Nitartha Digital Library
Tibetan
 
no previousདཀར་ཆགnext

དཀར་ཆག


GTD002_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་གུང་ཐང་འཇམ་པའི་དབྱངས་ དཀོནམཆོག་བསྟན་པའི་སྒྲོན་མེ་དཔལ next hit་བཟང་པོའི་གསུང་འབུམ་ཁ་བའི་དཀར་ཆག་བཞུགས་སོ།།


GTD002_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་མེད་དཀོན་མཆོག་ཐུགས་རྗེའི་མཁའ་དབྱིངས་ལས། །བློ་བཟང་བསྟན་པའི་འོད་སྣང་འབུམ་ཕྲག་གིས། །སྙིང་གི་མུན་པ་སེལ་བའི་སྒྲོན་མེ་མཆོག །འཇམ་དཔལ་དབྱངས་དངོས་གུང་ཐང་པ་དེར་འདུད། །རྒྱལ་བའི་དགོངས་མཁར་འགྲོ་ལ་བརྩེ་བ་ཡི། །ཕ་རོལ་ཕྱིན་གཞུང་ཆུ་ཁུར་འབུམ་བརྩེགས་ལས། །དྲང་དང་ངེས་པའི་ཆོས་ཆར་རྒྱུན་བབས་པས། །གདུལ་བྱའི་འཛིན་མའི་ཐ་རྒོད་རླན་འདི་རྨད། །རྗེ་བཙུན་བླ་མ་དམ་པ་འཇམ་པའི་དབྱངས་previous hit དཀོནམཆོག་བསྟན་པའི་སྒྲོན་མེ་དཔལ next hit་བཟང་པོའི་གསུང་འབུམ་ ༼ཁ༽ པ་ལ། ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ་ཅན་ལ་ཤོག་གྲངས། ༡༡༠ སྐབས་བཞི་པའི་བསྡུས་དོན་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ལ་གནང་བ་ལ་གྲངས། ༢༦ ཡིད་དང་ཀུན་གཞིའི་དཀའ་གནས་རྣམ་པར་བཤད་པ་མཁས་པའི་འཇུག་ངོགས་ལ་གྲངས། ༦༤ དང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་རྩོམ་འཕྲོ་ལེགས་བཤད་སྙིང་པོའི་ཡང་སྙིང་ལ་གྲངས། ༡༦༡ བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོ་ལས་སེམས་ཙམ་སྐོར་གྱི་མཆན་འགྲེལ་རྩོམ་འཕྲོ་རྣམ་རིག་གཞུང་རྒྱའི་སྣང་བ་ལ་གྲངས། ༧༦ བདེན་བཞིའི་རྣན་གཞག་ཐར་འདོད་འཇུག་ངོགས་མཁས་པའི་དགའ་སྟོན་ལ་གྲངས། ༡༩ དཀར་ཆག་ལ་ ༡ བཅས་ཁྱོན་ཤོག་གྲངས་ ༤༥༧ བཞུགས། སརྦ་མངྒ་ལཾ།། །།


no previousདཀར་ཆགnext