བདེན་པ། བརྫུན་པ། སླུ་བ། མིང་ཙམ། བཏགས་པ་ཙམ། ཐ་སྙད་ཙམ་དུ་བལྟ་སྟེ། དེ་ལྟ་བུའི་ཀུན་རྫོབ་དེ་ཡང་། སྒྱུ་མ་ལྟར་མཐའ་གཉིས་དང་བྲལ་བར་རྟོགས་པར་བྱ། དེ་ལྟར་དོན་སྤྱིའི་རྣམ་པ་ཡུལ་དུ་བྱས་ནས་རྟོགས་པ་ཐོབ་སྙམ་ཡང་། དོན་མི་མཐོང་གསུང་། དབང་དང་བྱིན་བརླབས་ཀྱི་སྒོ་ནས་སྨིན་པར་བྱས་ནས། བླ་མས་ཐབས་ལམ་ཉམས་སུ་ལེན་དུ་ཅུག་པས་

(༢༠༨)ཉམས་མྱོང་འོང་སྟེ། དེ་ཡང་། གསང་སྔགས་ཀྱི་མན་ངག་རྟེན་འབྲེལ་ཚོགས་པ་ལས་སྐྱེ་ཞིང་། བདེ་གསལ་མི་རྟོག་པ་ཞི་བ་ཡིད་ཆེས་འབྱུང་། དེ་ཡང་། དད་པ་དང་གུས་པའི་སྒོ་ནས་ཡུན་རིང་དུ་ཉམས་སུ་བླངས་པས། སེམས་དང་ལུས་སྦྱངས་པའི་ཡོན་ཏན་མང་དུ་འབྱུང་། སྲོག་དྷཱུ་ཏཱིར་ཚུད་པའི་སྟོབས་ཀྱིས། རྟགས་ལྔ་དང་ཡོན་ཏན་བརྒྱད་ལ་སོགས་པ་ཡོན་ཏན་གྱི་རྟགས་མང་དུ་འབྱུང་ངོ། །དེ་ལྟ་བའི་ལུས་སེམས་བདེ་བ་ཅི་བྱུང་ཡང་ཞི་གནས་ཡིན་ཏེ། འོན་ཀྱང་རྟགས་ལྔ་ཕན་ཡོན་བརྒྱད་པོ་དེ་ཞི་ལྷག་ཟུང་འབྲེལ་ལས་ཀྱང་འབྱུང་གི། གནས་པ་ཕྲ་མོ་ཟིན་པའི་གནས་པ་ལྟེང་ལྟེང་ལ་ནི་མི་འབྱུང་ངོ་། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་བསམ་གཏན་དང་པོའི་དངོས་གཞི་ཡིན་ཏེ། དེ་ལུས་ཀྱི་རྣམ་པར་ཤེས་པའི་མངོན་སུམ་གྱི་བསམ་གཏན་གྱི་དགའ་བདེ་སྒོམ་པ་ཡིན་གསུང་། དེ་ཡང་། བླ་མ་སེམས་ཀྱི་སྟོང་ཉིད་མངོན་སུམ་དུ་བྱ་བ་གཅིག་གི་སྐྱེ་མེད་ངེས་སུ་འཇུག་སྟེ། མ་ངེས་པ་སྣང་ལ་

(༢༠༩)མ་ངེས་པ་ཞེས་བྱ་སྟེ་སོ་སོར་བརྟག་མིན་གྱིས་འགོག་པར་འགྲོ། ཐུན་མོང་གི་ལམ་ཡིན་པས་གར་སྐྱེ་ཆ་མེད་པ་ཡིན་གསུང་། ངེས་པའི་ཤེས་པ་སྐྱེས་ན། རྟོག་པ་དང་བྲལ་བའི་སྟོང་ཉིད་མངོན་སུམ་ཉིད་རབ་ཏུ་ཤེས་སོ། །སེམས་སྐྱེ་མེད་ཀྱི་ངོ་བོ་ལ་མ་ངེས་ན། བླ་མ་རིན་པོ་ཆེའི་ཞལ་ནས། །དེ་དེ་ཡིན་ཏེ་དེ་དེ་མིན། །སྡོང་པོ་ཡིན་ཏེ་འབྲས་བུ་མིན། །ཡོན་ཏན་ཡིན་ཏེ་རྟོག་མེད་མིན། །ཞེས་གསུང་ངོ། །ཇོ་བོ་རྗེའི་ཞལ་ནས་ཀྱང་། ངེས་སྦྱང་བག་ཆགས་བྲལ་བས་རྣལ་འབྱོར་མ་མཐོང་བ། །ནམ་མཁའི་མེད་ཏོག་བུང་བས་འཇིབ་པ་མཐོང་བ་འདྲ། །ཅེས་གསུངས་སོ། །དེས་ན། ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་པས་སེམས་ཀྱི་ཆོས་ཉིད་རྟོགས་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པ་ཡིན་ནོ། །དེས་ན། སེམས་ཀྱི་རང་བཞིན་བཟུང་འཛིན་གཉིས་དང་བྲལ་བ་ཆོས་སྐུའི་ངོ་བོ་དེ། སངས་རྒྱས་བྱོན་ཡང་རུང་མ་བྱོན་ཡང་རུང་སྟེ། རང་བཞིན་གནས་པས་ན་རྟག་ཅེས་བྱའོ། །

(༢༡༠)དེ་ཡང་། རྣམ་པར་རྟོག་པ་རྣམས་སྤང་བ། །བཟུང་དང་འཛིན་དང་བྲལ་བ། །ཡེ་ཤེས་འདུས་མ་བྱས་པ་སྟེ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའོ། །ཅེས་གསུངས་སོ། །དེ་ལྟ་བུའི་སེམས་ཆོས་ཉིད་རྟོགས་པ་ནི། ཟག་པ་མེད་པའི་སྡོམ་པ་ས་དང་པོའི་མངོན་སུམ་ཡིན་ཏེ། སེམས་ཀྱི་སྟོང་ཉིད་ལ་ངེས་ཤེས་སྐྱེས་པའི་ཕྱིར་རོ། །ངེས་ཤེས་ཇི་ལྟར་སྐྱེས་ན། གཟུགས་བརྙན་དང་སྒྱུ་མ་ཡུལ་གྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལྟར། སེམས་སྒྱུ་མ་དང་ཆུ་ཟླ་བཞིན་དུ་རང་ཉིད་ལ་ངེས་ཤེས་འདྲེན་ནོ། །དེ་ལྟར་སེམས་ཀྱི་སྟོང་ཉིད་ལ་ངེས་ཤེས་ཐོབ་པ་ལ་ཚད་མ་ཞེས་བྱའོ། །དེ་ཡང་། རང་རིག་རྟོག་པ་མེད་པ་ཡིས། །སྟོང་ཉིད་མངོན་སུམ་དེས་གྱུར་པ། །བདེ་ཆེན་རྟོག་མེད་པ་དང་། ཁྱད་པར་མེད་པར་སྐལ་མཉམ་མཐོང་། །ཞེས་གསུངས་སོ། །ནང་གི་སེམས་ཉིད་ཀྱི་སྟོང་ཉིད་མཐོང་བའི་ཤུགས་ཀྱིས། ཕྱིའི་ཡུལ་སྟོང་པར་རྟོགས་པ་ནི་རྣལ་འབྱོར་གྱི་མངོན་སུམ་ཡིན། །དེ་ཡང་།

(༢༡༡)དང་པོ་ཤེས་པ་ངེས་ཟིན་ན་དེ་ཉིད་ཡིན་ཏེ། ཤེས་རབ་མིག་གིས་སེམས་ལ་ལེགས་པར་བལྟས་པས། སེམས་ཀྱི་ངོ་བོ་ཐོག་མཐའ་མེད་དེ་ནམ་མཁའི་འདྲ། །དབུས་ཀྱང་མེད་དེ་ཅི་ཡང་མིན་པའི་ཕྱིར། །དེའི་ངོ་བོ་བདག་གིས་སྨྲ་བར་མི་ནུས་སོ། །ཤེས་གསུངས་ཏེ། ཐ་མལ་གྱིས་ཤེས་པའི་ངོ་བོ་དེ་ལ་སྒོམ་བྱ་སྒོམ་བྱེད་ཀྱི་གཉིས་འཛིན་གྱི་བསམ་གཏན་དང་བྲལ་བས། སྒོམ་དུ་མེད་པ་སྒོམ་པའི་མཆོག །ཅེས་གསུངས་སོ། །རང་བཞིན་དག་པའི་སེམས་ཀྱི་ངོ་བོ་སྟོང་ཉིད་མངོན་སུམ་དུ་མཐོང་བ་ལ་ཆོས་སྐུ་ཞེས་བྱ་སྟེ། དེ་ཡང་། ཟླ་བ་ཚེས་པ་དང་། སེང་གེ་ཕྲུ་གུ་དང་། བྱིས་པ་ཆུང་ངུའི་དཔེས་རྟོགས་པར་བྱའོ། །དེ་ཡང་། མ་བཅོས་པར་བཞག་པས་ཉམས་སུ་མྱོང་སྟེ། མྱོང་བའི་དོན་ལ་ཡང་དང་ཡང་དུ་ངེས་པ་ཐོབ་པར་བྱ། ཡུན་རིང་དུ་གནས་ཞིང་མི་འགྱུར་བ་ལ་ཡོན་ཏན་དུ་མི་བལྟ་སྟེ། འཆིང་བའི་བསམ་གཏན་དུ་འདྲོ་གསུང་། རང་བཞིན་གྱི་ངོ་བོ་ནི་སེམས་མ་བཅོས་པ་ཁོ་ན་ཡིན་ནོ། །འདིའི་དོན་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་པ་ནི། སྐྱེ་འཇིག་

(༢༡༢)དང་བྲལ་བ་དང་། དུས་ཐམས་ཅད་པ་དང་། རྒྱུན་ཆད་མེད་པ་དང་། མི་འགྱུར་བ་དང་། ཐམས་ཅད་ལ་ཁྱབ་པ་དང་། དོན་དེ་རྣམས་ཉམས་སུ་མྱོང་ཞིང་རྟོགས་པ་ཐོབ་ན། དོན་དམ་མཐོང་བ་ཡིན་ཏེ། ད་ནི་བདག་གིས་སུ་ལའང་དྲི་བར་མི་བྱའོ། །ཞེས་གསུངས་སོ། །དེ་ཡང་། དང་པོར་དམིགས་པ་དང་རྩོལ་བས་མི་སྒྲུབ། བར་དུ་མི་གནས། ཐ་མར་སྙེམས་བྱེད་ཀྱི་རྟོག་པ་དང་བྲལ་བར་བྱ། དུས་ཐམས་ཅད་དུ་དྲན་པ་རྒྱུན་ཆགས་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བར་བྱ། ལྷན་ཅིག་སྐྱེས་པའི་ཉམས་དང་མ་བྲལ་བའི་སྒོ་ནས། ཟག་མེད་ཀྱི་བདེ་བ་རྒྱུན་ཆད་མེད་པས་ལུས་སེམས་ལ་རླན་ཕབ་སྟེ། སྦྱངས་པའི་ཡོན་ཏན་ཐོབ་པར་བྱ། བྱམས་སྙིང་རྗེས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་མ་བྲལ་བས། ཐབས་ཤེས་ཟུང་འཇུག་ཏུ་རྟོགས་པས་སྒྲུབ་པའོ། །བླ་མ་དམ་པ་རྣམས་ཀྱི་གདམ་ངག །རང་གིས་སྒོམ་པའི་ཉམས་མྱོང་། དད་འདུན་གྱི་གང་ཟག་རྣམས་ལ་སྐྱེ་བར་གྱུར་ཅིག། །། །།བླ་མ་རིན་པོ་ཆེའི་ཞལ་

(༢༡༣)ནས། བསྐྱེད་རིམ་མ་ར་ལ་བརྟན་པ་ཆུང་ངུ་ཐོབ་པ་ནི། རང་ཉིད་ལྷར་མཐོང་བ་སྟེ། ཕུང་པོ་ལྔ་པོ་རྣམ་སྣང་ལ་སོགས་པ་རིགས་ལྔའི་རང་བཞིན་དུ་ཤེས། དེ་ཉིད་ཀྱིས་བདག་ཀྱང་དཔལ་ཧེ་རུ་ཀའི་རང་བཞིན་དུ་མཐོང་ནས། རང་ཐ་མལ་པའི་འདུ་ཤེས་ལོག་པའོ། །བརྟན་པ་འབྲིང་ཐོབ་པ་ནི། རང་ཉིད་ཅི་འདྲ་བ་དེ་འདྲ་བར་སེམས་ཅན་ཐམས་ཅད་མཐོང་བའོ། །བརྟན་པ་ཐོབ་པ་ནི། རང་གཞན་གཉིས་ཀྱང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། འཇའ་ཚོན་ལྟ་བུ་མཐོང་བའོ། །། །། །།རྫོགས་རིམ་ལ་བརྟན་པ་ཐོབ་པ་ནི། ཕྱིའི་དྲོད་ལུས་ཡོད་པར་མི་ཚོར། ནང་གི་དྲོད་དབུགས་འགྱུ་བ་མི་ཚོར། རྫོགས་རིམས་ལ་བརྟན་པ་ཐོབ་པའི་དྲོད་རྟགས་ཕྱི་ནང་གསང་གསུམ་དུ་འབྱུང་བས།། །།གསང་བའི་དྲོད་སེམས་ཉིད་སྤྲོས་བྲལ་ནམ་མཁའ་ལྟ་བུར་རྟོགས་པ་འབྱུང་གསུང་།། ༄༅ །།ཡང་རིན་པོ་ཆེའི་ཞལ་ནས། སྤྱིར་ཐོས་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་གོ་ཡུལ་དུ་བྱེད། བསམ་པའི་ཤེས་

(༢༡༤)རབ་ཀྱིས་ཆོས་འབྱེད་པར་བྱེད་དེ། ཐེག་པ་ཆེ་ཆུང་འབྱེད་པ་དང་། ལྟ་བ་དང་ལྟ་བ་མ་ཡིན་པ་འབྱེད་པར་བྱེད། སྒོམ་པའི་ཤེས་རབ་ཀྱི་སེམས་གླང་པོ་ཆེ་སྨྱོན་པ་དང་འདྲ་བ་དེ། དམིགས་པའི་ཀ་བ་ལ་དྲན་པའི་ཞགས་ཐག་གིས་དམ་དུ་བཅིངས་ནས། བློ་རྩེ་གཅིག་ཏུ་འཇུག་པ་དེ་ཞི་གནས་ཡིན་ཏེ། བདེ་གསལ་མི་རྟོག་པའི་ཉམས་བྱུང་ཡང་། སེམས་ཉིད་དུ་མ་ཆོད་ན་སྣང་ལ་མ་ངེས་པ་ཞེས་བྱ། དེ་རང་བཞིན་མ་གྲུབ་པ་སྐྱེ་མེད་དུ་རྟོགས་པ་ནི་ལྷག་མཐོང་ཞེས་བྱ། ཇི་སྲིད་བློའི་རྟོགས་སྤྱད་ཡོད་ཕན་ཆད་ནི། བསམ་པའི་ཤེས་རབ་ལ། རྟོག་དཔྱོད་ལས་འདས་ནས་སྒོམ་པའི་ཤེས་རབ་ཅེས་བྱའོ། །དེ་ལྟར་ལམ་གྱི་རིམས་པ་ལ་བློ་སྦྱངས་པས། ཚོགས་ལམ་དུ་མོས་པ་ཙམ་ཅིག་ཡུལ་དུ་བྱེད། དྲོད་རྩེ་མོ་ལ་སོགས་པ་སྦྱོར་ལམ་དུ་གཟུགས་བརྙན་ཙམ་ཅིག་ཡུལ་དུ་བྱེད། མཐོང་ལམ་གྱིས་ཡེ་ཤེས་མཐོང་སྤང་། སྤངས་ནས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་བྱེད། སྒོམ་ལམ་གྱིས་ཡེ་ཤེས་སུ་ཤེས་

(༢༡༥)བྱེའི་སྒྲིབ་པ་མཐའ་དག་སྤངས་ནས། ས་བཅུ་རྒྱུན་མཐའ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བར་ཆད་མེད་པའི་ལམ་ལས། སྲིད་པའི་ས་བོན་རྣམ་པར་ཤེས་པ་འགགས་ནས། ཆོས་ཀྱི་སྐུ་བདེ་བ་ཆེན་པོ་མངོན་དུ་བྱེད་པར་འགྱུར་རོ། །ཅེས་གསུངས་ངོ་། །ཕ་རོལ་ཏུ་ཕྱིན་པ་ལམ་གྱི་གཞུང་ཤིང་ལྟ་བུ་ཅིག་ཡིན་གསུང་། གསང་སྔགས་ཀྱི་དབང་དུ་བྱས་ན། མ་སྨིན་པ་སྨིན་པར་བྱས་ནས་སྨིན་པ་གྲོལ་བར་བྱེད་པ་ཐབས་བསྐྱེད་རྫོགས་གཉིས་ལ་བརྟེན་ནས། རྫོགས་རིམས་སྤྲོས་བཅས་དང་སྤྲོས་མེད་ལ་བརྟེན་ནས། རང་རིག་པའི་ཡེ་ཤེས་འོད་གསལ་རྒྱུན་ཆད་མེད་པ་ཉམས་སུ་མྱོང་བར་བྱེད་དོ། །ཅེས་གསུང་ངོ་། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དོན་སྤྱིའི་རྣམ་པ་བསྟན་ལ། གསང་སྔགས་སུ་དོན་དངོས་བསྟན་པ་ཅི་སྟེ་ཞེ་ན། འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་གསོལ་བ། གསང་སྔགས་སུ་དོན་དངོས་བསྟན་ལ། ཕ་རོལ་ཏུ་ཕྱིན་པར་ཅིའི་ཕྱིར་དོན་དངོས་མི་སྟོན་པ་

(༢༡༦)ལགས། བཀའ་སྩལ་པ། འཇམ་དཔལ། འདུལ་བ་ནི་བ་ལྟ་བུའོ། །མདོ་སྡེ་ནི་འོ་མ་ལྟ་བུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཞོ་ལྟ་བུའོ། །གསང་སྔགས་ནི་མར་ལྟ་བུའོ། །གསོལ་པ། བཅོམ་ལྡན་འདས། ཕ་རོལ་ཏུ་ཕྱིན་པར་དོན་སྤྱིའི་རྣམ་པ་བསྟན་ལ། གསང་སྔགས་སུ་དོན་དངོས་བསྟན་པ་ཅི་སྟེ། བཀའ་སྩལ་པ། འཇམ་དཔལ། ཆུ་བྲེ་གསུམ་གྱི་ནང་དུ་མར་བྲེ་གང་སྡུས་ནས། ཆུ་བྲེ་གསུམ་པོ་སྐམས་ནས། མར་བྲེ་གང་ལུས་པ་ནི་མར་གྱི་ཉིང་ཁུ་ཞེས་བྱའོ། །དེ་བཞིན་དུ། སྡེ་སྣོད་རྣམས་ཀྱི་ནང་ནས། གསང་སྔགས་ནི་མར་གྱི་ཉིང་ཁུ་ལྟ་བུའོ། ཞེས་གསུངས་སོ། །གསང་སྔགས་ནི་རང་རིག་པའི་ཡེ་ཤེས་ལ་རྟོགས་པའི་ཕྱིར་དོན་དངོས་བསྟན་ཏོ།། །། །།ཡང་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་དོན་གསུམ་པ་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ་ཞེས་བྱ་བ། རང་གི་སེམས་གདོད་ནས་ལྷུན་གྱི་གྲུབ་པ། འདུས་མ་བྱས། སྐྱེ་འགགས་མེད་པ་

(༢༡༧)སྟོང་ལ་གསལ་བ། བདེ་ལ་ངོས་བཟུང་མེད་པར་ཤེས་དགོས། དེ་རྟོགས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བ་ལགས་གསུང་། རང་ལ་ཡེ་ནས་ཡོད་པ་དེ་ཤེས་ན་ཡེ་ཤེས་ཤེས་བྱ་བ་ཡིན། ས་དང་པོའི་བདེན་པ་བྱ་བ་ཡིན། རྩེ་གཅིག་བྱ་བ་ཡིན། སེམས་ངོ་ཤེས་པར་བྱ་བ་ཡིན། དེ་རང་གི་བརྩོན་འགྲུས་དང་། འདུས་བྱས་བསོད་ནམས་ཀྱི་ཚོགས་བསགས་པ་དང་། བླ་མ་ལ་མོས་གུས་དྲག་པོས་རྟོགས་པ་ཡིན་གསུང་། རང་ཡིད་དམ་གྱི་ལྷར་སྒོམ་ལ། བླ་མ་ཉིན་མོ་སྤྱི་བོར་སྒོམ། ནུབ་མོ་སྙིང་པད་མ་འདབ་བརྒྱད་ཀྱི་སྟེང་དུ་སྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བརྒྱུད་པའི་བླ་མ་རྣམས་སྤྱི་བོར་ཡང་ཡང་སྒོམ་ཞིང་རང་ལ་སྟིམ། ཡིད་ལ་གང་ཡང་མི་བྱ་བར་བཞག་པའོ། །དེ་ལྟར་ཡང་། ཡིད་ལ་མ་བྱེད་མ་དམིགས་ཞོག །ཅེས་གསུངས་སོ།། །།སྣང་བ་ལྷན་ཅིག་སྐྱེས་པ་ནི། ཆུ་ཟླའམ་མེ་ལོང་གི་གཟུགས་

(༢༡༨)བརྙན་ལྟར། སྣང་ཡང་བཟུང་དུ་ཡང་མེད་འཛིན་དུ་མེད་པ་བཞིན་དུ། རང་གི་སེམས་ཀྱི་སྣང་བ་འཛིན་པ་ཡིན་ལ། ལུས་སེམས་རྩ་བ་བྲལ་བས། རྣམ་རྟོག་རྩ་བྲལ་དུ་ཤེས་པར་བྱའོ། །བུ་ཆུང་ངམ། སྨྱོན་པ་ལྟར་ཞེན་ཆགས་མེད་པར་བཞག་གོ། །རྣམ་རྟོག་བྱུང་ཡང་སེམས་སུ་ཤེས་བར་བྱས་ལ་འགྲོ་ཉལ་འདུག་སྡོད་ཐམས་ཅད་ལ་གོམས་པར་བྱ་སྟེ་སྒོམ་ཞིང་། རེས་འགའ་རྩ་རླུང་བསྒོམས་པས་བོགས་ཆེ་བ་ལགས་གསུང་སྐད། དེ་ན་སྣང་བ་ལྷན་ཅིག་སྐྱེས་པའམ། སྣང་སྟོང་དབྱེར་མེད་དམ། ཟུང་འཇུག་གི་རྣལ་འབྱོར་རམ། སྤྲོས་བྲལ་གྱི་གང་ཟག་བྱ་བ་ཡིན། ཆབ་རོམ་ཆུར་ཞུ་བ་དང་འདྲ། འཁོར་བ་ལ་འཇིགས་མི་དགོས་གསུང་། ཕྱག་རྒྱ་ཆེན་པོ་དོན་གསུམ་པའོ།། །། །།རྟོགས་ལྡན་རིན་པོ་ཆེ་ལ་འདུད། ཚེ་འདི་སྤངས་ནས་སྒྲུབ་པ་ཉམས་སུ་ལེན་པ་ཅིག་ལ། ཆོས་སྤང་བླང་གཉིས་ཡིན། དེ་ལ་རྒྱུ་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན།

(༢༡༩)དེ་མ་ཐག་པའི་རྐྱེན་དང་བཞི་ལས། སྤང་བྱ་ནི། རྒྱུའི་དུས་ན་དངོས་པོ་མེད་པ་ཅིག་ཡིན་པ་ལ། དངོས་པོ་དང་མཚན་མར་བཟུང་བའི་ཞེན་ནས། བདག་པོའི་རྐྱེན་གྱི་དུས་སུ། ལོག་པའི་དགེ་བའི་བཤེས་གཉེན་གྱིས། ཚིག་དང་ཐ་སྙེད་དུ་འབྱམས་པ་ལ་སོགས་པས། དམིགས་པའི་རྐྱེན་གྱི་དུས་སུ་འཁྲུལ་ཏེ། དེ་མ་ཐག་པའི་རྐྱེན་གྱི་དུས་ན་རེ་དོགས་སུ་སོང་ན་ནི་འཁོར་བར་ལྟུང་སྟེ་སྤང་བྱའོ། །བླང་བྱ་ནི། རྒྱུའི་རྐྱེན་གྱི་དུས་ན་མ་ཞེན་ཅིང་ཞེན་པ་ལོག་པ་ཅིག་ལ། བདག་པའི་རྐྱེན་གྱི་དུས་ན། ཡང་དག་པའི་དགེ་བའི་བཤེས་གཉེན་དང་ཕྲད་ནས། དམིགས་པའི་རྐྱེན་གྱི་དུས་སུ་མ་འཁྲུལ་བས། དེ་མ་ཐེག་པའི་རྐྱེན་གྱིས་དུས་ན། རེ་དོགས་དང་བྲལ་བ་ནི་སངས་རྒྱས་པ་སྟེ། བླང་བྱའོ། །དེ་ལ་ཡང་དག་པའི་དགེ་བའི་བཤེས་གཉེན་ནི་བཞི་སྟེ། གང་ཟག་དང་། བཀའ་དང་། སྣང་བ་དང་། རིག་པའོ། །དེ་ཡང་། གང་ཟག་ལ་བརྟེན་ནས་བཞན་གསུམ་པོ་འཆར་བས། གང་ཟག་གི་མཚན་ཉིད་ནི། གསོལ་འདེབས་ནུས་པ། འགལ་སྒྱུར་ནུས་པ། མ་འཁྲུལ་བ།

(༢༢༠)ཤེས་རབ་ཀྱི་འབྱེད་ནུས་པའོ། །དེ་ཡང་། རྣམ་རྟོག་སྐུ་དྲིན་ཅན་དུ་ཤེས་ནས། གང་བྱུང་ཤེས་རབ་ཀྱི་གྲོགས་སུ་སྒྱུར་བ་ནི། གསོལ་འདེབས་ནུས་པའོ། །མ་བདེ་བ་རང་གི་རྒྱུད་ལ་གཟན་དེས་བ་ཅིག་བྱུང་ཡང་། དེ་ལ་མི་བཟོད་མེད་པར། སླར་གྲོགས་སུ་འགྲོ་ན་འགལ་སྒྱུར་ནུས་པའོ། །འཁྲུལ་པ་ཐམས་ཅད་རྣམ་རྟོག་ངོ་མ་ཤེས་པས་འཁྲུལ་ཏེ། རྣམ་རྟོག་སེམས་སུ་ཤེས་པས་རྟོག་པ་ལམ་དུ་བྱད་པ་ནི་མ་འཁྲུལ་བའོ། །རྣམ་རྟོག་དེ་ལྟར་དུ་ཤེས་ན། མདུང་ནམ་མཁའ་ལ་བསྐོར་བ་བཞིན་དུ། ཆོས་ཐམས་ཅད་ལ་ཐོགས་རྡུགས་མེད་པ་ནི་ཤེས་རབ་ཀྱི་གོ་འབྱེད་ནུས་པའོ། །དམིགས་པའི་རྐྱེན་ལ་བཞི་སྟེ། ཤེས་པའི་མཚན་ཉིད། ཁད་པར་གྱིས་མཚན་ཉིད། བྱེད་པའི་མཚན་ཉིད། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ཤེས་པའི་མཚན་ཉིད་ལ། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ངོ་ཤེས་པར་བྱས་ལ། སྐྱེ་བ་མེད་པ་ཆོས་སྐུ། འགག་པ་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུ། སྐུ་གསུམ་རྟོག་པའི་བློ་ལ་ཡང་སྣང་། ཚིག་ཏུ་བརྗོད་དུ་འདོད་ཀྱང་ངོ་བོ་ལ་ངོས་བཟུང་དང་བ་བློའི་ཡུལ་ལས་འདས་པ་ངོ་བོ་ཉིད་ཀྱི་སྐུའོ། སེམས་ཀྱི་མཚན་ཉིད་སྐུ་

(༢༢༡)བཞིར་ངོས་འཛིན་པས། ཤེས་པའི་མཚན་ཉིད་ཡིན། ཁྱད་པར་གྱི་མཚན་ཉིད་ནི། རྟོག་པ་བྱུང་ཚད་སེམས་ཉིད་ཡིན་པས་མི་སྤོང་བར་སྐུ་བཞིར་འཁྱེར་བའོ། །བྱེད་པའི་མཚན་ཉིད་ནི། རྟོག་པ་སྐུ་བཞི་ཡིན་ཡང་བྱེད་པ་པོ་མེད། ཆོས་སྐུ་སྒྱུ་མ་ལྟ་བུར་འགྲོ་བའོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ནི། གདོད་མ་ནས་སྐུ་བཞི་ལྷུན་གྱིས་གྲུབ་པ་དེ་ཡིན། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་བཞི་ལས་མ་འདས་པ་སྟེ་བལྟ་བའི་གོ་ཆ་སྟེ། ཐམས་ཅད་ཤེས་རབ་ཀྱི་ཡུལ་དུ་ཤེས་པས། མཐའ་ཐམས་ཅད་ཁེགས་ནས། དཔེར་ན། བྱ་ཐག་པས་བཏགས་པ་དང་འདྲའོ། །ཤེས་རབ་ཀྱི་གོ་ཆ་ནི། རྡོ་རྗེ་དཀྱིལ་དཀྲུང་བཅས། ལུས་བསྲང་། མིག་སྣ་རྩེར་ཕབ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱས་ལ། ཤེས་རབ་ཀྱི་སེམས་ཀྱི་མཚན་ཉིད་ལ་བལྟས་པས། ཚིག་ཏུ་ལན་གསུམ་བརྗོད་པ་ནི་ཐོས་པའི་ཤེས་རབ། ཚིག་དེ་ལ་བརྟེན་ནས་དོན་གོ་བར་བྱེད་པ་ནི་བསམ་པའི་ཤེས་རབ། རྟོགས་པ་དོན་དུ་ཤེས་པ་ནི་སྒོམ་པའི་ཤེས་རབ་པོ། །དེ་ནི་དམིགས་པའི་རྐྱེན་གྱི་དུས་ན་མ་འཁྲུལ་བའོ། །དེ་མ་ཐག་པའི་

(༢༢༢)རྐྱེན་ནི། ཤེས་རབ་ཀྱིས་དེ་ལྟར་ཉམས་སུ་བླངས་པས། རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཤེས་ཀྱང་དེ་ལ་བྱ། སྐྱབས་སུ་འགྲོ་བའི་དབང་དུ་བྱས་ན། དེ་ལྟ་བུའི་དོན་རྟོགས་ཅིང་ཁོང་དུ་ཆུད་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན། ཆོས་ཐམས་ཅད་དེ་ཉིད་ཡིན་པས། རྟོག་པ་ཉིད་ལ་ལམ་བྱེད་པ་ནི། ཆོས་ལ་སྐྱབས་སུ་སོང་བ་ཡིན། དེ་ལྟར་རྟོག་པ་ལམ་དུ་བྱེད་པའི་མཁན་པོ་རྟེན་མེད་པའི་རིག་པ་ལས་བྱུང་བས། ཐོགས་པ་མེད་པའི་ཤེས་རབ་དགེ་འདུན་ཡིན།། །།དེ་ལྟ་བུའི་ཁྱད་པར་ཅན་གྱི་ལམ་དེ་ལ། རྟོག་པ་ཅི་སྐྱེས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་དུ་འགྲོ། ཐབས་སུ་འགྲོ། རྟོག་པ་ཅི་སྐྱེས་ཉིད་ཀྱི་བསྐུལ་མར་བཏབ་ནས་གྲོགས་སུ་འགྲོ་སྟེ། རྟོག་པ་གང་དང་གང་གི་མཚན་ཉིད་ཤེས་རབ། རྟོག་པ་ཐམས་ཅད་ལམ་མ་དུ་བྱུང་བས། བསམ་གཏན། རྟོག་པ་སྐྱེས་ཚད་ལམ་ཉིད་དུ་སྐྱེས་པས། ཡོངས་སུ་སྦྱོང་བའི་བརྩོན་

(༢༢༣)འགྲུས། ཆོས་ཉིད་ཀྱི་དོན་ལ་མི་སྐྲག་པས། བཟོད་པ། དེ་ལྟ་བུའི་བསམ་གཏན་དེ་ལ་ཉོན་མོངས་པའི་ས་བོན་མེད་པས། ཚུལ་ཁྲིམས། དེ་ལྟ་བུའི་ཐབས་ཤེས་ཀྱི་རྟེན་འབྲེལ་ལག་ཏུ་བླངས་པས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་རང་ངམ་ཤུགས་ཀྱིས་སྐྱེས་ནས་ཅི་བྱས་སེམས་ཅན་གྱི་དོན་དུ་འགྲོ་བས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། །།དེ་ལྟ་བུ་དང་ལྡན་པའི་ལམ་འདི་སྐབས་བརྒྱད་ད་ལྟར་གྱི་སྒྲུབས་པ་པོའི་ལག་ཆར་ཁྱེར་བས། ཕྱིར་མི་ལྡོག་པ་ཐོབ་སྟེ། སེམས་དང་རྟོག་པ་ཐ་མི་དད་དེ་ཐམས་ཅད་སྐུ་བཞིར་ཁྱེར་བས་སོ། །རྣམ་པ་ཐམས་ཅད་མཁྱེན་པ། ཐམས་ཅད་ལམ་དུ་ཤེས་པས། ལམ་ཤེས། སྒྲུབ་པ་པོ་ཐབས་མཁས་ནས་བྱས་པ་མ་ཡིན་པར། གདོད་མ་ནས་རྟོག་པ་རང་གི་མཚན་ཉིད་དེ། དེ་ལྟར་ཡིན་པར་ཤེས་པས་གཞི་ཤེས། རྒྱུ་ལམ་འབྲས་བུ་གསུམ་ངོ་བོ་གཅིག་ཏུ་སྦྱོར་བས། རྣམས་ཀུན་མངོན་རྫོགས། དེ་ལྟར་ཤེས་

(༢༢༤)པས་ཤེས་རབ་རྣོ་ཞིང་རྩལ་སྦྱོང་བ་ལ་ཚེགས་མེད་པས། རྩེ་མོ། དེ་ལྟར་རྟོག་པ་མི་སྤོང་བར་མཐར་གྱིས་སྒྲུབ་པས། མཐར་གྱིས་པ། ཤེས་རབ་ཀྱིས། གནས་སྐབས་ཀྱི་མཚན་ཉིད་ཤེས་པས། སྐད་ཅིག་མ་ལ་བྱང་ཆུབ་པ། ཐམས་ཅད་ཆོས་སྐུའི་འཕྲིན་ལས་ཡོངས་སུ་ལོངས་སྤྱོད་པས། སྐུ་ཡོངས་སུ་རྫོགས་པའོ། ཁྱད་པར་གྱི་ལམ་འདི་ལ། ལམ་རྣམ་པ་ལྔའི་དབང་དུ་བྱས་ན། རྟོག་པ་དགེ་སྦྱོར་གྱི་གྲོགས་སུ་འགྲོ་བས། ཚོགས་ལམ། རྟོག་པ་ཉིད་ལ་བརྟེན་ནས་ལམ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པས་ན། སྦྱོར་ལམ། རྟོག་པ་ཉིད་སྐུ་བཞིར་མཐོང་བས། མཐོང་ལམ། རྟོག་པ་གང་སྐྱེས་ཀྱང་སྐུ་བཞི་མི་འབྲལ་བས། སྒོམ་ལམ། དེ་ཉིད་ལ་ངེས་ཤེས་སྐྱེས་ནས། དེ་ལས་ལྷག་པའི་ལམ་བཞན་ལ་བསླབ་ཏུ་མེད་པས། མཐར་ཕྱིན་པའི་ལམ་མོ། །ལམ་དེ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དུ་འགྲོ་སྟེ། དྲན་པ་བྱུང་ཚད་ལམ་དུ་འགྲོ་བས་ན། །

(༢༢༥)དྲན་པ་ཉེ་བར་གཞག་པ། རྟོག་པ་མི་སྤོང་བར། ཤེས་རབ་ཀྱི་རྟོག་པའི་མཚན་ཉིད་ཤེས་ནས། དེ་ཉིད་ཡང་དག་པར་སྤོང་བ། ལམ་དེ་ལ་རྫུ་འཕྲུལ་ཐམས་ཅད་འབྱུང་བས། རྫུ་འཕྲུལ་གྱི་རྐང་པ་བཞི། དད་པས་རྒྱུ་བྱས། དྲན་པས་ལམ་བྱས། བརྩོན་འགྲུས་ཀྱི་གྲོགས་བྱས། དེ་གསུམ་ནི་ཐབས་ཡིན་ཏེ། དེ་གསུམ་དེ་ལྟར་ཤེས་པས། ཤེས་རབ། ཐབས་ཤེས་རབ་ཀྱི་རྟེན་འབྲེལ་སྐྲུན་པས། ཐམས་ཅད་ཏིང་ངེ་འཛིན་དུ་འབྱུང་བས་འབྲས་བུ། དེ་ལྟར་དབང་པོ་ལྔ་ལག་ཏུ་བླངས་པས་ཤེས་རབ་ཀྱི་རྩལ་སྦྱང་པ་དེ་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པས། དྲན་རིག་ཐམས་ཅད་བྱང་ཆུབ་ཀྱི་གྲོགས་སུ་འབྱུང་བ་བྱང་ཆུབ་ཀྱི་ཡན་ལག་གོ། །ཐམས་ཅད་བྱང་ཆུབ་ཀྱི་ཡན་ལག་ཏུ་ཤེས་པས་རྣམ་རྟོག་ལ་ལོངས་སྤྱོད་ཀྱང་། རྣམ་རྟོག་ཉིད་ཀྱི་མི་གོས་པར་དེ་ཉིད་ལམ་དུ་འགྲོ་བས། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལྟར། ལྟ་བའི་གོ་ཆ་ནི།

(༢༢༦)ཆོས་ཐམས་ཅད་བརྡར་ཤ་བཅད་ནས། གོལ་ས་ཐམས་ཅད་ཀྱི་མཐའ་ཁེགས་པས། དེ་མ་ཐག་པའི་རྐྱེན་གྱི་དུས་ན་རེ་དོགས་དང་བྲལ་བར་འགྲོའོ། །དེ་ལ་ཡང་། ཤེས་རབ་ཀྱི་གོ་ཆས་རྟོག་པ་ལམ་དུ་འཁྱེར་བའི་དུས་སུ། གོང་དུ་བསྟན་པའི་ལམ་གྱི་ཡོན་ཏན་ལ། ཤེས་རབ་ཀྱི་བསྔོ་བགྲང་བྱེད་དམ་ཞེ་ན། དེ་ལྟར་བྱས་ན། སྐྱོན་དུ་འགྲོ་སྟེ། ལམ་ནི། སྒོམ་པའི་ཤེས་རབ་འབའ་ཞིག་ལ་བྱེད་པ་ཡིན། སྒོམ་པའི་ཤེས་རབ་ནི་ ཚིག་དང་བློ་ལས་འདས་པ་ཡིན། འོ་ན་ལམ་དུ་ཇི་ལྟར་འཁྱེར་ན། དྲན་པས་ལམ་དུ་འཁྱེར་ཏེ། གང་ལ་བརྟེན་ནས་འཁྱེར་ན། རྟོག་པ་ཉིད་ལ་བརྟེན་ནས་ཤེས་རབ་ཀྱིས་དྲན་པ་ལ་དབང་བསྒྱུར་ཅིང་འགྲོ་བའོ། །རྟོག་པ་ལ་ཇི་ལྟར་བལྟ་ན། རྟོག་པ་རིམས་ཀྱིས་འབྱུང་དུས་སུ། དེ་ཡང་སྤང་བློ་མི་བཏང་བར། སྙིང་དུ་སྡུག་པ། དགོས་པ། སྐུ་དྲིན་ཅན་དུ་བལྟ། དེ་ལྟར་བལྟ་བ་ཅི་ཞེ་ན། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆོས་སུ་ཡོད་པས། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན་པས། དེ་ལྟར་བལྟས་པས་རྟོག་པ་རང་གི་མཚན་ཉིད་ངོ་

(༢༢༧)ཤེས་པས་སྐུ་བཞི་ངོ་བོ་ཉིད་ཀྱིས་འབྱུང་། དེ་ལྟར་རྟོག་པ་ལམ་དུ་ཁྱེར་བས་མ་ཞི་བར་ཆགས་སྡང་སྐྱེས་ན། རྟོག་པ་གཅིག་སྐྱེས་ན་ངོ་བོ་ཉིད་ཀྱི་རྟོག་པ་ཡིན་པས་མྱུར་དུ་མི་སྤང་བར་གོང་གི་ལྟ་བས་གཏན་ལ་དབབ། དེ་ལྟར་རྟོགས་ནས་རང་ཞི་རང་གྲོལ་དུ་སོང་བས། ཡོན་ཏན་གྱི་ཆོས་སུ་གྱུར་པ་ཐམས་ཅད་འགག་པ་མེད་པར་ཤུགས་ཀྱི་འབྱུང་སྟེ། ཡོན་ཏན་དེ་ལྟ་ཞེས་ན། ལམ་བརྡུངས་ཏེ། དེ་ལ་ཡང་མི་གནས་པར། གནས་སྐབས་ཀྱི་འབྲས་བུར་ཤེས་པར་བྱས་ལ། གོང་དུ་ཤེས་རབ་ཀྱིས་རྩལ་སྦྱང་ངོ་། །དེ་ལྟར་ཤེས་རབ་ཀྱི་རྩལ་གྱིས་རྟོག་པ་ཆོས་སྐུར་མཐོང་བས་ཚད་མ་ཞེས་དེ་ལ་བྱ། ཤེས་རབ་ཀྱིས་རྟོག་པའི་རྩ་བ་ངོ་ཤེས་པས། མཐའ་ཐམས་ཅད་དང་བྲལ་བའི་དབུ་མའོ། །གོལ་ས་གཅོད་པ་ཨྠི།། ༄༅ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཙམ་པ་རང་རིག་དོན་དམ་དུ་འདོད་དེ། རིག་པའི་ཡེ་ཤེས་རྟོག་གེའི་ཡུལ་ལས་འདས་པ། སངས་རྒྱས་ཀྱི་

(༢༢༨)ཐུགས་ལ་བསལ་བའི་རང་རིག་དོན་དམ་དུ་ཡོད་པར་འདོད། དབུ་མ་པ་ན་རེ། ཁྱོད་ཀྱི་དོན་དམ་པ་གང་ཡིན་པ། །དེ་ནི་ང་ཡི་ཀུན་རྫོབ་ཡིན། ཁྱོད་ཀྱི་ཨ་མ་གང་ཡིན་པ། །དེ་ནི་ང་ཡི་ཆུང་མ་ཡིན། ཁྱོད་ཀྱི་རང་རིག་དོན་དམ་པར་ཡོད་པར་བཟུང་བ་དེ་ངར་འཛིན་ཡིན་ཏེ། དེ་ནི་ང་ཡི་ཀུན་རྫོབ་ཡིན། །ང་ནི་ཡོད་པའི་མཐའ་དང་བྲལ། །མེད་པའི་མཐའ་དང་བྲལ། གཉིས་ཀའི་མཐའ་དང་བྲལ། གཉིས་ཀ་མ་ཡིན་པའི་མཐའ་དང་བྲལ། མཐའ་བཞི་དང་བས་གང་ཡང་ཁས་མི་ལེན། ཕ་རོལ་ཏུ་ཕྱིན་པ་ན་རེ། ཁྱོད་རང་ཁས་གང་ཡང་མི་ལེན་ན། སེམས་ཙམ་པ་ལ་སོགས་པའི་གྲུབ་མཐའ་གཞན་ཁེགས་སམ་མི་ཁེགས་ཞེས་ཟེར། དབུ་མ་པ་ན་རེ། ཁེགས་ཟེར། ཕར་ཕྱིན་པ་ན་རེ། ཁྱོད་ཀྱིས་ཁས་གང་ཡང་མ་བླངས་ཀྱང་། གྲུབ་མཐའ་གཞན་ཁེགས་པའི་ཕྱིར་ཁས་བླངས་སུ་ཐལ། ང་ནི་གང་དུ་ཡང་མི་དམིགས་ཏེ། ཤེས་པ་འདས་པ་ནི་འགགས་ཏེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་

(༢༢༩)རུང་། མ་འོངས་པ་ནི་མ་སྐྱེས་ཏེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། དེ་ལྟར་གྱི་ཤེས་པ་སྐད་ཅིག་མ་འདི་བརྟག་དཀའ་སྟེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པའོ། །དེ་བས་ན། གཟུགས་དང་། ཚོར་བ་ལ་སོགས་པ་མི་དམིགས་པས་ན། ང་ནི་གང་དུ་ཡང་མི་དམིགས་པའོ། །གསང་སྔགས་པ་ན་རེ། ཁྱེད་ཐམས་ཅད་དང་ང་མཐུན། སེམས་ཙམ་པ་དང་མཐུན་ཏེ། རང་རིག་པའི་ཡེ་ཤེས་རྟོག་གེའི་ཡུལ་ལས་འདས་པ། སངས་རྒྱས་ཀྱི་ཐུགས་ལ་གསལ་བ་དང་ང་མཐུན། ཁྱོད་པས་ང་ལྷག་སྟེ། ཁྱེད་རང་རིག་དོན་དམ་པ་ཡོད་པར་འདོད། ང་རིག་པ་སྐྱེ་མེད་ཡིན། དབུ་མ་བ་དང་ང་མཐུན་ཏེ། མཐའ་བཞིའམ། བརྒྱད་དང་ཡང་བྲལ་བར་འདོད་པར་མཐུན། ཁྱོད་པས་ང་ལྷག་སྟེ། ཁྱོད་ཉམས་མྱོང་མི་འདོད་དེ། ཉམས་མྱོང་ཡོད་པས་ང་ལྷག །དབུ་མ་པ་ན་རེ། ཁྱོད་ཉམས་མྱོང་འདོད་པས་མི་རུང་། ཉམས་རྟོགས་པ་ཡིན། རྟོག་པ་འཁོར་བ་

(༢༣༠)ཡིན། ང་ཉམས་མྱོང་མི་འདོད་ཟེར། གསང་སྔགས་པ་ན་རེ། ཁྱོད་སྒོམ་མམ་མི་སྒོམ། སྒོམ་ན་ཉམས་མྱོང་མི་འབྱུང་མི་སྲིད། མི་སྒོམ་ན་ཉམས་མྱོང་མེད། ཉམས་མྱོང་མེད་ན་སངས་མི་རྒྱ། རང་རིག་པ་སྐྱེ་མེད་བློ་ལས་འདས་པའི་ཉམས་དེ། ཁྱོད་ཀྱིས་སྨྲ་བར་མི་ནུས་སོ། །ཕ་རོལ་དུ་ཕྱིན་པ་དང་མཐུན། ཕྱི་བཟུང་བའི་ཡུལ་དེ་སེམས་ཀྱི་རྣམ་འཕྲུལ་ཡིན་པས། གཞི་རྩ་མ་གྲུབ་པ་གང་དུ་ཡང་མི་དམིགས་པ་དང་མཐུན། ཁྱོད་པས་ང་ལྷགཁྱོད་ཤེས་པ་འདས་པ་ནི་འགགས་ཏེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། མ་འོངས་པ་ནི་མ་སྐྱེས་ཏེ། དཔེར་ཡང་མི་རུང་། རྒྱུར་ཡང་མི་རུང་། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་འདི་བརྟག་དཀའ་སྟེ། སྐད་ཅིག་མ་དེ་ཀ་ལྟར་ཁྱེར་བས་ཁྱོད་ལ་ཐུག་པ་མེད་པའི་སྐྱོན་ཡོད། ཁྱོད་དོན་སྤྱིའི་རྣམ་པ་ཡུལ་དུ་བྱས་པ་ཡིན། རང་ཉིད་སྟོང་པར་མ་ཤེས་པས། ཡུལ་དང་སྟོང་པའི་རྣམ་པ་མི་སྐྱེ་སྟེ་རྗེས་དཔག་ལ་རྒྱས་འདེབས་མེད། སྒྲོ་འདོགས་རེ་རེ་གཅོད་པའི་ཕྱིར་རོ། །

(༢༣༡)ང་ལ་རྒྱས་འདེབས་ཡོད། ང་ཕྱི་བཟུང་བའི་ཡུལ་ལ་བརྟག་དཔྱད་མི་གཏོང་། ནང་འཛིན་པའི་སེམས་འདི་དང་པོ་སྐྱེ་མ་མྱོང་། ཐ་མ་འགག་མི་སྲིད། སྐྱེ་འགག་མེད་པའི་ངོ་བོའི་ཉམས་དེ་དུས་གསུམ་གྱི་སངས་རྒྱས་ཀྱིས་གཅོད་པར་མི་ནུས། དེ་ལྟ་བུའི་ཉམས་མྱོང་ཡོད་པས་ང་ལྷག །འོ་ན་གསང་སྔགས་པ་རང་ལ་གཉིས་ཏེ། ཐབས་དང་ཤེས་རབ་པོ། ཐབས་ནི་གཏུམ་མོ། །གཏུམ་མོའི་ཡོན་ཏན་ནི། རླུང་ཁོང་དུ་ཆུད་པས་སྟགས་ལྔ་དང་། ཡོན་ཏན་བརྒྱད་འབྱུང་སྟེ། སྟགས་ལྔ་ནི། དུ་བ་ལྟ་བ་དང་། སྨིག་སྒྱུ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་དང་། མར་མེ་ལྟ་བུ་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །ཕན་ཡོན་བརྒྱད་ནི། ས་ཡིས་ལུས་ཟུངས་ཐུབ། ཆུ་ཡིས་སྣུམ། མེ་ཡིས་དྲོད་སྐྱེ། རླུང་གིས་ཡང་ཞིང་གཡོ། ནམ་མཁས་ཡོད་པར་མི་ཚོར། ཟླ་བས་མདངས་གསལ། ཉི་མས་གཞན་གྱིས་མི་མཐོང་། ཐམས་ཅད་ཀུན་སོན་པོའི་ཕན་ཡོན་ཅི་ལ་ཡང་ཐོགས་རྡུགས་མེད་

(༢༣༢)པའོ། །ཉོན་མོངས་པ་ནི། བཟུང་འཛིན་གཉིས་རླུང་ལ་འགྱུ་སྟེ། རླུང་དྷཱུ་ཏཱིར་ཚུད་ན་ཉོན་མོངས་པ་ངང་གིས་འགག །དེ་བཞིན་དུ། ཡི་དྭགས་ཀྱང་རླུང་གཉིས་ནས་འཇུག་སྟེ། རླུང་དྷཱུ་ཏཱིར་ཚུད་ན་ཡི་དྭགས་ཀྱི་མི་ཚུགས། དེ་བཞིན་དུ་འབྱུང་བཞིའི་ནད་ཀྱིས་ཀྱང་མི་ཚུགས་སོ། །དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པོ། ཤེས་རབ་ནི། སྐྱེ་བ་མེད་པའི་རིག་པ། འགག་པ་མེད་པའི་ལམ། གནས་པ་མེད་པའི་ཤེས་རབ་སྟེ། ཐོབ་པ་མེད་པའི་འབྲས་བུ་གསུམ་གྱིས་ཕུལ་ཏེ། སྐྱེ་བ་མེད་པའི་རིག་པ། ཆོས་གདོད་མ་ནས་མ་སྐྱེས་ཤིང་སྐྱེ་བ་མེད་པར་ཐག་ཆོད། སྐྱེ་མེད་གཅིག་པུར་བྱས་ན་ཆད་ལྟར་འགྲོ་སྟེ། སྐྱེ་མེད་ལ་རིག་པ་ཁོང་རྐྱལ་དུ་གནས་པ་ནི། དཔེར་ན་འོ་མ་ལ་མར་ཡོད་པ་དང་འདྲའོ། །འགག་པ་མེད་པའི་ལམ་ནི། གསལ་བའམ་ཉམས་སུ་མྱོང་རྒྱུ་ཅིག་མེད་ན་ལམ་དུ་མི་འགྲོ་སྟེ། རིག་པའི་ངོ་བོ་ནི། གསལ་ལ་གོ་མ་འགགས་པ། དེ་ལ་གོམས་པར་བྱེད་པ་ལམ་མོ། །གནས་པ་མེད་པའི་

(༢༣༣)ཤེས་རབ་ནི། མི་མཐུན་པའི་ཕྱོགས་ཐམས་ཅད་པས་ན་ཤེས་རབ་ཅེས་བྱའོ། །མི་མཐུན་པ་ནི། དངོས་པོ་དང་མཚན་མ་ལ་སོགས་པ་ཡིན་ནོ། །རིག་པའི་ངོ་བོ་རྟོགས་ན། མར་མེ་བྱུང་བས་མུན་པ་འབྲོས་པ་བཞིན། མི་མཐུན་པ་ཤུགས་ཀྱིས་གཅོད་པས་ན་ཤེས་རབ་པོ།། །།ཐོབ་པ་མེད་པའི་འབྲས་བུ་ནི། མི་མཐུན་པ་རྣམས་ཆད་པར་གྱུར་པའི་ངོ་བོ་དེ་ལས་ཆོས་སྐུ་འབྱུང་། དེ་ལས་གཟུགས་སྐུ་འབྱུང་བ་ནི་ཐོབ་པ་མེད་པའི་འབྲས་བུའོ།། ༄༅ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྒྲིབ་པ་ནི་གསུམ་སྟེ། ཤེས་བྱའི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། ལས་ཀྱི་སྒྲིབ་པའོ། །དེ་ངོས་འཛིན་ན། ཤེས་བྱའི་སྒྲིབ་པ་ནི་དོན་ལ་མ་རིག་པ་ཡིན། ཉོན་མོངས་པའི་སྒྲིབ་པ་ནི། ཡེ་ནས་རྒྱུད་ལ་ཡོད་པའི་འདོད་ཆགས་ལ་སོགས་པའོ། །དེའི་རྩ་བ་མ་རིག་པ་ལས་བྱུང་། ལས་ཀྱི་སྒྲིབ་པ་ནི། ཉོན་མོངས་པས་ཀུན་ནས་བསླང་བའི་མི་

(༢༣༤)དགེ་བ་བཅུ་སྤྱད་པས། འབྲས་བུ་སྡུག་བསྔལ་འབྱུང་བ་དེ་ཡིན་དེ་གསུམ་སྤོང་བ་ནི། བཀའ་གདམས་ལ་སོགས་པ་དགེ་བཤེས་ཀུན་ནི། སྔོན་ལ་གཉིས་པོ་སྦྱངས་ལ། ཤེས་བྱ་ཞོར་ལ་སྦྱང་གསུང་། བླ་མ་མི་ལའི་ཞལ་ནས། སྔོན་ལ་ཤེས་བྱ་སྦྱང་། ཤེས་བྱ་འབྱོངས་ནས་ལས་ཉོན་གཉིས་པོ་སྒྲོག་རང་གདལ། ཤེས་བྱ་མ་འབྱོངས་ན་ལས་ཉོན་གཉིས་པོ་ལན་ཅིག་འབྱོངས་ཀྱང་། ཡང་སྐྱེ། དཔེར་ན། སྡོང་པོ་ཡལ་ག་བཅད་པ་དང་འདྲ། ཤེས་བྱ་འབྱོངས་ན། སྡོང་པོའི་རྩ་བ་ནས་བཅད་པ་དང་འདྲ། སྐྱེ་རྒྱུ་མེད་དེ་སྒྲོག་རང་གདལ་སོང་བ་ཡིན་གསུང་། དེ་གཉིས་ཀ་བདེན། དགེ་བཤེས་པ་བདེན་ཏེ། ལས་དང་ཉོན་མོངས་པ་གཉིས་དང་མ་བྲལ་ན་སངས་རྒྱས་པའི་ཐབས་མེད། བླ་མ་བདེན་ཏེ། ཤེས་བྱ་ལ་ཀོ་ལོང་མ་གསོལ་ན། ལས་ཉོན་གཉིས་ཟད་ཀྱང་མ་ཕན། ཤེས་སྒྲིབ་ལ་སོ་སོ་སྐྱེ་བོའི་དུས་བག་ལ་ཉལ་ཞེས་བྱ་སྟེ། ཆུ་དང་འོ་མ་བཞིན་དུ་

(༢༣༥)རྒྱུད་དང་འདྲེས་པས། ཡུལ་དང་ཕྲད་ན་སྣང་གིས། རྣམ་སྨིན་འབྲལ་དུ་མི་འབྱིན། བག་ཆགས་དེ་ལ། རྣམ་ཤེས་ཞེས་བྱ་སྟེ། མདོ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོགས་པར་གྱུར་ན་མི་རུང་ཞེས། །བྱིས་པའི་སྐྱེ་བོ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པས། ཟབ་པ་ནི། གཏིང་མ་སྙེད་པ་ལ་བྱ། ཕྲ་བ་ནི་མི་མཐོང་བའོ། །དེ་ལ། བག་ཆགས་ཀྱི་ས་བོན་འདེབས་པ་ནི་དཔེར་ན། རང་གི་བྱེད་བཞིན་ལ་མཚོན་རྩི་དཀར་ནག་གཉིས་བྱུགས་ནས། མེ་ལོང་ལ་བལྟས་པས་གཟུགས་བརྙན་ཕ་གིར་ཤར་བ་དེ། བྱེད་བཞིན་གྱིས་དེ་ཕར་འཕོས་སམ་ཞེ་ན་མ་འཕོས། དེ་མེད་པར་ཡང་མ་བྱུང་། དེ་བཞིན་དུ། རྣམ་ཤེས་ལ་བག་ཆགས་ཀྱི་ས་བོན་བཏབ་པས། ཡུལ་དང་ཕྲད་པའི་དུས་སུ། འབྲས་བུ་ཕ་གིར་སྣང་བ་དེ། རྣམ་ཤེས་དེ་ཕར་འཕོས་སམ་ཞེ་ན། མ་ཕོས། རྣམ་ཤེས་ལ་གཡོས་པ་མེད་དེ། དེ་མེད་པར་ཡང་མ་བྱུང་། རྣམ་ཤེས་དེ་ལ་མ་འགགས་ཅིང་གསལ་བས་ན་

(༢༣༦)རྣམ་ཤེས་ཞེ་བྱའོ། །དེའི་ངོ་བོ་ནི་སེམས་ཡིན་ཏེ། ཡེ་ཤེས་ཡིན། རྒྱུད་དག་པའི་རང་བཞིན་ཡིན་པས། ཅིར་སྣང་རང་གི་ངོ་བོར་ཤར་བས་ས་བོན་འདེབས་བྱ་འདེབས་བྱེད་མོད། ས་དང་པོའི་བདེན་པ་མཐོང་ནས་མིང་དུ་ཤེས་བྱའི་སྒྲིབ་པར་བཏགས། དེ་སྤོང་བ་ནི། བསྒོམས་པས་སྤོང་བ་ལས་གཞན་གྱིས་མི་སྤོང་། དེ་སྤོང་བའི་དཔེ་ནི། གསེར་འགྱུར་གྱི་རྩི་དང་འདྲ་སྟེ། ལྕགས་ལ་ཡེ་ནས་གསེར་གྱི་རང་བཞིན་ཡོད་པ་ལ། གཟོ་བོས་རྩི་བྱུགས་པས། ལྕགས་ཇེ་ཆུང་དུ་འགྲོ། གསེར་ཇེ་ཆེ་ལ་མཐར་གསེར་གྱི་རང་བཞིན་དུ་འགྱུར། དེ་བཞིན་དུ། ཤེས་བ་ལ་ཡེ་ཤེས་ཀྱི་རང་བཞིན་ཡེ་ནས་ཡོད་པ་ལ། བླ་མའི་མན་ངག་གིས་མཚོན་ནས། ཤེས་བྱ་ཇེ་འགགས་ལ། ཡེ་ཤེས་ཇེ་གསལ་ལ་སོང་ནས། མཐར་རྒྱུད་དགེ་བའི་རང་བཞིན་དུ་འགྱུར། དེ་ཡང་། ཕ་རོལ་ཏུ་ཕྱིན་པའི་འདོད་པས་ནི། མཐོང་ལམ་གྱི་ཇི་ལྟར་མཐོང་བའི་དོན་དེ། ས་བཅུའི་བར་དུ་གོམས་

(༢༣༧)པར་བྱས་པ་ལས། ས་བཅུ་རྒྱུན་མཐའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། ལས་ཀྱི་སྒྲིབ་པའི་ས་བོན་རྣམ་པར་ཤེས་པ་འགགས་ནས། སྐད་ཅིག་མ་གཉིས་པ་ལ་བདེ་བ་ཆེན་པོའི་ཆོས་ཀྱི་སྐུ། དུས་ཐམས་ཅད་དུ་ཆད་པ་མེད་པ་མངོན་དུ་གྱུར་པ་ཡིན་གསུང་། སྔགས་ནི། བསམ་གཏན་གྱི་འོད་གསལ་ལ་གོམས་པར་བྱས་པས། བར་དོ་དང་པའི་དུས་སུ་ཤེས་བྱ་འགགས་ན། རང་བཞིན་འོད་གསལ་ལ་གནས་སོ། །དེར་གནས་མ་ནུས་ན་ད་རུང་ཤེས་བྱ་མ་འབྱོངས་པ་ཡིན་གསུང་། ཉོན་མོངས་པའི་སྒྲིབ་པ་ནི། བསླབ་པ་གསུམ་གྱིས་རྩད་ནས་གཅོད། ལས་ཀྱི་སྒྲིབ་པ་ནི། སྟོབས་བཞིས་འདག་པར་བྱེད་དོ། །རྟེན་གྱི་སྟོབས་བླ་མ་དང་དཀོན་མཆོག་ལ་གསོལ་བ་འདེབས། སུན་འབྱིན་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པའི་སྒོ་ནས་ལུས་ངག་གི་དགེ་བ་གང་བྱེད་པ་དེ་ཡིན། གཉེན་པོ་ཀུན་དུ་གཅོད་པའི་སྟོབས་ནི། སྔར་བྱས་པ་ལ་འགྱོད་ནས། ཕྱིས་སྤོང་བའི་སྒོ་ནས་ལུས་ངག་གི་དགེ་བ་གང་བྱེད་པ་དེ་ཡིན། སོར་ཆུད་བའི་སྟོབས་ནི། སྔར་བྱས་ལ་འགྱོད། ཕྱིས་མི་བྱེད་པར་ཁས་བླངས་ནས། མི་དགེ་བ་བཅུ་སྤོང་ཞིང་།

(༢༣༨)དགེ་བ་བཅུ་དང་དུ་ལེན་པ་དེ་ཡིན་ནོ།། ༄༅ །།བླ་མ་རིན་པོ་ཆེའི་ཞལ་ནས། ཚེ་འདི་བློས་བཏང་ནས་ཆོས་བཤའ་མར་བྱེད་པ་ལ། བླ་མ་མ་ནོར་བ་ཅིག་དང་ཕྲད་དགོས། ཆོས་མ་ནོར་བ་ཅིག་དང་ཕྲད་དགོས། བླ་མ་མ་ནོར་བ་དང་ཕྲད་ཆོས་མ་ནོར་པ་དང་ཕྲད་ན། ལམ་མ་ནོར་བ་རྒྱུད་ལ་མི་སྐྱེ། དེ་མ་སྐྱེས་ན་འབྲས་བུ་མ་ནོར་བ་རྒྱུད་ལ་མི་འཆར། དེ་མ་ཤར་ན་སངས་མི་རྒྱ། དེ་བས་ན། བླ་མ་མ་ནོར་བ་གཅིག་དང་ཕྲད་ན། ཆོས་མ་ནོར་པ་གཅིག་དང་ཡང་ཕྲད་པས། ལམ་མ་ནོར་བ་རྒྱུད་ལ་སྐྱེ། དེ་སྐྱེས་ན་འབྲས་བུ་མ་ནོར་བ་རྒྱུད་ལ་འཆར་གསུང་། ཆོས་བཤའ་མ་ཅིག་བྱེད་ན། དང་པོ་མི་རྟག་པ་སྒོམས་པའི་སྟོབས་ཀྱིས། ཚེ་འདི་ལ་བློ་ལོག་པ་ཅིག་དགོས། དེ་ནས། འཁོར་བའི་ཉེས་དམིགས་བསྒོམས་པས། འཁོར་བ་མཐའ་དག་ལ་བློ་ལྡོག་དགོས། དེ་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས། འཁོར་བ་ན་གནས་པའི་མ་རྣམས་ཀྱི་དོན་དུ་སངས་རྒྱས་ཐོབ་པར་

(༢༣༩)འདོད་པའི་བློ་སྐྱེ་དགོས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་ན་སངས་རྒྱ། དེ་གཉིས་མ་སྐྱེས་ན་སངས་མི་རྒྱ། བསོད་ནམས་ཀྱི་ཚོགས་སོག་པ་དང་། བསྐྱེད་རིམས་སྒོམ་པ་དང་། བཟློས་པ་བྱེད་པ་ལ་སོགས་པ་ཡང་། དེ་གཉིས་ཀྱི་ཞབས་ཏོག་གི་ཚུལ་དུ་བྱེད་པ་ཡིན། ཡང་ན། བསོད་ནམས་ཀྱི་ཚོགས་མ་གྲུབ་ཀྱང་། དེ་གཉིས་རང་བསོད་ནམས་ཀྱི་ཚོགས་ཡིན། ཀུན་རྫོབ་སྒྱུ་མ་ཙམ་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་གསུང་།། །།སྒོམ་པར་བྱ་བ་ནི། ཕྱི་བཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་གཉིས་ཡིན་ཏེ། ཕྱི་བཟུང་བའི་ཡུལ་ནི། རླུང་གི་དཀྱིལ་འཁོར་ནས། སྲིད་པའི་རྩེ་མོའི་བར་འདི་དག་ནི་བརྫུན་པ་ཡིན་ཏེ། དང་པོ་ནས་ཡོད་མ་མྱོང་པ་ཡིན། དཔེར་ན་རྨི་ལམ་རྨིས་པའི་དུས་སུ་ཟས་སྐོམ་ལ་ལོངས་སྤྱད་པ་ལ་བཟུང་བའི་ཡུལ་འདི་དག་ནི། སེམས་ལས་བྱུང་བ་ཡིན། སེམས་ཀྱིས་བསྐྱེད་པ་ཡིན། སེམས་ཀྱིས་མ་བསྐྱེད་པའི་དངོས་པོ་གང་ཡང་མེད། །

(༢༤༠)སོགས་པ་རྨི་སྟེ། གཉིད་སད་པའི་དུས་སུ་གང་ལ་ཡང་མ་གྲུབ། དཔེ་དེ་བཞིན་དུ། ད་ལྟ་འཁོར་བའི་ཆོས་སྣ་ཚོགས་སུ་སྣང་པ་ཡང་། བདེན་པ་མཐོང་བའི་དུས་སུ་གང་ཡང་མ་གྲུབ་སྟེ། དེ་ལྟར་བདེན་པར་མཐོང་ཡང་བརྫུན་པ་ཡིན། བརྫུན་པའི་ངོས་ནས་བདེན་པ་ཡིན་ཏེ། སྣང་བ་སྒྱུ་མ་རྨི་ལམ་ཙམ་དུ་ཤེས་པར་བྱའོ། །ནང་འཛིན་པའི་སེམས་འདི་བདེན་པ་ཡིན་ཏེ། དང་པོ་མ་སྐྱེས། ཐ་མར་མི་འགག །རྒྱུ་རྐྱེན་གྱིས་མ་བསྐྱེད། གང་དུ་ཡང་འགྱུར་བ་མེད། སངས་རྒྱས་ཀྱི་ཐུགས་ལ་མངའ་བ་དང་། སེམས་ཅན་གྱི་སེམས་ཉིད་ལ་བཟང་ངན་མེད། རྟོགས་མ་རྟོགས་ཀྱི་ཁྱད་པར་ཡིན། བློས་བྱས་ཀྱི་སྟོང་པས་ཡང་དང་ཡང་དུ་སྒོམ་པས་རྟོགས་ཏེ། སེམས་ཀྱི་ངོ་བོ་དེ་མཐོང་ཡེ་མ་མྱོང་བ་ཡིན། སེམས་ཀྱི་མཚན་ཉིད་ནི། རྟོག་པ་སྣ་ཚོགས་སུ་འཕྲོ་ཞིང་སྣ་ཚོགས་སུ་འཆར་བ་ཡིན། སྐྱེས་བུ་ཤེས་རབ་ཆུང་བ་ནི། སེམས་

(༢༤༡)དང་རྟོགས་པ་གཉིས་ཐ་དད་དུ་རྟོགས། ཤེས་རབ་ཅན་ནི་གཉིས་མེད་དུ་རྟོགས་སྟེ། རྟོག་པ་སེམས་ལས་བྱུང་ཞིང་སེམས་ལ་ཐིམ། ཆུ་དང་ཆུའི་རླབས་བཞིན། སེམས་ཀྱི་རང་བཞིན་ནི་འོད་གསལ་བ། ཅིའི་ངོ་བོར་ཡང་མ་གྲུབ་པ་ཡིན། དང་པོ་བློ་གསར་པའི་དུས་སུ། དང་པོ་གང་ནས་སྐྱེས། གར་འགགས། ཇི་ལྟར་གནས་བསམ་པས་བློ་ངེས་པར་བྱད་པ་ཡིན། དེ་ཉིད་བློ་ཆེར་སོང་ནས། མ་བཅོས་པའི་ཤེས་པ་རང་གསལ་ལ་འཇོག་པ་ཡིན། ཡུལ་དེ་ཉིད་ལ་དད་པ། བརྩོན་པ། གུས་པས་ནན་ཏན་གྱིས་རྒྱུན་རིང་པར་སྒོམ་པར་བྱ་སྟེ། ཆུ་བའི་རྒྱུན་བཞིན་རྒྱུན་ཆད་མེད་པ་དང་། །མར་མེའི་རྩེ་མོ་རླུང་གིས་མ་བསྐྱེད་དང་། །བུ་ནི་ཡིད་འོང་བྲལ་བའི་མ་བཞིན་དུ། །ཉིན་དང་མཚན་དུ་འབད་དེ་བསྒྲུབ་པ་ན། །ལོ་ཟླ་འགའ་ན་དོན་ཀུན་ཐམས་ཅད་འགྲུབ། །ཅེས་གསུང་ངོ་།། །།ཡང་རིན་པོ་ཆེ་སྒོམ་པོ་པའི་

(༢༤༢)ཞལ་ནས། ང་ལ་བལྟ་རྒྱུ་སེམས་ཉིད་གཅིག་པུ་ལས་མེད། སེམས་ཉིད་ནམ་མཁའ་ལྟ་བུ་ལ་བློ་ངེས་ཤེས་སྐྱེས་པ་དེ་ལྟ་བ་ཡིན། དེ་ཉིད་གསལ་བར་ཉམས་སུ་མྱོང་བ་དེ་སྒོམ་པ་ཡིན། བྱ་བ་ཅི་བྱེད་ཀྱང་དེ་དང་མ་བྲལ་བར་སྤྱོད་པ་དེ་སྤྱོད་པ་ཡིན། གོམས་པར་གྱུར་རྩ་ན་འབྲས་བུ་ལགས་སོ། །ཤེས་ལེགས་པར་གསུངས་སོ།། །།ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་ཀུན་གྱི་སྲས་གཅིག་པུ། ཁམས་གསུམ་འགྲོ་བའི་དཔལ་མགོན་སྒམ་པོ་པའི། །བཀའ་འབུམ་དཔག་བསམ་ལྗོན་ཤིང་ལེགས་པར་རྫོགས།། །།ཨོཾ་སྭ་སྟི། དེ་ལྟར་མཚན་ཡོངས་སུ་གྲགས་པའི་ཆོས་ཀྱི་རྗེ་མགོན་པོ་ཟླ་འོད་གཞོན་ནུའི་བཀའ་འབུམ་དཔག་བསམ་ལྗོན་ཤིང་འགྲོ་བ་ཀུན་གྱི་རེ་འདོད་སྐོང་བར་བྱེད་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་

(༢༤༣)བ་འདི་ཡི་བླ་མ་བརྒྱུད་པ་ནི་རིམ་པ་ནི་གསུམ་ལས། གསང་སྔགས་རྡོ་རྗེ་ཐེག་པའི་རིམ་པ་གཉིས་ཀྱི་བསྐོར་མང་དུ་གསུངས་པའི་བརྒྱུད་པ་ནི། རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་ཀྱིས། སྤྲུལ་པའི་སྐྱེ་མཆོག་ཆེན་པོ་ཇོ་བོ་ཏཻ་ལོ་པ་ལ་གནང་། དེས་མཁས་པ་ཆེན་པོ་ནཱ་རོ་པ་ལ་གནང་། དེས་རྗེ་བཙུན་ལྷོ་བྲག་པ་ཆེན་པོ་ལ་གནང་། དེས་བླ་མ་ཆེན་པོ་མི་ལ་རས་པ་ལ་གནང་། དེས་མགོན་པོ་ཟླ་འོད་གཞོན་ནུ་ལ་གནང་། དེས་སངས་རྒྱས་སྒོམ་པ་ལ་གནང་། ཁུ་དབོན་གཉིས་ཀྱིས། དཔལ་ལྡན་དུས་གསུམ་མཁྱེན་པ་ལ་གནང་། དེས་རིམ་པ་ལྟར་གསུངས་པ་ནི། འགྲོ་མགོན་རས་ཆེན་ལ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པག་ཤྲཱི། གྲུབ་ཐོབ་ཨུ་རྒྱན་པ། བླ་མ་སྙན་རས། དེ་གཉིས་ཀས། ཆོས་རྗེ་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན། རྟོགས་ལྡན་མགོན་པོ་རྒྱལ་མཚན།

(༢༤༤)དེས་གཉིས་ཀས། ཆོས་རྗེ་རོལ་བའི་རྡོ་རྗེ། རྟོགས་ལྡན་མཁས་སྤྱོད་དབང་པོ། བླ་མ་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན། སྒམ་པོ་པ་བླ་མ་རིན་པོ་ཆེ་དྷརྨ་རདྣ། དེ་ཉིད་ཀྱི་ཞལ་མངའ་ནས་དགྱེས་པས་གནང་བའོ།། །།ཡང་ལུགས་ཅིག་ལ། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། ཤ་བ་རི་དབང་ཕྱུག །མཻ་ཏྲེ་བ། མར་པ་ཆེན་པོ། མི་ལ་རས་པ། དྭགས་པོ་ལྷ་རྗེ།། །།ཡང་ལུགས་ཅིག་ལ། རྡོ་རྗེ་འཆང་། བློ་གྲོས་རིན་ཆེན། སློབ་དཔོན་ཀླུ་སྒྲུབ། མ་ཏངྐི་བ། ཏཻ་ལོ་བ། ནཱ་རོ་པ། མར་པ། མི་ལ། སྙི་སྒོམ།། །།ཡང་ལུགས་ཅིག་ལ། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། བྲམ་ཟེ་ཆེན་པོ་ས་ར་ཧ་པ། ལུ་ཧི་པ། དིང་གི་པ། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། ཆོས་ཀྱི་རྗེ་རིན་པོ་ཆེ་པ།། །།ཡང་ལུགས་ཅིག་ལ། ཌོཾ་བྷི་ཧེ་རུ་ཀ །བིར་བ་པ། ལ་བ་པ། ཨིནྟྲ་བོ་ཏི་ཆུང་བ་སྟེ། །བཀའ་བབས་བཞིའི་བརྒྱུད་པའོ།། །།ཡང་ལུགས་ཅིག་ལ། རྡོ་རྗེ་འཆང་།

(༢༤༥)སུ་མ་ཏི་ཀུན་ཏུ་བཟང་མོ། །ཐང་ལོ་པ། ཀར་ཎ་རི་པ། ཏཻ་ལོ་པ། ནཱ་རོ་པ། མར་པ། མི་ལ། ཆོས་ཀྱི་རྗེ་བསོད་ནམས་རིན་ཆེན་པ། ཚུལ་ཁྲིམས་སྙིང་པོ། ཁམས་པ་དབུ་སེ། འགྲོ་མགོན་རས་པ་ཆེན་པོ། སྤོམ་བྲག་པ། ཀརྨཱ་པ། ཨུརྱན་པ། སྙན་རས། རང་བྱུང་པ། རྒྱལ་བ་གཡུང་། མགོན་རྒྱལ་བ། རོལ་པའི་རྡོ་རྗེ། ཞྭ་དམར་བ། དེ་བཞིན་གཤེགས་པ། ལ་ཕྱི་བ། བླ་མ་ཆོས་རིན་པ།། ༈ །།ཞེས་པ་འདི་ནི། རྗེ་ཉིད་ཀྱི་དབོན་པོ། སྤྱན་སྔ་ཆོས་ཀྱི་རྗེ། །བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་པའི་བསླད་དུ་བར་དུ་བགྱིས་པའོ།། །། །། །།

(༢༤༦)

(༢༤༧)། ཀི་ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། གནས་ལུགས་གཉིས་ཀྱི་མན་ངག་དང་། གོ་ཆ་གཉིས་ཀྱི་མན་ངག་བཞུགས་སོ། །

(༢༤༨)བླ་མ་རིན་ཆེན་ལྟ་བུ་ཡི། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ལུས་ངག་ཡིད་གསུམ་སྤྲིན་ཚོགས་ཀྱིས། །དུས་གསུམ་དུ་ནི་མཐོང་ཕྱག་འཚལ། །གཉིས་མེད་གསལ་བ་ཆོས་ཀྱི་དབྱིངས། །མཆོག་དེ་ལ་ཡང་ཕྱག་འཚལ་ལོ། །བླ་མ་ཆེན་པོ་ནཱ་རོ་པས། །བདེ་མཆོག་འཁོར་ལོའི་གསང་སྔགས་ནི། །འབུམ་ཕྲག་གཅིག་ནི་བཟླས་པ་ཡིས། །ས་ནི་གཡོས་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོས་ཀྱི་ཏཻ་ལོ་པའི། །ཞལ་སྔར་གདམ་ངག་མནོས་པ་ནི། །དངོས་པོའི་གནས་ལུགས་ལས་དང་ནི། ཏཻ་ལོ་པ་ལ་བརྟེན་ཞེས་འཕྲོས། །ལོ་བཅུ་གཉིས་སུ་དཀའ་བ་སྤྱད་པའི་མཐར། །སྙན་མཆོག་བཅད་ནས། མཎྜལ་ལ་ཚོམ་བུ་བཀོད་ནས་ཕུལ་སྟེ་ཞུས་པས།

(༢༤༩)འབྲས་བུ་སྐྱེ་པའི་རིམ་པའོ། །དེ་ལ་དངོས་པོའི་གནས་ལུགས་ནི། །ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་བསྟན་པ་ཡིན། །ཞེས་གསུངས་སོ། །དེ་ལ། རང་སེམས་དངོས་པོའི་གནས་ལུགས་ནི། །ཀྱེ་ཧོ། འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་སྤྱོད་ཡུལ་ལམ་ལས་འདས། །ཏཻ་ལོ་ང་ནི་བསྟན་དུ་ཅི་ཡང་མེད། །རང་གི་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཅེས་གསུངས་པ་དང་། ཏཻ་ལོ་པའི་ཆོས་དྲུག་སྟེ། མི་མནོ། རིག་པ་དང་སྟོང་པ་དབྱེར་མི་ཕྱེད་པའི། སེམས་ཀྱི་དེ་ཁོ་ན་ཉིད། བརྗོད་པའི་སྒྲ་དང་བློའི་ཡུལ་ལས་འདས་པ། ཚིག་དང་ཡི་གེར། རང་གིག་པའི་མཚན་ཉིད། ཡིད་དང་བྲལ་

