Nitartha Digital Library
Tibetan
 
previousཀུན་གཞིའི་དཀའ་གནས་རྣམ་བཤད།next

ཀུན་གཞིའི་དཀའ་གནས་རྣམ་བཤད།


GTD002_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བིཁྱཱཏཔཊུསྱཏིརྠཾནཱམམནཙསརྦབསྟུསྱདུརྶྠབིཧརཏིསྨ།
ཡིད་དང་ཀུན་གཞིའི་དཀའ་བའི་གནས་རྣམ་པར་བཤད་པ་མཁས་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །


GTD002_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་གྷོ་ཥཱ་ཡ། གང་གི་ཐུགས་རྗེའི་དྲི་བཞོན་དང་འགྲོགས་ན། །བློ་གྲོས་གྲུ་གཟིངས་དད་པའི་བ་དན་ཅན། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཕྱིན་བྱེད་པ། །འཇམ་དབྱངས་བླ་མ་དེ་ཡིས་རིང་དུ་སྐྱོངས། །ཕན་བདེའི་འབྱུང་གནས་བཅོམ་ལྡན་ཐུགས་རྗེའི་རྒྱུན། །ཟབ་ཡངས་དྲག་ཏུ་འབབ་པའི་རྦ་ཀློང་ཆེ། །ཅིག་ཅར་རོལ་ལ་མི་ཕམ་སྙིང་སྟོབས་ཀྱི། །མཐུ་ལྡན་ཛ་ཧུའི་ཞལ་ལུང་གངྒཱ་མ། །ཐོགས་པ་མེད་པའི་རྣམ་དཔྱོད་བརྩོན་འགྲུས་ཀྱིས། །དབྱིག་འཛིན་ཁོར་ཡུག་ཁྱབ་པར་འདྲེན་པའི་གཉེན། །བློ་བཟང་གྲགས་སྙན་འབར་བའི་རྒྱལ་སྲིད་ལ། །མངའ་བསྒྱུར་འཇིགས་མེད་དབང་བོའི་ཞབས་ལ་འདུད། །སྣོད་བཅུད་འཁོར་འདས་སྣ་ཚོགས་དབང་བོའི་གཞུ། །མཐའ་ཀླས་ཀུན་བྱེད་སེམས་ཀྱི་རང་མདངས་སུ། །མཐོང་སྟེ་སྤྲོས་ཀུན་ཉེར་ཞིའི་དབྱིངས་རྟོགས་པ། །རྣམ་རིག་གཞུང་བརྒྱའི་དོན་གྱི་དེ་ཉིད་ཡིན། །དེ་ཕྱིར་བདེ་དང་


GTD002_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཀུན་གྱི་གཞི། །རང་སེམས་ཁོ་ནར་ངེས་ནས་གསུང་རབ་ཀུན། །དེ་ཉིད་འདུལ་བའི་ཐབས་སུ་འཁྱེར་བ་ཡི། །དཔྱོད་ལྡན་དེ་ཡིས་ལུགས་འདི་བརྟེན་པར་རིགས། །དེ་ཡང་མདོ་སྡེ་ལང་ཀར་གཤེགས་པ་དང། འཇམ་དཔལ་རྩ་བའི་རྒྱུད་སོགས་དུ་མ་ནས་ལུང་བསྟན་པ་ལྟར་ཐེག་པ་ཆེན་པོའི་བསྟན་པ་འཇིག་རྟེན་གསུམ་དུ་གསལ་བར་མཛད་པའི་ཤིང་རྟ་ཆེན་པོ་གཉིས་ཀྱི་ཡ་གྱལ་རྣལ་འབྱོར་སྤྱོད་པའི་ལམ་གྱི་སྲོལ་འབྱེད་ཆེན་པོ་ས་གསུམ་བརྙེས་པ་སློབ་དཔོན་ཐོགས་མེད་ཀྱི་རྗེས་སུ་འབྲངས་ཏེ་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བ་རྣམ་རིག་པའི་གྲུབ་མཐའི་རྣམ་གཞག་དཔྱིས་ཕྱིན་པ་ཤེས་པར་འདོད་པ་དག་གིས་གཏན་ལ་དབབ་བྱའི་དངོས་པོ་ནི། ལང་གཤེགས་ལས། ཆོས་ལྔ་དག་དང་རང་བཞིན་དང། །རྣམ་པར་ཤེས་པ་བརྒྱད་ཉིད་དང། །བདག་མེད་གཉིས་ཀྱི་དངོས་པོར་


GTD002_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཞེས། མིང། རྒྱུ་མཚན། རྣམ་རྟོག །དེ་བཞིན་ཉིད། ཡང་དག་པའི་ཡེ་ཤེས་ཏེ་ཆོས་ལྔ། རང་བཞིན་ནམ་མཚན་ཉིད་གསུམ། ཀུན་གཞི་ལ་སོགས་པའི་རྣམ་ཤེས་བརྒྱད། བདག་མེད་གཉིས་རྣམས་སུ་འདུས་པར་གསུངས་ཤིང། ཐེག་བསྡུས་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང། །བསླབ་པ་གསུམ་དང་དེ་འབྲས་སྤང་བ་དང། །དེས་ན་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་དོན་གྱི་གཙོ་བོ་བཅུར་བསྡུས་ནས་ཀུན་གཞི་ནི་འོག་མ་ཐམས་ཅད་ཀྱི་གཞི་ལྟ་བུ་ཡིན་པས་ཤེས་བྱའི་གནས་ཞེས་དང་པོར་སྨོས་སོ། །དེས་ན་རེ་ཞིག་ཀུན་གཞིའི་རྣམ་གཞག་གཏན་ལ་འབེབས་པར་བྱེད་པ་ལ། རྣམ་ཤེས་གྲངས་མང་ཉུང་གི་འདོད་ཚུལ་སྤྱིར་བསྟན་པ། ཀུན་གཞི་དང་ཉོན་ཡིད་ཀྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་ཡང་སྤྱིའི་དོན་དང། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། སྤྱིར་རྣམ་ཤེས་ཀྱི་གྲངས་འདོད་ཚུལ་དུ་མ་ཡོད་དེ། གྲུབ་མཐའ་ཆེན་མོ་ལས། དངོས་སྨྲ་ལ་རྣམ་པར་ཤེས་པ་གཅིག་ཏུ་འདོད་པ་དང། གཉིས་སུ་འདོད་པ། དྲུག་ཏུ་འདོད་པ། བདུན་དུ་འདོད་པ། བརྒྱད་དུ་འདོད་པ། དགུར་འདོད་པ་དང་དྲུག་ཡོད་དེ། ཞེས་གསུངས་པ་ལྟར་རྣམ་ཤེས་གཅིག་སྨྲ་བ་དང། ཆོས་ཉིད་ཀྱི་སེམས་དང་མཚུངས་ལྡན་གྱི་སེམས་གཉིས་སུ་འདོད་པ་དང། རྣམ་ཤེས་


GTD002_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དྲུག་ཏུ་སྨྲ་བ་དང། འཇུག་ཤེས་དྲུག་ཉོན་ཡིད་དེ་བདུན་དུ་འདོད་པ་དང། སྐབས་འདིར་རྣམ་ཤེས་ཚོགས་བརྒྱད་དུ་འདོད་ལ། སློབ་དཔོན་ཡང་དག་བདེན་པས་དགུར་ཡང་བཤད་པའི་ཕྱིར། དང་པོ་ལ་ཡང་གྲུབ་མཐའ་ཆེན་མོ་ལས། རྣམ་ཤེས་གཅིག་འདོད་མཁན་ལ་ཀུན་གཞི་ལ་འདོད་པ་དང། ཡིད་ཀྱི་རྣམ་ཤེས་ལ་འདོད་པ་གཉིས། ཞེས་ནང་གསེས་ཀྱི་ལུགས་མི་འདྲ་བ་གཉིས་ཡོད་པར་བཤད་ཅིང། རྩ་བར་འདོད་མཁན་གཅིག་སྨྲ་བའི་བྱང་སེམས་ཀྱིས་འདོད་ཚུལ་ནི་ཀུན་གཞི་རྩ་བར། ཡིད་ཤེས་གཅིག་ཉིད་དབང་དྲུག་གི །རྟེན་ལ་སོ་སོར་རྒྱུ་བའི་ཚེ། །སོ་སོའི་མིང་དུ་བཏགས་པ་ཙམ། །ཞེས་གསུངས་པ་ལྟར་ཏེ། དེ་ཡང་བྲམ་ཟེའི་ཚོམས་ལས། གང་ཞིག་ལུས་མེད་ཕུག་གནས་ཤིང། །རིང་དུ་འགྲོ་ལ་གཅིག་པུར་རྒྱུ། །ཞེས་སྤྲེའུ་གཅིག་གིས་ཁང་པའི་བུ་ག་སོ་སོ་ནས་བལྟ་བའི་དཔེས་གསུངས་པ་དང། སྐྱེ་མཆེད་བཅུ་གཉིས་སྟོན་པའི་མདོ་ལས། རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཡིད་ཀྱི་སྐྱེ་མཆེད་དོ། །ཞེས་ནང་དུ་མར་མེ་གཅིག་སྦར་བའི་འོད་བུ་ག་སོ་སོ་ནས་འབྱུང་བ་དཔེར་བྱས་ཏེ་གསུངས་པ་རྣམས་ལ་བརྟེན་ནས་ཡིད་ཀྱི་གནས་སྐབས་སོ་སོ་ལ་བཏགས་པ་ཙམ་མ་ཡིན་པའི་དབང་ཤེས་དང་སེམས་བྱུང་ལོགས་པ་མེད་པར་འདོད་དོ། །གཉིས་པའི་འདོད་ཚུལ་ནི། ཝེན་ཚེག་གི་དགོངས་འགྲེལ་འགྲེལ་ཆེན་ལས། སློབ་དཔོན་བོ་དེ་


GTD002_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་ཅིས་བསྟན་བཅོས་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ལ་བརྟེན་ནས། སེམས་རྣམ་པ་གཉིས་རྣམ་པར་འཇོག་གོ །དེ་ལ་དང་པོ་ནི་ཆོས་ཉིད་ཀྱི་སེམས་ཏེ། དེ་ཡང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དོ། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་འདི་ཉིད་ལ་སེམས་ཞེས་བྱ་ཡང་དམིགས་པ་ཅན་ནི་མ་ཡིན་ནོ། །གཉིས་པ་ནི། མཚུངས་པར་ལྡན་པའི་སེམས་ཏེ། དད་པ་དང། འདོད་ཆགས་ལ་སོགས་པའི་སེམས་ལས་བྱུང་བ་རྣམས་དང་མཚུངས་པར་ལྡན་པའོ། །ཞེས་བཤད་དོ། །ཞེས་གསུངས། དགུར་འདོད་ཚུལ་ཡང། དེ་ཉིད་ལས། སློབ་དཔོན་ཡང་དག་བདེན་པས་རྣམ་པར་ངེས་པའི་མཛོད་ཅེས་བྱ་བའི་བསྟན་བཅོས་ལ་བརྟེན་ནས་རྣམ་པར་ཤེས་པ་དགུའི་དོན་འཇུག་སྟེ། ཞེས་དང། བདུན་པ་ནི་ལེན་པའི་རྣམ་པར་ཤེས་པ་སྟེ། བརྒྱད་པ་ལ་བདག་དང་བདག་གིར་འཛིན་པ་ཉོན་མོངས་པ་ཁོ་ནའི་སྒྲིབ་པ་དང་ལྡན་གྱི་ཆོས་ཀྱི་འཛིན་པ་ནི་མེད་དེ་ངེས་པར་སངས་རྒྱས་སུ་མི་འགྲུབ་བོ། །བརྒྱད་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ་འདི་ཡང་རྣམ་པ་གསུམ་མོ། །དང་པོ་ངོ་བོ་ཉིད་ཀྱི་ཀུན་གཞི་ནི་སངས་རྒྱས་འགྲུབ་པའི་དོན་དང་ལྡན་པའོ། །གཉིས་པ་རྣམ་པར་སྨིན་པའི་ཀུན་གཞི་ནི་ཁམས་བཅོ་བརྒྱད་པོ་དག་ལ་དམིགས་པ་སྟེ། ཞེས་དང། གསུམ་པ་ཀུན་ནས་ཉོན་མོངས་པའི་ཀུན་གཞི་ནི། དེ་བཞིན་ཉིད་ཀྱི་ཡུལ་ལ་དམིགས་ནས་ང་རྒྱལ་རྣམ་པ་བཞི་འབྱུང་སྟེ་དེ་ནི་ཆོས་འཛིན་པ་ཡིན་གྱི་གང་ཟག་འཛིན་པ་མ་ཡིན་ནོ། །དགུ་པ་ནི་དྲི་མ་མེད་པའི་རྣམ་པར་ཤེས་པ་སྟེ། དེ་བཞིན་ཉིད་ཀྱི་བདག་ཉིད་དོ། །ཞེས་སོགས་ཀྱི་དོན་རྩ་བར། བརྒྱད་པ་ལེན་པའི་རྣམ་ཤེས་དང། །ཀུན་གཞི་གསུམ་དུ་འཆད་པ་དང། །དགུ་པ་དྲི་མེད་རྣམ་ཤེས་སུ། །འདོད་པ་ཡང་དག་བདེན་པའི་ལུགས། །ཞེས་


GTD002_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རོ། །ཚོགས་བརྒྱད་ཀྱི་འདོད་ཚུལ་འོག་ཏུ་འབྱུང་ཞིང་ལྷག་མ་གོ་སླ་བས་མ་བྲིས། མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། རྣམ་ཤེས་ཚོགས་དྲུག་འདོད་པའི་གྲུབ་མཐའ་གོང་འོག་དུ་མ་ཡོད་ཀྱང་བརྒྱད་དང་དགུ་དང་གཅིག་ཏུ་འདོད་མཁན་གསུམ་སེམས་ཙམ་པ་ཁོ་ན་ཡིན་ཟེར་ན་མི་འཐད་པར་ཐལ། གཅིག་སྨྲ་བའི་བྱང་སེམས་དེ་ཉན་ཐོས་སྡེ་པ་ཡིན་པའི་ཕྱིར། དེར་ཐལ། དེ་དབུ་མ་པ་མ་ཡིན་པ་གང་ཞིག །སེམས་ཙམ་པ་ཡང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། གྲུབ་མཐའ་ལས། དངོས་སྨྲ་བ་ལ་རྣམ་ཤེས་གཅིག་ཏུ་འདོད་པ་དང། ཞེས་གསུངས་ཤིང། འོག་ཏུ་འདི་དེའི་མཚན་གཞིར་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། འདི་ཐེག་བསྡུས་སོགས་ཀྱི་སྔོན་ནས་བྱུང་བའི་ཕྱིར་ཏེ། ཐེག་བསྡུས་ལས། ཁ་ཅིག་ནི། ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་རྟེན་དེ་དང་དེ་ནས་འབྱུང་བ་ན་དེ་དང་དེའི་མིང་འཐོབ་སྟེ། སེམས་པ་ལ་ལུས་དང་ངག་གི་ལས་ཞེས་བྱ་བ་བཞིན་ནོ་སྙམ་མོ། །ཞེས་སེམས་པ་ལུས་ཀྱི་སྒོ་ནས་འཇུག་པ་ལ་ལུས་ལས་དང། ངག་གི་སྒོ་ནས་ཞུགས་ན་ངག་ལས་ཀྱི་མིང་འཐོབ་པ་དཔེར་བྱས་ཏེ་འདོད་ཚུལ་དང་ཤེས་བྱེད་ཀྱི་ཁུངས་སོགས་རྒྱས་པར་བཀོད་པའི་ཕྱིར། སྤྱིར་གཅིག་སྨྲ་བ་ལ་གཉིས་བཤད་ཀྱང་འདི་ཀུན་གཞི་མི་འདོད་མཁན་ཞིག་ཡིན་ཏེ། འདིའི་འདོད་ཚུལ་སྨོས་པའི་ཐད་ཀྱི་བཤད་སྦྱར་ལས། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་པ། རྣམ་པར་ཤེས་པ་གཞན་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ལྟ་བུ་ནི་མེད་དོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་ཐེག་བསྡུས་ལས་དངོས་སུ་དགག་པ་མི་མཛད་པའི་རྒྱུ་མཚན་ཡོད་དེ། ཚོགས་བརྒྱད་ཀྱི་སྒྲུབ་


GTD002_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གསུངས་པ་རྣམས་དོན་གྱིས་འདིའི་དགག་པར་འགྲོ་བ་དང། གཏན་ལ་དབབ་པ་བསྡུ་བ་ལས། སེམས་ལས་བྱུང་བའི་ཆོས་ནི་མི་འདོད་པ་གང་དག་ཡོད་པ་དེ་དག་ཀྱང་མི་འཐད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྔ་ཉིད་འཐད་པ་མེད་ཕྱིར་དང། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་གསུངས་པ་དེ་ཕྱོགས་སྔ་གཉིས་ཀར་ཐུན་མོང་གི་དགག་པར་འགྲོ་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེས་འགོག་ཚུལ་ཡང་ཡོད་དེ། སེམས་བྱུང་མེད་ན་ཚོར་སོགས་ཕུང་པོ་ལྔ་མི་འཐད་པར་འགྱུར་ལ། དེའི་གནས་སྐབས་སོ་སོ་ལ་བཏགས་ཞེས་པ་ཡང་བཏགས་པ་ཙམ་ལས་སེམས་བྱུང་དང་དབང་ཤེས་དངོས་ཀྱི་དོན་མི་ནུས་ན་སྔ་མའི་སྐྱོན་སོ་ན་གནས་པ་དང། དེའི་དོན་བྱེད་ནུས་ན་ཚོར་སོགས་དང་དབང་ཤེས་སོགས་རྫས་སུ་གྲུབ་པས་སེམས་གཅིག་པུར་སྨྲ་བ་དོན་མེད་པར་འགྱུར་ཞིང། སེམས་གཅིག་པུར་འདོད་ན། ལུང་ལས། སེམས་འདོད་ཆགས་དང་བཅས་པ་ཞེས་གསུངས་པ་སོགས་དུ་མ་དང་འགལ་བའི་སྐྱོན་འབྱུང་བ་སོགས་ཀྱི་སྒོ་ནས་བཀག་པའི་ཕྱིར། ཡང་ཁོ་ན་རེ། འདིའི་གཅིག་སྨྲ་བ་དེ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་པར་ཐལ། ཀུན་གཞི་དཀའ་འགྲེལ་ལས། ཐེག་པ་ཆེན་པོའི་སློབ་དཔོན་རྣམས་རྣམ་ཤེས་གྲངས་མང་ཉུང་དུ་འདོད་པ་རྒྱའི་སློབ་དཔོན་ཝེན་ཚེག་གིས་བཤད་པ་ལྟར་བཀོད་དོ། །ཞེས་གསུངས་པའི་གྲངས་ཉུང་བར་འདོད་མཁན་གཅིག་སྨྲ་བ་ལ་བྱེད་པའི་ཕྱིར་ཟེར་ན། མི་འཐད་པར་ཐལ། དྲུག་དང། གཉིས་དང། དགུར་འདོད་ཚུལ་རྣམས་ལ་རྒྱ་ནག་འགྲེལ་ཆེན་གྱི་བཤད་པ་བཀོད་ཀྱང་གཅིག་སྨྲའི་སྐབས་སུ་དེའི་ཟུར་


GTD002_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡང་མ་བཤད་པའི་ཕྱིར། ཡང་ཁ་ཅིག །རྣམ་ཤེས་གཅིག་སྨྲ་བ་དེ་ཉན་ཐོས་སྡེ་བ་ཁོ་ན་ཟེར་ན་ཡང་ཤིན་ཏུ་མི་འཐད་པར་ཐལ། དེ་ལ་ཀུན་གཞི་གཅིག་པུར་སྨྲ་བ་ཞིག་ཡོད་པ་གང་ཞིག །ཀུན་གཞི་འདོད་པའི་ཉན་ཐོས་སྡེ་བ་མེད་པའི་ཕྱིར། དང་པོ་བསྒྲུབས་ཟིན། གཉིས་པ་མ་གྲུབ་ན། དེ་ཆོས་ཅན། སྣོད་བཅུད་མཐའ་དག་ཀུན་གཞིའི་སྟེང་གི་བག་ཆགས་སྨིན་པ་ལས་འབྱུང་བར་འདོད་པར་ཐལ། ཀུན་གཞི་ཁས་ལེན་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཁྱབ་སྟེ། ལེགས་བཤད་སྙིང་པོ་ལས། ཕྱི་རོལ་ཁས་ལེན་པའི་གནད་ཀྱིས་ཀྱང་ཀུན་གཞི་མི་འཇོག་པ་ཡིན་ཏེ། དེ་ཁས་ལེན་ན་དབུས་མཐའ་ལས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་འོ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་གསུངས་པ་ལྟར་འདོད་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །གོང་དུ་འདོད་ན། ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་སྡེ་བ་མ་ཡིན་པར་ཐལ། ཕྱི་དོན་མི་འདོད་པའི་ཕྱིར། ཁྱབ་སྟེ། ཕྱི་དོན་མི་འདོད་པའི་དོན་སྨྲ་བ་བཞད་གད་ཡིན་པའི་ཕྱིར་དང། ཕྱི་དོན་བདེན་ཞེན་གྱིས་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། ཉན་ཐོས་སྡེ་པའི་མཚན་ཉིད་ཡིན་པའི་ཕྱིར། ཡང་ཁ་ཅིག་ན་རེ། དབུ་མ་པ་ལ་རྣམ་ཤེས་ཚོགས་དྲུག་ལས་ལྷག་འདོད་པ་མེད་ཟེར་ན། དེ་མི་རུང་བར་ཐལ། སྐབས་འདིར་དབུ་མ་པ་ཡིན་ན་སེམས་ཙམ་པ་ཡིན་དགོས་པའི་ཕྱིར། ངོ་བོ་ཉིད་མེད་པར་སྨྲ་བ་ལ་བསམ་ན་ཡང་མི་འཐད་པར་ཐལ། ཐུབ་དགོངས་རྩོམ་དུས་ཀྱི་སློབ་


GTD002_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཨ་བྷྱཱ་ཀ་ར་སོགས་ཀྱིས་རྣམ་ཤེས་ཚོགས་བརྒྱད་དུ་འདོད་པའི་ཕྱིར། ཐུབ་དགོངས་ན་གསལ། འོན་ཀྱང་སྐུ་ཚེའི་སྨད་ལ་ཀུན་གཞི་མི་བཞེད་པས། རྣམ་བཤད་དགོངས་པ་རབ་གསལ་ལས། ཞི་འཚོ་ཡང་ཀུན་གཞིའི་རྣམ་ཤེས་མི་བཞེད་པར་གསལ་ལ། ཨ་བྷྱཱ་ཀ་ར་ཡང་དེ་དང་འདྲའོ། །ཞེས་གསུངས་ཤིང། སྔགས་རིམ་ལས་དེས་ཀུན་གཞི་འདོད་པར་གསུངས་པ་སྐུ་ཚེ་སྟོད་ཀྱི་དབང་དུ་བྱས་པ་ཡིན་ཏེ། རིམ་ལྔ་གསལ་སྒྲོན་ལས། རྩོམ་པ་ཡང་སྔ་ཕྱིའི་དབང་གིས་འགལ་བར་བཤད། ཅེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ངོ་བོ་ཉིད་མེད་པར་སྨྲ་བ་ཕལ་ཆེར་ཀྱང་ཀུན་གཞི་བཞེད་པར་ཐལ། ཀླུ་སྒྲུབ་དང་འཕགས་སེང་སོགས་ཀྱིས་བཞེད་པ་གང་ཞིག །ཟླ་བས་བཞེད་པའི་ཕྱིར། དང་པོ་གྲུབ་སྟེ། ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལས། ཇི་ལྟར་རྒྱ་མཚོ་ལ་ནི་ཤིང། །སེམས་ནི་མེད་ཀྱང་གཡོ་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །ལུས་ལ་བརྟེན་ནས་གཡོ་བ་ཡིན། །ཞེས་དང། ཉི་སྣང་ལས། ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་ཤེས་བྱ་རྣམ་པ་བཅུས་བསྡུས་པས། ཞེས་དང། སློབ་དཔོན་གྱི་སྡུད་འགྲེལ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ལ་ཆོས་ཐམས་ཅད་ཀྱི་བག་ཆགས་བརྟེན་པས། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། འཇུག་པ་ལས། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་ལ་འོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་ཀུན་གཞི་དང་གང་ཟག་དང་ཕུང་པོ་སོགས་ལ་ཁྱད་མེད་དུ་བཀག་པའི་ཡོད་པ་ཙམ་ལ་བྱེད་ན། གང་ཟག་དང་ཕུང་པོ་


GTD002_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡོད་པར་གསུངས་པ་སྒྲ་ཇི་བཞིན་པ་མ་ཡིན་པས། དེ་གཉིས་ཀྱང་མེད་པར་འདོད་དགོས་ལ། རང་བཞིན་གྱིས་ཡོད་པ་ལ་བྱེད་ན་ཀུན་གཞི་རང་བཞིན་གྱིས་ཡོད་པ་བཀག་པས་ཀུན་གཞི་མི་ཁེགས་པར་མ་ཟད་ཐ་སྙད་དུ་ཡོད་པ་དོན་གྱིས་གོ་བའི་ཕྱིར། ཞེས་ཟེར་བ་རྣམས་རིམ་པ་བཞིན་འགོག་པར་བྱེད་ན། དང་པོ་བྱང་ཆུབ་སེམས་འགྲེལ་གྱི་ལུང་དེས་ཀུན་གཞི་བཤད་པ་མ་ཡིན་པར་ཐལ། དེར་ཀུན་གཞིའི་མིང་གིས་བསྟན་པ་དེ་ཡིད་ཀྱི་རྣམ་ཤེས་ལ་བྱེད་པའི་ཕྱིར། དེར་ཐལ། དེ་ཉིད་ལས། དེའི་ཚེ་སྲིད་པ་འཛིན་པར་བྱེད་ཅེས་ཉིང་མཚམས་སྦྱོར་བའི་སེམས་སུ་བཤད་པ་གང་ཞིག །འཕགས་པ་ཡབ་སྲས་ཀྱིས་འདུས་པའི་སྐོར་གྱི་གཞུང་གཞན་ལས་འཆི་སེམས་དང་སྐྱེ་སེམས་གཉིས་ཀ་ཡིད་ཤེས་སུ་ཡང་ཡང་གསུངས་པའི་ཕྱིར། དེ་དང་བཤད་ཚུལ་མཐུན་མི་དགོས་སྙམ་ན་ཡང་མི་འཐད་པར་ཐལ། འདིས་འདུས་པའི་རྩ་རྒྱུད་ལེའུ་གཉིས་པའི་ནང་གི་རྣམ་སྣང་གིས་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཚིགས་བཅད་དེའི་དོན་འགྲེལ་པས་མཚན་ཡང་བྱང་ཆུབ་སེམས་འགྲེལ་ཞེས་བཏགས་ཤིང་འདུས་པའི་ཡན་ལག་གི་གཞུང་ཡིན་པའི་ཕྱིར། གཞན་ཡང་བྱང་ཆུབ་སེམས་འགྲེལ་གྱིས་ཀུན་གཞི་གསུངས་པ་མི་འཐད་པར་ཐལ། དེར་ཕྱི་དོན་ཡོད་པར་བཤད་པའི་ཕྱིར་ཏེ། དེ་ཉིད་ལས། ཤེས་པས་ཤེས་བྱ་རྟོགས་པ་སྟེ། །ཤེས་བྱ་མེད་པར་ཤེས་པ་མེད། །ཅེས་སོགས་ཀྱི་དོན་སེམས་ཡོད་མེད་མཚུངས་པར་གསུངས་ཚུལ། འཇུག་པ་ལས། གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཞིག །སེམས་ཡོད་ཉིད་ནའང་གཟུགས་


GTD002_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མ་འཛིན་ཞིག །ཅེས་པ་ཇི་ལྟ་བ་བཞིན་སྣང་བའི་ཕྱིར། སྟོང་ཐུན་ལས་སོ། །འཕགས་སེང་གཉིས་ཀས་ཀྱང་ཀུན་གཞི་མི་བཞེད་པར་ཐལ། དེ་བཞེད་ན་གང་ཟག་གི་མཚན་གཞིར་འཇོག་དགོས་པ་ལ་མ་བཞག་པའི་ཕྱིར། དེར་ཐལ། རྒྱན་སྣང་ལས། རྒྱུན་ཉིད་ཀྱིས་ན་གང་ཟག་ཅེས་བྱ་བ་ནི་གཅིག་གོ །ཞེས་དང། དབུ་མ་ལུང་རིགས་སྒྲོན་མེ་ལས། འཕགས་སེང་གཉིས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པའི་ཕུང་པོའི་རྒྱུན་བདག་གི་མཚན་གཞིར་བཞེད་དེ། ཞེས་གསུངས་པའི་ཕྱིར་དང། རྣམ་བཤད་སྙིང་པོ་རྒྱན་ལས་ཀྱང། སློབ་དཔོན་གྱི་འགྲེལ་ཆེན་དུ། ཞེས་པ་ནས། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞིའི་བཤད་པ་ཟུར་ཙམ་ཡང་མེད་པའི། ཞེས་གསུངས་པའི་ཕྱིར། དེས་ན་ཀུན་གཞིའི་ཐ་སྙད་བཏགས་ཚད་ཀུན་གཞི་དངོས་ལ་བྱེད་མི་དགོས་ཏེ། མཁས་གྲུབ་རྗེའི་བརྟག་གཉིས་རྣམ་བཤད་ལས། ཀུན་གཞི་དང་ཉོན་ཡིད་ཀྱི་ཐ་སྙད་རྒྱུད་དང་གྲུབ་ཆེན་གྱི་གཞུང་དུ་མ་ལས་གསུངས་པ་ཡོད་ཀྱང་ཆོས་ཉིད་ལ་ཀུན་གཞི་དང། རླུང་ལ་ཉོན་ཡིད་ཀྱི་ཐ་སྙད་མཛད་པ་སོགས་དུ་མ་ཡོད་པས་ཚིག་ཙམ་གྱིས་འཁྲུལ་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར། འཇུག་པའི་ལུང་དོན་ཡང་ཁྱོད་ལྟར་བཤད་མི་དགོས་པར་ཐལ། ཀུན་གཞི་འདོད་མི་འདོད་ཀྱི་གྲུབ་མཐའ་དུ་མ་ཡོད་ཅིང་འདི་ཡང་དེ་ལ་རྩོད་པའི་སྐབས་ཡིན་པས་དེ་གསུངས་པ་སྒྲ་ཇི་བཞིན་པ་མ་ཡིན་པར་བཤད་པ་ན་ཀུན་གཞི་གཏན་མེད་དུ་གོ་ལ། གང་ཟག་དང་ཕུང་པོ་མི་འདོད་པའི་གྲུབ་མཐའ་སྨྲ་བ་སུ་ཡང་མེད་པས་དེའི་སྒྲ་ཇི་བཞིན་པ་བཀག་ཀྱང་གཏན་མེད་ཀྱི་དོགས་པ་མེད་པས་རང་བཞིན་གྱིས་མེད་པར་གོ་བའི་ཕྱིར་དང། དགོངས་


GTD002_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཡང་ཕུང་སོགས་ཐ་སྙད་ཙམ་དུ་ཡོད་པ་ལ་བཀྲལ་ཞིང་ཀུན་གཞི་ལ་དེ་ལྟར་མ་བྱས་པར། འཇུག་འགྲེལ་ལས། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་སྟོང་ཉིད་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཞེས་དོན་གཞན་ཞིག་གི་སྟེང་ནས་གསུངས་པའི་ཕྱིར། ཁྱོད་ལྟར་ན་དཔལ་ལྡན་ཟླ་བས་ལས་འབྲས་རང་བཞིན་གྱིས་གྲུབ་པར་བཞེད་པར་ཐལ། དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ཞེས་པའི་དོན་སྤྱིར་ཀུན་གཞི་མེད་ཀྱང་ཞེས་བཤད་མི་རུང་བས་དོན་དམ་པར་ཀུན་གཞི་མེད་ཀྱང་ལས་འབྲས་ཡོད་ཅེས་བཤད་དགོས་པའི་ཕྱིར། ཁྱབ་པ་འགྲིག །འཁོར་གསུམ། དེས་ན་ཐལ་འགྱུར་བས་ཀུན་གཞི་མི་བཞེད་པར་ཐལ། དེས་ཕྱི་དོན་བཞེད་པའི་ཕྱིར། ཁྱབ་སྟེ། ལེགས་བཤད་སྙིང་པོ་ལས། ཀུན་གཞི་འཇོག་པ་ན་ཕྱི་རོལ་དོན་གྱིས་སྟོང་པར་བསྟན་དགོས། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དོན་ཤེས་ཡོད་མེད་མཚུངས་པར་བཤད་ཚུལ་སྔར་དྲངས་པ་དང། ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །ཞེས་པས་ཀྱང་འགྲུབ་པའི་ཕྱིར། དེར་ཐལ། དེས་གཟུགས་དང་གཟུགས་འཛིན་མིག་ཤེས་གཉིས་རྒྱུ་འབྲས་སུ་བཤད་པའི་ཕྱིར། ཁྱབ་སྟེ། རྒྱུ་འབྲས་ཡིན་ན་རྫས་གཅིག་མ་ཡིན་དགོས་པའི་ཕྱིར། དེས་ན་ཁ་ཅིག་ཐལ་འགྱུར་བའི་ལུགས་ལ་ཡང་ཕྱི་དོན་མེད་པར་སྨྲ་བ་ནི་ཉམས་མྱོང་ལ་བསྐོར་བའི་མན་ངག་ཟབ་མོར་རློམ་པ་མི་འཐད་པར་ཐལ། དེའི་འཁྲུལ་གཞི་ནི་དོན་སྣང་ཙམ་གྱི་སྒོ་ནས་


GTD002_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དོན་འཇོག་མ་ཤེས་པར་དེ་ཡོད་ན་ཚུགས་ཐུབ་ཏུ་གྲུབ་པའི་ཕྱི་དོན་ཉན་ཐོས་སྡེ་བས་སྒྲོ་བཏགས་པ་དེ་འདྲ་ཞིག་ཡོད་དགོས་སྙམ་པར་འདུག་པའི་ཕྱིར། དེས་ན་སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། མདོ་སྡེ་པ་དང་ཐལ་འགྱུར་བ་གཉིས་ཀ་ཕྱི་དོན་ཁས་ལེན་ཞེས་པ་ཙམ་ཞིག་མཚུངས་ཀྱང་ལེན་ཚུལ་གཏན་མི་འདྲ་བ་ཡིན་ནོ། །ཞེས་པ་འདི་གོ་ན་མན་ངག་ཟབ་ངེས་ཡིན་ནོ། །ཡང་ཁ་ཅིག་ན་རེ། ཟླ་གྲགས་དང་ལེགས་ལྡན་གཉིས་ཀུན་གཞི་ཡོད་པར་སྟོན་པའི་མདོའི་དགོངས་གཞི་འདྲེན་ཚུལ་མཐུན་ཟེར་ན། མི་འཐད་པར་ཐལ། ལེགས་ལྡན་གྱིས་དེ་འདྲའི་མདོ་དེ་དྲང་དོན་གྱི་མདོར་མི་བཞེད་པའི་ཕྱིར། དེར་ཐལ། ལེགས་ལྡན་གྱིས་དེ་འདྲའི་མདོ་གཏན་ནས་མེད་པར་བཞེད་པའི་ཕྱིར། དེར་ཐལ། དབུ་མ་ལུང་རིགས་སྒྲོན་མེ་ལས། ཟླ་བས་མདོ་དེས་དེ་ལྟར་བསྟན་ཀྱང་དགོངས་གཞི་སྟོང་ཉིད་ལ་དགོངས་པར་བཤད། ལེགས་ལྡན་གྱིས། ཞེས་པ་ནས། མདོ་དེ་དག་ཀུན་གཞི་སྟོན་བྱེད་མ་ཡིན་པར་རྣམ་ཤེས་གཅིག་གི་གནས་སྐབས་ལ་འཁོར་འདས་ཀྱི་གཞི་བྱེད་པ་ལ་དགོངས་པར་བཤད། ཅེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་རྒྱུ་མཚན་ཕྱི་དོན་མེད་པར་སྟོན་པའི་མདོ་ཡང་མེད་པར་བཞེད། གཞན་དབང་ཡོངས་གྲུབ་བདེན་གྲུབ་དང། ཀུན་བཏགས་ཀྱི་ཆོས་རྣམས་བདེན་མེད་དུ་སྟོན་པའི་མདོ་ཡང་མེད་པར་བཞེད་པས། སེམས་ཙམ་པའི་གྲུབ་མཐའ་ཐུན་མོང་མ་ཡིན་པ་ཐམས་ཅད་མདོའི་དོན་ཕལ་བ་ཙམ་ཡང་མ་ཡིན་ཞིང། ཐོགས་མེད་ཀྱི་རང་བཟོར་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། ས་བཅུ་བ་ལས། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་པ་


