Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བན་ཆུང་ཨུ་ནུས་ཅན་གྱི་གཏམ་ལན་དུ་གདམས་པ།
   
   
   
   
   
   
   
   


 
previousབན་ཆུང་ཨུ་ནུས་ཅན་གྱི་གཏམ་ལན་དུ་གདམས་པ།next

བན་ཆུང་ཨུ་ནུས་ཅན་གྱི་གཏམ་ལན་དུ་གདམས་པ།

༄༅། །བན་ཆུང་ཨུ་ནུས་ཅན་གྱི་གཏམ་ལན་དུ་གདམས་པ། དུས་རྒྱུན་དུ་དྲན་ཤེས་བཞིན་བག་ཡོད་པ་དང་མ་བྲལ་བའི་ངང་ནས། ལྷ་ཆོས་མི་ཆོས་ཀུན་གྱི་རྩ་བ། རྒྱུད་དྲང་ཞིང་གཡོ་སྒྱུ་མེད་པ། བློ་བརྟན་ཅིང་འགྱུར་ལྡོག་ཆུང་བ། ཁ་ཉུང་ཞིང་ཟུངས་ཐུབ་པ། ཡ་རབས་དམ་པ་རྣམས་ཀྱི་བསམ་སྤྱོད་ལ་ཁ་མིག་ཡར་ལྟོས། རང་གཅིག་པུར་འདུག་ན་ལྷས་མི་ཁྲེལ་ཞིང་། ཚོགས་སུ་ཕྱིན་ན་གྲོགས་ཀྱིས་མི་ཁྲེལ་བའི། ཁས་བླངས་ཀྱི་བསྲུང་མཚམས་ཕྲ་རག་ཐམས་ཅད་མིག་གིས་དྭངས་མ་ལྟར་བཙའ་བའི་ངོས། ཡར་བླ་མ་དཀོན་མཆོག་ལ་དད་པ། མར་འཁོར་བ་དང་ངན་སོང་ལ་ངེས་འབྱུང་། བར་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ། ནམ་འཆི་ཆ་མེད་དྲན་པའི་ལྕག་བསྐུལ། ལས་འབྲས་ལ་ཡིད་ཆེས་ཀྱི་བློ་གཏད་དང་མ་བྲལ་བའི་ངང་། སྡིག་མི་དགེ་སྤང་ཅི་ཐུབ་དང་། དགེ་བ་སྒྲུབ་ཅི་ནུས། དེ་ཡང་སྦྱོར་དངོས་རྗེས་གསུམ་དུ་དམ་པ་གསུམ་གྱིས་རྩིས་ཟིན་པར་གྱིས་དང་། རང་དྲིན་རང་ལ་ཆེ་བ་ལགས་མོད། ཁ་ལ་ཉན་ན་དེ་ཙམ་གྱིས་ཀྱང་ཆོག མ་ཉན་ན་དེས་ཉོབ་མང་པོ་ལབ་ཀྱང་ཕན་མེད། ཉན་ན་ཁ་ཏ་ཡིན། མ་ཉན་ན་ཚིག་འཁྱལ་ཡིན། རེ་དོགས་མེད་པར་གྱུར་ཅིག བན་རྒན་ཁ་སྤུ་ཅན་གྱིས་ནད་མལ་ནས་བྲིས།


previousབན་ཆུང་ཨུ་ནུས་ཅན་གྱི་གཏམ་ལན་དུ་གདམས་པ།next