(༢༥༠)མི་སེམས། མི་དཔྱོད། མི་སྒོམ། མི་བསམ། སེམས་རང་བཞིན་དུ་གནས་སོ། །ཤེས་གསུངས་སོ། །ལམ་གྱི་གནས་ཐབས་རྣམ་གཉིས་ཏེ། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པའི་རིམ་པ་བསྒོམ་པའོ། །དེ་ལ་བསྐྱེད་པའི་རིམ་ཚུལ་ནི། །སྐད་ཅིག་དྲན་རྫོགས་ལ་སོགས་པ། །ལྷ་སྐུ་སྒྱུ་མར་བསྐྱེད་བྱས་ལ། །རྫོགས་པའི་རིམ་པ་མཚན་བཅས་དང་། །མཚན་མའི་རྣལ་འབྱོར་གང་སྒོམ་ཡང་། །ལུས་ཀྱི་གནད་དང་ཡུལ་གྱི་གནད་དང་། དུས་གནང་གསུམ་ལས་ཡེ་ཤེས་འཆར། །ལུས་ཀྱི་གནད་ལ་རྣམ་གཉིས་ཏེ། །ལུས་གནད་དངོས་དང་དེ་ལ་རྟེན་པའོ། །རླུང་གི་སྦྱོར་བ་སྒོམ་པའོ། །དེ་ཡང་རྡོ་རྗེ་གདན་གཞི་ལས། །ལུས་སེམས་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་ཡན་ལག་གནས། །ཐབས་དང་བཅས་ན་ཤིན་དུ་འབར། །བློ་དང་བྲལ། ཡུལ་དང་བྲལ། དམིགས་པ་དང་བྲལ། སྨོན་པ་དང་བྲལ། འོད་གསལ་གྱི་ངང་འབའ་ཞིག །ལུས་ལྷར་གསལ་བའི་དཀྱིལ་ན་ཡར་དྷཱུ་ཏཱིཡོད་པར་བསམ། རི་དམིག་ལྟར་བསྣོལ། ལྕགས་ཀྱུ་ལྟར་དགུག །མུ་ཏིག་ལྟར་བརྩེགས། རྒྱ་གདུང་ལྟར་སྡོམ། ལི་ཁྲི་ལྟར་བསྒྲིམ། རྒོད་ཤོག་ལྟར་བརྒྱད། །

(༢༥༡)ཞེས་གསུངས་སོ། །རི་མིག་ལྟ་བུར་བསྣོལ་བར་བྱ། །མཉམ་བཞག་རྒྱ་ཡིས་བརྩིས་བར་བྱ། །ལི་དྲི་བཞིན་དུ་ཁོང་སྒྲིམ་བྱ། །སྒལ་བ་ཆུ་ཤིང་བཞིན་དུ་བསྲང་། རྒྱ་མདུད་བཞིན་དུ་སྡམ་པར་བྱ། ལྕགས་ཀྱུ་བཞིན་དུ་དགུག་པར་བྱ། །འཕེལ་ཀ་བཞིན་དུ་བསྐྱེད་པར་བྱ། །རིན་ཆེན་རྩ་ལ་སྒལ་བ་གཏར་བ་འདྲ། །མུ་ཏིག་རྩེགས་པ་ལྟ་བུར་བྱ། །ཤིན་ཏུ་བསྲང་ལ་དགུག་པར་བྱ། །ལུས་ལ་རྟེན་པའི་རླུང་སྦྱོར་ནི། །དབུགས་ལ་སྦྱོར་བ་བཞི་ལྡན་བྱ། །དབུགས་ཀྱི་སྦྱོ་བཞི་མ་ཤེས་ན། །གོང་གི་ཡོན་ཏན་འབྱུང་བར་དཀའ། །ཞེས་གསུངས་སོ།། །།རྡུབ་དང་དགང་དང་གཞིལ་བ་དང་མདའ་ལྟར་འཕང་དང་རྣམ་བཞིས་སོ། །རྡུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་རེངས་པར་བྱེད། །གཞིལ་བ་ཡིས་ནི་ཞི་བར་བྱེད། །མདའ་ལྟར་གྱེན་དུ་འཕང་བར་བྱ། །སྒལ་བ་དྲོད་སྐྱེ། བདེ་བ་བསྐྱེད། མགྲིན་པ། དཔུངས་པ། སྒལ་བ། རྡུབ་པ་ནི་སྟེ་རླུང་ཁྲུ་གང་ཙམ་ནས་རྡུབས་ལ། རྩ་གསུམ་ན་མར་སོང་བས་ལྟ་བ་ནས་སོར་བཞིའི་སར། དྷཱུ་ཏཱི་ལ་ཐིམ་པའོ། མི་ཐུབ་ན་ཅུང་ཟད་གློད་པའོ། །ལ་སོགས་པ་ནས།

(༢༥༢)དེ་ནི་རླུང་གི་གནས་སུ་གསུངས། །དགང་བ་ཡིས་ནི་ལུས་བཀང་ནས། །ཤེས་པ་དང་། ཡུལ་གྱི་གནད་ནི་རྣམ་གཉིས་ཏེ། །ཕྱི་ནང་གཉིས་སུ་ཤེས་པར་བྱ། །ཕྱི་ནི་དཀར་དམར་རྣམ་པ་ཅན། །ནང་དུ་འཁོར་ལོ་རྣམ་པ་བཞི། །དེ་ལ་ཐབས་ལམ་བགྲང་མི་ལང་། །མི་རྟོག་དོན་དོན་ལ་དམིགས་ཀྱང་རུང་། །ཐིག་ལེ་ཉ་གང་བ་ཅིག་དམིགས་ཀྱང་རུང་། །ཡར་སྲེགས་མར་འདྲེན་གཞུ་བརྟུལ་བྱེད་ཀྱང་རུང་། །ཕྱག་རྒྱ་ཆེན་པོ་ཉིད་ལ་དམིགས་ཀྱང་རུང་། །ཤེས་པ་རྣམ་རྟོག་ཡུལ་ལ་མ་འཕྲོས་ན། །དེ་རྣམས་གསལ་བ་མེད་ཀྱང་ནི། །རྣམ་པར་རྟོག་པ་ངང་གི་འགའ། །ཡོན་ཏན་རྣམས་ཀྱང་རིམས་ཀྱིས་འབྱུང་། །དེ་ནི་ཡུལ་གྱི་གནད་ཉིད་དོ། །དེ་ལ་དུས་གནད་བསྟན་པ་ནི། །གཡས་གཡོན་འཕོ་དུས་ཟེར་བ་ཡོད། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །དེ་ལ་དུས་བཞིའི་ཉམས་ལེན་ནི། །ཞལ་ལས་ཤེས་ཡང་བྱང་ཆུབ་སེམས་ཀྱི་འཁོར་ལོ་བཞི་བཀང་ནས། དེ་རྣམས་ལ་ཤེས་པ་གཏང་པས། རླུང་མཆིངས་པར་འགྱུར་རོ། །སྙིང་། མགྲིན། སྤྱི་བོ། །

(༢༥༣)པར་བྱ་བ་ཡིན། །འབྲས་བུ་སྐྱེ་པའི་རིམ་པ་ནི། །མཆོག་དང་ཐུན་མོངས་དངོས་གྲུབ་ཐོབ། །དེ་ལ་མཆོག་ནི་གོང་ལྟར་བསྒོམས་པས། དང་པོ་དྲོད་འབྱུང་། དེ་ནས་བདེ་བ་འབྱུང་། དེ་ནས་སྲིན་བུ་མེ་ཁྱེར་ལ་སོགས་པའི་རྟགས་རྣམས་འབྱུང་། དེ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཕྱམ་ཙེར་འགྲོ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པོ། བསྟན་པའི་ཚད། དབང་པོའི་ཡུལ་གསུམ་མཐོང་བའོ། །ཐབས་བདེ་གསལ། ཤེས་རབ་སྟོང་ཉིད། ཐབས་ཤེས་ཟུང་འཇུག་གི་བདེ་བ་དབྱེར་མི་ཕྱེད་པ་བདེ་བ་ཆེན་པོའི་སྐུ། མ་སྐྱེས་པ་ཆོས་སྐུ། སྣ་ཚོགས་སུ་སྣང་བ་སྤྲུལ་སྐུ། རང་བཞིན་ལོངས་སྐུ། འདི་གསུམ་དབྱེར་མི་ཕྱེད་པ་ངོ་བོ་ཉིད་ཀྱི་སྐུའོ། །གཏུམ་མོ་དགུ་བསྐོར་གྱི་ཞལ་གདམས་ལགས་སོ། །ན་མོ་གུ་རུ། དེ་ནས་དངོས་པོའི་གནས་ལུགས་ལ་གཉིས་ཏེ། ལུས་དངོས་པོའི་གནས་ལུགས་དང་། །སེམས་དངོས་པོའི་གནས་ལུགས་སོ། །ལུས་དངོས་པོའི་གནས་ལུགས་ནི། །ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །ཞེས་པས་བསྟན་ཏེ། དེ་ཡང་རྟོགས་ན་མངོན་པར་

(༢༥༤)བྱང་ཆུབ་པ་རྣམ་པ་ལྔ་སྟེ། ཆོས་ཉིད་སྟོང་པ་ལ་བྱང་ཆུབ་པ། ཕ་མའི་བྱང་སེམས་དཀར་དམར་དེ་གདན་པད་ཟླ་ལ་བྱང་ཆུབ་པ། དེ་གཉིས་འདྲེས་པའི་ཐིག་ལེ་དེ། གསུང་ཡིག་འབྲུ་ལ་བྱང་ཆུབ་པ། དེ་ནས་ལྟེ་བ་སྲིད་པའི་འཁོར་ལོ་རུ་རྡོ་རྗེ་ལྟ་བུ་ཅིག་ཆགས་ཏེ། དེ་ཐུགས་ཕྱག་མཚན་ལ་བྱང་ཆུབ་པ། དེ་ནས་ད་ལྟའི་ལུས་འདི་སྐུ་ཡོངས་སུ་རྫོགས་པ་ལ་བྱང་ཆུབ་པའོ། །རྩ་དང་ཞེས་པའི་རྩ་ནི། འཁོར་ལོ་བཞིའི་གྲངས་ཀྱི་རྩ་འདབ་བརྒྱ་ཉི་ཤུ་སྟེ། དེ་ཡང་སྡུ་ན་གསུམ་སྟེ། རྐྱང་མ་གཡས་ཐབས་ཀྱི་རྩ་རླུང་གི་རང་བཞིན་སྔོན་པོ། རོ་མ་གཡོན་ཤེས་རབ་ཀྱི་རྩ་མེའི་རང་བཞིན་དམར་མོ། །དབུས་ཨ་བ་དྷཱུ་ཏཱི་སྲོག་པ་རྩ་བྱང་སེམས་རང་བཞིན་དཀར་པོའི། །མི་གཙང་ཞེས་པ་ནི། མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་སོ། །གཉིས་པ་ བཟུང་བ་དག་པ། འཛིན་པ་དག་པ། བཟུང་བ་དང་འཛིན་པ་གཉིས་ཀ་དག་པ།

(༢༥༥)སེམས་དངོས་པོའི་གནས་ལུགས་ནི། དེ་ཡང་། ཀྱེ་ཧོ་ཞེས་པ་ནི། བོད་པའམ། བརྡའི་ཚིག་སྟེ། ཚུར་ཤོག་ཅིག་པའོ། །འདི་ནི་ཞེས་པ་བླ་མའི་བརྡས་མཚོན་ནས། རང་གི་སེམས་ཉིད་རང་རིག་པ་རྟོགས་པའོ། །ངག་གི་སྤྱོད་ཡུལ་ཞེས་པ་ཐ་སྙད་ཀྱི་སྒྲོ་སྐུར་དང་ཐ་མལ་གྱི་བརྗོད་ཚིག་ལས་འདས་པའོ། །ཏཻ་ལོ་ངས་ནི་ཞེས་པ་ཆོས་ཉིད་འོད་གསལ་ཏེ་དང་པོ་ནས། རང་བཞིན་གྱིས་འཆར་བས་སོ། །རང་གིས་ཤེས་པ། རང་གི་སེམས་ཉིད་གཉུག་མ་འདི་ངོ་ཤེས་པའོ། །ཡེ་ཤེས་ཤེས་པ། སངས་རྒྱས་ཀྱི་དགོངས་པ་སྟེ། ཡེ་ཤེས་ཏེ་རང་གི་རྒྱུད་ལ་གནས་པ་ཤེས་པར་བྱའོ། །སེམས་འདི་ཅི་ལ་ཡང་མི་གནས། འདུས་བྱས་ཅི་ལ་ཡང་མི་བསམ། ལོག་པའི་ཏིང་ངེ་འཛིན་ཡང་མ་སེམས། མཚན་མ་གང་ལ་ཡང་མི་སྒོམ། རིག་པ་འདི་ཅི་ལ་ཡང་མི་དཔྱད། མ་བཅོས། མི་འཆོས། བཅོས་མ་མ་ཡིན་པར་བཞག་པར་བྱའོ། །ད་ལམ་གྱི་རིམ་པ་ཡི། རང་ལུས་ཐབས་ལྡན་ལ་རྣམ་པ་གསུམ་སྟེ། དེ་ལ་ལུས་ཀྱི་གནད། ཡུལ་གྱི་གནད། དམིགས་པ་

(༢༥༦)དུས་ཀྱི་གནད་གསུམ་མོ། །ལུས་གནད་ནི། རྐང་པ་དཀྱིལ་དཀྲུང་། སྒལ་ཚིག་རིན་པོ་ཆེ་རྩར་ལ་རྒྱུས་པ་དང་འདྲ། གོས་ཀྱི་ཐོད་ཀུ་ཡངས་པར་བྱ། ལྕེ་རྩེ་རྐན་ལ་སྦྱར། མིག་སྣ་གོང་དུ་ཕབ། ལག་པ་གཉིས་ལྟེ་བའི་འོག་ཏུ་མཉམ་པར་བཞག །རེ་དམིག་ལྟར་བསྣོལ། རྒྱ་གདུད་ལྟར་ཅིང་། མདའ་ལྟར་བསྲང་བ་སྟེ། ལུས་དངོས་པོའི་ཐབས་སོ། །མདའ་ལྟར་འཕང་། ལྕགས་ཀྱུ་ལྟར་བགུག །འཁོར་ལོ་ལྟར་སྐོར། རླུང་བཅོས་པའི་ཐབས་སོ། །ལི་དྲི་ལྟར་སྒིམ། ཐིག་ལེ་ལྟར་གདལ། ཚ་ཚ་ལྟར་སྤྲོས། སེམ་བཅོས་པའི་ཐབས་སོ། །གཏུམ་མོ་དགུ་སྐོར་གྱི་ཞལ་གདམས་སོ།། ༈ །།ན་མོ་གུ་རུ། ལུས་དཔག་བསམ་གྱི་སྡོང་པོ་ལ། རྩ་ཨ་བ་དྷཱུ་ཏཱི་གནས། དེ་ལ་འཁོར་ལོ་རྣམ་པ་བཞི་ཡོད། ལྟེ་བ་སྤྲུལ་པའི་འཁོར་ལོ་ན། ཡེ་ཤེས་ཀྱི་རྩ་འདབ་མ་དྲུག་བཅུ་རྩ་གཉིས། དེའི་གྲོང་ཁྱེར་ན། སེམས་ཀྱི་རྒྱལ་པོ་ཏི་ལ་ཀ་བྱ་བ་བཞུགས། ནམ་ལངས་ཉི་མ་ཤར་ཐོ་རངས། མགོ་སྐོ། འཁོར་ལོ་དྲུག་གི་ལྟེ་བ་ནས། ཡན་ལག་ལ་འབྱུང་བ་རོ་སྙོམ་པ་ཞེས་བྱ་བ། གདམས་པ་ལགས་སོ།

(༢༥༧)དེའི་ཞལ་ལྟ་བར་འདོད་ན་ཤེས་རབ་ཀྱི་ལྡེ་མིག་གིས། རྣམ་རྟོག་གི་སྒོ་ལྕགས་བཀྲོལ་ནས། སྒོ་དེ་ཕྱེ་ན་ཞལ་མཐོང་དེ་འོང་། མཐོང་ན། ཐུན་མོངས་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་གཉིས་ཀ་འགྲུབ་བོ། །སྙིང་ཀ་ཆོས་ཆོས་ཀྱི་འཁོར་ལོ་ན། རྩ་འདབ་མ་བརྒྱད་ཡོད། དེ་ན་སེམས་ཀྱི་རྒྱལ་པོ་བྷ་ས་དྷ་བཞུགས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན། རྩ་འདབ་མ་བཅུ་དྲུག་ཡོད། དེ་ན་ཡིད་ཀྱང་ཐིག་ལེ་བཞུགས། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན། རྩ་འདབ་མ་སུམ་བཅུ་རྩ་གཉིས་ཡོད། སྐྱེས་བུ་དད་ལྡན་བསོད་ནམས་བསགས་པས། ཆོས་སྐུའི་གནས་གཞུ་ཁ་སྦྱར་ལྟ་བུ་དེར་གཏད་ན་མཆོག་ཏུ་དགའ་བ་སྐྱེ། དེའི་ཞལ་ལྟ་བར་འདོད་ན་ཞེས་སོགས་གོང་གིས་འདྲེ། ལོངས་སྐུའི་གནས། དེ་ན་ཡེ་ཤེས་དར་གྱི་ཕ་ལྡོ་བཅད་པ་ལྟ་བུ་ཡིན། དེར་ཤེས་པ་གཏད་ན། དགའ་བྲལ་གྱི་དགའ་བ་སྐྱེད། སྐུ་གསུམ་གྱི་ངོ་བོ་གཅིག་ཏུ་རྟོགས་པའི་ངོ་བོ་ཉིད་ཀྱི་སྐུ་གནས་རྩ་ནི་སྤྲུལ་བ་འཁྱིལ་བ་ལྟ་བུ། དེར་ཤེས་པ་གཏང་ན་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ། ལུས་ཐམས་ཅད་ལ་ཁྱབ་པའི་བདེ་བ་ཆགས་པ་དང་སྲེ།

(༢༥༨)ཀྱི་ཐིག་ལེ་བྱ་བ་བཞུགས། འཁོར་ལོ་བཞིན་གནད་བཞི་ཡོད་དེ། ལྟེ་བ་གཏུམ་མོའི་གནད། མགྲིན་པ་རྨི་ལམ་གྱི་གནད། སྙིང་ག་ཉིད་ཀྱི་གནད། སྤྱི་བོ་སྙོམ་འཇུག་གི་གནད། རྡོ་རྗེ་ནོར་བུ་དང་། སྨིན་མཚམས་གཉིས་ཏེ་དྲུག་གོ། །དེ་རྣམས་གནད་དུ་འོང་བ་ཅི་སྟེ་ཞེ་ན། དེ་ནས་ཤེས་པའི་རྟེན་ཡོད་པས་ན་གནད་ཡིན། དམིགས་པ་གཏད་ཐབས་ནི། ལྟེ་བའི་མེ་ལ་ཤེས་པ་གཏད་པས། རླུང་སེམས་གཉིས་སུ་མེད་པའི་གནད་ཀས། རླུང་གིས་བསྲབས་པས། རྩ་སྒོ་བྱ་ནས་རླུང་ཨ་བ་དྷཱུ་ཏཱིར་ཚུད། རླུང་དྷཱུ་ཏཱིར་ཚུད་པས་རྟོག་མེད་ཀྱི་ཡེ་ཤེས་འཆར། དེ་ཡང་། ལུས་ལ་དམིགས་པ་ནི་ཤེས་རབ་ལ། རླུང་གི་རྩ་སྒོ་བྱེ་བ་ནི། ཤེས་རབ་ཀྱི་རྣམ་རྟོག་གིས་སྒོ་ལྕགས་ཕྱེད་པ་ཡིན། རྟོགས་མེད་ཀྱི་ཡེ་ཤེས་མཐོང་བ་ནི། སེམས་ཀྱི་རྒྱལ་པོ་ཞལ་མཐོང་པའོ།། །།མཆོག་གི་གཏུམ་མོའི་གདམས་པ་ལགས། །བླ་མ་གྲུབ་ཐོབ་རྣམས་ སྣང་བ་སེམས་གསལ་སྟོང་ཤར་བ་དེ་བསྲེ། སྒྱུ་མར་པ། འོད་གསལ་ཤར་ཏེ་བསྲེ། ཆགས་པ་དང་བདེ་བ། བདེ་བའི་གནད། གཉིད་ཀྱི་གནད།

(༢༥༩)ལ་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་ནཱ་རོ་པས། གསང་སྔགས་རྒྱལ་པོ་ཡི་གེ་བདུན། འབུམ་ཕྲག་གཅིག་ནི་ཟླས་པ་ཡིས། །ས་ནི་གཡོས་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་ངོས་ཀྱི་ཏཻ་ལོ་པའི། །ཞལ་མརར་གདམ་ངག་གནོས་པ་ནི། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དེ་ཡང་གསང་བ་འདུས་པ་ལས། །འོད་གསལ་བ་ལ་སྟོང་པ་ཆེ། །དེ་ལ་ཐབས་ནི་སྣ་ཚོགས་འབྱུང་། །ཞེས་གསུངས་པས། དངོས་པོའི་གནས་ལུགས་ལ་གཉིས་ཏེ། །ལུས་དང་སེམས་སུ་ཤེས་པར་བྱ། །ལུས་ཀྱི་གནད་མ་ཤེས་ན། སྒོམ་པའི་གནད་མི་ཤེས། དེ་མ་ཤེས་ན། སེམས་མི་ཟིན་པས། དེ་ནས། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་སྐྱེ་བ་མེད་པ་མཚོན་པའི་ཡེ་གེ་ཨ་གནས། དེ་ལ་སྐྱེ་བ་མེད་པའི་རྩ་ཨ་བ་དྷཱུ་ཏཱི་བྱུང་། ཡར་ཚངས་པའི་བུ་གར་ཟུག །མར་གཉེར་པོ་ཆེ་ལ་ཟུག །རོ་རྐྱང་གཉིས་ཡར་ སྣ་སྒོར་ཟུག །མར་སྤུ་སྣ་གུའི་མཚམས་སུ་ཟུག །གདུགས་དང་ཤིང་ལྟ་བུར་གནས་པ་འཁོར་ལོ་བཞི་དང་བཅས་པར་སྒོམ། དེ་ཡང་ཨོཾ་ཧྲཱིཧ་ཧ་ཧཱུྃ་ཧཱུྃ་ཕཊ།

(༢༦༠)ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ནི་ཆོས་ནི་གནས་པ་ཡིན། །ཞེས་གསུངས་སོ། །སེམས་ཀྱི་གནས་ལུགས་བསྟན་པ་ནི། །ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏཻ་ལོ་པ་ལ་ཅི་ཡང་བསྟན་དུ་མེད། །རང་གིས་རང་རིག་མཚོན་ཏེ་ཤེས་པར་བྱོས། །ཤེས་གསུངས་སོ། །ཏཻ་ལོ་པའི་ཆོས་དྲུག་ནི། མི་མནོ། མི་སེམས། མི་དཔྱོད། མི་སྒོམ། མི་བསམ། སེམས་རང་བཞིན་དུ་བ་གནས་སོ། །དེ་ལ་ལམ་གྱི་རིམ་པ་ལ། །གནད་ནི་རྣམ་པ་གསུམ་ཡིན་ཏེ། །ལུས་དང་ཡུལ་དང་དུས་དང་པོ། ལུས་ནི་རྡོ་རྗེའི་དཀྱིལ་དཀྲུང་པོ་། །སྒལ་ཚིག་རིན་ཆེན་རྩར་ལ་རྒྱུས། །ཐོང་ཀ་རྒྱུན་དུ་ཡངས་པར་བྱ། །ལྟོང་མགོ་ཤིན་དུ་སྦ་བར་བྱ། །ལྕེ་ནི་ཡ་རྐན་ཉིད་དུ་བཏང་། །མཉམ་བཞག་ཕྱག་རྒྱ་བརྩིར་བར་བྱ། །ཡང་ན་ལུས་ནི་བཅོག་པུར་སྡད། །རེ་མིག་བཞིན་དུ་བསྣོལ་བར་བྱ། །རྒྱ་མདུད་བཞིན་དུ་སྡམ་པར་བྱ། །ལྕགས་ཀྱུ་ལྟེ་བའི་འོག་ཏུ།

(༢༦༡)བཞིན་དུ་དགུག་པར་བྱ། །མདའ་ལྟར་གྱེན་དུ་འཕངས་བྱས་པས། །ནམ་མཁའི་བ་ནི་རིམས་ཀྱིས་འཇོ། །ཡང་ན་ཨོལ་ཀོས་ཨོལ་མདུད་མནན། །ཡང་ན་འཇིང་པས་ལྟག་པ་མནན། །གཡས་ནས་རྒྱུ་ན་གཡས་རྩ་མནན། །གཡོན་ནས་རྒྱུ་ན་གཡོན་རྩ་མནན། །ཕོ་རླུང་འདུལ་ཞིང་མོ་རླུང་སྦྱངས། །མ་ནིང་རླུང་སྦྱངས་རྒྱུན་དུ་སྒོམ། །དེ་ཡང་། རྡོ་རྗེ་དཀྱིལ་དཀྲུང་བརྫོགས་སངས་རྒྱས། །ཤེས་གསུངས་པ་དང་། གདན་གཞི་ལས། ལུས་སེམས་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་ཡན་ལག་གནས། །ཐབས་དང་བཅས་ན་ཤིན་ཏུ་འབར། །ཞེས་གསུངས་སོ། །དབུགས་ཀྱི་བཞི་ལྡན་མ་ཤེས་ན། །གོང་གིས་ཡོན་ཏན་འབྱུང་བར་དཀའ། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། །དགང་བ་ཡིས་ནི་ལུས་བཀང་ན། །དུག་དང་རིམས་ཀྱི་ཚ་བ་འཕྲོག །བུམ་པ་ཅན་གྱི་སྒོ་བཅིངས་ན། །སྒོ་ཡི་བུ་ག་དག་པར་འགྱུར། །འཐོར་བ་སྣ་ཚོགས་རྡུལ་དུ་བྱ། །རབ་ཏུ་ཞི་བ་ཞི་བར་འགྱུར། །སེང་གེ་རྣམ་ཕྱག་རྒྱ་ནི། རྣལ་འབྱོར་པ་ཡི་བཅིངས་ནས་སུ། །རྟག་ཏུ་སྲོག་དང་

(༢༦༢)རྩོལ་བ་བྱ། །ཅེས་གསུངས་སོ། །ཀྱེཻ་རྡོ་རྗེ་ལས། རྔུབ་བ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་རེངས་པར་བྱེད། །གཞིལ་བ་ཡི་ནི་ཞི་བར་འགྱུར། །ཞེས་གསུངས་སོ། །རིམ་ལྔ་ལས། ལྟེ་བ་ཆུ་སོ་ཚངས་འཁོར་ལོ། །གྲུ་གསུམ་དཀར་ཞིང་དམར་བ་ལ། །ཐིག་ལེ་ཁ་དོག་ལྔ་བསམས་ཏེ། །སངས་རྒྱས་ལྔ་རུ་མཚོན་པར་བྱ། །སྲོག་འགོག་པ་དང་ལྡན་བྱས་ན། །སྐད་ཅིག་དེ་ལ་འབར་བར་འགྱུར། །འཇིག་རྟེན་ཁམས་རྣམས་མཆོད་པའི་གནས། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །ཡུལ་གྱི་གནད་ནི་གཉིས་ཡིན་ཏེ། ཕྱི་རོལ་དཀར་དམར་ཡུལ་གྱི་གནད། །རིག་མ་མཚན་ལྡན་ཡུལ་གྱི་གནད། །ནང་གིས་འཁོར་ལོ་བཞི་ལ་གཏད། །ལྟེ་བ་སྤྲུལ་སྐུ་དགའ་བཞི་སྐྱེ། །དུས་ཀྱི་གནད་ནི་བཞི་ཡིན་ཏེ། །ཐ་མལ་དུས་སུ་ལྟེ་བར་སེམས་ཀྱི་རྒྱལ་པོ་གནས། །དེར་གཏད་ན། ལུས་ཐམས་ཅད་ཀྱི་གནས་སུ་བདེ་བ་སྐྱེ། །སྙོམ་འཇུག་དུས་སུ་སྤྱི་བོ་བདེ་ཆེན་དུ་གཏད་ན། །ལུས་ཐམས་ཅད་ལ་ཁྱབ་པའི་བདེ་བ་སྐྱེ། །གཉིད་ལོག་པའི་དུས་སུ་སྙིང་ཀར་བཏད་ན། ལུས་ཀྱི་

(༢༦༣)གནང་དུ་མཆོག་ཏུ་དགའ་བ་སྐྱེ། །རྨི་ལམ་དུས་སུ་མགྲིན་པར་གཏད་ན། དགའ་བྲལ་གྱི་དགའ་བ་སྐྱེ། ཡུལ་གྱི་འཁོར་ལོ་སྒྱུར་རྒྱལ་འདྲ། གདན་གཞི་ལས། ལྟེ་བར་ཆུ་ཤིང་སྙིང་པོ་གནས། །སྙིང་ཀར་ཡང་ནི་འགྲེང་སྟེ་གནས། །རྟག་ཏུ་སྟོང་པ་སྒོམ་ཡིན་ཏེ། །མཁས་པས་རྟག་ཏུ་བཟླས་པ་བྱ། །སྒོམ་དང་བཟླས་པའི་ཁྱད་པར་གྱིས། །གང་གིས་ལམ་ན་ཞུགས་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། །ཅེས་གསུངས་སོ། །འབྲས་བུ་སྐྱེ་བའི་རིམ་པ་ནི། །མཆོག་དང་ཐུན་མོང་གཉིས་ཡིན་ཏེ། །ཐུན་མོང་རིམ་པ་བསྟན་པ་ནི། །དང་པོ་འགྲོ་བ་ལྟ་བུ་འབྱུང་། །དེའི་རྐྱེན་གྱེས། ཨ་བ་དྷཱུ་ཏཱི་ར་རླུང་ཚུད་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུན་དུ་ཤར་ནས། མཆོག་གི་དངོས་གྲུབ་ཐོབ་ནས། སྐྱེ་བ་འདི་ལ་སངས་རྒྱའོ། །འདི་ནི་ཏཻ་ལོ་པས། ནཱ་རོ་པ་ལ། དེས་མར་པ་ལ། དེས་བླ་མ་མི་ལ་ལ། དེས་མགོན་པོ་ཟླ་འོད་གཞོན་ནུ་ལ་གདམས་པའོ། །མཆོག་གི་གཏུམ་མོ། །མར་པའི་མན་ངག་གོ། །།

(༢༦༤)སྒྱུ་ལུས་ལྔ་ལྡན་ལགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྒྱུ་ལུས་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། སྔོན་འགྲོ་གཏུམ་མོ་དང་འདྲ། དངོས་གཞི་ལ་ལྔ་ལས། དང་པོ་རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་ནི། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་པས། བདེ་བ་ཐམས་ཅད་ཀྱང་རྨི་ལམ་ཡིན་ཏེ། ཁ་སང་ལྟ་བུ་ཅིག་བདག་གིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་དང་། མདང་གི་རྨི་ལམ་ན་ལོངས་སྤྱོད་པ་གཉིས། དེ་རིང་གི་ཉི་མ་ལ་ཁྱད་མེད་དེ། དེ་བས་ན། བདེ་བ་ཐམས་ཅད་ཀྱང་རྨི་ལམ་ལྟ་བུར་འདུག་གོ། །དེ་བཞིན་དུ་སྡུག་བསྔལ་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་ཡིན་ཏེ། ལོ་གཉིས་གསུམ་ལ་སོགས་པའི་གོང་དུ་བདག་གིས་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་། མདང་གི་རྨི་ལམ་ན་མྱོང་བ་གཉིས་དེ་རིང་ཉི་མ་ལ་ཁྱད་མེད་དེ། དེ་བས་ན། སྡུག་བསྔལ་ཐམས་ཅད་ཀྱང་རྨི་ལམ་ལྟ་བུར་འདུག་གོ། །དེ་ལྟར་ན། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་པས། རྨི་ལམ་རྨི་བར་བྱ་སྙམ་དུ་འདུན་པ་དུང་དུང་བྱའོ། །དེ་ཡང་།

(༢༦༥)ཐ་མལ་པའི་རྨི་ལམ་ལྟ་བུ་མ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་ཁམས་བལྟ་བའམ། ཡི་དམ་ལྷའི་ཞལ་བལྟ་བའམ། ལྷའི་ཡུལ་ལམ། རྡོ་རྗེ་གདན་ནམ། འཛམ་བུའི་གླིང་ལྟ་བུའམ། ནམ་མཁའ་ལ་འཕུར་བའམ། ལུས་ལ་མེ་འབར་བའམ། ཆུ་འབབ་པ་ལ་སོགས་ངོ་མཚར་ཅན་གྱི་རྨི་ལམ་རྨི་བར་བྱ་སྙམ་པའི་འདུན་པ་དུངས་པ་བཏང་ངོ་། །དེ་ལྟ་བུའི་བསམ་པ་དེ་ཡང་། དང་པོ་ཡུན་རིང་དུ་བསམ། དེ་ནས་མལ་དུ་ཞུགས་པ་དང་ཡང་སྔ་མ་ལྟར་བསམ་མོ། །དེ་ནས་གཉིད་མི་འོང་པ་འོང་བར་བྱ་བ་ནི། གཉིད་དུ་ཐུམ་གྱིས་འགྲོ་ཁར། སྨིན་བར་དུ་ཐིག་ལེ་ཐེ་བོང་ཙམ་པ་དཀར་རིལ་ལེ་བ་ཅིག་ལ་ཤེས་པ་སྡུས་ལ་ཉལ་ལོ། །སྡུས་གྲགས་ན་གཉིད་མི་འོང་ངོ་། །དེས་ནས་སྔར་གྱི་བག་ཆགས་ཀྱི་སྟོབས་ཀྱིས་རྨི་ལམ་རྨི་སྟེ། དཔེར་ན་འཁྲུག་པ་ལ་སོགས་པའི་ལྟད་མོ་བལྟས་ཙ་ན། གཉིད་ཐུམ་བྱུང་མ་ཐག་དེ་དག་རྨི་བ་དང་འདྲོའོ། དེ་ནས། རྨི་ལམ་ལ་དེར་ངོ་ཤེས་པ་ནི། རྨི་ལམ་དུ་བྱུང་མ་ཐག་ཏུ་ཡང་དག་ཏུ་འཛིན་པ་མི་འབྱུང་སྟེ།

(༢༦༦)དེ་ཡང་། རྨི་ལམ་གྱི་ཁྱི་དང་བུ་མེད་ལ་སོགས་པ་གང་བྱུང་ཡང་། དེ་ཉིད་རྨི་ལམ་གྱི་ཁྱི་དང་བུ་མེད་དུ་ངོ་ཤེས་པའོ། །དེ་ནས་སྤེལ་བ་ནི། རྨི་ལམ་ཅི་རྨི་བ་དེ་གཅིག་ལས་གཉིས་སྤེལ་ལོ། །དེ་ནས་ཇེ་མང་ཇེ་མང་སྟོང་གསུམ་ཙམ་སྤེལ་ལོ། །དེ་ལ་གོམས་པ་དང་། རྨི་ལམ་སྦྱང་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སྐུ་མདོག་ཕྱག་མཚན་རྒྱན་ལ་སོགས་པ་དང་ལྡན་པར་སྒོམ། །དེ་ཐམས་ཅད་སྒྱུ་མའམ། འཇའ་མཚོན་གྱི་རྣམ་པ་ལྟ་བུར་བསྒོམ། དེ་ལྟར་བསྒོམས་པས་ཆུ་ཟླ་ལྟ་བུའི་ལྷ་ཚོགས་རྣམས་ཞལ་མངོན་སུམ་དུ་མཐོང་ལ། དེ་ནས་དེ་རྣམས་ལ་དངོས་སུ་ཆོས་ཉན་པ་དང་། གདམ་ངག་ཞུས་པས། རང་ལ་ཟག་མེད་ཀྱི་བདེ་བ་ཕྲིལ་ཕྲིལ་སྐྱེའོ། །དེ་ནི་བླ་མའི་མན་ངག་གསུངས་པའི་དུས་སུ་གོ་རིམ་དེ་ལྟར་སྐྱེ་གསུང་ངོ་། །ཉམས་སུ་མྱོང་བའི་དབང་དུ་བྱས་ན། རྨི་ལམ་དུ་ངོ་ཤེས་པའི་དུས་སུ། ཟག་མེད་ཀྱི་བདེ་བ་ཕྲིལ་ཕྲིལ་སྐྱེ་སྟེ། དེ་ནས་སྤེལ་བ་དང་སྦྱང་བ་ལ་འབད་རྩོལ་བྱ་

(༢༦༧)མི་དགོས་ཤིང་། ཚེགས་མེད་པར་གྲུབ་པས། དེ་གཉིས་ཡན་ལག་ཏུ་འགྲོ་གསུང་ངོ་། །དེ་ཡན་གྱི་དངོས་གཞི་བསྟན་པའོ།། །།གསུམ་པ་རྗེས་ལ་གཉིས་ལས། གང་ཟག་བརྩོན་འགྲུས་ཅན་ཚེ་འདི་ལ་སངས་རྒྱ་བ་ཡིན། དངོས་བཞིའི་དུས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཉམས་སུ་མྱོང་བ་དེས། རྗེས་ཐོབ་ལ་སྔར་གྱི་ཆོས་ཐམས་ཅད་དེ་ལྟར་ཡིད་ལ་བྱས་པ་ཙམ་གྱིས། སྣང་གྲགས་ཀྱི་ཆོས་ཐམས་རྨི་ལམ་སྒྱུ་མ་ལྟ་བུར་རྒྱུད་ལ་སྔར་གྱི་ཉམས་མྱོང་ཡོད་པའི་སྟོབས་ཀྱིས་སྐྱེའོ། །ཡང་ན་མེ་ལོང་ནང་གི་གཟུགས་བསྙན་ལ་བསླབ་པ་ཡང་སྐབས་སུ་བྱ་གསུང་། དེ་ལྟར་སྤྱོད་ལམ་ཐམས་ཅད་དུ་འབད་རྩོལ་དང་བཅས་ནས་བསྒོམས་པས། །ཅི་ཞིག་ཙ་ན་སྒོམ་མི་དགོས་པར། དེ་ལྟར་ཉམས་སུ་མྱོང་བ་འབྱུང་སྟེ། དེ་དུས་ཡིད་ཆེས་པའི་རྟགས་ཀྱང་འབྱུང་། ཡི་དམ་ལྷའི་ལུང་བསྟན་ཡང་འབྱུང་ངོ། །དེ་རྟག་པ་ཕྱི་མའི་ལེའུ་གཉིས་པ་ནས་འབྱུང་བ་བཞིན་དུ། སྤྱོད་པ་མཐར་ཕྱིན་ནས། ཟླ་བ་གསུམ་དང་ཞག་དྲུག་ན་སངས་

(༢༦༨)རྒྱའོ།། །།ལེ་ལོ་ཅན་བར་དོར་སངས་རྒྱ་བ་ནི། །རྨི་ལམ་གྱི་དུས་དུ་སྒྱུ་ལུས་ཀྱི་ཉམས་སུ་མྱོང་བ་སྐྱེ་ཡང་། རྗེས་ལ་སྣང་གྲགས་ཀྱི་ཆོས་ཐམས་ཅད་དང་སྦྱར་ནས་སྒོམ་པ་མ་ཁོམ་ན། བར་དོར་སྒྱུ་ལུས་ཟིན་པར་བྱས་ན། བར་དོར་སངས་རྒྱ་བར་བྱ་སྟེ། དེ་ཡང་ཟླ་བ་རེ་ལ་རྨི་ལམ་དུ་ངོ་ཤེས་པས་ཀྱང་། བར་དོ་ལ་བར་དོ་ཤེས་པ་འབྱུང་སྟེ། དེ་ཡང་། འཆི་བར་འདུག་ཨང་སྙམ་པ་དང་། ཤི་ནས་ཀྱང་བར་དོར་ལུས་མི་ལེན་སྙམ་པ་དང་། བར་དོ་ལ་བར་དོར་ཤེས་པར་བྱ་སྙམ་པའི་འདུན་པ་དུངས་དུང་པ་བྱ་སྟེ། དེ་ལ་དེར་ངོ་ཤེས་པ་དང་། དེ་ལྟར་འདུ་ཤེས་སྔོན་དུ་སོང་བས། འཆི་བའི་དུས་སུ་འབྱུང་བ་རྣམས་རིམས་ཀྱི་བསྡུས་སྟེ། དེ་ཡང་དང་པོ་ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་རྣམ་པར་ཤེས་པ་ལ་ཐིམ། རྣམ་པར་ཤེས་པ་སྣང་བ་རགས་པ་ལ། སྣང་བ་རག་པ་ཕྲ་བ་ལ། ཕྲ་བ་ཤིན་ཏུ་ཕྲ་བ་ལ་ཐིམ་ནས་སྣང་བ་འགགས་ཏེ། བར་དོར་འཕོས་ནས། ཡིད་ཀྱི་གཟུགས་ཅན་དུ་གནས་པའི་དུས་སུ། བར་དོ་ཤེས་པར་བྱའོ། །སྙམ་པའི་སྔར་གྱིས་འབྱུང་སྟེ། བར་དོ་ངོ་ཤེས་པ་འབྱུང་ངོ། །དེ་ལྟར་ངོ་ཤེས་པས། ཟག་པ་མེད་པ་ཉམས་སུ་མྱོང་བ་འབྱུང་བས། དི་ཉིད་དུ། །འབྲས་བུ་

(༢༦༩)རང་གི་རྒྱུད་ལ་ཟག་མེད་ཀྱི་བདེ་བ་འཁྲིལ་གྱིས་འབྱུང་སྟེ། དེར་ཡིད་ཀྱི་ལུས་བསྒོམས་པས། དངོས་དང་མཚན་མ་རྣམ་རྟོག་ཐམས་ཅད་བདེ་སྟོང་གི་ཉམས་སུ་འབྱུང་སྟེ། བར་དོ་ལོངས་སྐུ་ཐོབ། དེ་ཡང་སྐྱེ་ལུགས་དང་སྦྱར་ན། གཉིད་མཐུག་པོས་ནོན་པའི་དུས་སུ། གཏམ་ལ་སོགས་པ་སྨྲ་འཕྲོ་ལ་ཡང་། རང་དབང་མེད་པར་ཚོགས་དྲུག་འགགས་ནས། གཉིད་ཐུག་པོར་འགྲོའོ། །དེ་ནས་རྨི་ལམ་མང་པོ་ཟིང་གིས་འབྱུང་། དེ་ལ་དེར་ཤེས་པས། ཟག་མེད་ཀྱི་བདེ་བ་ཕྲིལ་གྱིས་སྐྱེའོ། །དེ་བཞིན་དུ། འཆི་བའི་དུས་སུ། རང་དབང་མེད་པར་འབྱུང་བ་བཞི་ཅིག་ལ་ཐིམ་ནས་འཆི། དེ་ཡང་སྒྱུ་མ་ལྟ་བུའི་ལུས་ལེན་ཏེ། རྨི་ལམ་ལ་དེར་ངོ་ཤེས་པས། སྒྱུ་ལུས་ལ་སྒྱུ་ལུས་སུ་ཤེས་པ་འབྱུང་། དེ་བཞིན་དུ། རྨི་ལམ་ངོ་ཤེས་པས་ཟག་མེད་ཀྱི་བདེ་བ་སྐྱེ་བ་བཞིན་དུ། སྒྱུ་ལུས་ངོ་ཤེས་པས་ཀྱང་། དེ་ལྟར་སྐྱེའོ། །དེར་བདེ་བ་སྐྱེ་བ་ལ་སྒོམ་པས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཐོབ་པར་འགྱུར་རོ། །འོ་ན་རྨི་ལམ་གྱི་གནས་སྐབས་སུ་ཆར་བའི་ཉམས་དེ་རེད་བོར་ཅང་ཐོས་སམ་བྱས་པ་ལ།

(༢༧༠)སྔར་གྱི་འབྱུང་བའི་ལུས་ཀྱི་སྐོམ་པ་དང་མི་འདྲ་སྟེ། ཡིད་ཀྱི་ལུས་སྒོམ་པས། སྣང་གྲགས་ཀྱི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་རྟོགས་ནས་བར་དོར་ལོངས་སྐུ་ཐོབ་པོ། གདམས་པ་ཟབ་མོ་གསང་བར་བྱའོ།། ༈ །།འོད་གསལ་གྱི་གདམས་པ་ལགས་ས། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གཉིད་འོད་གསལ་དུ་གཞུག་པའི་མན་ངག་ལ། གཉིད་འོད་གསལ་དུ་གཞུག་སྙམ་པའི་དྲན་པ་དང་། འདུན་པས་ལུས་ཅི་བདེར་ཉལ་ལོ། །རང་གིས་སྙིང་ཀར་པད་མ་འདབ་མ་བཞི་ལ་ཨ་ནུ་ཏ་ར་དགོད། །དབུས་སུ་ཧཱཾུ་བཀོད་ལ་ཤེས་པ་གཏད་པའམ། ཡང་ན། ཧཱཾུ་གཅིག་པུ་ལ་ཤེས་པ་གཏད་ལ། གཉིད་ལ་ལ་ཐུམ་འགྲོ་བ་དང་བདེ་བ་དང་བདེ་སྟོང་དུ་ལྷན་གྱིས་བཏད། དེའི་རྒྱུན་འོད་གསལ་མ་ཤོར་བར་བྱ། གཉིད་སད་དུས་ན་ཡང་སྔར་བཞིན་སྒོམ། བདེ་སྟོང་དུ་ལྷན་ལྷན་སྒོམ་འཕྲོ་ལ་གཉིད་དུ་ཅི་འགྲོ་བྱ། སོང་བས་འོད་གསལ་སྒོམ་འཕྲོ་འོང་། དེ་ནས། ཉིན་པར་གྱི་དུས་སུ་ཡང་བྱུག་པ་ལ་སོགས་པ་གཉིད་ཆེ་བའི་

(༢༧༡)ཐབས་བྱ། སྒོམ་པའི་སར་གདན་མཐུག་པོ་དང་གོས་དྲོ་བ་ལ་སོགས་པས་ལུས་ཅི་བདེར་ཉལ། དྲན་པ་དང་འདུན་པས་འོད་གསལ་སྒོམ། དེའི་འཕྲོ་ལ་གཉིད་དུ་བཏང་ལ། དེའི་རྒྱུན་མ་ཤོར་བ་བྱ། གཉིད་ལོག་པའི་རྒྱུན་འོད་གསལ་དུ་ཅི་འགྲོ་བྱའོ། །དེ་ནུབ་ཉལ་ཁར་ཡང་སྔར་བཞིན་སྒོམ། དེ་ལྟར་ཉིན་མཚན་དུ་བསྒོམས་པས། གཉིད་ལོག་མ་ལོག་ལ་ཁྱད་མེད་ན་འོད་གསལ་གོམས་པ་ཡིན། འདིར་རྨི་ལམ་འགལ་རྐྱེན་ཡིན་ལ། རྨི་ལམ་གྱི་དུས་སུ་མཐུན་རྐྱེན་ནོ། །འདིས་ཀྱང་སེམས་ཀྱི་ངོ་བོ་འཚོལ་བ་ཡིན་གསུང་ངོ་།། ༈ །།དེ་ཁོ་ན་ཉིད་སྒོམ་པའི་གདམས་པ་ལགས། །ན་མོ་གུ་རུ། དེ་ཁོ་ན་ཉིད་སྒོམ་པ་ནི། སྤྲོས་པ་དང་བྲལ་བ་ཡིན། ཉིན་མཚན་ཀུན་ཏུ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བསྒོམས་པས། མཉམ་བཞག་གི་དུས་སུ་ནམ་མཁའ་སྟོང་བའི་དཀྱིལ་ནས། ཉི་མ་ཤར་བ་ལྟ་བུ། གསལ་ལ་རྟོག་པ་མེད་པ། སྣང་ལ་རང་བཞིན་མེད་པར་ཤེས། རྗེས་ཐོབ་ཀྱི་དུས་སུ། སྣང་བ་ཐམས་ཅད་སྒྱུ་མར་འཆར། སྣང་བ་ཡང་ངོས་བཟུང་

(༢༧༢)མེད། དེ་ལྟ་བུར་རྟོགས་ན། འབྱུང་བ་ལྔའི་ལུས་འདིས། འཇའ་མཚོན་ལྟ་བུར་སྣང་ལ་རང་བཞིན་མེད་པར་སངས་རྒྱས། མི་གནས་པར་མྱ་ངན་ལས་འདས་པར་སངས་རྒྱས། ཡང་དག་པའི་སངས་རྒྱས་ཡིན། སྐུ་གཉིས་རང་ཤར་ལོངས་སྤྱོད་རྫོགས་པའི་སྐུས་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཆོས་སྟོན། སྤྲུལ་པའི་སྐུས་སེམས་ཅན་གང་ལ་གང་འདུལ་བདེ་བའི་སྐུར་སྤྲུལ་ནས་ཆོས་སྟོན། བསྐྱེད་རིམ་འབའ་ཞིག་སྒོམ་པས་སངས་མི་རྒྱ། ས་བརྒྱད་པར་སླེབ་ཀྱང་། རྫོགས་རིམ་མ་རྟོགས་ཀྱི་བར་དུ་དགེ་བའི་བཤེས་གཉེན་བརྟེན་དགོས། རྫོགས་རིམ་འབའ་ཞིག་བསྒོམས་པས་སངས་རྒྱ་བ་ཡིན། གཟུགས་སྐུ་རྣམ་གཉིས་མི་འཆར། འབྱུང་བའི་ལུས་འདིས་སྒྲིབས་པས། མཉམ་རྗེས་མེད་ཀྱང་། ལུས་འདི་མ་བོར་ཚུན་ཆེད་སངས་རྒྱ་མི་ནུས། །ལུས་འདི་བོར་ནས། ཡེ་ཤེས་ཟང་ཐལ་དུ་སངས་རྒྱའོ།། །།སྐུ་བཞི་རང་ཆས་མ་ཞེས་བྱ་བ་ལགས་སོ། །ན་མོ་གུ་རུ། སེམས་དངོས་པོའི་གནས་ལུགས་མ་ཤེས་ན། སྒོམ་རྒྱུའི་དོན་ངོ་མི་ཤེས།

(༢༧༣)དེ་ལ་སེམས་ཀྱི་གནས་ལུགས་ནི། གསལ་བའི་དཔེ་བུམ་པ་ནང་གི་མར་མེ་ལྟ་བུ། རང་རིག་རང་གསལ་བ་དེ་ཟག་པ་མེད་པའི་བདེ་བ་ཡིན། གསལ་བ་དང་ཟག་པ་མེད་པའི་བདེ་བ་གཉིས་དབྱེར་མེད། སྟོང་པ་ཉིད་སྤྲོས་བྲལ་འདུས་མ་བྱས་ནམ་མཁའ་ལྟ་བུ། རང་རིག་རང་གསལ་སྤྲུལ་པའི་སྐུ། ཟག་པ་མེད་པའི་བདེ་བ་ལོངས་སྤྱོད་རྫོགས་པའི་སྐུ། གསལ་བ་དང་ཟག་མེད་ཀྱི་བདེ་བ་གཉིས་དབྱེར་མེད་པ་སྟོང་ཉིད་སྤྲོས་བྲལ་འདུས་མ་བྱས་ཆོས་ཀྱི་སྐུའོ། །སེམས་དངོས་པོའི་གནས་ལུགས་ལ་སྐུ་བཞི་རང་ཆས་སུ་གནས་པའོ།། །།འཆི་ཀའི་མན་ངག་ལགས། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འོད་གསལ་འཆི་ཀ་མའི་མན་ངག་ནི། འཆི་བའི་དུས་སུ་གློ་གཡས་པ་ཕབ་ལ། ཡུལ་ལྟེ་བར་རྩ་པད་མ་འདབ་མ་བཞི་ལ། ཨ་ནུ་ཏ་རའི་ཡེ་གེ་བཞི། དབུས་སུ་ཨ་དང་བཅས་བསམ་ལ། དང་པོ་མདུན་གྱི་འཆི་ཀ་མའི་འོད་གསལ་ཟིན་པར་བྱའོ། །སྙམ་པའི་འདུན་པ་དྲག་ཏུ་གཏད། ཐ་མལ་པ་དང་འཆི་ཀར་ཤེས་པ་ལྟེ་བར་གནས་པ་ཡིན་པས།

(༢༧༤)ཨ་ལ་ཤེས་པ་གཏད། དེས་ས་ཆུ་ལ་ཐིམ་པས། ནད་གཡོག་པས་བལྟས་པས། གདོང་པ་ལ་ས་གོས་པ་དང་། སྣ་ཞོམ་པ་དང་། རྣ་བ་ཆག་པ་དང་། ལུས་ཟུངས་མི་ཐུབ་པ་འབྱུང་། འཆི་བ་པོ་རང་ལ་སྣང་བ་འདི་འོད་སྤྲིན་གྱི་རྣམ་པ་ལྟ་བུ་ལང་ལོང་དུ་འབྱུང་། དེ་ནས་གཡས་ཀྱི་ཨ་ནུ་ལ་ཤེས་པ་གཏད་དེ། ཆུ་མེ་ལ་ཐིམ་པས། ནད་གཡོག་པས་བལྟས་པས། ཁ་ཆུ་དང་སྣ་ཆུ་ཐེངས་ཅིག་འོང་། དེ་ནས་སིང་གིས་སྐབས་ནས་འགྲོ། འཆི་བ་པོ་རང་ལ། སྣང་བ་འདི་དུ་བའི་རྣམ་པ་ལྟ་བུ་འབྱུང་། དེ་ནས། རྒྱབ་ཀྱི་ཏ་ལ་ཤེས་པ་གཏད་དེ། མེ་རླུང་ལ་ཐིམ་པའི་རྟགས་སུ། ནད་གཡོག་པས་བལྟས་པས། སོ་ཐམ། ལྕེ་ལ་ཐིག་ལེ་ནག་པོ་འོང་། ལུས་ཀྱི་དྲོད་འཚོར་བ་འབྱུང་། འཆི་བ་པོ་རང་ལ། སྣང་བ་འདི་སྲིན་བུ་མེ་ཁྱེར་ཙམ་ལས། ཆེས་མི་གསལ་བ་འབྱུང་། དེ་ནས། གཡོན་གྱི་ན་ལ་ཤེས་པ་གཏད་དེ། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་ཏགས་སུ། ནད་གཡོག་པས་བལྟས་པས། ཤི་འཕྲས་བྱེད། མདུན་གྱི་ཨ། གཡས་ཀྱི་ནུ་ལ་བསྡུ་བ་ལ་སོགས་པ། གཞན་རྣམས་ལའང་ཤེས་པར་བྱའོ། །

(༢༧༥)མིག་མགྱེན་ལ་ཟློག །དབུགས་ཤོ་བ་འབྱུང་སྟེ། དབུགས་ཕྱིར་འགྲོ་བ་ཡང་སྒྲ་ངར་ངར་པོ། ནང་དུ་འཇུག་པ་ཡང་སྒྲ་ངར་པོ་འོང་ཞིང་། དབུགས་འབྱུང་ཤིན་དུ་རྡུབ་དཀའ་བ་འོང་། འཆི་བ་པོ་རང་ལ་སྣང་བ་འདི་མར་མེའི་རྣམ་པ་འོད་གསལ་བ་ཅིག་འབྱུང་སྟེ། སྐད་ཅིག་མའོ། །དེ་ནས། དབུས་ཀྱི་ཨ་ལ་ཤེས་པ་གཏད་དེ། རྣམ་པར་ཤེས་པ་སྣ་ཚོགས་པ་ལ། དེ་སྣང་བ་རགས་པ། དེ་ཕྲ་བ་ལ། དེ་ཤིན་དུ་ཕྲ་བ་ལ། དེ་འོད་གསལ་ལ་ཐིམ་པས། འོད་གསལ་བ་དེ་བདེ་སྟོང་གི་ཉམས་སུ་མྱོང་བ་འབྱུང་ངོ། །དེ་ཡང་། སེམས་ནི། འཆི་བ་འོད་གསལ་སྟོང་པ་ཆོས་ཀྱི་སྐུའི་རང་བཞིན་དུ་ཉམས་སུ་མྱོང་བ་དང་། སྔར་གྱི་གཉིད་འོད་གསལ་དུ་ཉམས་སུ་མྱོང་བ་ཡོད་པ་དང་། འདིར་དེ་ལྟར་བསྒོམས་པའི་སྟོབས་ཀྱིས། དེའི་དུས་སུ་ཆོས་སྐུ་ཉམས་སུ་མྱོང་བ་འབྱུང་སྟེ། གང་ལྟར་འགྲོ་རུང་མི་འགྲོ་རུང་ཆོས་སྐུ་ཐོབ་པོ།། །།བར་དོའི་མན་ངག་ལགས། །བླ་མ་ འབྱུང་བ་ལྔ་རིམས་ཀྱིས་བསྡུས་ནས། རྣམ་པར་ཤེས་པ་ལ་ཐིམ། རྣམ་པར་ཤེས་པ་སྣང་ཆེད་ཐོབ་གསུམ་རིམས་ཀྱི་འོད་གསལ་ལ་ཐིམ་པས། དེ་ཉིད་ཆོས་སྐུ་ཐོབ་པོ། །

(༢༧༦)དམ་པ་རྣམས་ལ་ཕྱག་འཚལ་ལོ། །བར་དོ་ལ་གསུམ་ཡིན། དང་པོ་སྣང་བ་གསུམ་གྱིས་བསྒོམས་པ་གོམས་པའི་འོད་གསལ་དང་། སེམས་སྣང་བ་གསུམ་གྱི་སྐབས་སུ་བསམ་གཏན། གཉིས་པ་སྒྱུ་ལུས་ངོ་ཤེས་པའི་སྒོ་ནས། ཟུང་འཇུག་ངོས་བཟུང་བ་དང་། གསུམ་པ་དྲན་པ་དང་འདུན་པའི་སྒོ་ནས། མངལ་གྱི་སྐྱེ་གནས་དགག་པའོ། །འོད་གསལ་ལ་གསུམ་ལས། སྐྱེ་བ་འདི་ལ་འབད་རྩོལ་གྱིས་བསྒོམས་པ་གོམས་པའི་འོད་གསལ་དང་། སེམས་སྣང་བ་གསུམ་གྱི་སྐབས་སུ། བསམ་གཏན་གྱི་འོད་གསལ་དང་། སྲིད་པ་བར་དོར་འཆར་བ་རང་བཞིན་གྱི་འོད་གསལ་ལོ། །དེ་སེམས་ཅན་ཀུན་ལ་ངོ་བོ་ཉིད་ཀྱིས་གནས་པ་ཡིན། དེ་ལ་དང་པོ་ལུས་ལེན་ཙ་ན་ཡང་འབྱུང་བ་བཞི་ལས་གྲུབ། ད་ལྟ་འབྱུང་བ་བཞིའི་ངོ་བོར་གནས། ཐ་མ་འཆི་བའི་ཚེ་འབྱུང་བ་བཞི་རིམས་ཀྱིས་ཐིམ་པ་ནི། ས་ཆུ་ལ་ཐིམ་པ་ལ་སོགས་པའོ། །དེའི་ཚེ་འབྱུང་བ་བཞི་རིམ་གྱིས་ཐིམ་པའོ། །རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པའི་ཚེ་སྟོང་པ་སྟེ། ནང་རྟགས་དུ་བ་ལྟ་བུ་ཕྱི་རྟགས་ཟླ་བ་ཤར་བ་

(༢༧༧)ལྟ་བུའོ། །སྣང་བའི་གོ་བ་ནི། རྩ་བྲན་རགས་པའི་རླུང་རྩ་གཉིས་པོར་ཚུད། རྩ་གཉིས་པོའི་རླུང་དྷཱུ་ཏཱིར་བག་ཙམ་ཚུད་པས། རྣམ་རྟོག་གི་རླུང་འགག །ཕྱི་རྟག་ཟླ་བ་ལ་སོགས་པ་ཇེ་མི་གསལ་ལ་སོང་། ནང་རྟགས་དུ་བ་ལ་སོགས་པ་གསལ། དེ་ལྟར་འགགས་པས། ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་བཅུ་སོ་གསུམ་འགགས་པས། སེམས་ཀྱི་ངོ་བོ་བག་ཙམ་གསལ་བས་ན་སྣང་བ་ཅེས་བྱ། ཡེ་ཤེས་དང་པོ་བག་ཙམ་གསལ་བ་འོང་། སྣང་བ་མཆེད་བ་ལ་ཐིམ་པའི་ཚེ། ཤིན་དུ་སྟོང་པ་སྟེ། ནང་རྟགས་སྲིན་བུ་མེ་ཁྱེར་བལྟ་བུ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ་དམར་དིད་དེ་བ་འོང་། མཆེད་པའི་ག་བ་ནི། རླུང་དྷཱུ་ཏཱིར་ཆེར་ཞུགས་པས། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགགས་པས། སེམས་ཀྱི་ངོ་བོ་གསལ་བ་དེ་ཆེར་སོང་བས་མཆེད་པ་ཞེས་བྱ། ཡེ་ཤེས་གསལ་ཡེ་རེ་བའོ། །མཆེད་པ་ཐོབ་པ་ལ་ཐིམ་པའི་ཚེ་སྟོང་པ་ཆེན་པོ་སྟེ། ནང་རྟགས་མར་མེ་ལྟ་བུ། ཕྱི་རྟགས་མུན་སྲོས་པ་ལྟ་བུ་ནག་ཐོམ་པ་འོང་། ཐོབ་པའི་གོ་བ་ནི། རླུང་

(༢༧༨)དྷཱུ་ཏཱིར་རང་བཞིན་གྱིས་ཚུད་པས། མ་རིག་པ་སྐད་ཅིག་མ་བདུན་འགགས་པས། སེམས་ཀྱི་ངོ་བོ་གསལ་ལྷག་གིས་ཤར་བས་ན། ཐོབ་པ་པ་ཞེས་བྱའོ། །ཡེ་ཤེས་གསལ་སིང་ངེ་བ་འོང་། དེ་གསུམ་ཤར་ཙ་ན། སྒོམ་གྱི་དབང་དུ་བྱས་ན་ཞི་གནས་ཡིན། འོད་གསལ་གྱི་དབང་དུ་བྱས་ན། བསམ་གཏན་གྱི་འོད་གསལ་ཡིན། ཐོབ་པ་འོད་གསལ་ལ་ཐིམ་པའི་ཚེ། ཐམས་ཅད་སྟོང་པ་ཡིན། ཕྱི་རྟགས་ཀྱེ་རེང་ཤར་བ་ལྟ་བུ། ནང་རྟགས་སྤྲིན་མེད་པའི་ནམ་མཁའ་དག་པའི་དཀྱིལ་ལྟ་བུའོ། །ཕྱི་ནང་གཉིས་སུ་བྱས་ཀྱང་དབང་པོའི་ཡུལ་མེད། ཤེས་པའི་ཉམས་མེད། བསམ་གཏན་གྱི་འོད་གསལ་དང་། རང་བཞིན་གྱི་འོད་གསལ་གཅིག་ཏུ་འདྲེས་ཙ་ན། མི་རྟོག་པའི་ཡེ་ཤེས་ཤེས་བྱ། སྒོམ་གྱི་དབང་དུ་བྱས་ན་ལྷག་མཐོང་ཞེས་བྱ། འོད་གསལ་གྱི་དབང་དུ་བྱས་ན་རང་བཞིན་གྱི་འོད་གསལ་ཞེས་བྱ། དེ་ཙ་ན་གོམས་པ་ཤས་ཆེར་བྱས་པས། འོད་གསལ་བ་ནི་རྒྱུན་པར་གནས། བར་དོ་གྲོང་ཁྱེར་དེས་མི་མཐོང་། ལུས་རྒྱ་དང་བྲལ་ཙམ་གྱིས་

(༢༧༩)ཡར་གྱི་མཚམས་མེད་ཅེས་བྱ། དབང་པོ་རབ་ཚེ་འདི་ལ་སངས་རྒྱ་བ་ཡིན་པས། གཟུགས་སྐུ་གཉིས་གཞན་སྣང་ལ་འཆར། བར་དོ་དང་པོའི་འོད་གསལ་ངོས་བཟུང་བའོ། །སྒྱུ་ལུས་ངོས་བཟུང་བ་ལ་གཉིས་ཡིན། མ་དག་པའི་སྒྱུ་ལུས་ངོས་བཟུང་བ་དང་། དག་པའི་སྒྱུ་ལུས་ངོས་བཟུང་བའོ། །མ་དག་པའི་སྒྱུ་ལུས་ནི། ལམ་ལ་སྦྱང་བའི་དབང་དུ་བྱས་ན། ཞག་བདུན་ཕྲག་དང་པོའི་ཞག་ཕྱེད་དང་བཞི་ཚུན་ཆད་སྔ་མ་མ་ཤི་བའི་གོང་གི་ལུས་ཀྱི་སྣང་བ་དང་མི་བྲལ་ལ། དེ་ཕན་ཆད་ཕྱི་མ་ལུས་གང་ལེན་པའི་ལུས་སུ་སྣང་། ཤི་བར་ཤེས། དེའི་མཚན་ཉིད་ནི། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། རིགས་མཐུན་ལྷ་མིག་དག་པས་མཐོང་། སྲིད་པ་ཕྱི་མའོ། །ཤ་ཚུགས་ཅན་ལས་ཀྱི་སྟོབས་ཀྱིས་ནམ་མཁའ་དག་པ་ལ་སྤྲིན་འོང་བ་དང་། ཆུ་ལས་ཉ་འཕར་བ་བཞིན་བར་དོའི་སྣང་བ་ལས་མངལ་དུ་འཇུག་སྟེ། སྡུག་བསྔལ་གྱི་རྒྱུར་འགྱུར་རོ། །དེ་ཀུན་ལ། མ་དག་

(༢༨༠)པའི་སྒྱུ་ལུས་ཤེས་བྱ། དེ་ངོས་མི་ཟིན།། །།གཉིས་པ་དག་པའི་སྒྱུ་ལུས་ནི། ལམ་སྦྱང་བའི་དབང་དུ་བྱས་ན། སྒོམ་པའི་རྟེན་རང་ལྷའི་སྐུ་སྒྱུ་མའམ། འཇའ་ཚོན་ལྟ་བུ་ཅིག་ངོས་འཛིན་པ་ཡིན། དག་པའི་སྒྱུ་ལུས་ཤེས་བྱ། ཟུང་འཇུག་གི་སྐུ་ཞེས་བྱ། ལུས་ཅིག་གིས་དུ་མ་ལ་ཁྱབ་པ་སྟེ་དུ་མ་འབྱུང་། ཟུང་འཇུག་ལ་གཉིས། སློབ་པའི་ཟུང་འཇུག་དང་། མི་སློབ་པའི་ཟུང་འཇུག་གོ། །སློབ་པའི་ཟུང་འཇུག་སྒོམ་པའི་རྟེན་ཡི་དམ་གྱི་ལྷ་སྒྱུ་མ་ལྟ་བུ་དང་མ་བྲལ་བར། འོད་གསལ་གསལ་སྒོམ་པ་བརྟན་པར་བྱེད་པ་ཡིན། འོད་གསལ་གྱི་སེམས་བག་ཆགས་སྤྱང་དུ་ཡོད་པའི་དུས་སུ། རྣམ་རྟོག་ཐམས་ཅད་དང་བག་ཆགས་ཐམས་ཅད་འོད་གསལ་གྱི་མེས་སྲེགས་ནས། སྦྱང་གཞི་དང་སྦྱོང་བྱེད་མེད་པར་གསལ་བ་རབ་ཀྱི་མཐར་ཕྱིན་པ་འོད་གསལ་འབའ་ཞིག་ཏུ་གྱུར་ཙ་ན། མི་སློབ་

(༢༨༡)འོད་གསལ་སྒོམ་སྙམ་པའི་འདུན་པའོ། །གཉིས་པ་བླ་མ་ཡབ་ཡུམ་གྱིས་དགག་པ་ནི། རིགས་དྲུག་ཏུ་སྐྱེ་བའི་རྒྱུ་ཆགས་སྡང་ཡིན་པས། ཕ་ནི་བླ་མར་སྒོམ། མ་ནི་བླ་མའི་ཡུམ་དུ་སྒོམ། བླ་མའི་ཡུམ་ལ་ཆགས་པ་མི་སྐྱེ། ཞེ་སྡང་དང་མིག་སེར་བཟློག་ལ། བླ་མ་ཡབ་ཡུམ་དུ་བསམས་ལ་དད་གུས་བྱའོ། །དབང་དང་གདམ་ངག་ཞུའོ། །རང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་སྒོམ་པའི་རྟེན་བྱས་ལ། བདེ་སྟོང་དབྱེར་མེད་སྒོམ་པའོ།། །།གསུམ་པ་ཡི་དམ་ལྷས་དགག་པ་ནི། ཕ་མ་སྙོམས་འཇུག་བྱེད་པའི་དུས་སུ། ཕ་ཧེ་རུ་ཀ་ལ་སོགས་པ་དང་། མ་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པར་བསྒོམས་པས་ཆགས་སྡང་མི་སྐྱེའོ། །ཆགས་སྡང་གི་བློ་ལྡོག་ལ། རང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་སྒོམ་པའི་རྟེན་བྱས་ལ་འོད་གསལ་སྒོམ། །བཞི་པ་སྒྱུ་མ་ལྟ་བུས་དགག་པ་ནི། སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ། རང་བཞིན་ཅིར་ཡང་མ་གྲུབ་པ། སེམས་འཁྲུལ་བའི་སྣང་བ་བག་ཆགས་ཀྱི་གཟུགས་བརྙན། ཆུ་ནང་གི་ཟླ་བ་དང་། མེ་ལོང་ནང་གི་གཟུགས་བརྙེན་དང་ཁྱད་ཅི་ཡོད་སྙམ་དུ་བསམས་ལ། ཆགས་སྡང་གི་བློ་ལྡོག་ལ། རང་ལྷ་སྐུ་སྒྱུ་མ་ལྟ་བུ་ལ་རྟེན་བྱས་ལ་ཤོག་ལྡེབ་བཅོ་བརྒྱད་པའི་མདུན་ཤོག་ཡིག་ཕྲེང་དྲུག་པར་འགྲོ།

(༢༨༢)

(༢༨༣)པའི་ཟུང་འཇུག་ཞེས་བྱ། འབྲས་བུ་ཐོབ་པའོ། །དེ་ལ་གནས་པ་ནི། ཡེ་ཤེས་ཀྱི་སྐུ་ཞེས་བྱའོ། །དབང་པོ་འབྲིང་བར་དོར་སངས་རྒྱ་བ་ཡིན། གཟུགས་སྐུ་རྣམ་པ་གཉིས་གཞན་སྣང་ལ་འཆར། བར་དོ་གཉིས་པ་སྒྱུ་ལུས་ངོས་བའོ།། །།མངལ་གྱི་སྒོ་དགག་པ་ནི་བཞི་ཡིན། དྲན་པ་དང་འདུན་པས་དགག་པ་དང་། བླ་མ་ཡབ་ཡུམ་གྱིས་དགག་པ་དང་། ཡི་དམ་གྱི་ལྷས་དགག་པ་དང་། སྒྱུ་མ་ལྟ་བུས་དགག་པའོ། །དྲན་པ་དང་འདུན་པས་དགག་པ་ནི། བར་དོའི་མིག་ལམ་དུ་རིགས་དྲུག་གི་རྣམ་པ་འོང་། དེ་དག་སྡུག་བསྔལ་དུ་ཤེས་པའོ། །སྔར་ཡང་སྡུག་བསྔལ་དུ་མ་ཤེས་པར་ཆགས་པས་འཁོར་བར་འཁྱམས། དེ་ཡང་མངལ་དུ་ཞུགས་ཏེ་སྐྱེ་བ་བླངས་ན། སྡུག་བསྔལ་དེ་ལྟ་བུ་ཉམས་སུ་མྱོང་བར་འགྱུར་སྙམ་དུ་བསམ་པས། མངལ་དུ་འཇུག་པའི་བློ་ལྡོག་ལ། རང་ལྷའི་སྐུ་སྒྱུ་མ་ལྟ་བུ་ལ་སྒོམ་པའི་སྟེན་བྱས་ལ། འོད་གསལ་སྒོམ། བདུན་ཕྲག་དང་པོར་སྐྱེ་བ་ཁེགས་ན། གཉིས་པ་ལ་སོགས་པ་ལ་ཚེགས་མེད་པས། །

(༢༨༤)ཞག་བཞི་བཅུ་རྩ་དགུ་ཚུན་ཆད་ལམ་སྦྱངས་ན་སངས་རྒྱའོ། །བར་དོ་གསུམ་པའོ། །གལ་ཏེ་སངས་རྒྱ་མ་ནུས་ནས་སྐྱེ་བར་འདུག་ན། མངལ་བསྡམ་པ་ནི། རང་ལྷ་སྐུ་སྒྱུ་མ་ལྟ་བུ་དང་མ་བྲལ་བར་གཞན་དོན་ལ་མཐུ་ཡོད་པ་དང་། རང་དབང་ཅན་དུ་ལུས་བླངས་ཏེ། ཚང་པའམ། རྒྱ་བྱིན་ནམ། འཁོར་ལོ་སྒྱུར་བའི་རྒྱལ་པོར་སྐྱེས་ནས་ལམ་སྦྱངས་བ་ནི་དབང་པོ་ཐ་མའོ། །ཡང་ན་རང་གི་དོན་ལ་བརྟན་པ་ཐོབ་ནས་རང་དབང་ཅན་དུ། གཞན་དོན་ལ་མཐུ་ཡོད་པའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་སོགས་པར་སྐྱེ་བ་བླངས་ནས་སེམས་ཅན་གྱི་དོན་བྱའོ། །བར་དོའི་གདམས་པ་ཟབ་མོའོ།། །།འཕོ་བའི་མན་ངག་ལགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འཕོ་བ་ལ་དོན་གསུམ་ལ་སྦྱངས་ཏེ་འཕོ་བའོ། །ལུས་གནད་བཅོས་ནས། སྒོ་དགུས་ཡི་གེ་དགུས་བཀག །དེ་ལ་གཉིས་ལས། སྔོན་དུ་རླུང་སྦྱངས་བའི་བུམ་པ་ཅན་ལ་བསླབ་པས། རབ་བརྒྱ་རྩ་བརྒྱད། འབྲིང་བདུན་བཅུ་རྩ་གཉིས། ཐ་མ་སུམ་བཅུ་རྩ་བ་དྲུག་ཁེགས་ནས་འཕོ་བ་སྦྱོངས། དེ་མི་ཁེགས་ན་རླུང་སྦྱང་ངོ་། །དེ་ནས་འཕོ་བ་

(༢༨༥)སྦྱོང་བ་ནི། ལུས་གནད་བཅོས་ནས། སྒོ་དགུ་ཡི་གེ་དགུས་བཀག །ལྟེ་བ་ན་སེམས་ཀྱི་རྒྱལ་པོ་རྒྱལ་པོ་ཡི་གེ་ཨ་གནས་པ་དེ། སྤྱི་བོ་ནས་རྩ་བ་ཐག་གི་རྣམ་པ་ལྟ་བུས་བརྟགས་ནས་ཡོད་པར་བསམ། དེ་ནས་རླུང་ནང་དུ་བསྡམ། ཧིཀྐ་ཉི་ཤུ་རྩ་གཅིག་བརྗོད་པས། ཨ་དེ་ཡར་ལ་སྤྱི་བོའི་གླད་པའི་སྟེང་དུ་ཐོད་པའི་འོག་ཏུ་ཡེར་གྱིས་སོང་བར་བསམ། དེ་ནས། རླུང་ཁུག་པ་ཁ་ཅིག་དལ་བུས་རྒྱུར་བཞུག །དེ་ནས། ཡར་རླུང་ནང་དུ་བཞག་ལ། ཀ་ཧིཀ་ཉི་ཤུ་རྩ་གཅིག་གིས་མར་དབབ། དེ་ནས་ངལ་བསོ་ལ། ཡང་ཐུན་མཚམས་སུ་སྤྱི་བོར་མི་བཞག། དེ་ལྟར་བྱས་པས། འབྱོངས་པའི་ཚད། དཔྲལ་བ་དང་། སྤྱི་བོ་ཚ་ཙག་ཙག་པའོ། །ལྷ་ཆེར་འགྲོ། དེ་ལྟར་འཕོ་བ་ལ་ཉི་ཤུ་ཙམ་བྱས་ནས་སྦྱང་ན། ལོ་དྲུག་བཅུ་ལོན་ཡང་འཕོ་བཏུབ་པ་ཡིན་གསུང་། དེ་ལྟར་འཕོ་བ་སྦྱངས་ནས། འཆི་རྟགས་བྱུང་ན། འཆི་སླུ་བྱ་ཞིང་། དེ་ཀྱང་མ་མནན་འཕོ་བ་བྱ་སྟེ། བྱེད་ལུགས་འཕོ་བ་དངོས་གཞིན་གསལ་ལོ། །ཁྲོན་པའི་ནང་གི་སྦྱང་རྩེའུ་བཏང་བ་བཞིན་ལོག་སོང་ནས་ལྟེ་བར།

(༢༨༦)རྨི་ལམ་གྱིས་འབྱམས་སེལ་ལེགས། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འབྱམས་པ་བཅུ་གཉིས་ནི། རྩ་བ་བཞི་ཡིན་གསུང་དེ་ལ་འཁྲུལ་འབྱམས་དང་། སྔར་གྱི་རྒྱུན་ལ་འབྱམས་པ་དང་། སད་འབྱམས་དང་། བརྗེད་འབྱམས་དང་བཞིའོ། །འཁྲུལ་འབྱམས་ནི། མ་ཟིན་པ་ཡིན། དེ་ལ་རླུང་དྲག་པོ་བཟུང་གིན་བྱས་པས་ཟིན་ཏེ་འོང་། རྒྱུན་འབྱམས་ནི། རྨི་ལམ་ཟིན་པར་བྱའོ། །དེ་རང་འབྱམས་པའོ། །དེ་ལ་ཟིན་པར་བྱའོ་སྙམ་ནས་སྦྱང་བས་ཟིན་གསུང་། སད་འབྱམས་ནི། གཉིད་མ་སད་པར་ཟིན་འཕྲོ་ལ་སད་པ་ཡིན་སྙམ་ནས་འཕྲོ་བཅད་པ་འོང་གསུང་། དེ་ལ་གཉིད་མ་སད་པར་སྦྱང་སྙམ་པའོ། །དེས་ཟིན་གསུང་། བརྗེད་འབྱམས་ནི། ཐེང་ཅིག་ཟིན་ཡང་བརྗེད་པ་འོང་། དེ་ལ་མ་བརྗེད་པར་བྱའོ་སྙམ་པས་མི་བརྗེད་གསུང་། བཅུ་གཉིས་སུ་ཕྱེ་ན་འཁྲུལ་འབྱམས་ལ་དབྱེ་བ་མེད་གསུང་། སྔར་གྱི་རྒྱུན་འབྱམས་པ་བཞི་ལས། བདག་ལ་བརྟེན་ནས་འབྱམས་པ་ནི། བདག་ཤེས་ནས། རྨི་ལམ་དུ་ཤེས་པར་བྱ་བའི་བར་རྒྱུན་དང་མ་བྲལ་བར་

(༢༨༧)བྱའོ། །གཞན་ལ་བརྟེན་ནས་འབྱམས་པ་ནི། མི་གཞན་གྱི་སྣང་ཡང་ཤེས་པར་བྱའོ་སྙམ་ཞིང་སྦྱང་བའོ། །གཉིད་འབྱམས་ནི། གཉིད་དུ་སོང་ནས་སོ། །རྨི་ལམ་ལ་བརྟེན་ནས་འབྱམས་པ་ནི། བ་གླང་ལ་སོགས་པ་སྣང་ཡང་ཤེས་པར་བྱའོ་སྙམ་ཞིང་སྤྱོད་པར་མི་བྱེད་པའོ། །དེ་ལྟར་བཞི་པོ་ཡང་དབྱེ་བ་དེ་བཅུ་གཉིས་སོ། །བཅོས་ལུགས་གོང་གི་བཞི་པོ་ལས་མེད་གསུང་། རྨི་ལམ་ལ་གཉིས་ཡོད་དེ། ལམ་དུ་འགྲོ་བ་དང་མི་འགྲོ་བའོ། །ལམ་དུ་མི་འགྲོ་བ་ནི། རང་དབང་མེད་པ་དང་། འཁྲུལ་བ་དང་ཕྱིན་ཅི་ལོག་པ་དང་། མ་དག་པའོ། །ལམ་དུ་འགྲོ་བ་ནི། རང་དབང་ཅན་དང་། མ་འཁྲུལ་བ་དང་། ཕྱིན་ཅི་མ་ལོག་པ་དང་། དག་པའོ། །དྲན་པ་དང་། སྒྱུ་མར་ཤེས་པ་དང་། རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ། གཉིད་མ་ལོག་པའི་དུས་སུ་ཡང་། སྣང་སྲིད་སྒྱུ་མར་ཤེས་པར་བྱ། སྒྱུ་མ་དངོས་ནི་རྨི་ལམ་ཡིན། གང་གི་རྟག་ཏུ་བསྒོམས་གྱུར་ན། རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། རྨི་ལམ་ཟིན་པའི་ཐབས་ལ། རླུང་བུམ་པ་ཅན་ཐུན་རེ་བསྒོམས་ལ། གཉིད་ཐུམ་