GTD002_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ཕྱི་དོན་བཀག་པ་མ་ཡིན་པར་ཟླ་བས་ཀྱང་བཞེད་ལ། ལེགས་ལྡན་གྱིས་ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །ཞེས་སོགས་ཀྱིས་ཀྱང་ཕྱི་དོན་བཀག་པ་མིན་པར་བཞེད་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །ལུས་དང་ལོངས་སྤྱོད་གནས་འདྲ་བར། །སེམས་ནི་སྣ་ཚོགས་སྣང་བས་ན། །སེམས་ཙམ་དུ་ནི་ང་སྨྲ་འོ། །ཞེས་གསུངས་པས་ཀྱང་ཕྱི་རོལ་བཀག་པ་མིན་པར་བཞེད་པས་ཕྱི་རོལ་བཀག་པ་དེ་མདོ་གང་གིའང་དོན་མིན་པར་བཞེད་དམ་དཔྱད་པར་བྱའོ། །ཞེས་དང། སྟོང་ཐུན་ལས། ལེགས་ལྡན་གྱིས་ལན་འདེབས་པའི་ཚུལ་ནི། མདོ་དེས་ཕྱི་རོལ་བཀག་ནས་སེམས་ཙམ་བསྟན་པ་མ་ཡིན་གྱི། ཞེས་པ་ནས། དཔལ་ལྡན་ཟླ་བ་མདོ་དེས་སེམས་ཙམ་མ་བསྟན་ཞེས་མི་འཆད་ཀྱི་སེམས་ཙམ་གསུངས་པ་དྲང་དོན་ཡིན་པར་འགྲེལ་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལེགས་བཤད་སྙིང་པོ་ལས། དགོངས་འགྲེལ་ལས་མཚན་ཉིད་གསུམ་གསུངས་པའི་དོན་རྣལ་འབྱོར་སྤྱོད་པ་བ་དག་གིས་ཇི་ལྟར་བཀྲལ་བ་མདོའི་དོན་མ་ཡིན་པར་དབུ་མའི་དོན་དུ་འགྲེལ་པའི་སྲོལ་འདི་ནི་ལེགས་ལྡན་འབྱེད་ཀྱིས་ཕྱེ་བ་ཞེས་དང། གྲུབ་མཐའ་རྩ་བར། བྱེད་པོ་འགོག་ཕྱིར་གཟུང་མེད་མདོ་དོན་མིན། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། དེ་དགོངས་དོན་མཐར་ཐུག་གམ་གཙོ་བོ་མིན་ཞེས་པའི་དོན་ཡིན་ཟེར་ན་བླུན་གཏམ་ཡིན་ཏེ། དེས་ཕྱི་དོན་མེད་པ་མདོའི་དགོངས་དོན་མཐར་ཐུག་ཏུ་བཞེད་མི་བཞེད་ཀྱི་དོགས་པ་མེད་པས་རྗེ་བླ་མས་དེ་ལ་དཔྱད་དགོས་མི་གསུང་ཞིང། ཁྱོད་


GTD002_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་སྟོང་ཐུན་གྱི་དོན་ཡང། དཔལ་ལྡན་ཟླ་བས་ལང་གཤེགས་ལས། སེམས་ཙམ་དུ་གསུངས་པ་དེ་མདོའི་དགོངས་དོན་མཐར་ཐུག་ཡིན་ཀྱང་ཁས་ལེན་མི་རུང་ཞེས་པར་འགྲོ་བས་ཆོས་སྤོང་གི་ལས་སུ་འགྱུར་བའི་ཕྱིར་ཏེ། དེ་ལྟར་མ་བྱས་ན་ཟླ་གྲགས་དང་ལེགས་ལྡན་གྱི་བཞེད་པ་མི་འདྲ་བའི་ཁྱད་པར་བཤད་དུ་མེད་པའི་ཕྱིར། དེ་བཞིན་དུ་དེའི་ལུགས་ཀྱི་མཚན་ཉིད་གསུམ་མདོའི་དོན་མིན་གསུངས་པ་ཡང་གཙོ་བོ་ལ་བྱེད་ན། ཞི་འཚོ་སོགས་ཀྱི་སྐབས་སུ། ཆ་ཕྱེ་ནས་མདོའི་དོན་དུ་འཇོག་གོ །ཞེས་པ་དང། རྒྱན་སྟུག་དགོངས་འགྲེལ་ལང་གཤེགས་མདོ་སོགས་དོན། །གཙོ་ཕལ་ཆ་གཉིས་རིམ་བཞིན་དབུ་སེམས་ལུགས། །ཞེས་སྔ་མ་དང་ཆ་ཕྱེ་ནས་གསུངས་པ་འབྲེལ་མེད་དུ་འགྱུར་ཏེ་བསྟན་དོན་གཙོ་བོར་ཞི་འཚོ་ཡང་མི་བཞེད་ལ། བསྟན་དོན་ཕལ་བར་ལེགས་ལྡན་ཀྱང་བཞེད་པའི་ཕྱིར། རྟགས་ཁས། དེ་ལྟར་ན་དེ་རྣམས་བསྟན་དོན་ཕལ་པ་ཙམ་དུ་བྱེད་པའི་མདོ་ཡང་མེད་པས་ཐོགས་མེད་ཀྱི་བློས་བྱས་ཁོ་ནར་འཆད་དེ། མདོ་ལས་དྲང་དོན་གསུངས་པ་ཐམས་ཅད་ཀྱང་གདུལ་བྱ་བཀྲི་བའི་དགོས་པ་ཅན་ཤ་སྟག་ཡིན་ཞིང། སེམས་ཙམ་དུ་བཤད་པ་མངོན་སུམ་ལ་སྐུར་འདེབས་ཡིན་པས་གདུལ་བྱ་གོལ་སར་འཁྲིད་པ་ལས་དགོས་པ་ཅི་ཡང་མེད་པར་བཤད་པའི་ཕྱིར། ཤེས་རབ་སྒྲོན་མེ་ལས། དང་པོ་རྣམ་པར་རིག་པ་ཙམ་བླངས་ནས་ཕྱིས་དེ་ཡོངས་སུ་གཏོང་ན་ཡང་འདམ་རྫབ་ཀྱིས་སྦགས་ནས་འཁྲུ་བ་ལས་དང་པོ་ནས་ཐག་བསྲིང་བ་བཟང་སྟེ། ཞེས་གསུངས་ཤིང། རྟོག་གེ་འབར་བ་ལས་ཀྱང། སློབ་དཔོན་ཐོགས་མེད་དབྱིག་གཉེན་ལ་སོགས་པ། ཞེས་པ་ནས་ཐེག་པ་


GTD002_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་དོན་གྱི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་ངོ་ཚ་དང་ཁྲེལ་མེད་པ་དོན་རྣམ་པར་མི་ཤེས་བཞིན་དུ་རྣམ་པར་ཤེས་ཞེས་མཁས་པར་ང་རྒྱལ་བྱེད་པ་ཞེས་སོགས་སྐྱོན་བརྗོད་བྱས་པ་ལྟ་བུ་བྱེ་མདོ་སོགས་ལ་དགག་པ་བྱེད་པའི་སྐབས་སུ་ཡང་མ་བརྗོད་པར་སྣང་བའི་ཕྱིར། འོན་ཀྱང་དེ་གྲུབ་མཐའ་བཞི་བཞེད་མི་བཞེད་སོགས་བྱིས་པའི་རོལ་རྩེད་མང་ཡང་མ་སྤྲོས། ཡང་སྟག་ལོ་ན་རེ། ཀུན་གཞི་མི་འདོད་པའི་སེམས་ཙམ་པ་མེད་ཅེས་ཟེར་ཏེ། དེའི་གྲུབ་མཐའ་ཀུན་ཤེས་ལས། སེམས་ཙམ་པ་ལ་ཀུན་གཞི་བཞེད་མི་བཞེད། །གཉིས་སུ་གངས་ཅན་འདི་ན་གྲགས་མོད་ཀྱང། །སྐུ་མཆེད་གཉིས་ཀྱིས་གསལ་བར་བཤད་པ་ལས། །རྗེས་འབྲང་ལ་ལས་གསལ་བོར་མ་བརྗོད་ཀྱང། །འགོག་པའི་ལུང་རིགས་སུས་ཀྱང་མ་བརྗོད་ཕྱིར། །ཀུན་གཞི་མི་འདོད་སེམས་ཙམ་ཚད་ལྡན་དཀའ། །ཞེས་དང་དེའི་འགྲེལ་པར་ཡང་ཀུན་གཞི་མེད་ན་འཁོར་འདས་ཐམས་ཅད་འཇོག་པའི་གཞི་མེད་པ་དང་ཡིད་ཤེས་ལ་རྒྱུན་ཤིན་ཏུ་བརྟན་པ་མེད་ཅིང་བག་ཆགས་ཀྱི་གཞིར་མི་རུང་བས་དེ་བསྒོ་གཞི་མེད་པར་ཐལ་བ་དང། ལང་གཤེགས་དགོངས་འགྲེལ་སོགས་སེམས་ཙམ་མདོ་ལྔར་གྲགས་པ་རྣམས་དྲང་དོན་དུ་འགྲེལ་ན་སེམས་ཙམ་པ་མཚན་ཉིད་པར་མི་རུང་བ་དང། སྔགས་ལམ་གྱི་བསྒྲུབ་གཞི་མི་རུང་བ་དང། ཀུན་གཞི་ལས་གཞན་འབྱུང་བ་མིན། །ཞེས་པའི་ཚིག་དངོས་སུ་བྱུང་བ་དང། སེམས་ཙམ་དངོས་སུ་མ་ཟད་དེར་སྒོ་བསྟུན་པའི་ཞི་འཚོ་འཕགས་སེང་དང་བཅས་པས་ཀྱང་རྒྱས་པར་གསུངས་པའི་ཕྱིར། ཞེས་སྨྲ་བར་བྱེད་ཅིང། མདོ་དང་སྡེ་བདུན་


GTD002_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱ་ཆེར་མི་གསལ་བ་ནི། དེ་ལ་བརྟེན་པའི་བཤད་པ་དང་འབྲེལ་ཆུང་བས་ཡིན་ནོ། །ཞེས་བཤད་དོ། །སྒྲུབ་བྱེད་དེ་དག་ཐམས་ཅད་ནི་རིགས་པ་ལྟར་སྣང་ཁོ་ན་ཡིན་ཏེ། ཁྱོད་ལྟར་ན་སྡེ་བདུན་སྐབས་སུ་དེ་ལ་བརྟེན་པའི་བཤད་པ་འབྲེལ་ཆུང་བ་མི་འཐད་པར་ཐལ། འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་ཀུན་གཞིའི་སྟེང་ནས་བསྒྲུབ་དགོས་ལ། འདི་ཡང་ཀུན་བྱང་གི་རིམ་པ་མི་སྟོན་པར་བྱ་རོག་སོ་རྟོག་གི་བསྟན་ཆོས་མ་ཡིན་པའི་ཕྱིར་དང། ཕྱི་དོན་མེད་ཚུལ་དང། ལུགས་འདིའི་ཐ་སྙད་ཕྲ་མོ་འཇོག་ཚུལ་ལ་ཤིན་ཏུ་འབྲེལ་ཆེ་བའི་ཕྱིར་དང། མངོན་སུམ་ཚད་མ་དང་ལྟར་སྣང་གི་དབྱེ་བ་སོགས་བློ་རིག་མི་འདྲ་བའི་ཁྱད་པར་ཐམས་ཅད་གསུངས་ཀྱང་ཀུན་གཞི་དང་མི་འབྲེལ་བ་དེ། དེ་མི་བཞེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཡིད་ཤེས་ལ་རྒྱུན་བརྟན་པ་མི་སྲིད་པ་ཡང་མ་ཡིན་པར་ཐལ། ལེའུ་གཉིས་པར། ཐམས་ཅད་མཁྱེན་པ་བསྒྲུབ་པའི་སྐབས་སུ། རྟེན་མི་བརྟན་པ་ཉིད་འགྱུར་ན། །ཁྱད་པར་དག་ནི་མི་འཕེལ་ན། །རང་བཞིན་དེ་འདྲའང་མ་ཡིན་ཏེ། །ཞེས་རྟེན་བརྟན་པར་གསུངས་པའི་ཕྱིར། འཇུག་ཤེས་བག་ཆགས་ཀྱི་གཞིར་མི་རུང་བ་ཡང་མ་ཡིན་པར་ཐལ། ཕྱོགས་གླང་གི་དམིགས་པ་བརྟག་པ་ལས། ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ཞེས་སྔོ་འཛིན་སྔ་མ་སྔ་མའི་སྟེང་ན་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེད་པའི་ནུས་པའམ། བག་ཆགས་ཡོད་པ་དེ། ཕྱི་མ་ཕྱི་མའི་དམིགས་རྐྱེན་དུ་བཤད་པ་གང་ཞིག །དེ་དེའི་སྟེང་དུ་བསྒོས་ནས་ཡོད་ཀྱི། རེག་ལ་མ་འབྱར་བ་མ་ཡིན་པའི་ཕྱིར་དང། ལུགས་འདིའི་དབང་པོ་འཇོག་ཚུལ་ཐུན་མོང་མ་ཡིན་པ་ཡང། ལྷན་ཅིག་བྱེད་དབང་ནུས་པ་


GTD002_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ངོ་བོ་གང་ཡིན་ནུས་པའང་ཡིན། །ཞེས་བཤད་ཅིང། འཇུག་པ་ལས་ཀྱང། རང་གི་རྣམ་ཤེས་རྟེན་གྱི་ནུས་དེ་ལ། །དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོག །ཅེས་ཕྱོགས་སྔར་མཛད་པའི་ཕྱིར། དེར་མ་ཟད། རྣམ་འགྲེལ་ལས། མེད་པ་སྔར་ནུས་མེད་ཕྱིར་དང། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་རྒྱུ་འབྲས་དུས་མཉམ་འགོག་པའི་རིགས་པས་བསྒོ་བྱ་བསྒོ་བྱེད་མཉམ་དུ་གྲུབ་ན་བག་ཆགས་ཀྱི་སྔོན་དུ་དེ་འཇོག་བྱེད་མེད་ཅིང། བག་ཆགས་གྲུབ་ཟིན་ནས་འཇོག་མི་དགོས་ཞེས་བསྟན་ལ། གྲངས་ཅན་གྱི་གཙོ་བོ་འགོག་པའི་རིགས་པའི་འགྲོས་ཀྱིས་ཀུན་གཞི་ལ་ས་བོན་ཐམས་ཅད་རྟག་ཏུ་ཡོད་ན། སྣོད་བཅུད་ཀྱི་རིགས་མཐའ་དག་རྟག་ཏུ་སྐྱེ་བར་ཐལ་བ་སོགས་ཀུན་གཞི་འདོད་པའི་ལུགས་དང་མི་མཐུན་པའི་རིགས་པའི་འགྲོས་ཤིན་ཏུ་མང་ངོ་། །ལང་གཤེགས་དང་དགོངས་འགྲེལ་སོགས་སེམས་ཙམ་པའི་ཁུངས་གཏུགས་པའི་མདོ་རྣམས་དྲང་དོན་དུ་འགྲེལ་ན་སེམས་ཙམ་པར་མི་རུང་ཟེར་བ་ཡང་ལྟག་ཆོད་ཡིན་ཏེ། དེ་དག་ལས་མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་ཀྱི་ཁྱད་པར་ཕྱེ་བ་ལྟ་བུ་ལེགས་ཕྱེའི་ཆོས་འཁོར་དུ་འཇོག་བྱེད་གཙོ་བོ་རྣམས་དྲང་དོན་དུ་བཀྲལ་ན་སེམས་ཙམ་པར་མི་རུང་ཡང། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་པ་ལྟ་བུའི་དོན་ཚན་རེ་གཉིས་དྲང་དོན་དུ་བཀྲལ་བས་སེམས་ཙམ་པ་མིན་པར་མི་འགྱུར་བའི་ཕྱིར། མ་གྲུབ་ན། སློབ་དཔོན་ཆོས་གྲགས་ཀྱིས་ཀྱང་གཏན་ནས་རིགས་ཆད་དང་མཐར་ཐུག་ཐེག་པ་གསུམ་གྲུབ་སོགས་བཞེད་པར་ཐལ། སེམས་


GTD002_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་རྩ་བའི་མདོ་སྡེ་རྣམས་སུ་ཞི་བ་བགྲོད་པ་གཅིག་པུ་བ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་མི་ནུས་སོ། །ཞེས་དང། ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གསུངས་ཤིང། མདོ་སྡེ་རྒྱན་ལས་ཀྱང། ཆོས་དང་བདག་མེད་རྣམ་གྲོལ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །ཞེས་སོགས་ཀྱིས་མཐར་ཐུག་ཐེག་པ་གཅིག་བཤད་པ་དྲང་དོན་དུ་བཀྲལ་བའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། རྣམ་འགྲེལ་ལས། རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཞེས་སོགས་རིགས་པ་མཐའ་ཡས་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་ཅིང་མཐར་ཐུག་ཐེག་པ་གཅིག་ཏུ་རྐང་བཙུགས་ནས་བསྒྲུབས་པའི་ལུང་རིགས་ཐམས་ཅད་བསུབ་པའམ། ཡང་ན་དཔལ་ལྡན་ཆོས་གྲགས་སེམས་ཙམ་པའི་གྲལ་ནས་འབྱིན་དགོས་པར་འགྱུར་རོ། །དེར་མ་ཟད་ལང་གཤེགས་དང་རྒྱན་སྟུག་གི་སྐབས་འགའ་ཞིག་ཏུ་ཀུན་གཞི་གསུངས་པའི་དགོངས་པ་བཀྲལ་ཏེ་དྲང་དོན་དུ་གསུངས་པ་དང། དེ་ལྔའི་ནང་ནས་ས་བཅུ་བར་ཆོས་མཉམ་པ་ཉིད་བཅུའི་སྒོ་ནས་ཆོས་ཐམས་ཅད་བདེན་མེད་དུ་བཤད་པ་སོགས་ཡོད་པས་འགལ་འདུ་ཐམས་ཅད་ཁས་ལོངས་ལ་སེམས་ཙམ་པ་ཚད་ལྡན་གྱི་གྲལ་དུ་སྡོད་ཅིག །སྔགས་ཀྱི་བསྒྲུབ་གཞི་མི་རུང་བར་ཐལ་བའི་ཟབ་ཁྱད་བཏོན་པ་ཡང་ཉ་དང་ཉུང་མ་བསྲེས་པས་སྐབས་སུ་མ་བབས་ལ། ཤིན་ཏུ་ཕྲ་བའི་གཉུག་སེམས་དེ་ཉིད་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ངོ་བོར་བསྐྱེད་དེ་ཡུལ་སྟོང་པ་ཉིད་ལ་མཉམ་པར་འཇོག་པར་གསུངས་པ་དེ་ལ་བྱེད་ན། ཀུན་གཞི་ནི་ཐེག་


GTD002_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱི་སྒོམ་ལམ་མཐོན་པོར་མ་སླེབ་བར་དུ་མི་ལྡོག་ཅིང། དེའི་ངོ་བོ་ནི་སུམ་ཅུ་བར། རྣམ་པར་རིག་དང་མི་རིག་དང། །ཞེས་ཐོགས་མེད་སྐུ་མཆེད་བཞེད་པའི་ཀུན་གཞི་དེ་རང་ཡུལ་གང་ཡང་ངེས་མི་ནུས་པ་ཞིག་ཡིན་ལ་ཁྱོད་ཀྱིས་བཀྲལ་བའི་ཕྱོགས་གླང་ཡབ་སྲས་ལུགས་ཀྱི་ཀུན་གཞི་དེས་སྟོང་པ་ཉིད་ཀྱང་རྟོགས་པ་ངོ་མཚར་རོ། །ཀུན་གཞི་ལས་གཞན་འབྱུང་བ་མེད། །ཅེས་པ་ཙམ་བྱུང་ཡང་དེའི་དོན་བརྟག་པ་མཐའ་བཟུང་གི་ཀུན་གཞི་འདོད་ན་མ་གཏོགས་སེམས་རིགས་མཐུན་དུ་མ་ཅིག་ཅར་མི་འཇུག་པ་ལ་བཤད་དུ་རུང་ཞིང། ཡང་ན་བློ་གྲོས་ཡངས་པའི་ལེའུའི་ཚིག་རིས་དང་སྒོ་བསྟུན་ཙམ་ཡིན་ལ། ཀུན་གཞི་འདོད་ན་ཉོན་ཡིད་ཀྱང་འདོད་དགོས་པས་སྤྱིར་རྣམ་ཤེས་རིགས་མཐུན་དུ་མ་ཅིག་ཅར་མངོན་དུ་འགྱུར་བ་དང། ཁྱད་པར་དུ་བདག་མེད་རྟོགས་པའི་རྗེས་དཔག་དང། བདག་ཏུ་འཛིན་པའི་རྟོག་པ་གཉིས་ཅིག་ཅར་མངོན་དུ་གྱུར་པ་ཞིག་ཀྱང་འདོད་དགོས་པས། རྣམ་འགྲེལ་ལས། དེ་དག་རྣམས་ལས་རིགས་མཐུན་པའི། །རྣམ་པར་ཤེས་ལ་ངེས་པར་འགྱུར། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་དང། རྟོག་གཉིས་ཅིག་ཅར་མཐོང་བ་མེད། །ཅེས་སོགས་ལན་གྲངས་བརྒྱ་ཕྲག་ཏུ་གསུངས་པ་རྣམས་ཇི་ལྟར་དྲང་ལེགས་པར་བསམ་དགོས་སོ། །དེ་དང་སྒོ་བསྟུན་པའི་ཞི་འཚོ་འཕགས་སེང་སོགས་ཀྱིས་ཀུན་གཞི་བཞེད་པར་སྨྲ་བ་ཡང་ལྐུག་པའི་རིགས་པ་ཡིན་ཏེ་ཟུར་ཙམ་གོང་དུ་བཀག་ཟིན་པས་མ་སྤྲོས་ལ་དེ་དག་གིས་རྣམ་ཤེས་གྲངས་མང་ཉུང་གི་འདོད་ཚུལ་རགས་པ་ཙམ་སྨོས་ཟིན་པས་གཞི་


GTD002_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་རྣམ་དཔྱོད་ཅན་རྣམས་ཀྱིས་མཁས་པ་སོ་སོའི་བཞེད་ཚུལ་ལ་ཞིབ་ཏུ་དཔྱད་པར་བྱའོ། ། ༈ གཉིས་པ་ཀུན་གཞི་དང་ཉོན་ཡིད་ཀྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ་གཉིས། ཀུན་གཞི་བཤད་པ་དང། ཉོན་ཡིད་བཤད་པའོ། །དང་པོ་ལ་སྤྱི་དོན་དང། མཐའ་དཔྱད་པ་གཉིས། དང་པོ་ནི། ཀུན་གཞིའི་རྣམ་གཞག་རྒྱས་པར་གཏན་ལ་འབེབས་ཚུལ་ཡོད་དེ། ས་སྡེ་ལས། རང་བཞིན་མཚན་ཉིད་དམིགས་རྣམ་འཁོར། །འཇུག་པའི་ཚུལ་དང་ལྡོག་པའི་དུས། །དབྱེ་བ་རྣམ་གྲངས་སྒྲ་བཤད་དོན། །ཚད་མ་དག་གིས་ཤེས་པར་བྱ། །ཞེས་པ་ལྟར། རང་བཞིན། མཚན་ཉིད། དམིགས་པ། རྣམ་པ། འཁོར། འཇུག་ཚུལ། ལྡོག་དུས། དབྱེ་བ། མིང་གི་རྣམ་གྲངས། སྒྲ་བཤད། སྒྲུབ་བྱེད་ཀྱི་ཚད་མ་སྟེ་དོན་ཚན་བཅུ་གཅིག་ཏུ་ཕྱེ་ནས་བཤད་པའི་ཕྱིར། དང་པོ་ངོ་བོ་ཡོད་དེ། གཞི་ལྔའི་ནང་ནས་གཙོ་བོ་སེམས་ཀྱི་གཞི་ཡིན་ཞིང། དགེ་རྩ་ཆད་པ་དང། ཁམས་གོང་མ་པ་སོགས་ཐམས་ཅད་ལ་ཡོད་པས་ལུང་མ་བསྟན་ཡིན་ལ། སྒྲིབ་མ་སྒྲིབ་གཉིས་ཀྱི་ནང་ནས་ཀྱང་འདི་རྣམ་སྨིན་གྱི་ཆ་ཡིན་པས་མ་སྒྲིབ་ལུང་མ་བསྟན་དུ་ངེས་པའི་ཕྱིར། སུམ་ཅུ་པ་ལས། དེ་ནི་མ་སྒྲིབ་ལུང་མ་བསྟན། །ཞེས་དང། རྩ་བར་ཡང། བག་ཆགས་བསྒོ་གཞི་ཡིན་ཕྱིར་དང། །དགེ་དང་མི་དགེ་མངོན་གྱུར་དང། །རྒྱུད་གཅིག་ལ་ནི་འཇུག་པའི་ཕྱིར། །མ་སྒྲིབ་ལུང་མ་བསྟན་དུ་གྲུབ། །ཅེས་དང། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་དང། སྒྲིབ་ལ་བཅོ་བརྒྱད། ཅེས་གསུངས་པའི་ཕྱིར། ལུང་ཕྱི་མ་གཉིས་ལ་གྲུབ་མཐའ་གོང་འོག་མི་འདྲ་བའི་ཞིབ་ཆ་དགོས། གཉིས་པ་མཚན་ཉིད་དམ་འཇོག་བྱེད་ནི། རྒྱུན་ཤིན་ཏུ་བརྟན་


GTD002_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བག་ཆགས་བསྒོ་གཞིར་གྱུར་བའི་ཆ་ནས་བཞག་པའི་མ་སྒྲིབ་ལུང་མ་བསྟན་གྱི་གཙོ་སེམས་དེ། ཀུན་གཞིའི་མཚན་ཉིད། རྩོད་ཚེ་བག་ཆགས་བསྒོ་གཞིའི་ཆ་ནས་བཞག་པའི་སེམས་དེ་དེའི་མཚན་ཉིད། ཆ་བཞག་གིས་དག་ས་སོགས་ན་ཡོད་པའི་རྣམ་སྨིན་གྱི་རྣམ་ཤེས་གཅོད། དོན་དེ་ཅུང་ཟད་སྤྲོས་ན། གང་དུ་བསྒོ་བའི་གཞི། གང་གིས་བསྒོ་བའི་ཆོས། ཇི་ལྟར་བསྒོ་བའི་ཚུལ། བསྒོས་པའི་བག་ཆགས་ཀྱི་རང་བཞིན་བཞིར་ཡང་གསུང་ལ། བསྒོ་གཞི་ནི། ཐེག་བསྡུས་ལས། བརྟན་ལུང་མ་བསྟན་བསྒོ་བྱ་བ། །ཞེས་སོགས་བཞིན་དུ་རྩ་བར་ཡང། བརྟན་ལུང་མ་བསྟན་བསྒོ་བྱ་བ། །བསྒོ་བར་བྱེད་དང་འབྲེལ་བ་དང། །མཐའ་གཅིག་རྟེན་དུ་གྱུར་པ་སྟེ། །ཁྱད་པར་ལྔ་དང་ལྡན་པ་འོ། །ཞེས་གསུངས་ཏེ། དཔེར་ན་མེ་ཏོག་སྣ་མའི་དྲི་བསྒོ་བ་ལ། བརྟན་པ་ཤིང་སོགས་དེའི་རྟེན་དུ་རུང་གི མི་བརྟན་པ་སྒྲ་སོགས་དེའི་རྟེན་དུ་མི་རུང་བ་ལྟར། དབང་པོ་དང་དབང་ཤེས་རྣམས་གཟུགས་མེད་དུ་སྐྱེས་པའི་ཚེ་མི་འཇུག་པས་མི་བརྟན་ཅིང། དྲུག་པ་ཡིད་ཤེས་ནི། སུམ་ཅུ་བ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་བ། །སྙོམས་པར་འཇུག་པ་རྣམ་གཉིས་དང། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་གསུངས་ལ། ཉོན་ཡིད་ཀྱང། འཇིག་རྟེན་འདས་པའི་ལམ་ན་མེད། །འགོག་པའི་སྙོམས་པར་འཇུག་ནའང་མེད། །ཅེས་སྐབས་དེ་དག་ཏུ་མེད་པས་བསྒོ་གཞིར་མི་རུང་ཡང། ཀུན་གཞི་ནི་བསྒོ་བྱེད་ཡོད་ཀྱི་བར་རྒྱུན་བརྟན་པས་དེར་རུང་ངོ་། །ལུང་དུ་མ་བསྟན་པ་ཡང་དགོས་ཏེ། སྒོག་སྐྱ་དང་ཙན་དན་ལྟ་བུའི་དྲི་ཆེ་བ་ལ་


GTD002_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་དྲི་མི་འགོ་ཡང་ཏིལ་ལྟ་བུའི་དྲི་མཉམ་པ་ལ་འགོ་བ་ལྟར། དགེ་མི་དགེ་གང་རུང་ཡིན་ན། རིས་སུ་ཆད་པས་གཅིག་ཤོས་ཀྱི་བག་ཆགས་མི་འཛིན་པའི་ཕྱིར་དང། དེ་དང་ལྷན་ཅིག་མངོན་དུ་འགྱུར་ཡང་མི་རུང་བའི་ཕྱིར། བསྒོ་བར་བྱ་བའམ། བསྒོ་བར་འོས་པ་ནི། འདུས་མ་བྱས་རྣམས་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པས་བསྒོ་བྱེད་ཀྱི་ནུས་པ་མི་འཇུག་ལ་ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་བསྒོ་བའི་འོས་མ་ཡིན་ཏེ། ཐེག་བསྡུས་འགྲེལ་པ་ལས། བསྒོ་བར་བྱ་བ་མ་ཡིན་པ་འདི་ལྟ་སྟེ། རྡོ་བ་དང། དངུལ་དང། གསེར་ལ་སོགས་པ་ལ་ནི་མི་བསྒོའོ། །གང་བསྒོ་བ་འཛིན་པ་དེ་ལ་བསྒོ་བར་བྱེད་པས་བསྒོ་བ་ཞེས་བྱ་སྟེ། བསྒོ་བར་འོས་པ་ལའོ། །ཞེས་གསུངས་པའི་ཕྱིར་དང། གང་བསྒོ་བ་འཛིན་པ་དེ་ལ་བསྒོ་འོས་པའི་དོན་ཡང། དང་པོར་ལས་དེའི་བག་ཆགས་བཟུང་ནས་སླར་རྣམ་སྨིན་གྱི་ངོ་བོར་སྦྱར་ཏེ་མྱོང་ཞིང་དེ་ལ་སྨིན་པ་ཞིག་དགོས་པ་གང་ཞིག །མདོ་ལས། ལས་བྱས་ཤིང་བསགས་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་སྨིན་པ་མ་ཡིན། ཞེས་སོགས་གསུངས་པའི་ཕྱིར། ཡང་ན་ཐེག་བསྡུས་འགྲེལ་པའི་དོན། མེ་ཏོག་གི་དྲི་དེ་སྙི་བ་ཏིལ་སོགས་ལ་འགོ་ཡང་སྲ་བ་རྡོ་སོགས་ལ་མི་འགོ་བ་ལྟར། བག་ཆགས་བསྒོ་གཞི་ཡང་འདུས་བྱས་ལ་རུང་གི་འདུས་མ་བྱས་ལ་མི་རུང་བའི་དོན་ཏེ། ལུགས་འདིས་རང་བཞིན་གནས་རིགས་ཀྱང་འདུས་བྱས་སུ་འདོད་ཅིང། དེའི་སྟོབས་ཀྱིས་རིགས་བདེན་གྲུབ་དང་དེ་ལ་བརྟེན་ནས་མཐར་ཐུག་ཐེག་པ་གསུམ་དུ་སྨྲ་དགོས་བྱུང་བ་ཡིན་ནོ། །བསྒོ་བྱེད་དང་འབྲེལ་བ་ཡང། མེ་ཏོག་གི་དྲི་ཡུལ་དུས་གཞན་གྱི་དངོས་པོ་ལ་མི་བསྒོ་


GTD002_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར་རྒྱུད་གཞན་ལ་མི་རུང་བས་རྒྱུད་གཅིག་ལ་བསྒོ་བྱ་བསྒོ་བྱེད་ལྷན་ཅིག་ཏུ་འབྲེལ་བ་ཡིན་ལ། མཐའ་གཅིག་རྟེན་དུ་གྱུར་པ་ནི། དེའི་འཁོར་གྱི་རེག་སོགས་ནི་གཞན་ལ་བརྟེན་པ་ཡིན་པས་བསྒོ་གཞིར་མི་རུང་ཡང། ཀུན་གཞིར་རང་སྟོབས་ཀྱིས་བག་ཆགས་ཀྱི་གཞིར་ཡོད་པར་གསུངས་ཏེ། ཁྱད་པར་ཕྱི་མ་འདི་ཐེག་བསྡུས་ན་མི་གསལ་ཡང་དོན་གསང་གི་དགོངས་པ་བཀོད་པའོ། །འོ་ན་བསྒོ་གཞི་དེ་ལྟར་ཡིན་ན་བསྒོ་བྱེད་ཇི་ལྟ་བུ་ཞེ་ན། ཀུན་གཞི་རང་ཉིད་རང་ལ་བྱེད་པ་འགལ་བས་མི་རུང་ཞིང། དེ་ལས་གཞན་པའི་རྣམ་ཤེས་ཚོགས་བདུན་གྱིས་བསྒོ་ལ། བསྒོ་ཚུལ་ནི་ཏིལ་དང་མེ་ཏོག་ལྷན་ཅིག་ཏུ་བཞག་སྟེ། མེ་ཏོག་བསལ་ཀྱང་ཏིལ་ལ་དེའི་དྲི་གནས་པ་ལྟར་བསྒོ་བྱ་བསྒོ་བྱེད་གཉིས་རྒྱུད་གཅིག་ལ་ལྷན་དུ་ཚོགས་ཏེ་ཕྱིས་བསྒོ་བྱེད་རང་ཉིད་འགག་ཀྱང་རང་གི་བག་ཆགས་བསྒོ་གཞིའི་སྟེང་དུ་གནས་ཏེ། རྩ་བར། བསྒོ་བར་བྱེད་པས་བསྒོ་གཞི་ལ། །འགག་ལ་མངོན་དུ་ཕྱོགས་པའི་ཚེ། །བཞག་པའི་ནུས་པ་འོ། །ཞེས་དང། ཐེག་བསྡུས་ལས། ཏིལ་དག་ལ་མེ་ཏོག་དག་གིས་བསྒོས་པ་ཏིལ་དང་མེ་ཏོག་ལྷན་ཅིག་འབྱུང་ཞིང་འགག་ཀྱང་ཞེས་སོགས་ལྟར་རོ། །གསུམ་པ་དམིགས་པ་ནི། དོན་དང་སེམས་ཅན་བག་ཆགས་ལ། །ཞེས་ཕྱི་སྣོད་ཀྱི་རྣམ་རིག་དོན་ལྔ་དང། ནང་སེམས་ཅན་དུ་སྣང་བའི་དབང་སོགས་གཉིས་བཤད་དེ། དབུས་མཐའ་ལས་ཀྱང། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །ཞེས་དོན་དང་སེམས་ཅན་དུ་སྣང་བའི་རྣམ་ཤེས་ཀུན་གཞི་དང། བདག་ཏུ་སྣང་བའི་རྣམ་ཤེས་ཉོན་ཡིད་དང། རྣམ་


GTD002_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པར་སྣང་བའི་རྣམ་ཤེས་འཇུག་ཤེས་སུ་གསུངས་པ་ལྟར་འདིར་ཡང་སེམས་ཀྱིས་ཟིན་པའི་དབང་སོགས་ལ་སེམས་ཅན་གྱི་སྒྲས་བསྟན་ཅིང། སྒྲས་བརྗོད་ཀྱིས་ཕྱེ་ན་བག་ཆགས་ཏེ་དམིགས་པ་གསུམ་དུ་བཤད་དོ། །འོན་ཀྱང་བག་ཆགས་ནི་དམིགས་པ་དངོས་མིན་ཏེ། རྩ་བར། ས་བོན་གྱི། དབང་གིས་གནས་དོན་ལུས་སུ་ནི། །སྣང་ཕྱིར་དམིགས་པ་དག་ཏུ་འདོད། །ཅེས་བག་ཆགས་དེའི་སྟོབས་ཀྱིས་གནས་དབང་རྟེན་དང། དོན་ཡུལ་ལྔ། ལུས་དབང་པོ་སོགས་སྣོད་བཅུད་ཀྱི་སྣང་བ་འབྱུང་བས་དམིགས་པར་བཏགས་པ་ཙམ་དུ་བཤད་པའི་ཕྱིར། བཞི་པ་ནི། རྣམ་པ་རིས་སུ་མ་ཆད་ཅིང་མི་གསལ་བས་སྣོད་བཅུད་དེ་དག་སྣང་ཡང་ངེས་པ་འདྲེན་མི་ནུས་ཏེ། སུམ་ཅུ་བ་དང་འདི་གཉིས་ཀ་ལས། རྣམ་པར་རིག་པ་མི་རིག་པ། །ཞེས་གསུངས་ཤིང། དུལ་ལྷའི་འགྲེལ་བཤད་ལས་ཀྱང། དེ་ནི་དམིགས་པ་ཡོངས་སུ་མི་གསལ་བ་དང། རྣམ་པ་ཡོངས་སུ་མི་གསལ་བ་སྟེ། ཞེས་དང། ཀུན་གཞིའི་རྣམ་པར་ཤེས་པས་འདི་ལ་འདི་ཞེས་སོ་སོ་རང་གི་རིག་པས་རྣམ་པར་མི་རིག་སྟེ། ཞེས་སོ། ། ལྔ་པ་ནི། འཁོར་ཀུན་འགྲོ་ལྔ་ཁོ་ནར་ངེས་ཤིང། དེའི་ནང་ནས་ཚོར་བ་ཡང་བཏང་སྙོམས་འབའ་ཞིག་ཡིན་ཏེ། འདི་ཉིད་ལས། རེག་སོགས་ལྔར་ངེས་ཚོར་བ་ནི། །བར་མའོ། །ཞེས་བྱུང་སྟེ། མ་སྒྲིབ་ལུང་མ་བསྟན་ཡིན་པས་གཞན་རྣམས་ལ་དོགས་པ་ཆུང་ཡང་གཞན་འགྱུར་གྱི་ཁྲོད་དུ་དཔྱད་གཞི་ཅུང་ཟད་ཡོད། དྲུག་པ་འཇུག་ཚུལ་ནི། བསྡུ་བ་ལས། དམིགས་དང་མཚུངས་པར་ལྡན་པ་དང། །གཅིག་གི་རྐྱེན་ཉིད་གཅིག་ཡིན་དང། །ལྷན་ཅིག་དངོས་པོའི་འཇུག་པ་


