Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།


   
   
   
   
   
   
   
   
   
   
   
   
སྒྲུབ་བརྩོན་བླ་མ་འཇིགས་མེད་བསོད་ནམས་ལ་བརྗོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་བརྩོན་བླ་མ་འཇིགས་མེད་བསོད་ནམས་ལ་བརྗོད་པ། next

སྒྲུབ་བརྩོན་བླ་མ་འཇིགས་མེད་བསོད་ནམས་ལ་བརྗོད་པ།

༄༅། །སྒྲུབ་བརྩོན་བླ་མ་འཇིགས་མེད་བསོད་ནམས་ལ་བརྗོད་པའོ། །བླ་མ་ལ་ཕྱག་འཚལ་ལོ། །སྣང་བརྟགས་འཁོར་འདས་ཆོས་ཀུན་རྨི་ལམ་བཞིན། །དོན་ལ་མེད་ཀྱང་རང་མདངས་སོ་སོར་སྣང་། །སྣང་ཡང་གདོད་མའི་དབྱིངས་ལས་གཡོས་པ་མེད། །རྩ་བ་ཆོད་ན་རང་མདངས་རང་སར་གྲོལ། །ཇི་ལྟར་མེ་ལོང་དྭངས་མའི་ངོས་ཡངས་སུ། །དཀར་དང་སྔོན་པོ་ཚོན་རིས་མི་མཐུན་ཀྱང་། །གཟུགས་བརྙན་ཙམ་ལས་གཅིག་བདེན་གཅིག་མི་བརྫུན། །བཟང་ངན་ཆོས་ཀུན་དེ་ལྟར་ཤེས་པར་གྱིས། །ཇི་ལྟར་མཁའ་ལ་འཇའ་སྤྲིན་ཁུག་རླངས་སོགས། །གང་ལྟར་སྣང་ཡང་གཅིག་ཕན་གཅིག་མི་གནོད། །དེ་བཞིན་གང་ཤར་རྟོག་པའི་འདུ་འཕྲོ་ཀུན། །ཆོས་ཉིད་གཤིས་ལ་རང་གྲོལ་ལ་བཟླ་གཅེས། །ཇི་ལྟར་རྒྱ་མཚོ་ཆེ་ལས་ཆུ་རླབས་བཞིན། །འཕྲོ་གནས་གཉིས་མེད་ཆོས་དབྱིངས་གཅིག་གི་རྩལ། །དེ་ལ་དགག་སྒྲུབ་བྱེད་ན་སྒོམ་ཆེན་འཁྲུལ། །སྨྲིག་རྒྱུའི་ཐག་པས་རི་དྭགས་འཆིང་བར་ཟད། །དེ་སླད་ཡེ་གྲོལ་རིག་པ་ཟང་ཀ་མ། །སྒོམ་འདོད་བློ་ཡི་ཞེན་པས་མ་བཅིངས་པར། །ཡེ་བབས་སོར་བཞག་དགོངས་པའི་ཟབ་གནད་ཀྱིས། །གདོད་མའི་ས་ལ་གཏན་སྲིད་ཟིན་པར་མཛོད། །སྒྲུབ་བརྩོན་བླ་མ་འཇིགས་མེད་བསོད་ནམས་ལ་བརྗོད་པའོ། །


previousསྒྲུབ་བརྩོན་བླ་མ་འཇིགས་མེད་བསོད་ནམས་ལ་བརྗོད་པ། next