(༢༨༨)གྱིས་འགྲོ་ཁར་རླུང་ལྟེ་བར་བཅུག་ལ་ཉལ་ལོ།། །།བར་དོ་སྐུ་བཞིའི་ངོ་སྤྲོད་ལགས་སོ། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །མན་ངག་འདི་ལ་དོན་བཞི་སྟེ། མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་དང་། མ་བཅོས་པའི་ངང་ལ་བཞག་པ་དང་། སྔ་ཕྱི་གཅིག་ཏུ་བསྲེ་བའི་མན་ངག་གིས། དངོས་པོ་ཐམས་ཅད་གཅིག་ཏུ་རོ་མཉམ་པ་དང་། དངོས་པོ་ཐམས་ཅད་རོ་མཉམ་པས། འབྲས་བུ་ནམ་མཁའ་ལྟར་བརྣན་པའོ། །དེ་ལ་བར་དོའི་མན་ངག་གིས་མ་བཅོས་པའི་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། ཤེས་པ་སྔ་ཕྱིའི་བར་དོ་དང་། གཉིད་དང་རྨི་ལམ་གྱི་བར་དོ་དང་། འཆི་བའི་བར་དོའོ། །དེ་ལ་ཤེས་པ་སྔ་ཕྱིའི་བར་དོ་ནི། དཔེར་ན། དགུན་ཟླ་འབྲིང་པོའི་ཉ་ལ། དབྱར་གྱི་སྤྲིན་དང་ན་བུན་ནི་ཡལ། དགུན་གྱི་རླུང་དང་ཚུབ་མ་ནི་མ་ལངས། ཉི་མ་རི་རྩེ་ལ་ཤར་བའི་དུས་སུ། ནམ་མཁའི་དཀྱིལ་དུ་བལྟས་ཙ་ན། གསལ་སིང་ངེ་གཅིག་ཡོད་པ་དང་འདྲ་བར། ཤེས་པ་སྔ་མའི་རྟོག་པ་ནི་འགགས། དྲན་རྟོག་ཐམས་ཅད་ནི་བརྗེད། ཕྱི་མའི་

(༢༨༩)རྟོག་པ་ནི་མ་ལངས་པའི་དུས་སུ་ཤེས་པ་གསལ་སིང་བརྟོག་མེད་ཅིག་འབྱུང་བའོ། །གཉིད་དང་རྨི་ལམ་གྱི་བར་དོ་ནི། གཉིད་དང་ཉལ་བའི་དུས་སུ། གཉིད་ནི་མ་ལོག །ཕྱིའི་རྟོག་པ་ནི་འགགས་པའི་དུས་སུ། ཤེས་པ་མ་བཅོས་པའི་གསལ་ལེ་སིང་ངེ་བའི་རྟོག་མེད་འབྱུང་བའོ། །འཆི་པའི་བར་དོ་ནི། །འབྱུང་བ་བཞི་རིམས་ཀྱིས་ཐིམ་ནས། མཐར་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པའི་དུས་སུ། འཇིག་རྟེན་འདིའི་རྣམ་རྟོག་ནི་འགགས། ཕྱི་མའི་རྣམ་རྟོག་མ་ལངས་པའི་བར་དེར། མ་བཅོས་པའི་ཡེ་ཤེས་གཉུག་མ་གསལ་སིང་ངེ་བའི་རྟོག་མེད་ཅིག་འབྱུང་ངོ་། །མ་བཅོས་པའི་ངང་ལ་གནས་པར་བྱ་བ་ནི། ཡེ་ཤེས་ངེས་ཟིན་ནས། དེ་ལ་རྒྱུན་དུ་གནས་པའོ། །སྔ་ཕྱི་གཅིག་ཏུ་བསྲེ་བའི་མན་ངག་གི་དངོས་པོ་ཐམས་ཅད་རོ་མཉམ་པ་ནི། རྨི་ལམ་གྱི་ཤེས་པ་དང་སྔ་ཕྱི་གཅིག་ཏུ་བསྲེ་སྟེ། རོ་མཉམ་དུ་སྒོམ། འཇིག་རྟེན་འདི་དང་ཕྱི་མ་བསྲེ་སྟེ། རོ་མཉམ་དུ་སྒོམ། འཁོར་འདས་ཐམས་ཅད་རོ་མཉམ་དུ་བསྒོམ་པའོ། །དངོས་པོ་ཐམས་ཅད་རོ་མཉམ་པས་འབྲས་བུ་

(༢༩༠)ནམ་མཁའ་ལྟར་བསྟན་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་སྐུ་བདེ་བ་ཆེན་པོ་ཡིད་ལ་མི་བྱེད་པར་རྫོགས་པས་སངས་རྒྱ་བའོ། །བར་དོ་རྣམ་གསུམ་དང་། སྐུ་བཞི་ངོ་སྤྲད་པའི་གདམ་ངག་གོ། །བསྐྱེད་རིམ་བསྒོམ་པའི་དགོས་པ་ནི། སྤྲུལ་སྐུ་ཐོབ། འོད་གསལ་བསྒོམས་པའི་དགོས་པ་ནི། ཆོས་སྐུ་ཐོབ། ཟུང་འཇུག་སྒོམ་པའི་དགོས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། སྐུ་གསུམ་དབྱེར་མེད་དུ་རྟོགས་པ་ནི། བདེ་བ་ཆེན་པོའི་སྐུའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་བཞི་དང་ལྡན་པའོ། །རྗེ་ཏཻ་ལོ་པས། དཔལ་ནཱ་རོ་པ་ལ་གནང་བའོ།། །།ལུས་གནད་ཀྱི་མན་ངག་ལགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདམ་ངག་ཉམས་སུ་ལེན་པའི་དུས་ན་འདི་ལྟར་ཤེས་པར་བྱ་སྟེ། དང་པོ་ལུས་ཀྱི་གནས་ལུགས་ཤེས་པར་བྱ་བ་ནི། རྐང་པ་རེ་དམིག་ལྟར་བསྣོལ། སྒལ་པ་ཆུ་ཤིང་ལྟར་བསྲང་། ལྟེ་བའི་འོག་ཏུ་མཉམ་བཞག་བྱས་ལ། ལུས་གནས་ལུགས་སུ་བཞག་པའོ། །དེ་ནས་ལུས་ལ་རྩ་རྣམ་པ་གསུམ་

(༢༩༡)གནས་ཏེ། རྩ་གསུམ་འདུས་པའི་མདོར་མཉམ་བཞག་བྱས་ནས། ལྟེ་བའི་ཐད་ཀར་རྩ་དབུ་མའི་ནང་དུ་ཨ་དམར་པོ་ཤད་ལྟ་བུ་ཅིག་བསམ་པར་བྱའོ། །དེ་ནས་རྩོལ་སྒྲུབ་དྲག་ཏུ་བྱ་སྟེ། དེ་ལྟར་བླ་མའི་མན་ངག་འདི་ནི། ཡང་དང་ཡང་དུ་ཉམས་སུ་བླངས་པས། ལུས་ལ་བདེ་དྲོད་ཤུགས་ཀྱིས་འབྱུང་ལ། སེམས་ལ་འོད་གསལ་ངང་གིས་འཆར་རོ། །བླ་མ་ཆེན་པོ་ནཱ་རོ་པའི། །ཐབས་ལམ་ཁྱད་དུ་འཕགས་པ་འདི། །སྐལ་ལྡན་ལས་ཅན་མ་ཡིན་པ། །གཞན་ལ་བྱིན་ན་དམ་ཚིག་ཉམས།། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། གོ་ཆ་གཉིས་ཀྱི་མན་ངག་བཞུགས་སོ། །བླ་མ་མཉམ་མེད་རིན་པོ་ཆེ། །སྐུ་བཞི་དབྱེར་མེད་ལྷུན་གྱིས་གྲུབ། །སྐལ་ལྡན་སངས་རྒྱས་ངོ་སྤྲོད་པའི། །རྟོགས་ལྡན་རིན་པོ་ཆེ་ལ་འདུད། །ཚེ་འདི་ལ་ལྟོས་ཐག་བཅད་ནས་སྒྲུབ་པ་བྱེད་པའི་གང་ཟག་ལ་ཆོས་རྣམ་པ་གཉིས་ཏེ། སྤང་བྱ་དང་། བླང་བྱའོ། །དེ་ལ་སྤང་བྱ་ནི། རྒྱུའི་རྐྱེན་གྱི་དུས་ན་ཞེན་ན། བདག་པོའི་རྐྱེན་གྱི་དུས་ན། ལོག་པའི་དགེ་བའི་བཤེས་གཉེན་དང་ཕྲད།

(༢༩༢)དམིགས་པའི་རྐྱེན་གྱི་དུས་ན་འཁྲུལ། དེ་མ་ཐག་པའི་རྐྱེན་གྱི་དུས་ན། རེ་དོགས་སུ་གྱུར་བ་ལས་འཁོར་བར་སྣང་བའོ། །བླང་བྱ་ནི། རྒྱུའི་རྐྱེན་གྱི་དུས་ན་མ་ཞེ་ན། བདག་པོའི་རྐྱེན་གྱི་དུས་ན། ཡང་དག་པའི་དགེ་བའི་བཤེས་གཉེན་དང་ཕྲད། དམིགས་པའི་རྐྱེན་གྱི་དུས་ན་མ་འཁྲུལ། དེ་མ་ཐག་པའི་རྐྱེན་གྱི་དུས་ན། རེ་དོགས་མེད་པ་ལས་འཁོར་བ་ཆོས་སྐུར་སྣ་བའོ། །རྟོགས་ཏེ་སངས་རྒྱས། དེ་ལྟ་བུའི་དོན་རྟོགས་པར་བྱེད་པ་ལ་བླ་མ་བསྟེན་དགོས། དེ་ལ་གཉིས་ཏེ། རིག་པ་དགེ་བའི་བཤེས་གཉེན་དུ་འཆར་བ་དང་། གང་ཟག་དགེ་བའི་བཤེས་གཉེན་དུ་འཆར་བའོ། །དང་པོ་ནི། རྟོག་པ་སྐུ་དྲིན་ཅན་དུ་ཤེས་པས། རྟོག་པ་ལམ་དུ་འཁྱེར་བའོ། །གཉིས་པ་ནི། འགལ་བསྒྱུར་ནུས་པ། གསོལ་བ་འདེབས་ནུས་པ། མ་འཁྲུལ་བ། ཤེས་རབ་ཀྱི་གོ་འབྱེད་ནུས་པའོ། །དེ་ཡང་། ལྷན་ཅིག་སྐྱེས་སྦྱོར་ནི་གོ་ཆ་གཉིས་ཀྱིས་ལམ་དུ་འཁྱེར་ཏེ། ལྟ་བའི་གོ་ཆ་དང་། ཤེས་རབ་ཀྱི་གོ་ཆའོ། །མི་མཚམས་པ་བྱུང་ཡང་། མི་བཟོད་པ་མེད་པ། གྲོགས་སུ་འགྲོ་བ། རང་གི་ཤེས་པ་མདུན་ནམ་མཁའ་ལ་བསྐོར་བ་དང་འདྲ།

(༢༩༣)དང་པོ་ནི། ཤེས་པའི་མཚན་ཉིད་དང་། བྱེད་པའི་མཚན་ཉིད་དང་། ཁྱད་པར་གྱི་མཚན་ཉིད་དང་། ངོ་བོའི་མཚན་ཉིད་དོ། །ཤེས་པའི་མཚན་ཉིད་ནི། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ཤེས་པར་བྱ་སྟེ། སྐྱེ་བ་མེད་པ་ཆོས་སྐུ། འགག་པ་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུར་ཤེས་པར་བྱའོ། །སྐུ་གསུམ་རྟོགས་པའི་བློ་ལ་སྣ་ཚོགས་བརྗོད་དུ་མེད་པའོ། །ངོ་བོ་ངོས་བཟུང་དང་བྲལ་བ་བློའི་ཡུལ་ལས་འདས་པ་སྟེ། ངོ་བོ་ཉིད་ཀྱི་སྐུའོ། །སེམས་ཀྱི་མཚན་ཉིད་སྐུ་བཞིར་ངོས་འཛིན་པ་དེ་ཤེས་པའི་མཚན་ཉིད་ཡིན་ནོ། ཁྱད་པར་གྱི་མཚན་ཉིད་ནི། རྣམ་རྟོག་བྱུང་ཚད་སེམས་ཉིད་ཡིན་པས་མི་སྤོང་བར་སྐུ་བཞིར་ཤེས་པར་བྱའོ། །བྱེད་པའི་མཚན་ཉིད་ནི། རྟོག་པ་སྐུ་བཞི་ཡིན་ཡང་། བྱེད་པ་པོ་མེད་པར་ཆོས་ཉིད་སྒྱུ་མ་ལྟ་བུར་འགྲོ་ཡི། ངོ་བོ་ཉིད་ཀྱི་མཚན་ཉིད་ནི། རྟོག་པ་གདོང་མ་ནས་སྐུ་བཞིར་ལྷུན་གྱིས་གྲུབ་པ་ཡིན་ཏེ། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་བཞི་ལས་འདས་པར་ཤེས་པ་དང་། ལྟ་བའི་གོ་ཆའོ། །ཤེས་རབ་ཀྱི་གོ་ཆ་ནི། རྡོ་རྗེ་

(༢༩༤)དཀྱིལ་དཀྲུང་བཅའ། ལུས་བསྲང་། མིག་སྣ་རྩེར་ཕབ། མཉམ་པ་ཉིད་ཀྱི་ཕྱག་རྒྱ་བྱས་ལ། སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། ཟབ་མོའི་དོན་འདི་སྒོམ་པར་བྱའོ། །སྙམ་དུ་སེམས་བསྐྱེད་པར་བྱའོ། །ཤེས་རབ་མིག་ནི་སེམས་ལ་ལྟ། ཚིག་ཏུ། སྐྱེ་བ་མེད་པ། འགག་པ་མེད་པ། གནས་པ་མེད་པ། སེམས་དངོས་པོ་མེད་པའོ། །ཞེས་ལན་གསུམ་བརྗོད་པ་ནི་ཐོས་པའི་ཤེས་རབ་པོ། དེའི་དོན་ནི། སེམས་དེ་ཡེ་ནས་སྐྱེ་མ་མྱོང་། ནམ་ཞིག་འགགས་ན་ཡང་འགགས་ཏེ་འགགས་པའི་རྒྱུ་མེད། གནས་ན་ཡང་དུས་ཅི་ཙམ་གནས་ཏེ། སྐྱེ་འགགས་མེད་པ་ཉིད་ཀྱིས་གནས་པ་མེད། དངོས་པོ་མེད་དེ། དབྱིབས་དང་ཁ་དོག་ཏུ་གྲུབ་རྒྱུ་མེད་པས། དངོས་པོ་ངོས་བཟུང་ཐམས་དང་བྲལ་བར་ངེས་ཤེས་སྐྱེ་པ་ནི། བསམ་བྱུང་གི་ཤེས་རབ་པོ། ཐོས་པའི་དོན་དེ་ཤེས་ཏེ། ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ་ལ་སེམས་པ་ནི། སྒོམ་བྱུང་གི་ཤེས་རབ་པོ། དེ་ཡང་། ཡེངས་པ་ལ་ངོས་བཟུང་ཐམས་ཅད་དང་བྲལ་བ།

(༢༩༥)རྣམ་རྟོག་བྱུང་ན་ཇི་ལྟར་བྱ་སྙམ་ན། བློས་མི་སྤོང་བར་སྙིང་དུ་སྡུག་པར་བལྟ། དགོས་པར་བྱ། སྐུ་དྲིན་ཆེ་བར་བལྟ། མེད་དུ་མི་རུང་བར་བལྟ། དེ་ཅི་སྟེ་ཞེ་ན། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆས་སུ་ཡོད་པས། ངོ་བོ་ཉིད་ཀྱི་རྟོག་པ་ཡིན་པས་སོ། །དེ་ལྟར་རྟོག་པ་ལམ་དུ་ཁྱེར་བས། རྟོག་པ་རང་བཞི་རང་དག་ཏུ་འགྲོ། དཔེར་ན། མཚོ་ལ་འཁྱག་པ་ཞུ་བའམ། ནམ་མཁའ་ལ་སྤྲིན་དེངས་བ་བཞིན་དུ་སོང་། ཡོན་ཏན་གྱི་ཆོས་སུ་གྱུར་པ་ཐམས་ཅད་འགག་པ་མེད་པར་ཤུགས་ཀྱིས་འབྱུང་བ་དེ། གནས་སྐབས་ཀྱི་འབྲས་བུ་ཡིན་པར་ཤེས་པར་བྱ་ལ། གོང་ནས་གོང་དུ་ཤེས་རབ་ཀྱི་རྩལ་སྦྱོང་ངོ་། །དེ་ལྟ་བུ་དེ། རྩེ་གཅིག་གི་རྣལ་འབྱོར། སྤྲོས་བྲལ་གྱི་རྣལ་འབྱོར། དུ་མ་རོ་གཅིག་གི་རྣལ་འབྱོར། མཉམ་བཞག་ཆེན་པོའི་རྣལ་འབྱོར་ཡིན་ནོ། །previous hit མལགྱིཤེས next hit་བྱ་བ། རྟོག་པ་ལམ་དུ་འཁྱེར་བའི་གདམ་ངག་གོ།། །།བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བླ་མའི་ཞལ་ནས། ལྷན་ཅིག་སྐྱེ་སྦྱོར་སྒོམ་པའི་དུས་ན། ཕྱི་ལྟ་བའི་གོ་ཆ་

(༢༩༦)དང་། ནང་ཤེས་རབ་ཀྱི་གོ་ཆ་གཉིས་ཡིན་གསུང་། ཕྱི་ལྟ་བའི་གོ་ཆ་ནི། དཀར་པོའི་ཆོས་སྤྱོད་རྒྱུན་མི་བཅོད། སྡིག་པ་ཕྲ་ཞིང་ཕྲ་བ་ལ་འཛེམ་པའོ། །ཤེས་རབ་ཀྱི་གོ་ཆ་ནི། རང་གི་ཤེས་པ་ལ་བལྟས་པའི་དུས་ན། ཞི་གནས་བདེ་བའི་ཏིང་ངེ་འཛིན་བྱུང་བ་ལ་ཡོན་ཏན་དུ་མི་བལྟ། དེ་མ་བྱུང་བ་ལ་སྐྱོན་དུ་མི་ལྟ་བར། ཤེས་པ་མ་ཡེངས་པར་འཇོག་པ་ཡིན། མ་ཡེངས་པའི་དུས་སུ་རྣམ་རྟོག་ཡེ་མི་འོང་། ཤེས་པ་ཡེངས་པའི་དུས་སུ་རྣམ་རྟོག་ཅིག་ཡེར་གྱིས་འོང་དེ་བྱུང་བའི་དུས་སུ། དེ་ལ་བལྟས་པས། རྣམ་རྟོག་དེ་དང་པོ་མ་སྐྱེས། བར་དུ་མི་གནས། ཐ་མར་མི་འགག་སྟེ། དངོས་པོའམ། ངོ་བོ་ཉིད་དམ། ངོས་བཟུང་མཐའ་དག་དང་བྲལ་བར་འདུག་པ་བྱ་བ་ཡིན། འོ་དེ་རང་གི་སེམས་སུ་འདུག །སེམས་སྐྱེ་མེད་སྟོང་པ་ཉིད་དུ་འདུག །སྐྱེ་མེད་སྟོང་ཉིད་བསྒོམས་པས་ཅི་ཞིག་ཙ་ན། རྣམ་པར་རྟོག་པ་ཐམས་ཅད་སྐྱེ་མེད་ཀྱི་གྲོགས་སུ་འཆར་བ་ཡིན་གསུང་།

(༢༩༧)དེ་ཆོས་སྐུར་འདུག་སྙམ་པ་དེ་ཡང་སེམས་ཡིན་གསུང་། དེ་ལས་མེད། འབད་ནས་བསྒོམས་གསུང་། །བླ་མ་རིན་པོ་ཆེའི་ཞལ་ནས། སངས་རྒྱས་ལ་རེ་བ་མེད་དེ། སྐུ་གསུམ་རང་ལ་ཡོད་པའི་ཕྱིར་རོ། །འཁོར་བ་ལ་དོགས་པ་མེད། སྤང་དུ་མེད་ཅིང་ཤེས་རབ་ཀྱི་བུད་ཤིང་ཡིན་པའི་ཕྱིར་རོ། །བླ་མ་ལྕག་རི་བའི་མན་ངག་ཡིན་ཏེ། ཕྲད་འཇོམས། ཕྱི་བསྙག །མེད་སྤྲུལ་བྱ་བ་ཡིན་ཏེ། བསྒོམ་ཆེན་པ་དེ་སྒོམ་པའི་དུས་སུ། རྣམ་རྟོག་བྱུང་བ་ལ་ཕྲད་འཇོམས། རྟོག་པ་བྱུང་མ་ཐག་སྐྱེ་མེད་དུ་ཆོད་པ་ཡོད། ཕྱི་བསྙགས་པ་ནི། རྟོག་པ་དེ་དང་པོ་གང་ནས་བྱུང་བལྟས་པས། སེམས་ལས་བྱུང་། མཐར་ཡང་སེམས་ལ་ཐིམ། སེམས་དང་གཉིས་མེད་ཐ་མི་དད། སེམས་སྐྱེ་མེད་དུ་ཤེས་པ་དེ་ཕྱི་བསྙགས་པ་བྱ་བ་ཡིན་གསུང་། མེད་སྤྲུལ་བ་ནི་སེམས་ལ་ལྕི་བདེ་བསམ་ནས། མི་བདེ་བ་དེ་སྤྲུལ་པ་ཡིན་ཏེ། དེ་རྣམ་པར་རྟོག་པ་ཡིན་ཏེ། སེམས་སྐྱེ་མེད་ཆོས་ཀྱི་སྐུ་ཡིན་གསུང་། དཔེ་གསུམ་ནི།

(༢༩༨)ནགས་ལ་མེ་མཆེད་པ་དང་འདྲ་སྟེ། རླུང་ལ་སོགས་པ་ཅི་ལྟར་ཆེ་བ་ལྟར་གྲོགས་སུ་འགྲོ། དེ་བཞིན་དུ། རྣམ་རྟོག་ཅི་སྐྱེས་ཤེས་རབ་ཀྱི་གྲོགས་སུ་འགྲོ་གསུང་། ཆུ་ལ་ཁ་བ་བབ་དང་འདྲ་སྟེ། ཁ་བ་བབས་ཚད་ཆུར་རོ་གཅིག་ཏུ་འགྲོ། དེ་བཞིན་དུ། རྣམ་རྟོག་སྐྱེས་མ་ཐག་ལྷན་ཅིག་སྐྱེས་པར་རོ་གཅིག་པའོ། །སྔར་འདྲིས་ཀྱི་མི་མཐོང་བ་བ་དང་འདྲ་སྟེ། ཡིན་མིན་རྟོག་དཔྱོད་བྱ་མི་དགོས་པར་ངོ་ཤེས། དེ་བཞིན་དུ། རྣམ་རྟོག་ལ་རྟོག་དཔྱོད་བྱ་མི་དགོས་པར། སྐྱེ་མེད་དུ་ངོ་ཤེས་གསུང་། དེ་དགེ་བཤེས་ལྕགས་རི་པའི་འཁྱེར་ལུགས་ཡིན་གསུང་།། །།ལྷན་ཅིག་སྐྱེས་སྦྱོར་ནི། གང་དང་སྐྱེས་སྦྱོར་ཞེ་ན། རིག་པ་དང་པོ་སྟོང་པ་ལྷན་ཅིག་སྐྱེས། དེ་རང་དང་ཐ་དད་དུ་འདུག་པ་ལྟ་བུ་མ་ཡིན་ཏེ། རིག་པ་གསལ་བ་བདེ་བ་སྟོང་ཉིད་དུ་སྦྱོར་བས་ན། ལྷན་ཅིག་སྐྱེས་སྦྱོར་རོ། །དེ་ལ་གཉིས། ལྟ་བའི་གོ་ཆ་དང་། ཤེས་རབ་ཀྱི་གོ་ཆའོ། །དེ་ལ་ལྟ་བའི་གོ་ཆ་ནི། མཚན་ཉིད་རྣམ་པ་བཞི་སྟེ། ཤེས་པའི་མཚན་ཉིད་དང་། ཁྱད་པར་གྱི་མཚན་ཉིད་དང་། བྱེད་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །དེ་ལ་ཤེས་པ་ནི།

(༢༩༩)དང་པོ་གནས་ཀྱང་མ་སྐྱེས། བར་དུ་གར་ཡང་མི་གནས། ཐ་མ་གར་ཡང་མི་འགགཁ་དོག་དང་། དབྱིབས་སུ་མ་གྲུབ་སྟེ་སྤྲོས་པ་དང་བྲལ་བ། ངོས་བཟུང་དང་བྲལ་བ་མེད་པ་མ་ཡིན་པའི་དོན་ཏེ། སྐྱེ་བ་མེད་པ་ཆོས་སྐུ། འགག་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུ། ངོ་བོ་བཟུང་མེད་པ་ངོ་བོ་ཉིད་ཀྱི་སྐུའོ། །སྐུ་བཞི་ཐག་མཆོད་པ་ནི་ཤེས་པའི་མཚན་ཉིད་དེ། གསལ་ལ་གོ་མ་འགགས་པ་ཅིག་ཏུ་རྒྱུན་ཆད་མེད་པར། དུས་ཐམས་ཅད་དུ་གནས་པ་ནི་ཤེས་པའི་མཚན་ཉིད་དོ། ཁྱད་པར་ནི། ཤེས་པ་ཅི་ཡང་མ་ཡིན་པ་དེ་ཉིད། ཤར་བ་དེ་ཉིད་ཅི་ཡང་མ་ཡིན་པའི་ངོ་བོར་གནས་པ་ནི། ཁྱད་པར་གྱི་མཚན་ཉིད་དོ། །བྱེད་པ་ནི། ཆོས་ཉིད་རྟོག་ས་སྣ་ཚོགས་སུ་ཤར་ཡང་། བྱེད་པ་པོ་མེད་ལ། རྟོག་པ་སྣ་ཚོགས་ཆོས་ཉིད་དུ་ཤར་ཡང་། བྱེད་པ་པོ་མེད་པ་ནི་མཚན་ཉིད་དེ། དེ་ལྟ་བུའི་དོན་དབྱིངས་རྣམ་པར་དག་པ་ཉམས་སུ་མྱོང་བ་ནི། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ཤེས་རབ་ཀྱི་གོ་ཆ་ནི། མེད་པ་མི་ཡིན་ཏེ། རྟོག་པ་སྣ་ཚོགས་སུ་འཆར། རྣམ་རྟོག་གིས་མ་སྒྲིབས་པའི་ཤེས་པ་ལྟར་དེ་གསལ་བ།

(༣༠༠)ཐོས་པའི་ཤེས་རབ་ཚིག་ཏུ་ལན་གསུམ་བརྗོད། བསམ་པའི་ཤེས་རབ། དེའི་དོན་གོ་བར་བྱ། སྒོམ་པའི་ཤེས་རབ་ནི། རྣལ་འབྱོར་རྣམ་པ་བཞི་སྟེ། རིག་པའི་ངོ་བོ་ལ། མ་ཡེངས་པར་འདུག་པ་རྩེ་གཅིག་གི་རྣལ་འབྱོར། རྩེ་གཅིག་ལ་རྟོག་པ་འབྱུང་ན། ཕྲད་འཛོམ། ཕྱི་བསྙག །དེ་ལྟར་རྟོག་པ་ལམ་དུ་ལོངས་ནས། རྟོག་པ་དེ་མེད་དུ་མི་རུང་བར་འགྱུར། བཀའ་དྲིན་ཆེ་བར་འགྱུར་བ་ནི་སྤྲོས་བྲལ་གྱི་རྣལ་འབྱོར། དེ་ཉིད་ཀྱི་ངང་ལ་མ་ཡེངས་པར་བྱས་པས། ཕྱིའི་སྣང་བ་བན་བུན་ཙམ་དུ་ཆོད་ཙ་ན། དུ་མ་རོ་གཅིག་གི་རྣལ་འབྱོར། དེ་ལ་གོམས་པར་བྱས་པས་རིག་པ་གཅེར་བུ་འབའ་ཞིག་ཏུ་གྱུར་ནས། དེ་ཙ་ན་གོམས་པར་བྱས་པས་རིགས་གཅེར་བུ་འབའ། གོམས་པ་མཐར་ཕྱིན་ནས་ཆོས་སྐུ་ཐོབ་པ་ནི། སྒོམ་མེད་ཀྱི་རྣལ་འབྱོར་རོ། །དེ་རྣམས་ཀྱིས། ལྟ་བའི་གོ་ཆས་ཤེས་རབ་ཀྱི་གོ་ཆ་བསྟན་པའོ། །བླ་མ་དམ་པའི་གདམས་པ་ཉམས་མྱོང་དང་འགྲོགས་པའོ། །རྣམ་པར་རྟོག་པ་ཐམས་ཅད་སེམས་ཡིན། སེམས་སྐྱེ་འགག་ སྐྱེ་མེད་ལ་སོགས་པ། ཅིང་སྣང་ཅི་དྲན་སེམས་སུ་ཤེས་པར་བྱ། རྣམ་རྟོག་གིས་གོས་པ་མེད་པ།

(༣༠༡)གནས་གསུམ་དང་བྲལ་བའི་ངང་ལ་འཇོག་པ་ནི་མ་ཡེངས་པའོ།། །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས། སློབ་དཔོན་ཌོ་བྷི་ཧེ་རུ་ཀའི་དགོངས་པའོ། །ན་མོ་གུ་རུ། སློབ་དཔོན་ཌོཾ་བྷི་ཧེ་རུ་ཀའི་དགོས་པ་བདེ་བ་ཆེན་པོའི་མན་ངག་ནི། ངོ་བོ་གསུམ། དམ་ཚིག་བཞི། གོལ་ས་གསུམ། བཞགས་ཐབས་བཞིའོ། །དེ་ལ་ངོ་བོ་གསུམ་ནི། དང་པོ་རྩོལ་སྒྲུབ་མེད་པ། གཉིས་པ་མ་བཅོས་པ། གསུམ་པ་བྱུང་ཚོར་ཐམས་ཅད་རང་གི་སེམས་སུ་ཤེས་པའོ། །དམ་ཚིག་བཞི་ནི། ཉོན་མོངས་པ་སྤང་དུ་མེད་དེ། རང་གི་སེམས་ཡིན་པའི་ཕྱིར་རོ། །གཉེན་པོ་རྟེན་དུ་མེད་དེ། སེམས་གཉིས་སུ་མེད་པའི་ཕྱིར་རོ། །འབྲས་བུ་ལ་རེ་བ་མེད་དེ། སེམས་རྟོགས་ན་སངས་རྒྱས་ཡིན་པའི་ཕྱིར་རོ། །འཁོར་བ་ལ་དོག་པ་མེད་དེ། དེ་བཞིན་ཉིད་སྒོམ་དུ་མེད་པའི་ཕྱིར་རོ། །གོལ་ས་གསུམ་ནི་སངས་རྒྱས་ལ་རེ་ན་གོལ། འཁོར་བ་ལ་དོགས་ནས་གོལ། དངོས་པོར་སྣང་བ་འདི་ལ་ཞེན་ན་གོལ་བ་ཡིན་ནོ། །བཞག་ཐབས་བཞི་ནི། ཆུ་མ་རློགས་ན་དངས་བ་བཞིན་དུ། ཚུལ་མ་བཅོས་པར་བཞག་གོ། །

(༣༠༢)ཉི་མ་སྤྲིན་གྱིས་མ་སྒྲིབས་པ་བཞིན་དུ། ཚོགས་དྲུག་མི་འགག་པ་རང་ལུགས་སུ་བཞག་གོ། །དུས་དང་སྤྱོད་ལམ་ཐམས་ཅད་དུ་མ་ཡེངས་པར་བཞག་གོ། །ཌོཾ་བྷི་པའི་དགོངས་པའོ།། །།ཆོས་རྗེ་དྭག་པོ་ལྷ་རྗེའི་ལྟ་སྒོམ་ཡང་དག་གི་མན་ངག་གོ།། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རྟོག་ལྡན་ཅིག་དང་། སློབ་མ་སྐལ་ལྡན་ཅིག་ཕྲད་ན། བླ་མ་དེས། སྨིན་པར་བྱེད་པ་དབང་རྣམ་པ་བཞི་བྱས་ནས། གྲོལ་བར་བྱེད་པའི་ཐབས་བསྐྱེད་རྫོགས་གཉིས་སློབ་པ་ཡིན། དེ་ཡང་མངོན་པར་སྒོམ་པ་ལས་འབྱུང་གསུང་། ལུས་བདེ་བ་དང་། སེམས་བདེ་བ་ཡང་འོང་སྟེ། ནང་དུ་རྟགས་རྣམ་པ་ལྔ་འཆར། ཕྱིར་ཡང་ཕན་ཡོན་བརྒྱད་འབྱུང་སྟེ། རྟགས་དང་པོ་དུ་བ་ལྟ་བུ་བྱུང་ནས་སྣང་བ་འགགས་ཏེ་རླུང་དྷཱུ་ཏཱིར་ བསྐྱེད་རིམ་ནི་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམ་པ་དང་། རྩ་རླུང་སྒོམ་པ་དང་། སྤྲོས་པ་དང་བཅས་པའི་རྫོགས་ཀྱང་རིམ་ཡིན་གསུང་། རྫོགས་རིམ་ནི། འོད་གསལ་སེམས་ཀྱི་སྟོང་ཉིད་ཡིན་ཏེ། དེ་ལྟར་བསྐྱེད་རྫོགས་བསྒོམས་པས་ཡོན་ཏན་ལྷུན་གྲུབ་ཏུ་འབྱུང་ངོ་།

(༣༠༣)ཚུད་པ་ཡིན་ཏེ། ཞི་གནས་མཐར་ཕྱིན་སྐྱེས་པའི་རྟགས་ཡིན་གསུང་། རྟགས་གཉིས་པ་ཤར་དུས་སྣང་བ་ཉམས་སུ་མྱོང་བ་ཡིན་ཏེ། ཕྱིའི་སྣང་བ་འདི་ལ་མི་ཟེར། སེམས་ཀྱི་སེམས་ཉིད་ཉམས་སུ་མྱོང་བ་བྱ་བ་ཡིན། རྟགས་གསུམ་པ་བྱུང་དུས་གསལ་ལ་མི་རྟོག་པ་འབྱུང་། སྒོམ་པ་མཐར་ཐུག་ཡིན། རླུང་སེམས་སུ་ཚུད་པའི་རྟགས་ཡིན། རྟགས་བཞི་པ་ཤར་དུས་ལྟ་བའི་དོན་དང་། ཆོས་ཐམས་ཅད་རིག་ཅིང་གསལ་བ་དང་། འཕྲིན་ལས་བཞི་འགྲུབ་སྟེ། ལྟ་བའི་དོན་བྱ་བ་ནི། སེམས་ཉིད་ལ་བློ་ངེས་པའོ། །ཆོས་ཐམས་ཅད་རིག་ཅིང་གསལ་བ་ནི། འཁོར་འདས་ཐམས་ཅད་འོད་གསལ་དུ་ཤར་བའོ། །འཕྲིན་ལས་བཞི་འགྲུབ་པ་ནི། བཟླས་པ་ལ་སོགས་པ་བྱ་མི་དགོས་པར། འཕྲིན་ལས་བཞི་གང་བྱེད་ཀྱང་ཚེགས་མེད་པར་འགྲུབ་པོ། རླུང་འོད་གསལ་དུ་ཚུད་པའོ། །ཡེ་ཤེས་ཀྱི་རྟགས་ཀྱང་འབྱུང་སྟེ། ལུས་མཇའ་ཚོན་ནམ་འོད་ཀྱི་གོང་བུ་ལ་སོགས་པར་མཐོང་བར་འོང་སྟེ། ཡེ་ཤེས་ཀྱི་རྟགས་བྱ་བ་ཡིན་

(༣༠༤)གསུང་། ལྟ་བ་དང་བལྟ་བྱེད་མེད་པ་ལ་སྟོང་ཉིད་ཟེར་བ་ཡིན། ཁམས་གསུམ་ལས་འདས་ཤིང་། བློ་དང་བྲལ་བས་སྨོན་མེད་ཟེར་བ་ཡིན་ནོ་གསུང་། །རྒྱུ་ལམ་འབྲས་བུ་གསུམ་ནི། བསྐྱེད་པར་བྱེད་པས་ན་རྒྱུ། འཕེལ་བར་བྱེད་པའི་ན་ལམ། རྫོགས་པར་བྱེད་པས་ན་འབྲས་བུའོ། །དེ་ཡང་། མར་གྱི་དབང་དུ་བྱས་ན་རྒྱུ་མ་རིག་པ། ལམ་སྡིག་པ་ཆུང་ངུ་ལས་ཆེན་པོར་འཕེལ་བ། འབྲས་བུ་ངན་སོང་གསུམ་མོ། །ཡར་གྱི་དབང་དུ་བྱས་ན། ཕ་རོལ་དུ་ཕྱིན་པ་ནི། རྒྱུ་རིག་པ་བྱང་ཆུབ་ཀྱི་སེམས། ལམ་ཕ་རོལ་དུ་ཕྱིན་པ་དྲུག །ཡང་ན་བསླབ་པ་གསུམ་ལ་བྱེད། དངོས་ཀྱི་རྒྱུ་རིག་པ་བྱང་ཆུབ་ཀྱི་སེམས། ལམ་བསྐྱེད་རྫོགས། འབྲས་བུ་སྐུ་གསུམ་མོ།། །།previous hit མལགྱིཤེས next hit། མ་བཅོས་པ། གཉུག་མ་གསུམ་ལས་previous hit མལགྱིཤེས next hit་ནི། དང་པོའི་ཤེས་པ། གྲུབ་མཐའ་གཞན་གྱིས་བློ་མ་སྒྱུར་པའོ། །མ་བཅོས་པ་ནི། བཅས་བཅོས་མི་བྱ་བར་རང་གར་བཞག་པའོ། །གཉུག་མ་ནི། དེའི་དོན་སྐྱེས། ཉོན་མོངས་པ་འགག་ལ། རྒྱུན་ཆད་མེད་

(༣༠༥)པའི་རྣལ་འབྱོར་པ་ལ། སེམས་ཀྱི་འཛིན་པ་ཡོད། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཡེ་ཤེས་ཀྱི་འཛིན་པ་ཡོད། འཛིན་པ་མཐའ་དག་དང་བྲལ་བ་སངས་རྒྱས་ཡིན། རིག་པའི་ངོ་བོ་ལ་མ་ཡེངས་པ་དེ་ཉིད། རྒྱུན་ཆད་ད་ལྟ་ནས་མེད་པར་འདོད་པ་དེ་མི་བདེན། སངས་རྒྱས་ལ་ཉམས་མྱོང་ཡོད་མ་མྱོང་། ད་ལྟ་འཛིན་པ་ཡོད་ཟེར་མོད། དེ་ས་བཅུ་པ་མན་ཆད་ལ་འཛིན་པ་ཡོད། རྣལ་འབྱོར་པ་རབ་ལ། རྣམ་རྟོག་སྐད་ཅིག་མ། འབྲིང་ལ་འཆོལ་བར་ཡོད་ཐ་མ་ལ་མི་རྟོག་པ་སྐད་ཅིག་མ་ཡིན་གསུང་། མི་རྟོག་པ། ཡེ་ཤེས། སྟོང་པ་གསུམ་ལས། མི་རྟོག་པ་ནི། རྟོག་པ་དང་བྲལ་བ་ཡིན། ཡེས་ཤེས་ནི། སེམས་ཉིད་ལྷན་ཅིག་སྐྱེད་པ་ཡེ་ནས་ཡོད་པ་ལ་བྱ། སྟོང་པ་ནི། བདེ་སྟོང་ངོས་བཟུང་དང་བྲལ་བ་ལ་ཟེར་བ་ཡིན་ནོ། །སེམས་ཀྱི་མཚན་ཉིད། རང་བཞིན་ངོ་བོ་གསུམ་ལས། མཚན་ཉིད་ནི་སྣ་ཚོགས་སུ་སྣང་བའོ། །རང་བཞིན་ནི་གསལ་ལ་གོ་མ་འགགས་པའོ། །ངོ་བོ་ནི་བདེ་བ་ཉམས་སུ་མྱོང་བའི་ཡེ་ཤེས་སོ། །གསང་སྔགས་ཀྱི་སྒོམ་

(༣༠༦)པ་ནི། རིག་པ་འཛིན་པ་ལ་སོགས་གསུམ་བྱས་ནས། བསྐྱེད་རིམ་སྒོམ་པ་ལ་གསུམ། སྐད་ཅིག་དྲན་རྫོགས་ཀྱིས་སྒོམ་པ་ནི། སྐད་ཅིག་མར་ལྷའི་སྐུར་ཝལ་གྱིས་སྒོམ་པའོ། །ཆོ་ག་གསུམ་གྱིས་སྒོམ་པ་ནི། ཧེ་རུ་ཀ་བསྒོམ་པའི་སེམས་སྔོན་དུ་འགྲོ་བས། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱཾུ། དེ་ལས་འོད་ཟེར་འཕྲོས་པས། ཕྱི་ནང་སྣོད་བཅུད་ཡོངས་ལ་ཁྱབ། དེ་ཐམས་ཅད་འོད་དང་ལྷར་བྱས་ནས་ཡང་ཧཱཾུ་དེ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ལྷའི་སྐུར་བསྒོམ་པའི་རིམ་པ་ནི། སྒྲུབ་ཐབས་ལས་ཤེས་པར་བྱའོ། །དེ་ནི་ལུས་ལྷའི་ཕྱག་རྒྱ་དང་ལྡན་པའོ། །སྒྲིབ་པ་ནི་གསུམ་ཀ་བྱང་སྟེ། ཁྱད་པར་ལུས་ཀྱི་བྱང་ངོ་། །གསང་སྔགས་ཀྱི་བཟླས་པས། ངག་གི་བདེན་པ་འགྲུབ་སྟེ། ཚེ་འདིར་སྨྲས་པ་གཉན་པ་དང་། དགྲ་བགེག་ལ་སོགས་པས་མི་ཚུགས། ཕྱིས་བཟླས་པ་མ་བྱས་ཀྱང་ནུས་པ་དང་ལྡན་པར་འགྱུར་རོ། །སྒྲིབ་པ་ནི་གསུམ་ཀ་བྱང་སྟེ། ཁྱད་པར་ངག་གི་བྱང་ངོ་། །ཡིད་ཆོས་ཉིད་ཀྱི་ང་རྒྱལ་དང་ལྡན་པ་ནི་གཉུག་མའོ། །རྟོགས་ན་

(༣༠༧)དཀར་པོ་ཅིག་ཐུབ་ཅེས་བྱ་སྟེ། སྒྲིམ་པ་ནི་གསུམ་ཀ་བྱང་ངོ་། །བསྐྱེད་རིམ་གྱི་དགོས་པ་ནི། དབང་པོ་འབྲིང་དང་། ཐ་མ་གཉིས་ཀྱིས་ཐ་མལ་གྱི་ཞེན་པ་ལྡོག །རབ་ཀྱི་ཟུང་འཇུག་གི་རྟོགས་པ་འབྱུང་། བདེན་པ་མཐོང་བར་བཤད། ཐ་མལ་གྱི་ཞེན་པ། འཇིག་རྟེན་གྱི་མིང་དང་རུས་སྤངས་ཏེ། རིགས་ནི་རྡོ་རྗེའི་རིགས། མིང་ནི་ཧེ་རུ་ཀའོ། །ཟུང་འཇུག་གི་རྟོག་པ་ནི། རེ་ཤིག་ཡིད་ཡུལ་དུ། སྒྱུ་མ་ལྟ་བུ་བཏགས་པ་ཙམ་དུ་སྣང་བ་ལས། དོན་ལ་གཉིས་སུ་མེད་པས་ནའོ། །འབྲིང་གི་འཁོར་ལོ་སྒྱུར་རྒྱལ་ཐོབ་སྟེ། །རྒྱུད་ལས་ཀྱང་རྡོ་རྗེ་འཛིན་པའམ། །ཡང་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཐོབ། །ཅེས་བཤད་དོ། །ཐ་མས་ལྷ་མི་ཁྱད་པར་ཅན་ཐོབ། རབ་ཀྱིས་བདེན་པ་མཐོང་བའི་གནད་གང་ཞེ་ན། ལྷའི་སྐུ་དེ་བཟུང་བའི་ཡུལ་ཡིན། དེ་བསྐྱེད་པར་བྱེད་པ་འཛིན་པའི་སེམས་ཡིན། བཟུང་འཛིན་གཉིས་མེད་དུ་ཤེས་པས། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་བདེན་པ་མཐོང་བའོ། །འབྲིང་གིས་སྒྱུ་མར་ངེས། ཐ་མས་མོས་པ་བྱེད། རབ་ཀྱིས་བདེན་པ་མཐོང་བའོ། །

(༣༠༨)བསྐྱེད་རིམ་གྱི་ངོ་བོ་ལྷ། ངེས་ཚིགས་རིམས་ཀྱིས་འབྱེད། དབྱེ་བ་ཐ་དད་དོ། །སྒྲིབ་པ་ནི་གསུམ་ལས་ཤེས་བྱའི་སྒྲིབ་པ་དོན་མ་རིག་པ་ཡིན། ཉོན་མོངས་པའི་སྒྲིབ་པ་ནི་འདོད་ཆགས་ལ་སོགས་པའོ། །ལས་ཀྱི་སྒྲིབ་པ་ཉོན་མོངས་པས་ཀུན་ནས་བསླངས་ནས། མི་དགེ་བ་བཅུ་སྤྱད་པས་འབྲས་བུ་འབྱིན་པ་དེའོ། །དེ་གསུམ་སྤོང་བ་ལ། དགེ་བཤེས་བཀའ་གདམས་པ་ཀུན། སྔོན་དུ་གཉིས་པོ་སྦྱངས་པས། ཤེས་སྒྲིབ་ཞོར་ལ་བྱང་གསུང་།། །།བླ་མ་མི་ལའི་ཞལ་ནས། སྔོན་དུ་ཤེས་བྱའི་སྒྲིབ་པ་སྦྱོང་། དེ་འབྱོངས་ན་གཉིས་པོ་གྲོག་རང་བདལ་ཞེས་བྱ། མ་འབྱོངས་ན་སྡོང་པོ་ཡལ་ག་བཅད་པ་དང་འདྲ་སྟེ་ཡང་སྐྱེ། ཤེས་སྒྲིབ་འབྱོངས་ན་སྡོང་པོ་རྩ་བ་བཅད་པ་དང་འདྲ་སྟེ་སྐྱེ་རྒྱུ་མེད་གསུང་། དེ་གཉིས་ཀ་བདེན། དགེ་བཤེས་པ་བདེན་ཏེ། ལས་དང་ཉོན་མོངས་པ་མ་བྲལ་ན་སངས་རྒྱས་ཐོབས་པའི་ཐབས་མེད། བླ་མ་བདེན་ཏེ། ཤེས་བྱ་ལ་ཀོ་ལོང་མ་གསོལ། གཉིས་པོ་ཟད་ཀྱང་ཤེས་སྒྲིབ་སོ་སྐྱེའི་དུས་ན་བག་ལ་ཉལ་ཞེས་བྱ། ཆུ་དང་འོ་མ་འདྲེས་པ་བཞིན་

(༣༠༩)གནས། ཡུལ་དང་བྲལ་ནས་སྣང་གི། འཕྲལ་དུ་རྣམ་སྨིན་མི་འབྱིན། དེའི་ངོ་བོ་ཡེ་ཤེས་ཡིན་ཏེ། ཡེ་ཤེས་རྒྱུ་དགེ་བའི་རང་བཞིན་ཡིན་པས། ས་བོན་འདེབས་བྱ་འདེབས་བྱེད་མེད། བག་ལ་ཉལ་དེ་ལམ་རྣམ་ཤེས་ལ་བྱ་སྟེ། མདོ་ལས། རྣམ་པར་ཤེས་པ་རྣམས་ནི་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །ཅེས་གསུངས་པས། ཟབ་པ་ནི་གཏིང་མི་རྙེད་པའོ། །ཕྲ་བ་ནི་མི་མཐོང་པའོ། །དེ་ལ་བག་ལ་ཉལ་གྱི་ས་བོན་འདེབས་པ་ནི། དཔེར་ན། རང་གི་གདོང་པ་ལ་མཚོན་དཀར་ནག་གཉིས་བྱུགས་ནས། མེ་ལོང་ལ་བལྟས་པས། གདོང་ཕ་གིར་ཤར་བ་དེ། །གདོང་པ་ཕ་གིར་འཕོས་པ་མ་ཡིན། གདོང་པ་དངོས་མིན་ཏེ། མེད་པ་མ་སོང་བ་དེ་བཞིན་དུ། རྣམ་ཤེས་བག་ཆགས་ཀྱི་ས་བོན་བཏབ་པས། ཡུལ་དང་འཕྲད་པའི་དུས་སུ། འབྲས་བུ་ཕ་གིར་སྣང་བ་དེ། རྣམ་ཤེས་ཕ་གིར་འཕོས་པ་མ་ཡིན། རྣམ་ཤེས་ལ་གཡོས་པ་མེད་དེ། མེད་པར་མ་བྱུང་། རྣམ་ཤེས་འགགས་ཤིང་གསལ་བས་ནི་རྣམ་ཤེས་ཤེས་བྱའོ། །ས་དང་པོའི་བདེན་པ་མཐོང་

(༣༡༠)ནས། མིང་དུ་ཤེས་བྱའི་སྒྲིབ་པར་བཏགས་ཏེ། དེ་སྤོང་བ་ནི་བསྒོམས་པས་སྤོང་བ་ལས། གཞན་གྱིས་མི་སྤོང་། ངེ་སྤྲོད་པའི་ཐབས་ནི། གསེར་འགྱུར་གྱི་རྩི་དང་འདྲ་སྟེ། ལྕགས་རྡོག་པོ་ཅིག་ལ་ཡེ་ནས་གསེར་ཡིན་པ། བཟོ་བོས་རྩི་བྱུགས་པས། ལྕགས་ཇེ་ཆུང་ལ་སོང་། གསེར་ཇེ་ཆེ་ལ་སོང་ནས། མཐར་གསེར་གྱི་རང་བཞིན་དུ་འགྱུར་རོ། །དེ་བཞིན་དུ། ཤེས་བྱ་ལ་ཡེ་ཤེས་ཀྱི་རང་བཞིན་ཡེ་ནས་ཡོང་བ་ལ། བླ་མའི་མན་ངག་གིས། མཚོན་ནས། ཤེས་བྱ་རིམས་ཀྱིས་འགག །ཡེ་ཤེས་རིམས་ཀྱིས་གསལ་དུ་སོང་ནས། ཐ་མར་རྒྱུད་དག་པའི་རང་བཞིན་དུ་འགྱུར་རོ། །ཡང་ཕ་རོལ་དུ་ཕྱིན་པའི་འདོད་པ་ནི། །མཐོང་བའི་ལམ་གྱིས་ཇི་ལྟར་མཐོང་བའི་དོན་དེ། ས་བཅུའི་བར་དུ་གོམས་པར་བྱས་པས། ས་བཅུ་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། ལས་སྲིད་པའི་ས་བོན་རྣམ་ཤེས་འགགས་ནས། སྐད་ཅིག་མ་གཉིས་པ་ལ་བདེ་བ་ཆེན་པོ་ཆོས་ཀྱི་སྐུ་དུས་ཐམས་ཅད་དུ་

(༣༡༡)ཆད་པ་མེད་པ་མངོན་དུ་གྱུར་པ་ཡིན་གསུང་། །གསང་སྔགས་པ་ནི། བསམ་གཏན་གྱི་འོད་གསལ་ལ་གོམས་པར་བྱས་པས་བར་དུ་དང་པོའི་དུས་སུ་སྣང་བ་འགགས་ནས། རང་བཞིན་གྱིས་འོད་གསལ་ལ་གནས་པའོ། །དེར་གནས་མ་ནུས་ན། ད་རུང་ཤེས་བྱའི་སྒྲིབ་པ་མ་འབྱོངས་པ་ཡིན། ཉོན་མོངས་པའི་སྒྲིབ་པ་ནི། བསླབ་པ་གསུམ་གྱིས་རྩད་ན་བཅོད། ལས་ཀྱི་སྒྲིབ་པ་རྟོགས་པས་འདག་པར་བྱེད་དོ། །དེ་ལ་དལ་འབྱོར་རྙེད་དཀའ་ནས་མགོ་བཙུགས་ནས། སྟོང་ཉིད་རྣལ་མར་སྟོན་པའི་དགེ་བའི་བཤེས་གཉེན་ཅིག་ཚོལ་བ་གལ་ཆེའོ། །ཆོས་བྱ་རྒྱུ་ལ་བསགས་སྦྱང་གཉིས་ལས་མེད། བསོད་ནམས་བསགས་པས་སྡིག་པ་བྱང་། སེམས་ཉིད་ལྷན་ཅིག་སྐྱེས་པ་འོད་གསལ་བ་འདི་རྒྱུ་ལས་མ་བྱུང་སྟེ། ལམ་རིམས་ལ་བརྟེན་ནས་བསོད་ནམས་བསགས་ཤིང་བྱང་ཆུབ་ཀྱི་སེམས་སྒོམ་པས་འདི་མཐོང་སྟེ་འོང་བས། རྒྱུ་ལས་བྱུང་བར་ཡང་བཏུབ། རྐྱེན་

(༣༡༢)ལས་མ་བྱུང་སྟེ། ཚོགས་གཉིས་བསགས་པས་འདི་མཐོང་སྟེ་འོང་བས། རྐྱེན་ལས་བྱུང་བར་ཡང་བཏུབ། ཐབས་ལས་མ་བྱུང་སྟེ། བསགས་སྦྱང་གཉིས་ལ་བརྟེན་ནས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམས་པས་འདི་མཐོང་སྟེ་འོང་བས། །ཐབས་ལས་བྱུང་བར་ཡང་བཏུབ། །ཐབས་གོམས་དབང་གི་བདག་ཉིད་ཀྱི། །གང་གིས་ཤེས་པ་རྣམ་སྒོམ་མ། །དེས་ནི་བདེ་བ་མྱུར་དུ་ཐོབ། །བདག་མེད་གཅིག་པུ་བསྒོམས་པས་མིན། །དེ་བས་ན། བསོད་ནམས་བསགས་པ་གལ་ཆེ། དེ་ལ་བོགས་གང་ཆེ་ན། བླ་མ་ལ་བསྙེན་བཀུར་བྱས་པ་ཆེ་སྟེ། བླ་མ་མི་ལའི་ཞལ་ནས། སྒྲུབ་པའི་མཆོད་པ་ཆེ་གསུང་།། །།ཞི་གནས་སྐྱེ་བའི་རྒྱུ་བཞི་ནི། །བླ་མའི་བྱིན་བརླབས་ལས་སྐྱེ་བ་དང་། རྟེན་འབྲེལ་ལས་སྐྱེ་བ་དང་། ཚོགས་བསགས་པ་ལས་སྐྱེ་བ་དང་། སྡིག་པ་སྦྱང་བ་ལས་སྐྱེའོ། །སེམས་ཉིད་ཀྱི་ངོ་བོ་ནི། མ་བཅོས་མ་བསླད་པ་དེ། རྣལ་མར་གསལ་བདག་པ། དུས་ཐམས་ཅད་པ། རྒྱུན་ཆད་མེད་པ་དེ་ཡིན་ཏེ། དེ་ལ་སྣང་

(༣༡༣)ལ་ངེས་པ་དང་། སྣང་ལ་མ་ངེས་པའོ། །སྟོན་ཀའི་ནམ་མཁའ་དངས་པ་ལྟ་བུ་དང་། སེམས་ཉིད་གཉིས་སུ་མེད་པར་རྟོགས་པ་དེ་སྣང་ལ་མ་ངེས་པ་ཡིན། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། གཞན་གྱིས་སྒྱུར་ཡང་མི་འགྱུར་པ་དེ་སྣང་ལ་ངེས་པའོ། །མ་ཡེངས་པ་དེ་ལ་ཡང་ཉམས་སུ་མྱོང་བ་ཅིག་ལ། ཞི་གནས་ཀྱི་བདེ་བ་དང་མི་རྟོག་པ་འོང་སྟེ། ཉམས་ལ་རེས་ཡིན་ནམ་སྙམ། རེས་མིན་ནམ་སྙམ་པ་དེ་ནི། མི་རྟོགས་པས་རྒྱུ་བྱས་ནས་མར་ལྡོག་ཉེན་ཡོད་གསུང་། །གཟུགས་ཁམས་སམ། གཟུགས་མེད་ཁམས་སམ། འགོག་པའི་རྒྱུར་ཡང་འགྲོ་ཉེན་ཡོད། དང་པོ་སློབ་བའི་དུས་སུ་རིག་པ་གསལ་སིང་བ་ལ་བསླབ། དེ་ཡང་ཤེས་པ་མ་ཡེངས་པ་ལ་བསླབ། དེ་ཡང་རིག་པ་མ་ཡེངས་པ་ལ་བསླབ། དེ་ལ་གོམས་ནས་ངེས་ཤེས་སྐྱེ་བ་ཡིན་གསུང་། །སེམས་ཉིད་ཀྱི་ངོ་བོ་མ་ཤེས་པར་བྱས་ནས། རྣམ་རྟོག་ཅི་ཙམ་ཕྲོ་བ་འཕྲོར་འཇུག་པ་ཡིན་གསུང་། །རྣམ་རྟོག་བྱུང་ཡང་

(༣༡༤)ཆོས་སྐུ་ཡིན། དཔེ་ནམ་མཁའ་ལྟ་བུ་རང་བཞིན་གྱིས་དག་པ་ཡིན་ཡང་། སྤྲིན་དང་ན་བུན་ལ་ཐོགས་པ་ཇི་ཙམ་བྱུང་བ། ནམ་མཁའ་རང་ལ་དེངས་པ་དང་འདྲ། ནམ་མཁའ་སྤྲིན་དང་མདོག་ནི་ཐ་དད་ཀྱང་། །ངལ་ལ་སོགས་པ་བྱུང་ཡང་གསུང་། །དེ་ཡང་རྣམ་རྟོག་གི་གྲོགས་སུ་འགྲོ་བ་ཡིན་གསུང་། །རྣམ་རྟོག་འཕྲོར་མི་བཏུབ་ན་སླར་ཐུ་བ་ཡིན། གཟུགས་མེད་དུ་སྐྱེ་ཉེན་ཡོད་གསུང་། ཡི་དམ་ལྷའི་བསྐྱེད་རིམ་ཡང་རེས་བསྒོམ། སྐད་ཅིག་དྲན་རྫོགས་ཀྱི་ཡི་དམ་ལྷར་བསྐྱེད་ནས། འོད་གསལ་འབའ་ཞིག་སྒོམ་པ་ཡིན་གསུང་། དེ་ཡང་། གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེངས་པ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་པ་སྟེ་རྟོགས་པ་ཡིན། །ཚེ་འདི་བློས་བཏང་བ་ཅིག་དགོས་པ་ཡིན་གསུང་ངོ་།། །།ཡང་བླ་མའི་ཞལ་ནས། ཆོས་ཉིད་སྟོང་པ་ལ་དངོས་པོའི་ཁོང་ཚངས་མི་བཞུག །རིག་པ་གཅེར་བུ་ལ་མཚན་མའི་གོས་ཀྱིས་མི་བཀྲི། སེམས་ཉིད་གཉུག་མ་ལ་ཆགས་སྡང་གི་

(༣༡༥)རྟེན་མ་བཅའ། ཡེ་ཤེས་རྣམ་དག་ལ་དགེ་སྡིག་གི་མི་དཔྱད། མཚན་མ་རང་གྲོལ་ལ་བདག་འཛིན་གྱི་མདུང་པས་མི་གདབ། ཡེ་སྟོང་ཡེ་བྲལ་ལ་དངོས་པོའི་མཚན་མ་མི་བཟུང་གསུང་ངོ་།། ༈ །།ཆོས་རྗེའི་གསུང་། དབང་བཞིའི་ལམ་བསྒོམ་དུ་མ་འཁྲིད་ལགས།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རིན་པོ་ཆེའི་ཞལ་ནས། དང་པོ་དབང་བཞིས་སྨིན་པར་བྱས་ནས། གྲོལ་བར་བྱེད་པ་ལ། ཐབས་བསྐྱེད་རྫོགས་གཉིས་སྒོམ་དགོས། རྫོགས་རིམ་ལ་ཡང་གཉིས། སྤྲོས་བཅས་རྩ་རླུང་ཐིག་ལེ་སྒོམ། སྤྲོས་མེད་སྐྱེས་སྦྱོར་རམ། ཕྱག་རྒྱ་ཆེན་པོ་སྒོམ། ལམ་དང་སྦྱོར་ན། ཚོགས་ལམ་རྩེ་གཅིག་གི་རྣལ་འབྱོར་སྦྱོར་ལམ་སྤྲོས་བྲལ་གྱི་རྣལ་འབྱོར། མཐོང་ལམ་རོ་གཅིག་གི་རྣལ་འབྱོར་སྒོམ་ལམ་བསྒོམ་མེད་ཀྱི་རྣལ་འབྱོར། གསང་སྔགས་ཀྱི་དབང་དུ་བྱས་ན། མི་སློབ་པའི་ལམ་ཕ་རོལ་དུ་ཕྱིན་པའི་དབང་དུ་བྱས་ན། མཐར་ཕྱིན་པའི་ལམ་མོ། །དེ་ལྟར་ཡིན་ཡང་སྒོམ་དགོས། བླ་མ་རྗེ་བཙུན་ལ་རེ་སྐྱིད་བྱས་པས། ང་བཞིན་བྱས་པས་ཆོག་པ་

(༣༡༦)ལ་གསུང་ངོ་། །ཆོས་མི་བྱ་བཞིན་ཉམ་བས་མི་འོང་གསུང་། །ངས་དང་པོ་ཐེར་ཙམ་ཅིག་གོན་ནས་བསྒོམས་པས། མཚོར་བར་གོས་དེ་མེན་ཅིག་གོན་ནས་ཉལ་འདུག །དེ་ནས་སྙིང་རུས་བསྐྱེད་ནས་བསྒོམས་པས། དྲོད་ཆེན་པོ་བྱུང་གསུང་། དེ་ནས་དུས་རྟག་ཏུ་བརྩོན་འགྲུས་ཆེན་པོ་བྱས་གསུང་ངོ་།། །།ཡང་བླ་མའི་ཞལ་ནས། གང་ཟག་གི་བདག་མེད་དང་བསྐྱེད་རིམ་སྦྱོར། །ཆོས་ཀྱི་བདག་མེད་དང་རྫོགས་རིམ་སྦྱོར། ཚོགས་ལམ་དུ་ངོས་འཛིན། མཐོང་ལམ་དུ་མངོན་སུམ་དུ་བྱེད། ས་བཅུ་མན་ཆོད་དུ་རྗེས་སྦྱོང་པའི་ཡོན་ཏན་ལ་རང་སྣང་གསུང་། རང་ཤར་རང་རིག་གིས། རང་མྱོང་རང་སྟོང་། སྒོམ་རྟོགས་ནས། མི་སྒོམ་པ་དང་བསྒོམ་པ་གཉིས། སྒོམ་པ་སླ། བོར་དུ་མི་བཏུབ་གསུང་། གསལ་ལ་རྟོག་པ་མེད་པ། དེ་མ་ནོར་བ། ལུས་སེམས་པ་དེ་བ་གསུམ་ལ། གསལ་བའི་དཔེ་སྟོན་ཀའི་ཉིན་ཕྱེད་ལ་ཙེར་རེ་བལྟས་པས། གསལ་སིང་ངེ་འདུག་པ་ལྟ་བུའོ། །མི་རྟོག་པ་ནི། དབུག་རྒྱུ་བ་ཆད་པ་སྙམ་པ་འོང་། དངས་པ་ནི་སྣོད་གཙང་མར་ཆུ་བླུག་པ་ལ་བལྟས་པས་དངས་སིང་ངེ་འདུག་པ་ལྟ་བུའོ། །ཕྲ་བ་ནི་དཔེ་

(༣༡༧)དངོས་པོར་སྣང་བ་ཅིག་ཡོད་ན་དེ་གསུམ་གྱིས་མི་རྟོགས་མི་སྲིད་གསུང་། །རྟགས་ལ། ཁོང་ནས་དགའ། མདངས་གསལ། སེམས་རྒྱུད་རབ་ཏུ་དངས། སྡིག་སེམས་ཆེར་ཐུལ། རྡམ་སེམས་ང་རྒྱལ་མེད། རྗེས་ལ་ཤེས་བྱའི་སྒྲོ་འདོགས་ཆོད། ཞེན་ཆུང་། སྐྱོ་ཤས་བསྐྱེད། ལས་འབྲས་འཛེམས་གསུང་ངོ་།། །།ན་མོ་གུ་རུ། །ཡུལ་དང་མི་ཆོས་ཟུག་རྔུ་བསྐྱེད་པར་བྱེད་པའི་ནད་དང་འདྲ་བས་རྒྱབ་ཏུ་བོར། །ཟས་ནོར་མི་རྟག་ནམ་མཁའི་འཇའ་ཚོན་འདྲ་བས་དེ་ལ་ཡིད་མ་ཆགས། །ཚེ་སྲོག་མི་བརྟན་རྩྭ་ཁའི་ཟིལ་བ་འདྲ་བས་བརྩོན་འགྲུས་བསྐྱེད། །བླ་མ་དགེ་བའི་བཤེས་གཉེན་ཡིན་བཞིན་ནོར་བུ་འདྲ་བས་མོས་གུས་མཆོད་པ་གྱིས། །གདམ་ངག་ཟབ་མོ་འཚོ་བའི་ཁ་ཟས་འདྲ་བས་རྟག་ཏུ་ཉམས་སུ་ལོང་། །དལ་འབྱོར་རྙེད་དཀའ་ཨུ་དུམ་མེ་རྟོག་འདྲ་བས་དོན་མེད་སྤྱོད་པས་ཆུང་མ་གཟན། །སྡུག་བསྔལ་རྩ་བ་དངོས་འཛིན་ཡིན་པས་སྟོང་ཉིད་སེམས་དང་མ་བྲལ་ཅིག །ཀུན་རྫོབ་བདེན་པ་མི་སླུ་ངེས་པས་རྒྱུ་འབྲས་ཁྱད་དུ་མ་གསོད་ཅིག །འབྲས་བུ་མི་ཟད་འཕྲལ་དུ་འབྱིན་

(༣༡༨)པའི་ལྗོན་ཤིང་འདྲ་བས་བྱང་ཆུབ་སེམས་མཆོག་རྟག་ཏུ་བསྒོམས། །འདོད་པ་དུག་གི་ལོ་མ་འདྲ་བས་འཁོར་བའི་ཉེས་དམིགས་ཡིད་ལ་གྱིས། །ཤེས་གསུང་ངོ་།། །།ཡང་རིན་པོ་ཆེའི་ཞལ་ནས། ང་ནི་གནས་ལུགས་ཀྱི་སྒོམ་པ་སྟོན། དབང་པོ་རབ་ལྟ་ཐོག་ཏུ་བཞག་པ་དང་། འབྲིང་སྒོམ་ཐོག་ཏུ་བཞག་པ་དང་། ཐ་མ་ཆོས་སྤྱོད་ཀྱི་ཐོག་ཏུ་བཞག་པའོ། །སྒོམ་པ་ལ་གཉིས། ལྟ་ཐོག་ནས་སྒོམ་འཚོལ་བ་དང་། །སྒོམ་ཐོ་གནས་ལྟ་བ་འཚོལ་བའོ། །འདི་ནི་སྒོམ་ཐོག་ནས་ལྟ་བ་འཚོལ་བ་ཡིན་པས། ད་ནི་འདི་ལྟར་སྒོམ་པར་བྱ་སྟེ། སེམས་ཉིད་གསལ་ལ་འཛིན་མེད་ཀྱི་ཤེས་པ་རྟོག་མེད་དུ་ཙེན་ནེ་ཞོག །གསལ་བས་ཆད་པའི་མཐའ་སེལ། འཛིན་མེད་ཀྱིས་རྟག་པའི་མཐའ་སེལ། བདེན་པ་དེ་རྒྱུ་མེད་དེ། བཟང་ངོ་སྙམ་པའི་ང་རྒྱལ་མེད། ངན་ནོ་སྙམ་པའི་འཛིན་པའི་སྐྱོན་གྱིས་མ་གོས། སེམས་ཉིད་ལ་རྣམ་རྟོག་གི་ལྷད་མ་ཞུགས། རིག་པ་རང་གསལ་རྟོག་མེད་དུ་ལྷན་ནེ་གཞོག །དེ་ལྟར་བཞག་པའི་དུས་སུ་རྟོག་མེད་ཀྱི་ཡེ་ཤེས་ཕྱོགས་མེད་རང་གྲོལ་དུ་འཆར་གྱིས་གསུང་། །

(༣༡༩)དེ་ནི་བསྒོམ་པའི་བསྐྱབས་ཤེས་ཀྱང་བྱ། རྒྱབ་རྟེན་ཞེས་ཀྱང་བྱ་བ་འདི། རྐང་གྲངས་བཅོ་ལྔས་བསྟན་ཏེ། དང་པོ་ཁོ་ན་རིག་པ་སྟོང་པར་འགྱུ་བས། འགྱུ་བ་རང་སངས་ཀྱི་གདམ་ངག་བསྟན་པ་དང་གཅིག །རྣམ་རྟོག་ལ་སྐྱར་ཞོན་བཏང་བ་དང་གཉིས། བདེ་བ་ངོས་བཟུང་མེད་པ་དང་གསུམ། །ཝལ་པོ་རྗེས་མེད་དང་བའི། དྲན་པ་རང་ཡལ་དང་ལྔ། གསལ་བ་རྟོག་མེད་དང་དྲུག །སྣང་ལ་འཛིན་མེད་དང་བདུན། ཁྱབ་པ་ཞེན་མེད་དང་བརྒྱད། ནམ་མཁའི་བྱ་བཞིན་རིག་བརྟེན་མེད་དང་དགུ། ཉི་མའི་འོད་ཟེར་བཞིན་སེམས་ཉིད་འཕྲོ་འདུ་མེད་པའི་རང་ལ་བཞག་པ་དང་བཅུ། ཆུ་བོ་རྒྱུན་འབབ་བཞིན་སེམས་ཉིད་རྒྱུན་ཆད་མེད་པའི་ངང་ལ་བཞག་པ་དང་བཅུ་གཅིག །གསལ་ཆ་མ་འགགས་ལ་འཛིན་ཆ་མ་ཞུགས་པར་བཞག་པ་དང་བཅུ་གཉིས། སྣང་ལ་རྟོག་མེད་ལྷུག་པ་དང་བཅུ་གསུམ། རིས་མེད་དུ་སྣང་ཞིང་ཞེན་མེད་དུ་ཤར་བ་དང་བཅུ་བཞི། སྒོམ་མེད་རྒྱུད་ལ་ཐེབས་ནས། འཛིན་མེད་རང་སར་གྲོལ་བར་བསྟན་པ་དང་བཅོའོ། གཉིས་ཐ་མི་དད་པས་

(༣༢༠)གནས་ལུགས་བསྒོམ་པའི་གདམས་པ། རིན་པོ་ཆེའི་ཐུགས་དམ། ཟང་ལུང་དགོན་པར་བྲིས་པའོ།། །།སྣང་བ་འདི་སྒྱུ་མར་མཐོང་བས་ན་སྒྱུ་ལུས། སྒྱུ་མ་དེ་སྟོང་པར་ཤེས་ན་འོད་གསལ། དེ་གཉིས་ཐ་མི་དད་པས་ན་ཟུང་འཇུག་གོ། །ཀུན་རྫོབ་ཏུ་ཡང་སྟོང་ན་འཆལ་བའི་ཤེས་རབ་པོ།། །།ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། ཕ་རོལ་དུ་ཕྱིན་པའི་ལུགས་ཀྱིས། བྱང་ཆུབ་ཀྱི་སེམས་དང་། སྒྱུ་མ་ལྟ་བུ་དང་། སྟོང་པ་གསུམ་ལ་བརྟེན་ནས། རྟོགས་པ་རྒྱུད་ལ་སྐྲུན། སྔགས་ཀྱི་ལུགས་ཀྱིས། ལུས་ལྷ། ངག་སྔགས། ཡིད་ཆོས་ཉིད་དང་གསུམ་ལ་བརྟེན་ནས་རྟོགས་པ་རྒྱུད་ལ་སྐྲུན། མ་རྟོགས་ན་སངས་མི་རྒྱ། དེང་རང་གི་ཆོས་ཀྱི་འཁྱེར་ལུགས་འདིས། ཡར་འགྲོ་བ་ལས་མར་མི་འགྲོ་བ་ཡིན་གསུང་། །དབང་པོ་རབ་སངས་རྒྱ་བ་ཡིན། འབྲིང་འཕགས་པའི་གནས་ལྔར་སྐྱེ་བ་ཡིན། ཐ་མ་ལྷར་སྐྱེ་གསུང་། བདེན་གཉིས་ཀྱི་དབང་དུ་བྱས་ན། དྲན་རིག་སྣ་ཚོགས་ཀུན་རྫོབ་ཡིན། སེམས་ཉིད་ཀྱི་ངོ་བོ་དོན་དམ་

(༣༢༡)ཡིན། ད་ལྟའི་ངོ་བོའི་ཉམས་འདི་སངས་རྒྱས་ཀྱང་འོང་བ་ཡིན་ཤེས་པ་སྣ་ཚོགས་སུ་ཤར་ཡང་། ལོངས་སྤྱོད་དུ་བཏུབ་སྟེ། ཆབ་རོམ་ལ་ཆུ་འབྱུང་བ་བཞིན་ནོ། །སྟོང་པ་སྙིང་རྗེ་དབྱེར་མི་ཕྱེད་པ་ནི། འོད་གསལ་ལས་འོད་ཆད་པ་བཞིན་དུ་འདོད། རྟོག་པ་ཐམས་ཅད་འོད་གསལ་ལས་འོད་ཆང་པ་བཞིན་དུ་འདོད། གཉིད་ཆེ་ཡང་མི་ལྟོ། ངོ་བོ་སྐྱེ་འཇིག་དང་བྲལ་བར་རྟོགས་ན། མི་འཇིགས་པས་ཆོག་པ་ཡིན། ཆོས་ཐམས་ཅད་ཧྲིལ་གྱིས་དྲིལ་ན། རྟོག་པ་རྟོག་མེད་གཉིས་སུ་འདུས། རྟོག་པ་རང་ཡང་ཆོས་སྐུ་ཡིན། ཅིག་ཏུ་རྟོགས་པས་ཐམས་ཅད་ཚུར་ཐོབ་ནས་འོང་བ་ཡིན། ཁྱེད་ཅག་ལ་བྱ་རྒྱུ་ཡང་མེད་དེ། འོན་ཀྱང་དོན་མེད། །བླ་མའི་གསུང་གི་ཐོག་ཏུ་ཡང་མི་ཕེབས། རྟོག་གེ་བའི་ཡུལ་ལས་འདས་པ་ཡིན། རྟོག་པས་མཐོང་ན་ཀུན་རྫོབ་ཀྱི་དོན་དམ་མཐོང་བས། དོན་དམ་ཡང་འཇིག་པར་འགྱུར། དོན་དམ་གྱིས་མཐོང་ན་རྟོག་པ་དང་བཅས་པར་འགྲོ། འོ་ན་འདི་བྱས་པས་ཤེས་རབ་མིག་གིས་དེ་མཐོང་འགྱུར། བྱ་བ་ཡིན། གཞན་གྱིས་བརྗོད་

(༣༢༢)མིན་ལྷན་ཅིག་སྐྱེས། རིག་པ་དང་པོ་ངོས་ཟིན་ནས། དེ་ཉམས་སུ་བླང་བའི་ཐབས། སེམས་མ་བཅོས་པ་ལྷུག་པར་བཞག་པ་དང་། དེ་ནས་ཉམས་སུ་མྱོང་བ་ནི། རྣམ་རྟོག་ཐམས་ཅད་ཆོས་ཉིད་རོ་གཅིག་ཏུ་མྱོང་བ་དང་། དེ་ནས་རྟོགས་པ་ནི། ཁྱབ་དང་རྡོ་རྗེའི་སྐུ་ཉིད་དང་། མི་འགྱུར་དུས་ནི། ཐམས་ཅད་པའོ། ཁྱབ་པ་ནི་ནམ་མཁའ་དང་འདྲ་སྟེ། སྐྱེ་མེད་ཀྱི་ཕྱི་ནང་སྣོད་བཅུད་ཡོངས་ལ་ཁྱབ། རྡོ་རྗེའི་སྐུ་ནི་མི་འཇིག་པ་ཡིན། མི་འགྱུར་བ་ནི་གདོད་མ་ནས་རང་བཞིན་ལྷུན་གྲུབ་ཡིན་པས་སྐྱེ་འགག་མེད་པའོ། །དུས་ཐམས་ཅད་པ་ནི། འདས་མ་འོངས་ད་ལྟར་བལྟ་བུ་མ་ཡིན་ཏེ། རྒྱུན་ཆད་པ་མེད་པའོ། །རྟོགས་པ་ནམ་མཁའི་དང་འདྲ་སྟེ་གར་ཡང་ཁྱབ། ཉམས་མྱོང་སྤྲིན་དང་འདྲ་སྟེ་གར་ཡང་འགྱུར། །གཉིས་མེད་ཤེས་པ་ཆུ་དང་འོ་མ་འདྲ། །རང་བཞིན་རྣལ་མ་གླང་པོ་ལྟ་བུར་བསྒོམ། །གནས་ལུགས་དོན་ལ་འགྱུར་བ་མེད་པ་ཡིན། །དང་པོར་རྟོགས། བར་དུ་འདྲིས། ཐ་མ་གློང་དུ་གྱུར་ནས་སངས་རྒྱས་པ་ཡིན་གསུང་། ཐམས་ཅད་ཅིག་ཏུ། མ་ཡེངས་པར། ཡེ་ཤེས་དེ།

(༣༢༣)གཉིས་མེད་དུ་རྦད་ཀྱིས་ཆོད་པའི་དུས་སུ་རྩེ་གཅིག་ལ་སོགས་པ་གཅིག་ཡིན། མ་རིག་པ་ལ་སོགས་པ་གཅིག་ཡིན་གསུང་། སྒོམ་དུ་ཡོད་བྱས་ཀྱང་འགལ་བ་མེད། ངོ་བོ་རྒྱུན་ཆད་པ་མེད། ལར་ནང་གི་རྟེན་འབྲེལ་གྱིས། ཕྱིའི་སྣང་བ་འཇིག་དགོས་པ་ཡིན། འགྲོ་དྲུག་སེམས་ཅན་གྱི་ངོ་བོ་དང་། འཕགས་པ་གཉིས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཐུགས་གསུམ་གཅིག་ཡིན། རྟོགས་ནས་སེམས་ཅན་འཕགས་པ་གསུམ་གནས་འགྱུར་བ་ཡིན། ངོ་བོ་ལྷན་ཅིག་སྐྱེས་པའི་ཉམས་ལ། རྟོགས་པ་ཉམས་མྱོང་ཐམས་ཅད་འཇིག་པ་ཡིན། འདི་ཕྱི་བར་དོ་གསུམ་མཉམ་པ་ཉིད་དུ་ཤར་ན། བར་དོའི་གདམ་ངག་མི་དགོས། འོད་གསལ་བ་ནི་རྒྱུན་པར་གནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །སེམས་ཅན་སངས་རྒྱས་གཉིས་མེད་དུ་རྟོགས་ན། སྡུད་པ་ནས་གསུངས་པ་དེ་ཡིན། སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། ངོ་བོའི་ཉམས་རྒྱུན་ཆད་མེད་པ་འདི་ཀུན་རྫོབ་ཡིན་ན་འཇིག་པའི་སྐྱོན་ཡོད། དོན་དམ་ཡིན་