GTD002_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དང། །ཞེས་ཡུལ་གང་ལ་དམིགས་ནས་འཇུག་ཚུལ། གྲོགས་གང་དང་མཚུངས་ལྡན་དུ་འཇུག་ཚུལ། འཇུག་ཤེས་སོགས་དང་ཕན་ཚུན་རྐྱེན་བྱས་ཏེ་འཇུག་ཚུལ། རྣམ་ཤེས་ཚོགས་དུ་དང་ལྷན་ཅིག་འཇུག་ཚུལ། རང་གི་དངོས་པོའི་འཇུག་ཚུལ་ཏེ་ལྔར་གསུངས་པའི་དང་པོ་བཞི་གོང་འོག་ཅི་རིགས་པར་འཆད་ཅིང། ལྔ་པ་ནི་རྒྱུན་གྱི་དབང་དུ་བྱས་ན་ཐོག་མ་མེད་པ་ནས་འཇུག་ལ། ཚེ་སྔ་ཕྱི་བརྒྱུད་དེ་འཇུག་ཚུལ་ཡང། སུམ་ཅུ་བ་ལས། ལས་ཀྱི་བག་ཆགས་འཛིན་གཉིས་ཀྱི། །བག་ཆགས་བཅས་པ་སྔ་མ་ཡི། །རྣམ་པར་སྨིན་པ་ཟད་ནས་གཞན། །རྣམ་སྨིན་བསྐྱེད་པ་དེ་ཡིན་ནོ། །ཞེས་ཚེ་སྔ་མར་ལས་ཀྱི་བག་ཆགས་གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱིས་གསོས་པ་ལས་ཚེ་འདིའི་རྣམ་སྨིན་གྱི་ཀུན་གཞི་གྲུབ་པ་ཡིན་ཞིང། འདི་ཟད་པ་ན་ཡང་སྔར་བཞིན་གསོས་ཏེ་རྣམ་སྨིན་གྱི་ཀུན་གཞི་གཞན་དང་གཞན་འབྱུང་བས་གཞན་སྡེའི་བདག་ལྟར་རྟག་པར་མི་འགྱུར་བ། ལས་འབྲས་ཀྱི་རྟེན་གཞི་ཆད་པར་ཡང་མི་འགྱུར་ཏེ། བློ་བརྟན་གྱི་འགྲེལ་པ་ལས། དེ་ལྟར་ན་ལས་ཀྱི་བག་ཆགས་འབའ་ཞིག་མ་ཡིན་གྱི། འཛིན་པ་གཉིས་ཀྱི་བག་ཆགས་ཀྱིས་ཟིན་པས་རྣམ་པར་སྨིན་པ་བསྐྱེད་དོ། །ཞེས་དང། སྔ་མའི་རྣམ་པར་སྨིན་པ་ཟད་ནས་ཞེས་བྱ་བ་འདིས་རྟག་པའི་མཐའ་སྤོང་ངོ༌། །རྣམ་པར་སྨིན་པ་གཞན་བསྐྱེད་དོ་ཞེས་བྱ་བས་ནི་ཆད་པའི་མཐའ་སྤོང་ངོ༌། །ཞེས་གསུངས་པའི་ཕྱིར། བདུན་པ། ལྡོག་མཚམས་ནི། ཐེག་དམན་གྱི་དགྲ་བཅོམ་དང། ཐེག་ཆེན་གྱི་ས་བརྒྱད་པ་ཐོབ་པ་ནས་ལྡོག་སྟེ། དེ་ཕྱིར་དབང་ཐོབ་དགྲ་བཅོམ་ལ། །ཀུན་


GTD002_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཡོད་པ་མ་ཡིན་ཏེ། །འཇོག་བྱེད་གཉིས་པོ་མེད་ཕྱིར་རོ། །ཞེས་དང། སུམ་ཅུ་པ་ལས། དགྲ་བཅོམ་ཉིད་ན་དེ་ལྡོག །ཅེས་སོ། །འོན་ཀྱང་གོང་དུ། ལྷག་མ་མེད་དང་རྡོ་རྗེ་ལྟའི། །བར་དུ་རྒྱུན་མི་འཆད་དུ་འཇུག །ཅེས་གསུངས་པ་དང་མི་འགལ་ཏེ། དེ་ནི་རྣམ་སྨིན་གྱི་རྣམ་ཤེས་ལ་དགོངས་ཤིང། ཀུན་གཞི་དངོས་ས་བརྒྱད་པ་ནས་ལོག་ཀྱང་རྒྱུན་ཟག་བཅས་ཀྱི་ཆ་སྤངས་པ་ནི་ཟག་པ་མེད་པའི་ཡེ་ཤེས་མེ་ལོང་ལྟ་བུར་གནས་གྱུར་པ་ནས་འཇོག་པའི་ཕྱིར། བསྡུ་བ་ལས། གནས་གྱུར་མ་ཐག་ཏུ་ཀུན་གཞིའི་རྣམ་པར་ཤེས་པ་སྤངས་པར་བརྗོད་པར་བྱ་སྟེ། ཞེས་དང། ཙནྡྲ་གོ་མིས། གང་ཡང་ཀུན་གཞིའི་རྣམ་པར་ཤེས། །མེ་ལོང་ཡེ་ཤེས་གནས་གྱུར་པ། །ཞེས་གསུངས་པའི་ཕྱིར། བརྒྱད་པ་དབྱེ་བ་ལ། སྒྲས་བརྗོད་ཀྱིས་དབྱེ་ན། རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི། དེ་ལ་བརྟེན་པ་ས་བོན་གྱི་ཀུན་གཞི་གཉིས་སུ་བཤད་པའི་སྔ་མ་ནི་ཀུན་གཞི་དངོས་ཡིན་ལ། ཕྱི་མ་དང་ཀུན་གཞིའི་སྟེང་གི་བག་ཆགས་དོན་གཅིག་གོ །དེ་ལའང། ངོ་བོ། དབྱེ་བ་གཉིས། དང་པོ་ནི། འདི་ཉིད་ལས། བརྟེན་པ་ས་བོན་ཀུན་གཞི་ནི། །བསྒོ་བར་བྱེད་པས་བསྒོ་གཞི་ལ། །འགག་ལ་མངོན་དུ་ཕྱོགས་པའི་ཚེ། །བཞག་པའི་ནུས་པའོ། །ཞེས་བསྒོ་བྱེད་ཚོགས་བདུན་གང་རུང་གིས་ཀུན་གཞིའི་སྟེང་དུ་རིགས་འདྲ་ཕྱི་མའམ་རྣམ་སྨིན་སོགས་འབྲས་བུའི་ཁྱད་པར་ཅི་རིགས་འགྲུབ་རུང་གི་ནུས་པ་ཁྱད་པར་བ་ཞིག་བཞག་པ་དེ་ཉིད་ཡིན་པར་གསུངས་སོ། །གཉིས་པ་དབྱེ་བ་ལ། དྲུག་ཏུ་དབྱེ་བ། གསུམ་དུ་དབྱེ་བ། བཞི་ཚན་གཉིས་སུ་དབྱེ་བ་རྣམས་ལས། དང་པོ་ནི། ཐེག་བསྡུས་ལས། ཕྱི་དང་ནང་དང་མི་གསལ་བ། །གཉིས་དང་ཀུན་རྫོབ་


GTD002_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ནི། །དམ་པའི་དོན་ཏེ་དེ་དག་ཀུན། །ས་བོན་རྣམ་པ་དྲུག་ཏུ་འདོད། །ཅེས་རྩ་བའི་དབྱེ་བ་ས་ལུ་སོགས་ཕྱིའི་ས་བོན། ཀུན་གཞི་ལ་གནས་པ་ནང་གི་ས་བོན་ཏེ་གཉིས་དང། དེ་གཉིས་རེ་རེ་ནས་དགེ་མི་དགེ་གང་དུ་ཡང་མི་གསལ་བ་སྟེ་ལུང་མ་བསྟན་ཡིན་པས་ཕྱིའི་མི་གསལ་བ་དང། ནང་གི་མི་གསལ་བ་ཞེས་གྲངས་གཉིས་དང། དེ་རིམ་པ་བཞིན་ཕྱི་ཐ་སྙད་པའི་ཤེས་པའི་སྣང་ཚོད་ཙམ་ཡིན་པས་ཀུན་རྫོབ་དང། ནང་དཔྱད་བཟོད་ཀྱི་ས་བོན་མཐར་ཐུག་པ་ཡིན་པས་དོན་དམ་པའི་ས་བོན་ཞེས་གྲངས་གཉིས་ཏེ་དྲུག་ཏུ་ཕྱེ་བ་ལྡོག་ཆ་ཙམ་ཡིན་གྱི་དོན་སྔ་མ་གཉིས་སུ་འདུས་སོ། །གསུམ་དུ་ཕྱེ་བ་ཡང། རྩ་བར། གཞན་ཡང་མངོན་བརྗོད་བདག་ལྟ་དང། །སྲིད་པའི་ཡན་ལག་བག་ཆགས་གསུམ། །ཞེས་ཆོས་རྣམས་ལ་འདི་ནི་འདིའོ་ཞེས་ཐ་སྙད་སྦྱོར་བའི་རྒྱུ་བྱེད་པ་མངོན་བརྗོད་ཀྱི་བག་ཆགས། རྟག་ཏུ་ངའོ་སྙམ་པ་སྐྱེད་པ་བདག་ལྟའི་བག་ཆགས། འགྲོ་བ་རྣམས་སུ་སྐྱེ་འཆི་འགྲུབ་བྱེད་སྲིད་པའི་ཡན་ལག་གི་བག་ཆགས་ཏེ། རིམ་པ་བཞིན་ཡིད་ཤེས་དང། ཉོན་ཡིད་དང། དགེ་མི་དགེའི་ལས་ཀྱིས་འཇོག་ཅིང། སྤྲོས་པའི་བག་ཆགས། འཇིག་ལྟའི་བག་ཆགས། སེམས་ཀྱི་བག་ཆགས་ཞེས་ཀྱང་བཤད་དོ། །བཞི་ཚན་གཉིས་ལས། དང་པོ་ནི། སྣོད་བཅུད་འགྲུབ་བྱེད་ཀྱི་བག་ཆགས་གཉིས་ལ་རིམ་བཞིན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བག་ཆགས་སམ། ཚོར་མེད་དང་ཚོར་བཅས་ཀྱི་བག་ཆགས་ཞེས་བཤད་པ་ཡིན་ལ། བཞི་ཚན་གཉིས་པ་ནི། གནས་ངན་ལེན་གྱི་བག་ཆགས། ཤིན་ཏུ་སྦྱངས་པའི་བག་ཆགས། སྤྱད་


GTD002_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པའི་བག་ཆགས། སྤྱད་མ་ཟིན་པའི་བག་ཆགས་ཞེས་ཀུན་ཉོན་ཕྱོགས་དང། རྣམ་བྱང་ཕྱོགས་དང། འཕངས་འབྲས་གྲུབ་ཟིན་དུས་ཀྱི་ལས་ཀྱི་ས་བོན་དང་མངོན་བརྗོད་ཀྱི་བག་ཆགས་བཞི་ལ་བཤད་པའི་དང་པོ་རྣམས་གོ་སླའང་སྤྱད་མ་ཟིན་པའི་དོན་ནི་མངོན་བརྗོད་ཀྱི་བག་ཆགས་དེ་ཉིད་ཐོག་མེད་ནས་ལྷན་སྐྱེས་སུ་འབྱུང་ཞིང། གཉིས་སྣང་འཁྲུལ་པའི་ཆ་གཉེན་པོས་མ་སྤངས་བར་དུ་སྤྱད་པས་ཟད་དུ་མེད་པ་ལ་བྱ་ཡི་སྔ་མའི་རིགས་པ་སྦྱར་ནས་འཕངས་འབྲས་ཕྱུང་མ་ཟིན་པའི་ལས་ཀྱི་བག་ཆགས་ལ་འདོད་པ་མི་འཐད་དེ། དཀའ་འགྲེལ་ལས། སྤྱད་མ་ཟིན་པའི་ས་བོན་ནི། མངོན་བརྗོད་ཀྱི་བག་ཆགས་ཏེ། དེ་ནི་ཐོག་མ་མེད་པ་ནས་འབྱུང་བའི་ཕྱིར། ཞེས་སོ། །དགུ་པ་རྣམ་གྲངས་དང། བཅུ་བ་སྒྲ་བཤད་གཉིས་ཕྱོགས་གཅིག་ཏུ་བཤད་ན་གོ་སླ་བས། དེའང་ཤེས་བྱ་ངོ་བོ་ཉིད་གསུམ་གྱི་གནས་ཡིན་པས་ཤེས་བྱའི་གནས་དང། ས་བོན་ཐམས་ཅད་ཀྱི་རྟེན་བྱེད་པས་ས་བོན་ཐམས་ཅད་པ་དང། རྣམ་སྨིན་གྱི་ལུས་ལེན་པས་ན་ལེན་པའི་རྣམ་ཤེས་ཞེས་ཐེག་ཆེན་གྱི་སྡེ་སྣོད་ལས་གསུངས་ལ། ཐེག་དམན་གྱི་སྡེ་སྣོད་ཀྱང་ཕལ་ཆེན་པའི་ལུང་ལས། ཉོན་མོངས་པའི་ཆོས་རྣམས་ཀྱི་རྩ་བ་ཡིན་པས་རྩ་བའི་རྣམ་ཤེས་དང། ས་སྟོན་པའི་ལུང་ལས། འཁོར་བ་ལས་མ་གྲོལ་བ་དེ་སྲིད་དུ་འཇུག་པས་འཁོར་བ་ཇི་སྲིད་པའི་ཕུང་པོ་དང། གནས་བརྟན་པའི་ལུང་ལས། སྲིད་པའི་རྒྱུ་བྱེད་པས་སྲིད་པའི་ཡན་ལག་གི་རྣམ་ཤེས་དང། མང་བཀུར་བའི་ལུང་ལས། ཟག་བཅས་ལས་ཀྱི་རྣམ་སྨིན་ཡིན་པས་རྣམ་པར་སྨིན་པའི་རྣམ་ཤེས་དང། ཐེག་པ་ཐུན་མོང་དུ། འཁོར་འདས་ཀུན་གྱི་གཞི་


GTD002_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་ཀུན་གཞིའི་རྣམ་ཤེས་ཞེས་བསྟན་པ་རྣམས་རྣམ་གྲངས་ཡིན་ཀྱང་དོན་གཅིག་ཁོ་ནར་མ་ངེས་སོ། །འོ་ན། ཐེག་བསྡུས་ལས། ཅིའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་སེམས་དེ་ཀུན་གཞིའི་རྣམ་པར་ཤེས་ཞེས་བྱ་བའམ། ལེན་པའི་རྣམ་པར་ཤེས་པར་མ་བསྟན་ཅེ་ན། ཤེས་བྱ་ཕྲ་མོ་བསྡུས་པའི་ཕྱིར། ཞེས་དང། བསྟན་འདི་འདི་ལྟར་གཞན་ན་མ་མཐོང་ལ། །འདི་དག་བྱང་ཆུབ་ཆེན་པོའི་རྒྱུར་མཐོང་བས། །གནས་ཚུལ་བསྟན་པ་ཁྱད་ཞུགས་གང་ཡིན་པ། །ཐེག་པ་ཆེན་པོ་སངས་རྒྱས་བཀར་འདོད་དོ། །ཞེས་གསུངས་པས་ཀུན་གཞིའི་ཐ་སྙད་ཐེག་པ་ཐུན་མོང་དུ་གསུངས་པ་མི་འཐད་སྙམ་ན་སྐྱོན་མེད་དེ། འདི་ཉིད་ལས། ཐེག་དམན་གཙུག་ལག་རྣམས་སུ་ཡང། །ཀུན་གཞི་རྩ་བའི་རྣམ་ཤེས་དང། །སྲིད་པའི་ཡན་ལག་ཇི་སྲིད་པའི། །ཕུང་བོ་རྣམ་གྲངས་དག་གིས་བསྟན། །ཞེས་གསུངས་ཤིང། སྐྱེ་དགུ་ཀུན་གཞི་ལ་དགའ་བ། ཀུན་གཞི་ལས་ཡང་དག་པར་འབྱུང་བ་ཞེས་སོགས་ལུང་གཅིག་ལས་འཕྲོས་པར་འབྱུང་བའི་ཕྱིར། དེས་ན་ཐེག་བསྡུས་ཀྱི་དོན་ཐེག་དམན་གྱི་སྡེ་སྣོད་ལས་ཐེག་ཆེན་བཞིན་དུ་ཀུན་གཞིའི་རང་བཞིན་འཇོག་བྱེད། འཇུག་ལྡོག་གི་ཚུལ་སོགས་མ་གསུངས་པའི་དོན་ཡིན་གྱི། དེའི་ཐ་སྙད་ཙམ་མེད་པ་མིན་ཏེ། དེ་ཉིད་ལས། བསྟན་འདི་འདི་ལྟར། ཞེས་དང། ཐེག་པ་ཆེན་པོར་ནི། ཀུན་གཞིའི་རྣམ་ཤེས། ལེན་པའི་རྣམ་ཤེས། ཤེས་བྱའི་གནས། ཞེས་སོགས་སྒྲ་དྲང་བོར་རྫོགས་པར་བསྟན་ཅིང། དེ་ལྟ་བུ་ཉན་ཐོས་ཀྱི་ཐེག་པར་བསྟན་པ་མེད་པས། ཞེས་གསུངས་པའི་ཕྱིར་དང། རྫོགས་པར་


GTD002_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་ཚིག་གི་ནུས་པ་འདོན་ཚུལ་ཡོད་པའི་ཕྱིར། དེས་ན་རང་ལུགས་འདིར་གཙོ་བོའི་དབང་དུ་བྱས་ན་སེམས་ཞེས་པ་ཡང་ཀུན་གཞིའི་མིང་གི་རྣམ་གྲངས་སུ་བཞེད་དེ། སྤྱིར་སེམས་ཡིད་རྣམ་ཤེས་གསུམ་དོན་གཅིག་ཀྱང། ངེས་ཚིག་གིས་བཤད་ན། ཀུན་གཞི་ནི་བག་ཆགས་བསགས་པའི་གཞི་ཡིན་པས་སེམས་དང། ཉོན་ཡིད་ཀྱིས་ཐོག་མེད་ནས་གོམས་པའི་ཤུགས་ཀྱིས་རྟག་ཏུ་ངར་སེམས་པས་ཡིད་དང། འཇུག་ཤེས་ཀྱིས་གཟུགས་སོགས་ཡུལ་དྲུག་སོ་སོར་རིག་པས་རྣམ་ཤེས་ཞེས་བཤད་དགོས་པའི་ཕྱིར། སུམ་ཅུ་པ་ལས། གྱུར་པ་དེ་ཡང་རྣམ་གསུམ་སྟེ། །རྣམ་པར་སྨིན་དང་ངར་སེམས་དང། །ཡུལ་ལ་རྣམ་པར་རིག་པ་འོ། །ཞེས་དང། བློ་བརྟན་གྱི་འགྲེལ་པ་ལས། བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་ཇི་ལྟར་འཕངས་པའི་འབྲས་བུ་མངོན་པར་འགྲུབ་པ་ནི་རྣམ་པར་སྨིན་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་རྟག་ཏུ་ངར་སེམས་པའི་བདག་ཉིད་ཡིན་པས་ངར་སེམས་པའོ། །གཟུགས་ལ་སོགས་པའི་ཡུལ་སོ་སོར་སྣང་བའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ནི་ཡུལ་ལ་རྣམ་པར་རིག་པ་ཞེས་བྱའོ། །ཞེས་སོ། །དེས་ན་ཀུན་གཞི་ལ་རྣམ་པར་སྨིན་པ་ཞེས་པ་ཡང། སྔ་མའི་ལས་ཀྱི་རྣམ་སྨིན་དེའི་སྟེང་དུ་སྨིན་པ་ལ་མི་བྱེད་ཀྱི། དེའི་སྟེང་དུ་ཡང་ཡང་བསགས་པའི་བག་ཆགས་ཀྱི་ནུས་པ་སླར་སྨིན་པར་འགྱུར་བ་ལ་བྱེད་དེ། དགོངས་འགྲེལ་ལས། དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་སྟེ། འདི་ལྟར་དེས་ལུས་གཟུང་ཞིང་བླངས་པའི་ཕྱིར་རོ་ནས། སེམས་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ནི་གཟུགས་དང། སྒྲ་དང། དྲི་དང། རོ་


GTD002_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དང། རེག་བྱ་དང། ཆོས་རྣམས་ཀྱི་ཀུན་ཏུ་བསགས་པ་དང་ཉེ་བར་བསགས་པ་ཡིན་པའི་ཕྱིར་རོ། །ཞེས་དང། རེད་མདའ་བའི་ཀུན་བཏུས་ཊཱིཀྐ་ལས། ཀུན་གཞི་ནི་བག་ཆགས་བསགས་པའི་རང་བཞིན་ཡིན་པས་སེམས་ཉིད་དུ་རིག་པའི་ཕྱིར་རོ། །ཞེས་གསུངས་ལ། རྒྱུ་མཚན་དེའི་ཕྱིར། སུམ་ཅུ་པ་ལས་ཀྱང། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་དང། དུལ་ལྷའི་འགྲེལ་བཤད་ལས། ཀུན་གཞིའི་རྣམ་པར་ཤེས་པ་ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པར་འགྱུར་ཏེ། དེ་བས་ན་རྣམ་པར་སྨིན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། བག་ཆགས་བསགས་པས་སེམས་ཞེས་བཤད་ཚུལ་ཡང། ཙི་ཏ་ཞེས་པ་སེམས་ཀྱི་སྐད་དོད་ཡིན་ལ། དེ་ཡང་བྱིངས་མདོ་ལས། ཙིཉྲ་གསོག་པ་ལའོ། །ཞེས་པའི་བྱིངས་བཞག ཉྲ་རྗེས་འབྲེལ་ཡིན་པས་ཕྱིས། ལས་མེད་པ་སོགས་ཀྱི་རྐྱེན་ཀྟ་བྱིན། ཀ་བརྗོད་དོན་ཡིན་པས་ཕྱིས། རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། ས་ར་དག་གིས་རྣམ་བཅད་དོ་ཞེས། ས་རྣམ་བཅད་བྱས་པས་ཙི་ཏཿགྲུབ་ཅིང། དེ་བཞིན་དུ་ཡིད་ཀྱང། མྣཱ་གོམས་པ་ལའོ། །ཞེས་པའི་བྱིངས་བཞག་སྟེ། རྐྱེན་ཏིཔྲ་བྱིན་ནས་བསྒྲུབས་པས་མ་ན་ཏི། ཞེས་པ་རྟག་ཏུ་གོམས་བཞིན་པའི་དོན་དུ་འགྲོ་ལ། རྣམ་ཤེས་ནི། བིད། ཤེས་པ་ལའོ། །ཞེས་པའི་བྱིངས་ལས་བསྒྲུབ་སྟེ། ཉེར་བསྒྱུར་གྱི་དབང་གིས། བི་བེ་དཿ ཞེས་པ་རྣམ་པར་རིག་པར་བྱེད་པ་དང། པྲ་བི་དི་ཏཿ ཞེས་པ་སོ་སོར་རིག་པར་བྱེད་པ་ལ་འཇུག་པའི་ཕྱིར། དེ་ལྟར་


GTD002_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡིད་རྣམ་ཤེས་གསུམ་གྱི་ངེས་ཚིག་དང་སྦྱར་ཏེ། སོ་སོར་བཤད་པ་མདོའི་དགོངས་པའང་ཡིན་ཏེ། ལང་གཤེགས་ལས། སེམས་ནི་ཀུན་གཞིའི་རྣམ་ཤེས་ཏེ། །ངར་འཛིན་པ་ནི་ཡིད་ཡིན་ནོ། །ཡུལ་ལ་རྣམ་པར་རིག་པ་གང། །དེ་ནི་འཇུག་པའི་རྣམ་ཤེས་འདོད། །ཅེས་དང། དོན་གསང་ལས། སོགས་པས་ན་སེམས་སོ། །རྟོགས་པས་ན་ཡིད་དོ། །རྣམ་པར་ཤེས་པས་ན་རྣམ་པར་ཤེས་པའོ། །ཞེས་གསུངས་པའི་ཕྱིར། བཅུ་གཅིག་པ་སྒྲུབ་བྱེད་ལ། ལུང་རིགས་གཉིས་ལས། ལུང་ནི་ཆོས་མངོན་པའི་མདོ་ལས། །ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང། །མྱ་ངན་འདས་པའང་འཐོབ་པར་འགྱུར། །ཞེས་དང། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་དང། ལང་གཤེགས་ལས། དེ་བཞིན་ཀུན་གཞིའི་ཆུ་བོ་ནི། །སྣ་ཚོགས་ཡུལ་གྱི་རླུང་གིས་བསྐྱོད། །རྣམ་ཤེས་སྣ་ཚོགས་རྦ་རླབས་རྣམས། །གང་ཞིང་རབ་ཏུ་འབྱུང་བར་འགྱུར། །ཞེས་དང། རྒྱན་སྟུག་པོ་བཀོད་པར། དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང། །རྣམ་ཤེས་བདུན་དང་ལྷན་ཅིག་གནས། །ཞེས་སོགས་དང། ཐེག་དམན་གྱི་ལུང་གོང་དུ་སྨོས་པ་རྣམས་སོ། །རིགས་པ་ཡང་ཕུང་པོ་ལྔའི་རབ་བྱེད་དང་སའི་སྟོད་འགྲེལ་སོགས་ལས་གསུངས་པའི་རྣམ་གྲངས་མང་ཡང། གཙོ་བོ་ནི་བསྡུ་བར། ལེན་དང་དང་པོ་གསལ་བ་དང། །ས་བོན་ལས་དང་ལུས་ཚོར་དང། །སེམས་


GTD002_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྙོམས་པར་འཇུག་པ་དང། །དེ་བཞིན་འཆི་འཕོ་མི་རུང་འགྱུར། །ཞེས་རིགས་པའི་གཙོ་བོ་བརྒྱད་དུ་བསྡུས་ནས་གསུངས་པའི་ནང་ནས་དང་པོ་མི་རུང་བ་དང། གསལ་བ་མི་རུང་བ་དང། ལས་བཞི་མི་རུང་བར་ཐལ་བ་གསུམ་ནི། ཕྱོགས་སྔ་མས། ཀུན་གཞི་འགོག་བྱེད་ཀྱི་གཙོ་བོ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པ་རྒྱུད་རེ་རེ་བའོ། །ཞེས་པའི་ལུང་དང་འགལ་བར་ཐལ་བའི་རྩོད་སྤོང་གི་རིགས་པ་ཡིན་ལ་གཞན་ལྔ་ནི་ཀུན་གཞི་ཡོད་པར་སྒྲུབ་པའི་གཏན་ཚིགས་དངོས་སོ། །དང་པོ་ནི། ཀུན་གཞི་མེད་ན་ལུས་ལེན་བྱེད་མེད་དགོས་ཏེ། ཡིད་ཀྱི་རྣམ་ཤེས་དེར་མི་རུང་བའི་ཕྱིར། དེར་ཐལ། འཇུག་ཤེས་རྣམས་ནི། ཡུལ་དབང་ཡིད་བྱེད་གསུམ་འདུས་ནས་གསར་དུ་གྲུབ་དགོས་པས་ཉིང་མཚམས་སྦྱར་མ་ཐག་པའི་ཚེ་འཇུག་ཤེས་རང་ཉིད་མ་སྐྱེས་པའི་ཕྱིར་དང་དེ་ལུས་ལེན་བྱེད་ཡིན་ན་འཛིན་བྱེད་ཀྱང་ཡིན་དགོས་ལ། དེ་རྣམས་ལུས་ཀྱི་ཆ་སོ་སོར་གནས་པས་ངེས་མ་ཟིན་པའི་ཆ་རྣམས་རྒྱུད་ཀྱིས་མ་བསྡུས་པར་འགྱུར་བའི་ཕྱིར་དང། སེམས་མེད་ཀྱི་གནས་སྐབས་སོ་སོའི་མཐར་གསར་དུ་འཇུག་ཤེས་སྐྱེས་པའི་ཚེ་ལུས་བླངས་པར་འདོད་དགོས་པས་ཚེ་གཅིག་ལ་ལུས་ཡང་ཡང་འདོར་ལེན་བྱེད་པར་ཐལ་བའི་ཕྱིར། ཞེས་སོགས་རྟགས་སྒྲུབ་ལྔ་གསུངས་ཤིང་འདི་ལྟར་ན་ཡིད་ཤེས་ཀྱི་གནས་སྙིང་ཁོ་ན་དང། སེམས་མེད་ཀྱི་གནས་སྐབས་སུ་དགེ་སོགས་མེད་པར་འདོད་དགོས་ཞེས་མཁས་པ་ཁ་ཅིག་གསུངས་ཏེ་དཔྱད་པར་བྱའོ། །རིགས་པ་གཉིས་པ་ནི། ཕ་རོལ་པོས་ཀུན་གཞི་ཡོད་ན་རྣམ་ཤེས་དུ་མ་ཅིག་ཅར་མངོན་དུ་འགྱུར་བར་ཐལ་བའི་སྐྱོན་བརྗོད་པ་ལ། དེ་ལྟར་སྐྱེ་བ་འདོད་པ་ཁོ་ན་ཡིན་ཏེ།


GTD002_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན། གཟུགས་སོགས་ཡུལ་དྲུག་ཁྱད་མེད་དུ་ཉེ་བར་གནས་ཤིང། དབང་པོ་དྲུག་ཀྱང་མཉམ་པར་ཡོད་ན་གཟུགས་ལ་བལྟ་འདོད་སོགས་ཡིད་བྱེད་དྲུག་ཉེ་རིང་ཁྱད་པར་མེད་པའི་ཚེ་མཇུག་དེ་མ་ཐག་རྣམ་ཤེས་དྲུག་ཀ་སྐྱེ་དགོས་པའི་ཕྱིར། དེར་ཐལ། རྒྱུའི་རྐྱེན་ཀུན་གཞི་ཡོད་ལ། དེ་མ་ཐག་རྐྱེན་སྔ་རོལ་དེ་མ་ཐག་འགག་པའི་ཤེས་པ་གང་ཡིན་གྱིས་བྱས་ཆོག་པ་གང་ཞིག །དམིགས་རྐྱེན་བདག་རྐྱེན་གཉིས་ཀྱང་འཛོམ་པས་རྐྱེན་བཞི་ག་ཚང་བའི་ཕྱིར། མ་ཁྱབ་ན། དེའི་ནང་ནས་དང་པོར་གཅིག་ཀྱང་མི་སྐྱེ་བར་ཐལ། རྐྱེན་ཚང་བར་ཁྱད་མེད་བཞིན་དུ་གཅིག་སྐྱེ་ལ་གཅིག་མི་སྐྱེ་བའི་རྒྱུ་མཚན་མེད་པའི་ཕྱིར། བློ་གྲོས་ཡངས་པའི་ལེའུ་ལས། གལ་ཏེ་རླབས་གཅིག་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་རླབས་གཅིག་འབྱུང་ངོ་ནས། ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ཅིང་རབ་ཏུ་གནས་ནས་གལ་ཏེ་མིག་གི་རྣམ་པར་ཤེས་པ་གཅིག་པུ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་མིག་གི་རྣམ་པར་ཤེས་པ་གཅིག་པུ་འབྱུང་ངོ་། །གལ་ཏེ་རྣམ་པར་ཤེས་པ་གཉིས་སམ་གསུམ་མམ་ལྔ་འབྱུང་བའི་རྐྱེན་ཉེ་བར་གནས་པར་གྱུར་ན་ཡང་གཉིས་སམ་གསུམ་མམ་ལྔའི་བར་དུ་ཡང་འབྱུང་བར་འགྱུར་རོ། །ཞེས་སོ། །རིགས་པ་གསུམ་པ་ཡང། ཕྱོགས་སྔ་དེ་ཉིད་ལ་འཕངས་པ་སྟེ། དེ་ཡང་རྣམ་ཤེས་དུ་མ་ཅིག་ཅར་སྐྱེ་བ་ཡོད་པར་ཐལ། གཟུགས་མཐོང་བཞིན་པའི་དུས་ཀྱི་དེ་ལ་འཇུག་པའི་ཡིད་ཤེས་གསལ་བ་གཅིག་དང། དེ་འདས་རྗེས་སུ་དྲན་པའི་རྣམ་ཤེས་མི་གསལ་བ་གཅིག་དང་གཉིས་ཡོད་པར་མྱོང་བས་གྲུབ་པའི་ཕྱིར། ཁྱབ་སྟེ། རྣམ་ཤེས་དུ་མ་ཅིག་ཅར་མེད་ན་མིག་ཤེས་མངོན་དུ་གྱུར་དུས་ཀྱི་ཡིད་ཤེས་གསལ་བ་དེ་མེད་དགོས་པའི་ཕྱིར། བཞི་པ་ནི། ཀུན་གཞི་མེད་ན་སེམས་ཅན་གྱི་རྒྱུད་ལ་དགེ་


GTD002_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ས་བོན་མེད་པར་འགྱུར་བའི་ཕྱིར་ཏེ། རྟེན་ཀུན་གཞི་མེད་ཅིང་འཇུག་ཤེས་རྣམས་དེར་མི་རུང་བའི་ཕྱིར། དེར་ཐལ། འཇུག་ཤེས་དགེ་བའི་རྗེས་སུ་མི་དགེ་བ་དང་ཁམས་གོང་འོག་འདས་མ་འདས་སོགས་སྤེལ་ནས་སྐྱེ་བས་ཕན་ཚུན་རྟེན་དུ་མི་རུང་བའི་ཕྱིར་དང། འཇུག་ཤེས་ལ་བསྒོ་ན་བརྒྱལ་བ་སོགས་ཀྱི་ཚེ་འཇུག་ཤེས་མེད་པས་བག་ཆགས་རྒྱུན་ཆད་དེ་ལས་བྱས་པ་ཆུད་ཟོས་པར་འགྱུར་བའི་ཕྱིར། གལ་ཏེ་དེའི་ཚེ་འཇུག་ཤེས་མངོན་གྱུར་དུ་མེད་ཀྱང་ས་བོན་གྱི་ཚུལ་དུ་ཡོད་ཟེར་ན། སྔ་མའི་སྐྱོན་སོ་ན་གནས་ཏེ་ས་བོན་ས་བོན་གྱི་རྟེན་དུ་མི་རུང་བས། དེ་ལ་ཡང་བསྒོ་གཞི་ཞིག་དགོས་པའི་ཕྱིར། ཡང་དེའི་ཚེ་འཇུག་ཤེས་མངོན་གྱུར་ཡོད་ཀྱང་རྒྱུན་གྱི་འཇུག་ཤེས་དང་མི་འདྲ་བར་དམིགས་རྣམ་བྱེ་བྲག་ཏུ་གཅོད་མི་ནུས་པས་ཤིན་ཏུ་ཕྲ་བ་ཞིག་ཟེར་ན་ཡང་མི་འཐད་པར་ཐལ། ངོ་བོ་དམིགས་རྣམ་དེ་ལྟ་བུ་ལ་ས་བོན་ཐམས་ཅད་ཀྱི་རྟེན་བྱེད་པ་ཞིག་ཡིན་ན། ཁྱོད་ཀྱིས་དེར་ཡིད་ཀྱི་རྣམ་ཤེས་ཞེས་བཤད་ཀྱང། དོན་ཀུན་གཞི་ལས་མ་འདས་པའི་ཕྱིར། ཐེག་བསྡུས་ལས། གང་བརྒྱལ་བ་དེ་ས་བོན་ཐམས་ཅད་པ་ཡིན་ན་ནི། དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་བྱ་བ་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཀྱི་རྣམ་གྲངས་ཀྱི་མིང་དུ་གཞུག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ས་བོན་མེད་ན་ཀུན་བྱང་ཐམས་ཅད་མེད་དགོས་པས་རིགས་པ་བཞི་པ་འདི་ཉིད་ལུགས་འདིའི་གཏན་ཚིགས་གཙོ་བོ་ཞིག་གོ །ལྔ་པ་ཡང་རྣམ་ཤེས་དུ་མ་ཅིག་ཅར་འབྱུང་བ་མེད་ན་ལས་མི་རུང་བར་འགྱུར་ཏེ། དཔེར་ན། ལམ་དུ་འགྲོ་བའི་ཚེ་སྣོད་ཀྱི་རྣམ་རིག་


GTD002_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་འཇིག་རྟེན་དུ་སྣང་བ་དང། གནས་ཀྱི་རྣམ་རིག་ནང་སེམས་ཅན་དུ་སྣང་བ་དང། ངའོ་སྙམ་པའི་རྣམ་རིག་བདག་ཏུ་སྣང་བ་དང། ཡུལ་གྱི་རྣམ་རིག་གཟུགས་སོགས་སོ་སོར་སྣང་བ་སྟེ་གང་དུ་འགྲོ་བ་དང། འགྲོ་བ་པོ་དང། འགྲོ་བའི་བྱ་བ་རྣམས་མ་ཤར་བར་འགྲོ་འོང་སོགས་ཀྱི་ལས་སམ་བྱ་བ་བྱེད་ཚུལ་མེད་པ་གང་ཞིག །དེ་དག་རྣམ་ཤེས་སོ་སོ་ལ་འཆར་བ་མ་གཏོགས་སེམས་གཅིག་ལ་སྐྱེ་མཆེད་ཐ་དད་པའི་སྣང་ཚུལ་དུ་མ་མི་རིགས་པའི་ཕྱིར། དྲུག་པ་ནི། ཀུན་གཞི་མེད་ན་དགེ་སེམས་ལྟ་བུ་མངོན་དུ་གྱུར་བའི་ཚེ་ལུས་ལ་ཕན་གནོད་བྱས་པས་མྱོང་བྱེད་ཀྱི་ལུས་ཚོར་མི་སྐྱེ་བར་འགྱུར་ཏེ། ཡིད་ཤེས་དགེ་བའི་དམིགས་པ་ལ་གཏད་པས་དེ་ཡིད་ལ་མི་བྱེད་ཅིང། ཀུན་གཞི་མེད་པས་དེ་ལ་རྟེན་སྦྱིན་པའམ་སློང་བའི་རྒྱུ་མེད་པའི་ཕྱིར། དཀའ་འགྲེལ་ལེགས་བཤད་རྒྱ་མཚོ་ལས། མྱོང་བ་དེ་ལ་རྟེན་སྦྱིན་པའི་སྒོ་ནས་ལུས་ལ་སྐྱེ་བར་འཇུག་པའི་རྟེན་མེད་པས། ཞེས་གསུངས་པའི་ཕྱིར། བདུན་པ་སེམས་མེད་སྙོམས་འཇུག་མི་རུང་བ་ནི། སེམས་མེད་སྙོམས་འཇུག་གཉིས་ལ་ཞུགས་པའི་གང་ཟག་གིས་ལུས་རྟེན་དེ་རྣམ་ཤེས་ཀྱིས་བོར་བས་ཤི་ལུས་སུ་འགྱུར་ཏེ། དེ་དང་རྟེན་བརྟེན་པའི་འཇུག་ཤེས་མེད་ལ་ཀུན་གཞི་མ་བཞག་པའི་ཕྱིར། འདོད་ན། ཆོས་སྦྱིན་མའི་མདོ་ལས། དྲོད་དང་མ་བྲལ་ཞིང་སྲོག་གི་དབང་པོ་དང་མ་བྲལ་བས། དེའི་རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ནོ། །ཞེས་སོགས་དང་འགལ་ཞིང་སྙོམས་འཇུག་གཉིས་ཀྱང་མེད་པར་འགྱུར་ཏེ། དེ་ལ་ཞུགས་པའི་གང་ཟག་མེད་པའི་ཕྱིར། དེ་བཞིན་དུ་མཉམ་གཞག་ཟག་མེད་ཀྱང་མི་


