Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཆམ་ཡིག་འགོར།
   
   
   
   


 
previousའཆམ་ཡིག་འགོར།next

འཆམ་ཡིག་འགོར།

༄༅། །འཆམ་ཡིག་འགོར། ༀ་སྭསྟི། བདེ་ཆེན་ཉམས་བརྒྱས་སྒེག་པའི་རོལ་རྩེད་ནི། །རབ་འབྱམས་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་གར། །སྤྲོ་བསྡུའི་བྱེད་པོ་ཨོ་རྒྱན་རྡོ་རྗེ་འཆང་། །འབྲལ་མེད་ཚངས་གནས་དད་པའི་རྒྱན་དུ་མཆོད། །འཁོར་བཅས་ཆོས་ཀུན་དག་མཉམ་ཆོས་སྐུའི་ཞིང་། །སྣང་སྤྱོད་ཐམས་ཅད་ཡེ་ཤེས་རོལ་པ་ཆེ། །བསྒུལ་བསྐྱོད་སྨྲ་བརྗོད་རྡོ་རྗེའི་གླུ་དང་གར། །དེ་ཚུལ་ཤེས་པའི་སྔགས་སྤྱོད་རྣལ་འབྱོར་འཆང་། །སྔོན་བྱོན་རིག་འཛིན་བརྒྱུད་པའི་ཕྱག་བཞེས་སྲོལ། །མ་ཉམས་ངོ་མཚར་ཚེས་བཅུའི་དུས་སྟོན་ཞེས། །འབྲེལ་ཚད་མཐར་ཐུག་རིག་འཛིན་སར་སྦྱོར་བའི། །ངོ་མཚར་བཀོད་པའི་རོལ་མོ་འདི་ན་མཛེས། །


previousའཆམ་ཡིག་འགོར།next