(༣༢༤)ན་བདེན་པ་མཐོང་བའི་སྐྱོན་ཡོད། །རྗེ་བཙུན་དོན་དམ་དུ་བཞེད། བདེ་བ་ཆེན་པོ་དབྱེར་མེད་དུ་བཞེད། བྱ་ཡུལ་བ་ཀུན་རྫོབ་ཏུ་བཞེད་ཀྱང་། དེ་ལས་ལོགས་ནས་དོན་དམ་མའི་ཆོལ་བས་དོན་མཐུན་དུ་འདུག་གོ། །རྒྱུ་འབྲས་གཅིག་པའི་གནད་ཀས་རྒྱུ་ཡོད་པ་ཅིག་ལ། འབྲས་བུ་མེད་པ་ཅིག་འདོད་ན་ཆད་ལྟ་ཡིན། མུ་སྟེགས་རྟགས་ཆད་གཉིས་དང་ཁྱད་པ་མེད། གསང་སྔགས་ཚེ་གཅིག་གི་སངས་རྒྱ་བ་ཡིན། རྟེན་བཟང་ངན་མེད། སྡིག་ཆེ་ཆུང་མི་རྩི། ངོ་བོ་མ་ཤར་ན་སྡིག་པ་སྤྱོད་དགོས། སེམས་ལ་སྡིག་པ་ཡོད་པ་ཡིན། ངོ་བོ་ཤར་བ་ལ་སྡིག་པ་མེད་པ་ཡིན། སེམས་ལ་སེམས་ཙམ་པ་རིག་པ་རྟོག་གེ་བའི་ཡུལ་ལས་འདས་པ། གསལ་བ་ལ་འཛིན་པ་ཡོད་པར་འདོད་པ་ཡིན། གསང་སྔགས་པ་རིག་པ་སྐྱེ་མེད་དུ་འདོད་པ་གསལ་ལ་འཛིན་པ་མེད་པ་ཡིན། ངོ་བོ་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས། གཟིགས་པར་མི་འགྱུར། མཐོང་བ་མེད། དངོས་པོ་དང་མཚན་མའི་སེང་གེ་ཕྲུ་གུ་དང་ཟླ་བ་ཚེས་པའི་ངོས་ནས་ཡིན་ཏེ། གཉིས་སུ་མེད་པའི་ངོས་ནས་ཡིན།

(༣༢༥)ངོས་ནས། ངོ་བོ་སྐྱེ་འགག་དང་བྲལ་བ། རྒྱུན་ཆད་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་བ་ཆེན་པོ་ནི་གཟུགས་ཅིག་ཡིན་ན། ནམ་མཁའི་ཁམས་སུ་མི་ཤོང་བ་ཡིན། ལན་ཅིག་དབུགས་ཆད་ནས་མི་རྣམས་ཀྱི་ཤི་ཟེར་ཡང་། རང་ཅག་ངོ་བོ་དང་མ་བྲལ་བས་ཤི་བ་མེད་པ་ཡིན་གསུང་། ཉམས་ཕྱིར་ངོ་བོ་ཤོར་བ་བྱ་བ། བདེ་གསལ་བྱུང་ན་དགའ། མ་བྱུང་ན་མི་དགའ་ན་ཉམས་ཕྱིར་ཤོར་བ་ཡིན། ཉམས་ངན་ཡང་། ངོ་བོ་མ་འགགས་ན། ཉམས་རྟོགས་པས་ཐོབ་པ་ཡིན། གཉིད་ལོག་ཙ་ན་ལང་ངོ་བོ་རྒྱུན་ཆད་མེད། རྟོག་པ་འཕྲོ་བ་ན་ཉམས་རྒྱུན་ཆད་ཀྱང་། ངོ་བོ་ལ་རྒྱུན་ཆད་པ་མེད་པ་ཡིན། སྣང་གྲགས་ཐམས་ཅད་ཅིག་ཏུ་ཤར་ནས། དེའི་ངང་ལ་མ་ཡེངས་པར་སྒོམ་པ་ཡང་ངོ་བོ་ཡིན། ཡེངས་མ་ཡེངས་མི་རྩི། ཆོད་ཆེ་ཤོས་ཡིན། མཉམ་པ་ཡིན་གསུང་། ལྷན་ཅིག་སྐྱེས་པའི་ངོ་བོ་དེ། གཞི་གཅིག་པའི་ངོས་ནས་ཐམས་ཅད་ལ་ཁྱབ་པ་ཅིག་པ་འདུག །ངོ་བོ་ཡོད་མེད་གཉིས་ལས་འདས་པའི་ངོས་ནས། ཁྱབ་བྱ་ཁྱབ་བྱེད་མེད་པ་ཅིག་འདུག །དེ་གཉིས་ཀ་

(༣༢༦)ཡིན་གསུང་། སྐྱེ་མེད་ཀྱི་ཐམས་ཅད་ལ་ཁྱབ་པ་ཡིན། ངོ་བོ་མཐོང་བ་མེད་པས་ཁྱབ་པ་མེད་པ་ཡིན། རང་གསལ་རྒྱུན་ཆད་མེད་པ་འདི་རྣམ་སྨིན་གྱིས་ལུས་སྤངས་ནས་གསལ་ངག་རྒྱ་ཆེར་འགྲོ་བ་ཡིན། དེ་དུས་རྣལ་འབྱོར་པ་ལུས་བརྒྱ་ཞིག་པས། ད་ལྟ་ལས་བརྒྱ་འགྱུར་གྱིས་གསལ་ལ་རྒྱ་ཆེར་འགྲོ་བ་ཡིན་གསུང་། །ཕ་རོལ་དུ་ཕྱིན་པ་དང་། གསང་སྔགས་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། ལམ་ཉེ་རིང་ལཁྱད་ཡོད། ནཱ་རོའི་ལུགས་ཀྱི་སྒོམ་ཡོད་ཡིན། །མཻ་ཏྲིའི་ལུགས་ཀྱི་སྒོམ་མེད་ཡིན། །ལམ་གྱི་དུས་སུ་སྒོམ་ཡིད་ཡིན། །འབྲས་བུའི་དུས་སུ་སྒོམ་མི་བསྒོམ་རྩི་བཏབ་མེད། ཆོས་ཐམས་ཅད་གཅིག་ཡིན། ཉམས་དང་རྟོགས་པ་གཅིག་ཏུ་འདོད་པ་ཡིན། ཡོད་པ་གཞི་མེད། མེད་པ་ཙམ་དུ་མེད་པ་ཡིན། སོ་སོ་རང་རང་ལ་ངེས་ངེས་ཡོད་ཀྱང་། རྟོགས་པ་ཅན་ལ་དྲིས་པས། ནམ་མཁའ་དང་འདྲ་བར་སྟོང་པ་ཅིག་འོང་བ་ཡིན། སེམས་ཀྱི་ངོ་བོ་འདི་རྟོགས་ན། ལུས་བོར་མ་བོར་མེད་པར། མཆོག་གི་དངོས་གྲུབ་ཐོབ་པ་ཡིན། ལུས་བོར་བས་བཟང་དུ་མི་འགྲོ།

(༣༢༧)གསང་སྔགས་པ་ལ་ལམ་རྩིས་མེད་པ་ཡིན། དོན་རྟོགས་མ་རྟོགས་ལས་མེད་པ་ཡིན། གཟུགས་སྐུ་གཉིས་ཀྱི་རྒྱུ་རྟོག་པ་རྒྱུན་མ་ཆད་རིང་ལ་སྐད་ཅིག་གིས་ཡི་དམ་ལྷར་བསྐྱེད། དེ་ལས་འབྱུང་། རྟོགས་པ་རང་གིས་ཀྱང་འོང་བ་ཡིན་གསུང་། །དགེ་བ་ཡང་བྱར་མེད། སྡིག་པ་ཡང་ཤུགས་ཀྱིས་མི་བྱེད་པ་ཅིག་འོང་བ་ཡིན། །ད་ལྟའི་ལུས་འདི་དང་པོ་མ་རྟོགས་པའི་ལུས་ཡིན་པས། གསོ་དགོས་པ་ཡིན། བྱམས་སྙིང་རྗེ་བློས་བསྐུལ་དགོས་རིང་ལ་སྒོམ། མཉམ་ཉིད་ཀྱི་ངང་ལ་མ་ཡེངས་པ་ལམ་ཡིན། འབྲས་བུ་ལ་ཡེངས་མ་ཡེངས་རྟོག་དཔྱོད་མེད་པ་ཡིན། ལས་དང་པོ་ལ་སྣང་བ་དགྲར་འཆར། སྒོམ་ཆེན་པ་འབྲིང་ལ་སྣང་བ་གྲོགས་སུ་འཆར། སྒོམ་ཆེན་པ་རབ་ལ་སྣང་མི་སྣང་གི་རྩི་བཏབ་མེད་པ་ཡིན། དབུ་མ་རིག་པ་དྲུག་བཅུ་པ་བྱ་བ་སྣང་སེམས་ཅིག་ཏུ་འདོད་པ་ཡིན། ཀུན་རྫོབ་ཏུ་ཡོད་མེད་གཉིས་དང་བྲལ་བའི་སྣང་བ་ལ་ཉམས་སུ་ལེན་པ་ཡིན། དེ་ནམ་རྒྱུན་ཆད་དུས་སངས་རྒྱ་བར་འདོད། དེ་བས་བླ་མའི་བཞེད་པ་མཐོ་བར་འདུག་གསུང་། །མཐུན་སྣང་གི་

(༣༢༨)སྐབས་སུ་སྒྱུ་མ་ཙམ་མིང་ཙམ་ལ་རྩི་བ་ཡིན་པས། ཡར་ལོངས་སྤྱོད་རྫོགས་པའི་སྐུ་ལ་བདེ་བ་ཡོད་དང་། མར་དམྱལ་བའི་སྡུག་བསྔལ་གཉིས་མཉམ་པ་མིན་ནམ་བྱས་པས། ཡིན་ཟེར། འོ་ན་ཡར་ཚོགས་གཉིས་བསོག་མི་བསོག །མར་སྒྲིབ་གཉིས་སྤྱོད་མི་སྤྱོད་བྱས་པ་ལ། ལན་མཐེབས། སྒྲིབ་གཉིས་སྦྱོང་ན་ཁྱད་བྱུང་བ་ཡིན་པས། ད་ཅིའི་མཉམ་པའི་དམ་བཅའ་ཞིག་པ་ཡིན། ལོངས་སྐུ་ཡང་མིང་ཙམ། མཉམ་པ་ཡང་མིང་ཙམ། ཡར་གྱི་ཚོགས་གཉིས་དང་། མར་གྱི་སྒྲིབ་གཉིས་ཀྱང་མིང་ཙམ་ཡིན། རང་གི་སེམས་སྣང་ཙམ་ཡིན་པ་དེ་ཙམ་དུ་མཉམ་གསུང་། །སྔགས་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོ་རྟོགས་པ་དང་། ཕ་རོལ་དུ་ཕྱིན་པའི་དབང་དུ་བྱས་ན་མཐོང་ལམ་སྐྱེས་པ་ལས་ཡར་བསྐྱེད་འདོན་རྒྱུ་མེད། ཕར་འཕུལ་ན་རྟེན་ཅི་འདྲ་ཅིག་གིས་འཕུལ། ཐབས་ཅི་འདྲ་བ་ཅིག་གིས་འཕུལ། འཕུལ་རྒྱུ་མེད་ན། ནད་ཀ་ཅི་འདྲ་ཅིག་གིས་མེད། དབང་པོ་ཡང་རབ་ལ་གསང་སྔགས། ཕ་རོལ་ཏུ་ཕྱིན་པ་གང་ལ་ཡང་རྟེན་མེད་ཡིན་གསུང་། །རྣལ་འབྱོར་

(༣༢༩)པ་ཡང་རབ་ཅིག་ལ། རྟོགས་པ་སངས་རྒྱས་དང་ཁྱད་མེད་པ་ཡིན། ཡོན་ཏན་ལ་ཁྱད་ཡོད་པ་ཡིན། དབུ་མ་དང་ཕྱག་རྒྱ་ཆེན་པོ་མན་ཆད་ལ་མ་གི་མུ་སྟེགས་ཉན་ཐོས་ཡན་ཆོད་དུ་སོང་བ་ཅིག །ལྟ་བ་ལ་དགག་སྒྲུབ་མེད་པ་ཡིན། ངོ་བོ་ཡོད་པ་ཅིག་ལ་ཅིས་ཀྱང་བར་དུ་མི་ཆོད་པ་ཡིན། རང་གི་འཛིན་པས་མ་རྟོགས་པས། ཕ་རོལ་དུ་ཕྱིན་པའི་ལམ་རྟགས་དཔྱད་ཀྱང་འབྱུང་བ་མེད་པ་དྲང་དོན་ཡིན་གསུང་། །བསྐྱེད་རིམ་མཆོག་དང་ཐུན་མོང་གཉིས་ཀའི་རྟེན་ཡིན་གསུང་། གཉིད་ཤེས་རབ་ཡིན། རྨི་ལམ་ཐབས་ཡིན། འོད་གསལ་ཤེས་རབ་ཡིན། སྣང་བ་ཐབས་ཡིན། ངོ་བོ་བསྒོམས་པས་བསམ་གྱིས་མི་ཁྱབ་པའི་སྙིང་རྗེར་འགྲོ་བ་ཡིན། སྣང་བ་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཤར་བ་ཡིན་པ། རང་སྣང་དུ་ངོ་ཤེས་པས་ཆོག །ཅི་ཡང་བྱ་མི་དགོས། དམ་ཚིག་ཧྲིལ་དྲིལ་བ་རྟོག་པར་འདུས་པ་ཡིན། གདོད་མ་ནས་གནས་པའི་ཆོས་ཉིད་འགྱུར་བ་མེད་པ་ཡིན། ངོ་བོ་ཆོས་སྐུ་ཡིན་པས་སངས་རྒྱས་པས་བཟང་དུ་མི་འགྲོ། དམྱལ་བར་སོང་

(༣༣༠)བས་ངན་དུ་མི་འགྲོ་བ་ཡིན། ངོ་བོ་རྣལ་མར་རྟོགས་པ་སྐྱེས་པའི་ཤུགས་གསལ་བ་མི་འགེགས་པ་ཡིན། བར་དུ་མི་ཆོད་པ་ཡིན། ངོ་བོ་སྐྱེས་པ་ལ་ཉམས་ཡོད་པ་ཡིན། མྱོང་བྱེད་འགེགས་པ་ཡིན། ཡང་དག་པར་སངས་རྒྱས་པའི་ས་ན་བསམ་བརྗོད་ལས་འདས་པ་ཡིན། སྡོམ་པ་དམ་ཚིག་ཐམས་ཅད་སེམས་སུ་འདུས་པ་ཡི། སྤོང་བའི་ལམ། སྦྱོར་བའི་ལམ། སྒྱུར་བའི་ལམ། གཞི་ཤེས་པའི་ལམ། དགེ་བཤེས་སྒྲེ་བའི་ཞལ་ནས། ལས་རྒྱས། སྡོམ་པ་ཤོར་བ་མེད། སྡིག་པ་སྦྱོང་དགོས། བླ་མའི་ཞལ་ནས། བྲེའི་ནང་དུ་ཕུལ་བཅུག་པ་དང་འདྲ། རང་ལུས་ཀྱི་སྡོམ་པ་གཅིག་གསུང་། །རིན་པོ་ཆེའི་ཞལ་ནས། ས་དང་པོའི་བདེན་པ་མཐོང་ནས་ཟག་མེད་ཀྱི་སྡོམ་པ་ཡིན། དགེ་མི་དགེ་བྱེད་མཁན་རང་གཅིག་པོ་ཡིན། ངོ་བོ་རྟོག་མེད་རང་གསལ་ཡིན། མི་འགག་པ་ཡིན། གདོད་ནས་ཞི་ཞིང་མ་སྐྱེས་དང་། ཤེར་སྙིང་གི་ཟབ་མོ་རྣམས་བརྒྱད་ཀྱིས་ཕོག་པ་ཡིན། ངོ་བོ་རྟོག་མེད་དེས་ཐམས་ཅད་ལ་ཁྱབ་པ་ཡིན།

(༣༣༡)གཉིད་ལོག་པའི་དུས་དང་། ར་རོ་བའི་དུས་དང་། རྒྱལ་བའི་དུས་དང་། འཆི་བའི་དུས་ན་ཡང་རྒྱུན་ཆད་པ་མེད་པ་ཡིན། སྔགས་ནས། གཉིད་ཆོས་སྐུར་བཤད། རྨི་ལམ་སྤྲུལ་སྐུར་བཤད། གཉིད་དུ་མ་སོང་བ་ལོངས་སྐུར་བཤད་ཀྱང་། དོན་ལ་རྨི་ལམ་རྟོག་པ་ཡིན། རྟོགས་ན་གཏུམ་མོ་ལ་སོགས་པ་བསྒོམས་པས་ངོ་བོ་རང་ཡིན། ངོ་བོ་མ་རྟོགས་བར་དུ་གང་སྒོམ་ཡང་རྟོག་པ་ཡིན། ཉམས་ཐོག་ཏུ་ངོ་བོ་ཤོར་བ་སྐྱོན་ཆུང་ཤོས་ཡིན། དེ་ལྟར་སྦྱངས་པའི་ངོས་ནས་འདྲ། རྟོགས་པའི་ཐོག་ཏུ་ཉམས་ཤོར་བ་སྐྱོན་ཆེ་ཤོས་ཡིན། སོ་སོ་ཐར་པའི་རྩ་བཞི་ཤོར་ཡང་། གསང་སྔགས་ཀྱི་དམ་ཚིག་ལ་ཤོར་བ་མེད་གསུང་། །གལ་ཏེ་ལས་ཀྱི་དབང་གི་འཆི་འགྱུར་ན། །རང་བྱུང་ཡེ་ཤེས་ཡོངས་སུ་མེད་མི་འགྱུར། །ཞེས་གསུངས་སོ། །རང་རིག་པའི་ངོ་བོ་སྐྱེ་འཇིག་ཐམས་ཅད་དང་བྲལ་བར་རྟོགས་ན། བསམ་གཏན་མེད་ཅིང་རྟོག་པས་སངས་རྒྱ་བའི་ཕྱིར་རོ། །ཞེས་གསུངས་པས། གནས་པ་

(༣༣༢)ཡུན་ཐུང་བས་མི་ཏོ། །ཡུན་རིང་བར་འདོད་པ་སྐྱོན་ཅན་ཡིན། རྟོག་པ་ཕྲ་མོས་མི་ཏོ། །རང་གི་ངོ་བོ་ཡིན། གར་འཕྲོས་པའི་སར་གཏོད་དང་ཚུར་ལོག་འོང་གི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཕྱི་ནང་གཉིས་སུ་བརྟགས་ཏེ། ཅི་ལྟར་བརྟགས་ན། ཅི་ཡང་མ་ཡིན་པའི་དོན་སྐྱེ་འཇིག་ཐམས་ཅད་དང་བྲལ་བ་དེ་ལས་བཟང་པ་ལོགས་ན་འདུག་མི་བདུག་བལྟ་སྟེ། རྟོག་མེད་ཀྱི་ཏིང་ངེ་འཛིན་དྲན་མེད་དུ་ཕྱམ་གྱིས་སོང་བར་བསམ་ལ། དེ་དང་རིག་པ་གང་དགའ་བལྟས་པས། རྟོག་མེད་དེ་ལུང་མ་བསྟན་དུ་འདུག་པས། དེས་ཀྱང་དོན་མི་འགྲུབ། དེ་བས་previous hit མལགྱིཤེས next hit་དགའ། ཡང་ནམ་མཁའི་ཁམས་ཐམས་ཅད་ལྷ་དང་ལྷ་མོས་གང་བར་བསམ་ལ། དེ་རྣམས་ཀྱི་བདག་ཡར་དྲངས་པས། བདག་དང་དེ་རྣམས་ཐ་མི་དད་དུ་བསམ་ལ། གང་དགའ་བལྟས་པས། དེ་ཡང་སེམས་ཀྱི་རྣམ་འཕྲུལ་འགྱུར་བ་ཅན་ཡིན་པས། དེ་བས་previous hit མལགྱིཤེས next hit་དགའ། དེ་བས་ཀྱང་རང་ཉིད་སངས་རྒྱས་སུ་བྱས་ལ། སྐུ་མདོག་ཕྱག་མཚན་བརྒྱན་

(༣༣༣)ཆ་ལུགས་དང་བཅས་པ། དེ་ཡང་འཇའ་ཚོན་ལྟ་བུར་བཅས་ལ་གང་དགའ་བལྟས་པས། དེ་ཡང་བསྐྱེད་རིམ་བྱས་པ་ཡིན་པས་ངོས་བཟུང་ཅན་དུ་སོང་། དེ་བས་ཀྱང་previous hit མལགྱིཤེས next hit་དགའ། ཡང་མཚན་ཉིད་པའམ། བཀའ་གདམས་པ་བཞིན་དུ་བཟུང་འཛིན་གཉིས་ཀ་མ་གྲུབ་པར་བྱས་ནས། ཆོས་ཐམས་ཅད་ནམ་མཁའ་ལྟར་བློས་བྱས་ལ་གང་དགའ་བལྟས་པས། དེ་ཡང་བློས་བྱས་ཀྱི་ཆོས་སྟོང་པ་ཉིད་ཡིན་ཏེ། དེ་བས་ཀྱང་previous hit མལགྱིཤེས next hit་དགའ། ཡང་རང་ལ་མངོན་པར་ཤེས་པ་ཡོད་པར་བྱས་ལ་གང་དགའ་བལྟས་པས། མངོན་ཤེས་ལྷ་ལ་ཡང་ཡོད། ལྷ་དག་ཨ་ཅང་ཆེ། མོ་མ་ལ་ཡང་ཡོད་དེ། དེ་ཚེ་འདི་བ་ཡིན། འདྲེ་ལ་ཡང་ཡོད་དེ། གོ་མ་ཆོད། དེ་བས་ཀྱང་previous hit མལགྱིཤེས next hit་དགའ། previous hit མལགྱིཤེས next hit་དེ་ལ། ཀྱཻའི་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། གང་དུ་ཡང་

(༣༣༤)ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང་། །བདག་གིས་བསོད་ནམས་ལས་ཤེས་བྱ། །ཅེས་གསུངས་སོ། །རིན་པོ་ཆེའི་ཞལ་ནས། །རྟོགས་པ་ཉམས་མྱོང་དང་ལྡན་པའི་བླ་མ་རྗེ་བཙུན་གྱི་ཞལ་ནས།

(༣༣༥)ས་ཧ་ཛའི་ཡེ་ཤེས་ནི། ད་ལྟ་previous hit མལགྱིཤེས next hit་ཡོད་པ་འདི་ཉིད་ཡིན་གསུང་། དེ་ངོ་ཤེས་པར་བྱེད་པ་ལ། བླ་མའི་གསུང་ལ་བརྟེན་ནས་previous hit མལགྱིཤེས ་འདི་ཉིད། མ་བཅོས་པར་བཞག །མ་སླད་པར་བཞག །རང་སོར་བཞག །རང་དགར་བཞག །དེ་ལྟར་བཞག་པས། རང་སེམས་སྐྱེ་མེད་དུ་རྟོགས། འགག་མེད་དུ་རྟོགས། གནས་མེད་དུ་རྟོགས། དངོས་པོ་མེད་པར་རྟོགས། སྣང་གྲགས་འདི་ཡང་དེ་དང་འདྲ་བར་རྟོགས་པ་དེ་ལྟ་བ་ཡིན་གསུང་། དེ་ལྟར་སེམས་ཀྱི་དོན་ལ་དུས་ཐམས་ཅད་ཡེངས་པ་མེད་པ་དེ་སྒོམ་པ་ཡིན། དེ་ལྟར་སེམས་ཉིད་སྐྱེ་བ་མེད་པ་དང་སྣང་གྲགས་གཉིས། ཆུ་དང་ཆུའི་རླབས་ལྟར་གཉིས་མེད་དུ་རྟོགས་པས་ལས་འབྲས་ལ་སྤྱོད་པ་ནི་སྤྱོད་པ་ཡིན་གསུང་།། །།ཡང་གསང་སྔགས་ཀྱི་ལམ་ནི་ཐབས་བསྐྱེད་རྫོགས་གཉིས་ཡིན་ཏེ། བསྐྱེད་རིམ་ནི། རབ་ཀྱིས་ཟུང་འཇུག་གི་དོན་རྟོགས། འབྲིང་ཐ་མ་གཉིས་ཀྱིས་ཐ་མལ་གྱི་ཞེན་པ་ཟློག །ཡང་ན། རབ་ཀྱིས་

(༣༣༦)ལྷར་མཐོང་སྟེ་བདེ་མཆོག་ལ་སོགས་པ་རང་གང་བྱེད་ཀྱི་ལྷར་མཐོང་། འབྲིང་གིས་སྒྱུ་མར་ངེས། ཐ་མས་མོས་པ་བྱེད། ཡང་ན་ཐ་མས་རང་ལྷར་གསལ། འབྲིང་གིས་གཞན་ལྷར་གསལ། རབ་ཀྱིས་རང་བཞན་གཉིས་ཀ་ལྷར་སྣང་བ་དེ་སྒྱུ་མར་རྟོགས་གསུང་།། །།རྫོགས་རིམ་ནི། རབ་ཀྱིས་རང་སེམས་དབུ་མར་རྟོགས། འབྲིང་གིས་རིག་པའི་ངོ་བོ་སྐྱེ་མེད་དུ་རྟོགས། ཐ་མས་སྤྲོས་བཅས་ལ་བརྟེན་ནས་རྩེ་གཅིག་སྤྱོད། །ཡང་ན་རབ་ཀྱི་ངོ་བོ་ཇི་བཞིན་པར་རྟོགས། འབྲིང་གིས་དབུགས་འགྲོ་འོང་མི་ཚོར་བར་རྟོགས། ཐ་མས་ལུས་འདི་མེད་དམ་སྙམ་པར་རྟོགས། ཤེས་གསུངས་སོ། །རིན་པོ་ཆེའི་ཞལ་ནས། དབྱིངས་དང་ཡེ་ཤེས་གཉིས་ནི། དབྱིངས་ཞེས་བྱ་བ་ནི།

(༣༣༧)ཆོས་ཐམས་ཅད་ཀྱི་མཚན་ཉིད་དོ། །ཡེ་ཤེས་ཤེས་བྱ་བ་ནི། སེམས་ཉིད་རྣམ་པར་དག་པ་འོད་གསལ་བའོ། །ཆོས་ཟབ་མི་ཟབ་འབྲིང་པོ་གསུམ་ལས། མི་ཟབ་པ་ནི། རྒྱུ་དགེ་མི་དགེ་ཡོད་པར་བཟུང་བ་ལས་འབྲས་བུ་བདེ་སྡུག་ཡོད་བར་མྱོང་ནས། ལས་འབྲས་ལ་ཡིད་ཆེས་པའོ། །འབྲིང་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡོད་མ་མྱོང་། རེ་ཤིག་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པའོ། །ཟབ་པ་ནི། གཉུག་མ་ནི་རྒྱ་མཚོ་ཆེན་པོ་དང་འདྲ་ཞིང་གཏིང་མི་རྙེད་པའོ། །ཆོས་དང་། ཆོས་ཅན་ཆོས་ཉིད་གསུམ་ནི། ཆོས་ནི་འཁོར་འདས་ཀྱི་ཆོས་བློའི་ཡུལ་དུ་གྱུར་པའོ། །ཆོས་ཅན་ནི། དེར་འཛིན་པར་བྱེད་པའི་ཤེས་པའོ། །ཆོས་ཉིད་ནི། ཡེ་ནས་མ་གྲུབ་པའི་རྣམ་པར་དག་པའོ། །དབྱེར་མེད་ཕྱག་རྒྱ་ཆེན་པོ་ནི། དབང་གསུམ་པའི་དུས་སུ་ཆོས་ཉིད་རྟེན་ནོ། །རྣམ་རྟོག་དབང་དུ་

(༣༣༨)འདུས་པས་དབང་། ཆོས་ཉིད་དབང་དུ་བྱེད་པས་དབང་གི་ངེས་ཚིག་གོ། །ལུས་བྱང་ཆུབ་ཀྱི་སེམས་ནི། བསོད་ནམས་ཀྱི་ཚོགས་དེ་ལས་ཡེ་ཤེས་སྐྱེ་བས་ན་ཡེ་ཤེས་ཀྱི་ཚོགས། ཚོགས་ལམ་དུ་བལྟ་བུའི་རྟགས་འབྱུང་བས་ན་དྲོད། སེམས་གོང་ནས་གོང་དུ་འཕེལ་བས་ན་རྩེ་མོ། སེམས་ལ་བཟོད་ཅིང་བརྟན་པས་བཟོད་པ། འཇིག་རྟེན་ལས་ཁྱད་པར་དུ་འཕགས་ཤིང་བྱང་ཆུབ་ཀྱི་སེམས་ལ་གནས་པ་ནི་འཇིག་རྟེན་ཆོས་ཀྱི་མཆོག་སྦྱོར་བའི་ལམ། བྱང་ཆུབ་སེམས་བདེ་བས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རྟོགས་པས་མཐོང་ལམ། དེ་ལ་རྒྱུན་དུ་གོམས་པར་བྱེད་པས་སྒོམ་ལམ་མཐར་ཕྱིན་པའི་འབྲས་

(༣༣༩)བུའི་ལམ་མོ། །དྭགས་པོ་སྒོམ་ཚུལ་གྱི་མཛད་པའི་བླ་མའི་ཕྱག་འཚལ།། །།ན་མོ་གུ་རུ། བདེ་བ་ཆེན་པོའི་ངང་ཤེས་ནས། །གསང་སྔགས་མ་ལུས་སྟོན་མཛད་ཅིང་། །ཡེ་ཤེས་རྒྱུན་ཆད་མེད་པ་ཡི། །རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཕྱག་རྒྱ་ཆེན་པོའི་ངང་ཤེད་ནས། །སྤྲུལ་སྐུས་སྐལ་ལྡན་འདྲེན་མཛད་ཅིང་། །དུས་གསུམ་མཉམ་པར་གཟིགས་པ་ནི། །རྗེ་ཏཻ་ལོའི་སྐུ་ལ་ཕྱག་འཚལ་བསྟོད། །འོད་གསལ་ཟུང་འཇུག་ངང་ཤེད་ནས། །དཀའ་སྤྱད་མཐར་ཕྱིན་མཆོག་བརྙེས་མ། །གཞན་ཕན་ཐུགས་རྗེས་གཟིགས་པ་ཡི། །རྗེ་ནཱ་རོའི་སྐུ་ལ་ཕྱག་འཚལ་བསྟོད། །གསང་སྔགས་རྒྱུད་སྡེའི་ངང་ཤེད་ནས། །འོད་གསལ་རྒྱུན་ཆད་མེད་པ་ཡི། །གཞན་འཕོ་གྲོང་འཇུག་མཛད་པ་ཡི། །རྗེ་མར་པའི་སྐུ་ལ་ཕྱག་འཚལ་བསྟོད། །རླུང་སེམས་གཉིས་མེད་ངང་ཤེས་ནས། །འོད་གསལ་རྒྱུན་

(༣༤༠)ཆད་མེད་པ་ཡི། །དོན་རྣམས་ཀུན་ལ་མངའ་བརྙེས་པའི། །རྗེ་མི་ལའི་སྐུ་ལ་ཕྱག་འཚལ་བསྟོད། །མཉམ་མེད་རྗེ་བཙུན་རིན་པོ་ཆེ། །ཅིར་སྣང་ཆོས་སྐུར་སྟོན་མཛད་ཅིང་། །བདེ་བ་ཆེན་པོར་གཟིགས་མཛད་པའི། །རྗེ་དུས་གསུམ་གསལ་ལ་ཕྱག་འཚལ་བསྟོད། །ཉིན་མཚན་དུས་གསུམ་ཐམས་ཅད་དུ། །མཉམ་བཞག་ངང་ལ་མ་གཡོས་པའི། །སྣམ་སྣང་མཛད་ཀྱི་སྤྲུལ་པ་གཅིག །རྗེ་ཡེ་ཤེས་རྒྱུན་ལ་ཕྱག་འཚལ་བསྟོད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེའི་ཆུ་རྒྱུན་མི་བཅོད་པའི། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཅིག །རྗེ་འགྲོ་བ་འདྲེན་ལ་ཕྱག་འཚལ་བསྟོད། ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །ཉོན་མོངས་ནད་ཀྱིས་གཟིར་བ་ལ། །སྨན་པའི་རྒྱལ་པོའི་སྤྲུལ་པ་ཅིག །རྗེ་དུག་ལྔ་སེལ་ལ་ཕྱག་འཚལ་བསྟོད། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་

(༣༤༡)སྣ་ཚོགས་སྒོ་ནས་སྨིན་པར་མཛད། །ཡེ་ཤེས་སྒྲོན་མེ་འདེགས་མཛད་པའི། །རྗེ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །བདག་གི་ཁྱེད་ལ་དེ་བསྟོད་པས། །དེ་ལས་བྱུང་བའི་བསོད་ནམས་ཀྱིས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ནད་རྣམས་སེལ་བར་ཤོག །བླ་མ་མཉམ་མེད་རིན་པོ་ཆེ། །དུས་གསུམ་སངས་རྒྱས་ངོ་བོ་ཉིད། །འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །རང་རིག་སྤྲོས་དང་བྲལ་བ་ལ། །ཉམས་སུ་མྱོང་བ་རྒྱུན་ཆད་མེད། །མཉམ་བཞག་རྗེས་ཐོབ་མི་མངའ་བའི། །སྐྱེ་མེད་ཐུགས་ལ་ཕྱག་འཚལ་བསྟོད། །ནམ་མཁའ་སྤྲིན་མེད་དག་པ་བཞིན། །རང་སེམས་བདེ་བ་ཆེན་པོ་ལ། །རྣམ་རྟོག་བློ་བུར་དྲི་མ་སྤངས། །སྤྲོས་བྲལ་ཐུགས་ལ་ཕྱག་འཚལ་བསྟོད། །སྐྱེ་འགག་མེད་པའི་ཆོས་སྐུ་ལ། །རྣམ་པར་མི་རྟོག་གཞན་དོན་འབྱུང་། །བཟུང་འཛིན་གཉིས་

(༣༤༢)མེད་འོད་གསལ་ཐུགས། །ཆོས་སྐུ་ཁྱོད་ལ་ཕྱག་འཚལ་བསྟོད། །ཚོག་གཉིས་བསགས་པའི་གང་ཟག་ལ། །བྱང་ཆུབ་སེམས་ནི་བསྐྱེད་པར་མཛད། །ཐེག་པ་ཆེན་པོའི་ཆོས་རྣམས་སྟོན། །ལོངས་སྐུ་ཁྱོད་ལ་ཕྱག་འཚལ་བསྟོད། །གདུལ་བྱའི་རྟོག་པ་ཐ་དད་ལ། །ཐེག་པའི་བྱེ་བྲག་སྣ་ཚོགས་ཀྱིས། །མི་ཤེས་བློའི་མུན་པ་གསལ། །སྤྲུལ་སྐུ་ཁྱོད་ལ་ཕྱག་འཚལ་བསྟོད། །འཁོར་འདས་དབྱེར་མེད་གཉུག་མའི་ངང་། །སྣང་སྟོང་དབྱེར་མེད་ཆོས་ཀྱི་དབྱིངས། །ཆོས་རྣམས་གཉིས་སུ་མེད་པར་རྟོགས། །སྐུ་བཞི་དབྱེར་མེད་ཁྱོད་ལ་བསྟོད། །རིག་པའི་གནས་ལྔ་དག་ལ་མཁས་ལམ་ལྔ་དག་ཀྱང་རབ་ཏུ་ལྡན། །ཉོན་མོངས་དུག་ལྔ་ཀུན་སྤངས་པའི། །ཡེ་ཤེས་

(༣༤༣)ལྔ་ལྡན་ཁྱོད་ལ་བསྟོད། །ཡུལ་དྲུག་བདེ་བ་ཆེན་པོར་རྟོག །འདྲོ་དྲུག་བྱང་ཆུབ་ཐབས་ཀྱིས་འཛིན། །ཕ་རོལ་ཕྱིན་པ་དྲུག་གིས་མཛེས། །མངོན་ཤེས་དྲུག་ལྡན་ཁྱོད་ལ་བསྟོད། །འདི་ལྟར་བསྟོད་པའི་བསོད་ནམས་དེས། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །མ་རིག་མུན་པ་རྒྱུན་བཅད་ནས། །ཤེས་རབ་དྲི་མེད་ཐོབ་པར་ཤོག། །།ཅེས་པ་འདི་ནི། རྗེ་ཉིད་ཀྱི་དབོན་པོ། སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤན་ཏིར། བཀའ་རྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་པར་དུ་བགྱིས་པའོ།། །།ཡི་གེ་པ་ནི་གཡེ་ཕྱོགས་སྔ་འབྲིང་ནས། དབོན་པོ་ཤེས་རབ་ཀུན་དགའ་ལགས། འདིའི་ཕྱོགས་སུ་གོམ་པ་གང་བོར་བ་ཕ་མས་གཙོ་བྱས་སེམས་ཅན་རྣམས་རྡོ་རྗེ་འཆང་དང་མཇལ་བར་ཤོག། །།མངྒ་ལམྦྷ་ཝནྟུ།།

(༣༤༤)

(༣༤༥)ཁི། ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བཀའ་ཚོམས་དང་ཕྱག་རྒྱ་ཆེན་པོ་ལྔ་ལྡན། ལམ་མཆོག་རིན་ཆེན་ཕྲེང་བ། ཆོས་བཞི་མདོར་བསྡུས། ཉམས་ལེན་མདོར་བསྡུས། གནད་ཀྱི་གཟེར་གསང་། ཞལ་གདམ་གསང་མཇོད་མ། ཌོཾ་བྷི་བའི་གཏུམ་མོ། །འཁྲུལ་འཁོར་གྱི་གཏུམ་མོ། །བར་དོའི་གདམས་པ། འཕོ་བའི་ཞལ་གདམས་རྣམས་བཞུགས། །

(༣༤༦)། བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། གྱད་ཀྱི་ནོར་བུ་ལྟོ་ན་ཡོད། །ཟླ་བའི་ངོ་བོ་འཕེལ་འགྲིབ་མེད་། འཇའ་ཚོན་རི་མོ་སོ་སོར་གསལ། །བྱིས་པ་རྣམས་ལ་ལོ་བསྐྱེད་དགོས། ཁང་པ་ནང་གི་མི་དེ་ཡིས། ནོར་བུ་དེ་ཕྱི་རོལ་ལ་སོགས་པ་ནས་མི་བཙལ་ཏེ། དེ་རང་གི་ལུས་ཀྱི་ནང་ན་ཡོད་པས་ཆོག །བླ་མའི་རྟོགས་པ་འགྱུར་བ་མེད་པ་ཡིན་པ་ལྟར་རྟོགས་པའི། ལྟར་ཆོས་ལ་ཟབ་མི་ཟབ་ཡོད། ལྟར་རྣལ་འབྱོར་པ་ལ་ཡང་། སྐད་ཅིག་གཅིག་ལ་གོ་དགོས། བླ་མ་རྟོགས་ལྡན་ཅིག་གིས་རྟོགས་པའི་རིམ་པའམ་

(༣༤༧)ཕྱི་རོལ་སྐྱེ་བའི་རིམ་པ་གང་། །མི་དེ་ཉིད་ཀྱི་ཤེས་པ་ལས། །མཐོང་གིས་གཞན་གྱིས་ག་ལ་ཤེས། །མི་དེ་ཉིད་ལ་དྲི་བར་བྱ། །དང་པོའི་སེམས་ནི་དྲན་པ་གཅེས། །སྐྱོན་གྱིས་མ་གོས་སྟོང་པ་ལ། །ཐབས་དང་ཤེས་རབ་གདན་ལ་ཡང་། །ང་དང་ང་རུ་སྒོམ་པར་བྱ། །དབང་ཕྱག་དེ་ཡི་གཡས་ནས་སུ། ཆོས་ཀྱི་གནད་ཆེ་ཆུང་རྣམས། བླ་མ་མཁས་པ་རྟོགས་ལྡན་ བླ་མ་མི་མཁས། རྟོགས་ལྡན་གྱི་བླ་མ་བཟང་པོ། སྟེ་བླ་མ་མཁས་པ་བསྟེན་པ་གཅེས། གཞན་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྣ་ཚོགས་པདྨའི་སྟེང་དུ། ཟླ་བའི་དཀྱིལ་འཁོར་དཀར་པོ། ཉི་མའི་དཀྱིལ་འཁོར་དམར་པོ། ཡབ་ཧེ་རུ་ཀ །ཡུམ་རྣལ་འབྱོར་མ།

(༣༤༨)དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས། །སྐར་མདའ་དེའི་འོད་ཀྱིས་ནི། །ཁང་པ་བདག་པོ་བཅས་ནས་ཀྱང་། །བསྙེན་བཀུར་ཐམས་ཅད་དེ་ལ་དབུལ། །དེ་ནས་དེ་དག་ཐམས་ཅད་ཀྱང་། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ། །དེ་ཉིད་གསུམ་གྱིས་མཆོད་བྱས་ལ། །དགོས་པ་གང་དང་གང་ཡིན་ཞུ། །སྤྲོས་དང་བསྡུས་པའི་སྦྱོར་བ་ཡིས། །འཁོར་ལོས་སྒྱུར་རྒྱལ་བདག་ཉིད་སྒོམ། །ལྷུག་པའི་ངང་ལ་བཞག་པར་བྱ། །རྒྱལ་གཉིས་རྡོ་རྗེ་ཅན་གྱི་སྐུ། ཉི་མ་ལ་གནས་པའི་ཧཱཾུ་ཡིག། དེ་ལ་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ལྷའི་རྣམ་པ། ཕྱི་ནང་གསང་གསུམ་གྱིས་མཆོད་པས་མཆོད། ཡང་འོད་ཟེར་འཕྲོས་པས་ལྷ་ཚོགས་དེ་དག་ཀྱང་། རྩ་བའི་བླ་མ། འབའ་ཞིག་ཏུ་གྱུར། དེ་ཕྱི་ནང་གསང་གསུམ། འདོད་པའི་དོན་ཅི་ཡང་གསོལ་བ་གདབ། ཡང་འོང་ཕར་ཚུར་ བླ་མ་ནི་བདག་ཉིད། དེ་ནས་མ་བཅོས་པའི་ངང་ལ། དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་དང་། དཔལ་ལྡན་བླ་མ།

(༣༤༩)དེའི་གསུང་པ་རྡོ་རྗེའི་ཚིག །གཏིང་མཐའ་མེད་པ་རྒྱ་མཚོ་ལ། །ཏིང་འཛིན་སྐྱོ་སངས་སྐབས་སུ་བྱ། །དེ་དང་དེའི་རང་བཞིན་ལ། །བདག་ཉིད་ཆེན་པོ་ང་རྒྱལ་བསྐྱེད། །དེ་ལ་ལྔ་ལྡན་གནད་དུ་བསྣུན། །དེ་ཉིད་དེའི་གདུལ་བྱར་འགྱུར། །གཏི་མུག་སྣ་ལ་ཞེ་སྡང་རྒྱོབ། །ལྔ་ལྡན་རལ་གྲིའི་འཁོར་ལོ་བསྐོར། །རབས་ཆད་བུའི་སྨྱོན་པ་ལ། །ལྕགས་སྣ་གཉིས་ཀྱི་རལ་གྲི་བསྐུར། །ང་དང་བུ་རུ་བཅས་པ་ལ། །ཉེ་འབྲེལ་རྩ་ལག་མ་ལུས་པ། །ཐམས་ཅད་དེ་ཡིས་བདེ་བ་མཐོང་། །བླ་མའི་གསུང་གདམས་ངག་གདམ་ངག་ཟབ་མོ། །རྒྱལ་བའི་བཀའ་མདོ་རྒྱུད་ཟབ་མོ། །དེའི་ཟབ་པའི་མཐའ་ལ་ཐུག་པ་མེད། ཀྱིས་བསྒོམ་པ་གལ་ཆེ་རྩ་བ་ལྟ་རྟོགས། མི། འདོད་ཆགས་སམ། ཞེ་སྡང་། ཀྱི་ཞེ་སྡང་། ཕྱག་རྒྱ་ཆེན་པོ། འདོད་ཆགས་སམ་ཞེ་སྡང་གང་ཡིན་པ། ཉོན་མོངས་པ་གང་དང་གང་སྐྱེས་པ་དེ་ལ་ཕྱག་རྒྱ་ཆེན་པོ། སྐྱེ་བ་མེད་པའི་དོན་ལ། འགག་པ་མེད་པའི་རྩལ། ཐབས་ཤེས་རབ། ཉོན་མོངས་པ་རགས་པ་དང་ཕྲ་བ། ཉོན་མོངས་པ་བག་ལ་ཉལ་དང་། ཉོན་མོངས་པའི་ས་བོན་དང་བཅས་པ། ཐབས་ཤེས་རབ་གཉིས་ཀྱིས། ཉོན་མོངས་པའི་

(༣༥༠)མ་ལུས་རོ་དེ་མེ་ལ་བསྲེགས། །ཐལ་བ་ཆུ་བོའི་གཞུང་ལ་བསྐུར། །འོག་མིན་ནམ་མཁའི་ཕོ་བྲང་ན། །ཆུ་འཛིན་ཟླ་བའི་དཀྱིལ་འཁོར་ལ། །གཉིས་མེད་འོ་མའི་རྒྱུན་བབས་ཏེ། །ཡུར་པོ་ཆེ་ལ་བཅུག་ནས་ཀྱང་། །ཞིང་སོགས་རྫིང་བཞི་ཁེངས་པར་བྱ། །བཀའ་ཚོམས་ཀྱི་ལེའུ་འོ། །ཕྱག་རྒྱ་ཆེན་པོ་ལྔ་ལྡན་ནི།། །།སངས་རྒྱས་ཀུན་དང་མཉམ་པ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདིར་ཕྱག་རྒྱ་ཆེན་པོའི་མན་ངག་ལ་རྣམ་པ་ལྔ་སྟེ། རྟོག་པ་ལྟ་བ་དང་ལྡན་པ། སྒོམ་པ་ཉམས་མྱོང་དང་ལྡན་པ། སྤྱོད་པ་རོ་སྙོམས་དང་ལྡན་པ། གདམ་ངག་བརྒྱུད་པ་དང་ལྡན་པ། གཉིས་མེད་ཙམ་དུ་འཛིན་པ་ཕྲ་མོ། །གཉིས་མེད་ཀྱི་ངང་ལ་ཕྱམས་ཀྱིས་བཏང་ལ། དེའི་ངང་ལ་མ་ཡེངས་པར་བྱ། སྤྱི་ཙུག་བདེ་ཆེན་གྱིས་འཁོར་ལོ། །ཧཾ་ཡིག་བྱང་ཆུབ་སེམས་ཀྱི་རང་བཞིན་ལ། བྱང་སེམས་སྐྱ་ན་ར་ར་བབ་སྟེ། རྩ་དབུ་མའི་ནང་ན་མར། ལུས་ཀྱི་རྩ་ཕྲན་ཐམས་ཅད་དང་། རྩ་ཆེན་འཁོར་ལོ་བཞི།

(༣༥༡)ངེས་ཤེས་སྐྱོན་བསལ་བ་དང་ལྡན་པའོ། །རྟོག་པ་ནི། རྣམ་པ་གཉིས་ཏེ། དེ་ལ་རྒྱས་པར་བཤད་པ་ནི། ཐ་སྙད་རྣམ་པར་བཞག་པའི་དབང་དུ་བྱས་ན། སྣང་གྲགས་ཀྱི་ཆོས་ཐམས་ཅད། ཞི་ལུ་དང་། ཡུངས་དཀར་གཉིས་མར་གྱི་རྒྱུ་ཡིན་པར་ཅིག་པ་བཞིན་དུ། འཁོར་བ་དང་། སངས་རྒྱས་ཀྱི་རང་བཞིན་གཉུག་མའི་སེམས་སུ་ཅིག་སྟེ། རང་སེམས་བླ་མར་ཤེས་པའི་དུས་སུ། སེམས་ཅན་དང་སངས་རྒྱས་རྒྱུ་ཅིག་པར་ཤེས་པར་བྱའོ། །སེམས་ཅན་དང་སངས་རྒྱས་རྒྱུ་ཅིག་ཏུ་རྟོགས་པར་བྱ་བ་ལྟར། སྣང་བ་དང་སེམས་ཐ་མི་དད་དུ་རྟོགས་པར་བྱའོ། །དེ་ཡང་དཔེར་ན་ཏིལ་དང་ཏིལ་མར་དང་། །ཆུ་དང་ཆབ་རོམ་བཞིན་དུ་ཤེས་པར་བྱའོ། །ལྟ་བ་བ་ནི། གང་ལ་ཡང་ཞེན་པ་མེད་པ་སྟེ། སངས་རྒྱས་ཐོབ་ཏུ་མི་རེ། སྣང་བ་བླ་མར་ཤེས་པའི་དུས་སུ། སྣང་ཚད་ཕྱག་རྒྱ་ཆེན་པོར་ཤེས་པར་བྱའོ། །སངས་རྒྱས་དང་། སེམས་ཅན་གཉིས། སྣང་བ་དང་སྟོང་པ་གཉིས། གཉུག་མ་ལས། ལོགས་སུ་སངས་ཅིག་མ་མཐོང་པས་སོ། །འཁོར་འདས་ཀྱི་དངོས་པོ་གང་ལ་ཡང་།

(༣༥༢)དམྱལ་བར་སོང་གིས་མི་དོགས་པའོ། །སྒོམ་པ་ནི། །ངོས་བཟུང་མེད་ཅིང་ཕྱོགས་སུ་མ་ལྷུང་བ་སྟེ། ཐ་སྙད་གང་གིས་ཀྱང་བརྗོད་པར་མི་དུས་པའོ། །དེ་ཡང་ཤེས་པའི་ཕྱིར་མི་བཞག །ནང་དུ་མི་འགུགས། རང་ལུགས་ལྷུག་པ་གཏང་མེད་དུ་བཞག །ཉམས་སུ་མྱོང་བ་ནི། རྒྱུན་ཆད་མེད་པ་སྟེ། འགྲོ་འཆག་ཉལ་འདུག་ཐམས་ཅད་དུ་སྒོམ་དུ་མེད་ཀྱང་། །ཡེངས་པ་སྐད་ཅིག་ཀྱང་མི་བྱའོ། །ཤེས་པ་མེ་རེ་བ་དང་གཉུག་མ་ལས་བཞན་པའི་རྒྱུའི་འཁོར་བ་མ་མཐོང་བའོ། །དང་པོ་སྒོམ་པ་ནི་རང་རིག་འོད་གསལ་གྱི་མན་ངག །གཉིས་པ་རྟགས་ཆད་ལ་སོགས་པའི། བརྗོད་པའི་སྒྲ་དང་། རྟོག་པའི་འདི་ཡིན་ཞེས། སྣང་བ་དཀར་དམར་ལ་སོགས་པའི་ཡུལ་ལ་དམིགས་ཏེ། ཏིང་ངེ་འཛིན་གྱིས་མཚན་མ་གང་ལ་ཡང་། འགག་མེད་དུ་ངོས་བཟུང་མེད་པ་ཝལ་ལེ། །གཉིད་དང་རྨུགས་པ་ལ་སོགས་པ་མེད་པའི། འདི་ཡིན་བྱ་བའི། དེ་ལ་མཚན་འཛིན། མར་མེ་རླུང་གིས་མི་སྐྱོད་པ་ལྟ་བུ་

(༣༥༣)ལྡེམ་པ་དང་། ཕྱད་སོ་དང་། བདེ་བ་དང་། གསལ་བ་དང་། སྣང་བ་ལ་རབ་རིབ་ཏུ་འདུག་པ་དང་། གཟའ་གཏད་ཆུང་བ་དང་། བརྗེད་ངས་པ་དང་། རྒོད་སྙིང་འདོད་པ་དང་། དུ་སྙིང་འདོད་པ་དང་། རྒྱུག་པ་དང་། འཇིག་རྟེན་པའི་སྤྱོད་ལམ་བཞན་དང་མི་མཐུན་པ་བྱུང་ན། ཉམས་མྱོང་གི་རྟགས་ཡིན་ཏེ། གང་ལ་ཡང་ངོ་མཚར་དུ་མི་རྩི། །ཤེས་པ་བྱིང་རྨུགས་དང་། ཟང་ཟིང་དུ་འདུག་པ་དང་། འགྱོད་པ་དང་། ཤེས་པ་ནམ་མཁའ་མ་དག་པ་ལྟ་བུ་བྱུང་ན། །རླུང་ཚིགས་ལ་ཞུགས་པ་ཡིན་པས། ཚོགས་དྲུག་ལྷུག་བཞག་ལ། ཤེས་པ་རང་དགར་བཏང་ངོ་། །དེས་ཀྱང་སྐྱོན་མ་སྤོངས་ན། རྒྱ་མཚོ་ལྟ་བུ། ངོས་བཟུང་མེད་པ། བདེ་བ་ཁྱད་པར་དུ་བྱས་པའི་ངོས་བཟུང་། ཕྱི་རོལ་གྱི་ཡུལ་དཀར་དམར་ལ་སོགས་པ། མཚན་མའི་ཐ་སྙད་ཐམས་ཅད། གསལ་ཞིང་བདེ་བ། སྙིང་མིང་དགའ་བས། ཐ་མལ་པའི། དེ་རྣམས། ཞེན་ཆགས་དང་། འཐོམ། གཉིད་ལ་སོགས་པ་མི་འགོག། ཡུལ་ལ་རང་ཡན་དུ། བཏང་བས་ཀྱང་ཐིབས་པ་ལ་སོགས་པའི།

(༣༥༤)སྣང་བ་ཐམས་ཅད་སེམས་རྩལ་སྦྱོང་དུ་བཞུག་གོ། །དེ་ལ་སོགས་པའི་ཉམས་མྱོང་ཅི་བྱུང་ཡང་། སྐྱོན་དུ་མི་ལྟའོ། །སྤྱོད་པ་ནི། གང་ལ་ཡང་ཕྱོགས་སུ་མ་ལྷུང་བའོ། །རོ་སྙོམས་ནི། འཇིག་རྟེན་པ་ལས་གོ་ལོག་ལ་འཇིག་རྟེན་པ་དང་ཚུལ་མི་མཐུན་པར་བྱའོ། །མན་ངག་ནི། རང་སེམས་སངས་རྒྱས་སུ་ཤེས་ཀྱང་། བླ་མ་རྗེ་བཙུན་རྣམས་མི་སྤང་། །སྣང་བ་སེམས་སུ་རྟོགས་ཀྱང་། འདུས་བྱས་ཀྱི་དགེ་རྩ་རྒྱུན་མི་བཅད། དམྱལ་བར་སོང་གི་དོགས་པ་མེད་ཀྱང་། སྡིག་པ་ལ་འཛེམ། སངས་རྒྱས་ལ་རེ་བ་མེད་ཀྱང་། ཆོས་གང་ལ་ཡང་སྐུར་བ་མི་བཏབ་རང་ལ་ཏིང་ངེ་འཛིན་གྱི་ཡོན་ཏན་ཅི་ལྟ་བུ་བྱུང་ཡང་། ང་རྒྱལ་མི་བྱ། འཁོར་འདས་གཉིས་མེད་དུ་རྟོགས་ཀྱང་། དགོན་པ་བརྟེན་པ་ལ་གོམས་པར་བྱ། རང་གཞན་ཐ་མི་དད་དུ་རྟོགས་ཀྱང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྒྱུན་མི་བཅད། བརྒྱུད་པ་ནི། མན་ངག་གསུམ་པ་གྲུབ་མཐའ་ལ་སོགས་པའི་དགག་སྒྲུབ། པའི་སྤྱོད་པ་དང་། ཀུན་རྫོབ། ཕྱི་ནང་གི། མཆོག་དང་ཐུན་མོང་གིས། ཆད་ན་ཐོན་དུ་མི་འགྱུར།

(༣༥༥)སངས་རྒྱས་ནས། ད་ལྟ་ཡན་ཆད་ཀྱི་བླ་མ་རྗེ་བཙུན་པ་རྣམས་ལ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ། བཅིང་མཎྜལ་དབུལ། ངེས་པའི་ཤེས་པ་ནི་ལྔ་སྟེ། རང་གདོད་མ་ནས་སངས་རྒྱས་ཡིན་པར་ངེས་ཤེས་བསྐྱེད། གཟའ་གཏད་མེད་པའི་དོན་མ་རྟོགས་ན། འཁོར་བ་སྡུག་བསྔལ་བར་ངེས་ཤེས་བསྐྱེད་དོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉུག་མར་ངེས་ཤེས་བསྐྱེད། རྟོགས་པའི་ངང་ལ་སེམས་བཞག་ན་འབྲས་བུ་ཐམས་ཅད་རང་ཆས་སུ་འཆར་བར་ངེས་ཤེས་བསྐྱེད་དོ། །འཁོར་བ་ཐོག་མ་དང་ཐ་མ་མེད་པར་ངེས་ཤེས་བསྐྱེད། བརྒྱུད་པ་དང་མི་ལྡན་ན་བྱིན་བརླབས་མི་འབྱུང་བས། རྡོ་རྗེ་འཆང་ནས། རྩ་བའི་བླ་མ་ཡན་ཆད་ལ། དམ་ཉམས་དང་བསླབ་འཆལ་གྱི་བར་མ་ཆོད་པའོ། །ལུས་ངག་ཡིད་གསུམ་སྨན་ཅིང་གྲོལ་བར་བྱ། དུས་ཐམས་ཅད་དུ་སྒོ་གསུམ་གུས་པའི་སྒོ་ནས་ལུས་དང་ལོངས་སྤྱོད་དུས་གསུམ་དགེ་རྩ། སེམས་ཀྱང་རང་རང་བཞིན། དང་པོ་རྒྱུ་མ་རྙེད། བར་དུ་རང་གི་ངོ་བོ་མ་རྙེད། ཐ་མ་རང་གི་འབྲས་བུ་མ་རྙེད་དེ་མཐར་པའོ། །

(༣༥༦)སྐྱོན་བསལ་བ་ནི་བརྒྱད་དེ། རེ་དོགས་གཉིས་བྱུང་ན། ལྟ་བ་མ་རྟོགས་པའི་སྐྱོན། སྒོམ་བྱ་སྒོམ་བྱེད་གཉིས་བྱུང་ན་སེམས་རྩེ་ཅིག་མེད་པའི་སྐྱོན། བླང་དོར་གཉིས་བྱུང་ན། སྒོམ་པར་མ་བྱས་པའི་སྐྱོན། ཡོ་བྱད་དང་ཉེ་དུ་ལ་ཆགས་ན། ལམ་དུ་འཁྱེར་མ་ཤེས་པའི་སྐྱོན། ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་བྱ་བའོ།། །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས། ལམ་མཆོག་རིན་ཆེན་ཕྲེང་བ་ཅེས་བྱ་བ་བཞུགས་སོ།། །།གོལ་ས་ཐམས་ཅད་གཅད་མཛད་ལ། །ཡང་དག་དོན་ནི་སྟོན་མཛད་ཅིང་། །ཆོས་ཉིད་ངང་དུ་རྟོགས་པ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱུའི་རྐྱེན། །བདག་པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་པའི་རྐྱེན་ཏེ་བཞིའོ། །ལོག་པའི་བཤེས་གཉེན་འཁྲུལ་པ་དང་། རེ་དོགས་ལ་ཞེན་པ། ཡང་དག་པའི་བཤེས་གཉེན་མ་འཁྲུལ་པ། རེ་དོགས་མེད་པ། གསོལ་འདེབས་ནུས་པ། འགལ་སྒྱུར་ནུས་པ། གོ་འབྱེད་ནུས་པའོ། །ཤེས་པའི་མཚན་

(༣༥༧)ཉིད། ཁྱད་པར་གྱིས་མཚན་ཉིད། བྱེད་པའི་མཚན་ཉིད། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ཤེས་པའི་མཚན་ཉིད་ནི། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ངོ་ཤེས་པར་བྱ་སྟེ། སྐྱེ་བ་མེད་པའི་ཆོས་སྐུ། འགག་པ་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུ། སྐུ་གསུམ་བརྟགས་པའི་བློ་ལ་སྣང་བ། ཚིག་ཏུ་བརྗོད་འདོད་ཀྱང་། ངོ་བོ་ལ་ངོས་བཟུང་དང་བྲལ་བ་བློའི་ཡུལ་ལས་འདས་པ་ངོ་བོ་ཉིད་ཀྱི་སྐུ། སེམས་ཀྱི་མཚན་ཉིད་སྐུ་བཞིར་ཤེས་པར་བྱའོ། ཁྱད་པར་གྱིས་མཚན་ཉིད་ནི། རྣམ་རྟོག་གང་བྱུང་སེམས་ཉིད་ཡིན་པས། མི་སྤོང་བར་སྐུ་བཞིར་འཁྱེར་བའོ། །བྱེད་པའི་མཚན་ཉིད་ནི། རྟོག་པ་སྐུ་བཞི་ཡིན་ཡང་བྱེད་པ་པོ་མེད། ཆོས་ཉིད་ཀྱི་སྒྱུ་མ་ལྟ་བུར་འགྲོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ནི། གདོད་མ་ནས་སྐུ་བཞིར་ལྷུན་གྱིས་གྲུབ་པ་ཡིན། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་བཞི་ལས་མ་འདས་པར་ཤེས་ཙ་ན། ལྟ་བའི་གོ་ཆ་སྟེ། ཐམས་ཅད་ཤེས་རབ་ཀྱི་ཡུལ་དུ་ཤེས་ནས་མཐའ་ཁེགས་ཏེ། དཔེར་ན་བྱ་

(༣༥༨)ཐག་པས་བཏགས་པ་དང་འདྲའོ། །ཤེས་རབ་ཀྱི་གོ་ཆ་ནི། རྐང་པ་རྡོ་རྗེ་དཀྱིལ་དཀྲུང་། ལག་པ་མཉམ་བཞག །ལུས་བསྲང་། མིག་སྣ་རྩེར་ཕབ་ལ། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་བལྟས་ལ། ཚིག་ཏུ་ལན་གསུམ་བརྗོད་པ་ནི་ཐོས་པའི་ཤེས་རབ་པོ། །ཚིག་ལ་བརྟེན་ནས་དོན་གོ་བ་ནི། བསམ་པའི་ཤེས་རབ་པོ། །རྟོགས་པ་དོན་དུ་ཤེས་པ་ནི་སྒོམ་པའི་ཤེས་རབ་པོ། །ཤེས་རབ་ཀྱི་དེ་ལྟར་ལག་ཏུ་ལོན་ནས། རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཤེས་དེ་ལ་བྱའོ།། །།སྐྱབས་སུ་འགྲོ་བའི་དབང་དུ་བྱས་ན། དེ་ལྟ་བུའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན། སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན། ཆོས་ཐམས་ཅད་དེ་ཉིད་ཡིན་པས། རྟོགས་པ་ལམ་དུ་བྱེད་ན། ཆོས་ལ་སྐྱབས་སུ་སོང་བ་ཡིན། དེ་ལྟར་རྟོགས་པ་ལམ་དུ་བྱེད་པའི་མཁན་པོ་རྟེན་མེད་པའི་རིག་པ་ལས་བྱུང་བས། ཐོགས་པ་མེད་པའི་ཤེས་རབ་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན། །དེ་ལྟ་བུའི་ཁྱད་པར་ཅན་གྱི་ལམ་དེ་ལ་

(༣༥༩)རྟོགས་པ་ཅི་སྐྱེས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་ལམ་དུ་འགྲོ། ཐབས་སུ་འགྲོ། རྟོག་པ་ཉིད་ཀྱིས་བསྐུལ་མ་བཏབ་ནས་གྲོགས་སུ་འགྲོ་སྟེ། རྟོག་པ་གང་གིས་མཚན་ཉིད་ཤེས་པ་ནི་ཤེས་རབ། རྟོགས་པ་ཐམས་ཅད་ལམ་དུ་བྱུང་བས་བསམ་གཏན། རྟོག་པ་སྐྱེས་ཚད་ལམ་ཉིད་དུ་སྐྱེས་པས། ཡོངས་སུ་སྦྱོང་བའི་བརྩོན་འགྲུས། ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་པས་བཟོད་པ། དེ་ལྟ་བུའི་བསམ་གཏན་དེ་ལ། ཉོན་མོངས་པའི་ས་བོན་མེད་པས། ཟག་པ་མེད་པའི་ཚུལ་ཁྲིམས། དེ་ལྟ་བུའི་ཐབས་ཤེས་ཀྱི་རྟེན་འབྲེལ་ལག་ཏུ་བླངས་པས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེས་ནས། ཅི་བྱེད་སེམས་ཅན་གྱིས་དོན་དུ་འགྲོ་བས་སྦྱིན་པའོ།། །།དེ་ལྟ་བུ་དང་ལྡན་པའི་ལམ་འདི་ལ་སྐབས་བརྒྱད། དེ་ལྟར་སྒྲུབ་པ་པོའི་ལག་ཆར་འཁྱེར་བས་ཕྱིར་མི་ལྡོག་པ་ཐོབ་སྟེ། སེམས་དང་རྟོག་པ་ཐ་མི་དད་ཅིང་སྐུ་བཞིར་འཁྱེར་བས། རྣམ་པ་ཐམས་ཅད་

(༣༦༠)མཁྱེན་པ། ཐམས་ཅད་ལམ་དུ་ཤེས་པས། ལམ་ཤེས། སྒྲུབ་པ་པོ་ཐབས་ལ་མཁས་ནས་བྱས་པ་མ་ཡིན་ཏེ། གདོད་མ་ནས་རྟོག་པ་རང་གི་མཚན་ཉིད་དེ་ལྟར་ཡིན་པར་ཤེས་པས། གཞི་ཤེས། རྒྱུ་ལམ་འབྲས་བུ་ངོ་བོ་གཅིག་ཏུ་སྦྱོང་བས། རྣམ་ཀུན་མངོན་རྫོགས། དེ་ལྟར་ཤེས་པས་ཤེས་རབ་རྣོ། ཤེས་རབ་ཀྱི་རྩལ་སྦྱོང་བ་ལ་ཚེགས་མེད་པས། རྩེ་མོ། དེ་ལྟར་རྟོག་པ་མི་སྤོང་བས་མཐར་གྱིས་སྒྲུབ་པས། མཐར་བགྱིས་པ། ཤེས་རབ་ཀྱི་གནས་སྐབས་སུ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཤེས་པས། སྐད་ཅིག་མ། བྱང་ཆུབ་པ་ཐམས་ཅད་ཆོས་ཀྱི་སྐུའི་འཕྲིན་ལས་སུ་ལོངས་སྤྱོད་པས། སྐུ་ཡོངས་སུ་རྫོགས་སོ། ཁྱད་པར་གྱིས་ལམ་འདི་ལ། ལམ་རྣམ་པ་ལྔའི་དབང་དུ་བྱས་ན། རྟོག་པ་དགེ་སྦྱོར་གྱིས་གྲོགས་སུ་འགྲོ་བས། ཚོགས་ལམ། རྟོག་པ་ཉིད་ལ་བརྟེན་ནས་ལམ་ཁྱད་པར་ཅན་སྐྱེ་བས། སྦྱོར་ལམ། རྟོག་པ་ཉིད་སྐུ་བཞིར་མྱོང་བས་མཐོང་ལམ། རྟོག་པ་གང་སྐྱེས་སྐུ་བཞི་དང་མི་འབྲལ་བས་སྒོམ་ལམ། དེ་

(༣༦༡)ཉིད་ལ་ངེས་ཤེས་སྐྱེས་ན། དེ་ལས་ཕུལ་དུ་ཕྱིན་པའི་ལམ་གཞན་བསླབ་རྒྱུ་མེད་པས། མཐར་ཕྱིན་པའི་ལམ་མོ། །ལམ་དེ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དུ་འགྲོ་སྟེ། དྲན་པ་བྱུང་ཚད་ལམ་དུ་འགྲོ་བས། དྲན་པ་ཉེར་གཞག །རྟོག་པ་མི་སྤོང་བར། ཤེས་རབ་ཀྱིས་རྟོག་པའི་མཚན་ཉིད་ཤེས་པ་དེ་ཉིད། ཡང་དག་པར་སྤོང་བའི་ལམ་དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི། དད་པས་རྒྱུ་བྱས། དྲན་པས་ལམ་བྱས། བརྩོན་འགྲུས་ཀྱིས་གྲོགས་བྱས། དེ་གསུམ་ནི་ཐབས་ཡིན་ཏེ། དེ་གསུམ་དེ་ལྟར་ཤེས་པས་ཤེས་རབ། ཐབས་ཤེས་ཀྱི་རྟེན་འབྲེལ་སྐྲུན་པས། ཐམས་ཅད་ཏིང་ངེ་འཛིན་དུ་བྱུང་བས་འབྲས་བུ། དེ་ལྟར་དབང་པོ་ལྔ་ལག་ཏུ་བླངས་པས་ཤེས་རབ་ཀྱི་རྩལ་དང་། བྱང་ཆུབ་ཀྱི་སེམས་འབྱོངས་པ་ལ་ཚེགས་མེད་པས་སྟོབས་ལྔ། དེ་ལྟར་ཐབས་ཤེས་ཀྱི་རྟེན་འབྲེལ་སྐུལ་བས་ཤེས་རབ་ཀྱི་རྩལ་འབྱོངས། དེ་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པས། དྲན་རིགས་ཐམས་ཅད་

(༣༦༢)བྱང་ཆུབ་ཀྱི་གྲོགས་སུ་འགྲོ་བས། བྱང་ཆུབ་ཀྱི་ཡན་ལག་གོ། །ཐམས་ཅད་བྱང་ཆུབ་ཀྱི་ཡན་ལག་ཏུ་ཤེས་པས། རྣམ་རྟོག་ལ་ལོངས་སྤྱོད་ཀྱང་། རྣམ་རྟོག་གིས་མི་གོས་པར་དེ་ཉིད་ལམ་དུ་འགྲོ་བས། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལྟར་ལྟ་བའི་གོ་ཆས་ཆོས་ཀྱི་བདར་ཤག་ཅད་ནས་གོལ་ས་ཐམས་ཅད་ཀྱི་མཐའ་ཁེགས་ནས་ཤེས་རབ་ཀྱི་གོ་ཆས་རྟོག་པ་ལམ་དུ་འཁྱེར་བའི་དུས་སུ། གོང་དུ་བསྟན་པའི་ལམ་ལ་ཤེས་རབ་ཀྱིས་བསྔོ་བགྲང་བྱེད་དམ་ཞེ་ན། སྐྱོན་མེད་དེ། ལམ་ནི་སྒོམ་པའི་ཤེས་རབ་འབའ་ཞིག་ལ་བྱེད་པ་ཡིན་ལ། སྒོམ་པའི་ཤེས་རབ་ནི་ཚིག་དང་བློ་ལས་འདས་པ་ཡིན། འོ་ན་ལམ་དུ་ཅི་ལྟར་འཁྱེར། གང་ལ་བརྟེན་ནས་འཁྱེར་ན། རྟོགས་པ་ལ་བརྟེན་ནས། ཤེས་རབ་ཀྱིས་དྲན་པ་ལ་དབང་བསྒྱུར་ཅིང་འགྲོ། རྟོག་པ་ལ་ཅི་ཙུག་བལྟ་ན། རྟོག་པ་དེ་ཉིད་བློས་མི་སྤོང་བར་སྙིང་དུ་སྡུག་པར་བལྟ། དགོས་པར་བལྟ། སྐུ་དྲིན་ཆེ་བར་བལྟའོ། །དེ་ལྟར་བལྟ་

(༣༦༣)བ་ཅི་སྟེ་ཞེ་ན། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆས་སུ་ཡོད་ལ། ངོ་བོ་ཉིད་ཀྱི་རྟོགས་པ་ཡིན་པས་སོ། །དེ་ལྟར་བལྟས་པས་རྟོགས་པ་རང་གི་མཚན་ཉིད་ངོ་ཤེས་ནས། སྐུ་བཞི་ངོ་བོ་ཉིད་ཀྱིས་འབྱུང་སྟེ། དེ་ལྟར་རྟོག་པ་ལམ་དུ་ཁྱེར་བས་མ་ཞི་ནས། ཆགས་སྡང་གི་རྟོག་པ་སྐྱེས་ན་མྱུར་དུ་མི་སྤང་བར་གོང་གི་ལྟ་བའི་གོ་ཆས་གཏན་ལ་དབབ། དེ་ལྟར་བྱས་པས་རྟོག་པ་རང་ཞི་རང་དག་ཏུ་འགྲོ་སྟེ། དཔེར་ན། མཚོ་ལ་འཁྱག་པ་ཞུ་བའོ། །ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སོང་ནས། ཡོན་ཏན་གྱིས་ཆོས་སུ་གྱུར་པ་ཐམས་ཅད་འགག་མེད་དུ་ཤུགས་ཀྱིས་འབྱུང་སྟེ། ཡོན་ཏན་དེ་ལ་ཞེན་ནས་འགག་ནས་འདུག་ན། དེ་ལ་མི་གནས་པར། གནས་སྐབས་ཀྱི་འབྲས་བུར་ཤེས་པར་བྱས་ལ། གོང་ནས་གོང་དུ་ཤེས་རབ་ཀྱི་རྩལ་སྦྱང་ངོ། །དེ་ལྟར་ཤེས་རབ་ཀྱི་རྩལ་གྱིས་རྣམ་རྟོག་སྐུ་བཞིར་ཐུལ་བས་ན། འདུལ་བ་ཅེས་ཀྱང་བྱ། ཤེས་རབ་ཀྱིས་རྟོག་པ་ཆོས་ཉིད་དུ་མཐོང་བས་ན་

(༣༦༤)ཚད་མ་ཞེས་ཀྱང་བྱ། ཤེས་རབ་ཀྱི་རྟོག་པའི་རྩ་བ་ངོ་ཤེས་ཏེ་མཐའ་ཐམས་ཅད་དང་བྲལ་བས། དབུ་མ་ཞེས་ཀྱང་བྱའོ། །གཉུག་མ་ངོས་འཛིན་གྱི་མན་ངག་ཡང་དག་པར་གསང་བར་བྱའོ།། །།ཆོས་བཞི་མདོར་བསྡུས་པ་ལེགས་སོ།། །།ན་མོ་གུ་རུ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཅིག་དགོས་གསུང་། །དེ་ཡང་། ཆོས་ཆོས་སུ་འགྲོ་བ་ལ། ཕྱི་ནང་གཉིས་ཀྱི་མི་རྟག་པ་མང་དུ་སྒོམས་ན། རྫས། ཡོ་བྱད། ཉེ་དུ་འབྲེལ་བ་ཐམས་ཅད་ཤུལ་དུ་བཞག་ནས། རང་གཅིག་པུ་གཤེད་འགྲོ་དགོས། དེ་ཙ་ན་ཆོས་མིན་པ་ཅིས་ཀྱང་མི་སྟོངས་པར་འདུག་སྙམ་ནས། ཅི་ཡང་བྱར་མེད་ཀྱི་བློ་ཅིག་མ་སྐྱེས་པར། ཆོས་ཆོས་སུ་འགྲོ་བ་ཡེ་མི་འོང་། འཆི་བ་དེ་ཡང་། ནམ་འོང་ཆ་མེད། སང་ཕོང་ང་ཙམ་གྱི་དབང་མེད། དེ་བས་ཟླ་བ་ཕྱི་མ་ད་ཙམ་གྱི་དབང་ཡང་བྱར་མེད་སྙམ་ནས། འཆི་ཙ་ན། རང་རིག་པའི་པའི་ཡེ་ཤེས་དེ། ལས་

(༣༦༥)དགེ་དགེ་སྡིག་འབའ་ཞིག་དང་འགྲོགས་པ་ཡིན་ལ། ལས་མ་བྱས་པ་དང་ཕྲད་མི་སྲིད། བྱས་པ་ཆུད་ཟ་མི་སྲིད་པ་ཡིན། ལས་མི་དགེ་བས། ངན་སོང་རྣམ་པ་གསུམ་དུ་སྐྱེས་ན། སྡུག་བསྔལ་ཅི་ཙམ་ཡོད་པ། གྲག་ཤོས་ལྷ་མི་གཉིས་ཡིན་ཏེ། དེ་ལ་ཡང་། སྐྱེ་བ། རྒས་པ། འཆི་བ། མེད་པ་ཚོལ་བ། ཡོད་པ་བསྲུང་བ། དགྲ་སྡང་བ་དང་ཕྲད་པ། གཉེན་བྱམས་པ་དང་བྲལ་བའི་སྡུག་བསྔལ། ལྷ་ལ་ཡང་འཆི་འཕོའི་སྡུག་བསྔལ་མནར་མེད་པ་ལས་བཅུ་དྲུག་འགྱུར་གྱིས་ཆེ་བ་ཡོད། རིགས་དྲུག་གར་སྐྱེས་ཀྱང་། སྡུག་བསྔལ་འབའ་ཞིག་ཏུ་འདུག་སྙམ་ནས། ཡིད་འབྱུང་བ་ཚད་དུ་སྐྱེལ་བ་ཅིག་མ་བྱུང་གི་རིང་ལ། ཆོས་ཆོས་སུ་འགྲོ་བ་མི་འོང་། །ཆོས་ལམ་དུ་འགྲོ་བ་ལ། བྱམས་སྙིང་རྗེ་བདག་པས་གཞན་གཅེས་ཀྱི་བློ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས། དེའི་སྟེང་དུ། ཕྱི་ནང་གིས་ཆོས་ཐམས་ཅད། རྟེན་འབྲེལ་ཚོགས་པའི་སྣང་བ། རྨི་ལམ་སྒྱུ་མ་ལྟ་བུར་གོ་ན། དེར་ཆོས་ལམ་དུ་འགྲོ་བ་ཡིན། དེ་ལྟར་གོ་ནས་ལམ་

(༣༦༦)གྱིས་འཁྲུལ་པ་སེལ་བྱ་བ་ཡིན་ཏེ། དང་པོ་མི་རྟག་པ་བསྒོམས་པས་ཚེ་འདི་ལ་ཞེན་པའི་འཁྲུལ་པ་སེལ། ལས་འབྲས་བསྒོམས་པས། ལྟ་བ་ངན་པའི་འཁྲུལ་པ་སེལ། འཁོར་བའི་ཉེས་དམིགས་བསྒོམས་པས། འཁོར་བ་ལ་ཆགས་པའི་འཁྲུལ་པ་སེལ། བྱམས་སྙིང་རྗེ་བསྒོམས་པས། ཐག་དམན་གྱི་འཁྲུལ་པ་སེལ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམས་པས། དངོས་པོར་འཛིན་པའི་འཁྲུལ་པ་སེལ། ལར་ན་གོང་མ་གོང་མས། འོག་མ་འོག་མའི་འཁྲུལ་པ་སེལ་གསུང་། །དེ་ནས་འཁྲུལ་པ་ཡེ་ཤེས་སུ་འཆར་བ་བྱ་བ་ཡིན་ཏེ། དོན་དམ་པར་ཆོས་ཐམས་ཅད་སྐྱེ་འགག་དང་བྲལ་བར་བསྒོམས་པའི་སྟོབས་ཀྱིས། ཅིར་སྣང་ཅིར་རྟོགས་ཐམས་ཅད་རང་གི་ངོ་བོར་ཆོད་ཙ་ན། འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན་གསུང་ངོ།། །།ཉམས་ལེན་མདོར་བསྡུས་གནད་ཀྱི་གཟེར་གསང་བཞུགས་སོ།། །།བླ་མ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །མན་ངག་བློ་ཐོར་ཕྲ་མོ་སྙེད་པར་བྱ། །གཏིང་མཐའ་མེད་པ་འཁོར་བའི་རྒྱ་མཚོ་འདིར། །སྔ་མ་

(༣༦༧)ཕན་ཆད་ཅི་ཙམ་འཁྱམས་པའམ། ད་དུང་ཅི་ཙམ་གཅིག་ཏུ་འཁྱམ་དགོས་པས། གདམ་ངག་ཐོས་བསམ་མང་པོ་ཤེས་པར་བྱོས། །དེ་ལས་ཐར་པའི་དུས་ནི་ད་རེས་ཡིན། །བློ་བུར་བར་དུ་གཅོད་པ་མ་བྱུང་ཡང་། །ཚེ་ལ་ལོང་མེད་ཡུན་རིངས་བསྡད་དབང་མེད། །འཇིག་རྟེན་འདིའི་བྱ་བ་རྒྱབ་ཏུ་བོར། །འདི་དང་ཕྱི་མ་གཉིས་ཀ་མི་འགྲུབ་སྟེ། །འདི་བས་ཕྱི་མ་གཅེས་པས་ཆོས་ལ་འབད། །གཉིད་དང་སྙོམས་ལས་དབང་དུ་མི་བཏང་བར། །སྟོང་པ་སྙིང་རྗེ་གཉིས་ལ་རྩེ་གཅིག་བསྒོམ། །ཚེ་ལ་ལོང་མེད་འཆི་བདག་ཕོ་ཉས་འདེབས། །བྱ་བ་ཐམས་ཅད་བྱེད་འཕྲོ་བཏང་ནས་ནི། །རང་བཞིན་མཉམ་པའི་ངང་ལ་བློ་བཞག་ནས། །ཆོས་དབྱིངས་རྣམ་དག་འདི་ལ་བལྟ་བར་བྱ། །མི་རྟོག་བདེ་གསལ་འདི་ལ་སྒོམ་པར་བྱ། །མ་བཅོས་རང་འབྱུང་འདི་ལ་སྦྱང་བར་བྱ། །སྐུ་བཞི་ཡེ་ཤེས་ལྔ་ལ་འབྲས་བུ་བྱ། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་པོ་ཡང་། །སོ་སོ་ཐ་དད་མེད་པའི་ལམ་དུ་བསླབ། །ལྟ་