GTD002_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པར་འགྱུར་ཏེ། དེ་ལ་གནས་པའི་གང་ཟག་མེད་པའི་ཕྱིར། དེར་ཐལ། ཡིད་ཤེས་ཟག་མེད་ཡིན་པས་ཁམས་གསུམ་གང་རུང་གི་འགྲོ་བར་མི་འཐད་ཅིང། དེ་ལས་གཞན་གང་ཟག་གི་མཚན་གཞི་མེད་པའི་ཕྱིར་ཏེ། ཐེག་བསྡུས་ལས། དེ་ཉིད་ན་འཇིག་རྟེན་ལས་འདས་པའི་སེམས་མངོན་པར་བྱེད་ཚེ་དེ་མ་ཡིན་པ་གཞན་འཇིག་རྟེན་པའི་སེམས་མེད་པར་འགྱུར་བས་དེའི་འགྲོ་བ་ལྡོག་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། བརྒྱད་པ་ནི། ཀུན་གཞི་མེད་ན། རིམ་གྱིས་འཆི་འཕོ་ཞིང་དྲོད་སྡུད་པ་མི་རིགས་པར་འགྱུར་ཏེ། བྱེ་བཤད་ལས། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཁོག་པ་ཐམས་ཅད་ལ་ཁྱབ་པའོ། །ཞེས་པ་ལྟར་དེས་ལུས་ཀུན་བཟུང་སྟེ། ནམ་འཕེན་པ་ཟད་པ་ན་ལུས་ཀྱི་ཆ་གང་ཀུན་གཞིའི་རྟེན་དུ་མི་རུང་བར་གྱུར་པ་དེ་ནས་བསྡུས་པས་རིམ་པ་བཞིན་དུ་དྲོད་ཀྱང་སྡུད་པའི་ཕྱིར། དེར་ཐལ། དབང་ཤེས་རྣམས་ལུས་ཀྱིས་ཕྱོགས་རེ་བ་ཙམ་ལ་བརྟེན་པ་གང་ཞིག །ཡིད་ཤེས་དེ་ལྟར་མིན་ཡང་ཀུན་གཞི་ལྟར་ཆ་ཐམས་ཅད་དུ་ཁྱབ་ནས་འཛིན་པའི་ནུས་པ་མེད་པའི་ཕྱིར། ཕྱི་མ་དེར་ཐལ། ཡིད་ཤེས་གསལ་བར་ཡོད་བཞིན་དུ་དྲོད་སྡུད་པ་དུ་མ་ཡོད་པའི་ཕྱིར། བསྡུ་བ་ལས། འཆི་བའི་རྣམ་པར་ཤེས་པ་ལུས་ཀྱི་སྟོད་དམ་སྨད་དུ་དྲོད་ཡལ་བར་བྱེད་ཅིང་འདོར་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་ནམ་ཡང་མི་འབྱུང་བ་མ་ཡིན་ཏེ། ཞེས་དང། དཀའ་འགྲེལ་ལས། ཡིད་ཤེས་ནི་ལུས་ཀྱི་ཆ་ཤས་ལ་མི་གནས་ཀྱང། ཞེས་གསུངས་པའི་ཕྱིར། འདིས་སྙིང་ཁོ་ནར་གནས་པར་འདོད་པ་ཁེགས་སོ། །


GTD002_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། མཐའ་དཔྱད་པ་ལ། ས་བཟང་མ་ཏི་པཎ་ཆེན་གྱི་གསུང་ན་རེ། ཀུན་གཞི་ལ་ཀུན་རྫོབ་པ་རྣམ་ཤེས་དང། དོན་དམ་པ་ཡེ་ཤེས་གཉིས་ཡོད་ལ། འོན་ཀྱང་དེ་གཉིས་དོན་གཅིག་ཏུ་འདོད་པ་བདེན་གཉིས་ཀྱི་རྣམ་དབྱེ་མ་ཤེས་པ་ཡིན་པས། ཤིན་ཏུ་ཁྱད་པར་ཆེ་བར་འདོད་དེ། དེ་ཉིད་ཀྱི་ཀུན་བཏུས་འགྲེལ་པ་ལས། གཞུང་ལུགས་ཆེན་མོ་རྣམས་ཀྱི་དགོངས་པ་ཤེས་པ་ལ་ཀུན་རྫོབ་དང། དོན་དམ་དང། ཆོས་ཅན་དང། ཆོས་ཉིད་དང། རྣམ་ཤེས་དང། ཡེ་ཤེས་ལ་སོགས་པའི་རྣམ་པར་དབྱེ་བ་ཤེས་དགོས་ཤིང། ཁྱད་པར་སེམས་དང་ཀུན་གཞི་ལ་ཡང་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་དགོས་པས། ཞེས་པ་ནས། ཀུན་གཞི་ལའང་ཆ་གཉིས་ཀྱི་ཀུན་རྫོབ་པ་ཆོས་ཅན་རྣམ་ཤེས་ཀྱི་ཆ་ནི་གང་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་ཡ་གྱལ་དུ་གྱུར་པ་དེ་ཉིད་ཡིན་ལ། དོན་དམ་ཆོས་ཉིད་ཡེ་ཤེས་ཀྱི་ཆ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་ཏེ། རྒྱན་སྟུག་པོ་བཀོད་པ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྟན་པ་ཡང། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་སོགས་གསུངས་པ་ལྟར་རོ། །ཞེས་དང། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་ཞེས་པ་ནས། མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གང་གསུངས་པ་དེ་ཉིད། གསུང་གཅིག་ཉིད་དུ་གསུང་ན་ཡང། །དུ་མ་ཉིད་དུ་སོ་སོར་གོ །ཞེས་པ་ལྟར་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་གཉིས་ཀ་སྦྱར་ཏེ་བཤད་དུ་རུང་བས། འཕགས་པ་འདི་ཉིད་ཀྱི་ཐེག་པ་ཆེན་པོ་བསྡུས་པར། ཀུན་


GTD002_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་རྣམ་པར་ཤེས་པའི་སྒྲུབ་བྱེད་དུ་སྦྱར་ནས་བཤད་ཅིང། ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པར་ཀུན་གཞི་དེ་བཞིན་གཤེགས་པའི་སྒྲུབ་བྱེད་དུ་མདོ་དང་སྦྱར་ནས་བཤད་པ་ཡིན་ནོ། །ཞེས་དང། འགའ་ཞིག་དེ་གཉིས་གཅིག་པར་བཤད་པ་ནི། གང་དག་བདེན་པ་དེ་གཉིས་ཀྱི་ཞེས་པ་ནས། སྦུན་པ་དང་སྙིང་པོ་ལྟར་ཁྱད་པར་ཤིན་ཏུ་ཆེ་བར་གནས་པའི་ཕྱིར་རོ། །དེ་བས་ན་གནས་སྐབས་ཐམས་ཅད་དུ་བདེན་གཉིས་ཀྱི་རྣམ་དབྱེ་ལ་མཁས་པར་བྱའོ། །ཞེས་སོ། །དེ་ལ་འོ་ན་སེམས་ཙམ་པས་ཀུན་གཞི་དང་དེ་བཞིན་གཤེགས་པའི་སྙིང་པོ་གཉིས་ཀ་མདོ་དེའི་བསྟན་དོན་དུ་བྱས་ནས་ཁས་ལེན་པར་ཐལ། དེ་ལ་བདེན་པ་གཉིས་ཀྱི་ཆ་ཕྱེ་ནས་དེ་གཉིས་སོ་སོར་བཞག་པའི་ཕྱིར། རྟགས་སོང། ཁྱབ་སྟེ། གྲུབ་མཐའ་སྨྲ་བ་སུས་ཀྱང་རང་ལུགས་ཀྱི་བདེན་གཉིས་གཅིག་གིས་གཅིག་མི་འགོག་པས་འགལ་མེད་འཐད་ལྡན་དུ་ཁས་ལེན་དགོས་པའི་ཕྱིར། སྟོང་ཐུན་ལས། གྲུབ་མཐའ་སྨྲ་བ་སུའང། ཁོའི་བདེན་གཉིས་ཀྱི་རྣམ་གཞག་ལ་གྲུབ་མཐའ་སྨྲ་བ་གཞན་གྱིས་འགལ་འདུ་བརྗོད་པ་ཡོད་ཀྱི། རང་གིས་བཞག་པའི་བདེན་གཉིས་ཀྱི་རྣམ་གཞག་ལ་འགལ་འདུ་ཡོད་པར་རང་གིས་ཁས་བླངས་ནས། དོན་དམ་དཔྱོད་པའི་ཚད་མས་ཀུན་རྫོབ་འགོག་པར་སྨྲ་བ་སུ་ཡང་མེད་དོ། །ཞེས་གསུངས་པའི་ཕྱིར་དང། ཀུན་གཞི་གཉིས་པོ་དེ་ཆོས་ཉིད་རྣམ་འབྱེད་ལས། གང་ཞིག་ཤེས་ནས་འགའ་ཞིག་སྤང་ཕྱིར་དང། །གཞན་གང་ཞིག་ནི་མངོན་སུམ་ཉིད་བྱ་བ། ཞེས་སོ་སོར་འབྱེད་རྒྱུའི་ཆོས་དང་ཆོས་ཉིད་ཀྱི་གཙོ་བོར་ཁྱོད་ཀྱིས་བཞག་པའི་ཕྱིར། གོང་དུ་འདོད་


GTD002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ན། རྒྱུད་བླ་རྩ་འགྲེལ་ནས་བཤད་པ་ལྟར་གྱི་དེ་བཞིན་གཤེགས་པའི་སྙིང་པོ་དེ་ལུགས་འདིར་ཁས་ལེན་པར་ཐལ། དེ་དོན་དམ་བདེན་པར་འདོད་པའི་ཕྱིར། འདོད་ན། རྒྱུ་མཚན་གསུམ་གྱི་སྒོ་ནས་བདེ་གཤེགས་སྙིང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་འདོད་པར་ཐལ། རྒྱུད་བླའི་འགྲེལ་པར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར། ཞེས་སོགས་དང། ཆོས་མངོན་པའི་ལུང་སྔར་དྲངས་པ་གཉིས་དོན་གཅིག་ཏུ་བཤད་པའི་ཕྱིར། འདོད་མི་ནུས་ཏེ། སྐབས་འདིར་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པའི་ཕྱིར། གཞན་ཡང། སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ལ་རིགས་སུ་འཇོག་པར་ཐལ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང། །ཞེས་སོགས་དང། དཀོན་བརྩེགས་ལས། རིགས་དེ་ནི་ཐམས་ཅད་ཀྱི་ཚེ་ཆོས་ཀྱི་དེ་བཞིན་ཉིད་ཡིན་པས་ཆོས་ཀྱི་རོ་གཅིག་ཏུ་གྱུར་པ་ཉིད་ཀྱིས་རྟག་པའོ། །ཞེས་སོགས་ཀྱིས་ཆོས་ཉིད་ལ་ཁམས་དང་བདེ་གཤེགས་སྙིང་པོར་བཤད་ཅིང་ཁྱོད་ཀྱིས་ཀྱང་དེ་དོན་དམ་བདེན་པར་འདོད་པའི་རྩ་བ་དེ་ལ་ཐུག་པའི་ཕྱིར། འདོད་མི་ནུས་ཏེ། བྱང་ས་ལས། རང་བཞིན་གྱི་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། ཞེས་པ་ནས། རིགས་དེ་ནི་ས་བོན་ཞེས་ཀྱང་བྱ། ཞེས་དང། ཉན་ས་ལས། དེ་ནི་ལུས་ལས་ཁྱད་པར་དུ་གྱུར་པ་དང། སྐྱེ་མཆེད་དྲུག་གིས་ཟིན་པ། ཞེས་སོགས་ཀྱིས་ཁྱད་ཆོས་བཞི་ཚང་བའི་སེམས་སྟེང་གི་ས་བོན་ཞིག་ཏུ་བཤད་པའི་ཕྱིར་དང། ཉི་སྣང་ལས། དེ་དག་གི་རང་བཞིན་དུ་གནས་པའི་རིགས་ལ་རང་བཞིན་དུ་གནས་པའི་དོན་བརྗོད་དགོས་སོ། །ཞེས་


GTD002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་སེམས་ཙམ་པ་དང་རྩོད་ཚུལ་ཡོད་པའི་ཕྱིར། མདོ་དང་འཕགས་པའི་བཤད་ཚུལ་དེའང་ཁྱོད་ཀྱི་ཤེས་བྱེད་དུ་མི་རུང་བར་ཐལ། མདོ་ལས། བདེན་གྲུབ་དང་བདེན་མེད་གཉིས་ཀར་བཤད་པ་ཡོད་ཀྱང་གདུལ་བྱ་སོ་སོའི་དབང་དུ་བྱས་པ་ཡིན་ལ། འཕགས་པའི་གསུངས་ཚུལ་ཡང་སྐབས་སོ་སོ་ལ་མ་འདྲེས་པར་སྦྱོར་དགོས་པའི་ཕྱིར། ཕྱི་མ་དེར་ཐལ། དེར་རྒྱུད་བླའི་འགྲེལ་པར་དེ་བཞིན་གཤེགས་པའི་སྙིང་པོ་བཤད་ཀྱང། ཀུན་གཞི་ཟུར་ཙམ་ཡང་མ་བཤད། ཐེག་བསྡུས་སུ་དེ་བཞིན་གཤེགས་པའི་སྙིང་པོ་མ་བཤད་པར་ཀུན་གཞི་ལ་བཤད་པ་མ་གཏོགས་ཕྱོགས་གཅིག་ཏུ་བསྡེབས་ནས་ལུགས་གཅིག་ལ་མ་སྦྱར་བའི་ཕྱིར། དེར་མ་ཟད་གདུལ་བྱའི་སྐལ་བ་བཞིན་དུ་སོ་སོར་སྟོན་དགོས་པ་ཡང་རང་ཚིག་དང་འགལ་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་དུ་བཤད་པའི་དོན་དམ་ཡང་སེམས་ཙམ་པའི་རང་ལུགས་ཀྱི་དོན་དམ་ལ་བྱེད་དགོས་པས་དེ་དག་ཀུན་གཞི་གཉིས་སྟོན་ཡུལ་གྱི་གདུལ་བྱ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར། གཞན་ཡང་དེ་དོན་དམ་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པར་སྨྲ་བ་ནི་འཐད་ལྡན་སོགས་ཀྱི་ཚིག་ཟིན་འགའ་ཞིག་ལ་བརྟེན་ནས་སེམས་ཙམ་པའི་ཆོས་ཉིད་སེམས་སུ་འདོད་ཅེས་སྨྲ་མཁན་མང་དུ་བྱུང་བའི་ཤན་དང། ཁྱད་པར་དུ་ཇོ་ནང་པའི་ངེས་དོན་རྒྱ་མཚོ་ལས་དག་པ་ཡེ་ཤེས་ཀྱི་ཀུན་གཞི་འཁོར་བའི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞན་སྟོང་རྟག་བརྟན་གཡུང་དྲུང་ཐེར་ཟུག་དང། ཞེས་པ་དེ་ཉིད་ཀྱི་དྲི་བྲོ་བར་སྣང་ཡང་ལེགས་བཤད་སྙིང་པོའི་མཆན་འགྲེལ་


GTD002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དང། བདེན་བཞིའི་རྣམ་བཤད་དུ་དགག་ཟིན་པས་མ་སྤྲོས་ལ། ལུགས་འདིར་ཡང་ཆོས་ཉིད་ལ་དགག་བྱ་བཅད་ཙམ་གྱི་མེད་དགག་དགོས་པ་ནི། དགོངས་འགྲེལ་ལས། ངོ་བོ་ཉིད་དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་ལ་བདག་མ་མཆིས་པ་ཞེས་དང། ཐེག་བསྡུས་ལས། ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། གང་གཞན་གྱི་དབང་གི་མཚན་ཉིད་ལ་དོན་གྱི་མཚན་ཉིད་དེ་གཏན་མེད་པ་ཉིད་དོ། །ཞེས་སོགས་དུ་མས་འགྲུབ་བོ། །ཡང་ཁ་ཅིག །ཀུན་གཞིའི་ངོ་བོ་རྟོག་པར་འདོད་ཟེར་ན་མི་འཐད་པར་ཐལ། དེ་རྟོག་མེད་ཀྱི་བློ་ཡིན་པའི་ཕྱིར། དེར་ཐལ། གསལ་སྣང་ཅན་གྱི་བློ་ཡིན་པའི་ཕྱིར། དེར་ཐལ། རང་ཡུལ་གསལ་བར་སྣང་ཡང་དེ་ལ་ངེས་པ་འདྲེན་མི་ནུས་པའི་སྣང་ལ་མ་ངེས་ཀྱི་བློ་ཡིན་པའི་ཕྱིར། སུམ་ཅུ་པ་ལས། རྣམ་པར་རིག་པ་མི་རིག་པ། །ཞེས་དང། དཀའ་འགྲེལ་ལས། སྣོད་བཅུད་དེ་དག་སྣང་ཡང་རང་གིས་ཀྱང་མི་ངེས་ལ་རྗེས་སུ་ངེས་པ་ཡང་འདྲེན་མི་ནུས་པ། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ཀུན་གཞི་ལ་ཡུལ་གསལ་བར་སྣང་བ་མི་འཐད་པར་ཐལ། དེ་ཡུལ་འཆར་ཚུལ་རྟོག་པ་ལས་ཀྱང་མི་གསལ་བ་ཞིག་ཡིན་པའི་ཕྱིར། སྡེ་བདུན་ཡིད་ཀྱི་མུན་སེལ་ལས། རྣམ་པ་ཤིན་ཏུ་མི་གསལ་བ་ཐ་ན་ཡིད་ཤེས་རྟོག་བཅས་ལས་ཀྱང་མི་གསལ་བར་འདོད་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ཀུན་གཞི་ལ་ཡུལ་གསལ་བར་མི་སྣང་བའི་དོན་མིན་གྱི་དེ་རང་ཉིད་ངོ་བོ་ཕྲ་བའི་དབང་གིས་གཞན་ལ་འཆར་དཀའ་བའི་དོན་ཡིན་པའི་ཕྱིར། རྟོག་གེ་འབར་བ་ལས། འདིའི་ཞེའམ། འདི་ནའོ། །ཞེས་


GTD002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་མཁས་པ་རྣམས་ཀྱི་ཡུལ་ཡང་མ་ཡིན་པས་རྣམ་པ་ཡང་དག་པར་མི་རིག་པའོ། །ཞེས་སེམས་ཙམ་གྱི་འདོད་པ་བརྗོད་པའི་ཐད་དུ་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་མ་འབྲེལ་བར་ཐལ། དེ་ལྟ་ན་ཡིད་ཤེས་རྟོག་པ་ལས་ཀྱང་ཟེར་དོན་མེད་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། དབང་པོའི་མངོན་སུམ་ལས་ཡིད་ཤེས་རྟོག་པ་འཆར་དཀའ་ཞིང། འདི་དེ་ལས་ཀྱང་འཆར་དཀའ་བའི་ཕྱིར། དེས་ན་ཁ་ཅིག །མི་རིག་པ་ཞེས་པའི་དོན་དེས་རང་ཡུལ་ངེས་མི་ནུས་པ་ཁོ་ནར་འཆད་པ་མི་འཐད་པར་ཐལ། དེའི་དོན་ཀུན་གཞིས་ཕར་རང་ཡུལ་ངེས་མི་ནུས་པ་དང། ཀུན་གཞི་རང་ཉིད་ཚུར་གཞན་གྱིས་ངེས་དཀའ་བ་གཉིས་ཀ་ལ་བཤད་དགོས་པའི་ཕྱིར་ཏེ། སུམ་ཅུ་པའི་འགྲེལ་པ་ལས། དེ་ནི་འདི་ལ་འདིའོ་ཞེས་ཚོར་བའི་རྣམ་པར་མི་རིག་པས་དེའི་ཕྱིར་དེ་ནི་ལེན་པ་མི་རིག་པ་ཞེས་བྱའོ། །ཞེས་དང། དེ་ལ་འདིའོ་ཞེས་རིག་པར་མི་ནུས་པས་དེའི་ཕྱིར་མི་རིག་པ་ཞེས་བྱའོ། །ཞེས་བཤད་ཚུལ་གཉིས་བཀོད་པ་ལྟར་དུལ་ལྷའི་འགྲེལ་བཤད་དུ་ཡང་གསུངས་པའི་ཕྱིར། ཁ་ཅིག་ན་རེ། དབང་དོན་བག་ཆགས་གསུམ་ག་ཀུན་གཞི་ལ་གསལ་བར་སྣང་ཟེར་ན། དབང་དོན་གཉིས་སྣང་ཡང་བག་ཆགས་དེ་ལ་མི་སྣང་བར་ཐལ། བག་ཆགས་དེའི་དམིགས་པར་བཤད་པ་ནི་བག་ཆགས་ཀྱི་དབང་གིས་ཡུལ་སྣང་བ་ཙམ་ལ་དགོངས་པ་ཡིན་པའི་ཕྱིར། དེར་ཐལ། དཀའ་འགྲེལ་ལས། ས་བོན་དེ་སྣང་ནས་ཡུལ་དུ་མི་འགྱུར་ཡང་དེའི་དབང་གིས། ཞེས་སོགས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འོ་ན་གཟུགས་མེད་ཀྱི་ཀུན་གཞིའི་སྣང་ཡུལ་


GTD002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཐལ། དེར་གྱུར་བའི་དབང་དོན་གཉིས་མེད། བག་ཆགས་ཀྱང་མེད་པའི་ཕྱིར། རྟགས་ཕྱི་མ་ཁས། དང་པོ་གྲུབ་སྟེ། ཁམས་དང་ས་དེའི་དབང་དོན་གཉིས་མེད་ལ། ས་གཞན་གྱི་དེ་ཡུལ་དུ་མི་བྱེད་པའི་ཕྱིར། འདོད་མི་ནུས་ཏེ། སྣང་ཡུལ་ཤེས་པ་ཀུན་ལ་ཡོད། །ཞེན་ཡུལ་རྟོག་པའི་སྒེར་ཆོས་ཡིན། །ཞེས་བཤད་པའི་ཕྱིར་ཟེར། དེ་ལ་ཁ་ཅིག་ན་རེ། དེ་རིགས་པའི་རྗེས་འབྲང་གི་བཤད་ཚུལ་ཡིན་ལ། སྐབས་འདིར་ཤེས་པ་ཡིན་ན་རང་གི་སྣང་ཡུལ་ཡོད་མི་དགོས་པར་ཐལ། དཀའ་འགྲེལ་དུ། ཐེག་བསྡུས་ལས། འདས་སོགས་དེ་བཞིན་རྨི་ལམ་དང། །གཟུགས་བརྙན་རྣམ་པ་གཉིས་པོ་ཡང། །དམིགས་པ་ཡོད་པ་མ་ཡིན་པས། །དེ་ལ་དམིགས་པ་རུང་ཕྱིར་རོ། །ཞེས་གསུངས་པ་ལྟར། ཤེས་པ་ཐམས་ཅད་དམིགས་པ་ཡོད་པ་ལ་ལྟོས་མི་དགོས་ཀྱི། ཞེས་པ་ནས། ལས་ཀྱི་སྟོབས་ཀྱིས་འཇུག་གིས་སྣང་བའི་དམིགས་པ་ནི་ཡོད་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དོན་ཤེས་པའི་དམིགས་པ་ལ་ཕྱི་རོལ་གྱི་དངོས་པོ་ཞིག་ཡོད་མི་དགོས་ཞེས་པའི་དོན་ཡིན་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་དེའི་མཐུན་དཔེར་བཀོད་པའི་རྨི་ལམ་གྱི་ཤེས་པ་སོགས་ལའང་སྣང་ཡུལ་མེད་པར་ཐལ་བའི་སྐྱོན་འབྱུང་བའི་ཕྱིར་དང། ཡུལ་བཞི་གང་ཡང་མེད་ན་ཡུལ་རིག་པ་བློའི་མཚན་ཉིད་ཡིན་པས་ཤེས་པར་མི་རུང་ཞིང་ཡུལ་ཅན་ཙམ་ཡང་མ་ཡིན་པར་འགྱུར་བའི་ཕྱིར། གཞན་ཡང་དེ་མི་འཐད་པར་ཐལ། དེ་ལ་སྣང་རྒྱུའི་དམིགས་པ་ཞིག་ཡོད་ཀྱང་དབང་དོན་བག་ཆགས་གསུམ་གང་རུང་སྣང་མི་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། སུམ་ཅུ་བའི་འགྲེལ་པ་ལས། དམིགས་པ་


GTD002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང། རྣམ་པ་མེད་པའི་རྣམ་པར་ཤེས་པ་ནི་མི་རུང་ངོ༌། །ཞེས་དང། དུལ་ལྷའི་འགྲེལ་བཤད་ལས། ཀུན་གཞིའི་རྣམ་པར་ཤེས་པ་དམིགས་པ་དང། རྣམ་པ་མེད་པ་ནི་ཁོ་བོ་ཡང་མི་འདོད་མོད་ཀྱི། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། གཟུགས་མེད་པའི་མིང་གཞིའི་ཕུང་པོ་དེ་ཀུན་གཞིའི་དམིགས་པར་འཇོག་པའི་ཕྱིར། དེར་ཐལ། དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ། ཞེས་ཀུན་གཞིའི་དམིགས་པ་ལ་ནང་གི་ཉེ་བར་ལེན་པ་དང། ཕྱི་སྣོད་ཀྱི་གནས་གཉིས་སུ་ཕྱེ་སྟེ། སྔ་མ་ལ་བག་ཆགས་དབང་པོ་མིང་གསུམ་བཞག་པའི་ཕྱིར། སུམ་ཅུ་པའི་འགྲེལ་པ་ལས། བག་ཆགས་དང། གནས་དང་བཅས་པའི་དབང་པོའི་གཟུགས་དང་མིང་སྟེ། དེའི་དམིགས་པ་ཤིན་ཏུ་ཕྲ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་མིང་ཞེས་པ་གཟུགས་མེད་ལ་སྦྱར་དགོས་པའི་ཕྱིར། དེ་ཉིད་ལས། གཟུགས་མེད་པའི་ཁམས་ན་ནི། གཟུགས་སུ་རྣམ་པར་སྨིན་པ་མངོན་པར་མི་འགྲུབ་པས་མིང་གཞི་ལེན་པ་ཉིད་དེ། ཞེས་གསུངས་པའི་ཕྱིར། གཞན་ཡང། དེ་ལྟར་འཐད་པར་ཐལ། ལུས་དང་དབང་པོ་སོགས་དམིགས་པར་འཇོག་པའི་དོན་ཡང། དེ་དག་བླང་བྱའི་ཕུང་པོ་དང། ཀུན་གཞི་ལེན་པ་པོའི་གང་ཟག་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ། དེ་འདིར་ཡང་མཚུངས་པའི་ཕྱིར་དང། དམྱལ་བའི་སྡུག་བསྔལ་སོགས་ཀུན་གཞིས་དངོས་སུ་མ་མྱོང་ཡང་དེ་མྱོང་བྱེད་ཀྱི་ཚོར་བ་དེ་ཀུན་གཞི་ལ་སྣང་བའི་སྒོ་ནས་ཀུན་གཞི་རྣམ་སྨིན་མྱོང་བ་པོར་བཤད་པའི་ཕྱིར། འདི་ལ་ཐལ་འགྱུར་བས་གཞལ་ན།


GTD002_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པོར་རང་ཉེར་ལེན་གཅིག་རིགས་དངོས་མིན། །ཞེས་པའི་འགལ་བ་བརྗོད་ཚུལ་ཞིག་བྱུང་ཡང་སྐབས་མིན་པས་མ་སྤྲོས། ཡང་ཁ་ཅིག་ན་རེ། དམྱལ་བའི་ཀུན་གཞིས་སྡུག་བསྔལ་མྱོང་བར་ཐལ། དེ་བདེ་སྡུག་སོགས་རྣམ་སྨིན་མྱོང་བ་པོ་ཡིན་པའི་ཕྱིར། དེར་ཐལ། དེ་རྣམ་སྨིན་མྱོང་བ་པོའི་ང་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྣམ་སྨིན་མྱོང་བ་པོའི་མཚན་གཞིའི་ང་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་རྣམ་སྨིན་མྱོང་བ་པོ་དེའི་བཏགས་དོན་བཙལ་ན་རྙེད་པའི་ཕྱིར། དེ་རང་ངོས་ནས་གྲུབ་པའི་ཕྱིར། ཁྱོད་རང་ལ། རྒྱལ་པོ་མ་སྐྱེས་དགྲའི་རྒྱུད་ཀྱི་ཀུན་གཞི་དེ་རང་གི་ཕ་གསོད་པ་པོ་ཡིན་པར་ཐལ། དེ་ཕ་གསོད་པ་པོའི་རྒྱལ་པོ་མ་སྐྱེས་དགྲའི་མཚན་གཞིའི་ང་ཡིན་པའི་ཕྱིར། ཁྱབ་པ་འགྲིག །གོང་དུ་འདོད་ན། དམྱལ་བའི་ཀུན་གཞི་ཆོས་ཅན། རང་གྲོགས་ཚོར་བའི་སྒོ་ནས་སྡུག་བསྔལ་མྱོང་བར་ཐལ། སྡུག་བསྔལ་མྱོང་བའི་སེམས་ཡིན་པའི་ཕྱིར། ཁྱབ་སྟེ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དང་མཚུངས་ལྡན་གྱི་སྡུག་བསྔལ་མྱོང་བའི་ཚོར་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཚོར་བ་སྡུག་བསྔལ་ཡིན་པར་ཐལ། གདུང་བ་ཉམས་སུ་མྱོང་བའི་ཚོར་བ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཚོར་བ་བཏང་སྙོམས་ཡིན་པའི་ཕྱིར། ཀུན་གཞིའི་འཁོར་གྱི་ཚོར་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་བར། ཚོར་བ་ནི། བར་མའོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ།


GTD002_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞིའི་འཁོར་གྱི་ཚོར་བས་སྡུག་བསྔལ་མྱོང་བ་ཡོད་པར་ཐལ། ཚོར་བ་དེ་ལ་སྡུག་བསྔལ་སྣང་བ་ཡོད་པའི་ཕྱིར། ཁྱབ་སྟེ། ཚོར་བ་ལ་སྣང་བ་དེ་ཚོར་བས་མྱོང་བའི་དོན་ཡིན་པའི་ཕྱིར་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་ཚོར་བ་ཡིན་ན། འཁོར་བའི་སྡུག་བསྔལ་ཐམས་ཅད་ཅིག་ཅར་དུ་མྱོང་བས་ཁྱབ་པར་ཐལ། དེ་ཡིན་ན་བདེ་སྡུག་བཏང་སྙོམས་ཐམས་ཅད་སྣང་བས་ཁྱབ་པའི་ཕྱིར། འཁོར་གསུམ། གཞན་ཡང་ཚོར་བས་མྱོང་བ་དང། ཚོར་བ་དེ་ལ་སྣང་བ་གཉིས་གཏན་མི་འདྲ་བར་ཐལ། བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བས་སེམས་རྟེན་བྱས་པའི་བར་ཆད་མེད་ལམ་དང་མཚུངས་ལྡན་གྱི་ཚོར་བ་དེས་མྱོང་བ་དང། དེ་ལ་སྣང་བ་གཉིས་འགལ་བའི་ཕྱིར། དེར་ཐལ། དེ་བདེ་བའི་ངོ་བོར་སྐྱེས་པས་བདེ་བ་མྱོང་བར་འཇོག་ཀྱང་བདེ་བ་ཀུན་རྫོབ་ཡིན་པས་དེའི་སྣང་ཡུལ་དུ་མི་རུང། ཆོས་ཉིད་དེའི་སྣང་ཡུལ་ཡིན་ཀྱང་ཆོས་ཉིད་མྱོང་བའི་ཐ་སྙད་མེད་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། བདེ་བ་མྱོང་ཞེས་པའི་བདེ་བ་ཡང་ཚོར་བ་རང་ཉིད་ཡིན་གྱི་ཕྱིའི་ཆོས་མ་ཡིན་པའི་ཕྱིར། རྟགས་ཟུར་ཕྱི་མ་གྲུབ་སྟེ། བར་ཆད་མེད་ལམ་ཡིན་པའི་ཕྱིར། དེར་ཐལ། བར་ཆད་མེད་ལམ་པའི་རྒྱུད་ཀྱི་འཇུག་ཤེས་མངོན་གྱུར་པ་ཡིན་པའི་ཕྱིར་དང། དེས་ཆོས་ཉིད་མྱོང་ན་ཟག་བཅས་སྡུག་བསྔལ་དུ་རྟོགས་པའི་དངོས་གཞི་ཙམ་པོ་བ་དེས་སིམ་གདུང་གཉིས་ཀ་མྱོང་བའི་སྐྱོན་འཇུག་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཚོར་བའི་མྱོང་བྱ་དེ་དེའི་ཡུལ་ལ་བྱེད་པར་ཐལ། སྤྱོད་འཇུག་ལས། གཞན་མྱོང་བ་དང་འབྲེལ་བ་


GTD002_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཞེས་སྔོ་འཛིན་གྱིས་སྔོན་པོ་མྱོང་བར་བཤད་ཅིང། རང་ཡུལ་རང་སྟོབས་ཀྱིས་མྱོང་བའི་སེམས་བྱུང་མྱོང་བ་དེ། ཚོར་བའི་མཚན་ཉིད་དུ་བཤད་པའི་ཕྱིར་ཟེར་ན། སྔ་མ་ནི་རང་མྱོང་གཞན་མྱོང་དཔྱད་པའི་ཟླས་དྲངས་ཏེ་ཤར་བ་ཙམ་ལ་མྱོང་བར་བཏགས་པ་ཡིན་ཞིང། ཕྱི་མ་ཡང་སིམ་གདུང་བར་མ་ཅི་རིགས་རང་སྟོབས་ཀྱིས་མྱོང་བའི་དོན་ཡིན་ཏེ། སྤྱིའི་མཚན་ཉིད་དེ་ལྟར་འཇོག་ན། བྱེ་བྲག་ཚོར་བ་བདེ་བའི་མཚན་ཉིད་ལ་ཡང་རང་ཡུལ་སིམ་པ་རང་སྟོབས་ཀྱིས་མྱོང་བ་ཞེས་བཤད་དགོས་པ་གང་ཞིག །ལུས་ཚོར་བདེ་བའི་ཡུལ་དུ་གྱུར་པའི་སིམ་པ་གཞི་མ་གྲུབ་པའི་ཕྱིར། ཡང་ཁོ་ན་རེ། སྤྱིར་ཚོར་བ་དེ་ལ་སྣང་ན་དེས་མྱོང་བས་མ་ཁྱབ་ཀྱང། ཀུན་གཞིའི་འཁོར་གྱི་ཚོར་བ་ལ་ཁྱབ་པར་ཐལ། དཀའ་འགྲེལ་ལས། འདོད་ན། དེ་དག་ལ་སྡུག་བསྔལ་གྱིས་གདུང་བ་ཡོད་པར་འགྱུར་ཏེ། དེ་དག་གི་ཀུན་གཞིའི་སྟེང་གི་དམྱལ་སྣང་མཚན་ཉིད་པ་སྣང་བའི་ས་བོན་སད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཀུན་གཞིའི་སྣང་ཚུལ་འདི་ལ་མངོན་པ་བ་ཁ་ཅིག །བསམ་གཏན་བཞི་པ་མན་ཆད་ཀྱི་སྣོད་བཅུད་ཐམས་ཅད་སྣང་ཟེར། ཁ་ཅིག །བསམ་གཏན་བཞི་པ་ནི་བསྐལ་པ་ཆགས་འཇིག་སོགས་ཀྱི་ཁོངས་སུ་མི་གཏོགས་པར་ཐུན་མོང་མ་ཡིན་པའི་ལས་ཀྱི་བདག་འབྲས་ཡིན་པས་གསུམ་པ་མན་ཆད་སྣང་ཟེར། ལ་ལས་སྣོད་བཅུད་ཐམས་ཅད་སྣང་ཞེས་འདོད་ཅིང་དེ་ལ་ནང་གསེས་ཀྱིས་ཕྱེ་ན་བལ་པོ་ཛ་ཧུ་སོགས་མིའི་ཀུན་གཞི་ལ་འཇིག་རྟེན་ཐམས་ཅད་མིའི་འཇིག་རྟེན་ལྟ་བུར་སྣང་ཟེར་བ་རྣམ་པ་གཅིག་ཏུ་སྣང་བའི་ལུགས་དང། མིའི་