(༣༦༨)བ་སྟོང་པ་ཡིན་ཞེས་ཁས་བླངས་ནས། །སྤྱོད་པ་དངོས་པོར་འཛིན་ལས་མ་གྲོལ་ན། །ལྟ་སྤྱོང་གོལ་ཏེ་ལོག་པའི་ལམ་དུ་འགྲོ། །རང་གི་རང་སླུས་བཞན་གྱིས་ཞེ་རེ་ཁྲེལ། །ཆགས་སྡང་སྐྱེ་བའི་གྲོགས་ངན་ཐབས་ཀྱིས་སྤང་། །དེར་ཡང་ཀུན་དང་འདྲིས་བར་མི་བྱའོ། །ཆགས་ན་ལྷ་ལ་ཆགས་ཀྱང་མི་གྲོལ་སྟེ། །ཞེན་ན་ཆོས་ལ་ཞེན་ཡང་འཆིང་བའི་རྒྱུ། །ཕྱུག་པོ་གསེར་སྲང་སྟོང་ལ་ཆགས་པ་དང་། །དབུལ་པོ་ཁབ་སྐུད་ཙམ་ལ་ཆགས་པ་གཉིས། །ལམ་གྱི་བར་ཆད་བྱེད་ལ་ཁྱད་པར་མེད། །དེས་ན་གང་ལའང་ཆགས་པར་མི་བྱའོ།། །།འཁྲུལ་པའི་རྟོག་པ་མ་ཟད་པར་དུ་ནི།། །།དད་པས་བླ་མ་དང་ནི་དཀོན་མཆོག་མཆོད། །ཡི་དམ་ལྷ་ལ་གསོལ་བ་རྒྱུན་དུ་གདབ། །ལུས་ངག་དགེ་བ་མི་དགག་ནུས་ཚད་བྱ། །བསམ་དུ་མེད་པའི་ཆོས་ཉིད་དོན་སྒོམ་ཡང་། །འགྲོ་བ་རྣམས་ལ་སྙིང་རྗེ་རྒྱུན་དུ་བསྐྱེད། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར། །སྒོམ་ན་གོལ་ས་མེད་པའི་ལམ་ཡིན་གསུང་། །ད་ནི་ལེ་ལོའི་

(༣༦༩)གླགས་མེད་རིང་མི་སྡོད། །ཉིན་མཚན་གཉིས་ཀྱི་ཚེ་འཕྲོག་མྱུར་དུ་མཛད། །འཆི་ཁར་འགྱོད་པས་མི་ཕན་ད་ལྟ་འབད། །དང་པོ་ཅི་ཡང་བྱར་མེད་མན་ངག་སྒོམ། །སྣང་གྲགས་ཐམས་ཅད་སྐྱེ་མེད་རྒྱ་ཡིས་གདབ། །བྱེད་སྦྱོང་ཐམས་ཅད་སྒྱུ་མ་བཞིན་དུ་སྦྱང་། །བདེ་སྡུག་ཐམས་ཅད་མཉམ་པ་ཉིད་དུ་བསླག །ལྟུང་བ་ཕྲ་མོ་ཙམ་ལའང་ཕྱིར་བཅོས་བྱ། །བསྡོམ་པ་གསུམ་དང་ལྡན་པའི་རྟེན་ཅན་གྱིས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ། །སྨོན་ལམ་གདབ་ཅིང་དེའི་རྒྱུད་ལ་འབད། །ལུས་ངག་བྱ་བ་མང་ན་སེམས་ཀྱང་དེར་རྗེས་འཆོར། །གཉུག་མའི་སེམས་འདི་བཅོས་མས་མ་བསླད་ཅིག །སྡིག་དང་སྡུག་བསྔལ་འཕེལ་བའི་ལམ་བོར་ནས། །མཁའ་ལ་བྱ་འཕུར་བཞིན་དུ་རྗེས་མེད་བྱ། །ཅོ་འདྲི་མི་སྡུག་ཟེར་བའི་ལན་མི་གླན། །ཤེང་ཐུན་རྟོགས་པ་བསྡུར་ན་དྲང་པོར་སྨྲ། །མདོར་ན་ཆོས་ཉིད་སྒོམ་པའི་ཕྱི་རྟགས་སུ། །བརྙས་པ་བྱུང་ཡང་། ཀོ་ལོང་མི་བསྡམ་ཞིང་། །

(༣༧༠)ཚིག་ངན་སྨྲ་ན་ཁྲོ་བར་མི་བྱ་ལ། ཁྱད་བསོད་བྱུང་ན་ང་རྒྱལ་མི་བསྐྱེད་ཅིང་། །འགལ་བ་ཅི་ལྟར་བྱུང་ཡང་འདི་ལྟར་བསམ། །འཁྲལ་པས་བཅིངས་པའི་སེམས་ཅན་སྙིང་རེ་རྗེ། །སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་བཟུང་། །འདི་ལ་དངོས་པོ་ཅི་ཡང་མེད་དོ་ཅེས། །ཆོས་དབྱིངས་ཉིད་དུ་ངེས་པར་བསམ་པར་བྱ། །ད་ལྟ་སྙིང་ནས་དེ་ལྟར་གོམས་བྱས་ན། །ཀློང་དུ་གྱུར་ཏེ་ཅིས་ཀྱང་གནོད་མི་འགྱུར། །རྫས་དང་ཡོ་ཕྱད་མང་པོ་ཅི་ཡོད་ཀྱང་། །རང་དབང་ཡོད་ཚེ་ཕྲན་སྔོ་ཕྲལ་དག་བྱ། ཁ་ཅིག་ན་རེ་འཆི་ཁར་ནོར་དགོས་ཟེར། །འཆི་དུས་བྱུང་ནས་ནད་ཀྱི་ཐེབས་པའི་ཚེ། །ནད་གཡོག་མང་ཡང་སྡུག་བསྔལ་བགོ་ཐབས་མེད། །དེས་ན་ནད་གཡོག་ཡོད་མེད་གཉིས་ཀ་འདྲ། །ཤུལ་ན་གཏམ་བཟང་གཏམ་ངན་ཡོད་མོད་ཀྱང་། །བདག་གི་རྗེས་ཕྱིར་འབྲངས་ནས་འོང་བ་མེད། །གསོན་ཚེ་དགེ་སྡིག་གཉིས་པོ་གང་བྱས་པ། །འབྲས་བུ་སྨིན་པའི་དུས་སུ་

(༣༧༡)འབྱིན་པར་གསུངས། །རྣལ་འབྱོར་པའི་ཤི་ལུགས་རྣམ་པ་གསུམ། །སྨྱོན་བལྟ་བུར་ཤི་བ་རབ་ཡིན་ཏེ། །རི་དགས་ལྟ་བུར་ཤི་བ་འབྲིང་ཡིན་ནོ། །རྒྱལ་པོ་ལྟ་བུར་ཤི་བ་ཐ་མ་སྟེ། །འདོད་པ་ཆུང་ཤེས་ཆོག་ཤེས་ང་རྒྱལ་མེད། །གཞན་འབྲེལ་བསྐུ་དང་རང་ལ་ངན་ཤོས་བྱ། །དམན་ས་བཟུང་ལ་རང་ཡང་གཞན་དག་དང་། །རང་ལ་ཉོན་མོངས་མི་བསོག་རྟོག་པ་འཕེལ། །དེས་ན་ཅི་ཡང་ཁེ་གྲགས་མི་བྱའོ།། །།ཆོས་དབྱིངས་རྣམ་པར་དག་པ་ལ། །བྱང་ཆུབ་ཅེས་ནི་བརྗོད་པ་ཡིན། །བྱང་ཆུབ་སེམས་ནི་རྟག་ཏུ་བརྟེན་པར་བྱ། །དེ་ལྟར་སེམས་པའི་གང་ཟག་དེ། །བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱ། །དང་པོ་རྐྱེན་ངན་དག་ལ་བྱོལ། །བརྟན་པ་ཐོབ་ནས་རྐྱེན་ངན་གྲོགས་སུ་འགྱུར། །ཉམས་ཆུང་རྣམས་ལ་རྐྱེན་ངན་གནོད་པ་བྱེད། །དེ་བས་གཅིག་པུར་གནས་ཤིང་འདུ་འཛི་སྤངས།། ༈ །།ཚེ་འདིའི་ལྟོ་རྒྱབ་ཇི་ལྟར་བྱས་ཀྱང་ཕྱིད། །བྱང་ཆུབ་

(༣༧༢)འབྲས་བུ་ཕྱི་ནས་རྩལ་ཐབས་མེད། །ཕྱི་མའི་དུས་ན་ཆོས་དང་ཕྲད་པའང་དཀའ། །དེ་བས་ཚེ་འདིར་ཆོས་ལ་ཡང་དག་འབད། །འདི་རུ་མ་བྱས་ཕྱི་མར་སྡུག་བསྔལ་ཏེ། །དེ་བས་བསོད་མས་མྱུར་དུ་བསག་པར་རིགས། །དལ་འབྱོར་མི་ལུས་ཕྱི་ནས་རྙེད་པར་དཀའ། །འོ་སྐོལ་མི་རྟག་མྱུར་དུ་འཆི་བ་ལ། །བྱེད་རྒྱུ་ཆོས་དང་བསྟུན་ལ་ལྷ་རུ་དཀོན་མཆོག་མཆོད། །བླ་མ་དམ་པ་བསྟེན་ཅིང་དམ་པའི་གདམ་ངག་ཞུས། །ཅིག་ཅར་རྟོགས་པར་དཀའ་ཡང་རིམས་ཀྱིས་རྟོགས་ཏེ་འོང་། །དངོས་གྲུབ་མྱུར་དུ་ཐོབ་ཀྱིས་ལམ་ལ་ཡིད་ཆེས་གྱིས། །དམ་པའི་གདམ་ངག་ལགས་ཀྱི་སེམས་ལ་བཟུང་ཞིང་སྒོམ། །ཆོས་རྗེ་དཔལ་ལྡན་བླ་མ་དམ་པ། སྒམ་པོ་པའི་གདམ་པ། ཉམས་ལེན་བསྡུས་པའོ། །མངྒ་ལམྦྷ་ཝནྟུ།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཇོ་བོ་ཆེན་པོ་ན་རོ་ ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཞལ་གདམས་གསང་མཛོད་མ་མ་བཞུགས་སོ།།

(༣༧༣)པའི་བརྗེད་པས། །སྐྱེ་ཤི་བར་དོ། །རྨི་ལམ་བར་དོ། །སྲིད་པའི་བར་དོ་གསུམ་དུ་གནས། །རྣམ་སྨིན་ལུས་དང་བག་ཆགས་ལུས། །ཡིད་ཀྱི་ལུས་དང་གསུམ་དུ་གནས། །ཆོས་རྣམས་ཐམས་ཅད་སྟོང་པ་དང་། །ཉིད་དང་འོད་གསལ་དག་ཏུ་གནས། །དབང་དང་འདུན་པ་དྲག་པོ་དང་། །རང་གི་ཕ་མ་གསུམ་དུ་གནས། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །བར་དོ་གསུམ་དུ་བསྲེ་བ་ཡིན། །དེ་ནི་བར་དོའི་རྣམ་བཞག་བཅའ་བའོ། །འབུམ་ལྔ་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལས། །བསྐྱེད་རྫོགས་ཟུང་འཇུག་བརྟགས་གཉིས་པདྨོ་འཁྲུངས། །ཐུགས་ཀྱི་གསང་མཛོད་གཅུག་གི་རིན་པོ་ཆེ། །གེ་སར་མཆོག་ལ་བདུད་རྩིའི་བཅུད་གནས་པ། །བླ་མའི་མན་ངག་ཉི་མའི་འོད་ཀྱིས་ཕྱེ། །ནཱ་རོ་ཆེན་པོ་སྦྲང་མའི་རྩི་ཡི་མཐུང་། །ཞལ་གྱི་གདམ་ངག་བདུད་རྩིའི་རྒྱུན་འཛག་པ། །སྐལ་ལྡན་ཚོགས་གཉིས་བསགས་པའི་རྒྱུད་བརླན་ནས། །བྱང་ཆུབ་མྱུ་གུ་སྐྱེ་འདིར་སྨིན་མཛད་པའི། །

(༣༧༤)ཞེ་སྡང་རྡོ་རྗེའི་ཞབས་ལ་སྤྱིས་བཏུད་ནས། །ཞལ་གྱི་གདམ་ངག་རིན་ཆེན་ཕྲེང་འདྲ་བའི། །ཚིག་གི་སྲང་བུས་ལེགས་རྒྱུས་བདག་གིས་བྲི། །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །ཇོ་བོ་ཆེན་པོ་ནཱ་རོ་པ་འདི་ཡི་མི་ཆོས་ཀྱི་ཡུལ་ཁ་ཆེ་ལགས་སྐད། དེ་ཡང་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་གཅིག་ཡིན། །དེ་ཡང་། བདེ་མཆོག་འཁོར་ལོའི་རྣལ་འབྱོར་གྱིས་ཡི་གེ་བདུན་པའི་སྔགས་འབུམ་ཚོ་ཅིག་བཟླས་པས། །ས་གཡོས་ཤིང་ལུང་བསྟན་པ་བྱུང་སྟེ། ཁྱོད་རྒྱ་གར་ཤར་ཕྱོགས་ཀྱི། ཇོ་བོ་ཏཻ་ལོ་པ་བྱ་བའི་རིགས་ཡིན། ཇོ་བོ་ཏཻ་ལོ་པ་བྱ་བ་དེ། ཁྱོད་ཀྱི་སྐྱེ་བ་བདུན་གྱི་བླ་མ་ཡིན་པས། དེ་ལ་གདམ་ངག་ཞུས་ལ་བསྒོམ་ཤིག། ཅེས་བྱ་བའི་ལུང་བསྟན་བྱུང་སྟེ། ཇོ་བོ་ཏཻ་ལོ་པ་དང་། ནཱ་རོ་པ་གཉིས། ཨཱ་ནནྟ་གཙུག་གི་ནོར་བུའི་གཙུག་ལག་ཁང་དུ་འཇལ་བ་ཡིན་གསུང་། ཇོ་བོ་ཏཻ་ལོ་པ་ལ་གདམ་ངག་གི་བཀའ་བཞི་བབས་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་གདམ་ངག་གི་བཀའ་གཅིག་བབས། བྲམ་ཟེ་ཆེན་པོས་ས་ར་ཧ་པའི་གདམ་ངག་གི་བཀྲའ་

(༣༧༥)གཅིག་བབས། །སློབ་དཔོན་ནག་པོ་པའི་གདམ་ངག་གི་བཀའ་གཅིག་བབས། མཁའ་འགྲོ་མ་སུ་ཀ་སི་ཏི་སྐལ་བ་བཟང་མོ་ཡི་དམ་ངག་གི་བཀའ་གཅིག་བབས་པ་ཡིན་གསུང་། །ཇོ་བོ་ཏཻ་ལོ་པའི་ཕྱགས་ཕྱིར། ཇོ་བོ་ནཱ་རོ་པས་ལོ་བཅུ་གཉིས་བཞུགས་ནས། ལོ་རེ་ལ་དཀའ་བ་མི་འདྲ་བ་ཤི་ལ་ཁད་པ་བཅུ་གཉིས་སྤྱད་པའི་མཐར། གདམ་ངག་འདི་ཚོ་སྣང་བ་ཡིན་གསུང་། ཇོ་བོ་ནཱ་རོ་པའི་སྤྱན་སྔར། བླ་མ་མར་པས་ལོ་བཅུ་གཉིས་བཞུགས་ཏེ། གསེར་གྱི་མཎྜལ་ཡང་ཡང་ཕུལ་ནས་ཞུས་པས། གདམ་ངག་འདི་ཚོག་གནང་བ་ཡིན་གསུང་། །བླ་མ་མར་པ་ལ་བླ་མ་རྔོག་གིས་སྦོང་ཐག་ལན་གསུམ་བྱས་པའི་མཐར་གདམ་ངག་འདི་གནང་བ་ཡིན་གསུང་། གདམ་ངག་འདི་ནི་སྒོམ་ངེས་པ་ལ་བསྟན་གྱི། མི་སྒོམ་པ་ལ་ནི་མི་བསྟན། ཞལ་གྱི་གདམས་པ་ཡིན་གསུང་།། །།དེ་ལ་ཇོ་བོ་ནཱ་རོ་པའི་བཞེད་པས་བར་དོ་རྣམ་གཞག་ གཏུམ་མོ་ཨ་ཐུང་གི་གདམ་ངག་ སྐྱེ་བ་མེད་པའི་དོན། འབྲི་ཀ་མ་ལ་ཤྲཱི་ལའི་གཙུག་ལག་ཁང་གི་བྱང་ཕྱོགས་སུ།

(༣༧༦)བཅའ་བ་དང་། །བར་དོ་ཉམས་སུ་ལེན་པ་གཉིས་ཡིན་གསུང་། །བར་དོ་རྣམ་བཞག་བཅའ་བ་ལ། །བར་དོ་རྣམ་པ་གསུམ་ཡིན་ཏེ། །རྟག་པ་ཕྱི་མའི་ལེའུ་གཉིས་ནས། །ཇི་ལྟར་སྒྱུ་མ་རྨི་ལམ་དང་། །ཇི་ལྟར་བར་མའི་སྲིད་པ་ཡིན། །ཞེས་བཤད་པས། སྐྱེ་ཤི་བར་དོ། །རྨི་ལམ་བར་དོ། །སྲིད་པ་བར་དོ་གསུམ་ཡིན་གསུང་། སྐྱེ་ཤི་བར་དོ་ནི། སྐྱེས་ནས་མ་ཤིའི་བར་དེ་ཡིན། རྨི་ལམ་བར་དོ་ནི། རྨི་ལམ་ཟང་ཟིང་བྱུང་ནས། གཉིད་མ་སད་ཀྱི་བར་དེ་ཡིན། སྲིད་པ་བར་དོ་ནི། ཤི་ནས་ལུས་མ་བླངས་ཀྱི་བར་དེ་ཡིན་ནོ།། །།བར་དོ་རྣམ་པ་གསུམ་ལ། ལུས་རྣམ་པ་གསུམ་ཡིན་ཏེ། །སྐྱེ་ཤི་བར་དོ་རྣམ་སྨིན་ལུས། །རྨི་ལམ་བར་དོ་བག་ཆགས་ཀྱི་ལུས། །སྲིད་པ་བར་དོ་ཡིད་ཀྱི་ལུས་ཡིན་གསུང་། །བར་དོ་རྣམ་པ་གསུམ་ལ། སྔོན་འགྲོ་རྣམ་པ་གསུམ་ཡིན་ཏེ། སྐྱེ་ཤི་བར་དོ་ལ་ཆོས་ཐམས་ཅད་འོད་གསལ་སྔོན་དུ་འགྲོ་དགོས། རྨི་ལམ་བར་དོ་གཉིད་མཐུག་པོ་སྔོན་དུ་འགྲོ། སྲིད་པ་བར་དོ་ལ་འཆི་

(༣༧༧)ཀའི་འོད་གསལ་སྔོན་དུ་འགྲོ་བ་ཡིན་གསུང་། །བར་དོ་གསུམ་ལ་མཚམས་སྦྱོར་གསུམ་ཡིན་ཏེ། སྐྱེ་ཤི་བར་དོ་ལ་དབང་གསུམ་པའི་ཉམས་ཀྱིས་མཚམས་སྦྱོར་བ་ཡིན། རྨི་ལམ་བར་དོ་ལ་འདུན་པ་དྲག་པོས་མཚམས་སྦྱོར། །སྲིད་པ་བར་དོ་ལ་ཕ་མ་གཉིས་ཀྱིས་མཚམས་སྦྱོར་བ་ཡིན་གསུང་། བར་དོ་རྣམ་པ་གསུམ་ལ་བསྲེ་བ་རྣམ་པ་གསུམ་ཡིན་ཏེ། སྐྱེ་ཤི་བར་དོ་ལ་འདོད་ཆགས་ཤས་ཆེ་བས། འདོད་ཆགས་དང་བསམ་གཏན་བསྲེ་བ་ཡིན། རྨི་ལམ་བར་དོ་ལ་གཏི་མུག་ཤས་ཆེ་བས། གཏི་མུག་དང་བསམ་གཏན་བསྲེ་བ་ཡིན། །སྲིད་པ་བར་དོ་ལ་ཞེ་སྡང་ཤས་ཆེ་བས། ཞེ་སྡང་དང་བསམ་གཏན་བསྲེ་བ་ཡིན་གསུང་། དེ་ལྟར་ན་བར་དོ་གསུམ། དེ་ལ་ལུས་གསུམ། དེ་ལ་སྔོན་འགྲོ་གསུམ། །དེ་ལ་མཚམས་སྦྱོར་གསུམ། དེ་ལ་བསྲེ་བ་གསུམ་སྟེ་ཆོས་བཅོ་ལྔ་བྱས་ནས་བར་དོ་རྣམ་བཞག་བཅོ་ལྔ་བཤད་དོ། །བར་དོ་རྣམ་པ་གསུམ་ཡིན་ཏེ། སྐྱེ་ཤི་བར་དོ། །རྨི་ལམ་བར་དོ། །སྲིད་པ་བར་དོ་དང་གསུམ་ཡིན། བར་དོ་རྣམ་པ་གསུམ་

(༣༧༨)དང་བསྲེ། འཕོ་གཉིས་ཀྱི་མན་ངག་བྱ་གསུང་། བསྲེ་བ་ནི། བསྒོམས་པས་སངས་རྒྱ་བའི་ཐབས་ཡིན། འཕོ་བ་ནི། མ་བསྒོམས་པས་སངས་རྒྱ་བའི་ཐབས་ཡིན། དེ་ལ་དང་པོ་བསྲེ་བའི་མན་ངག་བྱ་བ་ནི། སྐྱེ་ཤི་བར་དོ་ལ་བསྐྱེད་རྫོགས་གཉིས་ཀྱི་མན་ངག་དང་བསྲེ། རྨི་ལམ་བར་དོ་ནི། རྨི་ལམ་དང་བསམ་གཏན་བསྲེ་བ་ཡིན། སྐྱེ་ཤི་བར་དོ་ལ་སྐྱེད་རྫོགས་ཀྱི་མན་ངག་དང་བསྲེ་བ་ལ། སྔོན་དུ་ལུས་དང་རླུང་སྦྱང་པ་གལ་ཆེ། དཔེར་ན། ཞོ་རྐྱལ་ལེགས་པར་མ་སྤངས་པར་བཙན་ཐབས་སུ་ཞོ་བླུག་པས། ཡང་ན་རྐྱལ་པ་ཆུད་ཟོས། ཡང་ན་ཞོ་ཆུད་ཟོས་འགྲོ་བ་ཡིན། ཞོ་རྐྱལ་སྤངས་ནས་ཞོ་བླུག་པས། ཞོ་དང་རྐྱལ་པ་གཉིས་ཀ་ཆུད་མི་ཟོས་པ་ཡིན། དཔེ་དེ་བཞིན་དུ། རླུང་མ་སྦྱངས་པར་བསྒོམས་པས། ཡང་ན་ལུས་ཆུད་ཟོས་ན་ཚ་འོང་། ཡང་ན་གདམ་ངག་ཆུད་ཟོས་ཏེ་ཉམས་མྱོང་མི་སྐྱེ་བས། ཞོ་རྐྱལ་མ་སྤངས་པར་ཞོ་བླུག་པ་དང་འདྲ་བ་ཡིན་པས། སྔོན་དུ་ལུས་དང་། རླུང་སྦྱང་བ་བྱེད་པ་ལ། སྒོམ་ལ་ནད་པར་འཇུག་པའི་

(༣༧༩)དགོངས་མོ་དཀོན་མཆོག་ལ་མཆོད་པ་བྱ། ཆོས་སྐྱོང་ལ་གཏོར་མ་ཕུལ་ནས། དགེ་སྦྱོར་བྱེད་པ་ལ་བར་ཆད་མ་བཏང་ཅིག །ཅེས་པ་ལ་སོགས་པའི་གསོལ་བ་གདབ། དེ་ནས། ནང་པར་ནས་ལུས་དང་རླུང་སྒོམ་པ་ནི། སྟན་བདེ་བ་ལ། རྐང་མཐིལ་གཡས་པ་རྐུབ་ཚོས་གཡོན་གཏད། རྐང་མཐིལ་གཡོན་རྐུབ་ཚོས་གཡས་ལ་གཏད། སྒལ་ཚིགས་དྲང་ཐར་གྱིས་བསྲང་། ཏོང་མགོ་ཡིད་ཙམ་དགུག །ལྟེ་ཁུང་འོག་གི་སོར་གཉིས་ཀྱི་སར་མཉམ་བཞག་གི་ཕྱག་རྒྱ་དམ་དུ་བསྡམ། །དེ་ནས། རླུང་ཕྱིར་ཁྲུ་གང་ཙམ་དུ་བཏང་ནས་ནང་དུ་རྔུབས་ལ། སྟེང་རླུང་འོག་རླུང་བསྡམ། མི་ཐུབ་ན་སྣ་ནས་དལ་བུས་བཏང་། དེ་བཞིན་དུ་སྒོམ་པའི་ཉི་མ་ཕྱེད་ཚུན་ཆད་ཐུན་གཉིས། ཕྱེད་ཕན་ཆད་ཐུན་གཉིས། སྲོད་ལ་ཐུན་ཅིག །ཐོ་རངས་ཐུན་གཉིས་ཏེ། ཉིན་ཞག་གཉིས་ལ་ཐུན་དྲུག་ཏུ་བཅད་ལ་སྒོམ། །དེས་མགོ་དང་རྐང་པ་ལ་སོགས་མི་བདེ། རླུང་བསྡམས་ལ་གང་མི་བདེ་སར་སྤྲུག་གཅུ། དེ་བཞིན་དུ་ཞག་གསུམ་དུ་སྒོམ་

(༣༨༠)པ་ནི་ལུས་དང་རླུང་སྦྱང་བའོ། །དེ་ནས་བསྐྱེད་རྫོགས་ཀྱི་མན་ངག་སྒོམ་པ་ལ། བཞི་རྟེན་བསྐྱེད་རིམ་གཞུང་ནས་བཤད་པའི་རྒྱས་བསྡུས་བར་མ་གང་ཅིག་སྒོམ། དེ་ཡང་བརྒྱུད་ནས། ཇི་ལྟར་རིགས་པའི་རྣལ་འབྱོར་མ་སྐྱེད། ཅེས་གསུངས་པས། རྒྱས་བསྡུས་བར་མ་གསུམ་གང་མོས་ཅིག་སྒོམ། ཡང་ན། བདག་དང་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ཕྱམས་ཀྱིས་སྒོམ། དེའི་ངང་ལ་ཧེ་རུ་ཀ་གང་མོས་སམ། ལྷ་མོ་བཅོ་ལྔ་གང་མོས་པ་སྐད་ཅིག་གིས་སྒོམ། དེ་ནི་བསྐྱེད་རིམ་སྒོམ་པའོ། །དེ་ནས། རྫོགས་རིམ་སྒོམ་པ་ལ། བླ་མས་དཔེ་དོན་གཉིས་སུ་གསུངས་ཏེ། དཔེར་ན། བོད་དབུས་གཙང་གཉིས་པོ་སྒྲོད་པའི་ལམ་པོ་ཆེ་ཅིག་ཡོད་པ་ལ། ལམ་དེའི་གཡས་སུ་ཕག་རྒོད་གཡོན་དུ་སྤྲུལ། ལམ་གྱི་དཀྱིལ་དུ་གླང་པོ་ཆེ་ཡོད་ན་དེ་གསུམ་གྱིས་མི་ལ་སོགས་པ་བྱུང་ན་བསང་ནས་བཟའ། ལམ་ལ་མིའི་རྒྱུ་འགྲུལ་འཆད། དེ་གསུམ་ཡང་། གཅིག་གི་དགྲ་གཅིག་ཡིན་པས། གླང་པོ་ཆེ་འགུལ་ན་སྣ་

(༣༨༡)བུག་ན་སྦྲུལ་སོང་ནས་གསོད། སྦྲུལ་འགུལ་ན། ཕག་གིས་གསོད། ཕག་འགུལ་ན་གླང་པོ་ཆེས་གསོད་པས། དེ་གསུམ་གཅིག་ལ་གཅིག་འཇིགས་ནས་འགུལ་མི་ནུས་པ་ཡིན། །དེར་ཁོང་གསུམ་ལ་ཟ་རྒྱུ་མེད་པས། ཞག་བདུན་ནས་ལྟོགས་པའི་ནད་ཀྱིས་འཆི་བ་ཡིན། དཔེ་དེ་བཞིན་དུ། ལམ་པོ་ཆེ་དང་འདྲ་བའི་སེམས་ཅན་གྱི་རྒྱུད་ལ། །སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཁྱབ་པ་ཡོད་པ་ཡིན། དེ་ལྟར་ཡང་། རྟག་པ་དང་པོའི་ལེའུ་དང་པོ་ནས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ལུས་གནས་ལུས་ལ་མ་སྐྱེས་པའོ། །ཞེས་གསུངས་སོ། །དེ་ལྟར་ལམ་གྱི་གཡས་གཡོན་དབུས་དང་གསུམ་དུ་སྲོག་ཆགས་གསུམ་ཡོད་པས། མིའི་རྒྱུ་འགྲུལ་ཆད་པ་བཞིན་དུ། རང་གི་རྒྱུད་ལ་ཡོད་པའི་གླང་པོ་ཆེ་དང་འདྲ་བའི་འདོད་ཆགས། སྦྲུལ་དང་འདྲ་བའི་ཞེ་སྡང་། ཕག་དང་འདྲ་བའི་གཏི་མུག་གསུམ་གྱིས། རང་གི་རྒྱུད་ལ་ཡོད་པའི་ཡེ་ཤེས་སྐྱེ་བ་བཀག །སེམས་

(༣༨༢)ཅན་གསུམ་པོ་ལྟོགས་ཏེ་འཆི་བ་དང་འདྲ་བར། བླ་མའི་གདམ་ཞག་བདུན་བསྒོམ་བསྒོམས་ན། དུག་གསུམ་མི་རྟོག་པར་འཆར་བ་ཡིན། །དུག་གསུམ་མི་རྟོག་པར་འཆར་བ་ལ། དུས་ཀྱི་གནད། །ལུས་ཀྱི་གནད། ཡུལ་གྱི་གནད། གསུམ་ཡིན། །དེ་ལ་དང་པོ་དུས་ཀྱི་གནད་བྱ་བ། དྷཱུ་ཏཱིར་རླུང་རྒྱུ་བའི་དུས་སུ་སྒོམ། དེ་ཡང་སྣ་བུག་གཡས་ནས་རྒྱུ་བ་དང་། གཡོན་ནས་རྒྱུ་བ་དང་། གཉིས་ཀ་ནས་དྲག་པར་རྒྱུ་བའི་དུས་སུ་མི་སྒོམ། གཉིས་ཀ་ནས་དལ་བར་རྒྱུ་བའི་དུས་སུ་སྒོམ་མོ། །འོ་ན་བཞན་དུ་མི་བསྒོམ་མམ་བྱས་པས། བཞན་དུའང་སྒོམ་སྟེ། ཁྱད་པར་དུ་དུས་དེར་སྒོམ་པ་ཡིན་གསུང་། །ལུས་གཅོས་པའི་གནད་ལ། །རེ་དམིག་ལྟར་བསྣོལ་བ། མངའ་ལྟར་བསྲང་བ། ལྕགས་ཀྱུ་ལྟར་དགུག་པ། རྒྱ་མདུད་ལྟར་བསྡམ་པ། ལི་དྲི་སྒྲིམ་པ་དང་ལྔ་ཡིན་གསུངས། །དེ་ནས་སྟན་བདེ་བ་ལ་འདུག་ལ། རྐང་མཐིལ་གཡས་པ་རྐུབ་ཚོས་གཡོན། རྐང་མཐིལ་གཡོན་པ་རྐུབ་ཚོས་གཡས་ལ་གཏང་

(༣༨༣)ལ། གཉིས་པ་སྒལ་ཚིགས་དྲང་ཐར་གྱིས་བསྲང་། གསུམ་པ་ཨོས་ཀོ་ཡིད་ཙམ་འགུག །བཞི་པ་ལྟེ་བ་ནས་སོར་བཞིའི་འོག་ཏུ་མཉམ་བཞག་གི་ཕྱག་རྒྱ་དམ་དུ་བསྡམ། ལྔ་པ་ལི་དྲིའི་ཐག་པ་དེ། མ་སྒྲིམས་ན་འཆད། སྒྲིམས་ན་མི་འཆད་པ་བཞིན་དུ། སེམས་མ་སྒྲིམས་ན་ཉམས་མྱོང་མི་སྐྱེ་བས། སེམས་ཤིན་ཏུ་སྒྲིམ་གསུང་ངོ་། །དེ་ལ་ཡུལ་གྱི་གནད་ལ། ལར་འོ་སྐོལ་གྱི་ལུས་འདི་ལ། འཁོར་ལོ་བཞི་ཡོད་པའི་ལྟེ་བ་ནས་ཨ་ཝ་དྷུ་ཏི་ཐལ་གྱིས་ཕུག་ནས། ཡར་སྣ་ཚངས་པའི་བུ་ག་ལ་གཏད། མར་སྣ་ལྟེ་བ་ནས་སོར་བཞིའི་འོག་ཏུ་ཟུག་པ་ཡིན་གསུང་། །གཡས་གཡོན་གཉིས་ཀྱི་རྩ་ནས་སྨིན་མཚམས་སུ་གཏད། དེ་ནས་གཡས་གཡོན་དུ་གྱེས་ཏེ་འཁོར་ལོ་བཞི་ལ་འབྱར་ཙམ་རེ་བྱས་ནས། གཉེར་པོ་ཆེ་ན་འཁྱུད་ནས་ཡོད་པ་ཡིན་ནོ། །འོ་ན་ཡུལ་གྱི་གནད་གར་སྒོམ་ན། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དང་། མགྲིན་ལོངས་སྤྱོད་ཀྱི་འཁོར་ལོ་དང་། སྙིང་ཀ་ཆོས་ཀྱི་འཁོར་ལོ་རྣམས་སུ་མི་སྒོམ་

(༣༨༤)ལྟེ་བ་སྤྲུལ་པའི་འཁོར་ལོར་ཡང་མི་སྒོམ། ལྟེ་བ་ནས་སོར་བཞིའི་འོག །རྩ་གསུམ་འདུས་པའི་སུམ་མདོར་སེམས་གཏོད་པ་ཡིན་གསུང་། །དེ་ནས་རླུང་ཕྱིར་འགྲོ་ནང་འགྲོ་ལན་བཅུ་གསུམ་ཙམ་བྱས་ལ། རླུང་ཕྱིར་ཁྲུ་གང་ཙམ་བཏང་། དེ་ནས་ནང་དུ་རྔུབས་ནས། གཡས་གཡོན་གྱི་རྩ་གཉིས་ཀྱི་ནང་ན་མར་སོང་ནས། ཡར་ལོག་སྟེ་རྩ་དབུ་མར་ཚུད་པས། དཔེར་ན། ཐལ་བས་གཡོགས་པའི་མེ་ལ་ཕུས་བཏབ་པས། མེ་རེང་གིས་འོང་བ་བཞིན་དུ། རྩ་དབུ་མར་རླུང་ཚུད་པ་ཙམ་གྱིས་རྩ་གསུམ་འདུས་པའི་སུམ་མདོ་ན་གཏུམ་མོའི་མེ། མར་མེའི་རྩེ་མོ་རླུང་གིས་མ་སྐྱོད་པ་ལྟ་བུ། སྦོམ་འཕྲ་རྟ་རྔ་ཙམ་ལ་རིང་ཐུང་སྙིང་ཀ་ཆོས་ཀྱི་འཁོར་ལོ་སླེབ་པའམ། ཡང་ན་ལྟེ་བར་སླེབ་པ་ཙམ་ལ་སེམས་དམིགས་པ་ནི་རླུང་རྔུབ་པའོ། །དེ་ནས་སྟེང་རླུང་བསྡམ་པ་ནི་དགང་བའོ། །དབུ་མར་རླུང་ཚུད་ནས་ཉམས་མྱོང་སྐྱེ་བ་ནི་གཞིལ་བའོ། །རླུང་མ་ཐུབ་ན་བ་སྤུའི་བུ་ག་ཐམས་ཅད་ན་ཕར་ལ་སིབ་སིབ་སོང་བར་སྒོམ། དེས་ཀྱང་ན་ཐུབ་ན། སྣ་བུག་

(༣༨༥)གཡས་ནས་དལ་བུས་བཏང་ལ། རླུང་ལྷག་མ་ཨེན་རེ་བཞག །སེམས་ཀྱིས་ཚངས་བུག་ན་ཡར་ལ་བུན་བུན་བཏང་བ་ནི། མི་ཐུབ་ན་འཕང་བའོ། །དེ་ལྟར་ཡང་ནས་ཡང་དུ་ཐུན་བསྐྱེད་དེ་བསྒོམས་པས། དང་པོ་དྲོད་སྐྱེ། དེ་ནས་བདེ་བ་སྐྱེ། དེ་ནས་མི་རྟོག་པ་སྐྱེ་བ་ཡིན་གསུང་། དེ་ཡང་། སྒོམ་རེམ་ན་ཟླ་བ་གསུམ་ན་ཉམས་མྱོང་སྐྱེ་ཞན་ནའང་། དྲུག་ཙམ་ནས་མི་སྐྱེ། མི་སྲིད་གསུང་ངོ་། །དང་པོ་འདི་ལ་འབྱོངས་པ་གལ་ཆེ། འདི་ལ་ཟླ་བ་དྲུག་བདུན་བསྒོམས་ཏེ་ཉམས་མྱོང་སྐྱེས་པ་ཅིག་གིས། གདོད་འོད་གསལ་དང་བཞན་བསྒོམ་ན་ཚེགས་མེད་པ་ཡིན་ཏེ། སྒྱུ་ལུས་ལ་སོགས་པ་སྒོམ་པའི་དུས་སུ་ཡང་། འདི་ཡེ་མ་སྒོམ་པ་མ་ཡིན། དང་པོ་འདི་དུམ་རེ་སྒོམ། དེ་ནས་སྒྱུ་ལུས་ལ་སོགས་པ་གཙོ་ཆེན་སྒོམ་གསུང་ངོ་། །དེས་ནི། སྐྱེ་ཤི་བར་དོར་བསྐྱེད་རྫོགས་གཉིས་དང་བསྲེ་བ་བཤད་དོ། །དེ་ནས། རྨི་ལམ་བར་དོ་ལ། རླུང་དང་ཐུན་ལ་ཚད་མེད། དུས་འདིར་ལུས་འདི་ལྟར་ཆོས་ལ་ཤེས་པ་འདི་ལ་གཏོང་ལ་གོང་མ་ནི་དེ་ཙམ་གོ་བ་ཅིག་ལ་དེ་ལྟར་བསྟན་པ་ཡིན་ནོ། །

(༣༨༦)རྨི་ལམ་དང་བསམ་གཏན་བསྲེ་བར་བྱ་བ་དེ་ཡིན། དེ་ལ་རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་དང་། གཉིད་མི་འོང་བར་བྱ་བའི་ཐབས་དང་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་དང་རྨི་ལམ་སྤེལ་བ་དང་། རྨི་ལམ་སྤྱང་བ་དང་ལྔ་ཡིན་གསུང་། །དེ་རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་ནི། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན། དེ་ཡང་། བདེ་བ་ཅི་བྱུང་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་ཡིན་ཏེ། ཁ་སང་ཕན་ཆད་དུ་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པ་དང་། འདང་གི་རྨི་ལམ་དུ་ལོངས་སྤྱད་པ་གཉིས། དེ་རིང་གི་ཉི་མ་ལ་ཁྱད་པར་ཅུང་ཟད་ཀྱང་མི་འདུག །དེས་ན། བདེ་བ་ཅི་བྱུང་ཐམས་ཅད་ཀྱང་རྨི་ལམ་ལྟ་བུར་འདུག །སྡུག་བསྔལ་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་ཡིན་ཏེ། ཁ་སང་ཕན་ཆད་དུ་ལུས་དང་སེམས་ཀྱི་སྡུག་བསྔལ་མང་པོ་ཅི་སྤྱད་པ་དང་། འདད་རྨི་ལམ་དུ་སྤྱད་པ་གཉིས། དེ་རིང་གི་ཉི་མ་ལ་ཁྱད་པར་ཅུང་ཀྱང་མི་འདུག །དེས་ན། སྡུག་བསྔལ་ཅི་བྱུང་ཐམས་ཅད་ཀྱང་རྨི་ལམ་ལྟ་བུར་འདུག །བཞན་ཡང་། ཁ་སང་

(༣༨༧)ཕན་ཆད་དུ་ལྷའི་བདུད་རྩི་རོ་བཅུད་དང་ལྡན་པ་ཅིག་ཁམ་ཁམ་ཟོས་པ་དང་། མགོ་རལ་གྲིས་འགེམས་པ་དང་། ལུས་ལ་མཚོན་གྱིས་དུམ་བུར་བཏུབ་པ་ལ་སོགས་པ་སྤྱང་དང་། འདད་རྨི་ལམ་དུ་སྤྱང་པ་གཉིས་དེ་རིང་གི་ཉི་མ་ལ་ཁྱད་པར་བཅུང་ཟད་ཀྱང་མེད་དོ། །དེས་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་འདུག་པས། རྨི་ལམ་རྨི་བར་བྱའོ། །རྨི་ལམ་དེ་ཡང་ངོ་མཚར་ཅན། སྟོད་ནས་མེ་འབར་ཞིང་། སྨད་ནས་ཆུ་བབ་པའམ། ཉི་ཟླ་རྐང་པས་རྫི་བའམ། ཇོ་བོ་ནཱ་རོ་པ་དང་མཇལ་བའམ། རང་གི་ཡི་དམ་ལྷའི་ཞལ་མཐོང་བ་ལ་སོགས་པ་རྨི་བར་བྱའོ། །དེས་ཀྱང་མི་འོང་། ལག་ལེན་ལ་འདི་གལ་ཆེ་བས། རྨི་ལམ་རྨི་བའི་དུས་སུ་རྨི་ལམ་དུ་ཤེས་པར་བྱའོ། །སྙམ་པའི་འདུན་པ་ཡང་ཡང་བྱའོ།། །།གཉིད་མི་འོང་བ་འོང་བར་བྱ་བ་ནི། མགྲིན་པར་རྩ་འདབ་མ་བཞི་པ་ལྟེ་བ་དང་བཅས་པ་ཅིག་སྒོམ། དེ་ལ་ཡི་གེ་དགོད་ནས་སེམས་རྒྱུ་ཅིག་ཡོད་དེ། ལག་ལེན་ལ་དེས་མི་འོང་བས། སྨིན་མཚམས་སུ་ཐིག་ལེ་དཀར་ལ་ཚེར་བ། སྣུམ་ལ་འགྲིལ་བ་

(༣༨༨)སྲན་རྡོག་ཙམ་ཅིག་སྒོམ། དེ་ལས་བཞན་དུ་མི་འཕོ་ཙམ་དུ་སྒོམ། །རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་བ་ནི། བག་ཆགས་ཀྱི་དབང་གིས་རྨི་སྟེ། དེ་ཡང་། དེ་རིང་ལྟད་མོ་ཆེན་པོ་ཅིག་བལྟས་ན། དོ་ནུབ་རྨི་ལམ་དུ། རྟ་རྒྱུག །དུང་འབུད། དར་འཕྱར་བ་ལ་སོགས་པ་རྨི་བ་དེ་བཞིན་དུ། སྔར་གྱི་འདུན་པའི་སྟོབས་ཀྱིས་རྨི་ལམ་རྨིས་པའི་དུས་སུ། རྨི་ལམ་ལ་རྨི་ལམ་དུ་ཤེས་པ་འབྱུང་སྟེ། དེ་ཡང་ཁྱི་དང་བུད་མེད་ལ་སོགས་པ་རྨི་བའི་དུས་སུ། རྨི་ལམ་གྱི་ཁྱི་དང་བུད་མེད་ཡིན་སྙམ་པ་འབྱུང་ངོ་།། །།རྨི་ལམ་སྤེལ་བ་ནི། གང་རྨིས་པ་དེ་ལ་གཅིག་ལ་གཉིས་ལ་སོགས་པ་ལོག་པོར་སྤེལ་ནས། འཇིག་རྟེན་གྱིས་ཁམས་ཐམས་ཅད་མེར་མེར་གང་བར་སྒོམ་མོ། །རྨི་ལམ་སྦྱང་བ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཡི་དམ་ལྷ་དང་ལྷ་མོར་སྒོམ། དེའི་དུས་སུ། ཉམས་སུ་མྱོང་བ་སྐྱེ་བ་བྱ་བ་དེ། དང་པོ་བླ་མའི་གསུང་སྒྲོས་ཡིན་གསུང་། །བླ་མ་རིན་པོ་ཆེའི་ཞལ་ནས། རང་

(༣༨༩)གིས་བསྒོམས་པ་དང་། བཞན་སྒོམ་དུ་བཅུག་པ་དང་། ཐམས་ཅད་ལ་མཐུན་པར། རྨི་ལམ་གྱི་འདུ་ཤེས་སྔོན་དུ་བཏང་བ་དང་། གཉིད་མི་འོང་བ་འོང་བར་བྱ་བའི་ཐབས་བྱས་ནས། རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པའི་དུས་སུ། བདེ་སྟོང་གི་ཉམས་མྱོང་རྒྱུད་ལ་སྐྱེ་བ་ཡིན་གསུང་། དེས་ནི། རྨི་ལམ་བར་དོ་ལ་རྨི་ལམ་དང་བསམ་གཏན་བསྲེ་བ་བཤད་དོ། །དེ་གཉིས་མ་ཤི་བར་གྱི་སྒོམ་རྒྱུ་ཡིན་གསུང་། དེ་ཡང་། ཉལ་བའི་དུས་སུ། རྩ་རླུང་གི་རྫོགས་རིམ་སྒོམ། །དེ་གཉིས་ཀ་ལ་སྐྱེན་གཉིས་ཀ་སྒོམ། གཅིག་ལས་མི་སྐྱེ་ན། གཏུམ་མོ་ལྟ་བུ་ལ་སྐྱེ་ན། རྨི་ལམ་ལ་གཏུམ་མོ་སྒོམ། རྨི་ལམ་ལྟ་བུ་ལ་སྐྱེ་ན། གཏུམ་མོ་བཞག་ནས་རྨི་ལམ་སྒོམ། དེ་གཉིས་ཀ་ལ་ཉམས་སྐྱེ་ཡང་རུང་། གང་རུང་ཅིག་ལ་སྐྱེ་ཡང་རུང་སྟེ་མཉམ་རྗེས་མེད་པར་ཉམས་སུ་མྱོང་བ་སྐྱེ་བ་དཀའ། མཉམ་བཞག་གི་ཉམས་མྱོང་ཅིག་མེད་ཐབས་མེད་གསུང་།

(༣༩༠)མཉམ་བཞག་གི་ཉམས་མྱོང་དེ་སྲད་པ་བར་དོར་བསྲེ་ལ། བར་དོ་དང་པོ་འཆི་ཀའི་འོད་གསལ་ལ་བརྟེན་ནས། ཆོས་སྐུ་ངོས་བཟུང་བ་དང་། བར་དོ་གཉིས་པ་མ་དག་པའི་སྒྱུ་ལུས་ལ་བརྟེན་ནས། ཟུང་འཇུག་གི་སྐུ་དངོས་བཟུང་བ་དང་། བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་གསུམ་ཡིན་གསུང་། །དེ་ལ་བར་དོ་དང་པོ་འཆི་ཀའི་འོད་གསལ་ལ་བརྟེན་ནས། ཆོས་སྐུ་ངོས་བཟུང་བ་ལ། རང་འཆི་བའི་དུས་སུ། ཤེད་ཀྱིས་ནུས་ན་ཙོག་པུར་འདུག །སློབ་མའམ་གྲོགས་པོ་གཅིག་གིས་རྒྱབ་ནས་རྟེན་ལ། ང་ཤི་ནས་ངའི་རོ་འདི། ཁྱོད་ཀྱིས་ལོང་ཡོད་ན་ཞག་གསུམ། མེད་ན་ཞག་གཅིག་མ་སྒུལ་ཅིག་བྱ། དེ་ནས། རང་གི་ལྟེ་བའི་འོག་རྩ་གསུམ་འདུས་པའི་སུམ་མདོ་རུ། རྩ་པདྨ་འདབ་བཞི་པ་དབུས་ཀྱི་ལྟེ་བ་དང་བཅས་པའི་གཅིག་བསམ། ལྟེ་བ་ལ་ཨ་གཅིག་སྒོམ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར། དེ་ཡང་དང་པོ་སྤྲིན་དང་འདྲ་སྟེ། ཅེས་གསུངས་པས། སྤྲིན་བར་གྱི་ཉི་མ་ལྟར་མཉམ་བཞག་ཡོད་པས་ཆོག། མ་ནུས་ན་སེང་གེའི་ཉལ་ཐབས་བྱ། སྒུལ་ན་འོད་གསལ་མི་ཟིན།

(༣༩༡)གསལ་བར་བསྒོམས་ལ། དེ་ནས། འབྱུང་བ་ས་ཆུ་ལ་ཐིམ་པའི་དུས་སུ། ནད་གཡོག་པས་བལྟས་པས། ལུས་ཟུང་མི་ཐུབ། གདོད་པ་ལས་གོས་པ། རྣ་བ་ཆག་པ། སྣ་ཞོམ་པ་ཅིག་འབྱུང་། དེའི་བུས་སུ་འཆི་བ་པོ་རང་གི་ཤེས་པ་ལ། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྤྲིན་གྱི་རྣམ་པ་ལྟ་བུ་ལོང་ལོང་པ་ཅིག་འབྱུང་། དེ་ཡང་གུར་གྱི་ལེའུ་བཞི་པ་ལས། དང་པོ་སྤྲིན་གྱི་རྣམ་པ་སྟེ། །ཅེས་གསུངས་པས། དེའི་དུས་སུ། མདུན་གྱི་ཨ་ལ་ཤེས་པ་གཏད། །དེ་ནས་ཆུ་མེ་ལ་ཐིམ་པའི་དུས་སུ། ནད་གཡོག་པས་བལྟས་པས། ཁ་ཆུ། སྣ་ཆུ། ལན་ཅིག་ཕྱིར་ལྷུག་པ་ཅིག་འབྱུང་། དེ་ནས། སངས་ལ་སྐམས་ནས་འགྲོ། །འཆི་བ་པོ་རང་གི་ཤེས་པ་ལ། སྣང་གྲགས་ཀྱི་ཆོས་ཐམས་ཅད་དུ་བའི་རྣམ་པ་ལྟ་བུ། བུན་བུན་པ་ཅིག་འབྱུང་། དེ་ཡང་། གཉིས་པ་དུ་བ་ལྟ་བུའོ། །ཞེས་གསུངས་པས། དེའི་དུས་སུ་གཡས་ཀྱི་ནུ་ལ་ཤེས་པ་གཏད།། །།དེ་ནས་མེ་རླུང་ལ་ཐིམ་པའི་དུས་སུ། ནད་གཡོག་པས་བལྟས་པས་ལུས་ཀྱི་དྲོད་ཤོར་ནས། རྔོ་བཞིན་གྲང་ལྷང་གིས་

(༣༩༢)འགྲོ། འཆི་བ་པོ་རང་གི་ཤེས་པ་ལ། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྲིན་བུ་མེ་ཁྱེར་གྱི་རྣམ་པ་ལྟེ་ལྟ་བུ། ཆེས་མི་གསལ་བ་ཅིག་འབྱུང་། དེ་ཡང་། གསུམ་པ་སྲིན་བུ་མེ་ཁྱེར་དངོས། ཤེས་གསུངས་པས། དེའི་དུས་སུ་རྒྱབ་ཀྱི་ཏ་ལ་ཤེས་པ་གཏད། །དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ། ནད་གཡོགས་པས་བལྟས་པས། དབུགས་ངར་ངར་པོ་དང་། ཤ་ཤ་པོ་འབྱུང་། འཆི་བ་པོ་རང་གི་ཤེས་པ་ལ། སྣང་གྲགས་ཀྱི་ཆོས་ཐམས་ཅད་མར་མའི་རྣམ་པ་ལྟ་བུ། བཀྲ་ལམ་མེ་གསལ་བ་ཅིག་འབྱུང་། །དེ་ཡང་། བཞི་པ་མར་མེ་གསལ་འབར་བ། །ཅེས་གསུངས་པས། དེའི་དུས་སུ་གཡོན་གྱི་ར་ལ་ཤེས་པ་གཏད། །དེ་ལྟར་རྣམ་པར་ཤེས་པ་སྣང་བ་རགས་པ་ཕྲ་བ་ཤིན་དུ་ཕྲ་བ་ལ་ཐིམ་པའི་དུས་སུ། ནད་གཡོག་པས་བལྟས་པས། ལུས་ལ་གཡོ་འགུལ་མེད། དབུགས་འབྱུང་རྔུབ་མེད། དེར་ནད་པ་ཤི་གདའ་བྱ་བ་ལས་མེད། །འཆི་བ་པོ་རང་གི་ཤེས་པ་དེ་ཅུང་ཞིག་མི་འཕྲོ། དེའི་དུས་སུ་དབུས་ཀྱི་ཨ་ལ་ཤེས་པ་གཏད། སྔར་གྱི་བསྒོམས་པའི་ཉམས་

(༣༩༣)སྔར་གྱི་བསྒོམས་པའི་ཉམས་མྱོང་གི་སྟེང་དུ་བཞག་པས། དེའི་དུས་སུ་སེམས་ཅན་ཐམས་ཅད་ལ་ཆོས་སྐུ་ཇི་ལྟ་བ་ཅིག་ཤུགས་ཀྱིས་སྐྱེ་བ་དང་། སྔར་གྱི་ཉམས་གཉིས་འདྲེས་ནས། དེ་ཉིད་དུ་འབྲས་བུ་ཆོས་སྐུ་ཐོབ་པ་ཡིན། །དེ་ལྟར་ཡང་དག་སྣང་བ་ནི། སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཐམས་ཅད་མཁྱེན་པའི་རྒྱུད་དེ་དེ། །དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། །ཞེས་གསུངས་པས། བར་དོ་རྣམ་པ་ཐམས་ཅད་དུ་ལྡང་མི་སྲིད་གསུང་ངོ་། །དེ་རྣམས་ནི་རྒྱུད་ཀྱི་བཤད་པ་དང་བཏུན་པ་ཡིན། ལག་ལེན་ལ་དེ་རྣམས་འདྲ་བས་རྩ་གསུམ་འདུས་པའི་སུམ་མདོ་རུ་རྩ་པདྨ་འདབ་མ་བཞི་པ་དབུས་ཀྱི་ལྟེ་བ་དང་བཅས་པ་གཅིག་སྒོམ། དབུས་ཀྱི་ལྟེ་བ་ཨ་གཅིག་སྒོམ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་གསལ་བར་སྒོམ། རྟགས་ཚེ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། དང་པོ་མདུན་གྱི་ཨ་ལ་ཤེས་པ་བཞག །དེ་ནས་ནུ། དེ་ནས་ཏ། དེ་ནས་ར། དེ་ནས་དབུས་ཀྱི་ཨ་ལ་ཤེས་པ་པུར་གྱིས་བཅུག་ནས། སྔར་གྱི་སྒོམས་པའི་ཉམས་ལ་བློ་ལྷན་གྱིས་བཞག་པས་

(༣༩༤)དེའི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཆི་བ་ཆོས་ཀྱི་སྐུ་ཇི་ལྟ་བ་ཅིག་རང་ཤུགས་ཀྱིས་སྐྱེ་བ་དང་། སྒོམས་པའི་ཉམས་གཉིས་འདྲིས་ནས། དེ་ཉིད་དུ་འབྲས་བུ་ཆོས་སྐུ་ཐོབ་པ་ཡིན། དེ་ནས། བར་དོ་རྣམ་པ་ཐམས་ཅད་དུ་ལྡང་མི་སྲིད་པ་ཡིན་གསུང་། །དེས་རོ་འོད་དང་ལྡན་པ། ཁ་དོག་དང་ལྡན་པ། སྣུམ་ཞུལ་ལ་བ་ཅིག་འབྱུང་བ་ཡིན་གསུང་། དེས་ནི། བར་དོ་དང་པོ་འཆི་ཀའི་འོད་གསལ་ལ་བརྟེན་ནས། ཆོས་སྐུ་ངོས་བཟུང་བ་བཤད་དོ། །དེ་ནས། བར་དོ་གཉིས་པ་མ་དག་པའི་སྒྱུ་ལུས་ལ་བརྟེན་ནས། ཟུང་འཇུག་གི་སྐུ་ངོས་བཟུང་བ་ལ། བར་དོ་དང་པོ་འཆི་ཀའི་འོད་གསལ་ལ་བརྟེན་ནས། ཆོས་སྐུ་ངོས་མ་ཟིན་ན། ཤི་ནས་བར་དོར་ཞག་བདུན་ཚན་བདུན་ནས་ཀྱང་། བདུན་ཚད་དང་པོ་ལ་མ་ཟིན་ན། དེ་ནས་ཟིན་པར་དཀའ་བས། ཞག་བདུན་ཚན་དང་པོ་ལ་འཛིན་དགོས། བདུན་ཚད་དང་པོ་ལ་ཞག་ཕྱེད་དང་བཞི་འདས་པའི་རྗེས་སུ་དྲན་པ་འབྱུང་། །ཕྱེད་དང་བཞི་མ་འོངས་པ་རྗེས་སུ་དྲན་པ་འབྱུང་། དེ་ཡང་འདས་པ་རྗེས་སུ་དྲན་ངེས་གཅིག་གིས་སངས་རྒྱ་བའི་ཐབས།

(༣༩༥)པ་ཞེས་པ་དེ། བདག་ཤི་བ་ཡིན། རོ་འདི་ཡང་བདག་གི་རོ་ཡིན་སྙམ་པ་འབྱུང་། རང་གི་སློབ་མ་དང་། གྲོགས་པོ་དང་། སྤུན་ཟླ་ལ་སོགས་པ་ཐམས་ཅད་ཀྱང་གསལ་བར་དྲན་པ་ཅིག་འབྱུང་། དེའི་དུས་སུ། བར་དོ་དང་པོ་ཆོས་ཀྱི་སྐུ་ངོས་མ་ཟིན་པར་འདུག་པས། བར་དོ་གཉིས་པ་ཟུང་འཇུག་གི་སྐུ་ངོས་ཟིན་པར་བྱ་སྙམ་པ་ཡིད་ལ་བྱ། དེ་ནས་ཡིད་ཀྱི་ལུས་དེས། རང་ཡི་དམ་གྱི་ལྷ་དཔལ་དགྱེས་པ་རྡོ་རྗེ་བསྒོམ། རང་སེམས་བདེ་སྟོང་ཟབ་མོ་སྔར་གྱི་སྒོམས་པའི་ཉམས་ལ་བློ་ལྷན་གྱིས་བཞག་པས། ཞག་ཕྱེད་དང་བཞི་བསྐྱེད་རྫོགས་གཉིས་བར་མ་ཆད་པར་ཕྲིལ་ཕྲིལ་བསྒོམས་པས། དེ་ཉིད་དུ་འབྲས་བུ་ཟུང་འཇུག་གྱི་སྐུ་འཐོབ་པ་ཡིན་གསུང་ངོ། །དེས་བར་དོ་གཉིས་མ་དག་པའི་སྒྱུ་ལུས་ལ་བརྟེན་ནས། ཟུང་འཇུག་གི་སྐུ་ངོས་བཟུང་བ་བཤད་དོ། །དེ་ནས་བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་ལ། ཞག་ཕྱེད་དང་བཞི་འདས་པའི་རྗེས་སུ་དྲན་པའི་དུས་སུ་ཟུང་འཇུག་གི་སྐུ་ངོས་མ་ཟིན་ན། ཞག་ཕྱེད་དང་བཞི་མ་འོངས་པ་རྗེས་སུ་དྲན་ད་ལྟ་བས་སྟོང་འགྱུར་གྱི་གསལ་བས་ལོངས་སྐུ་ཐོབ་

(༣༩༦)པའི་དུས་སུ། འགྲོ་དྲུག་གི་སྒོ་དགག་དགོས་པ་ཡིན། དེ་ཡང་། མ་འོངས་པ་རྗེས་སུ་དྲན་པའི་དུས་སུ་གར་སྐྱེ་ངོ་ཤེས་པ་ཅིག་འོང་སྟེ། ལྷར་སྐྱེའམ། མིར་སྐྱེའམ། ལྷ་མ་ཡིན་དུ་སྐྱེ་བའམ། གར་སྐྱེ་བ་དེའི་ཕ་དང་། མ་དང་། རང་རེའི་རྣམ་པ་ཝལ་གྱིས་འཆར་བ་ཅིག་འབྱུང་། དེའི་དུས་སུ་རང་གི་ཕ་དེ་རྡོ་རྗེ་སློབ་དཔོན་དང་། མ་དེ་རྡོ་རྗེ་སློབ་དཔོན་གྱི་ཡུམ་དུ་བསྒོམས་ལ། སློབ་དཔོན་ཡབ་ཡུམ་ལ་དབང་ཞུ་བ་དང་། གདམ་ངག་གི་གསོལ་བ་འདེབས་པར་བསྒོམས་པས་བླ་མ་ཡབ་ཡུམ་ལ་ཆགས་སྡང་སྐྱེ་མི་སྲིད་པས། སྐྱེ་བ་ལེན་མི་སྲིད་པ་ཡིན་གསུང་། །ཡང་ན། ཕ་མ་གཉིས་དགྱེས་རྡོར་ཡབ་ཡུམ་དུ་བསྒོམ་པས། ཡི་དམ་གྱི་ལྷ་ཡབ་ཡུམ་ལ་ཆགས་སྡང་སྐྱེ་བ་མི་སྲིད་གསུང་། དེས་ནི། བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་བཤད་དོ།། །།དེས་མ་ཁེགས་ན། ད་ལུས་ལེན་པས། ད་མངལ་གྱི་གྲོང་ཁྱེར་བསྡམས་པར་བྱེད་དགོས་པ་ཡིན། དེ་ལ་རང་དབང་མེད་པར་ལུས་ལེན་མི་སྲིད་པས། ལྷའམ། མིའི་ནང་ནས་ཀྱང་། ཆོས་བྱེད་

(༣༩༧)པ་ཅིག་གི་བུར་སྐྱེ་བར་བྱའོ། །སྙམ་པའི་འདུན་པ་བཏང་བས། སྔར་བླ་མས་དབང་བསྐུར་བ་དང་། རང་གི་བསྐྱེད་རིམ་བསྒོམས་པའི་སྟོབས་ཀྱིས། གང་འདོད་པའི་རིགས་སུ་སྐྱེའོ། །དེས་ནི། རིགས་དྲུག་གི་མངལ་སྒོ་མ་ཁེགས་ན། མངལ་ཁ་བསྡམས་པ་བཤད་དོ། །དེ་ལྟར་བྱས་པས། འཆི་ཁའི་འོད་གསལ་ལ་བརྟེན་ནས་ཆོས་སྐུ་ངོས་ཟིན་པ་དེས། ཚེ་འདི་ལ་སངས་རྒྱ་བའི་ཐབས་བཤད་པ་ཡིན། དག་དང་མ་དག་ལ་བརྟེན་ནས་ཟུང་འཇུག་གི་སྐུ་ངོས་བཟུང་བ་དང་། འགྲོ་དྲུག་གི་སྒོ་དགག་པ་གཉིས་ཀྱིས། བར་དོར་སངས་རྒྱ་བའི་ཐབས་བཤད་པ་ཡིན། མངལ་ཁ་བསྡམས་པ་དེས། སྐྱེ་བ་བརྒྱུད་ནས་སངས་རྒྱ་བའི་ཐབས་བཤད་པ་ཡིན། དེ་ལྟར་ན། བསྲེ་བའི་མན་ངག་བྱ་བ་དེ་ལ། སྐྱེ་ཤི་བར་དོར་བསྐྱེད་རྫོགས་གཉིས་ཀྱི་མན་ངག་དང་བསྲེ། །རྨི་ལམ་བར་དོར་རྨི་ལམ་དང་བསམ་གཏན་བསྲེ། །དེ་གཉིས་མ་ཤི་བར་དུ་སྒོམ་རྒྱུ་ཡིན། དེ་གཉིས་ལ་སྒོམས་པའི་ཉམས་མྱོང་ཡོད་པ་གཅིག་གིས་སྲིད་པ་བར་དོར་བསྲེ་བ་ལ་བར་དོ་དང་པོ་འཆི་ཀའི་འོད་གསལ་ལ་བརྟེན་ནས། ཆོས་སྐུ་ངོས་བཟུང་བ་དང་། བར་དོ་གཉིས་པ་མ་དག་པའི་སྒྱུ་ལུས་ལ་བརྟེན་ནས་

(༣༩༨)ཟུང་འཇུག་གི་སྐུ་ངོས་བཟུང་བ་དང་། བར་དོ་གསུམ་པ་འགྲོ་དྲུག་གི་སྒོ་དགག་པ་གསུམ་དུ་བྱས་ནས། བསྲེ་བའི་མན་ངག་བསྒོམས་ནས་སངས་རྒྱས་པའི་ཐབས་བཤད་དོ།། །།ང་འཕོ་བའི་མན་ངག་བྱ་བ་དེ་ཡིན། དེ་ལ་བླ་མའི་ཞལ་ནས། །བསྒོམས་ནས་སངས་ནི་ཀུན་ཀྱང་རྒྱ། །མ་བསྒོམས་རྒྱ་ན་རྒྱ་དེས་ཡིན། །ཞེས་གསུངས་པས། མ་བསྒོམས་པར་སངས་རྒྱ་བའི་ཐབས། འཕོ་བའི་མན་ངག་འདི་ལ། སྦྱངས་ཏེ་འཕོ་བ་དང་། བཙན་ཐབས་སུ་འཕོ་བ་དང་། ལུས་བཅོས་ཏེ་འཕོ་བ་གསུམ་ཡིན་གསུང་། དེ་ལ་དང་པོ། སྦྱངས་ཏེ་འཕོ་བ་ལ། རླུང་སྦྱང་བ་དང་། འཕོ་བ་སྦྱང་བ་དང་། འཕོ་བ་དངོས་དངོས་དང་གསུམ་ཡིན་གསུང་། རླུང་སྦྱང་བ་ནི། སྟན་བདེ་བ་ལ་འདུག་ནས། རྐང་མཐིལ་གཡས་པ་རྐུབ་ཚོས་གཡོན་དང་རྐང་མཐིལ་གཡོན་པ་རྐུབ་ཚོས་གཡས་ལ་གཏད་ནས། སྒལ་ཚིག་དྲང་ཐར་གྱིས་བསྲང་། ཏོང་མགོ་ཡིད་ཙམ་དགུག །ལྟེ་བ་ནས་སོར་བཞིའི་འོག་ཏུ་ཕྱག་རྒྱ་དྲག་དུ་བསྡམ། །དེ་ནས། རླུང་ཕྱི་འགྲོ་ནང་འགྲོ་ལན་བཅུ་ཙམ་བྱས་ནས། རླུང་རྣལ་དུ་ཕབ་ནས། ཕྱིར་ཁྲུ་གང་ཙམ་དུ་བཏང་སྟེ་ནང་དུ་རྔུབས་ལ། སྟེང་འོག་གི་རླུང་ཐུབ་ཚད་དུ་བསྡམ། འདིས་སངས་མི་རྒྱ་མི་སྲིད་གསུང་ནས། དབུ་སྙུང་ཅིག་བཞེས་པ་ཡིན་གསུང་། །གཏུམ་མོ་སྒོམ་པ་ཅིག་གིས་བྱེད་ན། །ལོ་གསུམ་མི་དགོས། འདིས་སངས་མི་རྒྱ་མི་སྲིད་གསུང་ནས། དབུ་སྙུང་ཅིག་བཞེས་པ་ཡིན་གསུང་། །གཏུམ་མོ་སྒོམ་པ་ཅིག་གིས་བྱེད་ན། །ལོ་གསུམ་མི་དགོས་ མཉམ་བཞག་གི་

(༣༩༩)མི་ཐུབ་ན། སྣ་བུག་ནས་དལ་བུས་བཏང་། བཞན་དག་ལ་འདི་དུམ་བུར་སྟོན། རླུང་བུམ་པ་ཅན་ལ་སློབ་ཏུ་བཞུགས་གསུང་། དེ་ལྟར་བསླབས་པས་རླུང་ཚེགས་མེད་པར་ཁེགས་པས་ཚད་ལ། བསློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། དཀྱིལ་དཀྲུང་བྱས་ཏེ་ལག་པ་གཡོན་པས་ཕྲེང་བ་བཟུང་། གཡས་པའི་མཐིལ་དཔུས་མོ་ལ་ལན་གསུམ་བསྐོར་ནས་སེ་གོལ་རེ་ལ་ཕྲེང་རྡོག་རེ་བགྲངས་ལ། ཕྲེང་བ་དུ་འདུག་ལྟ་གསུང་། ལག་ལེན་ལ་ངེས་མི་འོང་བས། རང་གི་སློབ་མའམ། གྲོགས་པོ་ཅིག་མདུན་དུ་བཞག་ལ། རང་ཉིད་ནི། གོང་དུ་བསྟན་པ་བཞིན་དུ། ལུས་བཅོས་ལ་རླུང་བསྡམས་ཏེ། མ་ཐུབ་པ་དང་སེ་གོལ་གྱི་བརྡ་གཅིག་བྱ། གྲོགས་པོ་དེས། ཁོང་རང་གི་རླུང་འབྱུང་འཇུག་གནས་གསུམ་ལ། གཅིག་ཏུ་རྩིས་པའི་ཁུག་པ་རེ་ལ་ཕྲེང་རྡོག་རེ་བགྲང་། སེ་གོལ་གྱི་བརྡའ་བྱུང་དུས། ཕྲེང་བ་འདྲེན་པ་འཕྲོ་བཅད་ལ། ཕྲེང་རྡོག་དུ་འདུག་བལྟས་པས། དེ་ལ་རབ་ཀྱི་ཁུག་པ་བརྒྱ་རྩ་བརྒྱད་ཐུབ།

(༤༠༠)འབྲིང་གི་བདུན་བཅུ་རྩ་གཉིས་ཐ་མས་སུམ་བཅུ་རྩ་དྲུག་ཁེགས་དགོས་པ་ཡིན་ཏེ། འཕོ་བ་བྱེད་པ་ལ་ཐ་མ་དེ་ཁེགས་པས་ཆོག་གསུང་། རླུང་ཐ་མ་སུམ་བཅུ་རྩ་དྲུག་མ་ཁེགས་ཀྱི་བར་དུ་སྦྱང་ངོ། །དེ་ནས། འཕོ་བ་སྦྱང་བ་ལ་ཞག་བདུན་སྦྱངས་པས་ཆོག་པ་ཡིན། དེ་ཡང་། གོང་དུ་བསྟན་པ་ལྟར་ལུས་བཅོས་ལ། སྒོ་དགུ་ཡི་གེས་དགག་པར་བྱ་སྟེ། སྤྱི་བོ་ཚངས་པའི་བུ་གར་ཀྵྱུྃ། མིག་གཉིས་དང་། སྨིན་མཚམས་སུ་ཧཱུྃ། རྣ་བ་གཉིས་དང་། སྣ་བུག་གཉིས་སུ་ཡུྃ། ཁར་སུྃ། ལྟེ་བར་མུྃ། འོག་སྒོ་དང་། རྡོ་རྗེའི་བུ་གར་ཀྵྃ་སྒོམས་ལ། དེ་ནས། རང་གི་ལྟེ་བའི་འོག་རྩ་གསུམ་འདུས་པའི་སུམ་མདོར། སེམས་ཀྱི་རྒྱལ་པོ་ཡི་གེ་ཨར་གནས་པ་དེ། ཧིཀྐ་ཉི་ཤུ་རྩ་གཅིག་དྲག་ཏུ་བརྗོད་པས། སྒལ་ཚིག་ཉི་ཤུ་རྩ་གཅིག་གི་ཐོག་ཏུ་ཡར་དྲངས། ཀླད་པའི་སྟེང་། ཐོད་པའི་འོག་ཡར་དྲང་ངོ་། །དེ་ནས། རླུང་ཕྱིར་འགྲོ་ནང་འགྲོ་ལན་གསུམ་ཙམ་བྱས་ཏེ་ངལ་བསོས་ནས། ཀ་ཧིཀ་ཉི་ཤུ་རྩ་གཅིག་དྲག་ཏུ་བརྗོད་པས་མར་

(༤༠༡)ཕབ་ལ་ལྟེ་བར་བཞག །དེ་བཞིན་དུ། ཡར་འདྲེན་མར་དབབ་ཅིང་། ཞག་གཅིག་ལ་ཐུན་དྲུག་ཏུ་བྱས་ལ་སྒོམ་མོ། །ཐུན་མཚམས་སུ་ལུས་ངག་གི་བྱ་བ་བྱེད་པའི་དུས་སུ་སྤྱི་བོར་བཞག་ན། དྲག་ཤུལ་ལམ། སྐིག་བུའི་འགྲོག་ལ་ཤེ་ཉེན་ཡོད་པས། མར་དྲངས་ལ་ལྟེ་བར་བཞག་གསུང་། དེ་ལྟར་བསླབས་པས་འཕོ་བ་འབྱོངས་པའི་ཚད་ནི། སྔར་ལས་ཟས་མང་དུ་ཡོག་བ་ཅིག་འོང་། ལུས་ལ་དྲོད་ཆེ་བ་ཅིག་འོང་། དཔྲལ་བ་ཚ་ལམ་ལམ་པ་འོང་། སྤྱི་བོ་རྡོལ་ཏེ་འགྲོ་སྙམ་པ་འོང་། རྟགས་དེ་ཚོ་ཡང་འབྱུང་སྟེ། བླ་མས་ཞལ་ནས། ཧིཀྐ་ཉི་ཤུ་རྩ་གཅིག་གིས་ཡར་འདྲོངས་སོ། །དལ་བསོས་ནས། ཧིཀྐ་ཉི་ཤུ་རྩ་གཅིག་གིས་མར་འདྲོངས་ན་འཕོ་བ་འབྱོངས་པའི་ཚད་ཡིན་གསུང་། དེ་ཡང་བླ་མའི་ཞལ་ནས། ལོ་ཉི་ཤུ་ཙམ་ལ་འཕོ་བ་སྦྱངས་ནས། དེ་ནས་བཞག་སྟེ་ལོ་བཞི་བཅུ་ཙམ་ལ་འཕོ་བར་འདོད་ན་འཕོས་པས་ཆོག་པ་ཡིན་

(༤༠༢)གསུང་། དེ་ནི་འཕོ་བ་སྦྱང་བའོ།། །།འཆི་རྟགས་བྱུང་ན་འཆི་སླུ་བྱ། དེས་ཀྱང་མ་ལྷུས་ནས་འཆི་ངེས་པའི་ནད་ཀྱིས་ཐེབས་ནས་འཕོ་བ་ལ། གདན་གཞི་རྩ་རྒྱད་ལས། འཆི་འཕོ་བའི་མཚན་མ་མཐོང་བ་ཡིས། །འཆི་བར་འགྱུར་བའི་དུས་བྱུང་ན། །རིམས་ལ་སོགས་པར་མ་ཕོག་པར། །འཕོ་བ་སྦྱོར་བ་མཆོག་ཡིན་ནོ། །ཞེས་གསུངས་པས་ན། རང་ཡི་དམ་ལྷའི་ཐང་སྐུ་མདུན་དུ་བཀྲམ་ལ། སེམས་ཀྱིས་ཡི་དམ་ལྷ་དང་བླ་མ་སྤྱན་དྲངས་ལ། གོང་དུ་བསྟན་པ་ལྟར་ལུས་བཅོས་ལ། སྒོ་དགུ་ཡི་གེ་དགུས་དགག །ལྟེ་བ་ནས་སོར་བཞིའི་འོག་རྩ་གསུམ་འདུས་པའི་སུམ་མདོ་ན། སེམས་ཀྱི་རྒྱལ་པོ་ཡི་གེ་ཨར་གནས་པ་དེ། ཧིཀ་ཉི་ཤུ་རྩ་གཅིག་གིས་ཡར་དྲངས། ཧིཀྐ་ཉི་ཤུ་རྩ་གཅིག་གིས་མར་དྲངས་ཏེ་ཉམས་སད་པ་ཡིན། དེ་ནས། རྐང་མཐིལ་གཉིས། སྐུ་གཡས་གཡོན་གཉིས། འཆན་ཁུང་གཉིས་རྣམས་སུ། ཡྃ་ལས་རླུང་གི་དཀྱིལ་འཁོར་

(༤༠༣)དྲུག་ཏུ་སྒོམ། སྙིང་པདྨ་འདབ་བཞིའི་ཕྱོགས་བཞིར། ཡྃ་ལས་རླུང་གི་དཀྱིལ་འཁོར་བཞི་སྒོམ། དེ་ནས་རླུང་གིས་གཡོས་ཏེ། འུར་འུར། ཚེག་ཚེག །སྒྲ་དང་བྱས་པས། སྙིང་པདྨ་ཁ་ཐུར་དུ་བུབ་པ་དེ། གྱེན་ལ་ཕྱེ་སྟེ་སེམས་ཀྱི་རྒྱལ་པོ་ཧཱཾུ་དུ་གནས་པ་དེ། ཏེག་ཏེག་འདུག་པར་སྒོམ། དེ་ནས། རང་གི་སེམས་ཀྱི་རྒྱལ་པོ་ལྟེ་བའི་འོག་ན་ཨར་འདུག་པ་དེ། ཧིཀྐ་ཉི་ཤུ་རྩ་གཅིག་བརྗོད་པས། སྒལ་ཚིགས་ཉི་ཤུ་རྩ་གཅིག་གི་སྟེང་དུ་དྲངས་ལ། སྤྱི་བོའི་ཀྵུྃ་དེ་ཟོ་བ་ཞབས་རྡོལ་བ་བཞིན་དུ་ཧ་རེ་བསྒོམས་ལ། ཧིཀྐ་ཅེས་བརྗོད་པས་བ་ཐག་གི་རྣམ་པ་ལྟ་བུ་དེ་གཅད་ནས། ཡི་དམ་ལྷའི་ཐུགས་ཀར་རྒྱངས་ཀྱིས་འཕོས་པར་སྒོམ། དེ་ནས། རང་ལྷའི་རྣམ་པར་གསལ་བར་སྒོམ། དེ་ནི་སྦྱངས་ཏེ་འཕོ་བའོ། །སྦྱངས་ཏེ་འཕོ་བ་བྱེད་མི་ཁོམ་པའི་གནད། བཙན་ཐབས་སུ་འཕོ་བ་ནི། དེ་ལ་མ་འཕོས་ན་ཉི་ཤུ་རྩ་གསུམ་པ་དང་རྩ་བཞི་པ་དང་རྩ་ལྔས་ཀྱང་འཕོ་བར་བྱའོ། །དེས་ནི་ངེས་པར་འཕོ་བའོ། །

(༤༠༤)ཀླད་པ་ལུག་པ་ལྟ་བུའམ། རྒྱུ་མ་ཆད་པ་ལྟ་བུའི་ནད་ཀྱིས་ཐེབས་ན་བཙན་ཐབས་སུ་འཕོ་བས། ཡེ་ཤེས་བཙན་ཐབས་སུ་འཕོ་བ་ལ་གཉིས་ལས། དང་པོ་སྟན་བདེ་བ་ལུས་ཙོག་པུར་འདུག་ནས། ཨོལ་མདུད་ལན་གསུམ་གཡོན་དུ་གཅུས། དྲང་པོར་བཞག་ལ། རྦ་རླབས་དལ་བུས་བཙིར། མིག་ཟིམ་མེ་ཧད་རེ་བྱས་ལ་མིག་འབྲས་མི་འགུལ། རང་གི་སྨིན་མཚམས་སུ་ཐིག་ལ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་སྲན་རྡོག་ཙམ་དཀར་ཧྲིལ་ཧྲིལ་འདུག་པར་སྒོམ། དེ་ནི་ཡེ་ཤེས་བཙན་ཐབས་སུ་འཕོ་བ་ཡིན་གསུང་ངོ་། །གཉིས་པ་ལུས་ཙོག་པུར་འདུག་ནས། སེམས་ཀྱི་ཡི་དམ་ལྷ་དང་། བླ་མ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། དེ་ནས་ཨོལ་མདུང་ལན་གསུམ་དྲག་པར་གཅུས་ལ་དྲང་པོར་བཞག་ལ། འཐེ་བོང་གཉིས་ཀྱིས་ཨོལ་མདུང་པ་ལྟག་པའི་ཕྱོགས་བདུད་སྒོའི་ངོས་སུ་དྲག་པར་ཕུལ་ནས། དེ་ནས་སྤྱི་བོ་ཟོ་བཞབས་ཕྱུང་བ་བཞིན་དུ་ཧར་རེ་འདུག་པར་སྒོམ། རང་གི་སྙིང་ཀ་ཐུར་དུ་ལྟ་བ་དེ་གྱེན་ལ་ཁ་ཕྱེ་