GTD002_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞི་ལ་ཡང་རིགས་དྲུག་གི་སྣོད་བཅུད་རིགས་དྲུག་སོ་སོ་ལ་འཆར་ཚུལ་ལྟར་དུ་སྣང་ཟེར་བ་རྣམ་པ་ཁྲ་བོར་སྣང་བའི་ལུགས་སོགས་ཡོད་ཀྱང། སྐབས་འདིར་དེ་དག་བཀག་ནས་མིའི་ཀུན་གཞི་ལ་མིའི་སྣོད་བཅུད་ཁོ་ན་སྣང་བར་བསྒྲུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། ཀུན་གཞིའི་དམིགས་པ་ལ། དེའི་སྟེང་གི་ལས་ཀྱི་བག་ཆགས་སྨིན་པ་ལས་བྱུང་བའི་ཕྱི་རོལ་གྱི་ལོངས་སྤྱད་བྱའི་ཆ་དང། དེ་ལ་ལོངས་སྤྱོད་བྱེད་ནང་ལེན་པའི་ཆ་གཉིས་སུ་ངེས་ཀྱི་ཀུན་གཞི་རང་ཉིད་ཀྱི་སྟེང་གི་བག་ཆགས་སྨིན་པའི་མདངས་ཕར་འཕྲོས་པ་མ་ཡིན་པའི་སྣོད་སེམས་ཅན་གཞན་གྱི་ལས་ལས་གྲུབ་པ་ཞིག་དེའི་དམིགས་པར་འོང་དོན་མེད་པའི་ཕྱིར། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། མར་མེ་འབར་བ་ནི་སྙིང་པོ་དང་སྣུམ་གྱི་རྒྱུས་ནི་ནང་དུ་འཇུག་པར་འགྱུར་ལ་ཕྱི་རོལ་ཏུ་ནི་འོད་འབྱུང་བར་བྱེད་པ་དེ་བཞིན་དུ། ནང་གི་ལེན་པའི་དམིགས་པ་དང་ཕྱི་རོལ་གྱི་དམིགས་པའི་ཚུལ་འདི་ལ་ཡང་ཀུན་གཞིའི་རྣམ་པར་ཤེས་པའི་ཚུལ་འདི་དང་འདྲ་བར་བལྟ་བར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། མར་མེའི་འོད་མར་མེ་ལས་འབྱུང་བ་ལྟར་ཀུན་གཞིའི་དམིགས་པའི་ཕྱི་རོལ་གྱི་དངོས་པོ་དེ་ལ་ཡང། ཀུན་གཞི་དེ་ཉིད་ཀྱི་རང་མདངས་ཕར་འཕྲོས་པ་ཞིག་དགོས་པར་བཤད་པའི་ཕྱིར། དེ་ལ་ཁོ་ན་རེ། བལྟ་བྱ་ཐུན་མོང་བའི་དངོས་པོ་གཅིག་མེད་པར་ཐལ། ལྷས་སྦྱིན་གྱི་ཀུན་གཞི་ལ་སྣང་ན་མཆོད་སྦྱིན་གྱི་ཀུན་གཞི་ལ་མི་སྣང་བས་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན་མཆོད་སྦྱིན་


GTD002_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལས་ཀྱི་བདག་འབྲས་མ་ཡིན་དགོས་པའི་ཕྱིར། དེར་ཐལ། ལྷས་སྦྱིན་གྱི་ལས་ཀྱི་བདག་འབྲས་ཡིན་པའི་ཕྱིར་ན། མ་ཁྱབ་སྟེ། དེ་གཉིས་ཀའི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། རྣམ་སྨིན་གྱི་འབྲས་བུ་ཐུན་མོང་བ་མེད་ཀྱང་བདག་འབྲས་ཐུན་མོང་བ་ཡོད་པའི་ཕྱིར་ཏེ། སྣོད་ཀྱི་འཇིག་རྟེན་གཅིག་ལ་དུ་མས་ཐུན་མོང་དུ་ལོངས་སྤྱོད་པ་ཡོད་པའི་ཕྱིར། ཁྱབ་སྟེ། དེའི་རྒྱུ་རེ་རེ་ནས་སུས་ཀྱང་མ་བསགས་ན་རྒྱུ་མེད་དུ་འགྱུར་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། བལྟ་བྱ་ཐུན་མོང་བ་མེད་པར་ཐལ། དེ་ཁོ་ན་ཤེས་པའི་བདག་ཉིད་དུ་མ་གྲུབ་དགོས་པའི་ཕྱིར། དཀའ་འགྲེལ་ལས། དེའི་ཚེ་ནི་ཐུན་མོང་བ་ཁས་མི་ལེན་ལ་མ་བརྟགས་མ་དཔྱད་པའི་དོན་གཟུང་ཆ་ཐུན་མོང་བ་འདོད་ཀྱང་ཤེས་པའི་བདག་ཉིད་དུ་མི་འདོད་དེ་ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ནི་གྲུབ་མཐའ་ཀུན་ཤེས་ལས། འདི་དག་རྟོག་ངོར་ཕྱི་རོལ་དོན་ཡང་ཡོད། །དོན་ལ་གཞན་རིག་སེམས་དང་སེམས་བྱུང་མེད། །ཅེས་པ་ལྟར་སྔ་རབས་པ་རྣམས་དབུ་སེམས་གང་གི་སྐབས་སུ་ཡང་མ་བརྟགས་མ་དཔྱད་ན་འདི་ཡིན་ལ་བརྟགས་ཤིང་དཔྱད་ན་དེ་ཡིན་ཞེས་ཆ་གཉིས་རེ་འབྱེད་པའི་ཕྱོགས་མཐུན་བྱས་ཙམ་ཡིན་གྱི་བལྟ་བྱ་ཐུན་མོང་ཡོད་ཀྱང་ཕྱི་དོན་ཡོད་མི་དགོས་པར་ཡབ་སྲས་ཀྱི་ཕྱི་རྩོམ་ཐམས་ཅད་དགོངས་པ་མཐུན་ནོ། །ཁ་ཅིག་ན་རེ། ཀུན་གཞི་བཀྲར་འཛིན་གྱིས་དབེན་ཕྱིར། །ཞེས་གསུངས་པ་མི་འཐད་པར་ཐལ། ཀུན་གཞིའི་འཁོར་གྱི་འདུ་ཤེས་དེས་རང་ཡུལ་ལ་སོ་སོར་ཕྱེ་སྟེ་འདི་ནི་འདིའོ། །འདི་ནི་འདི་མ་ཡིན་ནོ་ཞེས་མཚན་མར་ཕྱེ་ནས་འཛིན་པའི་ཕྱིར། འཇུག་པ་ལས། འདུ་ཤེས་


GTD002_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མར་འཛིན་པ་སྟེ། །ཞེས་དང། སུམ་ཅུ་པའི་འགྲེལ་པ་ལས། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པའོ། །ཡུལ་ནི་དམིགས་པའོ། །མཚན་མ་ནི་དེའི་བྱེ་བྲག་སྔོན་པོ་དང་སེར་པོ་ལ་སོགས་པ་དམིགས་པ་རྣམ་པར་བཞག་པའི་རྒྱུའོ། །དེ་ལ་འཛིན་པ་ནི་འདི་སྔོན་པོ་ཉིད་ཡིན་གྱི་སེར་པོ་ནི་མ་ཡིན་ནོ། །ཞེས་རྟོག་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཀུན་གཞི་ལ་དབང་དོན་སོ་སོར་སྣང་ཙམ་དེ་འདུ་ཤེས་ཀྱི་བྱེད་པར་བསྟན་པ་ཡིན་གྱི་འདི་ནི་འདིའོ་ཞེས་ངེས་པ་དབང་ཤེས་ལའང་མེད་པའི་ཕྱིར། མདོ་ལས། མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །ཞེས་དང། མཛོད་ལས། ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། དེ་ལ་འདི་ནི་འདིའོ་ཞེས་འཆར་བར་ཐལ། གཟུགས་མེད་དང་པོ་གཉིས་ཀྱི་ཀུན་གཞི་ལ་ནམ་མཁའ་མཐའ་ཡས་སོ། །རྣམ་ཤེས་མཐའ་ཡས་སོ། །སྙམ་དུ་འཆར་བ་གང་ཞིག །ཕྱི་མ་གཉིས་ཀྱང་རྒྱུ་ཕྲ་བ་དང་ཤིན་ཏུ་ཕྲ་བའི་དམིགས་པ་ཅན་ཡིན་པའི་ཕྱིར། བསྡུ་བ་ལས། གཟུགས་མེད་པའི་ཁམས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ན་ནི་རྒྱུ་ཚད་མེད་པའི་དམིགས་པ་ཅན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ཀུན་གཞིའི་འཆར་ཚུལ་མིན་གྱི་ཀུན་གཞིའི་དམིགས་པར་གྱུར་བའི་མིང་གཞིས་བསྡུས་པའི་སྙོམས་འཇུག་གི་ཡུལ་འཆར་ཚུལ་ཡིན་པའི་ཕྱིར། ལུང་འདི་ལ་བརྟེན་ནས་རྗེ་བཙུན་རེད་མདའ་བའི་ཀུན་བཏུས་ཊཱིཀྐར་མིང་གཞིའི་ཕུང་པོ་དམིགས་པར་མ་བཞག་པར་ནམ་མཁའ་མཐའ་


GTD002_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་སོ། །ཞེས་པ་ལྟ་བུ་དམིགས་པར་གསུངས་ཀྱང། བློ་བརྟན་དང་དུལ་ལྷའི་བཤད་ཚུལ་གོང་དུ་བཀོད་པ་དེ་ཉིད་བསྡུ་བའི་དགོངས་པའང་ཡིན་ཏེ། བསྡུ་བའི་ལུང་དེའི་གོང་གི་མདོར་བསྟན་དུ། དེ་ལ་ཕྱི་རོལ་གྱི་སྣོད་རྣམ་པར་རིག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ནི་ལེན་པའི་དམིགས་པ་གང་ཡིན་པ་དེ་ཉིད་ལ་བརྟེན་ནས་འཇིག་རྟེན་དང་སྣོད་ཀྱི་རྒྱུན་རྣམ་པར་རིག་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཁམས་གསུམ་ལ་ཆུང་ངུ་དང་ཆེན་པོ་ཚད་མེད་པ་སོགས་ཀྱི་དམིགས་པ་བཤད་པ་དེ་ཕྱིའི་དབང་དུ་བྱས་པའི་དམིགས་པའི་དབྱེ་བ་ཡིན་ལ། དེ་འཆར་ཚུལ་ནང་གི་དམིགས་པ་ལེན་པ་ལ་ཤར་བའི་སྒོས་ཀུན་གཞིའི་དམིགས་པར་འཇོག་པ་ལུང་དེས་ལེན་པའི་དམིགས་པ་གང་ཡིན་པ་དེ་ཉིད་ལ་བརྟེན་ནས་ཞེས་གསལ་བར་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཀུན་གཞི་ལ་རང་ཡུལ་ངེས་པ་ཡོད་པར་ཐལ། དེ་ལ་སྟོང་ཉིད་རྟོགས་པ་ཡོད་པའི་ཕྱིར། དེར་ཐལ། འཕགས་རྒྱུད་ཀྱི་ཀུན་གཞི་འཕགས་པ་ཡིན་པའི་ཕྱིར་ཏེ། བདེ་འགྲོ་བའི་རྒྱུད་ཀྱི་ཀུན་གཞི་བདེ་འགྲོ་བ་ཡིན་པའི་ཕྱིར། ཁྱབ་སྟེ། བདེ་འགྲོའི་མཚན་གཞི་ཡིན་པས་བདེ་འགྲོར་འཇོག་ན་སྔ་མ་ལ་ཡང་མཚུངས་པའི་ཕྱིར་ཟེར་ན། ཤིན་ཏུ་མི་མཚུངས་ཏེ། ཤཱ་རིའི་བུ་ལྟ་བུ་ལ་ང་དང་འགྲོ་བ་ཞེས་པ་སྔ་མའི་རྣམ་སྨིན་གྱི་ཕུང་པོ་གྲུབ་པའི་ལྡོག་ཆ་ཙམ་ནས་བཤད་ཅིང་རིགས་མཐུན་གྱི་འགྲོ་བ་ཐམས་ཅད་དང་ཐུན་མོང་དུ་འཇུག་པས་གདགས་གཞིའི་ཆ་ཡིན་ལ་དགེ་སློང་དང་འཕགས་པ་ཞེས་པ་སྡོམ་པ་དང། འཕགས་ལམ་སོགས་ཁྱད་པར་གཞན་ལ་ལྟོས་ནས་བཞག་པའི་བཏགས་ཆོས་ཀྱི་ང་ཡིན་པའི་ཕྱིར། དེར་ཐལ། དེ་དགེ་སློང་སོགས་


GTD002_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདོད་ན་དེའི་མཁན་སློབ་ཀྱང་འཇོག་དགོས་ལ་འོན་ཀྱང་དེའི་འགྲོ་བར་འཇོག་དགོས་པ་ནི། ཐེག་བསྡུས་ལས། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་མེད་ན། ཞེས་པ་ནས། དེའི་འགྲོ་བ་ལྡོག་པ་ཉིད་དུ་འགྱུར་རོ། །ཞེས་པས་འགྲུབ་བོ། །གཞན་ཡང་ཁྱོད་ལྟར་ན། ལྷར་གྱུར་བའི་བྱང་སེམས་ས་དང་པོ་བའི་མཚན་གཞིར་གྱུར་པའི་ཀུན་གཞི་དེ་ལྷ་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེའི་སྤྲུལ་བར་གྱུར་པའི་འཁོར་ལོ་བསྒྱུར་རྒྱལ་གྱི་མཚན་གཞིར་གྱུར་པའི་ཀུན་གཞི་དེ་མི་ཡིན་པར་ཐལ། སྤྲུལ་བ་དེ་མི་ཡིན་པ་གང་ཞིག །མིའི་མཚན་གཞི་ལ་མིས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། དེ་གཉིས་ཀྱི་མཚན་གཞི་ལ་ཀུན་གཞི་སོ་སོ་བ་རེ་འཇོག་པར་ཐལ། དེ་ལ་ལྷ་ཡིན་པ་གཅིག་དང། མི་ཡིན་པ་གཅིག་སྟེ་གཉིས་ཡོད་པའི་ཕྱིར། འདོད་ན། དེའི་ཚེ་སྤྲུལ་པ་བརྒྱ་ལ་ཀུན་གཞི་ཡང་བརྒྱ་འབྱུང་བར་ཐལ་ལོ། །འདོད་ན། མ་དག་ས་བདུན་གྱི་སྐབས་སུ་ཀུན་གཞི་དང། ཉོན་ཡིད་བརྒྱ་སྟོང་འབུམ་སོགས་ཡོན་ཏན་གྱི་གྲངས་ལྟར་སྤྲུལ་ནས་འཕེལ་དགོས་པར་ཐལ་ལོ། །གཞན་ཡང་སྤྲུལ་པ་དེ་དག་རྒྱུད་གཅིག་མ་ཡིན་པར་ཐལ། དེ་དག་རྩ་བའི་རྣམ་ཤེས་སོ་སོ་ཡིན་པའི་ཕྱིར། རྟགས་སོང། ཁྱབ་སྟེ། སྐུའི་རྣམ་པ་སྣ་ཚོགས་སུ་བསྟན་ཀྱང་རྩ་བའི་རྣམ་ཤེས་གཅིག་ཡིན་པས་རྒྱུད་གཅིག་པར་བཞག་པ་ཡིན་པའི་ཕྱིར། དེར་ཐལ། རྒྱུད་གཅིག་ཅེས་པའི་རྒྱུད་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། ཁོ་ན་རེ། དེ་བདེ་འགྲོ་བ་ཡང་མ་ཡིན་པར་ཐལ། འདོད་པའི་ཕྱིར་ཟེར་ན། མི་མཚུངས་ཏེ། སྤྲུལ་པ་སྤྲུལ་མཁན་ཐམས་ཅད་


GTD002_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་འགྲོ་བར་མཚུངས་པའི་ཕྱིར་ཏེ། བྱང་སེམས་ལ་བདེ་འགྲོ་བས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཁོ་ན་རེ། ལྷས་སྦྱིན་གྱི་ང་ལ་ཀུན་གཞིས་ཁྱབ་པར་ཐལ། དེ་ལ་ཉོན་ཡིད་ཀྱི་དམིགས་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལྟར་གསུངས་པ་གཙོ་ཆེ་བ་ལ་དགོངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། ལྷས་སྦྱིན་ཀུན་གཞི་མ་ཡིན་པའི་ཕྱིར། ཡང་ཁ་ཅིག །ལྷས་སྦྱིན་གྱི་ང་ལ་སྐྱེ་བ་སྔ་ཕྱིའི་ང་དུ་མ་ཡོད་ཟེར། ལ་ལས་དེ་བཀག་ནས་ལྷས་སྦྱིན་གྱི་ངའོ་སྙམ་པ་སྐྱེ་བའི་གཞིར་གྱུར་བའི་ང་ལ་སྐྱེ་བ་དེའི་ངས་ཁྱབ་ཟེར། དེ་གཉིས་ཀ་མི་འཐད་པར་ཐལ། ལྷས་སྦྱིན་གྱི་ང་ཞེས་བཤད་པའི་ཚེ་སྐྱེ་བ་དེའི་ཁྱད་པར་དུ་བྱས་པ་ཡིན་པས་སྐྱེ་བ་སྔ་ཕྱིའི་དུས་སུ་མེད་པ་གང་ཞིག །ངའོ་སྙམ་པའི་གཞིའི་ང་ཙམ་དེ་དུས་ཐམས་ཅད་དུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རྩ་ཤེས་ཊཱིཀ་ཆེན་ལས། ལྷས་སྦྱིན་གྱི་སྐྱེ་བ་སོ་སོར་ཕྱེ་བའི་བདག་ལ་ངའོ་སྙམ་དུ་བཟུང་བའི་བདག་ནི་ཚེ་རེ་རེ་བའི་བདག་ཕྱོགས་རེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ལྷས་སྦྱིན་གྱིས་མངོན་པར་ཤེས་པས་སྐྱེ་བ་སྔ་མ་དྲན་ནས་ངའོ་སྙམ་པ་དང། དེ་ལ་དམིགས་པའི་འཇིག་ལྟ་སྐྱེ་བ་ཡོད་ལ་ང་སྐྱེ་བ་ཕྱི་མར་སྡུག་བསྔལ་གྱིས་དོགས་ནས་དགེ་བ་བསྒྲུབ་པའང་ཡོད་པས་ཡུལ་དུས་བྱེ་བྲག་མ་ཕྱེ་བར་ངའོ་སྙམ་པའི་གཞིའི་ང་ཙམ་དེ་ཚེ་སྔ་ཕྱི་གཉིས་ཀའི་དུས་སུ་ཡོད་པའི་ཕྱིར། རྩ་ཤེ་ཊཱིཀ་ཆེན་ལས། ཚེ་འདིའི་ལྷས་སྦྱིན་གྱིས་གང་ལ་དམིགས་ནས་ངའོ་སྙམ་


GTD002_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེ་བའི་དམིགས་པར་གྱུར་པའི་བདག་ནི་ཚེ་རབས་སྔ་མ་རྣམས་སུ་ཡང་ཡོད་ལ། ཞེས་དང། ཚེ་འདིའི་དུས་ཀྱི་གང་ཟག་དེ་ཉིད་སྐྱེ་བ་ཕྱི་མར་མི་འགྲོ་ཡང་ངའོ་སྙམ་པའི་དམིགས་པའི་ང་ཙམ་ཞིག་དེར་ཡང་རྗེས་སུ་འགྲོ་བས། ཞེས་གསུངས་པའི་ཕྱིར། འདི་ལ་ཞིབ་ཆ་དགོས། ཁོ་ན་རེ། ལྷས་སྦྱིན་གྱི་ངའོ་སྙམ་པ་སྐྱེ་བའི་གཞིའི་ང་དེ་ཚེ་སྔ་མར་མེད་པར་ཐལ། དེ་དང་ལྷས་སྦྱིན་གཉིས་ཕན་ཚུན་ངོ་བོ་གཅིག་ཡིན་པའི་ཕྱིར། དེར་ཐལ། དངོས་སྨྲ་བ་རྣམས་དེ་གཉིས་ངོ་བོ་གཅིག་ཏུ་འདོད་ལ། ཐལ་འགྱུར་བས་མི་འདོད་པའི་ཁྱད་པར་ཡོད་པའི་ཕྱིར། ཊཱིཀ་ཆེན་ལས། ལྷས་སྦྱིན་དང་དེའི་བདག་གཉིས་ངོ་བོ་ཉིད་ཀྱིས་གྲུབ་པའི་ཕྱོགས་ལ་སོ་སོ་བ་མི་འདོད་པས་ངོ་བོ་གཅིག་ཏུ་འདོད་ལ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེ་རིང་གི་མི་ལ་ཁ་སང་ངས་གཟུགས་མཐོང་ངོ་སྙམ་པ་སྐྱེ་བ་མྱོང་བས་གྲུབ་པས་དངོས་སྨྲས་ཀྱང་འདོད་ལ། ལུང་དེའི་དོན་ལྷས་སྦྱིན་གྱི་གདགས་གཞིར་གྱུར་པའི་ང་དེ་ཐོག་མེད་ནས་ཡོད་པར་ཐལ་འགྱུར་བས་འདོད་ཀྱང་གཞན་གྱིས་མི་འདོད་པའི་དོན་ཡིན་པའི་ཕྱིར། དེ་ཉིད་ལས། ཐ་སྙད་འདོགས་མཁན་གྱི་མི་དང། ཐ་སྙད་བཏགས་པའི་གཞི་བདག་གཉིས་ཁྱབ་མཉམ་དུ་མི་གཟུང་བར་མི་དེ་བདག་དེའི་ཆ་གཅིག་ཡིན་པར་ཤེས་པར་བྱོས་ཤིག །ཅེས་གསུངས་པའི་ཕྱིར། དེའི་རྒྱུ་མཚན་ཡོད་དེ། སྐྱེ་བ་སྔ་ཕྱི་གཉིས་ཀ་ལ་ང་ཞེས་པའི་ཐ་སྙད་ཐུན་མོང་དུ་འཇུག་ཅིང་ཐལ་འགྱུར་བའི་ལུགས་ལ་ཐ་སྙད་དེ་ཙམ་གྱིས་ང་འཇོག་ནུས་པས་གཉིས་ཀའི་གདགས་གཞིར་


GTD002_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་བའི་ང་ཐུན་མོང་བ་མིང་གིས་བཏགས་པ་ཙམ་ཞིག་ཡོད་ཀྱང་སྔ་མའི་གདགས་གཞིའི་ང་དེ་ཕྱི་མའི་གདགས་གཞིའི་ང་ཡིན་མི་དགོས་ཏེ། དཔེར་ན། གསེར་བུམ་ཟངས་བུམ་གཉིས་བུམ་པའི་བྱེ་བྲག་ཡིན་པས་དེ་གཉིས་ཀྱི་སྤྱིར་གྱུར་པའི་བུམ་པ་ཞིག་ཡོད་དགོས་ཀྱང་གསེར་བུམ་གྱི་སྤྱི་དེ་ཟངས་བུམ་གྱི་སྤྱི་ཡང་མིན་ལ་དེ་གཉིས་ཀྱི་སྤྱིར་གྱུར་བའི་བུམ་པ་དེ་དེ་གཉིས་ལས་གོ་ས་ལོགས་ན་ཡང་བསྟན་རྒྱུ་མེད་པར་བུམ་པ་ཞེས་པའི་མིང་ཙམ་གྱི་སྟེང་ནས་འཇོག་དགོས་པ་བཞིན་ནོ། །དངོས་སྨྲ་རྣམས་ལྷས་སྦྱིན་གྱི་བཏགས་དོན་བཙལ་ཏེ་གདགས་གཞི་ཡང་དེའི་ཚོགས་པ་ནས་རྙེད་དགོས་པར་འདོད་པས་སྐྱེ་བ་གཞན་གྱི་ཚོགས་པར་རྗེས་སུ་འགྲོ་ཚུལ་མེད་ཅིང་དེའི་གནད་ཀྱིས་གདགས་གཞི་ཐུན་མོང་བ་ཡང་མི་སྲིད་དོ། །འདི་ནི་ཤིན་ཏུ་དཀའ་བའི་རིགས་པའི་གསང་ཚིག་ཞིག་ཏུ་སྣང་བས་ལེགས་པར་བཤད་ཡོད་དོ། །སྐྱེ་འཕགས་ཀྱི་གདགས་གཞིའི་ཡིན་པ་ཡོད་མེད་སོགས་མ་སྤྲོས་ཀྱང་ད་ལྟའི་རིགས་སྨྲ་རྣམས་ཀྱིས་དགོངས་པར་འགྱུར་རོ། །ཁ་ཅིག་ན་རེ། ཀུན་གཞིའི་དམིགས་པའི་དབང་པོ་ལ་གཞན་རྒྱུད་ཀྱི་དབང་པོ་ཡོད་པར་ཐལ། སུམ་ཅུ་པའི་འགྲེལ་པ་ལས་སེམས་ཅན་ནི་བདག་དང་གཞན་གྱི་རྒྱུད་ལ་དབང་པོ་ལྔར་སྣང་བ་གང་ཡིན་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཀུན་གཞི་སྤྱི་ཙམ་དང་གང་ཟག་ལྟོས་ས་ལྟོས་འཇོག་གི་དབང་དུ་བྱས་པའི་ཕྱིར། དེར་ཐལ། ལྷས་སྦྱིན་གྱི་ཀུན་གཞི་ལ་མཆོད་སྦྱིན་གྱི་དབང་པོ་སྣང་ན་དེ་གཉིས་རྒྱུད་གཅིག་ཏུ་འགྱུར་བའི་ཕྱིར། འོན་ཀྱང་མངོན་ཤེས་ལ་གཞན་གྱི་སེམས་སྣང་ཡང་རྣལ་


GTD002_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྱི་སྟོབས་ཡིན་པས་རྒྱུད་གཅིག་པར་མི་འགྱུར་ཚུལ་ནི་རྒྱུད་གཞན་སྒྲུབ་པ་སོགས་ལས་ཤེས་པར་བྱའོ། །ཁ་ཅིག་ན་རེ། ཀུན་གཞི་སྒྲིབ་ལུང་མ་བསྟན་ཡིན་པར་ཐལ། ཤེས་སྒྲིབ་དང་ལུང་མ་བསྟན་གྱི་གཞི་མཐུན་ཡིན་པའི་ཕྱིར། དེར་ཐལ། རྣམ་མཁྱེན་ཐོབ་པ་དང་དུས་མཉམ་དུ་སྤང་རྒྱུའི་ཆོས་ཡིན་པའི་ཕྱིར་ཟེར་ན། མི་འཐད་པར་ཐལ། ཀུན་འབྱུང་ཕྲ་མོས་བསྡུས་པའི་ལས་ཏེ་ཟག་བཅས་དང་ལས་གཉིས་ཀ་ཡིན་ཀྱང། ཟག་མེད་ལས་སུ་བཞག་པ་ལྟར་འགའ་ཞིག་སྒྲིབ་པ་དང་ལུང་མ་བསྟན་གཉིས་ཀ་ཡིན་ཀྱང་མ་སྒྲིབ་ལུང་མ་བསྟན་དུ་བཞག་ཆོག་ལ་ཀུན་གཞི་སྒྲིབ་པ་ཡང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མངོན་པ་གོང་འོག་གང་དུའང་ཤེས་སྒྲིབ་དང་སྦྱར་ནས་སྒྲིབ་ལུང་མ་བསྟན་དུ་བཤད་པ་མེད་ལ་མཛོད་ཀྱིས་ཉོན་སྒྲིབ་ལ་བཤད་པའི་རིགས་པ་སྦྱར་ན་འཁོར་དུ་སེམས་བྱུང་དུ་འཇུག་སོགས་ཐམས་ཅད་དང་མི་འགྲིག་པའི་ཕྱིར། གཉིས་པ་གྲུབ་སྟེ། ཀུན་གཞི་སྤང་བྱར་བཤད་པ་རྣམ་སྨིན་གྱི་ཆ་ཡིན་ལ་སྤོང་ཚུལ་ཡང་རྟོག་པའི་ངོ་བོ་སོགས་ཟག་བཅས་ཀྱི་ཆ་སྤོང་བ་ཡིན་གྱི་རྒྱུན་གཅོད་པ་མ་ཡིན་པའི་ཕྱིར། དེར་ཐལ། དེས་ལམ་འབྲས་གང་རུང་སྐྱེ་བ་ལ་གེགས་མི་བྱེད་པར་མ་ཟད་ལམ་གྱི་བག་ཆགས་འཛིན་བྱེད་ཡིན་ལ་མཐར་ཐུག་གི་ཚེ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་འགྱུར་བའི་ཕྱིར། དེར་ཐལ། དགོངས་འགྲེལ་ལས། མེ་ལོང་ལྟ་བུའི་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས་ཞེས་སོགས་ཀྱིས་རྣམ་ཤེས་གཞན་རྣམས་ཀུན་གཞི་ལས་འབྱུང་ཚུལ་དང། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་


GTD002_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །ཞེས་ཡེ་ཤེས་གཞན་རྣམས་མེ་ལོང་ཡེ་ཤེས་ལས་འབྱུང་ཚུལ་གསུངས་པའི་འབྲེལ་གྱིས་ཀྱང་ཀུན་གཞི་གནས་འགྱུར་གསུངས་པ་རྫས་རྒྱུན་སྔ་ཕྱི་རྣལ་མ་ཡིན་པར་བསྒྲུབ་ནུས་སོ། །ཡང་ཁ་ཅིག་ན་རེ། བརྒྱུད་ནས་དེ་ཡི་ཚོགས་དྲུག་གི །ཡུལ་དུ་སྣང་བར་གང་ནུས་པ། །ཀུན་གཞིའི་ཡུལ་དུ་འཇོག་པ་ཡིན། །ཞེས་པ་དང། དབང་དོན་ལས་གཞན་དྲུག་པའི་ཡུལ། །ཀུན་གཞིའི་ཡུལ་དུ་མི་འགྱུར་ཏེ། །ཞེས་པ་གཉིས་འགལ་ཟེར་ན་མི་འགལ་བར་ཐལ། སྔ་མའི་དོན་ནི་རྣམ་སྨིན་གྱི་དབང་པོ་དྲུག་ལ་སྣང་རྒྱུའི་ལས་ཀྱི་བདག་འབྲས་སུ་གྲུབ་པའི་ཡུལ་ཐམས་ཅད་ཀུན་གཞིའི་དམིགས་པར་འཇོག་པའི་དོན་ཡིན་ལ་ཕྱི་མ་ནི་དྲུག་པའི་ཡུལ་གྱི་གསུང་རབ་ཡན་ལག་བཅུ་གཉིས་དང་འདས་མ་འོངས་སོགས་འདུ་མ་བྱས་རྣམས་ཀུན་གཞིའི་ཡུལ་དུ་མི་འཇོག་པའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། བག་ཆགས་བསྒོ་བྱེད་ལ་དགེ་མི་དགེ་གང་རུང་གིས་ཁྱབ་ཟེར་ན། ཉོན་ཡིད་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། བདག་ལྟའི་བག་ཆགས་བསྒོ་བྱེད་ཡིན་པའི་ཕྱིར། གཞན་ཡང་བག་ཆགས་བསྒོ་བྱེད་ལ་ལུང་མ་བསྟན་ཡོད་པར་ཐལ། དགེ་མི་དགེ་གཉིས་ཀྱི་རྒྱུ་མཐུན་དང་རྣམ་སྨིན་གྱི་བག་ཆགས་གཉིས་ཀ་བསྒོས་ལ་ལུང་མ་བསྟན་གྱིས་རྒྱུ་མཐུན་གཅིག་པུ་བསྒོ་བའི་ཕྱིར། སུམ་ཅུ་པའི་འགྲེལ་པ་ལས། དགེ་བ་དང་མི་དགེ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པའི་བག་ཆགས་དང་རྒྱུན་མཐུན་པའི་བག་ཆགས་བསྐྱེད་དོ། །ལུང་དུ་མ་བསྟན་པ་དང་ཉོན་མོངས་པ་ཅན་གྱི་ཡིད་ནི་རྒྱུ་


GTD002_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་བག་ཆགས་ཉིད་བསྐྱེད་དོ། །ཞེས་གསུངས་པའི་ཕྱིར། ཡང་ས་བཟང་གི་འགྲེལ་པ་ལས། རྒྱུ་མཚན་ཚང་བའི་ཕྱིར། ཀུན་གཞིའི་འཁོར་གྱི་ཀུན་འགྲོ་ལྔ་པོ་དེ་དག་གིས་ཀྱང་རྒྱུ་མཐུན་པའི་བག་ཆགས་བསྒོས་པར་རིགས་པར་བྱའོ། །ཞེས་གསུངས་པ་མི་འཐད་པར་ཐལ། དེ་དམིགས་རྣམ་ཤིན་ཏུ་མི་གསལ་བའི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། དེར་མ་ཟད་དམིགས་རྣམ་མི་གསལ་བ་གཟུགས་ཡིད་འོང་མཐོང་བ་ལ་ལྷག་པར་ཆགས་དུས་ཀྱི་སྒྲ་འཛིན་རྣ་ཤེས་ལྟ་བུས་ཀྱང་བག་ཆགས་བསྒོ་མི་ནུས་པའི་ཕྱིར། དེར་ཐལ། དེས་སླར་ངས་སྒྲ་འདི་ལྟ་བུ་ཐོས་སོ་སྙམ་དུ་དྲན་ཤེས་བསྐྱེད་མི་ཐུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། རེད་མདའ་བའི་ཀུན་བཏུས་ཊཱིཀྐ་ལས། དེ་དང་མཚུངས་ལྡན་གྱི་སེམས་ལས་བྱུང་བ་དག་གིས་ཀྱང་བསྒོ་བར་མི་བྱེད་དེ། དེ་དག་ཀུན་གཞི་བཞིན་དུ་དམིགས་རྣམ་ཤིན་ཏུ་མི་གསལ་བའི་ཕྱིར་རོ། །ཞེས་དང། བག་ཆགས་འཇོག་པའི་ནུས་པ་མེད་པར་མཐོང་སྟེ། གང་གི་ཚེ་ཡིད་རྣམ་པར་གཡེང་བ་དང་དམིགས་པ་ནང་དུ་གཏད་པ་ལ་སོགས་པའི་གནས་སྐབས་ན་མིག་གིས་གཟུགས་མཐོང་བ་དང། ཞེས་པ་ནས། མཐོང་ཐོས་ཞེས་པའི་དྲན་པ་སྐྱེ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདི་དཀའ་འགྲེལ་ལས་ཀྱང་རང་ལུགས་སུ་མཛད་ལ་རིགས་པས་ཀྱང་འགྲུབ་སྟེ། བག་ཆགས་བཞག་པའི་དགོས་པ་ནི། རང་ཉིད་འགག་ཀྱང་ཀུན་གཞིའི་སྟེང་དུ་བག་ཆགས་བསྒོས་ཏེ་ཀུན་གཞིའི་ནུས་པ་གསོ་བྱེད་ཀྱི་རྒྱུ་བྱེད་ལ་དེའི་སྟེང་གི་བག་ཆགས་དེ་ཉིད་སླར་སད་ནས་རང་གི་རིགས་


GTD002_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ཕྱི་མ་དེ་ཀུན་གཞིའི་འབྲས་བུའི་ཚུལ་དུ་འབྱུང་བས་ཕན་ཚུན་རྒྱུ་འབྲས་སུ་སྦྱོར་བ་གང་ཞིག །སེམས་བྱུང་དེ་རྣམས་ཀུན་གཞི་དང་སྐྱེ་འགག་དུས་གཅིག་པས་དེ་འདྲ་བའི་དོགས་པ་གང་ཡང་མེད་པའི་ཕྱིར། ཆོས་མངོན་པའི་མདོ་ལས། ཆོས་ཀུན་རྣམ་པར་ཤེས་ལ་སྦྱོར། །དེ་དག་ལ་ཡང་དེ་དེ་བཞིན། །ཕན་ཚུན་འབྲས་བུའི་ངོ་བོ་དང། །རྒྱུ་ཡི་ངོ་བོར་རྟག་ཏུ་སྦྱོར། །ཞེས་དང། དབྱིག་གཉེན་གྱི་ཐེག་བསྡུས་འགྲེལ་པ་ལས། གང་གི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་རྒྱུ་ཡིན་པ་དེའི་ཚེ་དེ་འབྲས་བུ་ཡིན་ལ། གང་གི་ཚེ་དེ་རྒྱུ་ཡིན་པ་ན་ཀུན་གཞིའི་རྣམ་པར་ཤེས་པ་འབྲས་བུ་ཡིན་ནོ། །ཞེས་དང། རྩ་བར་ཡང། ཀུན་ནས་ཉོན་མོངས་ཆོས་ཐམས་ཅད། །རྒྱུ་འམ་འབྲས་བུའི་ངོ་བོ་རུ། །སྦྱོར་བའི་ཕྱིར་ན་ཀུན་གཞི་འོ། །ཞེས་གསུངས་པའི་ཕྱིར། དེའང་དགོངས་འགྲེལ་ལས། བདག་ཏུ་རྟོག་པར་གྱུར་ན། ཞེས་སོགས་ལྟར་ཀུན་གཞི་བསྟན་པ་ལ་རྗེ་བོ་ལྟ་བུའི་ཕུང་སོགས་ལ་དབང་སྒྱུར་བ་པོར་འཁྲུལ་པ་དང་སྣོད་བཅུད་མཐའ་དག་བྱེད་པའི་རྟག་པ་རང་བྱུང་གི་དབང་ཕྱུག་དང། རྣམ་འགྱུར་ཐམས་ཅད་སྤྲུལ་པའི་རྩ་བའི་རང་བཞིན་ལྟ་བུར་འཁྲུལ་ཉེན་ཆེ་ཡང་དོགས་པ་དེ་སེལ་བྱེད་ཀྱི་རིགས་པའི་གནད་འདི་ཡིན་ཏེ། གཞན་སྡེས་འདོད་པའི་དབང་ཕྱུག་སོགས་ནི་རང་ཉིད་གང་ལ་མ་ལྟོས་པའི་རྒྱུ་མེད་དང་རང་གིས་འབྲས་བུ་ཐམས་ཅད་འདོད་དགར་བྱེད་པར་འདོད་ལ་ཀུན་གཞིས་རང་སྟེང་དུ་སྔར་ལས་ཀྱི་ས་བོན་བཞག་པ་དེ་ལ་བརྟེན་ནས་དེ་དང་མཐུན་པའི་འབྲས་བུ་སྲེད་སོགས་ཀྱིས་གསོས་བཏབ་པ་ན་སྐྱེད་པར་འདོད་པའི་ཕྱིར། ཁ་ཅིག་ན་རེ། བག་ཆགས་བསྒོ་གཞི་དང་བསྒོ་བྱེད་འཇོག་པ་མི་འཐད་