(༤༠༥)བར་སྒོམ། དེའི་དཀྱིལ་ན། སེམས་ཀྱི་རྒྱལ་པོ་ཧཱཾུ་དུ་གནས་པ་དེ། ཧིཀྐ་ཅེས་ལན་ཉི་ཤུ་རྩ་གཅིག་དྲག་ཏུ་བརྗོད་པས། ཧཱཾུ་དེ་ཚངས་པའི་བུ་ག་ན་ཡར་རྒྱངས་ཀྱིས་སོང་བས། བ་ཐག་གི་སྐུད་པ་ལྟ་བུ་དེ་ཆད་ནས། ཡི་དམ་ལྷའི་ཐུགས་ཀར་སོང་བར་བསམ། དེ་ནས་རང་ལྷའི་རྣམ་པར་གསལ་བར་སྒོམ། དེས་ཡེ་ཤེས་སྐྱེའོ། །དེས་ན་བཙན་ཐབས་སུ་འཕོ་བའི་ཐབས་བཤད་པ་ཡིན་གསུང་ངོ་།། །།ལུས་བཅོས་ཏེ་འཕོ་བ་ནི། སྦྱངས་ཏེ་འཕོ་བ་བྱེད་པ་མ་ཁོམ་ཞིང་། བཙན་ཐབས་སུ་འཕོ་བར་མ་ནུས་ན། ལུས་བཅོས་ཏེ་འཕོ་བ་ལ། ཐུན་མོང་དུ་བསྟན་པ་དང་། ཐུན་མོང་མ་ཡིན་པར་བསྟན་པ་གཉིས་ལས། དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་སུ། སེང་གེའི་ཉལ་སྟབས་མཛད་ནས་འདས་ཏེ། སེམས་ཅན་རྣམས་འདི་ལྟར་བྱས་ན་ངན་སོང་དུ་མི་འགྲོ་བས། འདི་ལྟར་གྱིས་ཅིག་བར་བརྡོའི་སྒོ་ནས་ཆོས་འཆད་པ་ཡིན་པས། ཐ་མལ་

(༤༠༦)པའི་སེམས་ཅན་རྣམས་འཆི་བའི་དུས་སུ། གློ་གཡས་པ་ཕབ་ལ། མགོ་བྱང་། ཁ་ནུབ། རྒྱབ་ཤར་དུ་བསྟན་ལ་རྐང་པ་བརྐྱང་སྟེ་བག་ཙམ་བཀུམ། ལོང་བུ་གཉིས་བརྩེགས། ལག་པ་གཡས་པ་འགྲམ་པ་གཡས་ལ་སྦྱར། ལག་པ་གཡོན་པ་བརླ་གཡོན་པའི་ན་མར་བརྐྱང་སྟེ་ཤི་ན་ངན་སོང་དུ་མི་འགྲོ་བ་ཡིན་གསུང་། གཉིས་པ་ནི། སྟན་བདེ་བ་ལ་འདུག་སྟེ། གོང་དུ་བསྟན་པ་ལྟར་ལུས་བཅོས་ལ། སེམས་ཀྱིས་ཡི་དམ་དང་བླ་མ་མདུན་དུ་སྤྱན་དྲངས་ཏེ། དེ་ནས། རང་གི་ལྟེ་འོག་སོར་བཞི་ན། རྩ་གསུམ་འདུས་པའི་སུམ་མདོ་རུ། །ཉི་མིའི་དཀྱིལ་འཁོར་གཅིག་སྒོམ། དེའི་སྟེང་དུ་སེམས་ཀྱི་རྒྱལ་པོ་ཨ་གཅིག་སྒོམ། སྒལ་ཚིགས་ཉི་ཤུ་རྩ་གཅིག་པད་འདབ་ཉི་ཤུ་རྩ་གཅིག་ཏུ་སྒོམ། དེ་ནས། ཉི་མའི་འོད་དམར་ན་ར་ར་བྱུང་པས། ཚངས་པའི་བུ་ག་སྒོ་ཕྱེ་སྟེ། ཧིཀྐ་ཉི་ཤུ་རྩ་གཅིག་དྲག་ཏུ་བརྗོད་པས། སྒལ་ཚིགས་པད་འདབ་ཉི་ཤུ་རྩ་གཅིག་པའི་སྟེང་དུ། ཨ་དེ་ཐོན་པར་བསམ། དེ་ནས། ཧིཀྐ་ཉི་ཤུ་རྩ་གཉིས་

(༤༠༧)པ་བརྗོད་པས། བ་ཐག་ལྟ་བུའི་སྲུང་བ་དེ་གཅད་ནས། སེམས་ཀྱི་རྟེན་ཉི་མ་དང་ཨར་གནས་པ་དེ། ཡི་དམ་ལྷའི་ཐུགས་ཀར་འཕོ་བར་བསམ། དེ་ནས་རང་ལྷའི་རྣམ་པར་གསལ་བར་སྒོམ། དེ་ལ་མ་འཕོས་ན། སྔར་བཞིན་ལྟེ་འོག་གི་ཉི་མའི་སྟེང་དུ་ཨ་དང་སྒལ་ཚིགས་པད་འདབ་ཉི་ཤུ་རྩ་གཅིག་ཏུ་སྒོམ། ཧིཀ་གིས་པད་འདབ་ཉི་ཤུ་རྩ་གཅིག་གི་སྟེང་དུ་དྲངས། དེ་ནས། ཧིཀྐ་ཉི་ཤུ་རྩ་གཉིས་བརྗོད་པས། ཚངས་པའི་བུ་གར་ཐོན་ཏེ་ཕར་ཐེན་ཚུར་ཐེན་ཡང་སྒོམ། དེ་ནས་ཉི་མ་དང་། ཨར་བཅས་པས་ཡི་དམ་ལྷའི་ཐུགས་ཀར་འཕོ་བའོ། །དེ་ལ་མ་འཕོས་ན། ཡང་དེ་བཞིན་དུ་སྐྱར་བས་ཐེ་ཚོམ་མེད་པར་འཕོའོ། །དེ་ནས། ལུས་བཅོས་ཏེ་འཕོ་བ་བཤད་དོ། །དེ་ལྟར་སྦྱངས་ཏེ་འཕོ་བ། བཙན་ཐབས་སུ་འཕོ་བ། ལུས་བཅོས་ཏེ་འཕོ་བ་དང་གསུམ་གྱིས་འཕོ་བ་བཤད་པ་ཡིན་ནོ། །དེ་ལྟར། བར་དོ་ཉམས་སུ་བླང་བ་ལ་བར་དོ་དེ་རྣམ་པ་གསུམ་དུ། བསྲེ་བ་དང་འཕོ་བའི་མན་ངག་གཉིས་སུ་

(༤༠༨)བྱས་པས། བར་དོ་ཉམས་སུ་བླང་བ་བཤད་པ་ཡིན། དེའི་མཐུན་རྐྱེན་ཚོགས་པར་བྱ་བའི་དོན་དུ། གུར་ལེའུ་བཅོ་ལྔ་པ་ནས་བཤད་པའི་སྤྱོད་པ་ཅི་ནུས་སྤྱོད། དེས་ནི། བླ་མ་རྣམས་ཀྱི་ཞལ་གྱི་གདམས་པ་བཤད་པའོ།། །།བཀའ་བཞི་བབས་པའི་རྣལ་འབྱོར་པ། །སྤྲུལ་སྐུར་གྲགས་པའི་ཏེ་ལོ་པ། །ལུང་བསྟན་ཐོབ་པའི་ནཱ་རོ་པས། །བཅུ་གཉིས་བཀའ་སྤྱོད་མཐར་འདི་གནང་། །བློ་གྲོས་ཤེས་བྱ་མར་པ་ཡིས། །གསེར་གྱིས་མཉེས་བྱས་མཐར་འདི་གནང་། །ཆོས་རྡོར་ཞེས་བྱ་རྡོག་གིས་ནི། །སྤོང་ཐག་ལན་གསུམ་བྱས་པས་གནང་། །བླ་མ་གཞུང་པ་ཇོ་སྲས་ཀྱིས། །བླ་མ་མི་ལ། དེས་བདག་ཆོས་རྗེ་ཟླ་འོད་གཞོན་ནུ་ལ། །ཐུགས་ལ་བཏགས་ནས་གནང་བ་ལགས། །དེ་ལྟའི་ཞལ་གྱི་གདམས་པ་འདི། །ཡུལ་དང་དུས་ཀྱིས་བསྐལ་ནས་ནི། །བརྗེད་ཀྱི་དོགས་པའི་འཇིགས་པ་ཡིས། །རང་གི་དྲན་པ་བསོ་ཕྱིར་ནི། །ཤིན་ཏུ་གསལ་བར་ཡི་གེར་དགོད། །དེ་ལ་འགལ་བ་ཅི་མཆིས་པ། །དགྱེས་རྡོར་མཁའ་འགྲོར་བཅས་པ་དང་། །བླ་

(༤༠༩)མ་རྣམས་ལ་བཟོད་པར་གསོལ། །བླ་མ་རྣམས་ཀྱི་ཞལ་གདམས་འདི། །སྣོད་དང་ལྡན་པ་བསྒོམ་ངེས་པ། །རེ་རེ་ཙམ་ལ་སྦྱིན་པར་བྱ། །སྣོད་དང་མི་ལྡན་གང་ཟག་ལ། །རྫས་ལ་བལྟས་ནས་མང་སྤེལ་ན། །གནས་ཞིང་ལས་སྐྱེས་མཁའ་འགྲོ་དང་། །འདུ་བའི་སོ་པས་སྙིང་ཕྱུང་ཤིག། །།འཛམ་གླིང་བཀྲ་ཤིས་རྒྱལ་མཚན་ཚུགས་པར་ཤོག། ༈ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན། །རྩ་འདབ་མ་སུམ་བཅུ་རྩ་གཉིས་ཡོད། །ཡི་གེ་ཧྃ་མགོ་ཐུར་དུ་བསྟན་པ་ལས་བྱང་སེམས་ཐིག་ལེ་ཁང་ཡོད་པ། མགྲོན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ། རྩ་འདབ་མ་བཅུ་དྲུག་ཡོད། ཡི་གེ་ཨོྃ་གནས། སྙིང་ཀ་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་མ་བརྒྱད་ཡོད། ཡི་གེ་ཧཱུྃ་གནས། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། རྩ་འདབ་མ་དྲུག་བཅུ་རྩ་བཞི་ཡོད། ཡི་གེ་ཨཱདམར་པོ་གནས། དེ་ལྟེ་བ་ནས་མར་སོར་བཞི་གཞིལ་བ་ན། གྲུ་གསུམ་དྷཱུ་ཏཱི་རའི་ནང་ན་ཡོད། དེའི་ཨ་དམར་པོ་སྤུ་ཤད་

(༤༡༠)ལྟ་བུ་ཡོད། དེ་ལ་རོ་རྐྱང་གཉིས་ཀྱི་སྣ་ཟུག་ཡོད། དེ་ལ། རོ་རྐྱང་གཉིས་ཀྱི་རླུང་མནན་པས། སྦུད་པས་ལྕགས་བཞུ་བ་ལྟར། མེ་དམར་ལྟེམ་ལྟེམ་ཇེ་རེང་ཇེ་རེང་སོང་བས། མེ་དེས། ལྟེ་བ་སྤྲུལ་པའི་འཁོར་ལོ་བསྲེགས་པས། རྩ་སྦུབས་ཀྱི་ཡི་གེ་བསྲེགས། ཡར་སོང་སྙིང་ཀ་ཆོས་ཀྱིས་འཁོར་ལོ་བསྲེགས། དེ་ནས་ཡར་སོང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་བསྲེགས། དེ་ནས་ཡར་སོང་། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་བསྲེགས། ཧྃ་བསྲེགས། ཧྃ་གི་འོད་ཀྱིས་སྤྱི་བོའི་འཁོར་ལོ་བསོས། ཧྃ་ལས་འོད་ཐིགས་པ། རྩ་སྦུབས་ནས་བབས་པས། མགྲིན་པའི་འཁོར་ལོའི་ཡི་གེ་བསོས། དེ་ནས་མར་བབས་པས། སྙིང་ཀའི་འཁོར་ལོའི་ཡི་གེ་བསོས། དེ་ནས་མར་བབས་པས། ལྟེ་བ་སྤྲུལ་པའི་འཁོར་ལོ་བསོས། ལྟེ་བ་ནས་སོར་བཞིའི་གྲུ་གསུམ་ཐབ་ལྟ་བུའི་ནང་གི། །ཨ་དམར་པོ་སྤུ་ཤད་ལྟ་བུ་ལས་མེ་འབར་བས། སྦུབས་མནན་པ་ལྟར། མེ་ཇེ་རིང་ཇེ་རིང་སོང་། དྷཱུ་ཏཱིའི་ནང་ན་ཡར་འབར་བས། བྱང་སེམས་ཧྃ་ལ་རེག་རེག་སོང་བས།

(༤༡༡)བྱང་སེམས་ཐིག་ལེ་ཁང་ཡོད་པ་ཐིགས་པས། དྷཱུ་ཏཱིའི་ནང་ན་མར་སོང་བས། རྩ་གྲུ་གསུམ་ནང་གི་སྤུ་ཤད་ལྟ་བུའི་ཨདམར་པོ་ལ་ཕོག་པས། སྟོང་པར་ལམ་ལམ་སོང་བར་བསམ། ཨའི་མེ་ཧྃ་ལ་འབར། ཧྃ་གི་ཐིགས་པ་ཨ་སྤུད་ཤད་ལྟ་བུ་ལ་བབས། འཁོར་ལོ་བཞིའི་བསམ་གཏན། ཨ་ཐུང་གི་འབབ་བསྲེག་ཤེས་བྱའོ། །རྩ་རླུང་གི་མན་ངག་མཐར་ཐུག་པའོ། །ཕྱོགས་དང་། དུས་དང་། གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག། །།མངྒ་ལམྦྷ་ཝནྟུ། །ཤུ་བྷཾ།། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། འཁྲུལ་འཁོར་གྱིས་གཏུམ་མོ་དང་། ཌྃ་བྷི་བའི་གཏུམ་མོ་རྣམས་བཞུགས་སོ།། ༈ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གདམ་ངག་འདི་ཡི་ལུགས་ཀྱི་གཏུམ་མོ་ཞེས་ཀྱང་བྱ། དྲོད་བཙན་ཐབས་སུ་དབབ་པ་ཞེས་ཀྱང་བྱ། ལུས་ཀྱི་རྩ་ལ་རླུང་ཟུང་འཕྱུང་བ་ཅེས་ཀྱང་བྱ། དེ་ལ་དགོས་པ་ནི། ལ་ཕྲག་ཏུ་འཁྱགས་ན་དེ་ལ་ཕན། གཏུམ་མོ་སྒོམ་འཕྲོ་ལ་གཉིད་དུ་སོང་ནས་སད་ཙ་ན་འཁྱགས་པ་དེ་ལ་ཕན། རླུང་སྨད་དུ་རླུང་རྩ་སྦུགས་སུ་འགགས་པ། འཁྱིལ་བ། རླུང་གཟེར་བ་སོགས་ལ་ཕན། །

(༤༡༢)འཁྱིལ་ནས་དྲི་ཆེན་དྲི་ཆུ་བསྡམས་ན་དེ་ལ་ཕན། རླུང་བསྲེ་རླུང་སྦུད་སྐྲུག་པའོ། །དང་པོ་ལུས་དཀྱིལ་དཀྲུང་། ལག་པ་གཉིས་པུས་མོ་ལ་བརླན། མིག་ལྟ་སྟངས་ཧུར་ཧུར་བྱས་ལ་མདུན་དུ་ལྟ། སེམས་ལྷུག་པར་བཞག །དེ་ནས། སྟེང་འོག་གི་རླུང་དྲག་པོར་ཐུབ་ཚད་བསྡམ། མ་ཐུབ་པའི་དུས་ལན་དྲག་པོ་གསུམ་དུ་གཅུན་ནས་བཏང་། དེ་བཞིན་དུ་གཡས་སུ་ཡང་བྱའོ། །དེ་ལ་ལན་གསུམ་དུ་བྱའོ། །གཉིས་པ་ནི། ལུས་དཀྱིལ་དཀྲུང་བྱ། ལག་པ་ཐལ་མོ་སྦྱར་ལ། འཐེའུ་ཆུང་སྤྲད་ལ། ལྷག་མ་རྣམས་བསྐུམ་ནས་པུས་མོ་ཁར་བཞག་ལ་རླུང་བསྡམ། མ་ཐུབ་པ་དང་ཕྱག་རྒྱ་དེ་སྙིང་ཀ །མགྲིན་པ། དཔྲལ་བར་ཁྱེར་ལ། ཡས་མར་རིམ་པ་བཞིན་དུ་དེ་ལྟར་ལན་གསུམ་གསུམ་བྱའོ། །གསུམ་པ་ནི། རྐང་པ་གཡས་བརྐྱང་། བཅས་པ་དེ་མདུན་དྲང་པོར་ཕར་ཤད་ཤད་དྲག་པོར་འཕང་བ་ལན་གསུམ། དེ་ནས་གཡས་དྲང་པོར་ལན་གསུམ། གཡོན་དྲང་པོར་ལན་གསུམ་བྱ་གསུང་། གཡོན་བསྐུམ་པ་ལ། ཕྱག་རྒྱ་སྔ་མ་པུས་མའི་མཁར་བཞག །རླུང་ཐུབ་ཚད་བསྡམ། མ་ཐུབ་པའི་དུས་སུ། ཕྱག་རྒྱ་དེ་གཡས་སུ་ཁྱེར་ལ། གཡས་སུ་ལན་གསུམ་དྲག་ཏུ་གཅུའོ། །རྐང་པ་གཡས་བརྐྱང་། གཡོན་བསྐུམ་སྟེ་སྔ་མ་བཞིན་ནོ། །དེ་ཚོ་རྗེ་བཙུན་མི་ལ་རས་པའི་ཕྱག་བཞེས་ཡིན་ནོ།། །།དང་པོར་ལག་པ་གཡས་པ་ཤད་ཤད་ལན་གསུམ། དེ་ནས་གཡོན་པ་ཡང་དེ་བཞིན་དུ་བྱའོ། །དེ་ནས་རྐང་པ་གཡས་པ་ཤད་ཤད་པ་ལན་གསུམ། དེ་ནས་རྐང་པ་གཡོན་པ་ཡང་དེ་བཞིན་དུ་བྱའོ།། །། །། །།

(༤༡༣)། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གཏུམ་མོའི་གདམས་ངག་གཉིས་ཏེ། ལོ་རྒྱུས་དང་དགོས་ཆེད་དོ། །ལོ་རྒྱུས་ནི། བཅོམ་ལྡན་འདས་ཧེ་རུ་ཀས། ཡུམ་བདག་མེད་མ་ལ་གནང་། དེས་བླ་མ་ཏཻ་ལོ་པ་ལ་གནང་། དེས་བླ་མ་ནཱ་རོ་པ་ལ་གནང་། དེས་སློབ་དཔོན་ཌོཾ་བྷི་པ་ལ་གནང་པའོ། །དགོས་ཆོད་ལ། རང་གཞུང་དང་། ལོག་མནོན་གཉིས་ལས། རང་གཞུང་ལ། ལུས་ཀྱི་གནད་དང་། སེམས་ཀྱི་གནད་གཉིས། ལུས་ཀྱི་གནད་ལ། རྐང་པ་བྲེ་ཕུལ་ལྟར་བརྩེགས་པ། ལག་པ་འགལ་མེ་ལྟར་བསྣལ་བ། སྒལ་ཚིགས་མདའ་སྨྱུག་ལྟར་བསྲང་བ། རྒྱ་མཚོ་རི་རབ་ལ་སྦྱར་བ། མགྲིན་པ་རྨ་བྱ་ལྟར་དགུག་པ། ཆུ་མིག་གྱེན་ལ་ལོག་པ། བ་དན་མཁའ་ལ་འཕྱར་བའོ། །སེམས་ཀྱི་གནད་ལ། གར་སྡོད་འོག་ཏུ་ལྕགས་ཀྱི་འབྲུག་ཁུང་སྒོམ། དེས་ནང་དུ། རྃ་ལས་མེ་སྤར། ལྟེ་བའི་འོག་ཏུ་ཨ་ཤད་ཀྱི་རྣམ་པ་ལྟ་བུ་སོར་གཅིག་ཅིག་བསྒོམ། དེ་ལ་མེ་སྤར་བས། ཁོད་པ་མེ་ཁེངས་པར་བསྒོམ།

(༤༡༤)མེ་ལྕེ་བ་སྤུའི་བུ་ག་ན་མར་སོང་བས། ལས་ལ་མེའི་བུ་གུ་རིས་སུ་བསྐོར་བར་སྒོམ། དུ་བ་ནམ་མཁའི་མཐོང་སུ་སོང་བར་སྒོམ། འཁྱགས་ན་ལུས་ལ་འཁོར་བར་སྒོམ། །ལོག་གནོན་ལ། ཁྲག་ལོག་ན། གཞུ་ལྟར་བཀུག་ལ་མདའ་ལྟར་འཕང་ངོ། །རླུང་སྟོད་དུ་ལོག་ན། ཧེད་ཀྱིས་མནན། སྨོད་དུ་ལོག་ན། ཧིག་གིས་འདོན། དྲོད་ལོག་ན། རྡུལ་ཕྱིས་ལ་གྲངས་སུ་བཅུག་ལ་སྒོམ། སྲིན་ལོག་ན་འོག་སྒོ་གློད་ལ་རྡོ་རྗེ་རྒྱུན་ཁྲུས་བྱ། འགྲོ་ན་རྩ་ཆེན་བཞི་སྲོག་པ་རྩ་དབུ་མར་བསྐྱོན། ཉལ་ན་ཚིགས་བཞི་བཅིངས་པའི་གནད་བྱས་ལ་ཉལ་ལོ། །ཨྠི།། ༈ །།ན་མོ་གུ་རུ། བླ་མ་རིན་པོ་ཆེ་ནཱ་རོ་པའི་གདམས་པ་ཡི། ཆོས་བཅུ་དྲུག་བསྡུ་ན། ལས་ཀྱི་གཏུམ་མོ། །འབར་བའི་གཏུམ་མོ། །ཕྱག་རྒྱ་ཆེན་པོའི་གཏུམ་མོའོ། །ལས་ཀྱི་གཏུམ་མོ་ནི། གསང་གནས་ན་ཨ་ཤད་ལྟ་བུ་གཅིག་གནས་ཏེ། མ་བསྒོམས་ན་ཨ་དམར་པོ་གནས། སྒོམ་ན་མེ་ཚོན་གང་

(༤༡༥)པ། མེས་ཡར་འབར་བས། བག་ཆགས་དང་གནན་ཐམས་ཅད་བསྲེག་གོ། །སྃ་པཱུ་ཊི་ལས། ལྷ་ཡི་རྣལ་འབྱོར་དུས་སུ་ནི། །སྐྲ་ཡི་རྩེ་མོའི་ཁྱོན་ཙམ་དེ། །འོད་ཟེར་གློག་སྟོད་འཁྱུག་པ་བཞིན། །བ་སྤུའི་བུ་གའི་ཚང་ནང་ནི། །ཕྱུང་སྟེ་ཕྱོགས་བཅུར་གནས་པ་ཡིས། །ལྷ་དང་ལྷ་མིན་སྡིག་པར་མཛད། །ཅེས་གསུངས་སོ། །ལས་ཀྱི་གཏུམ་མོའོ།། །།འབར་བའི་གཏུམ་མོ་ནི། ལུས་ཀྱི་གནད། ཡུལ་ལྔ་དང་། འདྲ་བ་ལྔ་སྟེ། ལུས་མདའ་ལྟར་བསྲང་བ་ལ་བྱེད་བཅིངས་ལྔའོ། །རྩེའི་གནད་ལམ་དང་འདྲ་སྟེ། གཡས་ལ་ལ་ན་ཐབས་ཀྱི་རྩ། གཡོན་ར་ས་ན་ཤེས་བར་ཀྱི་རྩ། དབུས་མ་ཨ་ཝ་དྡྷ་ཏཱི་ཆོས་ཉིད་རྩའོ། །རླུང་གི་གནད་རྟ་དང་འདྲ་སྟེ། གཡས་པ་བཟུང་བའི་རླུང་རྒྱུ། གཡོན་པ་འཛིན་པའི་རླུང་རྒྱུ། དབུས་མ། ཆོས་ཉིད་ཀྱི་རླུང་རྒྱུའོ། །དེ་ཡང་། ལུས་ཡུལ་དང་འདྲ་བས། ལུས་གང་ན་གནས་པ་ན་རྩ་གནས། རྩ་ལམ་དང་འདྲ། རྩ་གང་ན་གནས་པ་ན་རླུང་གནས་

(༤༡༦)རླུང་རྟ་དང་འདྲ། རླུང་གང་ན་གནས་པ་ན་རིག་པ་གནས། རིག་པ་མི་དང་འདྲ། རིག་པ་གང་ན་གནས་པ་ན་ནོར་དང་འདྲ་བའི་སྟོང་པ་གནས། སྟོང་པ་གང་ན་གནས་པ་ན་བདེ་བ་ཆེན་པོ་གཏེར་དང་འདྲ་བར་གནས། དེས་གསང་བར་མེ་ལ་གཏད་པས་དགོས་འདོད་འབྱུང་། ཞེས་གསུངས་པས། དཔེར་ན་མེ་རྟགས་དུ་བ་ལྟ་བུ་སྟེ། རྩ་ལས་སུ་རུང་བའི་རྟགས་ཚད། ལུས་ཡོད་དུ་མི་ཚོར། ཟོ་མདོག་བདེ་བ་དག་ཤ་བཀྲག་གཏིང་ནས་འབར་བ། འགྲོ་བ་ཐམས་ཅད་དབང་དུ་འདུས་པ་གསུམ། རླུང་ལས་སུ་རུང་བ་རྟགས། བཙན་དང་ཡང་དང་འགྱོགས་པ་དང་། །དབུགས་དང་རྔམ་པ་མི་འགྱུ་དང་། །ཇི་ཙམ་འགོག་ཀྱང་ནད་མེད་དང་། །སྟེང་དང་འོག་དང་གཡས་གཡོན་སོགས། །སེམས་ཀྱི་གར་འདོད་སྤོ་ནུས་པའོ། །དྲོད་ལ་དབང་། དྷཱུ་ཏཱིར་ཚུད་ནས། རྣམ་རྟོག་རག་འགགས་སུ་རྟའི་སྟེང་དུ་མི་ཞོན་ནས་ཁ་ལོ་བསྒྱུར་བ་བཞིན་དུ། རྟ་ལ་མི་ཞ་བོ་གཅིག་ཞོན་ནས། རྟས་རྐང་པ་བྱས། མིས་མིག་བྱས་པས། གང་འདོད་པའི་སར་ཕྱིན་པ་བཞིན་དུ། །

(༤༡༧)སོང་ནས་ཡེ་ཤེས་ཇི་ལྟར་འདོད་པ་བཞིན་འཆར་ཏེ། ཟད་པར་རླུང་ལ་སོགས་པ་དང་། །ཚེའི་དབང་དུ་མི་བྱེད་དོ། །དེ་ལ་དྲོད་སྐྱེ་སྟེ། ལུས་ཕྱི་ལ་དྲོད་སྐྱེས་པས་རྡུལ་བ་དང་། དྲོད་སྐྱེ་བ་དང་། ཚིག་པ་མི་ཟའོ། །ལུས་ནང་ལ་དྲོད་སྐྱེས་པས། མདངས་གསལ་བ། སྲིན་བུ་ཕྱིར་ཐོན་པའོ། །ཕྱི་ནང་མེད་པར་དྲོད་སྐྱེས་པས། །ཕྱི་ཉམས་ནང་དུ་འཆར། ནང་ཉམས་ཕྱིར་འཆར་རོ། །དྲོད་རྟགས་མ་བྱུང་བར་དུ་བརྩོན་འགྲུས་དྲག་པོ་བསྐྱེད་ཅིང་སྒོམ་མོ།། །།དེ་ཚད་དུ་ཕྱིན་ནས་ཕྱག་རྒྱ་ཆེན་པོའི་གཏུམ་མོ་ནི། དབང་པོའི་སྒོ་མི་དགག །ཉི་མ་དང་ཟླ་བ་བརྩོན་དུ་བཟུང་ལ། མེ་ཡང་ཡིད་ལ་མི་བྱེད། རྩ་གསུམ་ཡིད་ལ་མི་བྱེད། རླུང་མི་བསྡམ། དེ་ཡང་བཞན་ལ་མ་ལྟོས་པ་བཞི་འབྱུང་། ལྟ་བ་བཞན་ལ་མ་ལྟོས་པའི་སེམས་གསལ་བ། མེ་ལོང་ལྟ་བུ་ཁོང་ནས་འཆར། སྟོང་པ་བཞན་ལ་མི་ལྟོས་པའི་དབུ་མའི་ཆོས་དབྱིངས་ཁོང་ནས་འཆར། བདེ་

(༤༡༨)བ་བཞིན་ལ་མ་ལྟོས་པའི་ཕྱག་རྒྱ་ཆེན་པོའི་དེ་ཁོ་ན་ཉིད་ཁོང་ནས་འཆར། ཟུང་འཇུག་འོད་གསལ་རྫོགས་པའི་དོན་ཁོང་ནས་འཆར་ཏེ། དེ་ཉིད་སྒོམ་པ་དེ་མཉམ་བཞག་དང་རྗེས་ཐོབ་སྤྱོད་ལམ་ཐམས་ཅད་དུ་འཁྱེར་བར་བྱའོ། །སྤྱོད་ལམ་དང་ནི་མ་བྲལ་ན། རྨི་ལམ་དུ་ཡང་གཏན་ལ་དབབ། །དེ་ཉིད་ལ་ཁྱད་མེད་ན། རྨི་ལམ་ཅི་འདྲ་བ་དེར་ཤེས་སོ། །འབྲས་བུ་སྐྱེ་བའི་རིམ་པ་ནི། དང་པོ་གསུམ་བསྒོམས་པས། རྟགས་དང་དྲོད་མི་སྐྱེ་མི་སྲིད། དེ་ནས་རྣམ་རྟོག་མི་འགག་མི་སྲིད། དེ་ནས་ཡེ་ཤེས་མི་སྐྱེ་མི་སྲིད། དེ་ནས་སངས་མི་རྒྱ་མི་སྲིད་དོ། །བླ་མའི་གཏུམ་མོ་རྣམ་གསུམ་མོ།། ༈ །།ཞབས་རྗེས་གསང་སྤྱོད་མ་ཞེས་བྱའོ། །བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །དང་པ་བྱང་ཆུབ་ཀྱི་སེམས་གསུམ། རང་སྐད་ཅིག་གིས་ལྷར་བསམས་ལ། མདུན་དུ་ཞབས་རྗེས་བཀྲམ་ལ། དེ་དམིགས་ནས། ཤཱུ་ཎྱཱ་ཏའི་སྔགས་ལན་གསུམ་བརྗོད་པས་སྟོང་པར་

(༤༡༩)བསམ། སྟོང་པའི་ངང་ལས་ཞབས་རྗེས་དེ་བླ་མར་བསམ། །བླ་མའི་ཐུགས་ཀར་རང་གི་ཡི་དམ་གྱི་གདན་ས་བོན་བསམ། ས་བོན་ལས་འོད་ཟེར་འཕྲོས་ལུས་ཁྱབ། སྡིག་པ་དང་ཤ་ཁྲག་སྦྱངས་ནས། བླ་མ་ཡི་དམ་ལྷར་བསམ། དེ་ནས། ཡི་དམ་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ལ་ཕོག །ཤ་ཁྲག་དང་སྡིག་སྒྲིབ་སྦྱངས། ཐམས་ཅད་ཡི་དམ་ལྷར་གྱུར། ཚུར་འདུས་ཐུགས་ཀར་ཐིམ། ཡང་འོད་ཟེར་གཉིས་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ། ཞབས་རྗེས་ལ་བསྟིམ་ཡང་འོད་ཟེར་འཕྲོས་པས། འཇིག་རྟེན་གྱི་ཁམས་ཀྱི་དཔའ་བོ་དང་དཔའ་མོ་ཐམས་ཅད་སྤྱན་དྲང་ནས་ལ་བསྟིམ་ལ། ཡན་ལག་བདུན་པ་རྒྱས་པ་འབུལ། བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་

(༤༢༠)དང་། དཔའ་བོ་དང་དཔའ་མོ་ཐམས་ཅད་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། རྟོགས་པ་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། བསྟན་པའི་རིམ་པའི་མཐའ་དག་རྒྱུད་ལ་སྐྱེ་བ་དང་། དེའི་མི་མཐུན་ཕྱོགས་མཐའ་དག་ནུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་དགེ་བ་བསྔོ། སྨོན་ལམ་གདབ། ཡང་བླ་མ་དང་ཡི་དམ་ལ་འཕྲིག་གམ་སེལ་ཡོད་ན། སེམས་གསུམ་གྱིས་བྱིན་གྱིས་བརླབས་ལ། རང་སྐད་ཅིག་གི་ཡི་དམ་ལྷར་བསམ། ཞབས་རྗེས་བཀྲམ་ལ། འོད་ཟེར་སྤྲོ་བསྡུ་ལ་སོགས་པ་ཡན་ཆད་སྔར་དང་མཐུན། དེ་ནས་རྟེན་དེ་ལ་དམིགས་ནས། དམ་ཚིག་ཉམས་པ་བཤག་པའི་བསམ་པས། ཡི་གེ་བརྒྱ་བ་བཟླས་པ་ཟིན་པ་དང་། བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ།

(༤༢༡)ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། བདག་གི་དམ་ཚིག་ཉམས་པ་ཐམས་ཅད་སོར་ཆུད་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ། དམ་ཚིག་ལ་སེམས་འཕྲིག་ཡོད་ན། བླ་མ་ཞལ་བཞུགས་ན་དངོས་སུ་བཤག །མི་བཞུགས་ན་སྐུ་འབག་ལ་བཤག །གླང་པོ་ཆེ་ཀོ་བ་ཅན་གྱི་གཏམ་རྒྱུད་ཡོད། ཡང་ན་བླ་མ་བཞན་གཅིག་ལ་ཆོས་སྐུ་ཅིག་པ་ཡིན་པའི་བསམ་པས་བཤགས་ཀྱང་བཏུབ། དངོས་པོ་ཨ་ཐང་ཆད་པ་མེད། །བཤག་པར་བྱ་དང་བཤགས་པ་རྣམས། །གང་ཚེ་སྦྱོར་བ་མ་མཐོང་བ། །རང་བཞིན་དག་པའི་ཡང་དག་མཐོང་། །དེ་ནི་བཤགས་པའི་མཆོག་ཡིན་ནོ། །ཞེས་གསུངས། སྒྱུ་མའི་བློ་ཡོད་ན་བཤགས་པ་ལ་ཚེགས་མེད་གསུང་། ཡང་བླ་མ་ཞལ་བཞུགས་རྩ་ན་མན་ངག་དང་། ཆོས་བཤད་པ་ལ་སོགས་པའི་

(༤༢༢)ལུང་མེད་ནས། བླ་མ་མི་བཞུགས་པའི་དུས་སུ་ལུང་བླང་བ་ནི། སེམས་གསུམ་གྱིས་བླང་སྟེ། རང་ཡི་དམ་སུ་བསམས་ལ། སྔར་བཞིན་ཡན་ལག་བདུན་པ་ཡན་ཆད་རྒྱས་པར་བྱས་ལ། བླ་མ་རྡོ་རྗེ་འཛིན་པ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། བདག་ལ་འདི་དང་འདིའི་ལུང་གནང་བར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས། གང་འདོད་པའི་ལུང་བསྟན་པར་བསམ། རྟེན་དེ་བླ་མའི་ངོ་བོར་བྱས་ལ། མི་གཤེགས་པར་ངོ་བོར་བཞག །ཟིན་པ་དང་དགེ་རྩ་བསྔོ། སྨོན་ལམ་གདབ། འཆལ་བ་དང་འགྲོགས་པའི་ཉེས་པ་འདིས་མི་ཐུབ། རྨེ་བརྩེགས་རང་དགོས་གསུང་། ཞབས་རྗེས་ལ་རབ་གནས་ཡོད་ན་ལེགས། མེད་ཀྱང་བཏུབ་གསུང་། ཞབས་རྗེས་འདི་གསང་སྤྱོད་ཡིད་པས། བཞན་ལ་མ་བསྟན་གསུང་ངོ་། །ཞབས་རྗེས་

(༤༢༣)ལ་རྟེན་པའི་གདམས་པའོ། །མངྒ་ལམྦྷ་ཝནྟུ།། ༈ །།ཆོས་རྗེ་དྭགས་པོ་ལྷ་རྗེས་གསུང་། བར་དོ་གཞི་བཞིག་གདམ་པའོ།། ༈ །།ན་མོ་རདྣ་གུ་རུ། སྐྱེས་ནི་སྐྱེས། ཤི་ནི་མ་ཤིས་བ་དེ། སྐྱེ་ཤིས་བར་དོའོ། །གཉིད་ལོག་ནི་ལོག །སད་ནི་མ་སད་རྨི་ལམ་བར་དོའོ། །ལུས་འདི་ནི་བོར། ཕྱི་ནི་མ་བླངས་པ་དེ། སྲིད་པ་བར་དོ་ཡིན་ནོ། །གང་མངོན་དུ་བྱེད། འོད་གསལ་མངོན་དུ་བྱེད། གསལ་སྟོང་ལ་ཟེར་རོ། །འོད་གསལ་མངོན་དུ་བྱེད་པ་ལ། གསལ་སྟོང་སྒོམ་པ་གལ་ཆེ་བ་ཡིན། གང་མངོན་དུ་བྱེད་ན། འོད་གསལ་མངོན་དུ་བྱེད་དོ། །བླ་མ་དམ་པའི་མན་ངག་གིས་མཚམས་སྦྱར་བའོ། །མཚམས་དྲན་པ་དང་། འདུན་པས་སྦྱར། རྨི་ལམ་ཅིག་རྨི་བར་བྱའོ་སྙམ་པ་ནི་དེ་ལ་བྱའོ། །མཚམས་ཐབས་ཤེས་གཉིས་ཀྱིས་སྦྱར་བར་བྱའོ། །བསྲེ་བ་རྩ་རླུང་གིས། འདོད་ཆགས་དང་བསྲེ་བའོ། །བསྲེ་བ་གཏི་

(༤༢༤)མུག་གིས་གཉིད་དང་བསྲེ་བའོ། །བསྲེ་བ་འདོད་ཆགས་དང་ཕྲག་དོག་བསྲེ་བའོ། །ལས་རྣམ་པར་སྨིན་པའི་ལུས་ཡིན་ནོ། །ལུས་བག་ཆགས་ཀྱིས་ལུས་ཡིན་ནོ། །ལུས་ཡིད་ཀྱི་ལུས་ཡིན་ནོ།། །།མངྒ་ལམྦྷ་ཝནྟུ།། ༈ །།ཆོས་རྗེའི་དྭགས་ལྷ་རྗེའི་གསུང་། འཕོ་བའི་གདམས་པ་བཞུགས་སོ།། ༈ །།ཡོན་ཏན་ཀུན་དང་ལྡན་པ་ཡི། །བླ་མ་དམ་པ་རྣམས་དང་ནི། །རྡོ་རྗེ་འཆང་ལ་ཕྱག་འཚལ་ནས། །འཕོ་བའི་སྦྱོར་བ་བདག་གི་བྲི། །དེ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་པའི་རྣལ་འབྱོར་པས། བསྐྱེད་རིམ་ལ་བརྟེན་ནས། རྫོགས་རིམ་ལ་རྟགས་འགའ་ཟུང་ཐོན་ནས་ཀྱང་། ལུས་རྒས་ཏེ་མཆོག་མ་ཐོབ་པར་འཆི་བའམ། ཡང་ན་བསྐྱེད་རིམ་བསྒོམ་འཕྲོ་ལ་འཆི་རྟགས་བྱུང་ནས། སྒྲུབ་པའི་ལོང་མེད་དུས་སུ་འཕོ་བ་བྱ་བ་ནི། དགྱེས་པ་རྡོ་རྗེ་མཁའ་འགྲོ་མ་གུར་གྱི་ལེའུ་བཅོ་ལྔ་པའི་རྡོ་རྗེ་སློབ་དཔོན་སྐུ་འགྱུར་བའི་སྐབས་དང་། དེའི་རྒྱས་པར་བཤད་པ་སོཾ་པཱུ་

(༤༢༥)ཏྲ་དང་། རྡོ་རྗེ་གདན་གཞི་དང་། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ནས་བཤད་པ་ནི། སྦྱངས་ཏེ་འཕོ་བའི་མཆོག་ཐོབ་པ་འདི་མཆོག་ཡིན་ཏེ། འདི་ལ་འབད་པས་འཕོ་བར་བྱའོ། །དེའི་རིམ་པ་ཡང་། དང་པོ་འཆི་བླུ་ཤེས་པའི་གང་ཟག་གིས། ཕྱི་ནང་གི་འཆི་བལྟས་བརྟགས་ཏེ་འཆི་བར་ཤེས་ནས། འཕོ་བ་ལ་སླབ་ཅིང་སྦྱངས་པས། འཆི་ཁར་ཚེགས་མེད་པར་འཕོ་བ་ཡིན་ཏེ། དེ་ལ་སླབ་ཅིང་སྦྱངས་པའི་རིམ་པ་ནི། སྃ་པཱུ་ཏྲ་དང་། རྡོ་རྗེ་གདན་གཞི་ལ་སོགས་པ་དང་། འཕོ་བའི་སྒོ་རབ་འབྲིང་ཐ་མ་གསུམ་བཤད་དེ། དེ་གང་ཞེ་ན། ལྟེ་བ་འདོད་ཁམས་མཐོ་རིས་ཏེ། ཐིག་ལེའི་གཟུགས་ཀྱི་ལུས་ཅན་ནོ། །གོང་མས་གོང་མའི་གནས་སུ་ནི། །འགྲོ་བ་དེ་ནི་ཡོངས་སུ་བརྟགས། །སྣ་ནས་གནོད་སྦྱིན་གནས་སུ་ཏེ། །རྣ་བ་གཉིས་ནས་གྲུབ་པའི་ལྷ། །གལ་ཏེ་མིག་ནས་ཡེ་ཤེས་འགྲོ། །མི་རྣམས་ཀྱི་ནི་རྒྱལ་པོར་འགྲོ། །སྲིད་པའི་སྒོ་ཡིས་ཡི་

(༤༢༦)དགས་རྣམས། །དེ་བཞིན་ཆུ་རིས་དུད་འགྲོར་གནས། །ཆུ་མིན་རྣམ་ཤེས་མྱུར་དུ་འགྲོ། །དམྱལ་བ་བརྒྱད་ཀྱི་དངོས་པོ་རྣམས། །གང་གི་སྒོ་ཡིས་བྱེ་བྲག་གིས། །འཁོར་བ་ལས་ནི་རྒལ་བར་འགྱུར། །དེས་ན་སྒོ་ཡིས་བྱེ་བྲག་གིས། །རྣལ་འབྱོར་པའི་ལམ་བཟང་པོ། །འཆི་འཕོའི་མཚན་མ་བྱུང་བ་ཡིས། །འཆི་བར་འགྱུར་བའི་དུས་བྱུང་ན། །རིམས་ལ་སོགས་པས་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་ནོ། །དབུགས་རྔུབ་སྔོན་དུ་བརྩམ་ནས་ནི། །ཐམས་ཅད་སྒོ་ནི་དགག་པར་བྱ། །ཅེས་གསུངས་པ། དེའི་དོན་རིམས་པ་བཞིན་དུ་བཤད་ན། འཆི་བའི་དུས་སུ་ལྟེ་བ་ནས་འཕོས་འདོད་ཁམས་ཀྱི་ལྷར་སྐྱེ། སྨིན་བར་གྱི་ཐིག་ལེ་ནས་འཕོས་ན། གཟུགས་ཁམས་ཀྱི་ལྷར་སྐྱེ། སྤྱི་གཙུག་ནས་འཕོས་ན། གཟུགས་མེད་ཀྱི་ལྷར་སྐྱེའོ། །དེ་གསུམ་ནི་སྒོ་རབ་གསུམ་མོ། །སྡུད་པ་ནས། གཟུགས་མེད་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་གསུངས་པས་འདིར་མི་སྐྱེ་པ་

(༤༢༧)རུང་ཞེས་གསུང་། །སྣ་ནས་འཕོས་ན་གནོད་སྦྱིན། རྣ་བ་གཉིས་ནས་འཕོས་ན། རིག་འཛིན་གྱི་ལྷ། མིག་གཉིས་ནས་འཕོས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་སྟེ། དེ་གསུམ་ནི་སྒོ་འབྲིང་གསུམ་མོ། ཁ་ནས་འཕོས་ན་ཡི་དྭགས། ཆུ་ལམ་ནས་འཕོས་ན་དོད་འགྲོ། །ཤང་ལམ་ནས་ངེས་པར་དམྱལ་བར་སྐྱེ་སྟེ། དེ་གསུམ་ནི་སྒོ་ཐ་མ་གསུམ་མོ། །དེ་ལྟར་སྒོ་རབ་འབྲིང་ཐ་མ་གསུམ་གྱི་སྐྱོན་ཡོན་ཤེས་པར་བྱས་ལ། དང་པོ་རླུང་ལ་སྦྱང་བ་ནི། འབྱུང་འཇུག་གཉིས་གཅིག་ཏུ་གྲངས་པའི་སུམ་བཅུ་སོ་དྲུག་ཐ་མའོ། །བདུན་བཅུ་རྩ་གཉིས་འབྲིང་། བརྒྱ་རྩ་བརྒྱད་ཐུབ་ན་རབ་ཀྱི་ཚད་ཡིན། དེ་ནས་རླུང་དེ་ལྟར་སྦྱབས་པ་དང་། དེ་ནས། རང་ཁམས་བདེ་བ་ལ་འཆི་བལྟས་བརྟག་སྟེ། ཕྱི་ནང་གི་འཆི་བལྟས་བྱུང་ནས། འཆི་བ་སླུ་བའི་ཆོ་ག་བྱ། དེས་ཀྱང་མི་ཐུབ་པ་འདྲ་ན། འཕོ་བའི་མན་ངག་ལ་འཇུག་པར་བྱེ་

(༤༢༨)སྟེ། དེ་ལ་སྦྱོར་དངོས་གཉིས་ལས། སྦྱོར་བ་ནི། རང་ཡི་དམ་ལྷར་བསྒོམས་ཏེ། ལུས་བདེ་བར་གནས་པས་དབང་པོའི་སྒོ་དགུ་དགག་པ་ནི། སྤྱི་བོ་ཚངས་བུག་ཏུ་ཀྵ། མིག་གཉིས་སུ་ཧཱཾུ་རེ་རེ། རྣ་བ་གཉིས་ས་སུ་ཡུྃ་རེ་རེ། སྣ་གཉིས་སུ་མུ་རེ་རེ། ལྕེ་ལ་སུྃ། སྨིན་བར་དུ་ཧཱཾུ། དྲི་ཆེན་དྲི་ཆུའི་བར་དུ་ཀྵུྃ་རེ་རེ། ལྟེ་བར་ཧཱཾུ། སྙིང་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་བཀག་ལ། དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་མོས་པ་བྱས་སྟེ། རང་ལུས་སྔར་ལྟར་ལྷར་གསལ་བའི། ལུས་འཁྲུལ་འཁོར་བཅའ་བའོ། །དེ་ནས་སྟེང་རླུང་དྲངས་ལ། ཤེས་པ་ལྟེ་བའི་ཨ་ལ་གཏད། སྒལ་ཚིག་ཉི་ཤུ་རྩ་གཅིག་ནི། པད་མ་འདབ་མ་ཉི་ཤུ་རྩ་གཅིག་ཏུ་སྒོམ། རླུང་དང་བཅས་པས། ཧིཀྐ་ཉི་ཤུ་རྩ་གཅིག་གིས། ལྟེ་བའི་ཨདེ། པད་འདབ་རེ་རེ་ལ་ཡར་ཡར་སྤྱི་བོ་བདེ་བ་ཆེན་ སྔོན་པོ། སྔོན་པོ། སྔོན་པོ། སྔོན་པོ། ཀྵ་ཡུམ་དུ་ཀློག་པའོ། །སྔོན་པོ། ནང་གིས་ལྟེ་བའི་དབུས་ན་གནས་པའི།

(༤༢༩)པོར་དྲངས་ཏེ། ཉི་ཤུ་གཉིས་སུ་བྱས་ན། ཤེས་པ་འཆོར་བས་མི་བྱའོ། །དེ་ནས་ཡང་། ཉི་ཤུ་རྩ་གཅིག་གིས་ཀ་ཧིཀ་ཅེས་བརྗོད་ཅིང་མར་དྲངས་ངོ་། །དེ་ལྟར་ཉི་མ་རེ་རེའམ། ཐུན་བཞིར་ཡར་སྦྱོང་མར་སྦྱོང་བྱེད་པ་ནི། དཔེར་ན། རྟ་རྒྱུག་བྱེད་ན། སྔོན་ལ་ཡར་འགྲོ་མར་འགྲོ་བྱེད་ཅིང་། རྟ་ལ་དཀྱུས་ས་སྟོན་པ་ལྟར། རླུང་སེམས་སྔོན་ནས་ཡར་སྦྱོང་མར་སྦྱོང་བྱེད་པ་ནི། དང་པོར་སྦྱོར་བའོ། །དེ་ནས། འཆི་ངེས་ཏེ། རྟགས་རྫོགས་པར་གྱུར་ནས། འཕོ་བ་དངོས་གཞི་བྱ་བ་ནི། འབྱོར་བའི་རྫས་དང་ཡོ་བྱེད་རྣམས་ཚོགས་བསོག་བཏང་། འཁོར་གྱི་མྱ་ངན་དང་དུ་འབོད། སྨྲེ་སྔགས་རྣམས་སྔ་ནས་སྤངས་ཏེ། མཚམས་བྱས་ལ། བར་དོ་ནས་སངས་རྒྱས་ཀྱི་ས་ལ་འགྲོ་སྙམ་པའི་མདུན་པ་གྲག་པོ་སྔོན་དུ་བཏང་ལ། འཆི་དུས་སུ་གནས་ཁང་ཆག་ཆག་བཏབ། རས་རིས་ལ་སོགས་པའི་རྟེན་དཀྲམ། མཆོད་པ་དང་། ཚོགས་ཀྱི་ཡོ་བྱེད་རྣམས་

(༤༣༠)བཤམས་ལ། རང་ལྷར་བསྒོམ་སྟེ། ཡི་དམ་ལྷ་ཚོགས་རྣམས་སྤྱན་དྲངས་ལ། མཆོད་པ་དང་ཚོགས་ཕུལ་ལ། རླུང་རོ་ལན་གསུམ་ཕྱུང་། གོང་བཞིན་དབང་པོའི་སྒོ་རྣམས་བཀགཁྱད་པར་དུ་འཆན་ཁུང་གཉིས་སུ་རླུང་གི་ས་བོན་ཡྃ་རེ་རེ་བསྒོམ། སྐུ་གཉིས་སུ་ཨོྃ་རེ་རེ། རྐང་མཐིལ་གཉིས་སུ་ཡྃ་རེ་རེ་སྒོམ། སྙིང་ཀའི་ཧཱཾུ་ལ་ཡྃ་བཞིས་བསྐོར་བར་བྱ། དངོས་པོ་ཐམས་ཅད་ལ་སྒྱུ་མའི་བློ་བསྐྱེད་ནས། མི་དགའ་བ་མེད་པར། དགའ་སྤྲོ་དང་བཅས་པས། ཤེས་པ་ཡི་དམ་ལྷའི་ཐུགས་ཀར་འཕང་ངོ། །སྙམ་པའི་མདུན་པ་དྲག་པོ་བྱ་ལ། མདུན་གྱི་ནམ་མཁར་ཡི་དམ་གྱི་ལྷ་སྤྱན་དྲངས་ལ། དེ་དག་གསལ་བར་སྒོམ། ཚངས་བུག་གི་ཀྵ་ཕྱུང་ནས། སྤྱི་བོའི་སྒོ་ཧར་གྱིས་ཕྱེ་སྟེ་སྟེང་རླུང་མནན། འོག་རླུང་དྲངས་ལ། ལྟེ་བ་སྤྲུལ་པ་ནས། སྤྱི་གཙུག་བདེ་ཆེན་མན་ཆད་དུ། སྒལ་ཚིགས་ཉི་ཤུ་རྩ་གཅིག་འོད་ཟེར་བསྡུས་ནས་གནས་པར་སྒོམ། ཤེས་པ་ལྟེ་བའི་ཨལ་གཏད་པས།

(༤༣༡)ཧིཀྐ་ཞེས་ལན་ཉི་ཤུ་རྩ་གཅིག་གིས་དྲག་ཏུ་དྲངས་ལ། ལྟེ་བ་སྤྲུལ་པ་ནས་སྤྱི་གཙུག་བདེ་ཆེན་མན་ཆད་དུ། ཧིཀ་རེ་རེས། པད་འདབ་རེ་རེ་ལ། ཨཐུང་དུ་རེ་རེ་དྲངས་ཏེ། ལྟ་བའི་ཨདང་། སྙིང་ཀའི་ཧཱཾུ་གཉིས་འདྲེས་ནས་ཡར་ཡར་དྲངས་ཏེ། ཧཱཾུ་དེ་ཉིད་ཐ་མ་སྤྱི་བོ་ཚངས་པའི་བུག་གར་ཡེར་ཏེ་བྱུང་བ་དང་། ཧིཀྐ་ཉི་ཤུ་རྩ་གཅིག་སོང་བའི་རྟིང་མ། ཉི་ཤུ་རྩ་གཉིས་པ་ལ། ཧཱཾུ་གི་འོད་ཟེར་གྱི་ཐག་པ་བཅད་ནས། ཚངས་བུག་ནས་ཡར་སེམས་ཉིད་ཡི་གེ་ཨར་གནས་པ་དེ་ཐ་ལམ་གྱིས་སོང་ནས། ཡི་དམ་ལྷའི་ཐུགས་ཀར་བཏང་སྟེ། འཕོས་ནས་ལུས་འདི་དོར་བར་བྱའོ། །དེ་ཡང་ཅི་ཤེས་ན། རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པའི་ཞབས། རྡོ་རྗེ་སློབ་དཔོན་འདའ་བའི་སྐབས་ནས་སྟོན་ལ། དེ་ཉིད་རྒྱས་པར་ནི། སྃ་པཱུ་ཏྲ་དང་། གདན་གཞི་ལ་སོགས་པ་ནས། བསྟན་ནོ། །དེས་ན། ཕྱི་ནང་གཉིས་ཀའི་འཆི་རྟགས་གཏན་

(༤༣༢)འཕེབས་ནས། འཆི་ངེས་པའི་དུས་འཕོ་བའོ། །དེ་ལྟར་ཤེས་ན། མཚམས་མེད་ཀྱི་ལས་བྱས་པ་ཡང་། ངེས་པར་འཕོའོ། །དེ་ལྟར་ཤེས་ན། མཚམས་མེད་ལྔ་བྱས་པ་ཡང་། ངེས་པར་མྱ་ངན་ལས་འདས་པའི་སར་འགྲོ་བར་རྒྱུད་ལས་གསུངས་སོ། །འཆི་བའི་དུས་དུ་ཡི་དམ་ལན་ཅིག་མི་འོང་མི་སྲིད་པས། དེའི་ཐུགས་ཀར་ཤེས་པ་འཕོའོ། །དེ་ལྟ་བུ་དེ་སྦྱངས་ཏེ་འཕོ་བ་ཅེས་བྱ་བ། ནཱ་རོ་པ་ཆེན་པོའི་གདམས་པ། བླ་མ་ལྷོ་བྲག་པས་དངོས་སུ་འཕོ་བ་མཛད། བླ་མ་མི་ལ་ཆེན་པོས་ཀྱང་དངོས་སུ་འཕོ་བ་མཛད་པའི་གདམ་ངག་ཐུན་མོང་མ་ཡིན་པའོ།། ༈ །།ན་མོ་གུ་རུ། ལུས་ཀྱི་འཁྲུལ་འཁོར་གྱི་འཕོ་བ་ནི། ལུས་དྲང་པོར་བསྲང་མ་ནུས་ན། སེང་གེའི་ཉལ་སྟབས་ཀྱིས་འཕོ་སྟེ། དབང་པོའི་སྒོ་དགག་པ་དང་། འཕོ་ཐབས་འདྲེའོ། །བཙན་ཐབས་སུ་འཕོ་བ་ནི། ཡེ་ཤེས་སྐྱེ་བའི་ཐབས་བཙལ་ཏེ། སྐྱེ་བ་དང་།

(༤༣༣)ཙིཏྟ་དང་། ཀྱི་ཉན་བསྐྱེད། བྷ་སུ་ཀ་ར་དྲངས་ལ། ཙམ་པོ་ཀ་ལན་གསུམ་བསྐོར་རོ།། ༈ །།ན་མོ་གུ་རུ། གང་དུ་འཕོ་བའི་མན་ངག་ལ། །འཆི་བལྟས་བརྟགས་ལ། ཞེས་པས་དོན་གྱི་འཆི་བལྟས་བརྟག་པ་ནི། དང་པོ་རྣལ་འབྱོར་པ་བདག་ཉིད་ཀྱིས་ཚེའི་ཕྱག་རྒྱ་བཅིངས་ཏེ། ཨཱ་ཡུ་དེ་ཝ་ས་ར་ཧ་ཀ་རེ་ཤ་ཧཱཾུ་ཕཊ དུས་ནི་རྣམ་པ་བཞི་དག་ཏུ། ཚེ་ཡི་གྲིམ་མ་འོང་གྱུར་ཏེ། །སྲོག་གི་བརླ་གནས་རབ་བརྟག་ཞིང་། །ས་ཡི་དམིགས་ནི་རྒྱུན་མི་བཅད། །ཚེའི་མགོ་བོ་ཆད་གྱུར་ན། །དེ་ཚེ་ཟླ་བ་གཅིག་ན་འཆི། །ཚེ་གཟུགས་ཟླུམ་པོར་གྱུར་པ་ན། །དེ་ཚེ་ཟླ་བ་གཉིས་ན་འཆི། །ཚེ་གཟུགས་སྤྱི་བོ་ཚུགས་གྱུར་ན། །དེ་ཚེ་ཟླ་བ་བཞི་ན་འཆི། །ཚེ་གཟུགས་ཡན་ལག་མ་ཚང་ན། །གཏོར་མ་བཞི་ཡིས་ཕྱོགས་བཞིར་མཆོད། །ཚེ་གཟུགས་དམར་པོར་གྱུར་པའི་ཚེ། །ནད་དང་མར་ངོ་ཡོད་པས་ན། །འཇིག་

(༤༣༤)རྟེན་གཏོར་མས་བཟློག་པར་འགྱུར། །ཞེས་གསུངས་པ་དེ་ཉིད་རྒྱས་པར་བཤད་ན། ནམ་མཁའ་སྤྲིན་མེད་པའི་དུས་སུ། མི་མེད་པའི་དགོན་པར་ཕྱིན་ལ། དེར་མཎྜལ་བྱས་ལ་ཡི་དམ་ལ་མཆོད་བསྟོད་བྱས་ཏེ། དེ་ནས་ཚེའི་ཕྱག་རྒྱ་བཞི་བྱ་བ་ནི། ཉི་མ་ཤར་ཐོག་དང་། ཉི་མ་ནུབ་ལ་ཁད་པའི་དུས་དང་། ཟླ་བ་ཤར་མ་ཐོག་དང་། ནུབ་ལ་ཁད་པའི་དུས་ཏེ། དེ་བཞི་གང་རུང་གཅིག་ལ་བལྟ་བ་ནི། སྐྲ་སྤྱི་བོར་བཅིངས། ལུས་གཅེར་བུར་ཕྱུང་སྟེ། ལག་པ་གཉིས་བརྐྱང་། རྐང་པ་གཉིས་བཤིབས་ཏེ། ལངས་ནས། རང་གི་གྲིབ་མའི་སྙིང་ཀར་མིག་མི་འཛུམ་པར་བལྟ་སྟེ། དེ་ལ་ཡུན་རིང་བར་བལྟས་ལ། མིག་འགྲིབ་པ་དང་། འཐིབས་པ་བྱུང་ན། མིག་ནམ་མཁལ་ལ་བལྟས་པས། ནམ་མཁའ་ལ་གཟུགས་འོང་བརྟག་གོ། །དེ་ལ་མ་མཐོང་ན། ལུས་རྡོ་རྗེ་དཀྱིལ་དཀྲུང་། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱས་ལ་བརྟག་གོ། །དེ་ལ་གཟུགས་ཅི་ཡང་ཕྱེ་རུང་གིས་དད་ནས།

(༤༣༥)མ་བྱུང་ན་སྐྱོན་དུ་མི་བལྟ་སྟེ། ནམ་མཁའ་སྤྲིན་དང་། སེ་རུའི་ཞང་བྱུང་བ་ཡིན་པས། མི་འགལ་ལོ། །དེ་ལ་གོང་དུ་བསྟན་པའི་ལུགས་ལྟར་ཟླ་བ་བཞི་ལྟ་བུའི་འཆི་བལྟས་བྱུང་ན། འཆི་བླུ་ཟླ་བ་གཅིག་བྱ་སྟེ། ཡར་སྔར་བཞིན་བལྟས་པས། ཡན་ལག་ཐམས་ཅད་རྫོགས་ན་འཆི་བ་བླུས་སོ། །དེའི་དུས་སུ། ཚེ་གཟུགས་ཟླུམ་པོར་གྱུར་ནས། ཟླ་བ་གཅིག་ནས་འཆི་བ་བླུ་བའི་དགེ་སྦྱོར་བྱའོ། །དེ་ནས་ཡང་ཟླ་བ་གཅིག་ལོན་ནས་བལྟས་པས། སྤྱིའུ་ཚུགས་སུ་གྱུར་པ་མཐོང་ན། ཟླ་བ་གཅིག་ནས་འཆི་ངེས་ཏེ། ཚེ་རྣམ་སྨིན་ཟད་པ་ཡིན་པས། དགེ་སྦྱོར་ལ་ཞུགས་ཏེ་མི་དགའ་བ་མེད་པར། དངོས་པོ་ཐམས་ཅད་སྒྱུ་མ་ཡིན་སྙམ་པའི་འཆི་བའི་བལྟས་ལ་ཕྱི་ནང་གསང་གསུམ་ནི། ནང་གི་བྱུང་ན་རླུང་སྒོམ་པ། གསང་བ་ནི་དོན་མེད་པར་བྱང་སེམས་འབབ་པ་མ་ཆོད་ན་འཆི། དེ་བཅད་པ་ནི། བྱང་སེམས་སྣ་བུག་གཡོན་པར་བླུག་ལ་བསྒོམ་མོ། །

(༤༣༦)མདུན་པ་དྲག་པོ་བྱའོ། །དེ་ནས་ཡང་སྔར་ལྟར་ཞག་གྲངས་མ་ནོར་བར་འཆི་བའི་ཉིན་མོའི་དུས་དེར་གནས་ཐམས་ཅད་ཆག་ཆག་བཏབ་སྟེ། ཐད་ཀུ་ལ་སོགས་པ་ཡང་བྲས་ལ། རང་ཡི་དམ་གྱི་ལྷར་བསྐྱེད་པ་ནི་ལུས་ཀྱི་འཁྲུལ་འཁོར་བཅའ་བའོ། །དེ་ནས་འཕོ་བ་ནི་ལུགས་གཉིས་ཏེ། རང་གི་ཤེས་པ་བདེ་བ་ཅན་གྱི་ཞིང་། ཁམས་སུ་འཕོ་བའམ། ཡང་ན་རང་གི་ཤེས་པ་སྙིང་ཀར་ཧཱཾུ་ལ་ལྷན་གྱིས་བསྡུས་ཏེ། མན་ངག་བཞིན་ཡི་དམ་མདུན་དུ་སྤྱན་དྲངས་ལ། དེའི་ཐུགས་ཀར་རང་གི་ཤེས་པ་དེ་རྒྱངས་ཀྱིས་བཏང་ངོ་། །ཨོཾ་ཨཱཧཱཾུ་གསུམ་ཟླས་པ་ནི་ངག་གི་འཁྲུལ་འཁོར་བཅའ་བའོ། །དེ་དུས་སུ་ལག་པ་གཉིས་ལྟག་པར་སྦྲེལ། པུས་མོ་གཉིས་གཙོག་པུར་བཤིབས། རྒྱབ་དབྱུག་པ་ལ་རྟེན། སྙིང་གྱེན་ལ་ལོག་གིས་བཏང་ལ། ཁ་ནས་སྙིང་དེ་ནས་ལྷ་དང་སྣང་བ་ཐམས་ཅད། སྐྱེ་མེད་འོད་གསལ་གྱི་མོས་པ་བྱས་པས། ཐ་མལ་གྱི་ཞེན་པ་བཟློག་སྟེ། སེམས་ཀྱི་འཕྲུལ་འཁོར་བཅའ་བའོ། །

(༤༣༧)ཀའི་ཧཱཾུ་དེ་རྒྱངས་ཀྱིས་ཐོན་ནས་ཡི་དམ་གྱི་ཐུགས་ཀའམ། བདེ་བ་ཅན་དུ་བཏང་སྟེ། ཧིཀྐ་ཅེས་པས་ཡུན་རིང་པོར་ཡང་དག་པར་དྲངས་ཏེ། དབུགས་ནང་དུ་མ་བཏང་བས་ངེས་པར་འཕོ་བའོ། །སངས་རྒྱས་ཀྱི་བཀའ་ནས། ཁ་ནས་འཕོས་ན་ཡི་དྭགས་གནས་སུ་འགྲོ་བར་བཤད་དེ། དེ་ནས་འཕོ་བའི་མན་ངག་མི་ཤེས་པར་ཐ་མལ་དུ་འཆི་བ་ལ་དགོངས་པའོ། །འདིར་ནི་ཡི་དམ་ལྷ་མདུན་དུ་བྱས་ཏེ་ངེས་པར་བདེ་བ་ཅན་དུ་སྐྱེའོ། །ནང་གི་འཆི་བལྟས་བྱུང་ནས་འཕོ་བར་བྱའོ། །ཕྱི་ཁར་ཡི་དམ་ལྷ་མི་འབྱོན་མ་སྲིད་དེ། རྡོ་རྗེ་གུར་ལས། སློབ་དཔོན་གྱི་ནི་ཐར་དུས་སུ། འཆི་བ་འཇིག་རྟེན་མི་གནས་པས། །སྐྱེ་བོ་འཇིག་རྟེན་རྨོངས་པ་གང་། །དེ་འདིར་ཤིས་ཞེས་སྨྲ་བར་བྱེད། །འཆི་བ་ཅེས་པའི་རྣམ་རྟོག་གིས། །དག་པའི་གནས་སུ་འཁྱེར་བར་བྱེད། །ཡང་ན་བདེ་བ་ཅན་དུ་ངེས། །འདོད་པའི་རིགས་སུ་སྐྱེ་བར་འགྱུར། །མེ་ཏོག་སྣ་ཚོགས་ལག་ཐོགས་

(༤༣༨)ཤིང་། །རྒྱལ་མཚན་བྱུག་བ་གླུ་སོགས་ཀྱིས། །ལུས་ལས་ལུས་གཞན་འགྲོ་བར་འགྱུར། །ཞེས་གསུངས་སོ། །ཙཀྲ་སྃ་བྷ་ར་ནས་ཀྱང་བཤད་དོ། །ནཱ་རོ་ཆེན་པའི་གདམ་ངག །སངས་རྒྱས་མངོན་སུམ་དུ་འབྱུང་བའོ།། ༈ །།བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །བར་དོ་འཆི་ཀ་མའི་མན་ངག་བྲི། དེ་ལ་ལམ་བློ་ཆོད་ལ་གཉིས་ཏེ། བར་དོ་དང་། འཆི་ཀ་མའི་མན་ངག་གོ། །བར་དོ་ལ་གཉིས། བསྲེ་བའི་མན་ངག་དང་། སྒྱུ་ལུས་ངོས་བཟུང་བའོ། །དེ་ལ་བསྲེ་བའི་མན་ངག་ནི། དང་པོར་སྐྱེ་ཤི་བར་དོར། མངོན་སུམ་དུ་གང་བྱེད་ན་འོད་གསལ་བྱེད་དགོས་པ་ནི། ལམ་དང་རང་བཞིན་བསྲེ་བའོ། །དེ་དུས་འཚམས་ཅིས་སྦྱོར་ན། དབང་གསུམ་པས་སྦྱོར་ཏེ། དེའི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བའི་ཕྱིར་རོ། །གཉིས་པ་རྨི་ལམ་བར་དོར། མངོན་སུམ་གང་དུ་བྱེད་ན། རྨི་ལམ་བྱེད། དགོས་པ་ནི་ཉིན་མཚན་བསྲེ་བའོ། །དེ་དུས་མཚམས་ཅིས་སྦྱོར་

(༤༣༩)ན། འདུ་འཛི་ཤིན་དུ་ཉུང་བ་དང་། །ཤེས་པ་ཚར་གཅད་པར་བྱ་སྟེ། བྱ་བ་གཞན་བཏང་ནས་ཤེས་པ་དྲག་ཏུ་བཅུན་ཏེ། དེ་གཉིས་རྨི་ལམ་འབྱུང་བའི་ཕྱིར་རོ། །གསུམ་པ་སྲིད་པ་བར་དོར། མངོན་སུམ་དུ་གང་བྱེད་ན། བར་དོའི་སྒྱུ་ལུས་བྱེད་ན། དགོས་པ་ནི་སངས་རྒྱ་བའོ། །དེ་དུས་མཚམས་ཅིས་སྦྱོར་ན། ལས་ཀྱི་ཕྱག་རྒྱ་ལ་ཞེ་སྡང་མིག་སེར་མི་བྱ་བ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པ་དང་། གང་ལ་ཡང་ཞེན་ཆགས་མི་བྱ་བ་སྟེ། དེ་ཡང་དབང་གཉིས་པའི་དུས་སུ། བླ་མ་ཡབ་ཡུམ་སྦྱོར་བ་བྱེད་པ་ལ་ཞེ་སྡང་མིག་སེར་མི་བྱའོ། །དེ་ལྟར་རང་གི་ཕྱག་རྒྱ་ལ་གོམས་པར་བྱས་པ་དང་། དེ་ལ་མི་ཆགས་པས། ཆོས་ཐམས་ཅད་སྒྱུ་མ་ལྟར་ཤེས་པ་དང་། ཞེན་ཆགས་མེད་པས་ལུས་མི་ལེན་པའི་ཕྱིར་རོ། །བར་དོ་གསུམ་གང་དང་བསྲེ་ན། སྐྱེ་ཤི་བར་དོའི་ཤེས་པ་དེ་རྨི་ལམ་དང་བསྲེ་སྟེ། མདུན་པ་དྲག་པོ་བཏང་ལ། གཉིད་ལོག་ཁར་མགྲིན་པར་ཨཱལ་

(༤༤༠)ཤེས་པ་གཏད་པར་བྱའོ། །དེར་གཉིད་ལོག་རྨི་ལམ་མ་བྱུང་པའི་བར་དེར་འོད་གསལ་ཆོས་སྐུ་འཆར་ཏེ། དེར་རྗེས་རྨི་ལམ་འབྱུང་། རྨི་ལམ་ལ་དེར་ངོ་ཤེས་པ་དང་། དེ་ནས་རྨི་ལམ་སྦྱང་བ་ནི་གོང་བཞིན་བྱའོ། །དེ་ལ་འཇིགས་པ་དང་། བག་ཚ་བ་མེད་པར་སྒྱུ་མར་ཤེས་པར་བྱའོ། །དེར་རྗེས་རྨི་ལམ་གྱི་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་སྒོམ། དེ་ནི་རྨི་ལམ་དང་རང་བཞིན་བསྲེ་བའོ། །དེར་རྗེས་རྨི་ལམ་ནི་འགགས་གཉིད་མ་སད་པའི་བར་དེར་འོད་གསལ་ཆོས་སྐུའོ། །དེ་ནས་གཉིད་སད་པས། གོང་གིས་རྨི་ལམ་ཐམས་ཅད་དྲན་ཏེ། དེ་ཡང་དེ་ཁོ་ན་ཉིད་དུ་བསྒོམ་མོ། །དེའི་རྗེས་ཐོབ་ལ་ཆོས་ཐམས་ཅད་རྨི་ལམ། རྨི་ལམ་ཐམས་ཅད་སྒྱུ་མ་ཡིན་སྙམ་པའི་མདུན་པ་དྲག་པོ་བྱའོ། །དེ་ནས་ཉིན་པར་རྨི་ལམ་བཟུང་བ་དང་། རྨི་ལམ་དུ་ཤེས་པ་དང་། རྨི་ལམ་སྦྱང་བ་དང་། སྒྱུ་མར་ཤེས་པར་བྱ་བ་དང་། ལམ་དང་རང་བཞིན་བསྲེ་བར་ཤེས་པའོ། །དེ་ནས་སྣང་བ་ལ་བསྒོམ་སྟེ། རྨི་ལམ་བཟུང་བ་ནི། དངོས་པོ་

(༤༤༡)ཅི་མཐོང་བའོ། །རྨི་ལམ་དུ་ཤེས་པ་ནི་སྒྱུ་མ་ཡིན་སྙམ་པའོ། །སྦྱང་པ་ནི་དེ་ཉིད་བརྒྱ་ལ་སོགས་པར་སྦྱང་བ་དང་། གཅིག་ཏུ་བསྡུ་བ་ལ་སོགས་པ་སྒྱུ་མར་ཤེས་པ་ནི། འཇིགས་པ་དང་། བག་ཚ་བ་མེད་པར། རྨི་ལམ་གྱི་ཆོས་ཐམས་ཅད་དེ་ཁོ་ན་ཉིད་དུ་བསྒོམ་སྟེ། རྨི་ལམ་དང་རང་བཞིན་བསྲེ་བའོ། །དེ་ནས། ཉལ་ཁར་ཆོས་ཐམས་ཅད་སྒྱུ་མ་ཡིན། སྒྱུ་མ་ཐམས་ཅད་རྨི་ལམ་ཡིན་སྙམ་པའི་མདུན་པ་དྲག་པོ་བྱའོ། །དེ་ནས་རྨི་ལམ་བཟུང་བར་བྱའོ། །རང་གི་མགྲིན་པར་ཨ་ལ་ཤེས་པ་བཏད། །དེ་ནས་ཉིན་མཚན་བསྲེ་བའོ། །ཉིན་དང་མཚན་དུ་རྨི་ལམ་ལ། །ཤེས་པའི་ཚར་ནི་བཅད་པར་བྱ། །ཅེས་གསུངས་པས་ན། བར་དོའི་མཚམས་སྦྱོར་གསུམ་ཡང་བསྒོམ་པར་བྱའོ། །དེ་ལྟར་འབྱོངས་པ་དང་། འཆི་བའི་དུས་སུ་འོད་གསལ་སྐུ་ཐོབ་པའོ། །སྙམ་པའི་མདུན་པ་བཏང་བའམ། སྒོམ་པར་བྱ་བ་སྙམ་པའོ། །དེའི་དུས། ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། ཉིན་མཚན་མཚམས་སྦྱར། །

(༤༤༢)རླུང་རྣམ་པར་ཤེས་པ་ལ་ཐིམ་ནས། འཕེན་པའམ། སྒོམ་པའི་ངང་ལ་ཕྱི་དབུགས་ནི་ཆད། ནང་དབུགས་ནི་མ་ཆད་པའི་བར་དུ་རྣམ་པར་ཤེས་པ་དེ་འོད་གསལ་དུ་ཞུགས་ཏེ། འོད་གསལ་ཆོས་སྐུ་འཆར་བ་ལ་ཚུད་པར་འགྱུར་ཏེ། དེའི་ངང་ལ་སངས་རྒྱས་པའོ། །དེ་ནི་ཡོན་ཏན་རྫོགས་པའི་བར་དོ་ཅེས་བྱའོ། །དག་པའི་སྒྱུ་ལུས་ཤེས་བྱ་སྟེ། གལ་ཏེ་མ་ཚུད་ན་དེའི་ངང་ལ་ལྷའི་སྐུ་སྒྱུ་མར་ལྡང་སྟེ། དེ་ནི་འཁོར་བ་ལུགས་སུ་འཇུག་པའི་བར་དོ་ཅེས་བྱ། མ་དག་པའི་སྒྱུ་ལུས་ཤེས་ཀྱང་བྱའོ། །སྒྱུ་ལུས་དེས་འོད་གསལ་གྱིས་མེས་བསྲེགས་ནས། གཉིས་མེད་དུ་བསྒོམ་པ་ནི་སློབ་པའི་ཟུང་འཇུག་གོ། །སྒྱུ་ལུས་དེ་འོད་གསལ་གྱི་ངང་དུ་ཐ་མ་ནས། སྒོམ་དུ་མེད་པ་ནི་མི་སློབ་པའི་ཟུང་འཇུག་གོ། །གལ་ཏེ་བདེ་སྟོང་གཉིས་མེད་ཀྱི་ཉམས་ཁྱད་པར་ཅན་མ་སྐྱེས་ཏེ། བསྲེ་མ་ནུས་ན། སྒྱུ་མ་ལྟ་བུའི་ལོག་གནོན་བྱའོ། །དེ་ཡང་། སྒྱུ་མ་ཅི་ལྟར་རྨི་ལམ་དང་། །རྨི་ལམ་ཅི་ལྟར་

(༤༤༣)སྲིད་ཡིན་པ། །རྟག་ཏུ་གོམས་པའི་སྦྱོར་བ་ལས། །ཤེས་གསུངས་སོ། །སྒྱུ་ལུས་ངོས་བཟུང་བའི་མན་ངག་ནི། སྒྱུ་མ་ལ་བསླབ་སྟེ། དེ་ཡང་བར་དོ་ངོས་བཟུང་བར་འདོད་པས། སྒྱུ་མ་ལྟ་བུ་ལ་བསླབ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །སྒྱུ་མ་ལ་ཇི་ལྟར་བསླབ་པར་བྱ་ཅེ་ན། དེ་ཡང་། དབང་ནི་གསུམ་པའི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ལ། །དེའི་གཟུགས་བརྙན་སྣང་དང་མཚུངས། །ཤེས་གསུངས་པས། དང་པོ་གནས་ཡིད་དུ་འོང་བར་ཕྱག་བདར་བྱ་སྟེ། རང་ཡི་དམ་ལྷའི་ཐང་སྐུ་ལེགས་པའི་གཟུགས་བརྙན་མེ་ལོང་དུ་འཆར་བར་བྱས་ལ། དེ་ལྟ་ཞིང་སྒོམ་པར་བྱའོ། །དེ་འབྱོངས་པའི་ཚད་ནི། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དང་མི་འབྲལ་བྱའོ། །དེ་ནས་འཆི་བའི་ཚེ་མདུན་དུ་སྒྱུ་མའི་སྐུ་བསྒོམས་ལ། དེའི་ངང་ལས་དབུགས་ཆད་པས་སྒྱུ་མའི་སྐུ་འབྱུང་ངོ་། །དེ་ལ་སྦྱངས་པའི། མི་སློབ་པའི་ཟུང་འཇུག་ཏུ་