GTD002_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ། བག་ཆགས་དེ་ཉིད་བསྒོ་བྱེད་གཞན་ལ་ལྟོས་མི་དགོས་པའི་ཕྱིར། དེར་ཐལ། དེ་ཐོག་མ་མེད་པ་ནས་ཆོས་ཉིད་ཀྱིས་གནས་པའི་ཕྱིར། དོན་གསང་ལས། ཇི་ལྟར་ཆོས་ཉིད་ཀྱིས་གནས་པའི་བག་ཆགས་སུ་འགྱུར་ཞེ་ན། ནས། ཏིལ་ལ་སོགས་པ་ལ་ཆོས་ཉིད་ཁོ་ནས་དྲི་འཛིན་པའི་ནུས་པ་ཡོད་དོ་ཞེས་བྱ་བར་ཤེས་སོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དོན་གསང་མཁན་པོས་བག་ཆགས་ཆོས་ཉིད་ཀྱིས་གནས་པ་ཁོ་ནར་འདོད་ཀྱང། རྗེས་རང་ལུགས་སུ་མ་མཛད་པའི་ཕྱིར། དེར་ཐལ། བག་ཆགས་བསྒོ་ཚུལ་ལ་ཆོས་ཉིད་ཀྱིས་གནས་པའི་བག་ཆགས་རྙིང་པ་ཁོ་ན་གསོ་བར་འདོད་པ་དང། གསར་བཞག་ཁོ་ནར་འདོད་པ་དང། རྙིང་པ་གསོ་བ་ཡང་ཡོད་ལ་གསར་བཞག་ཀྱང་ཡོད་པར་འདོད་པའི་ལུགས་གསུམ་ཡོད་པས་དང་པོ་དོན་གསང་མཁན་པོའི་བཞེད་པ་གང་ཞིག །ལུགས་ཕྱི་མ་གཉིས་འདོད་མཁན་བཞེད་ཚུལ་མི་འདྲ་བའི་ཕྱིར། དང་པོ་གྲུབ་སྟེ། དཀའ་འགྲེལ་ལས། ལུགས་གསུམ་དོན་གསང་དུ་བཀོད་ནས་ཕན་ཚུན་སྐྱོན་བརྗོད་དང་འགལ་སྤོང་རྒྱས་པར་བྱས་ཤིང་ལུགས་དང་པོ་འཐད་ཕྱོགས་སུ་ཁས་བླངས་ཀྱང་འདིར་ནི་ཕྱོགས་གསུམ་པ་བཟུང་ངོ༌། །ཞེས་གསུངས་པའི་ཕྱིར་དང། ལུགས་དང་པོ་ནི། དོན་གསང་ལས། བག་ཆགས་ནི་བསྒོ་བར་བྱེད་པ་ལ་མི་ལྟོས་པར་ཆོས་ཉིད་ཀྱིས་གནས་ལ་འདོད་ཆགས་ལ་སོགས་པ་ལྷན་ཅིག་སྐྱེ་བ་དང་འགག་པས་ནི་ཡོངས་སུ་གསོ་བ་འབའ་ཞིག་ཏུ་ཟད་ཀྱི་སྐྱེད་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སློབ་དཔོན་འདིའི་རང་ལུགས་འདི་ཉིད་ཡིན་པར་རེད་མདའ་བས་ཀྱང་


GTD002_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལ། འོན་ཀྱང་གྲུབ་མཐའ་ཆེན་མོར་གསུམ་པ་མ་བཀག་པས་རང་ཡང་འདོད་པར་སེམས། ཞེས་གསུངས་པས་དཔྱད་གཞི་ཆེ་བར་སྣང་ངོ༌། །རྟགས་གཉིས་པ་གྲུབ་སྟེ། གྲུབ་མཐའ་ཆེན་མོ་ལས། བུ་སྟོན་ཐམས་ཅད་མཁྱེན་པས་ལུགས་དང་པོ་བློ་བརྟན་དང། གཉིས་པ་བཙུན་པ་ཡང་དག་བདེན་སྨྲ་དང། གསུམ་པ་མཆོག་གི་སྡེ་དང་དགའ་བའི་སྡེར་འདོད་ལ། དཔང་ལོ་དང་ས་བཟང། དང་པོ་ཟླ་སྐྱོང་དང་ཡང་དག་བདེན་སོགས་དང། གསུམ་པ་ཆོས་སྐྱོང་སོགས་ལ་འདོད་གསུང་ཡང་ལུང་དང་རྒྱུ་མཚན་སྤྲོས་པ་མ་མཐོང། ཞེས་གསུངས་པའི་ཕྱིར། བློ་བརྟན་གྱིས་དེ་ལྟར་བཞེད་པ་ནི། དུལ་ལྷའི་སུམ་ཅུ་པའི་འགྲེལ་བཤད་ལས། འགྲེལ་པ་བྱེད་པས་ཕྱོགས་པར་མ་བཞག་གོ །ཞེས་གསུངས་པས་འགྲུབ་སྟེ། དེར་བག་ཆགས་གདོད་མ་ནས་ཡོད་པ་དེ་ལུགས་གཉིས་པར་བཀོད་པའི་ཕྱིར། རྗེའི་རང་ལུགས་ལ་བཤད་ཚུལ་གསུམ་པ་འཐད་ལྡན་དུ་མཛད་དགོས་ཏེ། བཤད་ཚུལ་དང་པོ་མི་འཐད་པ་གང་ཞིག །གཉིས་པ་ཡང་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། བག་ཆགས་ཆོས་ཉིད་ཀྱིས་གནས་པ་ཁོ་ན་ཡིན་ན། ཀུན་གཞི་དང་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཕན་ཚུན་རྒྱུ་འབྲས་སུ་སྦྱོར་ཚུལ་མེད་པས་ཐེག་བསྡུས་དང་འགལ་ཞིང་གྲངས་ཅན་གྱི་གཙོ་བོ་ལྟ་བུར་འགྱུར་བ་དང། ལམ་སྒོམ་པ་སོགས་ཀྱི་རྩོལ་བ་གསར་དུ་བྱེད་པ་དོན་མེད་དུ་ཐལ་བ་དང། ཐ་ན་ཏིལ་ལ་མེ་ཏོག་གི་དྲི་བསྒོ་བ་ལྟ་བུ་ཡང་མི་སྲིད་པར་འགྱུར་བའི་ཕྱིར། དེར་ཐལ། དེ་ལ་ནུས་པ་དེ་འབྱུང་བ་ལ་དེའི་ནུས་པ་སྔར་ནས་ཡོད་དགོས་པའི་ཕྱིར་ཏེ། སྔར་མེད་


GTD002_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནུས་པ་གསར་དུ་བསྒོ་བ་མི་སྲིད་པའི་ཕྱིར། གཉིས་པ་གྲུབ་སྟེ། བག་ཆགས་གསར་བཞག་ཁོ་ན་ཡིན་ན། ཀུན་གཞི་འགྲུབ་བྱེད་ཀྱི་ནུས་པ་གསར་བཞག་དགོས་པས་འཁོར་བའི་ཐོག་མ་ཡོད་པའམ། དེ་འདྲའི་ནུས་པ་གཏན་མེད་དུ་འགྱུར་ལ་ཟག་མེད་ཡེ་ཤེས་འགྲུབ་པའི་ནུས་པ་ཡང་གསར་བཞག་དགོས་ན་རང་གི་རིགས་འདྲ་ཞིག་གིས་འཇོག་དགོས་ཤིང་ཆོས་མཆོག་མན་ལ་འཕགས་ལམ་སྐྱེ་མ་མྱོང་བས་ཟག་མེད་སྐད་ཅིག་དང་པོ་རྒྱུ་མེད་དུ་ཐལ་བའི་སྐྱོན་འབྱུང་བའི་ཕྱིར། དེར་ཐལ། ཟག་མེད་ཡེ་ཤེས་འགྲུབ་རུང་གི་ནུས་པ་དེ་ཐོག་མེད་ནས་ཡོད་པའི་རྒྱུ་མཚན་གྱིས་རང་བཞིན་དུ་གནས་པའི་རིགས་ཞེས་བཤད་པའི་ཕྱིར། རྟགས་གྲུབ་སྟེ། རིགས་ལ་གནས་པའི་གང་ཟག་དེས་ནམ་ཐོས་བསམ་ཚུལ་བཞིན་དུ་བྱས་པ་ན་ལམ་གྱི་རྟོགས་པ་སྐྱེ་ལ་རིགས་ཆད་ཀྱིས་ནན་ཏན་བྱས་ཀྱང་ལམ་མི་སྐྱེ་བ་གདོད་ནས་དེ་འབྱུང་རུང་གི་ནུས་པ་དང་མི་ལྡན་པའི་དབང་གིས་ཡིན་པའི་ཕྱིར། དཔེར་ན། ནས་ཀྱི་ས་བོན་གྲུང་པོ་དེ་ཐོག་མ་ནས་མྱུ་གུ་སྐྱེད་པའི་ནུས་པ་དང་ལྡན་པས་ནམ་ཆུ་ལུད་དང་ཕྲད་པ་ན་མྱུ་གུ་སྐྱེ་ལ་ས་བོན་ཚིག་པ་རྐྱེན་དང་ཕྲད་ཀྱང་མི་སྐྱེ་བ་བཞིན་ཡིན་པའི་ཕྱིར། དེས་ན་ཟག་མེད་ཀྱི་ས་བོན་ལྟ་བུ་ཆོས་ཉིད་ཀྱིས་གནས་པ་དང། རྒྱུ་མཐུན་དང་རྣམ་སྨིན་གྱི་ས་བོན་ལྟ་བུ་གསར་དུ་བཞག་པ་གཉིས་ཀ་འདོད་དགོས་ཏེ། ཕྱོགས་རེ་རེ་ཁོ་ན་ཁས་ལེན་པ་བཀག་ཟིན་པའི་ཕྱིར། འདི་ལ་རྗེ་བཙུན་རེད་མདའ་བའི་ཊཱིཀྐར། ཁོ་བོས་ནི་བག་ཆགས་ཆོས་ཉིད་ཀྱིས་གནས་སམ་གསར་དུ་སྐྱེ་ཞེས་དཔྱོད་པ་ཉིད་གནས་མ་ཡིན་པ་ལ་དཔྱོད་པ་བྱེད་པར་


GTD002_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་སོ། །ཞེས་གསུངས་པ་དང། རྫས་གཅིག་ཐ་དད་གང་ཡང་མ་ཡིན་པར་གསུངས་པ་དང་གནད་གཅིག་སྟེ་འོག་ཏུ་འཆད་དོ། །བསྒོས་པའི་བག་ཆགས་ཀྱི་ངོ་བོ་ལ་ཁ་ཅིག་ན་རེ། དགེ་བའི་བག་ཆགས་དགེ་བ་དང་མི་དགེ་བའི་བག་ཆགས་མི་དགེ་བ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་གཉིས་ཀ་མ་སྒྲིབ་ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། རྩ་བར། འཇོག་བྱེད་དགེ་སོགས་གང་ཡིན་ཀྱང། །བཞག་པའི་བག་ཆགས་ལུང་མ་བསྟན། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། བག་ཆགས་ལུང་མ་བསྟན་ཁོ་ནར་འདོད་པ་མི་འཐད་པར་ཐལ། དེ་ལྟར་ན་ཀུན་བཏུས་ལས། རྗེས་སུ་འབྲེལ་བའི་དགེ་བ་གང་ཞེ་ན། དེ་དག་ཉིད་ཀྱི་བག་ཆགས་སོ། །ཞེས་རྗེས་འབྲེལ་གྱི་དགེ་བར་བཤད་པའི་ལུང་དང་འགལ་བ་དང་འཕེན་བྱེད་ལས་ཀྱི་བག་ཆགས་དེས་རྣམ་སྨིན་གྱི་རྒྱུ་བྱེད་མི་ནུས་པས་ལས་འབྲས་ཀྱི་རྣམ་གཞག་འཇིག་པར་ཐལ་བ་དང། དགེ་པའི་སྐལ་མཉམ་གྱི་རྒྱུ་ལ་དགེ་བ་ཞིག་དགོས་ཤིང་བག་ཆགས་ལ་དགེ་བ་མེད་ན་སེམས་མེད་ཀྱི་གནས་སྐབས་རྣམས་སུ་དགེ་མི་དགེ་གང་གི་ཡང་རིགས་འདྲའི་རྒྱུ་མེད་པར་འགྱུར་བས་སླར་དགེ་སེམས་སོགས་སྐྱེ་མི་སྲིད་པར་ཐལ་བ་དང། སོ་ཐར་གྱི་སྡོམ་པའི་ངོ་བོ་སྤོང་སེམས་རྒྱུན་ཆགས་པ་ས་བོན་དང་བཅས་པ་ལ་འདོད་ཅིང་སྡོམ་པ་ཐོབ་ལ་མ་ཉམས་པའི་བར་དུ་དགེ་བ་རྒྱུན་ཆགས་སུ་འབྱུང་བར་གསུངས་པ་དང་འགལ་བའི་ཉེས་པ་བཞི་འབྱུང་བའི་ཕྱིར་ཟེར། རྩོད་པ་དང་པོ་མི་འཐད་པར་ཐལ། རྗེས་འབྲེལ་གྱི་དགེ་བར་གསུངས་པས་དགེ་བར་འགྲུབ་ན། གཟུགས་མེད་ན་ཡང་གཟུགས་སྐྱེད་བྱེད་ཀྱི་བག་ཆགས་ཡོད་ཅིང་དེ་རྗེས་འབྲེལ་གྱི་གཟུགས་སུ་གསུངས་པས་དེར་གཟུགས་ཡོད་


GTD002_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐལ་བ་དང། ཁམས་གོང་ན་མི་དགེ་བ་ཡོད་པར་ཐལ་བའི་སྐྱོན་སོགས་འབྱུང་བའི་ཕྱིར། རྩོད་པ་གཉིས་པ་ཡང་མི་འཐད་པར་ཐལ། འཕེན་བྱེད་ལས་ཀྱི་བག་ཆགས་དེ་རྣམ་སྨིན་འཕེན་བྱེད་ཀྱི་རྒྱུ་མིན་ལ་སྐྱེད་བྱེད་ཀྱི་རྒྱུ་ཡིན་ཀྱང་དགེ་མི་དགེ་གང་རུང་ཡིན་མི་དགོས་པའི་ཕྱིར། དེར་ཐལ། འཕངས་འབྲས་ཀྱི་མིག་དབང་སྔ་མ་སྔ་མས་ཕྱི་མ་ཕྱི་མ་བསྐྱེད་དེ་རྒྱུན་མ་ཆད་པར་འབྱུང་ཡང་སྔ་མ་ཕྱི་མའི་འཕེན་བྱེད་དུ་མི་འགྱུར་བ་བཞིན་ཡིན་པའི་ཕྱིར། དེ་ལྟར་ན་ལས་འབྲས་ཀྱི་རྣམ་གཞག་བསྒྲུབ་མི་ནུས་པའི་སྐྱོན་ཡང་མེད་དེ། སྤྱིར་གཞན་སྡེ་རྣམས་ཀྱི་ལས་འབྲས་མི་འཐད་པའི་རྩོད་པ་འགོག་ཚུལ་ནི། རྩ་ཤེ་ལས། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགག་ན་འགག་འགྱུར་བས། །འབྲས་བུ་ཇི་ལྟར་འབྱུང་བར་འགྱུར། །ཞེས་གསུངས་པ་བཞིན་རྩོད་པར་བྱེད་ལ། དེའི་སྐྱོན་སྤོང་དུ་བྱེ་སྨྲ་ཁ་ཅིག་ཐོབ་པ་དང། ལ་ལས་བུ་ལོན་གྱི་དཔང་རྒྱ་ལྟ་བུའི་ཆུད་མི་ཟ་བ་དང། གྲུབ་མཐའ་གཞན་ཕལ་ཆེར་རྣམ་ཤེས་ཀྱི་རྒྱུན་དང་ཐལ་འགྱུར་བས་ཞིག་པ་དངོས་པོར་ཁས་བླངས་ཏེ་སྐྱོན་སེལ་ལ་སེམས་ཙམ་པས་ཀུན་གཞིའི་སྟེང་ནས་སྐྱོན་སྤོང་ཚུལ་ནི། དཔེར་ན། མདའ་འཕེན་པའི་ཚེ་དང་པོར་འདོམ་བཀང་སྟེ་འཕངས་ན་དེའི་ཤུགས་ཀྱིས་འབེན་ལ་མ་ཕོག་བར་དུ་རྒྱུན་ཆད་མེད་པར་འགྲོ་འང་སྐད་ཅིག་ཕྱི་མ་རྣམས་ལ་འཕེན་པའི་རྩོལ་བ་མི་དགོས་པ་ལྟར་དང་པོར་ལས་ཀྱིས་འཕང་སྟེ་དེ་ནས་ཀུན་གཞི་ལ་བག་ཆགས་བསྒོས་པས་ཕྱིས་སུ་དེའི་རྒྱུད་ལ་འཕེན་བྱེད་མེད་ཀྱང་སྔ་མའི་ནུས་པ་མ་ཉམས་པའི་དབང་གིས་འཕང་འབྲས་འབྱིན་པར་འདོད་དེ། ཐེག་


GTD002_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ལས། མ་བཏབ་ཤི་བ་འཕེན་པའི་ཕྱིར། །མདའ་ནི་བར་དུ་མི་ལྟུང་བཞིན། །ཞེས་སོ། །རྩོད་པ་གསུམ་པ་ཡང་མི་འཐད་པར་ཐལ། སེམས་མེད་གནས་སྐབས་ཀྱི་མཇུག་ཐོགས་སུ་དགེ་སེམས་སྐྱེས་པ་ན་དངོས་སུ་སྐྱེད་བྱེད་བག་ཆགས་ལུང་མ་བསྟན་ཡིན་ཀྱང་བག་ཆགས་དེ་འཇོག་བྱེད་དགེ་བ་ཡིན་པས་ཕྱིས་ཀྱི་དགེ་སེམས་དེ་ཉིད་རིགས་མཐུན་སྐལ་བ་མཉམ་པའི་རྒྱུ་ལས་སྐྱེ་བར་འཇོག་པའི་ཕྱིར། དཔེར་ན། ནས་ཀྱི་ས་བོན་བཏབ་པ་ལས་སྐྱེས་པའི་མྱུ་གུ་སྔོན་པོ་དེ་ནས་དང་མི་འདྲ་ཡང་སླར་འབྲས་བུ་སྨིན་པ་ན་ས་བོན་དང་དབྱིབས་འདྲ་བས་འབྲས་བུ་མ་འཆོལ་བར་བཞག་པ་བཞིན་ཡིན་པའི་ཕྱིར། འདི་ལ་ཐེག་བསྡུས་ལས། བག་ཆགས་ཐ་དད་པ་མ་ཡིན་ཞིང་སྣ་ཚོགས་མ་ཡིན་པ་ཆོས་ཐ་དད་པ་སྣ་ཚོགས་དག་གི་རྒྱུར་ཇི་ལྟར་རུང་ཞེ་ན། དཔེར་ན། ཚིག་གུའི་རྩི་སྣ་ཚོགས་ཀྱིས་བསྒྱུར་བའི་རས་སྣ་ཚོགས་སུ་མི་སྣང་བ་གང་གི་ཚེ་ཚོན་གྱི་སྣོད་དུ་བཅུག་པ་དེའི་ཚེ་རས་ལ་ཚོན་རྣམས་ཀྱི་དབྱེ་བ་ཐ་དད་པ་རྣམ་པ་སྣ་ཚོགས་དུ་མ་སྟོན་པ་བཞིན་དུ། ཞེས་དང། དབྱིག་འགྲེལ་ལས། བག་ཆགས་ཀྱི་དུས་ན་སྣ་ཚོགས་མ་ཡིན་ཡང་འབྲས་བུའི་དུས་ན་རྣམ་པ་དུ་མའི་ཆོས་ཀྱི་རྒྱུའི་ངོ་བོ་མཐོང་སྟེ་བཙོས་པའི་གོས་བཞིན་ནོ། །ཞེས་རས་ཡུག་དཀར་པོ་གཅིག་ལ་ཚིག་གུའི་རྩིའམ་སྒྱུར་རྩི་གར་སླ་སྣ་ཚོགས་བསྒོས་ན་སྐབས་དེར་མདོག་མི་འདྲ་བ་མི་འཆར་ཡང། སླར་ཚོས་སྣོད་དུ་བཅུག་པའི་ཚེ་ཚིག་གུའི་རྩི་མི་འདྲ་བའི་ནུས་པས་མདོག་བཟང་ངན་སྣ་ཚོགས་འབྱུང་བ་དཔེར་བྱས་ནས་གསུངས་སོ། །རྩོད་པ་བཞི་པ་ཡང་མི་འཐད་དེ། སོ་ཐར་གྱི་སྡོམ་པ་སྤོང་སེམས་ས་བོན་དང་བཅས་པར་བཤད་པ་ནི། སྤོང་སེམས་


GTD002_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤུགས་མ་ཉམས་པའི་དབང་གིས་ཉེས་ལྟུང་འབྱུང་བར་རྩོམ་པ་ན་དྲན་ཤེས་སྐྱེས་ཏེ་འགོག་ནུས་ཤིང་ཡུན་ཇི་ཙམ་བསྲུང་བ་བཞིན་དུ་རྣམ་སྨིན་གོང་འཕེལ་དུ་འགྲོ་བའི་དོན་ཡིན་གྱི་དགེ་བ་ཡིན་བཞིན་པར་ཡོད་པའི་དོན་མ་ཡིན་པའི་ཕྱིར་ཏེ། དེ་ལྟར་མ་ཡིན་ན་དགེ་མི་དགེ་གཉིས་རྒྱུད་གཅིག་ལ་ཅིག་ཅར་འཇུག་དགོས་པས་སྣང་མུན་ལྷན་གཅིག་སྐྱེ་བ་ལྟར་ཧ་ཅང་ཐལ་བའི་ཕྱིར། ལས་གྲུབ་པའི་རབ་བྱེད་ལས། སེམས་གཡེང་བ་དང། སེམས་མེད་པ་དག་ལ་སེམས་པ་དེ་མེད་ན་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཇི་ལྟར་ཡོད་ཅེ་ན༌། སྡོམ་པའི་ཁྱད་པར་གྱི་བག་ཆགས་མ་བཅོམ་པའི་ཕྱིར། སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་ཀ་ཡོད་དོ། །ཞེས་དང། བཤད་སྦྱར་ལས། ནུས་པའི་རང་བཞིན་གྱི་ཁྱད་པར་གྱི་ཕྱིར་རོ་ནས། ནུས་པ་ཡང་ནུས་པ་ཅན་ལས་དེ་ཉིད་དང། གཞན་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་དང། དཀའ་འགྲེལ་ལས། ཚུལ་ཁྲིམས་ཀྱི་རྒྱུན་སྡོམ་པའི་ནུས་པ་ཡོད་ན་དེ་ཙམ་གྱིས་སྔར་བླངས་པའི་སྡོམ་པ་ཡོད་པར་འཇོག་ནུས་ལ། ཞེས་པ་ནས། འགྲེལ་པ་གཉིས་ཀར་ལུང་མ་བསྟན་དུ་བཀྲལ་བས་ལུང་མ་བསྟན་དུ་གྲུབ་བོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་དེ་འདྲའི་སྐབས་ཀྱི་སྡོམ་པ་དགེ་བ་ཡིན་མིན་དང། དགེ་མི་དགེ་ཅིག་ཅར་འབྱུང་བ་མེད་ན་མི་གསོད་པ་གཞན་ལ་བཅོལ་ཏེ། རང་ཉིད་དགེ་སེམས་ཞིག་ལ་གནས་བཞིན་པའི་སྐབས་སུ་ཕ་རོལ་པོ་དེས་མི་གསོད་པའི་དངོས་གཞི་གྲུབ་ན་འདི་ལ་ཕམ་པ་འབྱུང་མི་འབྱུང་སོགས་སྤྲོས་པས་ཆོག་གོ །ཁ་ཅིག་བག་ཆགས་ལུང་མ་བསྟན་དུ་


GTD002_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ནི། ཞེ་སྡང་ལྟ་བུའི་བག་ཆགས་ལ་དེའི་རྒྱུན་དུ་གྱུར་བའི་ས་བོན་གྱི་ངོ་བོའི་བག་ཆགས་ཉོན་སྒྲིབ་ཏུ་གཏོགས་པ་ཞིག་དང། དེས་བཞག་པའི་བག་ཆགས་ཤེས་སྒྲིབ་ཀྱིས་བསྡུས་པ་གཉིས་ཡོད་པའི་ཕྱི་མ་ལ་དགོངས་ཟེར་བ་ནི་སྙིང་པོ་མེད་པའི་གཏམ་སྟེ། དེ་ལྟར་ན་རྩོད་ལན་དེ་ཐམས་ཅད་འབྲེལ་མེད་ཁོ་ནར་འགྱུར་བའི་ཕྱིར་དང། དེ་སླད་སྨྲ་བ་ནི་ཀུན་གཞི་དང་བག་ཆགས་བྱ་བའི་རྫས་སོ་སོ་བ་རེ་ལོགས་སུ་ཡོད་པར་གོ་བའི་སྐྱོན་ཡིན་པའི་ཕྱིར། དེར་ཐལ། ཞིང་ལ་འབྲས་བུ་སྣ་ཚོགས་བཏབ་པ་རྣམས་ཕན་ཚུན་དབྱིབས་དང་ཁ་དོག་མི་འདྲ་ཞིང། ཞིང་ལས་ངོ་བོ་ཐ་དད་དུ་ཕྱེ་ནས་ཟུར་དུ་སྟོན་རྒྱུ་ཡོད་པ་ལྟར་བག་ཆགས་ནང་ཕན་ཚུན་ཡང་དགེ་མི་དགེ་ལུང་མ་བསྟན་གྱི་རིགས་མི་འདྲ་ཞིང་བསྒོ་གཞིའི་བདག་ཉིད་དུ་གྱུར་པ་མ་ཡིན་པར་དེ་ལས་ལོགས་སུ་ཕྱེ་ན་ངོ་བོ་བཞག་ཏུ་ཡོད་པར་འཁྲུལ་པ་གང་ཞིག །དེ་ལྟར་གནས་ན་རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་དུ་འགྱུར་ལ། དེ་ལྟར་མ་ཡིན་པར་ཀུན་གཞི་རང་ཉིད་རྣམ་སྨིན་དེ་དང་དེ་འབྱིན་པའི་ནུས་ལྡན་དུ་གྱུར་པ་ལ་དེས་བག་ཆགས་བཞག་ཅེས་བཏགས་པ་ཙམ་ཡིན་པས་བག་ཆགས་བཏགས་ཡོད་དུ་གསུངས་པའི་ཕྱིར། དཔེར་ན་མཚོན་བརྡར་དེ་གཅོད་བྱ་གཅོད་ནུས་སུ་གྱུར་པ་ལ་རྣོ་བ་ཞེས་བཏགས་ཙམ་ཡིན་གྱི་རྣོ་བ་མཚོན་ལས་ལོགས་སུ་མེད་པ་ལྟ་བུ་ཡིན་པའི་ཕྱིར། འདིའི་རྒྱུ་མཚན་གྱིས་སྔར་དྲངས་པའི་བཤད་སྦྱར་དང། རྗེ་བཙུན་རེད་མདའ་བས་བག་ཆགས་གསར་རྙིང་བསྒོ་ཚུལ་དཔྱོད་པ་གནས་མ་ཡིན་པར་གསུངས་པ་ཡང་བསྒོ་བྱ་བསྒོ་བྱེད་གཉིས་རྫས་ཡོད་ཀྱི་སོ་སོ་བར་བཟུང་ནས་སྔ་ཕྱི་དཔྱོད་པ་བཀག་པ་ཡིན་ནོ། །དེས་ན་རྩ་བར། བག་


GTD002_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དེ་ཉིད་རྟེན་ལས་ནི། །རྫས་གཅིག་ཐ་དད་གང་ཡང་མིན། །ཞེས་གསུངས་པ་ཡང། ཐེག་བསྡུས་ལས། གང་དེ་འབྱུང་བའི་མཐུའི་ཁྱད་པར་ཅན་ཀུན་གཞིའི་རྣམ་པར་ཤེས་པ་དེ། ཞེས་གསུངས་པ་ལྟར་བསྒོ་བྱེད་དེས་བསྒོ་གཞི་དེ་ནུས་ལྡན་དུ་བྱས་པའི་ཆ་ལ་བག་ཆགས་ཞེས་བཏགས་པ་ཡིན་པས་བག་ཆགས་རྫས་སུ་གྲུབ་ན་རྟེན་བརྟེན་པའི་འབྲེལ་བ་ཡང་རྫས་གྲུབ་ཏུ་འགྱུར་ལ། དེ་རྫས་སུ་གྲུབ་ན་རྫས་གྲུབ་ཀྱི་གཅིག་དང་དུ་མ་གང་རུང་ལས་མ་འདས་ཀྱང། དེ་གང་དུའང་ཁས་ལེན་དུ་མི་རུང་ཞེས་པའི་དོན་ཡིན་པའི་ཕྱིར། དེར་ཐལ། དེ་གཉིས་འབྲེལ་བ་རྫས་གྲུབ་ཀྱི་གཅིག་མ་ཡིན་པ་གང་ཞིག །དེའི་དུ་མའང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། ཀུན་གཞི་དང་བག་ཆགས་གཉིས་ཆོས་ཅན། ཆ་གང་ནས་ཀྱང་སོ་སོར་དབྱེ་རྒྱུ་མེད་པའི་གཅིག་ཡིན་པར་ཐལ། འབྲེལ་བ་རྫས་གྲུབ་ཀྱི་སྒོ་ནས་གཅིག་ཏུ་གནས་པའི་ཕྱིར། ཁྱབ་སྟེ། འབྲེལ་བ་བཏགས་ཡོད་ཙམ་ལ་ངོ་བོ་གཅིག་ཏུ་གནས་ཀྱང་ལྡོག་པ་ཐ་དད་པ་རུང་ལ། འབྲེལ་བ་རྫས་གྲུབ་ལ་ངོ་བོ་གཅིག་ཡིན་ན་ལྡོག་པ་ཡང་གཅིག་ཡིན་དགོས་པར་འདོད་པའི་ཕྱིར་ཏེ། དཔེར་ན་ཐལ་འགྱུར་བ་སོགས་ཀྱིས་ཀུན་རྫོབ་ཏུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་རུང་ཡང་དོན་དམ་པར་ངོ་བོ་གཅིག་ཡིན་ན་དེར་སྣང་གི་བློ་ལ་སྣང་ཚུལ་དེ་གནས་ལུགས་མཐར་ཐུག་ཡིན་པས་ལྡོག་པ་ཡང་གཅིག་ཏུ་འདོད་དགོས་ཞེས་བཤད་པ་བཞིན་ཡིན་པའི་ཕྱིར། གོང་དུ་འདོད་ན། ཀུན་གཞིའི་སྟེང་གི་ས་བོན་དེས་ཀྱང་དམིགས་རྣམ་འཛིན་པ་དང། འགྲོ་བ་ལྔར་འཕེན་བྱེད་ཀྱི་དགེ་མི་དགེ་རྣམས་དང། ཁམས་སོ་སོའི་བག་ཆགས་རྣམས་ཀྱང་


GTD002_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་ཡིན་ཁྱབ་མཉམ་ཡིན་པར་ཐལ། དེ་དག་རེ་རེ་ནས་རྩ་བའི་ཀུན་གཞི་དང་ལྡོག་པ་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། ས་བོན་དམིགས་རྣམ་ཡོད་པ་དང། །འགྲོ་བ་ལྔ་ཡིས་ས་བོན་རྣམས། །འཆོལ་བ་ཉིད་དུ་འགྱུར་ཕྱིར་དང། །ཁམས་ཀྱང་འཆོལ་ཕྱིར་གཅིག་ཉིད་མིན། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་མ་གྲུབ་ན། དེ་གཉིས་ཆོས་ཅན། འབྲེལ་མེད་དོན་གཞན་ཡིན་པར་ཐལ། རྫས་གྲུབ་ཀྱི་ཐ་དད་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱིར་ཐ་དད་ཙམ་དུ་མ་ཟད་རྒྱུ་འབྲས་ལྟ་བུ་ངོ་བོ་ཐ་དད་ལ་ཡང་འབྲེལ་མེད་དོན་གཞན་མི་དགོས་ཀྱང་རྫས་གྲུབ་ཀྱི་ཐ་དད་ལ་དེ་དགོས་པའི་ཕྱིར། དེར་ཐལ། དེ་གཉིས་ཐ་དད་པའི་ཆ་དེ་རྫས་སུ་གྲུབ་ན་རྣམ་པ་ཐམས་ཅད་ནས་མ་འདྲེས་པའི་ཐ་དད་ཡིན་དགོས་པའི་ཕྱིར། ཐེག་བསྡུས་འགྲེལ་པ་ལས། ཐ་དད་ན་ནི་ཡན་ལག་ཐམས་ཅད་ཀྱིས་ཀྱང་ཐ་དད་པ་ཉིད་ཐོབ་པར་འགྱུར་ཞིང། ཞེས་གསུངས་པའི་ཕྱིར་དང། འཇུག་པ་ལས། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པ་རིགས་མ་ཡིན། །ཞེས་ངོ་བོ་ཉིད་ཀྱིས་ཐ་དད་ཡིན་ན་རྒྱུད་གཅིག་ལ་གནས་པ་ཡང་མི་རུང་བར་བཤད་པའི་རིགས་པ་དང་འགྲོས་མཐུན་པར་སྣང་བའི་ཕྱིར། གོང་དུ་འདོད་ན། སོ་སྐྱེའི་རྒྱུད་ཀྱི་བག་ཆགས་དེ་ཆོས་ཅན། ཁྱོད་ཀྱང་ཀུན་གཞིའི་རྣམ་ཤེས་གཅིག་ཡིན་པར་ཐལ། གཟུགས་དང་ལྡན་མིན་རྣམ་ཤེས་ཚོགས་བདུན་གང་ཡང་མ་ཡིན་པའི་ཚུར་མཐོང་རྒྱུད་ཀྱིས་བསྡུས་པའི་ཆོས་གཅིག་ཡིན་པའི་ཕྱིར། དཀའ་འགྲེལ་ལས། གཟུགས་དང་ལྡན་མིན་དང་ཚོགས་བདུན་གང་ཡང་མ་ཡིན་ཏེ། རྫས་སུ་གྲུབ་པ་དང། གཟུགས་མེད་ན་ཡོད་པ་དང། ཞེས་སོགས་གསུངས་པའི་ཕྱིར། འདིའི་


GTD002_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་གྲུབ་ཅེས་པ་ལྡན་མིན་ཞེས་པ་དང་སྦྱོར་དགོས་པས། ཁ་ཅིག་འདིའི་ཐ་དད་མ་ཡིན་པ་རྫས་ཐ་དད་མ་ཡིན་པ་ཙམ་ལ་བྱེད་པ་མ་འབྲེལ་ཏེ། དེ་ལྟར་ན་ལྡན་མིན་མ་ཡིན་ཏེ། རྫས་ཐ་དད་ཡིན་པའི་ཕྱིར། ཞེས་ཟེར་དགོས་པས་རྟ་གླང་གཉིས་ཀྱང་རྫས་ཐ་དད་མ་ཡིན་པར་འགྱུར་རོ། །དེས་ན་སྔར་ལྟར་རྫས་གྲུབ་ཀྱི་ཐ་དད་མ་ཡིན་པ་ལ་བྱེད་པ་གཞུང་གི་དགོངས་པ་རྨ་མེད་པའོ། །གོང་དུ་འདོད་ན། སོ་སྐྱེ་དེ་ཆོས་ཅན། རྒྱུད་ཐ་དད་པ་ཅན་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་ཀུན་གཞི་གཉིས་ཡོད་པའི་ཕྱིར་ཏེ། རྣམ་སྨིན་དང་ས་བོན་གྱི་ཆ་རེ་རེ་ནས་ཀུན་གཞི་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། རྩ་བར། རྟེན་གཅིག་ལ་ནི་ཀུན་གཞི་གཉིས། །འཇུག་པར་འགྱུར་བས་སོ་སོ་མིན། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཁྱོད་ལྟར་ན་ཡང་རྒྱུད་དུ་མར་འགྱུར་བར་ཐལ། དེའི་རྒྱུད་ལ་རྣམ་ཤེས་ཚོགས་བདུན་ཡོད་པ་གང་ཞིག །སེམས་སེམས་བྱུང་དུ་མ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ཚོགས་བདུན་ཀུན་གཞི་ལ་བརྟེན་ནས་འཇུག་ཅིང། སེམས་བྱུང་རྣམས་སེམས་ལ་བརྟེན་ནས་འཇུག་དགོས་པས་རྒྱུད་རང་རྐྱ་བར་མི་འགྱུར་བ་གང་ཞིག །ཀུན་གཞི་གཉིས་ཡོད་ན་གཉིས་ཀ་ཕན་ཚུན་ལྟོས་མི་དགོས་པའི་བརྟན་པ་རང་དབང་ཅན་གྱི་རྣམ་ཤེས་ཡིན་དགོས་པས་རྒྱུད་དུ་མར་འགྱུར་བའི་ཕྱིར། ཡང་ཁོ་ན་རེ། ཁྱོད་ཀྱིས་རྫས་གྲུབ་ཀྱི་གཅིག་ཐ་དད་ཅེས་བཤད་པ་དཀྱོག་བཤད་ཡིན་པར་ཐལ། རྩ་བ་དང། དཀའ་འགྲེལ་གང་དུ་ཡང་རྫས་གཅིག་ཐ་དད་གང་ཡང་མིན་ཞེས་བཤད་པ་མ་གཏོགས་རྫས་གྲུབ་ཀྱི་ཟུར་ཙམ་ཡང་མ་བྱུང་


GTD002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཟེར་ན། ཤིན་ཏུ་མི་འཐད་པར་ཐལ། དཀའ་འགྲེལ་དུ་དྲངས་པའི་ཐེག་བསྡུས་ལས། དེ་ལ་གནས་པ་དེ་དག་དང་རྫས་སུ་ཐ་དད་ཡང་མ་ཡིན། ཐ་མི་དད་པའང་མ་ཡིན། ཞེས་གསུངས་ལ། དེར་དྲངས་པའི་དོན་གསང་དང། བཤད་སྦྱར་གཉིས་ཀར་རྫས་སུ་ཐ་དད་པ་ཡང་མ་ཡིན། ཞེས་འབྱུང་ཞིང། ཡང་ས་བོན་ནི་བཏགས་པའི་ཡོད་པ་ཡིན་གྱི་རྫས་སུ་ཡོད་པ་ནི་མ་ཡིན་ནོ། །ཞེས་དབྱིག་འགྲེལ་གྱི་ལུང་དྲངས་པ་དང། ནུས་པ་བཏགས་ཡོད་ནུས་པ་ཅན་རྫས་ཡོད་དུ་བཞེད་པའི་ཞེས་སོགས་ཤིན་ཏུ་མང་ལ། རྩ་བར་སྒྲུབ་བྱེད་ཀྱི་དོན་བསྡུས་ཏེ་འཆད་པ་ན། བཏགས་ཡོད་ཙམ་དུ་གནས་ཕྱིར་རོ། །ཞེས་གསུངས་པས་སྔ་མ་རྫས་ཡོད་བཀག་པ་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར། དེར་མ་ཟད་དཔེ་དང་ལུང་གིས་བསྒྲུབ་ཚུལ་གྱིས་ཀྱང་ཤེས་ཏེ། དཀའ་འགྲེལ་ལས། ཆོས་ཀྱི་རྗེས་ཀྱང། ཤིང་མིན་ལས་ལྡོག་དངོས་པོ་དེ། །ཤ་པ་ཡིན་ན་གཞན་ཤིང་ཡིན། །དེ་ཡི་རང་བཞིན་གཞན་མིན་ཕྱིར། །ཞེས་ཤིང་མ་ཡིན་པ་ལས་ལྡོག་པའི་དངོས་པོ་དེ་ཤ་བ་དང་རྫས་གཅིག་གམ་ཐ་དད། ཅེས་པ་ནས། ཞེས་གསུངས་པའི་རིགས་པ་དང་རྗེས་སུ་མཐུན་ནོ། །ཞེས་རིགས་གཏེར་གྱི་བསྒྲུབ་ཚུལ་དེ་དང་མཐུན་པར་གསུངས་པ་གང་ཞིག །དེས་འབྲེལ་བ་རྫས་གྲུབ་བཀག་པ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། རིགས་གཏེར་རང་འགྲེལ་ལས། དེའི་མཚམས་སྦྱོར་དུ། བཞི་པ་སེལ་བ་དངོས་པོར་གྲུབ་མ་གྲུབ་བརྟགས་ནས་མི་འཐད་པ་སྤང་བ་ནི། ཞེས་པ་ནས། ལྡོག་པ་དང་སྤྱི་དངོས་པོར་ཁས་བླངས་པ་དེས་ཆོས་ཀྱི་གྲགས་པས་གང་བཀག་པ་དེ་སྙིང་ནད་


GTD002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁས་བླངས་པ་ཡིན་ནོ། །ཞེས་གསུངས་ཤིང། རྣམ་འགྲེལ་ལས། དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། །ཅེས་ཤིང་དང་ཤ་པ་གཉིས་སྤྱི་གསལ་དུ་གྲུབ་པའི་འབྲེལ་བ་རྫས་གཅིག་ཡོད་ན་ཆ་ཐམས་ཅད་ནས་འདྲེས་དགོས་པས་ཤིང་གིས་གང་ཁྱབ་ལ་ཤ་བས་ཁྱབ་པ་སོགས་ཀྱིས་ཤ་ཤུག་གཉིས་ཀྱང་ཕན་ཚུན་འདྲེས་པར་འགྱུར་བའམ། ཡང་ན་གསལ་བ་རྫས་སོ་སོ་བ་ཡོད་པ་ལྟར་ཤིང་སྤྱི་ཡང་རྫས་སོ་སོ་བ་ཡོད་དགོས་པ་ལ། དེ་ལྟ་བུ་རྫས་གཞན་ནི་བློ་མ་འཁྲུལ་བ་ལ་སྣང་རྒྱུ་མེད་ཅིང་གལ་ཏེ་ཡོད་ན་ཤིང་ཙམ་དེ་གང་གི་ཡང་སྤྱི་མ་ཡིན་པར་འགྱུར་བས་ཤ་བ་ཤིང་མ་ཡིན་པར་ཐལ་བ་འཕེན་ཚུལ་རིགས་གཏེར་དང་གཉིས་ཀ་མཐུན་པའི་ཕྱིར། དེར་ཐལ། སྤྱི་གསལ་གྱི་འབྲེལ་པ་རྫས་གྲུབ་ལ་བཀོད་པའི་སྐྱོན་དེ་རྟེན་བརྟེན་པའི་འབྲེལ་པ་རྫས་གྲུབ་ལ་ཡང་འཇུག་པ་དཀའ་འགྲེལ་གྱི་ལུང་དོན་གང་ཞིག །དེ་ཆོས་ཀྱི་གྲགས་པའི་དགོངས་པ་ཡིན་པའི་ཕྱིར། དང་པོ་བསྒྲུབས་ཟིན། གཉིས་པ་གྲུབ་སྟེ། རྣམ་འགྲེལ་ལས། ཆོས་དང་ཆོས་ཅན་རྣམ་གཞག་དང། །ཐ་དད་ཐ་དད་མིན་ཅི་འདྲ། །དེ་ཉིད་དོན་ནི་མ་བཏགས་པར། །འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །བསྒྲུབ་བྱ་བསྒྲུབ་པ་ཀུན་བཞག་ལ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་བྱ་བྱེད་ཀྱི་འབྲེལ་པའི་ཆ་རྣམས་རྟོག་པ་འཁྲུལ་པའི་སྣང་ངོ་ཙམ་ལ་ལྟོས་ནས་འཇོག་


GTD002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་བཏགས་ཡོད་དུ་མཚུངས་པར་གསུངས་པའི་ཕྱིར། དེར་ཐལ། དེའི་རྒྱུ་མཚན། དེ་དག་བཏགས་ཡོད་ཡིན་ན་བཏགས་ཡོད་ནི་བློ་འཁྲུལ་པའི་དབང་གིས་འཇོག་ནུས་པས་སྤྱི་གསལ་དང་རྟེན་བརྟེན་པ་སོགས་འདྲེར་རུང་གི་ཚུལ་དུ་སྣང་ཡང་དོན་ལ་འདྲེས་མི་དགོས་ཀྱང་རྫས་ཡོད་ལ་དེ་ལྟར་མ་ཡིན་པའི་ཕྱིར། རིགས་གཏེར་དར་ཊཱིཀ་ལས། ཤིང་མ་ཡིན་པ་ལས་ལོག་པར་སྣང་བ་དངོས་པོ་ཡིན་ན་དེར་སྣང་གི་བློ་མ་འཁྲུལ་བར་འགྱུར་ལ། དེ་ལྟ་ན་རྟོག་མེད་མ་འཁྲུལ་བའི་གཟུང་དོན་ཆ་དང་ཆ་ཅན་གྱིས་དབེན་པར་སྣང་གི་ཆ་ཅན་མི་སྣང་བས་ཤ་བ་ལ་རྗེས་སུ་འགྲོ་བའི་ཆ་ཤུག་པ་ལ་ཡང་རྗེས་སུ་འགྲོ་བར་ཁས་ལེན་དགོས་པས། ཞེས་དང། རྣམ་འགྲེལ་ཊཱིཀ་ཆེན་ལས། སྣང་བ་དེ་དམ་པའི་དོན་དུ་མེད་དེ། དོན་དམ་པར་ཡོད་ན་དེ་འཛིན་གྱི་སྤྱི་བློ་དེ་སྣང་ཡུལ་ལ་མ་འཁྲུལ་བར་འགྱུར་ལ། དེ་ལྟ་ན་ཤིང་གི་སྤྱི་བློ་དེ་ལ་ཤིང་གསལ་རྣམས་རང་བཞིན་འདྲེས་པར་སྣང་བས་ཤིང་གསལ་རྣམས་རང་བཞིན་འདྲེས་དགོས་ནའང། ཞེས་དང། ཤིང་གི་སྤྱི་འཛིན་ཤེས་པ་ལ་ཤིང་དུ་སྣང་བ་དེ་དངོས་པོར་གྲུབ་ན་དེར་སྣང་གི་རྟོག་པ་དེ་སྣང་ཡུལ་ལ་མ་འཁྲུལ་བར་འགྱུར་ལ། དེ་ལྟར་ན་སྣང་བ་དེ་ཉིད་དུ་ཐལ། དེ་ལ་ཤིང་དུ་སྣང་བ་གང་ཞིག །དེ་སྣང་ཡུལ་ལ་མ་འཁྲུལ་པའི་ཕྱིར། ཞེས་སོགས་གསུངས་པའི་ཕྱིར། དེས་ན་འདིར་གསལ་བ་རྣམས་ཕན་ཚུན་འདྲེས་པའམ་སྤྱི་རྫས་གཞན་ཡོད་པའི་ཉེས་པ་བརྗོད་ཚུལ་དང་ཀུན་གཞིའི་བག་ཆགས་ཕན་ཚུན་འཆོལ་བའམ་ཀུན་གཞི་རྫས་གཞན་ཡོད་པའི་འགལ་བ་བརྗོད་ཚུལ་ཤིན་ཏུ་མཚུངས་པའི་


GTD002_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཏེ། དཀའ་འགྲེལ་ལས། དེས་ན་ཇི་སྲིད་གསལ་བ་རྣམས་ལས་མ་གཏོགས་པའི་སྤྱི་རྫས་སུ་གྲུབ་པར་འདོད་པ་དེ་སྲིད་དུ་རྫས་གཅིག་དང་ཐ་དད་བརྟག་པའི་སྐྱོན་སྤོང་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། དཀའ་གནད་རྗེན་པར་བཤད་ཡོད་དོ། །ཡང་བཤད་སྦྱར་གྱི་དོན་དུ་བྱས་ནས་ས་བཟང་གིས་ལྡོག་པ་དེ་ཉིད་དུ་བརྗོད་དུ་མེད་ཅིང་རྫས་གཞན་དུ་བརྗོད་དུ་མེད་པ་ཞེས་བྱའོ། །ཞེས་གསུངས་པ་མི་འཐད་དེ། དེ་ལྟར་ན་དོན་གསང་དུ་ཡང་བྱེ་མདོ་གཉིས་ཀའི་འདོད་ཚུལ་རེ་བཀོད་ཡོད་པས་དོན་གསང་མཁན་པོས་དེ་གཉིས་ཀ་བཞེད་པར་འགྱུར་བའི་ཕྱིར་དང། དཀའ་འགྲེལ་ལས། རྫས་གཅིག་ལྡོག་པ་ཐ་དད་དུ་འདོད་པ་ནི་གཞུང་ལུགས་གཞན་གྱི་ཆོས་སྐད་འཆུགས་པས་རང་སྐད་མ་ཐོན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཀུན་གཞི་དང་དེའི་སྟེང་གི་བག་ཆགས་གཉིས་རྫས་གཅིག་ལྡོག་པ་ཐ་དད་མ་ཡིན་པར་ཐལ། དཀའ་འགྲེལ་གྱི་ལུང་དེའི་ཕྱིར་ན་མ་ཁྱབ་སྟེ། སྐབས་འདིའི་རྫས་གཅིག་ཐ་དད་གང་ཡང་མིན་ཞེས་པའི་དོན་དེ་ལ་མི་བྱེད་ཅེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འདུ་བྱས་གང་ཞིག །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པའི་ཕྱིར། ཡང་ཁོ་ན་རེ། དེ་གཉིས་ཀ་ཆོས་ཅན། རྫས་གཅིག་མ་ཡིན་པར་ཐལ། རྫས་གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་ཕྱིར། དེར་ཐལ། རྫས་ཡོད་མ་ཡིན་པའི་ཕྱིར། ཁྱབ་སྟེ། གཅིག་དང་ཐ་དད་གང་རུང་ཡིན་ན་ཡོད་པས་ཁྱབ་པ་གང་ཞིག །སྤྱིའི་ཁྱབ་པ་གྲུབ་ན་བྱེ་བྲག་གི་ཁྱབ་པ་ཡང་འགྲུབ་དགོས་པའི་


GTD002_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཟེར་ན་མི་འཐད་པར་ཐལ། རྫས་ཡོད་ཅེས་པའི་རྫས་དང་རྫས་གཅིག་ཐ་དད་ཅེས་པའི་རྫས་མི་འདྲ་བའི་ཕྱིར། དེར་ཐལ། སྔ་མ་རང་རྐྱ་འཛིན་ཐུབ་པའི་རྫས་ལ་བྱེད་ཕྱི་མ་དོན་བྱེད་ནུས་པའི་རྫས་ལ་བྱེད་པའི་ཕྱིར། དང་པོ་གྲུབ་སྟེ། བསྡུ་བ་ལས། དེ་ལས་གཞན་པ་དག་ལ་མི་ལྟོས་ཤིང་དེ་ལས་གཞན་པ་དག་ལ་མི་བརྟེན་པར་རང་གི་མཚན་ཉིད་འདོག་པར་བྱེད་པ་དེ་ནི་མདོར་ན་རྫས་སུ་ཡོད་པ་ཡིན་པར་བལྟ་བར་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྤྱིར་རྫས་ཀྱི་སྒྲ་འཇུག་ཚུལ་ལ་རྟོག་གེ་འབར་བ་ལས། རྫས་ཀྱི་མཚན་ཉིད་སྤྱི་ནི་བྱ་བ་དང་ལྡན་པ་དང། འདུ་བའི་རྒྱུར་གྱུར་པ་ཞེས་སོགས་གསུངས་པ་ལྟ་བུ་དུ་མ་ཡོད་ཀྱང་འདིར་རྒྱུ་འབྲས་ཀྱི་ཁྱད་པར་ལ་བྱེད་པའི་ཕྱིར། དེར་ཐལ། གཟུགས་དང་གཟུགས་འཛིན་ཚད་མ་གཉིས་བག་ཆགས་གཅིག་གིས་བསྐྱེད་པས་རྫས་གཅིག་པར་བཤད་པའི་ཕྱིར། གཞན་ཡང་ཁྱོད་ལྟར་ན་དེ་གཉིས་རྫས་གཅིག་མ་ཡིན་པར་ཐལ། དེ་གཉིས་བཏགས་ཡོད་ཡིན་པའི་ཕྱིར་ཏེ། ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། འདོད་ན། ལྷན་ཅིག་དམིགས་ངེས་ཡིན་ན་རྫས་གཅིག་མ་ཡིན་པས་ཁྱབ་པར་ཐལ། སྔོན་པོ་དང་སྔོ་འཛིན་མིག་ཤེས་གཉིས་ཀྱང་རྫས་གཅིག་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་པ་དེ་སྔོ་དང་དེ་བློ་གཅིག་མ་ཡིན་ཞེས་བཟློག་རིགས་པར་ཐལ་ལོ། །རྟགས་འདིའི་བསྒྲུབ་བྱ་ལ་དེ་གཉིས་རྫས་གཅིག་པ་འགོད་པར་རྣམ་འགྲེལ་ཊཱིཀ་ཆེན་དང་ལྕང་སྐྱ་


GTD002_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་གྲུབ་མཐར་གསུངས་ལ། ཡིག་ཆའི་སྐབས་ལྔ་པར་དངོས་ཟིན་དེ་ལྟར་བཀོད་ན་རྗེས་ཁྱབ་མི་འགྲུབ་པས་མི་རུང་བར་གསུངས་ཀྱང་རྟགས་དེ་ལ་བརྟེན་ནས་རྫས་གཅིག་ཏུ་རྟོགས་དགོས་པར་དགོངས་པ་མཐུན་ནོ། །ཀུན་གཞི་དང་བག་ཆགས་གཅིག་ཐ་དད་ཀྱི་དཔྱད་ཚུལ་འདིར་དོན་གསང་ལས། བག་ཆགས་མ་སྒྲིབ་ལུང་མ་བསྟན་དུ་ཐལ་བ་འཕངས་པ་ཐེག་བསྡུས་དང་འགལ་ཞེས་རྗེ་བཙུན་རེད་མདའ་བས་བཀག་པ་ཤིན་ཏུ་ལེགས་ལ་དེ་སོགས་མཁས་པའི་བཞེད་ཚུལ་དཔྱད་དགོས་མང་ཡང་ཚིག་ཚོགས་ཆེས་དོགས་པས་མ་སྤྲོས། ཁ་ཅིག་ན་རེ། ཀུན་གཞིའི་རྣམ་ཤེས་ས་བོན་ཐམས་ཅད་པ་མ་ཡིན་པར་ཐལ། དེ་ལ་མི་གནས་པའི་ཕྱིའི་ས་བོན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། ཕྱིའི་ས་བོན་དེ་ཡང་ཀུན་གཞིའི་སྟེང་གི་ས་བོན་ལ་བརྟེན་ནས་འབྱུང་དགོས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་འཇིག་ཀུན་གཞི་ལ་མི་ལྟོས་པར་ཐལ། གང་ཟག་ཤི་འཕོས་ཀྱང་དེའི་ལས་དབང་གིས་གྲུབ་པའི་སྣོད་མི་འཇིག་པའི་ཕྱིར། དེར་ཐལ། མི་གཅིག་ཤི་ན་དེའི་ལས་དབང་གིས་གྲུབ་པའི་ཁང་པ་ལྟ་བུ་འཇིག་མི་དགོས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་ཟེར་ན། གོང་དུ་མ་ཁྱབ་སྟེ། སྣོད་འགྲུབ་བྱེད་ཀྱི་བག་ཆགས་ལ་ཚོར་མེད་དང་ཐུན་མོང་བའི་བག་ཆགས་ཞེས་བཤད་པའི་རྒྱུ་མཚན་གང་ཟག་དུ་མའི་སྤྱི་མཐུན་གྱི་ལས་ཀྱིས་འགྲུབ་དགོས་པས་གང་ཟག་རེ་རེ་ཤི་འཕོས་པ་ན་དེའི་ལོངས་སྤྱད་བྱའི་ཆ་འགགས་ཀྱང་རྩ་བའི་སྣོད་སྤྱི་ལྡོག་དེ་འགག་མི་དགོས་པའི་ཕྱིར། དེར་ཐལ། བསམ་


GTD002_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་བཞི་པའི་སྣོད་ལྟ་བུར་རང་རང་གི་ཐུན་མོང་མ་ཡིན་པའི་ལས་ལས་གྲུབ་པས། མཛོད་ལས། སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་གསུངས་པ་ལྟར་མཉམ་དུ་འགགས་པའང་ཡོད་ལ་གཞན་རྣམས་སྤྱི་མཐུན་གྱི་ལས་ཅན་མཐའ་དག་གི་ལས་ཀྱི་ནུས་པ་རྫོགས་པ་ན་སྣོད་ཀྱང་འགགས་ཏེ་བསྐལ་པ་འཇིག་པའི་ཕྱིར། དེར་ཐལ། མར་མེ་བརྒྱ་མཉམ་དུ་སྦར་བའི་ཚེ་འོད་སོ་སོར་བསྟན་དུ་མེད་ཀྱང་རིམ་གྱིས་འགག་པའི་མཐར་གསལ་ཆ་གཏན་མེད་དུ་འགྲོ་བ་བཞིན་ཡིན་པའི་ཕྱིར། དེར་ཐལ། ལྷས་སྦྱིན་གྱི་ཀུན་གཞིའི་སྟེང་ནའང་འཛམ་གླིང་གི་སྣོད་འགྲུབ་བྱེད་ཀྱི་བག་ཆགས་ཞིག་མེད་ན་དེས་དེར་ལོངས་སྤྱོད་མི་ནུས་པའི་ཕྱིར། ལམ་རིམ་ལས། འབྲས་བུ་ལ་ལོངས་སྤྱོད་པ་རྣམས་ཀྱིས་དེའི་རྒྱུ་ཐམས་ཅད་བསགས་མི་དགོས་ཀྱང་ཆ་གཅིག་བསགས་དགོས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། ཕྱིའི་ས་བོན་བཤད་པའི་རྒྱུ་མཚན་ཡོད་དེ། ཕྱིའི་ས་བོན་གང་བཏབ་མ་འཆོལ་བར་སྐྱེ་བ་དཔེར་བྱས་ནས་ནང་གི་ས་བོན་ཡང་དེ་ལྟར་འབྱུང་བ་རྟོགས་པའི་ཆེད་ཡིན་པའི་ཕྱིར་ཟེར་ན། རྒྱུ་མཚན་དེ་ཙམ་མ་ཡིན་པར་ཐལ། ནང་གི་ས་བོན་བཤད་པའི་ཟླས་དྲངས་ཏེ་བཤད་པ་ཡིན་ལ་ཕྱིའི་ས་བོན་འགའ་ཞིག་རིགས་མཐུན་མ་བཏབ་པ་ལས་ཀྱང་སྐྱེ་བ་ཡོད་ལ་ནང་གི་ས་བོན་ལ་དེ་འདྲ་མི་སྲིད་པས་ཕྱིའི་ས་བོན་ལས་ཀྱང་ནང་གི་ས་བོན་གཙོ་ཆེ་ཞིང་མི་འཆོལ་བར་བཤད་པ་ཡིན་པའི་ཕྱིར། དེར་ཐལ། ཏིལ་དང། ཨུཏྤ་ལའི་རྩ་བ་དང། དུར་བ་གསུམ་རང་རང་མ་བཏབ་ཀྱང་


GTD002_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་སོལ་བ་དང། བ་ལང་གི་ལྕི་བ་དང། ལུག་གི་བལ་ལས་སྐྱེ་བ་ཡོད་པར་བཤད་སྦྱར་ལས་གསུངས་པའི་ཕྱིར། ཡང་ཁ་ཅིག་ན་རེ། ས་བོན་ལ་ནང་གི་ས་བོན་གཅིག་མེད་པར་ཐལ། ས་ལུ་འགྲུབ་བྱེད་ཀྱི་ས་བོན་ནང་གི་ས་བོན་གཅིག་མེད་པའི་ཕྱིར། དེར་ཐལ། ས་ལུའི་ས་བོན་ལ་ནང་གི་ས་བོན་གཅིག་མེད་པའི་ཕྱིར་ན་མ་ཁྱབ་སྟེ། འཇིག་རྟེན་གྱི་ཐ་སྙད་གཙོ་ཆེ་བའི་ཕྱིར། ཡང་ཁོ་ན་རེ། མྱུ་གུ་ས་བོན་ལས་སྐྱེ་བར་རྟོགས་པ་ལ་ཀུན་གཞི་རྟོགས་དགོས་པར་ཐལ། དེ་སྐྱེད་བྱེད་ཀྱི་ས་བོན་ལ་ཀུན་གཞིའི་སྟེང་གི་ས་བོན་ཞིག་ཡོད་པའི་ཕྱིར་ན་ཡང་མ་ཁྱབ་སྟེ། མྱུ་གུ་སྐྱེ་བར་རྟོགས་ན་དེའི་རྒྱུར་གྱུར་པའི་ལས་ཉོན་ཐམས་ཅད་རྟོགས་མི་དགོས་པའི་ཕྱིར། བྱས་པ་ལ་འོ་ན། ཀུན་གཞིའི་སྟེང་གི་ས་བོན་ལས་སྐྱེ་བར་རྟོགས་ན་ཀུན་གཞི་རྟོགས་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བཅུ་གཅིག་པ་སྐྱེ་བའི་རྟེན་འབྲེལ་དེ་ཀུན་གཞིའི་སྟེང་གི་འཕེན་བྱེད་ལས་ཀྱི་བག་ཆགས་ལས་བྱུང་བར་རྟོགས་ན་ཀུན་གཞི་རྟོགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་བཅུ་པ་སྲིད་པའི་རྟེན་འབྲེལ་ལས་བྱུང་བར་རྟོགས་ན་ཀུན་གཞི་རྟོགས་པས་ཁྱབ་པར་ཐལ། བཅུ་པ་སྲིད་པའི་རྟེན་འབྲེལ་དེ་ཀུན་གཞིའི་སྟེང་གི་བག་ཆགས་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྟེན་འབྲེལ་མདོ་འགྲེལ་ལས། བག་ཆགས་ཀྱི་གནས་སྐབས་ལ་སྲིད་པའི་མིང་ཐོབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་འདོད་མི་ནུས་ཏེ། དེ་རྟོགས་པའི་ཐེག་


GTD002_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དམན་རིགས་ངེས་ཡང་ཡོད་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་ཡང་ཡོད་པ་གང་ཞིག །ཀུན་གཞི་རྟོགས་པའི་དེ་དག་མེད་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། ཐེག་དམན་འཕགས་པ་ཡིན་ན་ཡན་ལག་བཅུ་གཉིས་མངོན་སུམ་དུ་རྟོགས་པས་ཁྱབ་པའི་ཕྱིར། དེར་ཐལ། རྣལ་འབྱོར་སྤྱོད་པའི་ས་ལས། རྒྱུན་ཏུ་ཞུགས་པས་ཡན་ལག་དུ་ཞིག་སྤངས་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་ངན་འགྲོའི་ཡན་ལག་བཅུ་གཉིས་སྤངས་པའི་ཕྱིར་དང། ཡན་ལག་བཅུ་གཉིས་མ་རྟོགས་པར་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་འཁོར་བ་སྤོང་ཚུལ་མེད་པའི་ཕྱིར། རྟགས་ཟུར་གཉིས་པ་གྲུབ་སྟེ། བྱེ་བྲག་སྨྲ་བར་གྱུར་པའི་བྱང་སེམས་ཡོད་པའི་ཕྱིར། ཁྱབ་སྟེ། དེས་ཡན་ལག་བཅུ་གཉིས་ལུགས་འབྱུང་ལྡོག་གཉིས་ཀར་རྟོགས་པའི་ཕྱིར། དེར་ཐལ། དེས་སྡུག་ཀུན་གཉིས་རྟོགས་པའི་ཕྱིར་ཏེ། འཁོར་བ་ལས་ངེས་པར་འབྱུང་འདོད་དང་ཐར་པ་ཐོབ་འདོད་ཀྱི་བློ་བཅོས་མིན་སྐྱེས་པའི་ཕྱིར། ཁྱབ་སྟེ། སའི་དངོས་གཞི་ལས། བདེན་པའི་ཚུལ་བསྟན་པའི་དབང་དུ་བྱས་ཏེ་འདི་ལྟར་སྐྱེ་བ་དང་རྒ་ཤི་ནི་སྡུག་བསྔལ་གྱི་བདེན་པའི་རབ་ཏུ་ཕྱེ་བའོ། །ཞེས་དང། རྗེའི་གསུང་མགུར་ལས། སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང། །ཞེས་སོགས་གསུངས་པའི་ཕྱིར། རྟགས་ཟུར་གསུམ་པ་གྲུབ་སྟེ། དགོངས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཟབ་པ་འཇིག་རྟེན་རང་དགའ་བས་མ་རྟོགས་པ་དང་ཕྲ་བ་ཉན་རང་གིས་རྟོགས་མི་ནུས་པ་ལ་བྱེད་པའི་ཕྱིར། བཤད་


GTD002_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ལས། ཕྲ་བ་ནི་ཉན་ཐོས་རྣམས་ཀྱིས་ཀྱང་ཤེས་པར་དཀའ་བའི་ཕྱིར་རོ། །དེའི་ཕྱིར་དེ་དག་ཤེས་བྱ་ཕྲ་བ་ཐམས་ཅད་ཤེས་པའི་སྐབས་མ་ཡིན་པས་ཉན་ཐོས་རྣམས་ལ་མ་བཤད་དོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་ལྟར་ཡིན་པར་ཐལ། ཀུན་གཞི་མ་རྟོགས་པར་ཐར་པ་ཐོབ་ནུས་པ་གང་ཞིག །ཐམས་ཅད་མཁྱེན་པ་ཐོབ་མི་ནུས་པའི་ཕྱིར། དང་པོ་གྲུབ་སྟེ། ཐེག་བསྡུས་ལས། དེ་དག་ནི་བསྟན་པ་མེད་པར་ཡང་ཤེས་པར་རབ་ཏུ་གྲུབ་པས། ཞེས་དང། བཤད་སྦྱར་ལས། དེ་བསྟན་པ་མེད་པར་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་རྣམས་ལ་ཀུན་གཞིའི་རྣམ་པར་ཤེས་པ་མ་བསྟན་ཀྱང། ཞེས་པ་ནས། ཉོན་མོངས་རྣམས་སྤོང་སྟེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཐེག་བསྡུས་ལས། དེ་ཤེས་པ་མེད་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་སླ་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། རིགས་ངེས་རྒྱུན་ཞུགས་ཆོས་ཅན། ཁྱོད་ཀྱིས་གསུམ་པ་རྣམ་ཤེས་ཀྱི་རྟེན་འབྲེལ་རྟོགས་པར་ཐལ། ཡན་ལག་བཅུ་གཉིས་རྟོགས་པའི་ཕྱིར། འདོད་ན། ཀུན་གཞི་རྟོགས་པར་ཐལ། དེ་ཀུན་གཞི་ཡིན་པའི་ཕྱིར་ན་མ་ཁྱབ། ཁྱོད་རང་ལ་དེ་ཆོས་ཅན། ཁྱོད་ཀྱིས་ཕྱི་རོལ་དོན་དུ་མ་གྲུབ་པའི་བུམ་པ་རྟོགས་པར་ཐལ། བུམ་པ་རྟོགས་པ་གང་ཞིག །བུམ་པ་དེ་ཡིན་པའི་ཕྱིར། ཁྱབ་པ་འགྲིག་བྱས་པ་ལ། དེ་མི་མཚུངས་པར་ཐལ། བུམ་པ་དེ་ཕྱི་རོལ་དོན་དུ་མ་གྲུབ་པའི་བུམ་པ་ཡིན་ཀྱང་རྟོགས་ཚེ་དེའི་ཁྱད་པར་དུ་བྱེད་མི་དགོས་པར་བུམ་པ་སྤྱི་ཙམ་རྟོགས་པར་བཞག་ཆོག་པའི་ཕྱིར་ཟེར་ན། གསུམ་པ་རྣམ་


GTD002_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དེ་ཀུན་གཞི་ཡིན་ཀྱང་རྟོགས་པའི་ཚེ་སྣོད་བཅུད་ཀུན་གྱི་གཞི་ཡིན་ཚུལ་གྱི་ཁྱད་པར་དུ་བྱེད་མི་དགོས་པར་རྣམ་ཤེས་སྤྱི་ཙམ་རྟོགས་པར་བཞག་ཆོག་པའི་ཕྱིར་བྱ་བའི་ལན་བྱ་རོག་གིས་མ་ཟོས་སོ། །ཡང་ཁ་ཅིག་ན་རེ། ཉན་ཐོས་སྡེ་བ་ལ་ཀུན་གཞི་ལུང་གིས་བསྒྲུབ་པ་མི་འཐད་པར་ཐལ། ཐེག་དམན་ལ་གྲགས་པའི་ལུང་གིས་ཀུན་གཞི་དངོས་སུ་བསྟན་པ་མེད་པའི་ཕྱིར། དེར་ཐལ། ཐེག་དམན་གྱི་ལུང་ལ་ཀུན་གཞི་དངོས་སུ་སྟོན་པ་མེད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལ་གྲགས་ཞེས་སྨོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། ལུང་གཅིག་ལས་འཕྲོས་པའི་ནང་གི་སྐྱེ་དགུ་ཀུན་གཞི་ལ་དགའ་བ་ཞེས་སོགས་ཀྱི་ལུང་འདི་ཐེག་དམན་གྱི་ལུང་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་སྡེ་བའི་རིགས་ཅན་ལ་གདམས་པའི་མདོ་ཡིན་པར་ཐལ། ཐེག་དམན་གྱི་མདོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་སྡེ་པ་མེད་པའི་ཕྱིར། དེར་ཐལ། ཀུན་གཞི་དངོས་སུ་སྟོན་ཡུལ་གྱི་ཉན་ཐོས་སྡེ་པ་མེད་པའི་ཕྱིར། དེར་ཐལ། ཆོས་ཀྱི་བདག་མེད་ཕྲ་མོ་དངོས་སུ་སྟོན་ཡུལ་གྱི་ཉན་ཐོས་སྡེ་པ་མེད་པའི་ཕྱིར། མ་ཁྱབ་ན། ཆོས་ཀྱི་བདག་མེད་ཕྲ་མོ་དངོས་སུ་སྟོན་ཡུལ་གྱི་དེ་མེད་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ལྟར་ན་སྲིད་པ་འཕོ་བའི་མདོ་ལས། མིང་ནི་གང་དང་གང་གིས་སུ། །ཞེས་སོགས་ཀྱི་ཚིགས་བཅད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དེ་སྟོང་ཉིད་དངོས་སུ་སྟོན་ཡུལ་གྱི་དེ་ཡིན་པའི་ཕྱིར། དེར་ཐལ། དེ་སྟོང་ཉིད་དངོས་སུ་སྟོན་པའི་ཐེག་དམན་གྱི་ལུང་


GTD002_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། དེར་ཐལ། དེ་དངོས་སུ་སྟོན་བྱེད་ཀྱི་ཐེག་དམན་གྱི་མདོའི་ནང་གི་ཚིག་ཡིན་པའི་ཕྱིར་དང། ཐེག་དམན་རང་ལ་གྲགས་པའི་ལུང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཐེག་དམན་གྱི་ལུང་ལས་ཆོས་ཀྱི་བདག་མེད་དངོས་སུ་བསྟན་པར་ཐལ་འགྱུར་བ་མ་གཏོགས་པས་ཁས་མི་ལེན་པའི་ཕྱིར། འཇུག་འགྲེལ་ལས། གང་ཞིག་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ལ་བདག་མེད་པ་བསྟན་ན་དེའི་ཚེ་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་སྙམ་དུ་སེམས་པ་དེའི་ལུགས་དེ་ཡང་འདི་ལྟར་རིགས་པ་དང་ལུང་དང་འགལ་བར་རྟོགས་སོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་དངོས་སུ་དགག་ཡུལ་ལེགས་ལྡན་ཡིན་ཀྱང་དེ་ལྟར་འདོད་པ་ལ་སེམས་ཙམ་པ་དང་རང་རྒྱུད་པ་མཚུངས་པའི་ཕྱིར། སྟོང་ཐུན་ལས། སེམས་ཙམ་པ་དང་དབུ་མ་རང་རྒྱུད་པ་གཉིས་ཀའང་ཐེག་དམན་གྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་ཅུང་ཟད་ཀྱང་མ་བསྟན་པར་འདོད་པ་ལ་ཁྱད་པར་མེད་ཅིང། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །ཐེག་ཆེན་གྱི་ལུང་གིས་ཀུན་གཞི་བསྒྲུབ་ཡུལ་གྱི་ཉན་ཐོས་སྡེ་པ་རིགས་པའི་རྗེས་འབྲང་ཡོད་ཀྱང་ལུང་གི་རྗེས་འབྲང་མེད་དེ། དེས་ཐེག་ཆེན་བཀར་ཁས་མི་ལེན་པའི་ཕྱིར་ཟེར། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། ལུང་གིས་བསྒྲུབ་ཡུལ་གྱི་དེ་ཡོད་པར་ཐལ། ལུང་ལས་གསུངས་པའི་རིགས་པས་བསྒྲུབ་པ་ཡོད་པའི་ཕྱིར་དང། ཀུན་གཞི་སྒྲུབ་བྱེད་ཀྱི་རྟགས་སྦྱོར་ལ་ལུང་གི་ཚིག་ཡོད་པའི་ཕྱིར་ན་མ་ཁྱབ། ཁྱོད་རང་ལ་བསྒྲུབ་བྱ་དེ་བསྒྲུབ་ན་དཔྱད་གསུམ་གྱིས་དག་པའི་ལུང་