(༤༤༤)འགྱུར་རོ། །གོང་དུ་རྨི་ལམ་སྦྱངས་ཡུན་ཐུང་བས། གལ་ཏེ་སྒྱུ་མའི་སྐུ་མ་འབྱོངས་ན་ལོག་གནོན་བྱ་སྟེ། དེ་ཡང་མེ་ལོང་གི་གཟུགས་བརྙན་ལ་ཟླ་བ་གཅིག་ཏུ་བལྟས་པས། རང་དབང་མེད་པར་གཏིང་ནས་སྒྱུ་མའི་རྟོགས་པ་འབྱུང་ངོ་། །སྒྱུ་ལུས་དང་། མི་སློབ་པའི་ཟུང་འཇུག་ཀྱང་དེ་ལས་ཤེས་པར་བྱའོ། །སྒྱུ་མ་ལ་མཉམ་རྗེས་མེད་པས། འཕེན་པ་བཏང་བས་ཆོག་གསུང་ངོ། །བར་དོའི་མན་ངག་གོ། །བླ་མ་གྲུབ་རྒྱུད་པའི་རིམ་པས་གྲུབ་པ་ཐོབ་མའི་མན་ངག །རིམ་པ་ནས་རིམ་པར་བརྒྱུད་པའི་དམར་ཁྲིད་བརྗེད་བྱང་དུ་བྲིས་པའོ།། །།ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བར་དོ་གསུམ་གྱིས་གདམས་པ་ལགས།། ༈ །།བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །མཁས་པ་ཆེན་པོ་ནཱ་རོ་པས། །བཅུ་གཉིས་བར་དུ་བླ་མ་བརྟེན། །ཞབས་དྲུང་གདམ་ངག་མནོས་པ་ནི། །སྐྱེ་ཤི་རྨི་ལམ་བར་དོ་དང་། །སྲིད་པ་བར་དོ་གསུམ་དུ་གནས། །ཤེས་བྱ་བའི་དོན་ནི་འདི་ལྟ་སྟེ།

(༤༤༥)སྐྱེ་ཤི་བར་དོ་རྣམ་པར་སྨིན་པའི་ལུས་སོ། །རྨི་ལམ་བར་དོ་བག་ཆགས་ཀྱི་ལུས་སོ། །སྲིད་པ་བར་དོ་ཡིད་ཀྱི་ལུས་སོ། །དེ་ལ་བསྲེ་བ་རྣམ་པ་གསུམ། སྐྱེ་ཤི་བར་དོ་འདོད་ཆགས་དང་བསྲེ། རྨི་ལམ་བར་དོ་གཏི་མུག་དང་བསྲེ། སྲིད་པ་བར་དོ་ཞེ་སྡང་དང་བསྲེ། གང་ཟག་དབང་པོ་རབ་ལུས་མ་བོར་བར་སངས་རྒྱ། འབྲིང་ལུས་བོར་ནས་སངས་རྒྱ། ཐ་མ་བར་དོར་སངས་རྒྱའོ། །རང་གི་རྒྱུད་ལ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདོད་ཆགས་ཀྱི་ཡི་དྭགས་སུ་སྐྱེ། ཞེ་སྡང་གིས་དམྱལ་བར་སྐྱེ། གཏི་མུག་གིས་བྱོལ་སོང་དུ་སྐྱེ། འཁོར་བ་མཐའ་མེད་དུག་གསུམ་གྱིས་གཏན་འཁྱམས་པ་ལ། དཔལ་ནཱ་རོ་པ་ཆེན་པོའི་གདམ་ངག་གིས། དུག་གསུམ་ལམ་དུ་སློང་བས་སྐྱེ་མེད། འདོད་ཆགས་བདེ་བར་བསྒྱུར། སྔོན་ལས་མ་གྲུབ་པའི། ལུས་སེམས་སྦྱང་བའོ། །ལུས་མེད་པར་ཡོད་སྙམ་པའོ། །ལམ་བསྐྱེད་རྫོགས་གཉིས། སྒྱུ་ལུས། འོད་གསལ།

(༤༤༦)ཞེ་སྡང་འོད་གསལ་དུ་བསྒྱུར། གཏི་མུག་མི་རྟོག་པར་བསྒྱུར། བདེ་གསལ་མི་ཏོག་པ་གསུམ་ལས། བདེ་བ་ལ་ཆགས་པས། འདོད་ཁམས་ཀྱི་ལྷར་སྐྱེ། གསལ་བ་ལ་ཆགས་པས་གཟུགས་ཁམས་ཀྱི་ལྷར་སྐྱེ། མི་རྟོག་པ་ལ་ཆགས་པས། གཟུགས་མེད་ཀྱི་ལྷར་སྐྱེ། བླ་མས་ངོ་སྤྲད་པས། ཉམས་སུ་མྱོང་བའང་རང་གི་སེམས་ཡིན། སེམས་སྐྱེ་མེད་དུ་ངོ་སྤྲད་པས། ཉམས་ལ་མ་ཞེན་པ་ཅིག་འོང་བ་ཡིན། བདེ་བ་གནས་གྱུར་པ་ལ་ལོངས་སྐུ། གསལ་བའི་ནས་གྱུར་པ་སྤྲུལ་སྐུ། མི་རྟོག་པ་གནས་གྱུར་པ་ཆོས་སྐུ། སྐུ་གསུམ་དབྱེར་མེད་པ་བདེ་བ་ཆེན་པོས་སྐུའོ།། ༈ །། ཟུང་འཇུག་གིས་བཤད་པ་ལགས་སོ།། །།ན་མོ་གུ་རུ། ལམ་གྱི་དུས་སུ་སློབ་པའི་ཟུང་འཇུག །བག་ཆགས་ཐམས་ཅད་དག་ནས། མི་སློབ་པའི་ཟུང་འཇུག །མ་ཡེངས་པར་སྐྱོང་བའི་བར་དུ་སློབ་པའི་ཟུང་འཇུག །རྟོག་པ་རྒྱུན་ཆད་ཙམ་ན། མི་སློབ་

(༤༤༧)པའི་ཟུང་འཇུག་ཡིན། ཆོས་སྐུ་ཐམས་ཅད་ལ་ཁྱབ་པ་དང་། གཟུགས་སྐུའི་རྟེན་བྱེད་པས་ན་སྐུའོ། །ཟུང་འཇུག་ལ་གཉིས་ཡིན། ཉམས་སུ་མྱོང་པ་དང་། སྐྱེ་མེད་ཟུང་དུ་འཇུག་པ་བསྒྲུབ་བརྒྱུད་ཀྱི་ལུགས་ཡིན། ཆོས་སྐུ་དང་། གཟུག་སྐུ་ཟུང་དུ་འཇུག་པ་བཤད་རྒྱུད་ཀྱི་ལུགས་ཡིན་ནོ།། །།ཆོས་རྗེའི་གསུང་སྒྲོས། གཏུམ་མོའི་ལམ་རིམ་བཅུ་དྲུག་པ། རྔོག་དང་མི་ལའི་དགོངས་པ་ལགས་སོ།། ༈ །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཡི་དམ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་ནཱ་རོ་པའི་གདམས་པ་ལ། གཏུམ་མོའི་ཆོས་ལ། དང་པོ་ཁོ་ན་སྦ་བ་བཞི། རྐྱེན་བཞི། ལས་སུ་རུང་བ་བཞི། དབང་བཞིའོ། །དེ་ལ་སྦ་བ་བཞི་ནི། ལུས་ཡེ་ཤེས་ཀྱི་འཁོར་ལོར་སྦ་བ། རྩ་གསུམ་རི་རབ་ཀྱི་ལོགས་ལ་སྦ་བ། །སེམས་གསང་བའི་གནས་སུ་སྦ་བ། རླུང་འཕྱེའོ་དཔག་བསམ་གྱི་ཤིང་ལ་སྦ་བའོ། །དེ་ལ་ལུས་ཡེ་ཤེས་ཀྱི་འཁོར་ལོ་ལ་སྦ་བ་ནི།

(༤༤༨)རང་ཡི་དམ་ལྷར་མོས་པ་བྱས་ལ། འཁོར་ལོ་རྩིབས་བརྒྱད་པ་དམར་པོ་འཁོར་ལོ་སྟེ་བསྲུང་བའི་འཁོར་ལོའོ། །རྩ་རི་རབ་ཀྱི་ལོགས་ལ་སྦ་བ་ནི། རྩ་གསུམ་གསལ་གདབ་པ་ནི། རྩ་གསུམ་ཕྲ་ན་གཉུག་མ་ཙམ། སྦོམ་ན་གླིང་བུ་ཙམ་དུ་བསམ། །དེ་ཆོས་བཞི་ལྡན་དུ་དམིགས་པར་བྱས་ལ། །གཡས་གཡོན་གཉིས་ཕྲ་ཡང་བཏུབ། གཡས་དཀར་ཡང་བཏུབ་པོ། དེ་གཉིས་ཀྱི་ཡར་སྣ། སྣ་བུག་གཉིས་ཀྱི་ཟུག །མར་སྣ་རྩེ་དབུ་མའི་ནང་དུ་ཡོད་པར་བསམ། དབུ་མའི་ཡར་སྣ་ཚངས་པའི་བུ་གར་ཐོན་ནས། ཨའི་དབྱིབས་སུ་ཡོད་པར་བསམ་མོ། །དེ་ནས། རྒྱུ་ཞབས་སྒལ་པ་ལ་སྦྱར་བས་འོག་རླུང་ཐལ་འགྲོའོ། །སེམས་གསང་བའི་གནས་སུ་སྦ་བ་ནི། སུམ་མདོ་བཞི་གསུམ་འདོམ་པའི་ས་ན་མེ་གསུམ་ཁ་ཊྭཱྃ་ཁ་བཞིན་དུ་གནས་པ་ལ་སེམས་གཏད་པའོ། །རླུང་འཕྱེའོ་དཔག་བསམ་གྱི་ཤིང་ལ་སྦ་བ་ནི། མགྲིན་པ་ལྕགས་ཀྱུ་ལྟར་དཀུག་ནས། རླུང་མནན་པའོ། །

(༤༤༩)རྐྱེན་བཞི་ནི། བདེ་བའི་རྐྱེན། ལས་དང་བྱ་བ་དོར་བའོ། །གསལ་བའི་རྐྱེན་དབང་པོའི་སྒོ་མི་འགག་པའོ། །མི་རྟོག་པའི་རྐྱེན། ཞེན་ཆགས་དང་བྲལ་བའོ། །གཉིས་སུ་མེད་པའམ། ཐ་མི་དད་པའི་རྐྱེན། ལྷུག་པའམ། མ་བཅོས་པའི་ངང་ལ་བཞག་པའོ། །ལས་སུ་རུང་བ་བཞི་ནི། རྩ་ལས་སུ་རུང་བས་གངས་ཀྱི་ལྟོངས་སུ་བསྡད་ཀྱང་མཁའ་འགྲོ་དང་བུད་མེད་འདུའོ། །རླུང་ལས་སུ་རུང་བས། ཆུ་གྲི་དང་། གསལ་ཤིང་རྩེ་ལ་བསྡད་ཀྱང་ལོ་ཟླ་དུ་མར་ཚུགས་པའོ། །སེམས་ལས་སུ་རུང་བས། ཁ་ཟས་འཇུ་བའོ། །བྱང་སེམས་ལས་སུ་རུང་བས། བདེ་གསལ་ལ་ལོངས་སྤྱོད་པའོ། །དབང་བཞི་ནི། འཕྲིན་ལས་ལ་དབང་བས། འཕྲིན་ལས་བཞི་རང་ཤུགས་ཀྱིས་འབྱུང་བའོ། །སེམས་ལ་དབང་བས། རླུང་ཨ་ཝ་དྷཱུ་ཏཱིར་ཚུད་པས། སངས་རྒྱས་ཀྱི་དགོངས་པ་དང་མཉམ་པའོ། །ཡེ་ཤེས་ལ་དབང་ཐོབ་པའོ། །མཉམ་རྗེས་མེད་པར་སངས་རྒྱ་ཀྱི་དགོངས་པ་དང་

(༤༥༠)མཉམ་པའོ། །རླུང་ལ་དབང་ཐོབ་པས། རླུང་འཇུག་འབྱུང་གཉིས་དང་བྲལ་བའོ། །བླ་མ་མར་པའི་གཏུམ་མོའི་ཆོས་བཅུ་དྲུག་གི་མན་ངག །རྔོག་གིས་གནང་བའི་དམར་ཁྲིད་དོ།། །།བསྐྱེད་རིམ་གསུམ་གྱི་འབྲས་བུའོ། །ན་མོ་གུ་རུ། བསྐྱེད་རིམ་རབ་ཀྱི་བདེན་པ་མཐོང་། འབྲིང་གིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ། ཐ་མས་ལྷ་མིའི་ལུས་ཐོབ་པོ། །སྣང་བ་གསུམ་པོ་ཐོབ་པ་དག །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ངེས་པར་འགྲོ། །སྒྱུ་ལས་འབྱོངས་ནས་འོད་གསལ་གྱིས། །སངས་རྒྱས་ཞིང་ནས་མི་ལྡོག་པས། །ཚེ་འདི་ཉིད་ལ་དེ་ཉིད་ཀྱིས། །ཐམས་ཅད་མཁྱེན་པ་ཐོབ་པའོ། །ཞེས་པ་འདི་ནི། རྗེ་ཉིད་ཀྱི་དབོན་པོ། སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤནྟིར། བཀའ་རྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་པར་དུ་བགྱིས་པའོ། །སྤར་ཡིག་འདི་ནི་དང་པོས་སོར་མོའི་རྩེ་ལས་གྲུབ། རྐོས་བྱེད་མཁས་པ་ཉི་ཟླ་རྡོ་རྗེས་བརྐོས། །

(༤༥༡)གི།། ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། བསྟན་བཅོས་གྲོས་འདེབས་བདུད་རྩི་འཕྲེང་བ་དང་འདྲེ་བཞི་རྩད་བཅོད་བཞུགས་སོ། །

(༤༥༢)ཨོཾ་སྭ་སྟི། ཁམས་གསུམ་མ་ལུས་ཀུན་དུ་ཁྱབ་པ་རྡོ་རྗེའི་སྐུ། །དེ་ཉིད་ལས་བྱུང་ཐུགས་རྗེའི་འཕྲིན་ལས་རྣམ་པར་དག་པ་ཡི། །ལམ་ཞུགས་སྒྲུབ་པ་པོའི་ཚོགས་རྣམས་ཡོན་ཏན་རབ་རྒྱས་ཤིང་། །རྟོག་བཅས་བྱིས་པ་སྐྱེ་བོའི་ཚོགས་རྣམས་མྱུར་དུ་རྒྱལ་གྱུར་ཅིག །གང་ཞིག་བྱིན་བརླབས་རྟ་བདུན་བརྗིད་པའི་འོད་ལྟར་རབ་འབར་བ། །བདག་སོགས་བློ་ཡི་མུན་པ་བསལ་ནས་སེམས་ཉིད་དངས་པ་ཡི། །རྒྱ་མཚོ་ཆེ་

(༤༥༣)ལས་སངས་རྒྱས་ཡོན་ཏན་པདྨ་གཞོན་ནུའི་ཚལ། རབ་ཏུ་རྒྱས་མཛད་གང་ཡིན་དེ་ལ་གུས་པས་ཕྱག་འཚལ་ལོ། །དེ་ཡི་བཀའ་དྲིན་རྗེས་དྲན་ནས། །བདག་བློ།། །དརྨུ་རྒོད་ལྟ་བུ་འདི། །ཡང་དག་ལམ་དུ་ཞུགས་པའི་ཕྱིར། །གྲོས་འདེབས་བདུད་རྩེའི་ཕྲེང་བ་བྲི། །འོ་སྐོལ་ད་ལྟ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ནི་ཐོབ། བཀའ་བརྒྱུད་བཟང་དགུ་ནི་གདམ་དུ་བྱུང་། བླ་མ་དམ་པ་སངས་རྒྱས་ལྟ་བུ་རྣམས་ཀྱིས་ནི་རྗེས་སུ་བཟུང་། སྐྱབས་འགྲོ་

(༤༥༤)དང་སྐྱེད་དབང་རྣམས་ནི་རིམ་པ་བཞིན་ཐོབ། བླ་མ་དང་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་སྡོམ་པ་དང་དམ་ཚིག་ནི་ཁས་བླངས། མདོ་སྡེ་དང་རྒྱུད་སྡེ་དང་བསྟན་བཅོས་ཟབ་མོ་མང་པོ་ནི་ལྟ་བ་དང་ཉན་པ་བྱས། ཞལ་ནས་སྙན་དུ་རྒྱུད་པའི་གདམ་ངག་ཟབ་མོ་རྣམས་ནི་ཞུས། དགེ་བཤེས་དང་། སྟོན་པ་དང་། སྒོམ་ཆེན། རྣལ་འབྱོར་པར་ནི་ཁས་བླངས་ཤིང་མིང་བརྟགས་ནས། ཚེ་འདི་ལ་ངེས་པར་བློ་མ་ལོག་པར་འདུག་པ་སོམ་དང་། འོ་སྐོལ་ནི་གྲངས་པ་ཅི་སྙན། འཁོར་ཅི་མང་། བསོད་ནམས་ཅི་སྐྱེ། ང་རང་མིན་པ་བཞན་མེད་པ་ཅིག་བྱ་དགོས་སྙམ་ནས། སྐྱེས་བུ་དམ་པ་རྣམས་ཀྱི་སྐྱོན་གྲང་། ངན་སྨྲས་དང་ཟུར་ཟ་གཏོང་ཞིང་། ཐོས་པ་ང་ཆེ། ཆོས་ང་མཁས། གདམས་པ་ང་མཁྲས་བཟང་། སྒོམ་ང་བཟང་། ངས་ཆོས་ལ་དཀའ་ལས་འདི་ཙམ་བྱས་ཟེར་ཞིང་། རང་བསྟོང་དང་། རང་འདོད་འབའ་ཞིག་བསྒྲུབ་

(༤༥༥)པར་འདུག་པ། ཞེ་དོད་དེ་ལྟ་བུ་གཅིག་ཁོང་ན་ཡོད་ན། ཐེག་པ་ཆེན་པོ་ཨ་ཅང་ཡང་ཆེ་སྟེ། ཐེག་པ་ཉན་ཐོས་སར་ཡང་མི་འགྲོ། འཇིག་རྟེན་པ་དང་ཁྱད་མི་འདུག་པ། དེ་ལྟར་བྱས་པས་ཆོས་ག་ན་འོང་། །ཐོས་པ་ཆེ་བ་དང་། ཆོས་མཁས་པ་དང་། གདམས་ངག་ཟབ་པ་དང་། སྒོམ་བཟང་པོའི་དགོས་པ་ནི། ཉོན་མོངས་པའི་གཉེན་པོར་འགྲོ་དགོས་པ་ཡིན། རྒྱུད་ལ་ཡོན་ཏན་སྐྱེ་དགོས་པ་ཡིན། སྨན་པ་མཁས་པ་ན་ནད་མཚོ་དགོས་པ་དང་འདྲ་བ་ཡིན་ནོ། །དེ་བས་ན། ཞེ་འདོད་ཐམས་ཅད་བློ་ཡི་གཏིང་ནས་གཏོང་དགོས། དེ་ཐམས་ཅད་ལ་སྙིང་པོ་མེད་པ་ཆ་མེད་དམ། ཆེད་དུ་བསྒྲུབ་པའི་གྲགས་པ་ནི། གློག་དང་འདྲ་སྟེ་ཡལ་ནས་འགྲོ། སེར་ནས་བསགས་པའི་རྒྱགས་དང་ནི་དབུལ་པོའི་རྒྱགས་དང་འདྲ་སྟེ་འཛད། རང་གི་ཞེ་འདོད་ཀྱི་འཁོར་སྐྱང་ཀྱང་དྲིན་ཚུར་ལ་བགྲང་དུ་འོང་། ཟང་ཟིང་གི་བསོད་ནམས་ནི་བདུད་ཀྱིས་བསླུ་བ་ཡིན། ཚེ་འདིའི་སྐྱིད་སྡུག་གཉིས་ནི་འཆི་བའི་ནད་པར་རྨི་ལམ་བརྗེད་པ་བཞིན་དུ་འགྲོ། ཟང་ཟིང་གི་ནོར་རྫས་ནི་ཡོད་

(༤༥༦)ཅིང་ཇེ་དགོས་དང་ཇེ་འཕངས་ལ་འགྲོ། མཚོ་བའི་ཟས་ཀྱང་ཞིམ་མི་ཞིམ་གཉིས་འདྲ་ནི་གཙང་བའི་བསེབ་ཏུ་འགྲོ་བ་ཡིན། གོས་ཀྱང་བཟང་ན་སྡུག་བསྔལ་གྱི་རྒྱུར་འགྲོ་འདུག་པ། སྙིང་ནས་ཆོས་ཅིག་བྱེད་ན་རྙེད་པས་དགའ་བ་མེད། མ་རྙེད་པས་མི་དགའ་བ་མེད་དེ་བཞིན་དུ། གྲགས་མ་གྲགས་དང་། བདེ་སྡུག་དང་། བསྟོད་རྨད་རྣམས་ལའང་དགའ་མི་འགའ་མེད་པ་ཅིག་དགོས། མདོར་ན། ལྟོགས་པའམ་འཁྱགས་པའམ་ཤི་ཡང་རུང་སྟེ། གཉེན་པོའི་ཆོས་ཐམས་ཅད་ཧྲིལ་དྲིལ་ནས་ཆོས་བརྒྱད་ཀྱི་སྟེང་དུ་གཏོང་དགོས། བླ་ན་མེད་པའི་བྱང་ཆུབ་གཏོང་རི་སྙམ་པ་ཅིག་དགོས་པ་ལ། འོ་སྐོལ་ནི་གཙོ་བོར་ལྟོ་རྒྱབ་གཉིས་སྒྲུབ་ཅིང་། འདི་གཉིས་ང་ལ་མེད་ཐབས་མེད། དེའི་ཞོར་ལ་ཆོས་བྱ་སྙམ་པ་འདུག་པ། རྒྱགས་ཚད་དམ། གོས་ངན་ནམ། མི་ལ་བྱིན་རྒྱུ་མེད་ན་ངོ་ཚ་འཕྱ་འོང་སྙམ་ན། ཁོང་ན་ང་རྒྱལ་དང་དང་ཁེ་དྲགས་ཡོད་པའི་རྟགས་ཡིན་

(༤༥༧)ཆོས་པ་བྱ་བ་གོས་བཟང་ན་ངོ་ཚ་བ། ཞིམ་ལྟོ་བྱེད་ན་ངོ་ཚ། ཆོས་དང་མི་ཐུན་པ་དང་། དམ་པ་རྣམས་ཀྱི་སྤྱོད་པ་དང་མི་མཐུན་པ་བྱེད་ན་ངོ་ཚ་བ་ཡིན། ཆོས་བཤའ་མ་ཅིག་ན་དམན་པའི་ཟ་བཟུང་། ཧྲུལ་པོའི་གོས་གོན། གནས་རི་ཁྲོད་ཀྱི་དགོན་ནས་འགྲིམ་དགོས། ལྟོ་གོས་ལ་གྱོང་བསྐུར་བླ་མ་དང་དཀོན་མཆོག་ལ་བློ་ལྷན་གྱིས་བཀལ་ནས། ན་ན་ཡང་ཁྱིན་པ་ལྟར། ཤི་ན་ཡང་ཁྱི་ཤི་བ་ལྟར་འཇོག་དགོས། ཉེ་བ་རྣམས་ཀྱང་། དེ་ཤི་བ་དང་ཁྱི་ཤི་བ་གཉིས་ལ་ཁྱད་མེད་ཟེར་བ་ཅིག་དགོས། མདོར་ན། རང་གི་དགེ་སྦྱོར་ཅི་འཕེལ་མ་གཏོགས་པ་ཕ་མའི་ངོ་ཡང་མི་བསྲུང་བ་ཅིག་དགོས། སྔོན་གྱི་སངས་རྒྱས་བྱང་སེམས་བྱང་སེམས་རྣམས་དང་། རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པ་ཐོབ་པ་རྣམས་ཀྱིས། རྒྱལ་སྲིད་ལ་སོགས་པ་ཐམས་ཅད་མཆིལ་མའི་ཐལ་བཞིན་དོར་ནས། དཀའ་སྤྱད་འབའ་མཛད་པས་དོན་གྲུབ་པ་ཤ་སྟག་བྱོན་འདུག །འོ་སྐོལ་ད་ལྟའི་ཆོས་པ་རྣམས་ནི་བྱས་པ་མེད་པར་རེ་ཆེ་མ་སྒྲུབས་

(༤༥༨)པར་འབྲས་བུ་འདོད། ཆོས་པ་བཟང་པོ་དང་འཛིན་ཆགས་གཉིས་ཀ་རེ། མི་ཆོས་ལྷ་ཆོས་གཉིས་ཀ་འོང་་དུ་རེ། དཀའ་བ་མ་སྤྱད་པར་དངོས་གྲུབ་ཐོབ་ཏུ་རེ། ཆོས་གདམ་ངག་ཞད་རེ་ཙམ་ཤེས་ཀྱང་རང་ཉམས་སུ་མི་ལེན་པར། ཞུ་མི་དང་སློབ་མ་འོང་དུ་རེ། ཟླ་རེ་ཟླ་གཉིས་རི་ལ་སྡད་ན་ཡང་། མིས་ཐོས་སུ་རེ། བསྙེན་བཀུར་བ། སྒོམ་ཉམས་སམ་ཡོན་ཏན་ཞང་རེ་ཙམ་བྱུང་ན་ཡང་འདི་ལ་ཇི་ལྟར་བྱས་ནས་བསྟན་སྙམ། ཆོས་ཐུན་རེ་བཤད་དམ། གཏོར་མ་ཚར་རེ་བཏང་ངམ། །གཞན་དོན་བག་རེ་བྱས་ན་འདིས་ང་ལ་ཅི་ལྟར་སྙམ། ཆོས་སམ་གདམ་ངག་ཞུ་མི་བྱུང་ན། ང་རང་གིས་ཀྱང་འདི་ཙམ་ཕུལ་བ་ཡིན། མེ་ཏོག་འདི་ཙམ་རེ་འདོད་ཟེར་བ་འདུག་པ། དེ་ནི་ཆོས་རྩོངས་པའི་རིན་ཟ་བ་ཡིན་ན། འོ་སྐོལ་ནི་ཚོང་བྱེད་ན་ཡང་རང་རྒྱལ་བར་འདོད་ཟས་ཅིག་ཟ་ན་ཡང་རང་ཆེ་བ་ཞིམ་པ་ཅིག་ཟ་འདོད། ཞག་གཅིག་གཉིས་པར་ཡང་སྐྱིད་པར་ཉལ་འདོད། ཟས་ནོར་ཡང་བཟང་དགུ་ཐམས་ཅད་རང་ཆགས་

(༤༥༩)བྱེད་འདོད། ངན་དགུ་ཐམས་མི་ལ་སྟེར་འདོད། །བླ་མ་དཀོན་མཆོག་མཆོད་པ་པས། རང་གི་ལྟོ་རྒྱབ་དང་། ཉེ་འབྲེལ་ལ་སྦྱིན་པར་གལ་ཆེ་བར་བྱེད། དེ་ཡང་། ཐུགས་གཟོབ་ཟབ་པ་རྣམས་ཀྱིས་ཀྱང་། ཁ་ལ་མི་འདོད་པ་སྐད་ཟེར་ནས། འདོད་པ་ཕུགས་སུ་བཅུག་ནས་གདའ་བ། འདོད་པ་ལ་བློ་མ་ལོག་པར་ཆོས་པ་ག་ན་མཆི། ལེགས་པར་སོམས་དང་། འོ་སྐོལ་ནི་སྔར་ཡང་རེ་དོགས་འབའ་ཞིག་གིས་ཕུང་བ་ཡིན། གྲོས་མཁས་པ། མི་ཆོས་གཟོ་བ། མི་སེམས་ཟིན་པ། ཐུགས་ཟབ་པ། ཕོ་ཟོ་ཐོབ་ཁོ་ནས་ཕུང་བ་ལགས་ན། ཚེ་འདི་ཕྱི་གཉིས་ཁྲིད་དུ་བྱེད་པ་དེ་སྒྲུབ་ཕྱོགས་ངག་ཆེ་བར་གདའ་སྟེ། རྟ་གཉིས་ལ་ཞོན་ན་ཐང་ལ་ལྷུང་བར་མཆིའོ། །ད་ཕན་ཆད་ཆོས་བརྒྱད་དོན་ཉེར་གྱི་མི་དང་བློ་མ་བསྟུན། ལྷན་དུ་མ་སྡོད་ཁམས་སྨྲ། འོ་སྐོལ་ནི་ཐོག་མ་མེད་པ་ནས་དངོས་འཛིན་ལ་གོམས་པས། གཉེན་པོས་གཅུན་ཡང་མི་ཕན་པར་འདུག་པ་ཆ་མེད་དམ། ཆོས་ལས་ལོག་པ་ལ་ཆ་ལུགས་

(༤༦༠)བོར་མི་དགོས། བློ་འདེད་པའི་ཕྱོགས་སུ་སོང་བ་དང་། ཆོས་བརྒྱད་ཀྱི་ཕྱོགས་སུ་སོང་བ་ལ་ཟེར་བ་ཡིན། མདོར་ན། རང་ལ་རྫུན་མ་ཟེར། དུག་མ་བསླུད། མི་ཟེར་བ་ལ་མ་ཉན། རྣ་བ་དང་གྲོས་མ་བྱེད། སྙིང་ཐག་པ་ནས་ཆོས་བྱེད་པའི་གྲོས་ཐམས་ཅད་ཚེ་འདིའི་བློས་བཏང་བའི་དམ་པ་རྣམས་ལ་དྲིས། གཞན་ཐམས་ཅད་ཀྱིས་ཆོས་བརྒྱད་སློབ་ཏུ་འོང་བ་ཡིན། འདོད་པ་དང་འཛིན་པ་སློབ་ན། སློབ་དཔོན་ཡིན་ཀྱང་བདུད་དུ་ཤེས་པར་བྱའོ། །རང་ཚེ་འདི་དང་མ་འདྲེས་པའི་ཆོས་ཅིག་བྱེད་ན། གྲགས་པ་སྙན་རུང་མི་སྙན་རུང་། བསྙེན་བསྐུར་བྱུང་རུང་མ་བྱུང་རུང་། རང་སྐྱིད་རུང་སྡུག་རུང་། བཀའ་བརྒྱུད་རྣམས་ཀྱི་མཛད་སྲོལ་ཡང་འདི་ཡིན། དགེ་སྦྱོར་ཡང་འདི་འཕེལ། ཆོས་དང་ཡང་འདི་མཐུན། ཅི་དགའ་གྱིས་སྙམ་པ་ཅིག་དགོས་པ་ལ། འོ་སྐོལ་ནི། མི་གཞི་སྲབ་མོ་ཡབ་སེ་ཡབ་སེ། ཕོ་བསོལ་པོ་ཕྱད་དེ་ཕྱོད་དེ། ཕོ་རྒོད་པོ་རེ་བྱས་པས་སྒྲུབ་པ་པོ་ཅི་ལ་འོང་། མཆོག་ཐུན་མོང་གི་དངོས་གྲུབ་ཅི་ལ་ཐོབ། གྲུབ་ཐོབ་ཀྱི་བརྒྱུད་པ་ཅི་

(༤༦༡)ལ་ཟིན། གྲུབ་ཐོབ་ཀྱི་བརྒྱུད་པ་ཅི་ལ་ཟིན། རྗེ་བཙུན་རས་ཆུང་པས། བླ་མ་ཆེན་པོ་དགེ་སྦྱོར་མཛད་པ་ལ་བར་ཆད་མ་བྱུང་ངམ་ཞུས་པས། ད་ལ་བར་ཆད་འོང་དོན་ཅི་ལ་ཡོད་གསུང་། དེ་ཇི་ལྟར་ལགས་ཞུས་པས། ངས་མིའི་ཁ་ལ་ཉན་མ་མྱོང་གསུང་སྐད། དེ་བས་ན། དགོན་པ་བདག་ཏུ་མི་བཟུང་ཐབ་ཀ་དང་ལས་ཀར་མི་བྱ། འཁོར་གཡོག་ལ་མི་དགའ། གཞན་གྱི་ཕྱེ་གཏོར་མ་འགམ། མི་ཆེན་གྱི་ལད་མོ་མ་བྱེད། ཟང་ཟིང་གི་གཡེང་བ་མི་བྱ། གཞན་གྱི་ངོ་མི་སྲུང་། བུད་མེད་དང་ཁྱུ་མི་སྲེ། ཞིང་ཆུ་དང་འབུན་བསྐྱེད་མི་བྱ། ཚོང་ཁེ་ཕོག་མི་བྱ། བླ་མ་ཡི་དམ་མི་བླུ། བློ་ཕུག་སྤྲང་ལ་གཏད། འདུག་ས་རི་ཁྲོད་དུ་བྱ། སྨྲ་ན་རང་སྐྱོན་སྨྲོས། བསྟོད་ན་གཞན་བསྟོད། འདུལ་ན་རང་ཐུལ། བསོག་ན་འཕགས་པའི་ནོར་བདུན་བསོགས། སྤེལ་ན་ཉམས་མྱོང་དང་རྟོགས་པ་སྤེལ་སྐྱོང་ན་བླ་མའི་གདམས་ངག་སྐྱོང་། ལར་ཆོས་བཤའ་མ་ཅིག་བྱེད་ན། །མི་གཞི་ལ་འགྱུར་བ་མེད་པ་ཅིག་དགོས། །དུས་རྟག་ཏུ་འཆི་གྲབས་བྱེད་པ་ཅིག་

(༤༦༢)དགོས། །དུས་རྟག་ཏུ་འ། །དད་པ་ལ་འཕེལ་འགྲིབ་མེད་པ་ཅིག་དགོས། །མོས་གུས་ལ་ལྟེམ་རྐྱང་མེད་པ་ཅིག་དགོས། །སེམས་ལ་གཡོ་རྒྱུ་མེད་པ་ཅིག་དགོས། །དམ་ཚིག་དང་སྡོམ་པ་མིག་འབྲས་བཞིན་བསྲུང་བ་ཅིག་དགོས། སེམས་ཅན་གཅིག་གི་བ་སྤུའི་ཁུང་།། །བུ་ཅིག་ལ་ཡང་གནོད་པ་མི་སྐྱེལ་གྱི་སྟེང་དུ། ནུས་ཚད་ཀྱིས་ཕན་འདོགས་པ་ཅིག་དགོས། ངན་སྨྲས་སམ་བསྐུར་བ་འདེབས་མཁན་བྱུང་ན་ཡང་། ཁོང་གི་དེ་གདམས་ངག་ཡིན་སྙམ་པ་གཅིག་དགོས། ཚུར་ལ་གནོད་པ་བྱེད་མཁན་བྱུང་ན་ཡང་། ངས་བཟོད་པ་ཐུབ་མི་ཐུབ་བལྟ་བའི་སློབ་དཔོན་ཡིན་སྙམ་པ་ཅིག་དགོས། ཁོང་གི་མ་ཤེས་མ་རིག་པ་ཡིན། ང་རང་གི་སྔོན་གྱི་དྲིན་ཅན་མ་རྒན་ཡིན། ཁོང་ད་ལྟ་དངོས་པོའི་གདོན་གྱིས་བཟུང་ནས་སྨོ་བ་ཡིན། སྙིང་རེ་རྗེ། ང་དམ་པའི་ཆོས་བྱེད་པ་ཡིན། སྙམ་དུ་བསམ་ཞིང་། ཁོང་གི་གནོད་པ་བྱས་པའི་ལན་དུ་འོ་སྐོལ་གྱི་ནུས་ཚད་ཀྱིས་ཕན་འདོགས་པ་ཅིག་དགོས། འཐབ་

(༤༦༣)རྩོད་ལྟ་སྨོས་ཀྱང་ཅི་དགོས། དགེ་རྩ་ཅི་བྱས་ཐམས་ཅད་གནོད་པ་བྱེད་མཁན་དེ་དབུ་བྱས་པའི་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་དོན་དུ་བསྔོ་དགོས། མདོར་ན། ཞེ་སྡང་གི། ཐེག་པ་ཆེན་པོ་སར་ནམ་ཡང་གནང་བའི་སྐབས་མེད་པས། བཟོད་པ་ལ་ནན་ཏན་བྱང་གོས་རང་ཉིད་གསོད་ཀྱང་རྒྱུད་ལ་འཁྲུག་མི་རུང་ན། ལོངས་སྤྱོད་འཕྲོག་པ་དང་། ཕྱར་ཀ་གཏོང་བ་ལ་རྒྱུད་འཁྲུག་པ་ལྟ་སྨོས་ཀྱང་ཅི་འཚལ། འོ་སྐོལ་ནི་གོས་མར་བསྲིངས། སྐྲ་ཡར་བཏུངས་ནས་འདིར་ཁ་བསྐྱེད་དེ་གཞན་ལ་གནོད་པ་བྱེད་མི་འཚལ། གྲལ་དམས་སམ། བསྙེན་བསྐུར་ཚུགས་སམ་མ་ལེགས་སམ། མ་ཤེས་པ་ཚུལ་དང་མི་མཐུན་པ་ཞད་རེ་ཙམ་བྱུང་ན། ཁྱེད་ཀྱིས་ཅིར་མཐོང་། ང་མི་ཆེན་པོ་ལ་བརྙེས་པ་བྱེད་ཟེར་ནས་ཀོ་ལོང་།། །དམ་པར་གདའ་བ། ཆོས་མང་དུ་ཤེས་ཤིང་ང་རྒྱལ་ཇེ་ཆུང་། ཡུན་རིང་བསྒོམ་ཞིང་ང་རྒྱལ་ཇེ་ཆུང་ལ་འགྲོ་དགོས་པ་ཡིན་ན། ཆོས་ང་རྒྱལ་གྱི་གྲོགས་སུ་

(༤༦༤)བཏང་བས་ཅི་ལ་ཕན། ཡོན་ཏན་ཞང་རེ་ཙམ་རེ་ཡོད་པས་ང་རྒྱལ་ནས། ངའི་ཡུལ་གྱིས་གཞན་ལ་འཕྱ་བར་གདའ་སྟེ། དེ་ཙུག་བྱས་པས་ཆོས་ག་ན་མཆི་། འོ་སྐོལ་ཆོས་པ་ཡིན་ཟེར། ཆོས་དཔེ་ལ་བཞག །རྒྱུད་ཐ་མལ་དུ་བཞག །སེམས་འདོད་པའི་ནང་དུ་བཞག་ནས། ལག་ལེན་མི་ཆོས་ལ་བྱེད། བཟླས་བརྗོད་ངན་སྔགས་ལ་བྱེད། དགེ་སྦྱོར་རྐྱེན་བཟློག་ལ་བྱེད། མཆོད་པ་བུད་སྨད་དང་ཉེ་འབྲེལ་ལ་འབུལ། གཏོར་མ་ལྷ་འདྲེ་ལ་གཏོར། སྒྲུབ་པ་ཆོས་བརྒྱད་ལ་བྱེད་ཅིང་ཆོས་པའི་གཟུགས་བརྙན་དུ་བྱས་ནས་གདའ། ཆོས་ནས་དེ་ལྟར་དུ་བཤད་དེ་བྱེད་མཁན་སུ་ཡང་མེད་ཟེར་ནས། གཞན་སྐྱོན་ཤ་སྟག་འཆད་པར་གདའ་ན། འོ་ན་ཆོས་སྒོར་ཞུགས་ནས་ཅི་བྱེད་ཆོས་ཉན་ནས་ཅི་བྱེད་དཔེ་བྲིས་ནས་ཅི་བྱེད། དེ་ཐམས་ཅད་དོན་མེད་ལ་སོང་བ་ཡིན། འོ་སྐོལ་ནི། རང་ལ་ཡོན་ཏན་མེད་པའི་ཉམས་མྱོང་གཞན་ལ་བཀལ་ནས། སྐྱེས་བུ་དམ་པ་རྣམས་ཀྱི་ཡོན་ཏན་ཁྱད་དུ་གསོད་ཅིང་། བདེན་མི་སྲིད་

(༤༦༥)རྫུན་ཟེར་བ་ཡིན། འོ་ན་དེ་རེ་སླ་ཟེར་ནས་གདའ་སྟེ། གང་ཟག་གི་བློ་ཚོད་མི་ཤེས། དམ་པ་སུ་ཡིན་མི་ཤེས། སྤྲུལ་པ་ཡིན་ནམ་ཡང་མི་ཤེས་པས་ན། ཆོས་དང་གང་ཟག་གི་ཞལ་ཆེ་མི་བཅད། ཐམས་ཅད་ལ་མོས་པ་བྱ། རྗེས་སུ་ཡི་རང་འབུལ། ཁོང་ཐམས་ཅད་ངོ་མཚར་ཅན་དུ་འདུག་པ་ལ། ང་རང་ཁོ་ན་སྐྱུགས་རེ་བྲོ་སྙམ་དུ་བསམ། ཟས་ནོར་ཡང་གཅེས་དགུ་ཐམས་ཅད་བླ་མ་དང་། དཀོན་མཆོག་གི་ཕྱོགས་སུ་བཏང་ཞིང་བཏང་སྙམ་པའི་ང་རྒྱལ་མེད་པ་ཅིག་དགོས། འོ་སྐོལ་ནི། རང་ཁོ་ན་གཏོང་ཕོད་ཆེ། འདོད་པ་ཆུང་། མི་བཟང་། ཆོས་བཟང་སྙམ་ནས། རང་ལ་གཞན་གྱིས་ཕྱེ་གཏོར་ཞང་རེ་ཙམ་གཏད་ལ་བདེན་ནམ་སྙམ་ནས། ང་ལ་ཐམས་ཅད་བྱམས། ང་ལ་ཐམས་ཅད་འགུ་སྙམ་པའི་ང་རྒྱལ་གྱིས་ཐམས་ཅད་ཕུང་བ་ལགས་པས། ང་རྒྱལ་དེ་ལྟ་བུ་ཅིག་ཁོ་ན་ཡོད་ན། ཡོན་ཏན་སྐྱེ་མི་སྲིད་པས། ང་རྒྱལ་གྱི་རི་བོ་རྨད་ནས་སྒྱལ་ནས། ཤེས་པ་དམའ་ཞུང་གྱིས་

(༤༦༦)གཏོང་བ་ཅིག་དགོས། བདག་འཛིན་གྱི་མཁར་པོ་རྨད་ནས་བཤིག་ནས་ཤེས་པ་འཛིན་མེད་ཀྱི་ཐང་ལ་ཕྱམ་གྱིས་གཏོང་བ་ཅིག་དགོས། ཞེ་འདོད་ཀྱི་འདོད་པ་ཐམས་ཅད་ཁྲོལ་གྱིས་འགྲོ་བ་ཅིག་དགོས། ཉོན་མོངས་པ་དང་རྣམ་རྟོག་ཐམས་ཅད་ལྷན་གྱིས་ཞི་བ་ཅིག་དགོས། སྣང་བ་འདི་དངོས་བུན་ལ་སངས་ཀྱིས་འགྲོ་བ་ཅིག་དགོས། རང་རྒྱུད་ཀྱི་ཤེས་པ་གཉེན་ལྕུག་གི་འགྲོ་བ་ཅིག་དགོས། སྟན་ཐོག་ཏུ་ལྷན་ནེ་སྡོད་ཚུགས་པ་ཅིག་དགོས། སྟན་འགྲོ་བ་གཞན་ལ་སྙིང་རྗེ་དུད་ཀྱི་སྐྱེ་བ་ཅིག་དགོས། མཐུན་འཇུག་གིས་བརྩིག་པ་རྨད་ནས་འགྱེལ་བ་ཅིག་དགོས། ཆགས་སྡང་དང་། ཕྱོགས་རིས་སྐྱེ་བའི་རྒྱུ་ཐམས་ཅད་ལིང་སྟེ་བོར་ནས་འགྲོ་བ་ཅིག་དགོས། རང་གི་དགེ་སྦྱོར་དང་། ཡོན་ཏན་ཅི་འཕེལ་གྱི་གྲོགས་དང་། གནས་དང་སྤྱོད་ལམ་འབའ་ཞིག་བརྟན་པ་ཅིག་དགོས། དེ་ཐམས་ཅད་ཀྱང་མདོར་བསྡུ་ན། ཆོས་ཉོན་མོངས་པའི་གཉེན་པོར་མ་སོང་ཞིང་། རང་གི་རྒྱུད་ལ་མ་ཕན་ན་སྡེ་སྣོད་

(༤༦༧)གསུམ་བློ་ལ་བཤད་ཤེས་ཀྱང་། ནེ་ཙོའི་འདོན་པ་དང་འདྲ། གདམ་ངག་ཟབ་དགུ་ཐམས་ཅད་ཀྱང་ཡོད་ཀྱང་། སྨན་པ་ནད་ཀྱིས་ཤི་བ་དང་འདྲ། བླ་མ་བཟང་དགུ་སྟེན་ཀྱང་རྒྱ་མཚོའི་འགྲམ་དུ་སྐོམ་པས་འཆི་བ་དང་འདྲ། ལོ་བརྒྱ་སྟོང་ལ་སོགས་རི་ཁྲོད་དམ། ཕུག་ཏུ་བསྡད་ཀྱང་། རི་དགས་སམ་ཕྱི་བ་དང་འདྲ། བསྐལ་པ་མང་པོར་སྦྱིན་པ་དང་། ཚུལ་ཁྲིམས་ལ་འབད་ཀྱང་རུང་། མངོན་ཤེས་དང་རྫུ་འཕྲུལ་དཔག་ཏུ་མེད་པ་བྱུང་ཡང་རུང་། ཡི་དམ་ལྷའི་ཞལ་མཐོང་བ་དང་། ཚེ་ཉི་ཟླ་དང་མཉམ་པའི་དངོས་གྲུབ་ཀྱང་། སངས་རྒྱ་བའི་རྒྱུར་འགྲོ་བ་ཙམ་ལས། འཁོར་བའི་ཕ་རོལ་དུ་རྒལ་མི་ནུས། འཁོར་བ་རྒལ་བ་ལ་རང་སེམས་རྟོགས་དགོས། སེམས་རྟོགས་པར་བྱེད་པ་ལ་གདམས་ངག་གཅིག་པུས་མི་ཕན། བླ་མ་རྟོགས་ལྡན་གཅིག་གིས་བྱིན་རླབས་འཇུག་དགོས། དེ་འཇུག་པར་བྱེད་པ་ལ། བླ་མ་དེ་ལ་ལུས་ལོངས་སྤྱོད་དངོས་སམ་ཡིད་ཀྱི་འབུལ་ཞིང་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྒྱེང་ནས། དད་གུས་རྒྱུན་ཆད་མེད་པར་

(༤༦༨)གསོལ་བ་བཏབ་ཅིང་། དེ་ལ་བློ་ལྷན་གྱིས་གཏད་ལ། དེས་ཅི་གསུང་ཉན་ན། བླ་མ་དེའི་བྱིན་རླབས་ཞུགས་ནས། བླ་མ་དེའི་རྟོགས་པ་སློབ་མའི་རྒྱུད་ལ་འཆར། དེ་ཤར་བ་དང་བླ་མའི་ཐུགས་དགོངས་ལོན་པ་ཞེས་ཀྱང་བྱ། ཚིག་གི་མ་སླད་པ་ཞེས་ཀྱང་བྱ། །སྒོམ་ཁྲིད་ཚར། ལས་ཟིན། སྡུག་བསྔལ་གྱི་ཁུར་བོར། འཁོར་བའི་ཆུ་བོ་རྒལ། ཐར་པའི་སྐམ་སར་སླེབ། མི་ཟད་པའི་གཏེར་དང་འཕྲད། རང་སེམས་ལ་ངེས་ཤེས་སྐྱེས་པས་བླ་མ་ལ་སངས་རྒྱས་དངོས་སུ་མཐོང་ནས། མོས་གུས་བཤའ་མ་ཅིག་གདོད་སྐྱེ། དེ་སྐྱེས་པ་དང་ཡོན་ཏན་ཐམས་ཅད་ནམ་ཟླ་སྟོན་ཀའི་འབྲས་བུ་ཐམས་ཅད་དུ་གཅིག་ལ་སྨིན་པའམ། ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འབྱུང་ངོ་། །རྟོགས་པ་ནམ་མཁའ་དང་མཉམ་པ་དེ་ལྟ་བུ་ཅིག་རྒྱུད་ལས་སྐྱེས་པས། དགེ་བས་ཕན་མ་བཏགས། སྡིག་པས་གནོད་མ་བསྐྱལ་སྙམ་ནས། རྒྱུ་འབྲས་ཁྱད་དུ་གསོད་ཉེན་ཡོད་པས། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་རྟོགས་པར་བྱ་ཞིང་། ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་སངས་པར་བྱ་བའི་ཕྱིར། ད་རུང་བླ་མ་དམ་པ་

(༤༦༩)སྟེན་ནས་མོས་གུས་ཆེར་བསྐྱེད་ཅིང་མོས་གུས་ཆེར་བསྐྱེད་ཅིང་བསྒོམས་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནང་ནས་འཆར། དེ་ཤར་བ་དང་བླ་མས་ཀྱང་། ཚིག་སྦན་སྦུན་མེད་པར་འདི་རྗོན་པར་བསྟན་འདུག་སྙམ་པ་འབྱུང་། མདོ་རྒྱུད་བསྟན་བཅོས་ཀུན་ནས་ཀྱང་བསྟན་འདུག་པ་ལ། ང་ཙེ་རེ་ལོང་དུ་སོང་འདུག་སྙམ་པ་འོང་། སྤྱིར་ཚོགས་མ་རྫོགས་ཤིང་སྒྲིབ་པ་མ་བྱུང་ན། སེམས་མི་རྟོགས་པ་སྔགས་དང་། ཕ་རོལ་དུ་ཕྱིན་པ་གཉིས་ཀ་མཐུན། ཕ་རོལ་དུ་ཕྱིན་པར་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་ནས་སངས་རྒྱ་བར་འདོད་པ་དང་། སྔགས་ནས་ཚེ་གཅིག་གི་སངས་རྒྱ་བར་འདོད་པ་ཡང་། ཚོགས་གཉིས་བསོག་པ་དང་སྒྲིབ་པ་སྦྱང་བ་དང་། ཐབས་ཆེ་ཆུང་གི་ཁྱད་པར་དུ་གདའ་བ། དཔེར་ན་གཞུང་ལམ་ཆེན་པོར་སྐོར་བ་དང་། གསེབ་ལམ་ལ་འགྲོ་བ་དང་འདྲ། དེས་ན་ཚོགས་བསོགས་པའི་ཞིང་ས་ཡང་བླ་མ་མཁོ་ན་བཟང་བར་གསུངས། བླ་མ་ལ་མོས་གུས་བཅོས་མིན་རེ་སྐྱེས་ན། བསྐལ་པ་མང་པོའི་

(༤༧༠)སྒྲིབ་པ་རྩ་བ་ནས་འདག་གསུང་། བླ་མའི་བྱིན་བརླབས་ཅིག་མ་ཞུགས་ན། སེམས་ཉིད་འདི་བལྟས་པས་མི་མཐོང་། བཟུང་བས་མི་ཟིན། བཀག་པས་མི་ཁེགས་རང་གི་སྣང་བ་འདི་ཡང་སྤངས་པས་མི་སྤོངས། གཤིག་པས་མིག་གཤིག །དེ་བས་ན། ཚོགས་བསོག་བར་འདོད་པ་དང་། སྒྲིབ་པ་སྦྱང་བར་འདོད་པ་དང་། བར་ཆད་ཞི་བར་འདོད་པ་དང་། རྟོགས་པ་རྒྱུད་ལ་སྐྱེ་བར་འདོད་པ་དང་། སྣང་བ་ཟིལ་གྱིས་གནོན་པར་འདོད་པ་དང་། རང་གཞན་གྱི་དོན་ཡོངས་སུ་རྫོགས་པར་འདོད་པ་རྣམས་ཀྱིས། བླ་མ་ཁོ་ན་ལ་བསྙེན་བསྐུར་བྱ་ཞིང་། གསོལ་བ་གདབ་པ་གཅིག་པུ་ལས་མེད། རྟོགས་པ་སྐྱེས་པ་རྣམས་ཀྱིས་ཀྱང་། བླ་མ་ལ་གསོལ་བ་བཏབ་ཅིང་། རྟོགས་པའི་མཉམས་ཉིད་བསྐྱང་བ་ལས། རང་གི་སེམས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཆོས་ཉིད། ཚོགས་དྲུག་ཡུལ་གྱི་སྣང་བ་འདི་ཐམས་ཅད་སྒྱུ་མའམ། རྨི་ལམ་དང་འདྲ་བར་ཐག་ཆོད་པས། འཁོར་འདས་ལ་རེ་དོགས་མེད། ཕྱི་ནང་གིས་སྒྲོ་འདོགས་ཆོད། སྔར་མ་མཐོང་མཐོས་

(༤༧༡)པའི་ཆོས་ཐམས་ཅད་ལ་ཡང་། ལོང་བ་མིག་བྱེ་བ་བཞིན་སོང་བས། བཀའ་རབ་འབྱམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ། བླ་མ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཐུགས་དགོངས་གཉིས་མེད་ཀྱི་ངང་ལ་འདྲེས་པས་ཆོས་ལ་རང་བྱན་ཚུད། ཤེས་བྱ་ཐམས་ཅད་ཀྱི་བདག་པོར་སོང་བས། ཅིག་ཤེས་ཀུན་ལ་མཁས་པ་ཞེས་ཀྱང་བྱ། རང་ལ་ཞེ་འདོད་ཏིལ་འབྲུ་ཙམ་ཡང་མེད་པས། མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ལྷུག་པར་སྐྱེས་ནས། ཕན་ཇི་ལྟར་བྱས་ལ་བཏགས་ན། རྟོགས་པ་བུའི་རྒྱུད་ལ་སྐྱེས་ན་སྙམ་པ། མ་བུ་གཅིག་པོ་མཐོང་བ་འདྲ་བ་ཅིག་འབྱུང་སྟེ། སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཞེས་ཀྱང་དེ་ལ་བྱ། དེ་ལྟ་བུའི་རྟོགས་པ་བརྟན་པ་འགྱུར་པ་ཅིག་ཡོང་བའི་སྐྱེས་བུ་རྣམས་ཀྱིས། ཟང་ཟིང་དང་། རྙེད་བཀུར་ལ་མི་ལྟོས་པའི་འགྲོ་དོན་བྱེད་དགོས་ཏེ། རང་གཅིག་པུ་ཐར་པས་མི་ཕན་པས། གདུལ་བྱ་ཡང་གང་དམན་པ། གང་སྙོམས་ཆུང་པ། གང་ལོངས་སྤྱོད་ཆུང་བ། སྡིག་ཤས་ཆེ་བ་ཐམས་ཅད་ལ་

(༤༧༢)བྱམས་པར་བྱེད། ཁོང་མི་ཆེན་དང་། སྒོ་ཅན་གྱི་ཆོས་དང་སློབ་དཔོན་གང་ནས་ཀྱང་རྙེད། ཁོང་བསོད་ནམས་བསགས་པ་ཡིན་པས། ཅི་ལྟར་བྱས་ཀྱང་བདེ། འོ་ན་ཡང་། གདུལ་བྱ་དུས་ན་བབ་ན། གང་མོས་པ་དང་། གང་དད་པ་ཆེ་བ་ལ་ཆོས་དང་། གདམ་ངག་བྱ། མི་མོས་མི་དད་པ་ལ་གདུལ་བྱའི་ལས་འབྲེལ་གཞག །བཅོམ་ལྡན་འདས་ཀྱིས་དགེ་སློང་ལེགས་པའི་སྐར་མ་བསྐྱངས་པ་འདྲ། སྒྱུ་ལུས་ལ་བརྟེན་ནས་འགྲོ་བ་མང་པོ་མ་འགྲོངས་ཀྱང་། སྙིང་རྗེ་ཆེན་པོ་བསྐྱེད་ནས་སྨོན་ལམ་རྒྱ་ཆེན་པོ་བཏབ་པས། ནམ་མཁའ་དང་མཉམ་པས་སེམས་ཅན་རེ་རེའི་མདུན་དུ་ཡང་སྤྲུལ་པ་རེ་རེ་སྟོན་ནུས་པ་འབྱུང་ངོ་། །རྒྱ་གར་གྱི་གྲུབ་ཐོབ་ཐམས་ཅད་ཀྱིས་ཀྱང་། ཚོགས་པ་ཆེན་པོ་བསྐྱངས་པར་མི་གདའ་བདེ། ཁོང་རྣམས་ཐུགས་རྗེ་ཆུང་ནས་མ་བསྐྱངས་བ་མ་ལགས། གདུལ་བྱ་འདུལ་བའི་དུས་ལ་མ་བབ་པར་གཟིགས་ནས། སྤྲུལ་པས་འགྲོ་དོན་མཛད་པར་གདའ། ད་ལྟའི་བཤེས་གཉེན་འགྲོ་དོན་མཛད་པ་རྣམས་ཀྱང་། སྔོན་གྱི་སངས་

(༤༧༣)རྒྱས་དང་བྱང་བྱང་ཆུབ་སེམས་དཔའ། གྲུབ་ཐོབ་རྣམས་ཀྱི་སྤྲུལ་པར་གདའ། ཁོང་རང་གིས་སྤྲུལ་པར་མ་མཁྱེན་པ་ཡང་འགལ་བ་མེད་དེ། དཔེར་ན། སྒྱུ་མ་མཁན་པོས་སྐྱེས་པ་དང་བུད་མེད་ལ་སོགས་པ་མང་པོ་སྤྲུལ་ཡང་། དེ་བདག་ནི་སྒྱུ་མའི་སྐྱེས་བུའོ། །སྙམ་པ་མེད་ཀྱང་། སྐྱེའོ་ཐམས་ཅད་མ་གུ་བར་བྱེད་པ་དང་འདྲའོ། །འོ་སྐོལ་གྱིས་སྤྲུལ་པར་མ་ཐོང་བ་དེ་རང་ཉིད་རྣམ་པར་མ་དག་པས་ལན་པ་ཡིན། ཕ་རོལ་དུ་ཕྱིན་པའི་དབང་དུ་བྱས་ན། སྤྲུལ་པས་སྤྲུལ་པ་མཐོང་བ་དེ། ཚོགས་ལམ་ཆེན་པོའི་གནས་སྐབས་ཡིན་པར་གདའ། །སངས་རྒྱས་ལ་འོད་ཟེར་དང་། རྫུ་འཕྲུལ་དཔག་ཏུ་མེད་པ་མདའ་ཡང་། འོ་སྐོལ་གྱིས་མ་མཐོང་བ་བདེ་ལྟར་ལགས། དེས་ན། རྟོག་ལྡན་རྣལ་འབྱོར་པ་རྣམས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་བྲན་བཞིན་དུ་བྱ་སྟེ། ཟས་ནོར་ལ་སོགས་པ་ཕར་ལ་ཡང་སྦྱིན། ཚུར་ལ་ཡང་བླངས་ལ་སྨོན་ལམ་རྒྱ་ཆེན་པོ་གདབ། སྐྱེས་བུ་དམ་པ་དེ་མཐོང་བ་དང་། རེག་པ་ཙམ་ཡང་ངན་སོང་དང་ལོག་པར་མི་འགྲོ་ན།

(༤༧༤)ཟས་ནོར་དང་ཆོས་འབྲེལ་བྱས་པ་དང་། དད་གུས་ཀྱི་གསོལ་བ་འདེབས་པ་རྣམས། དེའི་གདུལ་བྱར་འགྱུར་བལྟ་སྨོས་ཀྱང་ཅི་མཚལ་ཐེ་ཙོམ་མེད་པར་བྱའོ། །དེ་ལྟར་གཞན་དོན་བྱེད་པའི་དུས་སུ་གཡེང་བ་ཆེ་སྙམ་པ་དང་། སྡུག་བསྔལ་དང་སེམས་ཁྲལ་ཆེ་སྙམ་པར་མི་བྱ་བར། གཞན་ལ་ཕན་པར་འདུག་ན། ང་ཡི་སྐྱིད་སྡུག་གཉིས་ཀྱང་། ཡལ་ནས་འགྲོ་བ་ཡིན་པས། ང་རང་གཅིག་པུ་སྐྱིད་པས་མི་ཕན་སྙམ་དུ་བསམས་ལ་སངས་རྒྱས་ཀྱི་བསྟན་པ་ལ་ཅི་ཕན་དང་། འགྲོ་བ་གཞན་ལ་ཅི་ཕན་འབའ་ཞིག་བྱ། བདག་གི་ལུས་ངག་ཡིད་གསུམ་འགྲོ་བའི་དོན་དུ་བསྔོས་ལ་བཏད་དོ། །སྤྱིར་ཡང་རྟོག་ལྡན་གྱི་རྣལ་འབྱོར་པ་གཅིག་ཡིན་ན། ལེགས་ཉེས་དང་ཕན་ཡོན་ཐམས་ཤོང་བ་ནམ་མཁའ་ལྟ་བུ་ཅིག་དགོས། བཟང་ངན་དང་སྐྱིད་སྡུག་ཐམས་ཅད་ཐེག་པ་ས་གཞི་ལྟ་བུ་ཅིག་དགོས། བཟང་ངན་དང་སྐྱིད་སྡུག་ཐམས་ཅད་ཐེག་རྒན་བཞོན་ཆེ་ཆུང་ཐམས་ཅད་དང་།

(༤༧༥)འགྲོགས་ཤེས་པ་བུ་ཆུང་ལྟ་བུ་ཅིག་དགོས། ཞེན་པ་ནང་ནས་ལོག་པ་ནང་པའི་སྔས་སུ་ཟས་བཞག་པ་ལྟ་བུ་ཅིག་དགོས། སྙིང་རྗེ་ཤུགས་འབྱུང་དུ་སྐྱེ་བ་མ་བུ་མཐོང་བ་ལྟ་བུ་ཅིག་དགོས། ཡོན་ཏན་ཐམས་ཅད་ཤུགས་འབྱུང་དུ་སྐྱེ་བ་དབྱར་གྱི་ས་གཞི་ལྟ་བུ་ཅིག་དགོས། དངོས་འཛིན་གྱི་འཁྲུལ་བ་ཞིག་པ་ཆབ་རོམ་ཆུ་རུ་བ་ལྟ་བུ་ཅིག་དགོས། ཉམ་ང་བག་ཚ་མེད་པ་སེང་གེ་གངས་ལ་འཆོད་པའམ། གླང་པོ་ཆེ་མཚོར་ཞུགས་པ་ལྟ་བུ་ཅིག་དགོས། ཡོན་ཏན་དེ་ལྟ་བུ་འབྱུང་བ་ལ་རྟོགས་པ་ཤར་བ་ཙམ་གྱིས་མི་ཆོགསྤྱོད་པ་རོ་སྙོམས་པ་ལ་སློབ་དགོས། རོ་ལ་གཞན་སྙོམས་རྒྱུ་མེད། ཆོས་བརྒྱད་རོ་སྙོམས་དགོས་པ་ཡིན། འོ་སྐོལ་ཐོག་མ་མེད་པ་ནས། དངོས་འཛིན་ལ་གོམས་པས། བསྒོམ་སྐྱེས་རྟོགས་པ་ཤར་ཡང་གསར་བུར་སོང་བས། དངོས་འཛིན་བཟློག་མི་ནུས་པ་ལགས། དཔེར་ན་ཉི་མ་ཤར་མ་ཐོག་མུན་པ་སངས་ཀྱང་། ཆབ་རོམ་ཞུ་མི་ནུས་པ་དང་འདྲ། ཉི་མ་ཚ་ཞིང་ཡུན་རིང་བ་ཅིག་ཤར་ན། མུན་པ་སངས་པའི་སྟེང་དུ་ཆབ་རོམ་ཀྱང་འཇུ་བ་བཞིན་

(༤༧༦)དུ། རྟོགས་པ་ཤར་ནས་དེ་ཉིད་བརྟན་པར་བྱེད་པ་ལ། ཕ་རོལ་དུ་ཕྱིན་པ་ནས་བསྒོམ་ལམ་ཞེས་བཤད། སྔགས་ནས་སྤྱོད་པའི་ཐབས་སུ་བཤད། འཁྱེར་སོ་མི་ཅིག་ཀྱང་དོན་ལ་ཅིག་ཀྱང་དོན་པ་ལགས། རྟོགས་པ་ཤར་ན་དེ་རང་བསྒོམ་པས། ཡོན་ཏན་ཐམས་ཅད་ཀྱང་གདོད་རྫོགས་པར་འབྱུང་། སྣང་བ་ཐམས་ཅད་ཀྱང་ཆོས་སྐུར་ཤར། སངས་རྒྱས་ཞེས་པའི་མིང་དེར་ཐོབ། འགྲོ་བ་གཞན་ལ་ཕན་ཐོགས་པ་ཡང་། དེར་འབྱུང་ངོ་། །དེ་བས་ན། རྟོགས་པ་མ་སྐྱེས་པ་ཐམས་ཅད་ཀྱང་། རྟོགས་པ་སྐྱེ་བའི་ཐབས། བླ་མ་ལ་བསྙེན་བཀུར་ཞིང་། མོས་གུས་ཀྱི་གསོལ་བ་འདེབས་པ་མ་གཏོགས་གཞན་མེད། རྟོགས་པ་སྐྱེས་པ་རྣམས་ཀྱིས་ཀྱང་། དེ་བརྟན་པར་བྱེད་པའི་ཐབས་ལ། བླ་མ་ལ་མོས་གུས་བྱ་ཞིང་དེ་ཉིད་ལ་གོམས་པར་བྱ། བརྟན་པ་ཐོབ་པ་རྣམས་ཀྱིས་བདག་བསྒྲལ་ནས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། བདག་གྲོལ་ནས། སེམས་ཅན་མ་གྲོལ་བ་རྣམས་སྒྲོལ་བར་བྱ། བདག་དབུགས་ཕྱུང་

(༤༧༧)ནས། སེམས་ཅན་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བྱ། བདག་མྱ་ངན་ལས་འདས་ནས། སེམས་ཅན་མྱ་ངན་ལས་མ་འདས་པ་རྣམས། མྱ་ངན་ལས་འདས་པའི་ཐབས་ལ་མཁས་པར་བྱ། བརྩོན་པར་བྱ། ཡིད་སྐྱོ་བ་མེད་པར་བྱའོ། །སྒྱུ་མས་སྒྱུ་མའི་སྐྱེས་བུ་ལ། །གྲོས་འདེབས་སྒྱུ་མའི་ཡི་གེར་བྲི། །སྒྱུ་མའི་རྣམ་འཕྲུལ་དཔག་མེད་པས། །སྒྱུ་མའི་འགྲོ་ཀུན་འདྲེན་པར་ཤོག །སྤྲུལ་པས་སྤྲུལ་པའི་རྒྱལ་བ་ལས། །སྤྲུལ་པའི་ཚོགས་གཉིས་རྫོགས་བྱས་ནས། །སྤྲུལ་པའི་ཡོན་ཏན་རབ་རྒྱས་ཤིང་། །སྤྲུལ་པའི་འགྲོ་ཀུན་འདྲེན་པར་ཤོག །ནམ་མཁའ་ལྟ་བུའི་སེམས་ཅན་རྣམས། །ནམ་མཁའི་ངང་ལ་དག་ནས་ཀྱང་། །ནམ་མཁའ་གང་བའི་ཡོན་ཏན་གྱིས། །ནམ་མཁའི་འགྲོ་ཀུན་འདྲེན་པར་ཤོག །སེམས་ལ་གྲོས་འདེབས། འཆང་སྐྱོན་ཐམས་ཅད་ཡུལ་ནས་འདོན་པར་བྱེད་པ། །རང་སྐྱོན་བལྟ་བའི་མེ་

(༤༧༨)ལོང་། གྲོས་འདེབས་བདུད་རྩིའི་འཕྲེང་བ་ཅེས་བྱ་བའོ།། ༈ །།ཆོས་རྗེ་དགས་པོ་ལྷ་རྗེའི་གསུང་སྒྲོས། འདྲེ་བཞི་རྩད་གཅོད་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འདྲེ་བཞི་རྩད་གཅོད་པའི་གདམས་པས་འདི་ལ་དོན་གཉིས། འདྲེ་རྩད་གཅོད་པ་དང་། དེ་ལ་གནད་དུ་བསྣུན་པའོ། །དང་པོ་ལ་བཞི། ལྷུན་གྱིས་གྲུབ་པའི་འདྲེ་སྲིད་པ་ཁུགས་ཀྱི་འདྲེ། རྣམ་པར་རྟོགས་པའི་འདྲེ། མི་ལས་གྱུར་པའི་འདྲེའོ། །དང་པོ་ནི། སྲིད་པའི་མེས་པོ་ལྷ་ཚངས་པའམ། ས་བདག་འཕགས་པ་ལ་སོགས་པ། གདོན་ཐམས་ཅད་ཀྱི་མེས་པོ་ལྟ་བུ་ཡིན་ཟེར་ཏེ། སྲིད་པའི་མེས་པོ་བས། ས་རྡོ་རི་བྲག་ཀྱང་མེད་པར་འགྲོལ། མེད་པར་གྱུར་པས། དེ་བས་ན། སྲིད་པའི་མེས་པོ་བྱ་བ་གཅིག་ཡོད་ན་དག་མི་སྲིད་པ་གང་ཡང་མེད། མེད་པ་ཅིག་ཡིན་ཙ་ན་དངོས་པོ་མེད་པས་གང་གི་ཡང་གནོད་མི་སྲིད་པས་དེས་ན། ལྷུན་གྱིས་གྲུབ་པའི་འདྲེ་མི་བདེན་པས་འདྲེ་མེད་དོ། །སྲིད་པ་ཁུགས་ཀྱི་འདྲེ་ནི། ཕ་མ་

(༤༧༩)ལས་བྱུང་བའི་མགོན་པོ་ཕོ་དང་། ལྷ་མོ་དང་། རྒྱལ་པོ་ལ་སོགས་པ་ཡིན་ཟེར་ཏེ། སྲིད་པ་གསུམ་པོ་འདི་ཡང་མི་བདེན་ན། ཕ་མ་དང་། བུ་ཚ་བྱ་བ་གང་ན་ཡང་གྲུབ་པ་མེད་པས། སྲིད་པ་ཁུགས་ཀྱི་འདྲེ་མི་བདེན་པར་ཐག་བཅད་དོ། །རྣམ་པར་རྟོག་པའི་འདྲེ་ནི། མོ་མོ་དང་། མིག་མཐོང་མཁན་པོ་ལ་སོགས་པས། མི་མ་ཤི་བར་འདྲེ་རུ་བཟུང་ནས་གནོད་པར་འདུག་ཟེར་བ་ལྟ་བུ་དང་ཡང་རྟོག་པ་གཅིག་གིས་གཅིག་ལ་གནོད་པ་བྱས་ཀྱང་། རྟོག་པ་དངོས་པོར་མེད་པས། ཕན་གནོད་དང་བདེ་སྡུག་མི་འོང་སྟེ། རྣམ་པར་རྟོག་པའི་འདྲེ་མི་བདེན་ན་གང་ཡང་མེད་དོ། །མི་ལས་གྱུར་པའི་འདྲེ་ནི། མོ་མ་སོགས་པ་ན་རེ། ཤི་བ་ཐམས་ཅད་ཕན་གནོད་བྱེད་པའི་འདྲེ་རུ་སྐྱེས་པ་ཡིན་ཟེར་ཏེ། དེ་ལྟར་ཡིན་ན། ལྷ་ཤི་བའི་འདྲེ་དང་། ཡི་དགས་དང་། དུད་འགྲོ་ལ་སོགས་པ་ཡང་འདྲེར་སྐྱེ་དགོས་ཏེ། དེ་སྐད་ཟེར་བ་མི་འདུག་པ་དང་། ཡང་མི་ཤི་བ་ཐམས་ཅད་འདྲེར་སྐྱེས་ན། འགྲོ་བ་རིགས་དྲུག་གཞན་ཡོད་པར་མི་རིགས་ཏེ།

(༤༨༠)ཐམས་ཅད་འདྲེའི་རིགས་སུ་འགྲོ་བ་རིགས་ཏེ། མི་བདེན། ངེས་པར་འདྲེ་གཟུགས་སུ་གྲུབ་པ་ཅན་ཅིག་ཡིན་ན། སུས་མཐོང་། གཟུགས་མེད་ཅིག་ཡིན་ན། ནམ་མཁའ་དེས་སུ་ལ་གནོད། གང་ལ་གནོད། དེ་ལྟར་ན་འདྲེ་བས། སངས་རྒྱས་ཀྱང་མིང་དུ་བཏགས་པ་ཙམ་ལས། དངོས་པོར་གྲུབ་པ་མེད་དོ། །དེ་ཡང་ལུང་ལས། སེམས་ཉིད་ཀུན་དུ་བཟང་པོ་ལ། །གནོད་པར་བྱ་བའི་རྒྱུ་ཡང་མེད། །མཐོ་རིས་མེད་ཅིང་ངན་སོང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ལྷ་ཡང་མེད་ཅིང་འདྲེ་ཡང་མེད། །བདུད་ཀྱང་མེད་ཅིང་བགེགས་ཀྱང་མེད། །གལ་ཏེ་དོན་འདི་མ་རྟོགས་ན། །དཔེར་ན་ནམ་མཁའི་སྐར་མ་འདྲ། །ནམ་མཁའ་ཉིད་ལས་མ་གཡོས་ཀྱང་། །ཉི་ཟླ་གཟའ་སྐར་བཀྲམ་པ་འདྲ། །ཆོས་ཀྱི་དབྱིངས་ལས་བཟང་ངན་མེད། །ཀུན་བཟང་གནས་ལ་ཡང་དོག་མེད། །ཡེ་ཤེས་ཐུགས་ལ་འཕེལ་འགྲིབ་མེད། །ཅེས་གསུངས་སོ། །དེ་དག་ཐམས་ཅད་བསྡུས་པས་གཉིས་སུ་འདུས་ཏེ། དེ་ཡང་

(༤༨༡)གདོན་དང་། གདོན་ཆེན་པོ་གཉིས་སོ། །དང་པོའི་འདྲེ་གདོན་ཐམས་ཅད་རྣམ་པར་རྟོག་པ་ཡིན་ཏེ། །དེ་ཇི་ལྟར་ཡིན་ན། ལུས་འདི་ལ་གཏི་མུག་གི་རྩ་རླུང་ཡོད། དེ་ལ་གཏི་མུག་རྟོགས་པ་རྒྱུ། དེ་ཀླུ་གདོན་ཡིན། དེ་བཞིན་དུ། ཞེ་སྡང་གི་རྩ་རླུང་ཡོད། དེ་ལས་ཞེ་སྡང་གི་རྟོགས་པ་རྒྱུ། དེ་བཙན་དང་ཕོ་གདོན་ཡིན། ཡང་འདོད་ཆགས་ཀྱི་རྩ་རླུང་ཡོད། །དེ་ལས་འདོད་ཆགས་ཀྱི་རྟོགས་པ་རྒྱུ། དེ་གསེན་མོ་དང་མོ་གདོན་ཡིན་ནོ། །དེ་ལྟར་ན། དུག་གསུམ་གྱི་རྟོག་པ་གཏན་ནས་མེད་ན། གདོན་གནས་པའི་ས་མེད་དོ། །གདོན་ཐམས་ཅད་རྣམ་པར་རྟོག་པར་འདུས་སོ། །གཉིས་པ་གདོན་ཆེན་པོ་ནི། །སྙམ་བྱེད་ཀྱི་རྟོག་པ་ཆ་ཕྲ་མོ་ལ། ནད་གདོན་རགས་པའི་རྟོག་པ་ལས་གྲོལ་ཡང་། ད་རུང་ཡང་། ན་བ་འོང་ངམ། འདྲེ་གནོད་འོང་ངམ། སྙམ་པའི་ལྐོག་གྱུར་གྱི་རྟོག་པ་ཕྲ་མོ་དངོས་བཟུང་ལ་གཅོད་དོ། དེ་ལྟར་ཡང་། ནཱ་རོ་པས། ནད་དང་གདོན་གྱི་བར་གཅོད་ཀྱང་། བསྡུ་ན་རྣམ་པར་རྟོག་པར་འདུས་

(༤༨༢)ན་ནའང་རྟོག་པ་དེ་ཉིད་ན། གནོད་འང་རྟོག་པ་དེ་ཉིད་གནོད། །འཆི་ནའང་རྟོག་པ་དེ་ཉིད་འཆི། །སྐྱེ་ནའང་རྟོག་པ་དེ་ཉིད་སྐྱེ། །བདེ་དང་སྡུག་བསྔལ་ལ་སོགས་པ། །ཐམས་ཅད་རྣམ་པར་རྟོག་པ་སྟེ། །སེམས་ལ་ཅི་ཡང་ཡོད་མ་ཡིན། །རྟོག་པ་གཞི་རྩ་ཆོད་གྱུར་ན། །ནད་གདོན་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པས། འདྲེ་བྱ་བ་ཅིག་གང་ན་ཡང་མེད། །ཡོད་ན་འདྲེའི་ཡུལ་འདི་ཡིན་བྱ་བའམ། འདྲེའི་རོ་འདི་ཡིན་བྱ་བ་ལ་སོགས་པ་གང་ཡང་མེད་པས་རྟོག་པ་ལ་དཔྱད། རྟོག་པ་ལ་རང་བཞིན་ག་ལ་ཡོད་དེ། མེད་པར་ཐག་ཆོད་པ་ཡིན་ཏེ། གཉིས་པ་དེ་ལག་ནང་དུ་བསྣུན་པ་ནི། དེ་ལྟར་འདྲེ་མེད་པ་ལ། འདྲེར་འཛིན་ན་རྟོག་པ་ལ་འདི་ལྟར་གནང་དུ་བྱ་སྟེ། ལུས་ཅི་བདེར་གནས་པར་བྱས་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རང་ཡི་དམ་ལྷར་ཝལ་གྱིས་བསྒོམ། བླ་མ་དང་དཀོན་མཆོག་སྤྱི་བོར་བསྒོམས་ལ་མོས་གུས་ཀྱིས་མཆོད་ཅིང་། འདྲེ་རྟོག་ལས་གྲོལ་བར་གསོལ་བ་མང་

(༤༨༣)དུ་བཏབ། འདྲེར་སྣང་གི་རྟོག་པ་དེ་རང་སེམས་གཉིས་མེད་ཀྱི་ངང་ལ་མ་བཅོས་བཞག །དེ་ལྟར་ཕུར་ཚུགས་རྒྱུན་ཆད་མེད་པར་སྒོམ་པར་བྱའོ། །དེ་ལྟར་འདྲེ་ལྟར་སྣང་བ་དེ། །སྣང་བ་རང་སེམས་སུ་ཤེས་པ་སྟོང་པ། །དེ་ལྟར་སྣང་སེམས་དབྱེར་མེད་པས་འདྲེར་སྣང་བ་ལ། ཁོའི་ལུས་འཇིགས་པའི་སྣང་བ་འབྱུང་། །རྣལ་འབྱོར་པས། འདྲེ་ཆོས་སྐུར་རྟོགས་པའི་ཉམས་རྟོགས་འཆར་བར་འགྱུར་རོ། །དེ་ལྟར་ཡང་། ནཱ་རོ་པས། རྒྱུན་ཆད་མེད་པའི་གསོལ་བ་གདབ། །ལྟེམ་རྐྱང་མེད་པར་ཉམས་སུ་བླང་། །གང་ཡང་ཡིད་ལ་མི་བྱ་བར། །ལམ་ཁར་བོར་བའི་རོ་བཞིན་དུ། །ལུས་ཀྱི་བདག་འཛིན་བོར་བྱས་ལ། །འཛིན་མེད་ནམ་མཁའི་ངང་ལ་བཞག །ཅེས་གསུངས་པའི་དོན་ནོ།། ༈ །།ཡང་དེ་བློ་མ་ངེས་པས། འདྲེ་ལྷར་ཁྱེར་བ་ནི། རང་ཉིད་ཡི་དམ་གང་ཡིན་དུ་བསྒོམ་པའི་ཐུགས་ཀར་ས་བོན་བསམ། དེ་ལས་འོད་འཕྲོས་པས། གནོད་བྱེད་མདུན་དུ་བཀུག་ནས་ཡི་དམ་ལྷར་བསམ། རང་གི་ས་བོན་ལས་

(༤༨༤)འོད་འཕྲོས་པས། གནོད་བྱེད་ལ་ཕོག་པས། དེའི་སྡིག་པ་དང་གནོད་སེམས་མ་རུང་པ་ཐམས་ཅད་འོད་ཟེར་གྱི་ཚོགས་ཆེན་པོས་ལྷན་ལྷན་ཞི་བར་བསམས་ལ། ཡི་དམ་ལྷའི་ང་རྒྱལ་ཆེན་པོ་དང་ལྡན་པས་སྔགས་དྲུག་ཏུ་བཟླས་པ་བྱའོ། །དེ་ལྟར་བསྒོམས་པས། འདྲེའི་གནོད་སེམས་ཞི་བར་འགྱུར་རོ། །དེ་ལྟར་ཡང་ནཱ་རོ་པས། རེས་འགའ་ནམ་མཁའི་འཇའ་ཚོན་ལྟར། །གཟུགས་སྐུའི་རང་བཞིན་ཤེས་བྱས་ལ། །ཐོགས་མེད་རྡོ་རྗེ་ལྟ་བུའི་སྐུས། །མཁའ་དང་མཉམ་པའི་ཞིང་ཁམས་གང་། །མཁའ་ལ་གྲགས་པའི་བྲག་ཆ་ལྟར། །སྒྲའི་རང་བཞིན་ཤེས་བྱས་ལ། །གསང་སྔགས་རྡོ་རྗེའི་འབྲུག་སྒྲ་དང་། །འོད་ཀྱི་ནམ་མཁའི་གང་བར་བྱ། །ཅེས་གསུངས་པའི་དོན་ནོ། །དེ་ལྟར་ན། འདྲེ་དགེ་སྦྱོར་གྱི་བསྐུལ་འདེབས་དང་། ལྕགས་འདེབས་དང་། དགེ་བའི་བཤེས་གཉེན་དུ་འཁྱེར་བར་བྱའོ། །དེ་ཡང་། རི་ཁྲོད་དང་གཉན་ས་འགྲིམ་པའི་རྣལ་འབྱོར་པས། ལུས་ཀྱི་

(༤༨༥)གནད་ཆ་གློད། ངག་གི་གནད་སྔགས་དང་། ཕཊཕཊངང་བག་ཡངས་བྱ། སེམས་ཀྱི་གནད་འདུ་ཤེས་ཤིག །ཤེས་པ་སོས་དལ། ངོས་བཟུང་མེད་པར་མི་རོའམ། ས་རྡོ་གཞིན་དུ་བོར་ལ། མ་བཅོས་པའི་ངང་ལ་བཞག་གོ། །དེའི་ཚེ། དུས་ཐམས་ཅད་དུ་གཉིད་ཀྱང་འོད་གསལ་དུ་གཞུགས། འོད་གསལ་དུ་མ་ཚུད་ནའང་གཉིད་རོ་བཞིན་ལོག་པར་བྱའོ། །ཡང་ཡང་བསྒོམས་པས་མངོན་དུ་གྱུར། །སེམས་རྟོག་བཟང་ངན་ཅི་བྱུང་ཡང་། །མ་བཅོས་རང་སར་གྲོལ་བར་དེས། །འདྲེ་རྟོག་གཞོམ་པའི་གདམ་པ། །འདྲེ་བཞི་རྩད་གཅོད་ཅེས་བྱ་བའོ། །གདམ་པ་འདི་དཔལ་གྱི་སྟོབས་ལུང་བྱ་བར། རྗེ་སྒམ་པོ་པ་འཁོར་དང་བཅས་པ་བཞུགས་པའི་དུས་སུ། ལྷ་འདྲེའི་ཆོ་འཕྲུལ་ཆེན་པོ་བྱུང་བས། འཁོར་ཐམས་ཅད་གཟིམས་སྤྱིལ་གྱི་ཐ་མར་སྤུངས་པའི་དུས་

(༤༨༦)སུ། ཆོས་འདི་གསུངས་པ་ཡིན། གནས་དེར་སྦྱིན་སྲེག་ཆེན་པོ་མཛད་པས་ལྷ་འདྲེ་ཐམས་ཅད་བརྟུལ་བ་ཡིན་གསུང་ངོ་།། ༈ །།ན་མོ་རདྣ་གུ་རུ། མན་ངག་གསེར་གྱི་ཡངས་སྐོར་ལ། །དོན་རྣམ་པ་ལྔས་བསྟན་ཏེ། སྣང་སྲིད་ཆོས་ཉིད་དུ་ཤེས་པ་དང་གཅིག །ནམ་མཁའ་སེམས་སུ་བཟུང་བ་དང་གཉིས། ཀུན་ཏུ་བཟང་པོ་ཕ་རུ་ཤེས་པ་དང་གསུམ། ཀུན་ཏུ་བཟང་མོ་མ་རུ་ཤེས་པ་དང་བཞི། སྣང་བ་སེམས་སུ་བསྡུ་བ་དང་ལྔའོ། །དེ་ལ་དང་པོ་སྣང་སྲིད་ཆོས་ཉིད་དུ་ཤེས་པ་ནི། སྣང་བ་ལ་དངོས་པོར་མི་འཛིན་པའོ། །གཉིས་པ་ནམ་མཁའ་སེམས་སུ་བཟུང་བ་ནི། སེམས་ཉིད་དངོས་པོ་མེད་པར་སང་ངེ་བ་དེ་ཡིན། གསུམ་པ་ཀུན་ཏུ་བཟང་པོ་ཕ་རུ་ཤེས་པ་ནི། ཆགས་སྡང་དང་བྲལ་བའོ། །བཞི་པ་ཀུན་ཏུ་བཟང་མོ་མ་རུ་ཤེས་པ་ནི། སེམས་རང་ལུགས་སུ་ཕབ་པ་ལ། མི་དམིགས་མི་རྟག་པའོ། །ལྔ་པ་སྣང་བ་སེམས་སུ་བསྡུ་བ་ནི། འདི་ལྟར་སྣང་ཐམས་ཅད་སེམས་

(༤༨༧)ཉིད་དངོས་པོ་མེད་ཅིང་མ་འཁྲུལ་པར་ཤེས་ཙ་ན་སྣང་བ་ཐམས་ཅད་དེར་འདུས་སོ། །མན་ངག་གསེར་གྱི་ཡང་སྐོར་ཞེས་བྱའོ། །སེམས་ཀྱི་གཟེར་ཞེས་ཀྱང་བྱའོ། །ཡང་དག་པར་རྫོགས་སོ། །རིན་པོ་ཆེས་གསུངས་པ་ལག་སོ། །ཤེས་པ་འདི་ནི། རྗེ་ཉིད་ཀྱི་དབོན་པོ་སྤྱན་ལྔ་ཆོས་ཀྱི་རྗེ་བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤནྟིར། བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་པར་དུ་བགྱིས་པའོ། །མངྒ་ལཾ་བྷ་བནྟུ་ཤུ་བྷཾ།། །།

(༤༨༨)

(༤༨༩)དི། ཟླ་འོད་གཞོན་ནུས་མཛད་པའི་བཅུད་བསྡུས་བཞུགས་སོ། །

(༤༩༠)ཨོཾ་མ་ཧཱ་ཀུ་རུ་ཧཱཾུ། །བཅུད་ལེན་དམ་པ་རྣམས་ལ་ན་མོ། །ཕྱག་རྒྱ་ཆེན་པོ་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། །བཅུད་ལེན་མང་ཡང་ཕྱི་ནང་གསང་བ་གསུམ། །ཕྱིའི་བཅུད་ལེན་ནི། ར་ས་ཡ་ན་ལ་རྟེན་ཏེ་བསྒྲུབ་པ་འོ་ར་ས་ཡ་ན་ནི་རྒྱ་བོད་ཀྱི་སྨན་འགྱུར་ཚད་ལ་བྱའོ། །ནང་གི་བཅུད་ལེན་ནི་བདུད་རྩི་ལྔའོ། །གསང་བའི་བཅུད་ལེན་ནི་ལྟ་སྒོམ་སྤྱོད་གསུམ་མོ། །ཡི་གེའི་བཅུད་ལེན་ནི་ཨོཾ་ཨཱཧཱཾུ་ལ་བྱའོ། །ནང་གིས་

(༤༩༡)སྒྲུབ་པ་ལ་རྒྱལ་པོ་ལྟར་སྒྲུབ། དྲང་སྲོང་ལྟར་སྒྲུབ་པ། རྨངས་ལྟར་སྒྲུབ་པའོ། །དྲང་སྲོང་དང་རྒྱལ་པོ་བསྡེབས། དྲང་སྲོང་ནི་བླ་མ་ལ་བརྟེན། །བླ་མ་ནི་དགེ་སློང་མ་ཚ་མི་ཟ་བ་བསྲུང་སྡོམ་ལ་གནས་པ། ལས་རྒྱ་མི་རྟེན་པ་བདུད་རྩིའི་རྒྱུན་ནི་ཡོད་ན་འབྲས་ལ་བྱ། མེད་ན་ནས་དཀར་མོའི་བྱེད་ལྕགས་བྱེ་དངོས་ཀྱིས་དཀར་ཤིག་ལ་བཏང་། དཀར་ཤིས་མགོ་སེར་ཙམ་དུ་སྔོས་ལ་ཞིབས་པར་བཏགས་

(༤༩༢)བླ་མ་ནད་བུ་མེད་པ་ཤེས་རབ་ན་འབྲས་ལ་བྱ། མེད་ན་དཀར་མོའི་ཕྱེ་ལྕགས་ཆེ་བ། རིགས་བཙུན་པ་གཞོན་དར་ལ་བབ་པས་གསོལ་ཏེ། བདུད་རྩི་མར་ཕུལ་དོ་ཆུ་ཕུལ་གང་དུ་བཙོས་ཙ་ན། སྐྱབས་བླངས་པས་མེ་ལ་བཞག་པས་ཚིག་ན་མ་ཚོས་པ་ཡིན། ཟངས་སུ་མི་བཙོ་ཕྲུ་བར་བཙོ་དེ་ཞུན་མར་སྲང་གཅིག་དང་བདུད་རྩི་སྲང་གཉིས། ཨ་རུ་ར་གསེར་མདོག་ཅན་གྱིས་ཆུར་སྦངས་པ་གྲིབས་སྐམས་བྱ། དེ་ནས་འོ་མས་སྦྱངས། སྐམ་ཤིང་སྐམས་པ་དེ་བཏགས་ལ་ཡང་གདབ། བཟང་དྲུག་བླ་རྩིག་བུར་ཙནྡན་དཀར་དམར་ཚ་བ་གསུམ། །རྩ་བ་ལྔ་སྤྲུ་བའི་ལོ་མ་ཚེའི་ཁ་དྷང་དང་།། །ཤུག་པའི་ཁ་དྷང་དང་། བུ་རམ་སྤྲང་རྩི། ལྕོང་ཞི་བཏུལ་ལ་བྱའོ། །ལྕོང་ཞི་བཏུལ་བ་སྲང་གཅིག །འོ་མ་སྲང་གཉིས། སིངས་ཀྱིས་སྐམས་ལ་སྨན་རྣམས་དུས་གཅིག་དུ་བཅོས། །ཕོ་བ་ནི་རིལ་གྱིས་བྱུང་ན་སྨན་མ་ཞུ་བ་ཡིན་པས་དྲི་ཆུ་བསྡུས་ལ་བཏང་། བདུད་རྩི་མཁྲིས་པའི་

(༤༩༣)ནད་དུ་ལྷུང་ན་ཁ་དོག་སེར་པོར་འགྱུར་ཏེ། བཅོས་ཐབས་ལ་འབྲས་བུ་གསུམ་ཏིག་ཏ་བ་ལེ་ཀ །བ་ཤ་ཀའི་ཐང་བཏང་། གཞན་ཡང་བདུད་རྩི་དང་གོང་གི་སྨན་རྣམས་སྦྱར་ནས། བཏང་ན་མཁྲིས་པའི་ནད་ལས་ཐར་བར་འགྱུར་རོ། །བད་ཀན་གྱི་ནད་དུ་ལྷུང་ན་གཉིད་མེད། མིག་མི་གསལ་ཁོང་སྐྱུགས་བྲོ། ཟས་སྙིང་མི་འདོད། དེ་ལ་ཚིལ་ཆེན་འབྲས་བུ་གསུམ་བདུད་རྩི་དང་སྦྱར་ནས་བཏང་ན། སྙིང་རླུང་གི་ནད་ལས་ཐར་བར་འགྱུར་རོ། །བདུད་རྩི་སེ་རྒོད་ཀྱི་བར་ཤུན་དང་སྤང་རྩི་ཀ་ར་དཀར་པོ། ཡང་ན་ཁྱེའུ་སྐྱེས་པ་རོ་ཚན་གྱི་ཆུ་དཀར་པོ། དམོག་མ་བྱའི་ཤ་བ་ཡ་ཤུ་སྐྱེས་པའི་རོ་ཚན་ག་བུར་བཟང་དྲུག་སྐྱེར་པའི་བར་ཤུན། སོ་ཕག་ཕྱེ་མ། ཙན་དན་དཀར་དམར་བོང་ང་དཀར་པོ། བར་བ་ཐ་བསིལ་སྨན་འབྱོར་ཚད། བསེ་རུས་བྲེ་དགུ། གསེར་ཐིག་སྲོ་ལོ་དཀར་པོ། བྲག་ཞུན་ཨུཔྡལ་སྔོན་པོ། སྔོན་འགྲོ་ཨ་རུ་རའི་ཐང་བཏང་། འདི་ཡིས་ཕན་ཡོན་ནི་དུག་ནད་ཐམས་

(༤༩༤)ཅད་ཁྲག་ནད་རིམས་ནད་ཐམས་ཅད་ཐར་བར་འགྱུར་རོ། །བདུད་རྩི་གོས་སུ་གོན་པ་དང་། རྟ་རུ་ཞོན་པ་དང་། ཟས་སུ་ཟ་བའོ། །གོས་སུ་གོན་པ་ནི་གཏུམ་མོའི་མེ་འབར་མ་ཞེས་ཀྱང་བྱ། །གྲང་བ་ཐམས་ཅད་འཇོམས་པ་ཚ་བ་གསུམ། མིའི་མཁྲིས་པ། མར་བདུད་རྩི་ཆ་སྙམས་ཏེ། ཟླ་བ་དགུའི་བར་དུ་མནན་ནས་རའི་རིལ་མ་ཙམ་རེ་ཟོས་ན་གྲང་བསེལ་ཏེ་དྲོད་སྐྱའོ། །དེས་དྲོད་མ་སྐྱེས་ན་མཐེ་བོང་ཙམ་ཟ། དེས་མ་ཞུ་བ་དང་དྲང་ནད་ཐམས་ཅད་སེལ་ལོ། །རྟ་རུ་ཞོན་པ་ནི་རུས་ཏ་སྤང་བཅུ་དྲུག །བདུད་རྩི་སྲང་དྲུག་བཅུ་རྩ་བཞི་མར་དང་ཆ་མཉམ་པར་བྱ། སྦྲང་དང་རུས་ཏ་མཉམ་པར་བྱ། འབྲས་བུ་གསུམ་དང་བཟང་དྲུག་མཉམ། དེ་རྣམས་སྦྱར་ལ་ཟླ་བ་དགུ་མནན་ནས་ལྟོར་ཟོས་ན། བདུད་རྩི་རྟ་རུ་ཞོན་པ་ཞེས་བྱ་སྟེ། རྐང་འགྱོགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །གོས་སུ་གོན་པ་ནི་ཙན་དན་དཀར་དམར་བཟང་དྲུག་གླ་རྩི་ག་བུར་དང་། སྦོས་དུ་འོང་བའི་དྲི་ཞིམ་སྣ་ཚོགས་ཀྱིས། ལུས་ལ་བྱུགས་དེས་གོས་སུ་བགོ་

(༤༩༥)བའོ། །བདུད་རྩི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །བདུད་རྩི་བརྟེན་པས་རྣམ་སྣང་གི་སྐུ་ཐོབ། །སྒོམ་སྒྲུབ་སྔགས་དང་ཐོས་བསམ་བྱ་མི་དགོས། །དང་དུ་བླངས་ཤིང་ཟོས་པས་བྱང་ཆུབ་འཐོབ། །མཉམ་ཉིད་སྟོང་པ་ངང་གིས་རྟོགས་པར་འགྱུར། །བྱིན་རླབས་ཆོ་འཕྲུལ་ཤུགས་ཀྱིས་འབྱུང་བར་འགྱུར། །མ་སླབས་བསྟན་ཆོས་རྣམས་ཀྱང་ཤེས་པར་འགྱུར། །ཐེག་པ་སྣ་ཚོགས་ཆོས་ལ་མཁས་པར་འགྱུར། །མ་སླབས་སྨན་དང་བོན་ཡང་ཤེས་པར་འགྱུར། །ཐམས་ཅད་མཉམ་ཉིད་ཕྱོགས་རིས་མེད་པར་ཤེས་ཤིང་། ཁོང་དུ་ཆུད་པར་འགྱུར། བདེ་སྟོང་འཛིན་པ་མེད་པར་འཆར་ཏེ་བདུད་རྩིའི་སྒོམ་པའོ། །ཐམས་ཅད་ཤོང་ཤིང་ཡངས་པ་བདུད་རྩིའི་སྤྱོད་པའོ། །ཐམས་ཅད་ལྷུན་གྱིས་གྲུབ་པ་རང་འབྱུང་ཆེན་པོར་འདུག་པས་བདུད་རྩིའི་འབྲས་བུའོ། །ནུས་པ་ཕྱོགས་བཅུར་འཆར་བས་བདུད་རྩིའི་འཕྲིན་ལས་སོ། །ཉམས་མྱོང་ཐམས་ཅད་ཀྱི་རྩ་བ་རླུང་ཡིན་དེ།

(༤༩༦)ཉམས་མྱོང་ཁར་མི་བཏང་སྟེ་རྩོད་པ་མི་བྱའོ། །ཐེག་པའི་ཁར་མི་བསྟང་སྟེ་ཆོས་ལ་སྐུར་མི་འདེབས་སོ། །ཆོས་ཐམས་ཅད་ཁ་ཁ་ནས་བདེན། །དགེ་སྡིག་ལ་ཤན་པ་མི་དབྱེའོ། །གང་ཞིག་འཚམས་མེད་པ་བྱེད་པ་ལ་ཡང་། །བསྐུར་བ་མི་བཏབ་བོ། །རྗེས་སུ་ཡི་རང་བ་མི་འབུལ། གཞི་མ་བཅོས་པ་ལ་ལྷོད་དེ་ཤིག་གིས་བཞག །དེ་ནས་རླུང་ཐམས་ཅད་ལ་ཕན་པས་ན་བདུད་རྩི་ཉམས་སུ་མྱོང་བའི་རླུང་ཡེ་ཤེས་སུ་སྒྱུར་བས་ན་བདུད་རྩིའོ། །དེས་ན་བདུད་རྩི་ལ་ནན་ཏན་བྱའོ། །སྟོབས་གླང་ཆེན་སེང་གེ་དང་འདྲ། །མདོག་ནི་ཟླ་བ་ཉ་བ་འདྲ། །ལུས་ནི་བསྲ་སྟེ་རྡོ་རྗེ་བཞིན་དུ་བརྟན། །དག་ནི་ཐོགས་མེད་བྱིན་བརླབས་འབྱུང་། །སེམས་སྟོང་གསལ་ཐུན་དུ་བདེ། དག་པ་གསུམ་འབྱུང་སྟེ། །ལུས་ཀྱི་དྲི་མ་འདག །ལུས་ལ་སྲིན་བུ་མི་གནས། འཚོ་བ་ལ་ཆེད་དུ་མི་གཉེར་བས་སྒྲིབ་པ་མི་བསག་གོ། །གྲོལ་གསུམ་འབྱུང་། ལུས་སྤྲུལ་སྐུ། སེམས་ཆོས་སྐུ། ངག་གྲགས་སྟོང་དུ་གྲོལ། ཨོཾ་བདུད་རྩི་

(༤༩༧)ཊི་ཀ་བསྟན་པ་ལ། །དང་པོ་སྦྱར་བའི་ཐབས་ལ་མཁས་པར་བྱ། །ཡོ་བྱད་ཡོད་ན་བདུད་རྩི་འོ་མ་མཉམ། །མ་ལོང་ན་འོ་མ་ཕུལ་གང་ལ་མར་གསར་སྒྲོད་ང་ཙམ་བཏབ་ལ་ལྷག་གིས་ཁོལ་བ་དེ་བདུད་རྩི་བྲེ་གང་གི་ནང་དུ་བླུགཆོད་པར་དཀྲུག །དེ་ནས་ཞག་གསུམ་མམ་དྲུག་ལོན་ནས། ཁ་ཚ་ལམ་མེ་བ་འོང་སྟེ་ཆུ་ལ་བཏབ་ལ་བཏུང་ངོ་། །ཉེ་དཀར་ལ་ལྟོ་བ་སྦྱར་ཆུར་བ་བྱ་མོའི་སྒོང་ང་ཙམ་ཆུར་གནན་ལ་ཁོལ་བ་དེ་བཏུང་། དེ་ཡང་མ་རྙེད་ན་ལྕོ་གའི་སྒོང་ང་ཙམ་ཆུ་ཕུལ་གང་གིས་ལྷག་གིས་ཁོལ་བ་ལ་བཏབ་སྟེ། དེ་ཨ་སྨྲི་ཏ་བྲེ་གང་ལ་སྦྱར་ལ། མཆོད་པར་བྱས་ལ་ཞག་གསུམ་གནན། ལངས་པ་དེ་མང་དུ་འོང་བས་ཀོལ་ལ་བཏུང་། ཁྲག་སྐམ་ཁྱིམ་བྱའི་སྒོང་ང་ཙམ། ཆུས་སྦྱངས་ལ་དཀྲུགས་ལ་བཞག་སྟེ། བངས་པ་དང་ཨ་མྲི་ཏ་བྲེ་གང་དུ་སྦྱར་ལ། མནན་ལ་བཞག །ཐམས་ཅད་ཡོད་ནས་འབྱོར་ན་བཟང་། སྒོག་སྐྱ་ལྤགས་པ་བཤུས་པ་ཡང་ཤིས། སྨན་རྣམས་མི་

(༤༩༨)བཀོལ། བདུད་རྩི་མང་ན་མར་ཁུར་བཏུལ་ལ་བཏུང་། བདུད་རྩིའི་ཁུ་བ་བྱ་སྒོང་རེ་དང་། ཞུན་མར་ངང་མོའི་སྒོང་བ་ཙམ་པ་ལྔ་དང་སྦྱར་ལ། གོང་གི་སྣན་ལ་འཐེ་བོང་ཙམ་བཟའ། གོང་གི་སྤྱིར་ཡང་བདུད་རྩི་འོ་མའི་ནང་དུ་བཅོས་ལ་བཏུང་། ཀྱུག་ལོག་གེ་བྱས་ཟས་མ་འདོད་ནས་ལུས་སྦོ་བ་དང་གཉིད་མེད་པ་དང་། སྐྲངས་པ་དང་དེ་རྣམས་རླུང་ལས་གྱུར་ཏེ་ཆུ་ཕུལ་བདུན་ལ། ཞུན་མར་ཕུལ་ཕྱེད། འོ་མ་ཕུལ་གང་བསྡུས་ལ། ཕུལ་གསུམ་སོང་བ་ལ་བཏུང་སྟེ་དེ་ཡང་རླུང་ནད་སེལ་བར་བྱེད་དོ། །ཉེའུ་ཤིང་གྲིབ་མ་ལ་སྐྱེས་པ་དེ་ལེགས་པར་བཤུས་ལ། གྲིབས་སྐམས་བྱས་པ་ཞིབ་པར་བཏགས་ལ་འོ་མས་ཁ་ཕྲུ་བཏབ། འོ་མས་ཆུ་བྱས་ལ་མར་ཁུ་བཞིན་ཙགས་ལ། སྤྱིན་ཐང་གིས་བྱུང་བའི་མར་ཁུ་དེ་སྦྲང་དང་སྦྱར་ལ་ཟ། གཞན་གང་ཡང་སྡེབ་དུ་བཏུབ་པའོ། །མཁས་པ་པད་མ་འབྱུང་གནས་ཀྱིས་ཨུརྱན་མཁའ་འགྲོའི་གླིང་དག་དུ་སྒོམ་མཉམ་བཀའ་

(༤༩༩)ཐུབ་བཅུད་ལེན་ཉམས་སུ་བླངས་ཚེའི་དངོས་གྲུབ་ཐོབ། སྐལ་ལྡན་བོད་ཀྱི་རྗེ་མངའ་བདག་རྒྱལ་པོ་ལགས། འདུ་འཛི་གཡེངས་བ་སྐྱུངས་ལ་བཅུད་ལེན་ཉམས་སུ་ལོང་། །བསམ་ཡས་དབུ་རྩེ་བྱང་ངོས་སུ། བླ་མས་གསུངས་པས་རྗེ་རབ་ཏུ་དགེས་ཏེ་དབུ་ཐོད་བུད་བུད། ཕྱག་འཚལ་ནས་ཟབ་ཐུལ་པད་མ་ཅན། གཡུ་དུང་ཉོལ་གསུང་རྐང་ཆོག །གསེར་བྲེ་དྲུག་ཕུལ་ནས་བླ་མ་ལ་བདུད་རྩིའི་ཕན་ཡོན་ཅི་མངའ་ཞུས་པས། སྤྱིར་བདུད་རྩི་ལ་ཕན་ཡོན་བསམ་གྱིས་མི་ཁྱབ། སྒོམ་མི་དགོས་ཉམས་སུ་བླངས་ན་རྣལ་འབྱོར་རྣམས་སྣང་མཛད་ཀྱི་སྐུ་འཐོབ། ཐིག་ལེ་ཟོས་པས་ཡེ་ཤེས་སེམས་པའི་སྐུ། པད་མ་རཀྟ་ཉམས་སུ་བླངས་པས་སྣང་བ་མཐའ་ཡས་སྐུ་ཐོབ། ཤ་ཆེན་དང་དུ་བླངས་པས་རིན་ཆེན་འབྱུང་ལྡན་གྱི་སྐུ་འཐོབ། དྲི་དང་དུ་བླངས་པས་དོན་ཡོད་གྲུབ་པའི་སྐུ་འཐོབ་པའོ་ཆེ་སྟེ། སྨན་དང་མ་སྦྱར་ཏེ་དྲི་གསུང་དག་དང་ལྡན། རྩི་ཡིས་སྐུས་ཏེ་ཁ་དོག་ཤིན་

(༥༠༠)དུ་ལེགས། །ལུགས་སུ་མ་བླུག་དབྱིབས་སུ་བཅོས་པ་མེད། །གསོལ་དང་མ་སྦྱར་ཏེ་ནུས་པ་གསོལ་དང་མཉམ། །དུག་རྣམས་བརྡུལ་རློག་བཅུད་དང་མ་སྦྱར་ཏེ་ལུས་ཀྱི་ཟུངས་ཀྱང་བསྐྱེད། ལྷ་སྲིན་བྲན་དུ་འཁོལ། མཛེ་ནད་རབ་ཏུ་འཇོམས། ཚེ་རིང་ནད་མེད་བུ་ཚ་རིགས་བརྒྱུད་འཕེལ། །ནོར་འདུ། ནད་རིམས་མཐའ་དག་འཇོམས། །དུས་འདི་ཉིད་ཀྱིས་ས་ལ་ལྷུན་གྱིས་གྲུབ། །རིགས་འཛིན་རྩལ་ཅན་རྣམས་ཀྱིས་ཀྱང་། །རྣལ་འབྱོར་དབང་ཕྱུག་དེ་ལ་བྱིན་གྱིས་རློབས། །ལྷ་མི་ཡོངས་ཀྱིས་ཕྱག་བྱའི་རྟེན་དུ་འགྱུར། །སྐུ་གསུང་ཐུགས་ཀྱི་དམ་ཉམས་རྣམས་སྨིན་ལས་བཟློག །བསྐལ་པ་སྟོང་གིས་འཚམས་མེད་ལྔ་བྱས་ཀྱང་། །བདུད་རྩི་ཆེན་པོའི་བྱིན་རླབས་ཀྱིས། །དེ་ཀུན་མི་གནས་དག་པར་འགྱུར། །དཔེར་ན་ཉི་མ་ཤར་བས་མུན་པའི་ཚོགས་རྣམས་འཇོམས། །གསང་སྔགས་དམ་ཉམས་བྱང་སེམས་སྡོམ་ཉམས་དང་། །ཉན་ཐོས་ལ་

(༥༠༡)སོགས་པ་བདུད་རྩིས་སྐོངས། །དེ་ནས་བདུད་རྩི་ཟ་ཞིང་སྤྱོད་གང་མི་འབབས་ཏེ། ནུས་པ་གསོལ་དང་ལྡན། བཅུད་དང་མ་སྦྱར་ཏེ་ལུས་ཀྱི་སྟོབས་བསྐྱེད། །ག་བུར་རྒྱལ་པོ་སྟེ་སྐོམ་པའི་གདུང་བ་སེལ། རྣལ་འབྱོར་ཚེ་ཡིས་བཏུང་ཞིང་བཀུར་བར་བྱ། །ཟླ་དྲུག་ཟོས་པས་མཛེ་ལས་ཐར་བར་བྱེད། །ལོ་རེ་ཟོས་པས་མཐུ་ཆེན་ཐོབ་པར་འགྱུར། །ཟླ་བ་བཅུ་ཟོས་པས་ཐོས་པ་འཛིན་པར་བྱེད། ལོ་གསུམ་ལས་ནོར་ཐམས་ཅད་དབང་དུ་བསྡུད། ལོ་ལྔ་ཟོས་ན་གླང་པོའི་སྟོབས་དང་ལྡན། སེང་གེའི་སྟོབས་དང་ལྡན། མདོག་རྨ་བྱ་དང་མཚུངས་ཟླ་བ་ཉ་བ་བཞིན། ངོ་ལ་དྲི་མ་མི་ཆགས། ལོ་དྲུག་ཟོས་ནས་འོག་ས་སྟེར་གཏེར་རྣམས་རྙེད། སྤྱན་རྣམ་པ་ལྔ་འཆར་ཡེ་ཤེས་སྤྱན་དང་ལྡན། ལོ་བདུན་ཟོས་པས་བསང་བསོ་ལ་སོགས་རྫུ་འཕྲུལ་ཤེས། ལོ་བརྒྱད་ཏིང་འཛིན་སྦོབས་པ་རྒྱུ་རྩལ་ཕུན་ཚོགས་པ། །དགུ་ཟོས་མི་ལྡོག་ན་གནས། །ཚེ་

(༥༠༢)དབང་རིགས་འཛིན་ཐོབ། བཅུ་ཟོས་སངས་རྒྱས་བྱང་སེམས་བཀོད་སྟོབས་ཕུན་སུམ་ཚོགས། བཅུ་གསུམ་ཟོས་ཡི་གེ་འཁོར་ལོ་ས་གནས་ཕུན་སུམ་ཕུང་པོ་ལྷག་མ་མེད། བདྡྷ་ཐོབ་པར་འགྱུར། ར་ས་ཡ་ན་ལོ་སྟོང་རྟེན་པ་བས། བདུད་རྩི་དག་ལ་མོས་པ་བསོད་ནམས་ཆེ། །ན་མོ་གུ་རུ། བདུད་རྩི་ལོག་གནོན་ལ། དྲང་འབྱམས་སུ་སོང་ན་ཆང་ལ་ཀླད་པ་སྐམས་པ་དང་། བདུད་རྩི་བཏབ་ལ་བཏང་། དེས་མ་ཆོད་ན་རྩོད་རྒྱ་ཀྱག་ཤིང་སྲེགས་པའི་ཐལ་བ་དང་། སྒ་པི་པི་ལིང་ཆང་ལ་བཏབ། དེས་འབྲས་ཚ་བ་གསུམ་རྣལ་འབྱོར་པ་དེའི་དྲི་ཆུས་ཟན་དྲོན་བྱས་ལ་བཏང་། སྨན་གྱི་ཐུན་ཚོད་རིག་པས་བསྣུན་གར་བ་ཐམས་ཅད་ཞོ་ཚད། སླ་བ་ཐམས་ཅད་སྲད་ཚད་བཏང་། །ན་མོ། བདུད་རྩི་འདི་ལ་ཕྱི་ནང་གསང་བ་གསུམ། གསང་བསྒྲུབ་བླ་མ་ལང་འཚོ་ལ་དར་བབ་པ་ཅིག་ལ་རྟེན། དེ་ཡང་ཤ་དང་ཆང་དང་སྒོག་གཙོང་ཆང་སྐྱུར་མེ་ཉི་མ་སྤངས། གྲིབ་མ་ལ་བསྡད། གསང་སྔགས་ཀྱི་

(༥༠༣)སྤྱོད་པ་བྱ། ཨོཾ་ཨཱཧཱཾུ་གསུམ་གྱིས་ཟ་ཆེ་བྱིན་བརླབས་བྱ། ནང་ལྟར་སྒྲུབ་པ་བདུད་རྩི་མར་དང་ཆ་མཉམས་སུ་ཟི་སྦྱོར། ཁ་ཅིག་ཕྱི་སྒྲུབ་ཟན་དྲོན་བྱས་ལ་ཕབས་བཏབ་ཅིང་ལེགས་པར་བཅོས་ལ་ཉེས་ལ་རྩགས་སིགས་ལ་ཕར་འཕང་། ཁུ་བ་བདུད་རྩིར་སྦྱར། བདུད་རྩི་མར་དང་སྦྱར་ཟན་བྱ་སྒོ་ང་ཙམ་རེ་སྟོས་ལྟོང་ལ་བཏང་། །ཚ་བ་གསུམ་མར་རྙིང་བདུད་རྩི་དང་སྦྱར། །བྱ་སྒོང་རྩམ་རེས་གྲང་བའི་ནད་ཀུན་སེལ། །བདུད་རྩི་ཀ་ར་བཟང་དྲུག་གངས་ཆུར་སྦྱར། །གར་སླ་ལུག་ཞོ་ཙམ་དུ་དཀྲུགས་ལ་བཏང་། །རིམས་དང་ཤ་དུག་ལ་སོགས་ནད་ཀུན་སེལ། །ནས་ཀར་ལྤགས་བཤུས་ཕྱེ་ཞིབ་ཟན་དྲོན་ཚོས། །བདུད་རྩི་གསང་ནས་སྒྲུབས་ན་དངོས་གྲུབ་འབྱུང་། ཁྲོམ་ཆོས་བྱས་ན་བར་ཆོད་འབྱུང་། །གསུངས་པས་ན་བའམ་མ་ཞུ་ན་དྲི་ཆུ་བར་པ་ཚྭ་བཏབ་བཀོལ་ལ་བཏུང་། ཕྱག་རྒྱ་ཆེན་པོ་ཚེ་འདི་ཉིད་ལ་འཐོབ། དཀར་གསུམ་མདོག་བསྒྱུར། མངར་གསུམ་རོ་བསྒྱུར།

(༥༠༤)བཟང་དྲུག་ལ་སོགས་སྨན་རྣམས་རྙེད་ཚད་བཏང་།། །།བླ་མ་རྣམས་ལ་ཕྱག་འཚལ་ལོ། །གདམས་ངག་འདི་ལ་བཞེད་ལུགས་ལྔ་སྟེ། རི་ལུ་དང་འགམ་ཕྱེ་དང་། འོ་སྐལ་དང་། ཟན་ཆང་།། །དང་། མར་ཁུའི་མན་ངག་གོ། །དེ་ལ་དང་པོ་སྔོན་འགྲོ་ནི། ན་ཚོད་ཐོག་མར་ལུས་སྟོབས་ལྡན། །རྟོགས་སྤྱོད་དབེན་པ་རབ་ཏུ་བརྟན། །དྲོད་ཚད་ཚྭ་སྐྱུར་རུ་ལ་སུངས་སྤངས། །སོས་ངལ་ནས་དཀར་ཟན་ཟོས་ཏེ། །ལེགས་པར་རྡོ་བ་དག་ལ་བཅར། །ཏིང་ལོ་ལྟ་བུར་ལེགས་སྐམས་ཏེ། །སླར་རྡུངས་རང་ཐག་ལ་སྒྲལ། །རྩི་བཞིན་བརྟགས་པའི་ནང་དུ་ནི། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །འབྲས་བུ་གསུམ་དང་སྦྲང་བུ་རམ། །ཨ་སྨྲི་ཏ་སྦྱར་བྱས་ཏེ། །རི་ལུ་ཚགས་བྱས་གནོད་བསགས་ཏེ། །དགུ་བཅུ་ཅི་རིགས་ཟ་བར་བྱ། །ཟ་སྒོག་ཚྭ་དང་རུལ་སུམས་བསྲུང་། །ངོ་ཅིག་སྦྱར་བ་སང་ཕོད་ཟ། །ཞེས་པའོ། །དེ་ནི་རི་ལུའི་མན་ངག་གོ། །འགམ་ཕྱེའི་སྦྱར་ཐབས་སྔར་ལྟར་བྱས་པ་ཡིས། །བདུད་རྩི་

(༥༠༥)གྲིབ་ལ་ལེགས་པར་སྐམས། །རྡུངས་ཏེ་ཞིབ་པར་བྱས་ནས་ནི། །སླར་ངར་ཚ་བར་སྲོས་རྗེས་ལ། །སིམས་པོའམ་ཆུའི་ཁ་ཕྲུ་བཏབ། །རླངས་པ་ཐོན་པར་སྲོས་རྗེས་ལ། །མར་ཞུ་ཡོད་ན་སྦྲང་བུ་རམ། །རྗེན་ཐགས་བཅུང་ཟད་བྲན་པར་བྱ། །སྒམ་བུར་ལེགས་པར་བླུག་བྱས་ཏེ། །སྔོན་འགྲོ་སྔ་མ་དག་དང་འཚུངས། །དངོས་བཞི་བདུད་རྩི་སུམ་ཆ་ཅིག །དང་པོ་སྣོད་དུ་ལེགས་སྦྱར་ཏེ། །རླངས་མ་ཡོལ་ལ་ཕྱེ་བླུག་ལ། །དྲི་བསོད་པའི་གདམ་ངག་ཡིན། །དེ་དང་མཉམ་པའི་མར་བཅུག་སྟེ། །ཕྱེ་ནི་ཕྲུས་རྩམ་སྦྱར་བྱས་ནས། །སྦར་གསུམ་སྦྱར་ཟོས་བྱས་ན། ལྟོ་མ་འཁྲུངས་ཤིང་ཤེད་ཉམས་ཆེ། །དགུ་བདུན་དག་ལ་སྲིན་རྣམས་ཐོན། །ལྟོགས་མེད་སྐོམས་པ་ཅུང་ཟད་ལ། །ཆུ་བཀོལ་རྟེན་པ་རབ་ཏུ་བཅེས། །སྤྱིར་ན་དལ་བ་གཙོ་བོར་ཅེས། །དེ་ནི་འོ་སྐོལ་བྱ་ཐབས་སོ། །ཡང་ན་སྔོན་འགྲོ་གོང་དང་མཚུངས། །བདུད་རྩིའི་

(༥༠༦)རྫ་མའི་ནང་དུ་ནི། །ལེགས་པར་ཆུ་འཇམ་དག་ལ་གཉེ། །བཀོལ་བས་སྐྱ་བའི་རྗེས་དག་ལ། །ནར་ནར་བྱུང་ཚེ་ཕྱེ་བླུག་ལ། །བཅུང་ཟད་མར་གྱི་དྲི་བསོད་བྱེད། །ཟན་དྲོན་ཚལ་ཚལ་ཨེན་ཙམ་དྲོད་ལ་བརྟེན་བྱས་ན། །ཚངས་པ་བྱ་ཕབས་ཕྱེས་བྲན་ཏེ་གནན་བྱས་ལ། །ཞག་གསུམ་དག་ན་རླུང་བྱ་སྟེ། །ལྕི་བ་ཁུ་བ་སྔོ་དམར་ཅན། །ཡིད་དུ་འོང་ཞིང་འཇུ་བ་སླ། །ཐུར་མགོ་ལྔ་གསུམ་ཅི་རིགས་ཟ། །དང་ཀ་བདེ་ལ་ནད་ལ་འབྱམས་འཇུ་བ་སླ་ཞིང་དྲི་མ་མེད། ཁ་མི་སྐོམ་ལ་བཀྲག་མདངས་གསལ། །དེ་ནི་སྦྱོར་བའི་མཆོག་ཡིན་ནོ། །དེ་ནས་མར་ཁུའི་སྦྱོར་བ་ལ། །སྔོན་འགྲོ་མི་དགོས་རྩལ་བའི་ཐབས། །སྡེ་སྣོད་འཛིན་ནམ་རྣལ་འབྱོར་པ། །ཡང་ན་རྨ་གསར་གཞོ་ནུ་ཡིས། །བདུད་རྩི་ཇི་སྙེད་སྐམས་བྱས་ཏེ། །རྩ་དང་སོག་མ་མ་ཡིན་པའི་པའི། །མེ་ལ་ཐབ་སྲེག་མན་ངག་བཞིན། །དམ་པའི་ཞལ་ལས་དྲི་བར་བྱ། །དེ་ལྟར་བཞུ་བའི་མར་ཁུ་དེ། །བཟའ་བའི་ཐབས་

(༥༠༧)དང་ཚད་དག་གིས། །ཟོས་ན་ཡོན་ཏན་ཇི་སྙེད་པ། །མན་ངག་ལས་བྱུང་འདི་དག་གོ། །ཞག་གཅིག་ལ་ཐུན་གསུམ་དུ་ཟ་སྟེ། ཚད་ནི་རིལ་མ་རྩམ་དུའོ། །ཡོན་ཏན་ལྔ་བཅུ་རྩ་བཞི་སྟེ། །འཆི་འཕོས་ཉེན་པའམ། མཛེས་ཉེན་པའམ། འདྲེས་ཉེན་པའམ། ལས་ཚོགས་འདི་རྣམས་ཀྱིས་ཕན་གདགས་ཏེ། དེ་མཁའ་འགྲོ་མའི་འཇུག་བཅུ་ལས། རྣམས་སྣང་རྫས་དང་སྔགས་རེ་དང་། །བསྒྲུབས་པའི་སྦྱོར་བ་རེ་རེ་ཡིས། །མཁའ་འགྲོའི་ལས་སྦྱོར་སྦྱོར་བ་བརྒྱ། །དངོས་གྲུབ་བར་ཆད་སེལ་བའོ། །ཞེས་པའི་མན་ངག་ནི། མུ་ཟི་བརྟུལ་བ་རིལ་མ་རྩམ་བཞི་དང་། བདུད་རྩི་རི་ལུ་དང་སྦྱར་ཏེ། སྔགས་ཧ་ས་ཨོཾ་པ་ཏི་ཞེས་ཞག་གཅིག་གིས་བར་དུ་བཏབ་སྟེ། ཟོས་ན་ཀླུའི་རིགས་ལྔའི་མཛེ་ནད་ལས་ཐར་བར་འགྱུར་རོ། །ཡང་བདུད་རྩི་མུ་ཟི་གུ་གུལ་གསུམ་སྦྱར། ཨོཾ་མེ་ར་དུ་ཤ་ན། ཀྲོ་ཏི་ཕཊ། སྔགས་འདི་ལན་གསུམ་བཏབ་ན། གག་ལྷོག་སྐྲངས་པའི་ནད་ཐམས་ཅད་ལས་

(༥༠༨)ཐར་བར་འགྱུར་རོ། །ཡང་བདུད་རྩི་སླེ་ཏྲེས་དང་ཤུ་དག །གླགས་རྩི་སྦྱར་ནས་ཏ་དྱ་ཐ། ཧོ་ན་ལྷུན་འཛུ་མཛེ་སྭ་ཧཱ། །ཞག་ལྔར་བཏབ་ནས་ལུས་ལ་བྱུགས་ཤིང་ཟོས་ན། རིམས་ཚ་བའི་ནད་ལས་ཐར་བར་འགྱུར་རོ། །ཡང་བདུད་རྩི་ལྔ་དང་ཨ་རུ་ར་ཙན་དན་སྦྱར་ཏེ་ཨོ་ཡ་མ་ཙ་ག་མོ་ཧ་ན་མར་སོང་། སྔགས་འདི་ཞག་ལྔ་བཏབ་ནས་ཟོས་སམ་མིག་ལ་བཀུས་ན་མིག་རབ་རིབ་ཏུ་སོང་བའི་ནད་ལས་ཐར་བར་འགྱུར་རོ། །ཡང་བདུད་རྩི་དང་མཁྲིས་པས་སྦྱར་ཧ་ས་རི་ཨོཾ་སྭ་ཧཱ། ཞག་གཅིག་ཏུ་བཏབ་ནས་ཟོས་ཤིང་བྱུགས་ན་ཟས་སྐོམ་གྱི་ནད་ལས་ཐར་བར་འགྱུར་རོ། །ཡང་བདུད་རྩི་དང་ཁྱི་ལུང་ཁུ་བ་དང་། ཁྲིས་པ་དང་སྦྱར་ཏེ་ཨོཾ་ཁྲག་ཉག་རཾ་སོང་། སྔགས་འདི་བཏབ་ན་ཤ་དུག་ལས་ཐར་བར་འགྱུར་རོ། །ཡང་བདུད་རྩི་དང་། སྨན་སྒ་འཕོ་བ་རི་ལུ་པི་པི་ལིང་རྣམས་སྦྱར་ཏེ་ཞག་བཅོ་ལྔར་ཟོས་ན་གྲང་བའི་ནད་ལས་ཐར་བར་འགྱུར་རོ། །བད་ཀན་གྱི་གནས་སུ་ལྷུང་ན་སྐོམ་དད་ཆེ་བས་ཨ་རུ་ར་མཆུ་

(༥༠༩)སྙུང་ཅིག་བཅའ་སྒ་གཉིས་བསྡུས་པའི་ཐང་བཏང་། བྲང་ཚ་ཞིང་མགོ་འཁོར་ན་མ་ནུ་དང་རྒྱ་ཚྭ། ཤེལ་ཚ་དང་སུག་སྨེལ་སེ་འབྲུ། རྣམས་ཡུན་དུ་རྟེན་ནོ། །མཁྲིས་པའི་ནད་དུ་ལྷུང་ན། མིག་སེར་བ་དང་། འདར་བ་སྐྱུག་ལོག་པ་བྱུང་ན། བ་ཤ་ཀ་དང་བ་ལེ་ཀ་དང་འབྲས་བུ་གསུམ་གྱི་ཐང་བཏང་། ཏིག་ཏ་གསེར་གྱི་མེ་ཏོག་གུར་གུམ། ལི་ག་དུར་རྣམས་ཀ་ར་ལ་སྦྱར་ལ་བཏང་ངོ། །གོས་དྲོ་བར་བྱ། རབ་ནི་ཆུ་སྐོལ་ངག་ལ་གཏང་ཅེས་པས་སྤྱིར་ནི་ཆུ་སྐོལ་བཏང་བ་མན་ངག་ཡིན། སྤྱིར་དཀའ་ཐུབ་ཅེས་བྱ་བ་དཀའ་བ་ཐུབ་པ་ལ་ཟེར་བ་ཡིན་པས། ཅི་ལྟར་བྱུང་ཀྱང་བྱུང་རྒྱལ་དུ་བཏང་བ་མན་ངག་ཡིན། གལ་ཆེའོ་གསུང་། སྙིང་རུས་བསྐྱེད་པ་གལ་ཆེ།། ༈ །།སློབ་དཔོན་འཕགས་པ་ཀླུ་སྒྲུབ་གྱིས། ཀླུའི་ཡུལ་དུ་ཆོས་བཤད་པས་ཀླུའི་རྒྱལ་པོ་ཡིས། བཅུད་ལེན་སྦྱོར་བ་འདི་ཕུལ་ལོ། །ཀྱེ་ལྔ་རྒྱ་དུས་ཀྱི་ཐ་མ་ལ། །ཚེ་ཐུང་ནད་མང་ལོངས་སྤྱོད་

(༥༡༠)དམན། །ཚེའི་ཚད་ཀྱང་མ་ངེས་པས། །དམ་པའི་ཆོས་ཀྱང་མི་འགྲུབ་པས། །ཚེ་ལ་དབང་བའི་རིགས་འཛིན་བསྒྲུབས། །བཅུད་ལེན་མང་ཡང་མདོ་དོན་སྨན་ལ་ཐུག །སྨན་ནི་མང་ཡང་དབང་པོའི་ལག་ལ་བསྡུས་དོན་གསུམ་ལས་མེད། །སྨན་སྣ་མང་ཡང་དབང་པོའི་ལག་ལ་འདུས། །མངར་སྣ་ཐམས་ཅད་ཀ་ར་དག་ལ་འདུས། །དཀར་སྣ་ཐམས་ཅད་འོ་མ་དག་ལ་འདུས། །འདི་ལ་ཡོན་ཏན་ཟད་པ་མེད་པ་སྣ་ཚོགས་ཡོད། །ལོ་བརྒྱ་ཐུབ་པས་བརྒྱད་རྒྱ་ཐུབ། །དགུ་བཅུ་ལོན་པས་བཅུ་དྲུག་ལོན་ལྟར་འོང་། །སྐྲ་དཀར་བུད་ནས་ནག་པོར་འགྲོ། །གཉེར་མ་བུད་ནས་དཀར་པོར་འགྲོ། །ཉམས་སྟོབས་གླང་ཆེན་ལྟ་བུར་འགྱུར། །ཡང་ཟོར་སེང་གེ་ལྟ་བུའོ། །བང་ནི་རྟས་ཀྱང་མི་སླེབ་པོ། །བཀྲག་ནི་མེ་ཏོག་པད་མ་འདྲ། །ཉམས་སྟོབས་འཕེལ་ན་མཆོག་ཏུ་འོང་། །གནོད་པའི་ལྷ་འདྲེ་ཀུན་ཀྱང་དོང་གྲོགས་བྱེད། །ཡོན་ཏན་དེ་དང་ལྡན་ནོ་གསུང་། །སློབ་དཔོན་གྱིས་སྦྱར་ཐབས་

(༥༡༡)དང་། །ཟ་ཐབས་ཇི་ལྟར་ལགས་དྲིས་པས། །སྦྱར་ཐབས་འོ་མ་བྲེ་དོ་ཕུལ་གང་དུ་གདུ། །ཀ་ར་སྡོག་པོ་བརྒྱད། དབང་པོ་ལག་པ་ལ་ཐུན་གཉིས། ཞི་པར་བཏགས་ལ་འོ་མ་ཕོག་ལ་དེར་བླུག་ལ་དཀྲུག །དྲངས་པ་དང་གའུ་འམ་སྣོད་དུ་བླུག་ལ་ནད་ཕྱོགས་ཟ། ཟླ་བ་ཕྱེད་ལ་ཟད་པར་བྱ། །ཉམས་མ་འཕེལ་ན་ལན་གསུམ་སྦྱར་བའོ། །འདི་ཉིད་རྟག་ཏུ་སྤྱད་ན་ཚེ་ཉི་ཟླ་དང་མཉམ། གདོན་དང་རིམས་དང་འབྱུང་བ་རྒུད་པ་དང་། ལུས་རྒུད་པ་དང་། ནད་འདུ་བ་རྣམས་བཞི་ལས་ཐར། རྒས་པ་དང་ན་བ་དང་། བརྡུལ་མི་འོང་། ཚེ་སྔ་ཕྱི་དྲན་ལ་དུས་སུམ་ཤེས། དྲན་པ་གསལ་ཞིང་ལུས་ཡང་བདེ་འཕུར་ཤེས་འགྱོགས་པ་རླུང་དང་འདྲ། །རིག་འཛིན་རྣམས་དང་མཁའ་འགྲོས་གདོང་གྲོགས་བྱེད། །ལྷ་སྲིན་ཐམས་ཅད་གྲོགས་སུ་བྱ་བ་བླ་མ་ཡོན་ཏན་ཟད་པ་མེད་པ་འོང་ངོ་གསུང་།། །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འབྱུང་བ་རྒྱུན་གཅོད་པའི་ཆོས་འདི་བྱེད་པ་ལ། དང་

(༥༡༢)པོ་སྐྱེ་ཤིས་འཇིགས་པར་བྱས་ལ་དུག་རྣམ་པ་ལྔ་པོ་ལ་སོགས་པ། སེམས་ལ་གནོད་པའི་བདུད་ཐམས་ཅད་སྤངས་ལ་བྱའོ། །གནས་ནི་ཆུ་ཤིང་དང་ལྡན་པའི་དགོན་པའམ། མི་མེད་པའི་དགོན་པ་ཅིག་བྱས་ལ། གཡེང་བས་མི་འཁྱེར་བ་ཅིག་བྱས་ན་འབྱོངས་བླའོ། །དེ་ནས་དང་པོ་ནས་ཕུལ་གང་བཙོས་ལ། ཚོས་རྩ་ན་སྣོད་གཅིག་ཏུ་ཚགས་བྱའོ། །དེ་ནས་ཚེས་གྲངས་བཟང་པོ་ཚེས་གཅིག་ནས་བཟུང་ལ་བྱ་སྟེ། དེའི་ནུབ་མོ་བླ་མ་དང་ཡི་དམ་ལ་གཏོར་མ་བཏང་ལ། དེ་ནས་སྔོན་ལ་སྒོག་པ་བཏང་ངོ་། །དེ་ནས་དར་ཅིག་ན་འཆན་སྤར་གང་ཟའོ། །དེ་ནས་རང་ལྷར་སྒོམ་པར་བྱ་སྟེ། རང་གི་རིག་པའི་ནང་དུ་ལྟས་ལ། སྲོག་རྩ་ལ་སྙིང་བསྐལ་ནས་ཡོད་པའི། སྙིང་གི་དཀྱིལ་ན་ཧཱཾུ་ཅིག་ཡོད་པར་སྒོམ། དེ་སེམས་ཀྱིས་ས་བོན་ཡིན་ནོ། །དེ་ཨ་ཧ་ས་ལ་དུབ་པ་ཧོ་བྱས་པས། ཧཱཾུ་དེ་ལྷ་མོར་གྱུར་ནས་ལྷ་མོ་སྐུ་མདོག་དཀར་ལ་བརྒྱུན་དང་བཅས་པ། པད་མའི་གདན་ལ་བཞུགས་པ། ཕྱག་

(༥༡༣)གཡས་ན་གསེར་གྱི་རལ་དྲི། གཡོན་ན་བདུད་རྩིའི་བུམ་པ་ཐོགས་པ། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། ཕག་མོ་དབུ་བ་བཅད་མའི་གསང་སྒྲུབ་ཡིན་པས། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཤིན་ཏུ་མཛེས་པར་སྒོམ་མོ། །དེ་ནས་སེམས་ལ་ཉོན་མོངས་པ་སྐྱེས་རྩ་ན། རང་གི་གཡས་ཀྱི་རལ་དྲིས་རང་གི་སྐྱེ་བཅད་པར་བསམ་མོ། །དེ་ནས་རྩའི་སྦུབས་དམར་རམ་རྩེ་བྱུང་བས། དུག་བསད་པར་བསམ། དུག་ལྔ་བསད་ནས་ཡེ་ཤེས་ལྔ་འབར་བས་རང་གི་ལུས་ཀྱི་ནང་ཐམས་ཅད་བཀྲ་ལམ་མེ་བདེ་བར་ཡོད་པར་བསམ། དེ་ནས་གཡོན་པའི་བུམ་པ་ནས་བདུད་རྩིའི་ཆུ་རང་གི་སྐེ་ན་མར་བླུག་པས་རང་གི་སྐེ་འབྱོར་བ་དང་། ལུས་བདུད་རྩིས་ཁེངས་ནས། དཀར་མེར་གྱིས་སོང་ནས་ཞིམ་ལ་འདྲངས་པར་བསམ། དེའི་གཏིང་ལ་རླུང་སྒོམ་པར་བྱ་སྟེ། རླུང་དྷཱུ་ཏཱིར་བཅུག་ལ་སྟེང་རླུང་གནན། འོག་རླུང་འཐེན། བར་རླུང་དཀྱིལ་ལ་རླུང་ཐུབ་ཚད་བསྡམ། །དེ་ནས་རླུང་དེ་སྣ་བུག་ནས་ཀྲིས་ལ་ཁད་ཀྱིས་གཏོང་ངོ་། །

(༥༡༤)དེ་ནས་རང་ལྷ་རུ་སྒོམ་ཞིང་ལྷའི་སྙིང་པོ་སྔགས་འདི། ཨོཾ་བཛྲ་ཀརྨཱ་ཧྲི་ཏཱ་ཨ། ཨུ་པ་དེ་བ་རཀྴ་ན་ཧཱཾུ་ཕཊ། །དེ་ནས་སྒོམ་དང་སྙིང་པོའི་བྱིན་བརླབས་ཀྱིས་རང་གི་སེམས་ལ་ཡེ་ཤེས་ལྔའི་འོད་ཟེར་འབར་ནས་སངས་རྒྱས་པར་བསམ། །དེ་ལྟར་སྒོམ་ཞིང་ཆུ་སྐོལ་ཚ་མེད་ནང་ནུབ་ཏུ་བཏང་ངོ། །དེ་ནས་ཞག་བདུན་ལྟོགས་པར་བྱུང་ན། སྒོག་པ་ལ་ཨ་རུ་ར། ཤིན་ཀུན་གསུམ་མར་ལ་སྦྱར་ལ་ལུས་བྱུག་པ་དང་ལྟོར་བཏང་བས་སྲིན་ཐུབ་བོ། །དེ་ནས་ཞག་ཉི་ཤུ་རྩ་གཅིག་ན་རླུང་སྐྱེས་པ་བྱུང་ན། རུས་ཁུ་ལ་ཚ་བཏབ་ལ་བཏུང་བ་དང་། ལུས་ལ་མར་གྱིས་བྱུག་པ་བྱས་པས་རླུང་ཐུབ་བོ། །དེ་ནས་མ་འབྱོངས་ཀྱི་བར་དུ་སྐྱོན་བྱུང་ན་ལོག་གནོན་འདི་བྱས་པས་ཆོག་གོ། །དང་ཀ་འགགས་ན་ཨ་རུ་ར་བཏང་། རྩི་བ་མ་ཟུག་ན་ལུས་ལ་མར་བྱུག །དྲི་མ་མ་ཐོན་ན་མར་ཁམས་ཅིག་བཏང་། བསུས་པ་རྒྱུ་མ་འབྱར་ན་རླུང་སྒོམ། སྣ་འགགས་ན་ཤ་གསུར་བཏང་། །ལུས་འདར་བ་དང་ཉམས་ཆུང་ན་ལུས་པོ་ཆུས་དཀྲུག་

(༥༡༥)ལ་སྣུམ་ཉེད་ཡང་ཡང་བྱའོ། །དེ་ལྟར་ཟླ་བ་གཅིག་ཏུ་བསྐྱེད་རིམས་དེ་ཡང་ཡང་སྒོམ་ཞིང་། འཆན་སྤར་རེ་གསུམ་ཡར་དུ་ཟའོ། །བཞི་འཛིན་པ་འཆན་དང་སྒོམ་པ་ཡིན། འབྱུང་བ་རོ་སྙོམས་པ་ལ་ཨ་རུ་ར་དང་། སྒོག་སྐྱ་ཤིན་ཁུན་མར་ཡིན་པས། དེ་ལྟར་ཚགས་བྱ་དགོས་སོ། །མཁའ་འགྲོ་མའི་ཆོས་འདི་བྱེད་པ་ལ། དུས་གསུམ་དུ་གཏོར་མ་གལ་ཆེ་སྟེ་འདི་ཡིན་བྱ་བ་མེད་དོ།། །།འབྱུང་བ་རྒྱུན་གཅོད་པ་ལ། གསུམ། ཕྱི་ནང་གསང་བ་གསུམ། ཕྱི་འབྱུང་བ་རྒྱུན་གཅོད་པ་ནི། ལུས་དཀར་བ་དང་། ཡང་བ་དང་བདེ་བ་འབྱུང་ངོ། །དབང་པོ་གསལ་བ་དང་། ཟས་མི་དགོས་པ་འབྱུང་ངོ། །ནང་ཞེན་ཆོད་པའི་བརྟགས་ནི་ཕྱིའི་རྣམ་རྟོག་སྤངས་ནས་མངོན་པར་ཤེས་པ་འཆར་བ་དང་། རླུང་ཟིན་པ་ཟས་མི་དགོས་པ་ཡང་འབྱུང་ངོ་། །གསང་བ་ཉོན་མོངས་པ་རྒྱུན་ཆོད་པའི་རྟགས་ནི། སྤྱོད་པ་ཆོས་དང་མ་བྲལ་བས་ཉོན་མོངས་པ་དུག་ལྔ་རང་ཞི། སྒོམ་པ་བྱིང་རྨུགས་མེད་པས་བདེ་ལ་ཉམས་སུ་མྱོང་། དོན་གྱི་ལྟ་བ་རྟོགས་པ་འཁོར་འདས་གཉིས་སུ་མེད་

(༥༡༦)དེ་ལྟར་རང་ལ་འབྱུང་ངོ་། །ཆོས་འདི་ལ་བརྟེན་ནས་དེས་ལྟར་ཡོད་དོ། །སྟོབས་སེང་གེ་དང་འདྲ། ཡངས་ཤ་བྱ་དང་འདྲ། ཚེ་ཉི་ཟླ་དང་འདྲ། འགྱོགས་པ་རྟ་དང་འདྲ། ལུས་མེ་ཏོག་དང་འདྲ། གཞོན་པ་བུ་ཆུང་ལྟ་བུ། ཡོན་ཏན་འདི་ཚོ་ཡང་ཡིན། ན་ཚ་སྡུག་བསྔལ་མི་འོང་བ། མཁའ་འགྲོའི་ཞལ་མཐོང་བ། སྐྲ་དཀར་ནག་པོར་འགྲོ་བ། ནོར་རྫས་ལ་བློ་ལོག་པ། གཉིད་མི་འོང་བ། དྲི་མི་འོང་བ། ལྷ་དང་མཉམ་པ། ངག་ལ་ནུས་པ་ཐོན་པ། ལུས་ལ་བདེ་བ་འབྱུང་བ། སེམས་ལ་རྟོགས་པ་སྐྱེས་པ། དགྲ་དང་གཉེན་གཉིས་མཉམ་པ་དེས་ལྟར་གྱི་རྟགས་འབྱུང་ངོ། །ཆོས་འདིའི་བརྒྱུད་པ་ནི་འདིས་ལྟར་ལགས་སོ། །རྒྱ་གར་གྱི་རྗེ་བཙུན་དུ་ཁྲོད་ཆེན་པོ་བྱ་བས། དུ་ཁྲོད་བསིལ་བའི་མཚལ་བྱ་བར་ཕག་མོ་བསྒོམས་པས་ཁོང་རྒྱགས་ཆད་ནས་ནང་པར་ཁྱིམ་དུ་རྒྱགས་ལེན་དུ་འགྲོ་དགོས་བསམ་པ་ལ། དེའི་ནུབ་མོ་ཆོས་འདི་ཕག་མོ་དཀར་མོས་ལུང་བསྟན། དེར་ཁོང་གིས་འབྲས་སྡོག་པོ་གཅིག་ལ་བཅུད་

(༥༡༧)ལེན་བྱས་པས་ཟླ་བ་གསུམ་ན་འབྱོངས་ནས། མངོན་པར་ཤེས་པ་ཤར་བ་དང་། རྟགས་དེ་ཚོར་ཤར་བ་ལགས་སོ། །དེས་མཁའ་འགྲོ་མ་ཅེར་བུ་མ་ལ་གནང་། དེས་བྲམ་ཟེ་མོ་རི་གསལ། དེས་བལ་པོ་མཇལ། དེས་སྐལ་ལྡན་ཆེན་པོ་ལ། དེས་བུན་པོ་ལ། དེས་རྡོ་རྗེ་ལ། དེས་བདག་ལ་གནང་བའོ། །འགལ་བ་བྱུང་ན་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ།། །།ན་མོ་གུ་རུ། ཆུའི་བཅུད་ལེན་ལ། མར་གྱི་ཞུན་མར་ཚལ་པ་ཅིག་དང་། ཚ་བ་གསུམ། ཚྭ་ཨེན་ཅིག །ནས་ཕྱེ་ཅིག །མི་ལ་སོགས་པའི་རུས་པ་རྙེད་ཚད་དང་། །ཟངས་མིན་པའི་སྣོད་ཅི་རིགས་ཅིག་ཚགས་བྱས་ལ་གྲུབ་ན་བཤལ་སྐྱུགས་བྱའོ། །ཆུ་གཏོར་ལ་སོགས་པ་ཚོགས་གསོགས་གྲུབ་ཚད་བྱ། ལུས་ལ་བྱུག་པ་བྱ། དོ་ནུབ་ལྟོ་ཅུང་ཟད་ཟོས་ལ། དེ་ནས་རྩམ་པ་གཅོད། ཞོགས་པ་ལྕེ་ཆུང་གི་རྩ་བ་འཇིབས་པས། ནུ་སོར་ལྟ་བུ་གཉིས་ནས་བྱང་སེམས་དཀར་དམར་འོ་མའི་རྒྱུན་ལྟ་བུ་བབས་པས། ལུས་ཀྱི་རྩ་སྦུགས་ཐམས་ཅད་

(༥༡༨)གང་བར་བསམ་མོ། །འཆིལ་མ་ལ་སོགས་པ་ལན་བཅུ་གཅིག་རྩམ་དུ་མིད་དོ། །རྩ་སྦུགས་སྙིང་པོ་དེ་གང་བས་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ། །དེ་ནས་ཆུ་བྲེ་ཕྱེད་རྩམ་པ་ཅིག་ལ་ཚྭ་དང་ཕྱེ་ཀ་ཨེན་རེ་གདབ། ལྷག་གིས་ཁོལ་ན་དེ་ཕོག་ལ་ངང་ཡལ་བཞུག་གོ། །དེ་ན་སྲིན་ལག་གི་ཨོཾ་ཨཱ་ཧཱཾུ་གསུམ་བཀོད་ལ། དེ་ལས་འོད་ཟེར་འཕྲོས་པས་ལྷ་དང་བླ་མ་མཁའ་འགྲོ་དཔག་ཏུ་མེད་པ་སྤྱན་དྲངས་ལ། གསོལ་བ་བཏབ་པས་བདུད་རྩིར་བསམས་ཏེ་བཏུང་ངོ་། །ཉིན་མོ་དང་དགོངས་མོ་ཡང་དེ་བཞིན་དུ་བྱའོ། །ཆུའི་དུས་ལ་ངེས་པ་མེད། ཆུ་ལ་ཡོག་ཐར་དུ་བཏུང་ངོ་། །དེ་ནས་མགོ་འཐོམས་པ་དང་རླུང་སྐྱེས་ན། ཆུ་ལ་རུས་པ་གདབ། ཆུའི་གོང་དུ་མར་དུམ་རེ་བཏང་ངོ་། །ཚ་བ་གྲང་བ་ཡུལ་དང་སྦྱར། སྲིན་རྡོག་པོ་ཡང་འབྱུང་ངོ་། །དེར་ལུས་ཡང་དུ་འགྲོ། ཤ་སྐྱེ། ཤེས་པ་གསལ། ཞག་བཅུ་དྲུག་བཅུ་བདུན་ནས་ཆུ་གྲང་ལ་ཕྱེ་ཨེན་རེ་བཏབ་ལ་བཏུང་ངོ་། །ནམ་ལྟོགས་པ་ན་བཏང་ངོ་། །ཟླ་བ་ཅིག་

(༥༡༩)ན་འབྱོངས་སོ། །དམ་ཚིག་མེ་ཉི་མ་དྲངས་བརྡལ། གཏམ་པ་མང་པོ་བུད་མེད་སྤང་། ཨན་རེ་ལུས་བཅག །འོ་མ་དང་ཆང་དང་པོ་ནས་བཏང་ཡང་ལེགས། འབྱོངས་ནས་གྲགས་བརྡལ་མི་བྱ། གཉིད་ཆུང་ཁམས་བཟང་། དལ་བ་མི་ཡོད། དགྲ་བགེགས་དང་ནད་དང་གཉེར་མ་མི་ཡོད་ཚེ་ཉི་ཟླ་དང་མཉམ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །བླ་མ་བཻ་རོའི་འགོ་བའི་ནད་ཐམས་ཅད་ཐུབ་བོ།། །།བླ་མ་རྣམས་ལ་ན་མོ། ཆུ་གྲང་ཐུང་གིས་མན་ངག་ལ། །ཨ་རུ་ར་ལྔ་ཙམ། མུ་ཟི་དཀར་པོ། ཚྭ་བཟང་པོ། སྒོག་སྐྱ་ཤུན་པ་བཤུས་པ། བུར་རྙིང་ངམ། དེ་མེད་ནུ་སྦུ་བུར། དེ་རྣམས་ལ་ཨ་རུ་ར་ཙམ་རེ་བསྲེའོ། །དང་པོ་ཡིབས་རུས་སྣ་ཚོགས་ཀྱི་ཨ་རུ་ར་རྩོས། །དེ་གྲིབས་སྐམས་བྱའོ། །དེ་ནས་གོང་གི་དེ་རྣམས་དང་ཀུན་རྩི་བཞིན་དུ་བཏགས་ལ། མར་ཁུ་ཕུལ་དོ་ཙམ་དང་སྲེས་ལ་བཞག །གཞན་ཡང་ཚ་བ་གསུམ་དང་ནས་བཟང་པོའི་ཕྱེ་བྲེ་གང་ཙམ་ནས་འབྲུ་

(༥༢༠)ཐུས་བྱས་པ་ཕུལ་གང་གིས་སྨན་མར་བྱས་ལ་བསོག་གོ། །དེ་ནས་བདུད་རྩི་བཞོས་པའི་བར་དུ་སྔ་མ་དང་འདྲའོ། །དེ་ནས་ཆུ་གྲང་མོ་ཕུལ་ངོ་ཙམ་དུ་ཚ་བ་གསུམ་དང་ཕྱེ་ཨེན་རེ་བཏབ་ལ། བྱིན་བརླབས་གོང་བཞིན་བྱས་ལ་བཏུང་ངོ། །དེའི་གོང་དུ་ཞུན་མར་ཁེམ་བུ་གང་དང་། ནས་རྟོག་ལྔའམ་བདུན་འགྱུར་མི་བཏང་ངོ་། །ཆུ་ཡང་ཆུ་ཡོག་ཐང་དུས་མེད་དོ། །མ་འབྱོངས་བར་དུ་ཟླས་བརྗོད་མི་བྱ། གསོལ་བ་གདབ། ལྷའི་དོན་ལ་མ་ཡེངས་པར་བྱ། རླུང་བཅུན་པ་བཏུབ། རླུང་སྐྱིལ་བ་ལ་སོགས་པས་མི་འོང་། ཤེད་མི་འཆག །ནང་རྒྱུན་ཆད་པ་དང་སྲིན་ཐོན། མ་ཐོན་པར་ནང་དུ་སྐམས་ནས་སླར་ལ་ཡགས་པ་ཡིན། བཅུ་ཅིག་ནས་ལུས་ཡང་དུ་འགྲོ། ཤེད་སྐྱེ། ཤེས་པ་གསལ། དམ་ཚིག་དང་སྤྱོད་ལམ་སྔར་དང་འདྲའོ། །ཟླ་བ་གཉིས་ནས་རྩམ་པ་ཚྭ་ལ་སོགས་པ་རྒྱུན་གཅོད། འོ་མ་དང་ཇ་ཆང་ལ་སོགས་པ་དང་པོ་ནས་ཡོད་ཀྱང་མི་ལྟོ། ཡོན་ཏན་གོང་དང་འདྲའོ། །ཆུ་འདྲིལ་ནས་རྒྱ་མ་ཚ་ལ་སོགས་

(༥༢༡)པ་ཚྭ་སྣ་བཏང་། དྲི་མ་ཐོན་ན་ཨ་རུ་ར་མཆུ་སྙུང་ཅིག་སྡུངས་ཏེ་ཆུ་སྐོལ་ལ་བཏབ་ལ་བཏང་། འབྲི་མགོ་རྩི་དང་། རྐང་དམར་དང་། འོ་མ་བཏང་ན་གཟི་མདངས་ཡོད། ནས་བཟང་མོ་གཙོ་སྟེ། སྐམ་སྐོང་སྤྲུ་སྟེ། སྐམས་ལ་རྩི་བཞིན་དུ་བརྟགས་ཏེ། ཆུ་ཁ་འགྱུར་རྩ་ན་བཏབ་ནས་རྡོར་བཟང་དུ་འཇུག །དེ་སྐོམ་ལ་ལྟོག་ཆུ་ཙམ་བཏང་ངོ་། །དྲང་མཐུང་གི་གདམས་པའི་དམིགས་པ་ནི། སྔོན་དུ་ཚོགས་དང་གཏོར་མས་མཁའ་འགྲོ་མཆོད་པས་བླ་མ་ལ་ལུང་གནོད་པ་ནི་གདམས་པ་ཡིན། དང་པོ་སེམས་བསྐྱེད་པ་སྤྱི་དང་མཐུན། གསང་སྔགས་པ་ཡི་དམ་ལྷའི་ང་རྒྱལ་བྱ། །ཐ་མལ་ཡིན་ན་མི་དགོས་ལྷའི་ཐ་མལ་དེའི་ཁོང་རྫ་མ་སྟོངས་པར་བསམ། དེའི་དབུས་སུ་སྙིང་ཀའི་ཚད་ཙམ་དུ། ཧཱཾུ་ས་རཾ་གྱིས་རྩི་ལྟ་བུར་བསམ། དེ་གྱུར་པ་ལས་སྨན་གྱི་ལྷ་མོ་འོང་། ལྗང་མ། སྐུ་མདོག་དཀར་མོ་གཅེར་བུ་རྒྱན་དང་བྲལ་བ། སྐྲ་གྲོལ་ལྷུ་གུ། ཕྱག་གཡས་ན་རལ་གྲི། གཡོན་ན་བདུད་རྩི་རོ་བརྒྱ་དང་ལྡན་པའི་བུམ་པ་བསྣམས་

(༥༢༢)པ། འགྱིང་བག་དང་བཅས་པ་བསམས་ལ། རེའི་མདུན་དུ་བློ་སྙིང་གྱེན་ལ་བཟློག་ལ་སྙིང་དཀར་ནག་མཚམས་སུ་རལ་གྲི་རྒྱབ་ནས་བཅད་པས། སྙིང་ལ་རྩ་ལྔ་གནས་པ་ལ་ཉོན་མོངས་པ་ལྔ་འབྱུང་བ་ཡིན་པས་དེ་བཅད་པར་བསམ། སྙིང་དུམ་བུ་ཁོང་སྟོང་གི་ནང་དུ། ཕྱག་གཡོན་པའི་བདུད་རྩི་བླུག་པས་གང་ནས། ལུས་ཐམས་ཁེངས་པར་བསམ། སྟེང་རླུང་འོག་རླུང་ཁ་སྦྱོར་དུ་སྒོམ། ཐུན་གསུམ་འམ་བཞིའི་སྦྱོར་བ་སྒོམ། དམིགས་པ་གསལ་བ་གལ་ཆེ་དེ་མ་གསལ་ན་བདུད་རྩི་ལས་འོད་འཕྲོས་པས། སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབས་སྦྱངས། ཚུར་འདུས་རང་གིས་ནད་དང་གནོད་པ་དང་། སྡིག་པ་དང་། གདོན་དང་རྣམས་སྨིན་གྱི་ལུས་ཐུལ་གྱིས་ཚིག་པར་བསམ། དེ་འདྲའི་སྤྲོ་སྡུ་ཡང་ཡང་བྱའོ། །དེ་ལྟར་བྱས་ཀྱིན་རྩ་བརྒྱུན་བཅོད། དང་པོ་སྲིན་བཤལ་བྱེད་པ་གལ་ཆེའོ། །འདི་བསྒོམས་ན་ལྕེ་ཐོག་ཏུ་བདུད་རྩི་དཀར་ཉངས་གིས་ཡོད་པར་འདུག་གོ། །

(༥༢༣)ཅེས་པ་འདི་ནི། རྗེ་ཉིད་ཀྱི་དཔོན་བོ། སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤན་ཏིར་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་པར་དུ་བགྱིས་པའོ།། །། །།ཕ་མས་གཙོ་བྱས་མཁའ་ཁྱབ་སེམས་ཅན་རྣམས་དགེ་སློང་མཚོ་བྱེད་ཉིད་དང་མཇལ་བར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །མངྒ་ལམྦྷ་ཝནྟུ།། །།ྃ

(༥༢༡)པ་ཚྭ་སྣ་བཏང་། དྲི་མ་ཐོན་ན་ཨ་རུ་ར་མཆུ་སྙུང་ཅིག་སྡུངས་ཏེ་ཆུ་སྐོལ་ལ་བཏབ་ལ་བཏང་། འབྲི་མོག་རྩི་དང་། རྐང་དམར་དང་། འོ་མ་བཏང་ན་གཟི་མདངས་ཡོད། ནས་བཟང་མོ་གཙོ་སྟེ། སྐམ་སྐོད་སྤྲུ་སྟེ། སྐམས་ལ་རྩི་བཞིན་དུ་བརྟགས་ཏེ། ཆུ་ཁ་འགྱུར་རྩ་ན་བཏབ་ནས་རྡོར་བཟང་དུ་འཇུག དེ་སྐོམ་ལ་ལྟོག་ཆུ་ཙམ་བཏང་ངོ་། །དྲང་མཐུང་གི་གདམས་པའི་དམིགས་པ་ནི། སྔོན་དུ་ཚོགས་དང་གཏོར་མས་མཁའ་འགྲོ་མཆོད་པས་བླ་མ་ལ་ལུང་གནོད་པ་ནི་གདམས་པ་ཡིན། དང་པོ་སེམས་བསྐྱེད་པ་སྤྱི་དང་མཐུན། གསང་སྔགས་པ་ཡི་དམ་ལྷའི་ང་རྒྱལ་བྱ། །ཐ་མལ་ཡིན་ན་མི་དགོས་ལྷའི་ཐ་མལ་དེའི་ཁོང་རྫ་མ་སྟོངས་པར་བསམ། དེའི་དབུས་སུ་སྙིང་ཀའི་ཚད་ཙམ་དུ། ཧཱུཾ་ས་རམ་གྱིས་རྩི་ལྟ་བུར་བསམ། དེ་གྱུར་པ་ལས་སྨན་གྱི་ལྷ་མོ་འོད་ལྗང་མ། སྐུ་མདོག་དཀར་མོ་གཅེར་བུ་རྒྱན་དང་བྲལ་བ། སྐྲ་གྲོལ་ལྷུ་གུ། ཕྱག་གཡས་ན་རལ་གྲི། གཡོན་ན་བདུད་རྩི་རོ་བརྒྱ་དང་ལྡན་པའི་བུམ་པ་བསྣམས་

(༥༢༢)པ། འགྱིང་བག་དང་བཅས་པ་བསམས་ལ། རེའི་མདུན་དུ་བློ་སྙིང་གྱེན་ལ་བཟློག་ལ་སྙིང་དཀར་ནག་མཚམས་སུ་རལ་གྲི་རྒྱབ་ནས་བཅད་པས། སྙིང་ལ་རྩ་ལྔ་གནས་པ་ལ་ཉོན་མོངས་པ་ལྔ་འབྱུང་བ་ཡིན་པས་དེ་བཅད་པར་བསམ། སྙིང་དུམ་བུ་ཁོང་སྟོང་གི་ནང་དུ། ཕྱག་གཡོན་པའི་བདུད་རྩི་བླུག་པས་གང་ནས། ལུས་ཐམས་ཁེངས་པར་བསམ། སྟེང་རླུང་འོག་རླུང་ཁ་སྦྱོར་དུ་སྒོམ། ཐུན་གསུམའམ་བཞིའི་སྦྱོར་བསྒོམ། དམིགས་པ་གསལ་བ་གལ་ཆེ་དེ་མ་གསལ་ན་བདུད་རྩི་ལས་འོད་འཕྲོས་པས། སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབས་སྦྱངས། ཚུར་འདུས་རང་གིས་ནད་དང་གནོད་པ་དང་། སྡིག་པ་དང་། གདོན་དང་རྣམས་སྨིན་གྱི་ལུས་ཐུལ་གྱིས་ཚིག་པར་བསམ། དེ་འདྲའི་སྤྲོ་སྡུ་ཡང་ཡང་བྱའོ། །དེ་ལྟར་བྱས་ཀྱིན་རྩ་བརྒྱུན་བཅོད། དང་པོ་སྲིན་བཤལ་བྱེད་པ་གལ་ཆེའོ། །འདི་བསྒོམས་ན་ལྕེ་ཐོག་ཏུ་བདུད་རྩི་དཀར་ཉངས་གིས་ཡོད་པར་འདུག་གོ།།

(༥༢༣) ཅེས་པ་འདི་ནི། རྗེ་ཉིད་ཀྱི་དཔོན་བོ། སྤྱན་སྔ་ཆོས་ཀྱི་རྗེ། བསོད་ནམས་ལྷུན་གྲུབ་ཟླ་འོད་རྒྱལ་མཚན་དཔལ་བཟང་པོས། རི་བོ་ཤན་ཏིར་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་བའི་བསླད་དུ་པར་དུ་བགྱིས་པའོ།། །། །།ཕ་མས་གཙོ་བྱས་མཁའ་ཁྱབ་སེམས་ཅན་རྣམས་དགེ་སློང་མཚོ་བྱེད་ཉིད་དང་མཇལ་བར་ཤོག བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག མངྒ་ལམྦྷ་ཝན་ཏུ།། །།


no previousno next