GTD002_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྒྲུབ་པས་ཁྱབ་པར་ཐལ། དེ་འདྲའི་ལུང་ལས་གསུངས་པའི་རྟགས་སྦྱོར་གྱིས་བསྒྲུབ་པས་ཁྱབ་པའི་ཕྱིར། འདོད་ན། བསྒྲུབ་བྱ་ཡིན་ན་ཤིན་ལྐོག་ཡིན་པས་ཁྱབ་པར་ཐལ་ལོ། །ཡང་ཁོ་ན་རེ། ཀུན་གཞིའི་སྒྲུབ་བྱེད་དུ་དྲངས་པའི་ཐེག་དམན་ལ་གྲགས་པའི་ལུང་དེ་ཆོས་ཅན། ཕྱི་དོན་འགོག་བྱེད་ཡིན་པར་ཐལ། ཀུན་གཞི་སྒྲུབ་བྱེད་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་སྡེ་པ་འགོག་བྱེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དག་གིས་ལུང་དེ་རང་གཞུང་དུ་ཁས་ལེན་པའི་ཕྱིར་ན་མ་ཁྱབ་སྟེ། དེས་དོན་ལ་ཀུན་གཞི་བསྟན་པ་ཡིན་ཀྱང་དེ་དག་ཀུན་གཞི་སྟོན་བྱེད་དུ་མི་འདོད་པའི་ཕྱིར། དེར་ཐལ། ཀུན་གཞི་ལ་དགའ་བ་ཞེས་པའི་ཀུན་གཞི་དེ་དབྱིག་བཤེས་ཀྱི་ཉེར་ལེན་གྱི་ཕུང་པོ་ལ་བཤད། བཙུན་པ་མིའུ་ཐུང་གིས་ཚོར་བ་བདེ་བ་ལ་བཤད། དབྱངས་སྒྲོགས་ཀྱིས་འཇིག་ལྟ་ལ་བཤད་པའི་ཕྱིར། རྩ་བར། དེ་ལྟར་གསུངས་པའི་ཀུན་གཞི་ལ། །དབྱིག་བཤེས་མིའུ་ཐུང་དབྱངས་སྒྲོགས་གསུམ། །རིམ་བཞིན་ཕུང་པོ་ཚོར་བ་དང། །འཇིག་ལྟ་གསུམ་ལ་དགོངས་ཞེས་ཟེར། །ཞེས་གསུངས་པའི་ཕྱིར། སློབ་དཔོན་དེ་གསུམ་གྱི་བཞེད་ཚུལ་དེ་ཡང་ཁས་ལེན་རུང་བར་ཐལ། ཚུལ་དེ་མི་རུང་མེད་མོད་ཀྱི། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། ཐེག་བསྡུས་ལས། དེ་གསུམ་ལའང་རིམ་པ་བཞིན་སྡུག་བསྔལ་གྱིས་གཟིར་ནས་འཆི་བ་དོན་དུ་གཉེར་བའི་གང་ཟག་དང། བསམ་གཏན་བཞི་པ་ཡན་ཆད་དང། བདག་འཛིན་ལ་སྐྱོན་དུ་ལྟ་བའི་སོ་སྐྱེས་རྣམས་དེ་དག་ལ་དགའ་བ་མི་འཐད་པའི་སྐྱོན་བརྗོད་པའི་ཕྱིར། ཡང་ཁ་ཅིག །


GTD002_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞི་མེད་ན་ལུས་ལེན་པ་པོ་མེད་མི་དགོས་པར་ཐལ། ཉིང་མཚམས་སྦྱར་མ་ཐག་པའི་རྒྱུད་ལ་རྣམ་སྨིན་དུ་གྱུར་པའི་ཉོན་མོངས་ཅན་གྱི་སེམས་གཅིག་ཡོད་པའི་ཕྱིར། མཛོད་ལས། སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཆགས་སྡང་གང་རུང་གིས་ཉེ་རྒྱུ་བྱེད་པའི་ཆ་ནས་ཉོན་མོངས་སུ་བཏགས་པ་ཡིན་ཞིང། གྲུབ་མཐའ་གཞན་གྱི་སྐབས་ཡིན་པའི་ཕྱིར། ཁོ་ན་རེ། ཉིང་མཚམས་སྦྱར་མ་ཐག་པའི་བྱང་སེམས་ཀྱི་རྒྱུད་ལ་སེམས་བསྐྱེད་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར་ཟེར་ན། དེ་ཡོད་པར་ཁས་ལེན་གྲགས་ཆེ་ཡང་འདིའི་གཞུང་གོང་འོག་གི་བཤད་ཚུལ་གཞིར་བཞག་ན་མེད་པར་མངོན་ནོ། །འོ་ན་དེ་ཆོས་ཅན། བྱང་སེམས་མ་ཡིན་པར་ཐལ། སེམས་བསྐྱེད་རྒྱུད་ལ་མི་ལྡན་པའི་གང་ཟག་ཡིན་པའི་ཕྱིར་ཟེར་ན། མ་གྲུབ་སྟེ། དེའི་ས་བོན་དང་ལྡན་པས་དེ་ལྡན་པར་བཞག་ཆོག་པའི་ཕྱིར། དེ་རྣམ་མཁྱེན་དང་ལྡན་པར་ཐལ། དེར་ས་བོན་དང་ལྡན་པའི་ཕྱིར་ན་མི་མཚུངས་ཏེ། འདི་ཐོབ་འགྱུར་གྱི་ནུས་པ་ཙམ་ཡིན་ལ། གཅིག་ཤོས་སྔར་མངོན་གྱུར་དུ་ཐོབ་པ་དེའི་ས་བོན་ཡིན་པའི་ཕྱིར། འདི་ཡང་ཁྱབ་མཐའ་བཟུང་བ་མིན་ཏེ། སྡོམ་པ་མངོན་གྱུར་ཐོབ་ནས་བཏང་བའི་རྗེས་སུའང་དེའི་ས་བོན་ཡོད་པའི་ཕྱིར། རིགས་པ་གཉིས་པའི་སྐབས་སུ། ས་བཟང་ན་རེ། གཟུགས་མཐོང་འདོད་ནས། ཆོས་ཤེས་པར་འདོད་པའི་བར་གྱི་ཡིད་བྱེད་དྲུག་ཅིག་ཅར་སྐྱེ་བར་བཤད་པ་མི་འཐད་པར་ཐལ། དེའི་ཚེ་གཟུགས་


GTD002_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་འདོད་ལྟ་བུའི་ཡིད་བྱེད་ཁྱད་པར་བ་ཞིག་ཀྱང་མེད་པའི་ཕྱིར། དེ་འདྲ་ཡོད་ན་དབང་ཤེས་གཞན་རྣམས་སྐྱེ་བ་ལ་གེགས་བྱེད་ཅིང། འདིར་ཆ་མཉམ་པའི་དོན་ཡིད་བྱེད་ཉེ་རིང་མེད་པར་གང་ཡིན་ཀྱང་སྐྱེ་རུང་གི་ཚུལ་དུ་ཡོད་པ་ལ་བྱེད་པའི་ཕྱིར། དེར་ཐལ། སུམ་ཅུ་པའི་འགྲེལ་པ་ལས། དམིགས་པའི་རྐྱེན་དང་ཕྲད་ན་དེ་མ་ཐག་པའི་རྐྱེན་གཅིག་པུ་དེ་ལས་ཀྱང་རྣམ་པར་ཤེས་པ་གཉིས་སམ་མང་པོ་འབྱུང་སྟེ། ཞེས་རྐྱེན་གཉིས་ལས་ཡིད་བྱེད་མ་གསུངས་ཤིང། དཀའ་འགྲེལ་ལས་ཀྱང། མཐོང་འདོད་ཉན་ཐོས་ཀྱི་རྟོག་པ་གཉིས་ཅིག་ཅར་སྐྱེ་མི་སྲིད་པས། ཞེས་གསུངས་པའི་ཕྱིར། ཁོ་ན་རེ། སྐབས་འདིར་དབང་ཤེས་ཀྱི་ཡུལ་ལ་དེའི་དམིགས་རྐྱེན་དུ་བཤད་པ་མི་འཐད་པར་ཐལ། དེ་དེ་དང་བདག་ཉིད་གཅིག་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་དམིགས་རྐྱེན་དངོས་མིན་ཀྱང་ཡོད་མེད་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཆ་ནས་སྣང་བའི་དམིགས་རྐྱེན་ནམ་དམིགས་རྐྱེན་བཏགས་པ་བར་བཞག་པའི་ཕྱིར་ཏེ། དམིགས་བརྟག་ལས། གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། སྔོ་འཛིན་མིག་ཤེས་ཡུལ་གྱི་སྔོན་པོ་དེ་མིག་ཤེས་དེ་དང་བདག་ཉིད་གཅིག་མ་ཡིན་པར་ཐལ། དེའི་སྔ་རོལ་ནས་གྲུབ་པའི་ཕྱིར། དེར་ཐལ། དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་མིག་དབང་དེས་མཐོང་དགོས་པའི་ཕྱིར་ཟེར་ན། འདི་ལ་མདོ་སེམས་སུའི་ལུགས་བྱས་ཀྱང་ཞིབ་ཆ་ཞིག་དགོས་པར་སྣང། གསལ་བ་མི་རུང་བའི་དོན་ཡང། ཁ་ཅིག །རྣམ་ཤེས་དུ་མ་ཅིག་ཅར་སྐྱེ་བ་མེད་


GTD002_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ན་དབང་མངོན་འདས་མ་ཐག་ཡུལ་དེ་གསལ་བར་སྣང་བའི་ཡིད་ཤེས་དང་སླར་དེ་མི་གསལ་བར་སྣང་བའི་ངེས་ཤེས་སྐྱེ་བ་འགལ་ཟེར། ཁ་ཅིག །ཡུལ་ད་ལྟ་བ་གསལ་བར་སྣང་བའི་ཡིད་ཤེས་དང་འདས་མ་འོངས་སོགས་མི་གསལ་བར་སྣང་བའི་ཡིད་ཤེས་གཉིས་མི་འཐད་པར་ཐལ་བ་འཕེན་ཟེར། དང་པོ་མི་འཐད་པར་ཐལ། རྣམ་ཤེས་དུ་མ་ཅིག་ཅར་མི་སྐྱེ་བར་འདོད་པ་ལ་རིམ་ཅན་དུ་མི་སྐྱེ་བར་ཐལ་བ་འཕེན་པ་བཞད་གད་ཡིན་པའི་ཕྱིར། གཉིས་པ་ཡང་མི་འཐད་པར་ཐལ། དེ་འདྲའི་ཡིད་ཤེས་གཉིས་ཅིག་ཅར་མངོན་གྱུར་དུ་མི་སྐྱེ་བར་རང་ཡང་འདོད་དགོས་ལ། རིམ་ཅན་དུ་མི་སྐྱེ་བར་ཐལ་བ་ཙམ་འཕངས་ན་འབྲེལ་མེད་པ་སྔ་མ་དང་འདྲ་བའི་ཕྱིར། དེར་ཐལ། སྔོན་པོ་མཐོང་བའི་དབང་ཤེས་མངོན་དུ་གྱུར་བཞིན་པའི་དུས་སུ་དེའི་ཡུལ་གྱི་སྔོན་པོ་དེ་ཡིད་ལ་ཡང་གསལ་བར་སྣང་དགོས་པས་དེ་རྟོགས་ཀྱི་ཡིད་མངོན་ཞིག་འབྱུང་ལ། དབང་མངོན་འདས་ཚེ་ཡུལ་སྔོན་པོ་དེ་ཡང་འདས་ཟིན་པས་ཕལ་བས་མངོན་སུམ་གྱི་ཡུལ་དུ་མི་འགྱུར་བར་དྲན་ཤེས་རྟོག་བཅས་ཀྱིས་གཞལ་དགོས་པའི་ཕྱིར། བསྡུ་བ་ལས། འདས་པའི་ཡུལ་མྱོང་བ་རྗེས་སུ་དྲན་པ་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་རྒྱུ་བ་ནི་གསལ་བ་མ་ཡིན་ལ། ད་ལྟར་གྱི་ཡུལ་ལ་རྒྱུ་བའི་ཡིད་ནི་དེ་ལྟར་མི་གསལ་བ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་ཡུལ་ད་ལྟ་བ་ཞེས་པ་སྤྱིར་ད་ལྟ་བ་ཙམ་ལ་མི་བྱེད་པར་དབང་ཤེས་དེ་ལ་ལྟོས་ནས་དེས་མྱོང་བཞིན་པ་དེར་འཇོག་དགོས་པའི་ཕྱིར། དཀའ་འགྲེལ་ལས། གལ་ཏེ་དབང་ཤེས་དང་དུས་


GTD002_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཉམ་ཡང་ད་ལྟར་བའི་ཡུལ་ཅན་ཡིད་ནི་གསལ་འདས་པ་ལྟ་བུ་མི་གསལ་བ་ཡིན་ནོ། །ཞེས་ན་མི་རུང་སྟེ་ཞེས་དང། རེད་མདའ་བའི་ཀུན་བཏུས་ཊཱིཀྐ་ལས། སེམས་གཉིས་ཅིག་ཅར་མི་འབྱུང་ན་དབང་བོའི་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཡིད་ཀྱི་ཤེས་པ་མི་སྲིད་པས་དེའི་ཕྱིར་ཡུལ་གསལ་བར་འཛིན་པའི་ཡིད་ཀྱི་རྣམ་ཤེས་མི་རུང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ཡིད་མངོན་དེ་ལྟར་སྐྱེ་བ་མི་འཐད་པར་ཐལ། མཛོད་ལས། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་དང། བློ་རིག་གི་མཐའ་དཔྱོད་ལས། ཡིད་མངོན་ཡིན་ན་དབང་མངོན་གྱི་རྗེས་སུ་བྱུང་བས་ཁྱབ་སྟེ། རྟོག་གེའི་སྐད་ལས་དབང་མངོན་འདས་མ་ཐག་ཏུ་ཡིད་མངོན་སྐྱེའོ། །ཞེས་སོགས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རྣམ་འགྲེལ་རང་ལུགས་དེ་ལྟར་ཡིན་ཀྱང་ལུང་གི་རྗེས་འབྲང་རྣམས་དེ་ལྟར་འདོད་མི་དགོས་པའི་ཕྱིར། དེར་མ་ཟད་རྣམ་འགྲེལ་གྱི་རྗེས་འབྲང་རྒྱན་མཁན་པོས་ཀྱང། གོམས་ལས་བདུན་ན་གནས་པ་ལ། །འདི་འོ་ཞེས་ན་ཤེས་པ་གང། །མངོན་སུམ་བྱེད་ཕྱིར་དེ་ལ་ནི། །ཡིད་ཀྱི་མངོན་སུམ་ཡིན་པར་འདོད། །ཅེས་པ་ལྟ་བུ་ཡོད་པས་སློབ་དཔོན་སོ་སོའི་བཞེད་ཚུལ་མ་འདྲེས་པ་དགོས་སོ། །སྔ་མའི་བསྒྲུབ་ཚུལ་དེ་ཡང་ཅུང་ཟད་གསལ་བར་བཤད་ན་འདི་ཡིན་ཏེ། མདུན་གྱི་སྐྱེས་བུ་ལན་འདེབས་པ་པོ་ཆོས་ཅན། ཁྱོད་ཀྱིས་བ་ལང་མངོན་སུམ་དུ་རྟོགས་པར་ཐལ། དེ་མངོན་སུམ་དུ་རྟོགས་པ་ལ་མངོན་ཤེས་དང་འཕགས་ལམ་སོགས་ཐོབ་མི་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་


GTD002_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལང་མིག་གིས་མཐོང་བཞིན་པའི་དུས་སུ་མངོན་སུམ་དུ་རྟོགས་པར་ཐལ། དེ་མངོན་སུམ་དུ་རྟོགས་པ་གང་ཞིག །ལྐོག་ཏུ་སོང་བའི་ཚེ་དྲན་པའི་བློ་དེ་རྟོག་པ་ཡིན་པའི་ཕྱིར་ཏེ། དེའི་ཚེ་བ་ལང་གི་རྣམ་པ་ལྟ་བུར་སྣང་བ་དེ་དོན་སྤྱིའི་སྣང་བ་ཡིན་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་མངོན་སུམ་དུ་རྟོགས་པའི་ཡིད་མངོན་ཡོད་པར་ཐལ། དེ་འདྲའི་མངོན་སུམ་ཡོད་ལ། དབང་མངོན་མེད། རྣལ་འབྱོར་མངོན་སུམ་མེད། རང་རིག་ས་སྡེ་ལས་མ་གསུངས་ཤིང་ཡོད་ཀྱང་འཛིན་རྣམ་ཡན་གར་བ་ཡིན་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དེ་མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པའི་ཕྱིར། ཞེས་པ་ཡིན་ལ། དེས་མཚོན་ཏེ་རྒྱང་རིང་པོའི་མེ་ཆུ་སོགས་ཀྱང་མིག་གིས་མཐོང་བའི་ཚེ་ཡིད་ཀྱིས་མངོན་སུམ་དུ་རྟོགས་པར་མ་བཞག་ན་དེ་དག་མངོན་སུམ་དུ་རྟོགས་ཚུལ་བཞག་དཀའ་བར་སྣང་ཞིང། འདི་ལ་སྤྱི་དོན་རོལ་མཚོ་ལས། དེ་འདྲའི་ཡིད་མངོན་མེད་པ་རྣམ་འགྲེལ་དང་སྒོ་བསྟུན་པའི་ལུགས་སུ་བྱས་ཏེ་མིག་སྔོན་པོ་ལ་བལྟ་བཞིན་པའི་དུས་ཀྱི་སྔོན་པོ་དྲན་པའི་དྲན་ཤེས་གསུངས་པ་ནི་དེ་ལས་ཀྱང་མ་འབྲེལ། ཡང་ཁ་ཅིག །རིགས་པ་ལྔ་པའི་སྐབས་ཀྱི་རྣམ་རིག་བཞི་ག་དྲུག་པ་ཡིད་ཤེས་ཡིན་ཟེར་ན་མི་འཐད་པར་ཐལ། འདིའི་སྣོད་ཀྱི་རྣམ་རིག་ཅེས་པ་ཡུལ་ཕྱོགས་སྤྱིའི་སྣང་བ་དང། གནས་ཀྱི་རྣམ་རིག་ཅེས་པ་རང་གི་ལུས་རྐང་པ་འདེགས་འཇོག་སོགས་ཀྱི་སྣང་བ་ཡིན་པས་དེ་གཉིས་གོང་དུ་དོན་དང་སེམས་ཅན་ཞེས་པ་ལྟར་ཀུན་གཞི་ལ་སྦྱོར་དགོས་ཤིང༌། ངའོ་


GTD002_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི་རྣམ་རིག་ཉོན་ཡིད་དང༌། ཡུལ་གྱི་རྣམ་རིག་ཡུལ་དྲུག་སོ་སོར་སྣང་བའི་འཇུག་ཤེས་ལ་བྱེད་པའི་ཕྱིར། དཀའ་འགྲེལ་ལས་སོ། །ཡང་ཁ་ཅིག་ན་རེ། ཀུན་གཞི་མེད་ན་ལུས་ཚོར་མི་རུང་བ་མ་ཡིན་པར་ཐལ། ཀུན་གཞི་ཡོད་ཀྱང་ལུས་ཚོར་བདེ་སྡུག་སོགས་དེས་མྱོང་བ་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འདིས་བསྒྲུབ་ཚུལ་དེ་ལྟར་མ་ཡིན་པའི་ཕྱིར། དེར་ཐལ། ཡིད་གཞན་ལ་གཏད་བའི་ཚེ་ལུས་ལ་ཕན་གནོད་བྱས་པའི་ཚོར་བ་བདེ་སྡུག་སྐྱེ་བ་ཀུན་གཞིའི་སྟོབས་ཡིན་པའི་ཕྱིར། དེར་ཐལ། ལུས་ཚོར་བདེ་སྡུག་སྐྱེ་བ་ཡིད་བྱེད་ལ་མི་ལྟོས་ཀྱང་ནང་དུ་དེ་སྐྱེ་བའི་རྟེན་ཞིག་ཡོད་དགོས་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། མཛོད་རང་འགྲེལ་དང་གནད་སྒྲོན་གཉིས་ཀ་ལས། སེམས་ཀྱི་བདེ་བ་དང་སྡུག་བསྔལ་ནི་ཕལ་ཆེར་རྣམ་པར་རྟོག་པ་ལས་སྐྱེ་ཡི་ལུས་ཀྱི་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ནང་གི་སེམས་ལ་མི་ལྟོས་ན་རོ་ལ་མཚོན་བསྣུན་པས་ཀྱང་ལུས་ཚོར་སྐྱེ་བར་ཐལ་བའི་སྐྱོན་འབྱུང་བའི་ཕྱིར། དེ་བཞིན་དུ་གཉིད་འཐུག་ལོག་པའི་ཡིད་བྱེད་མེད་ཀྱང་ལུས་ལ་ཕན་གནོད་དང་དུང་སྒྲ་སོགས་ཀྱིས་གཉིད་བསླངས་ཏེ་དབང་ཤེས་སྐྱེ་བ་ཡང་གཉིད་ལོག་བཞིན་པའི་དུས་སུ་སྐྱེ་བའི་རྟེན་གྱི་རྣམ་ཤེས་གཅིག་ཡོད་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། ཁོ་ན་རེ། སྐྱོན་མེད་དེ། དེའི་ཚེ་རྣམ་ཤེས་མེད་ཀྱང་སྒྲ་ཐོས་པ་སོགས་ཀྱི་ས་བོན་ཡོད་པའི་ཕྱིར་ཞེ་ན། དེས་སྐྱོན་སྤོང་མི་ནུས་པར་ཐལ། དེ་འདྲའི་ས་བོན་དེ་ཡང་རྣམ་ཤེས་གཅིག་ལ་བརྟེན་དགོས་པས་ཀུན་གཞི་ལས་མ་འདས་ཤིང་སྔ་མས་སྒྲུབ་ཚུལ་ཡང་ས་བོན་དེའི་སྟེང་ནས་བཤད་པ་ཡིན་པའི་ཕྱིར།


GTD002_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁོ་ན་རེ། གཉིད་ལོག་པའི་ཚེ་དྲུག་པ་ཡིད་ཤེས་མེད་པར་ཐལ། སེམས་མེད་སྙོམས་འཇུག་གཉིས་དང་གཉིད་དང་བརྒྱལ་བ་སོགས་ཀྱི་ཚེ་དེ་མེད་པས་ཀུན་གཞི་མེད་ན་དེ་དག་མི་རུང་བར་ཐལ་བ་འཕེན་ཚུལ་ཡོད་པའི་ཕྱིར་དང༌། སུམ་ཅུ་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་དང༌། །སྙོམས་པར་འཇུག་པ་རྣམ་གཉིས་དང༌། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། གཉིད་ལོག་པའི་ཚེ་དྲུག་པ་ཡིད་ཤེས་ཡོད་པའི་ཕྱིར། དེར་ཐལ། དེའི་ཚེ་གཉིད་དང་མཚུངས་ལྡན་གྱི་སེམས་ཡོད་པའི་ཕྱིར། དེར་ཐལ། དེའི་ཚེ་གཉིད་ཡོད་པའི་ཕྱིར་དང༌། སེམས་སེམས་བྱུང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་ལུང་དོན་ཡོད་དེ། གཉིད་སྲབ་མོའི་ཚེ་རྨི་ལམ་རྨིས་བྱེད་ཀྱི་ཤེས་པ་གཉིད་དང་མཚུངས་ལྡན་དུ་ཡོད་པ་མྱོང་བས་གྲུབ་ལ། གཉིད་འཐུག་པོ་ལོག་པའི་ཚེ་རྨི་ལམ་ཡང་མི་འབྱུང་བས་གཉིད་ཀྱི་ཤེས་པ་མེད་པར་འགྲུབ་པའི་ཕྱིར་ཏེ། སུམ་ཅུ་པའི་འགྲེལ་པ་ལས། སེམས་མེད་པའི་གཉིད་ནི་གཉིད་འཐུག་པོས་ནོན་པའི་ཕྱིར་དུས་དེ་སྲིད་གཅིག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་མི་འབྱུང་བས་སེམས་མེད་པ་ཞེས་བྱའོ། །ཞེས་གསུངས་ཤིང༌། གཞུང་གཞན་ལས་ཀྱང་གཉིད་འཐུག་གི་ཐིག་ལེ་དང་རྨི་ལམ་གྱི་ཐིག་ལེ་ཞེས་སྐབས་སོ་སོར་བཤད་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཁོ་ན་རེ། གཉིད་འཐུག་པོ་ལོག་པའི་ཚེ་གཉིད་ཀྱི་ཤེས་པ་ཡོད་པར་ཐལ། དེའི་ཚེ་གཉིད་འཐུག་པོ་


GTD002_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་ཕྱིར་ན་མ་ཁྱབ་སྟེ། སྡུག་བསྔལ་ཤུགས་དྲག་པོའི་དབང་གིས་བརྒྱལ་བའི་ཚེ་སྡུག་བསྔལ་དངོས་སུ་མེད་ཀྱང་སྔུག་བསྔལ་གྱིས་བརྒྱལ་བར་འཇོག་པ་བཞིན་གཉིད་ཀྱིས་སྟོབས་ཀྱིས་འཇུག་ཤེས་ཕྲ་རགས་ཐམས་ཅད་བསྡུས་པའི་ཚེ་གཉིད་འཐུག་པོ་ལོག་པར་འཇོག་ཀྱང་གཉིད་དེའི་ཚེ་ཡོད་མི་དགོས་པའི་ཕྱིར། ཁ་ཅིག །གཉིད་ཀུན་གཞིའི་འཁོར་དུ་འཇོག་ཟེར་ན། དེ་ལ་མ་སྒྲིབ་ལུང་མ་བསྟན་གྱིས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་དགེ་མི་དགེ་དུ་མ་ཡོད་པའི་ཕྱིར། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །ཞེས་དང༌། གསེར་ཕྲེང་ལས། དགེ་བའི་གཉིད་སར་གནས་ལ་ཡང་ཡོད་པ་མི་འགལ་བས། ཞེས་གསུངས་པའི་ཕྱིར། གཞན་ཡང་དེ་ཀུན་གཞིའི་འཁོར་དུ་འབྱུང་བ་མི་རུང་བར་ཐལ། དེ་འཁོར་དུ་འབྱུང་ན་ཐོག་མ་མེད་པ་ནས་བར་མ་ཆད་དུ་འཇུག་དགོས་ལ་ཀུན་གཞི་ཡིན་ན་ཁྱོད་དང་མཚུངས་ལྡན་གྱི་གཉིད་ཡོད་པས་མ་ཁྱབ་པའི་ཕྱིར། རེད་མདའ་བའི་ཀུན་བཏུས་ཊཱིཀྐ་ལས། བར་མ་ཆད་པར་མ་སྒྲིབ་ལུང་མ་བསྟན་པའི་ངོ་བོར་གནས་པ་ཞིག་རྣམ་པར་སྨིན་པར་རིགས་ན། ཞེས་གསུངས་པའི་ཕྱིར། འདོད་པའི་ཀུན་གཞིའི་འཁོར་དུ་རྟོག་དཔྱོད་ཀྱང་མི་འབྱུང་བར་ཀུན་འགྲོ་ལྔ་ཁོ་ན་བྱེད་པའི་རྒྱུ་མཚན་དེ་ཡིན་ནོ། །ཡང་ཁ་ཅིག་ན་རེ། ཁྱོད་ཀྱིས་ཤེར་མདོ་སོགས་ལས་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ཞེས་གསུངས་པ་ལ་བརྟེན་ནས་འགོག་སྙོམས་ཀྱི་ཚེ་འཇུག་ཤེས་མེད་པར་འདོད་པ་མི་འཐད་པར་ཐལ། དེ་ལྟར་ན་ཀུན་གཞིའི་འཁོར་དུ་ཡང་ཚོར་


GTD002_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་གཉིས་ཡོད་པས་དེ་འགོག་དགོས་པའི་ཕྱིར་ཟེར་ན། མི་མཚུངས་ཏེ། དེའི་འཁོར་གྱི་ཚོར་འདུ་སོགས་དམིགས་རྣམ་ཤིན་ཏུ་ཕྲ་བས་འགོག་མི་དགོས་པའི་ཕྱིར། ཁ་ཅིག་ན་རེ། ཀུན་གཞིའི་ངོ་བོ་ཙམ་ས་བརྒྱད་པ་དང་ཐེག་དམན་དགྲ་བཅོམ་ནས་ལྡོག་ཀྱང་རྣམ་སྨིན་གྱི་རྣམ་ཤེས་རྒྱུན་མཐའ་དང་ཐེག་དམན་ལྷག་མེད་ཀྱི་ཚེ་ལྡོག་པར་ཐལ། ཁྱོད་ཀྱི་གཞུང་གོང་འོག་མི་འགལ་ཚུལ་འཐད་པའི་ཕྱིར། འདོད་ན། རྟག་པར་བདག་ཏུ་སྦྱོར་བའི་གཞི་ཡིན་པའི་ཆ་ནས་ཀུན་གཞིར་འཇོག་བྱེད་ཀྱི་ཉོན་ཡིད་དགྲ་བཅོམ་ཐོབ་མ་ཐག་སྤངས་ཀྱང་ཀུན་ཉོན་གྱི་ཆོས་རྣམས་འབྲས་བུའི་ངོ་བོར་སྦྱོར་བའི་ཆ་ནས་ཀུན་གཞིར་འཇོག་བྱེད་ཀྱི་སྒྲིབ་པའི་བག་ཆགས་མ་ལུས་པ་འདིའི་ཚེ་འགག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཚེ་ཤེས་སྒྲིབ་ཀྱི་བག་ཆགས་མཐའ་དག་ཀྱང་རྒྱུན་ཆད་པར་ཐལ་ལོ། །འདོད་ན། དེའི་ཚེ་ཤེས་སྒྲིབ་ཀྱི་བག་ཆགས་མཐའ་དག་སྤངས་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། བསྡུ་བ་ལས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་ནི་སྒྲིབ་པ་དང་སྒྲིབ་པའི་རྣམ་པར་བཞག་པ་དག་མེད་ཀྱི། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་འདོད་མི་ནུས་ཏེ། ཤེས་སྒྲིབ་སྤངས་ན་ཐམས་ཅད་མཁྱེན་པ་ཐོབ་དགོས་པའི་ཕྱིར། དཀའ་འགྲེལ་ལས། མ་ལུས་པར་སྤངས་པ་མེད་ཀྱང་ཤེས་སྒྲིབ་རྒྱུན་ཆད་པའི་ལྡོག་པ་ཡོད་དེ། ཕུང་པོ་ལྔའི་རྒྱུན་ལྡོག་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། སོ་སོར་ཕྱེ་ན་སྲིད་པའི་ཡན་ལག་གི་བག་ཆགས་རྣམ་


GTD002_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་ཕྱུང་ནས་དང༌། བདག་ལྟའི་བག་ཆགས་དངོས་གཉེན་སྐྱེ་ན་དང༌། མངོན་བརྗོད་ཀྱི་བག་ཆགས་ལྷག་མེད་དང་རྒྱུན་མཐའ་ནས་ལྡོག་པར་དོན་གསང་ལས་གསུངས་སོ། །གཉིས་པ་ཉོན་ཡིད་ཀྱི་རྣམ་གཞག་བཤད་པ་ལ་སྤྱི་དོན་དང། མཐའ་ཅུང་ཟད་དཔྱད་པ་གཉིས། དང་པོ་ངོ་བོ་ནི་ཀུན་གཞིའི་རྣམ་སྨིན་གྱི་ཆ་ཁོ་ན་ལ་དམིགས་ནས་རྟག་ཏུ་ངར་སེམས་པའི་རྣམ་པ་ཅན་གྱི་རབ་ཏུ་མ་ཞི་བའི་ཡིད་ཀྱི་རྣམ་ཤེས་བརྟན་པས་རབ་ཏུ་ཕྱེ་བ་ཞིག་ཡིན་ཏེ། རྩ་བར། ཀུན་གཞི་རྣམ་སྨིན་ཆ་ཉིད་ལ། །བདག་ལྟ་སྒྲིབ་ལ་ལུང་མ་བསྟན། །ཞེས་སོ། །འཁོར་ནི་ཀུན་འགྲོ་ལྔ། ལྟ་བ། མ་རིག་པ། ང་རྒྱལ། འདོད་ཆགས་ཏེ་སེམས་བྱུང་རྫས་ཡོད་དགུར་ངེས་ལ། དེའི་སྟེང་དུ་ལྟ་བ་ལ་བཏགས་པའི་རྣམ་གཡེང༌། རྨོངས་པ་ལ་བཏགས་པ་མ་དད་པ། ལེ་ལོ། རྨུགས་པ་གསུམ། འདོད་ཆགས་ལ་བཏགས་པའི་རྒོད་པ། ཆགས་སྡང་གཉིས་ཀ་ལ་བཏགས་པ་བག་མེད་དེ་དྲུག་བསྣན་ནས་བཅོ་ལྔར་ཡང་གསུངས་ཏེ། སུམ་ཅུ་པ་ལས། ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །བདག་ཏུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཏུ་ཆགས་པ་སྟེ། །ཞེས་དང༌། དཀའ་འགྲེལ་ལས། དྲུག་པོ་དེ་དག་ཉོན་མོངས་པ་བཞི་པོ་དེའི་རྫས་ཡིན་པས་དེ་བཞི་ལས་གུད་ན་མེད་དོ་ཞེས་གསུངས་པའི་ཕྱིར། སའི་ཁྱད་པར་རང་ཉིད་གང་གི་རྒྱུད་ལ་ལྡན་པའི་གང་ཟག་ས་གང་དུ་གཏོགས་པ་དེས་བསྡུས་པ་དགོས་ཏེ། རང་དང་མཚུངས་པར་ལྡན་པའི་འདོད་ཆགས་ཀྱིས་ས་དེའི་རྣམ་སྨིན་གྱི་ཀུན་གཞི་ལ་དམིགས་ནས་སྲེད་པས་བདག་གིར་བྱས་པའི་ཕྱིར། སུམ་ཅུ་པ་ལས། གང་


GTD002_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐྱེས་པ་དེ་ཡི་འོ། །ཞེས་དང། མཛོད་ལས། བདག་གིར་མ་བྱས་ཞེས་དང། ཀུན་འགྲོ་མ་ཡིན། ཞེས་གསུངས་པའི་ཕྱིར། བྱེད་ལས་ཀྱི་ཁྱད་པར་ཡིད་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་ཅིང་ཀུན་གཞི་ལ་བདག་ལྟའི་ས་བོན་བཏབ་ནས་ཚོགས་དྲུག་ཀ་མཚན་མའི་གནས་ལ་འཆིང་བར་བྱེད་དོ། །འཇུག་ལྡོག་གི་ཁྱད་པར། འཕགས་ལམ་མ་ཐོབ་བར་དུ་རྒྱུན་མ་ཆད་པར་མངོན་གྱུར་དུ་འབྱུང་ཞིང་འཕགས་པའི་མཉམ་གཞག་ཡེ་ཤེས་དང་འགོག་སྙོམས་ཀྱི་དུས་སུ་མངོན་གྱུར་ལྡོག་ཀྱང་དེ་ལས་ལངས་མ་ཐག་འབྱུང་བས་གནས་སྐབས་ཙམ་ཡིན་ལ། ས་བརྒྱད་པ་དང་ཐེག་དམན་དགྲ་བཅོམ་ཐོབ་པ་ན་གཏན་དུ་ལྡོག་གོ །སྒྲུབ་བྱེད་ལ་ལུང་ནི། ལུང་ཕྲན་ཚེགས་ལས། ཉོན་མོངས་ཅན་ཡིན་རྟག་ཏུ་ནི། །ཉོན་མོངས་ལྷན་ཅིག་སྐྱེ་ཞིང་འབྱུང༌། །དེ་ནི་ཉོན་མོངས་རྣམས་ལས་ནི། །མ་གྲོལ་གྲོལ་བར་མི་འགྱུར་རོ། །ཞེས་དང༌། ལང་གཤེགས་ལས། སེམས་ནི་རང་བཞིན་དྭངས་པ་སྟེ། །རྙོགས་པར་བྱེད་པ་ཡིད་ཡིན་ནོ། །ཞེས་དང༌། སྟུག་པོ་བཀོད་པ་ལས། ངར་སེམས་བདག་ཉིད་ཡིན་ནོ། །ཞེས་དང༌། དགོངས་འགྲེལ་ལས། རེས་འགའ་ནི་ཀུན་གཞིའི་རྣམ་པར་ཤེས་པ་འདི་རྣམ་པར་ཤེས་པ་གཅིག་དང་ལྷན་ཅིག་སྟེ་ཡིད་དང༌། ཞེས་པ་ནས། རྣམ་པར་ཤེས་པ་བདུན་དང་ལྷན་ཅིག་འཇུག་སྟེ། ཞེས་དང༌། གསེར་འོད་ལས། ཀུན་གཞི་ལ་གནས་པའི་ཡིད་སྦྱངས་པས་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་བོ། །ཞེས་སོགས་ཤིན་ཏུ་མང་ངོ༌། །རིགས་པའི་སྒྲུབ་བྱེད་ནི། ཐེག་བསྡུས་ལས། ཉོན་མོངས་ཅན་གྱི་ཡིད་མེད་ན། །


GTD002_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་པ་ཡི་མ་རིག་དང༌། །ལྔ་བོ་དག་དང་འདྲ་བ་དང༌། །སྙོམས་པར་འཇུག་པའི་བྱེ་བྲག་དང༌། །ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། །འདུ་ཤེས་མེད་པར་སྐྱེས་པའི་རྒྱུན། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ངར་འཛིན་པ་དང་ལྡན་པ་ནི། །རྣམ་པ་ཀུན་ཏུ་མི་འཐད་དོ། །ཞེས་སྒྲུབ་བྱེད་དྲུག་གསུངས་ཏེ། རྒྱུན་ཆགས་སུ་མངོན་དུ་འགྱུར་བའི་རྟེན་མ་འདྲེས་པའི་མ་རིག་པ་མེད་པར་ཐལ་བ་དང༌། དབང་ཤེས་ལྔ་ལ་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་རེ་ཡོད་ཀྱང་དྲུག་པ་ཡིད་ཤེས་ལ་ཐུན་མོང་མ་ཡིན་པའི་བདག་རྐྱེན་མེད་པར་ཐལ་བ་དང༌། འགོག་པའི་སྙོམས་འཇུག་དང་འདུ་ཤེས་མེད་པའི་སྙོམས་འཇུག་གཉིས་ལ་ཞི་བ་དང་མཐུན་མི་མཐུན་གྱི་ཁྱད་པར་མེད་པར་ཐལ་བ་དང༌། རྟག་ཏུ་ངར་སེམས་པས་ན་ཡིད་དོ་ཞེས་ཉོན་ཡིད་རང་གི་ངེས་ཚིག་གམ་ཉོན་ཡིད་ཀྱི་དབང་གིས་ངས་མཐོང་ངས་ཐོས་ཞེས་པ་ལྟ་བུའི་ངེས་ཚིག་འབྱུང་བ་མི་འཐད་པར་ཐལ་བ་དང༌། འདུ་ཤེས་མེད་པར་སྐྱེས་པའི་གང་ཟག་གི་རྒྱུད་ལ་ངར་འཛིན་མེད་པར་ཐལ་བ་དང། དགེ་བའི་ལས་ཀྱི་ཀུན་སློང་སོགས་སུ་ངར་འཛིན་འབྱུང་བ་མེད་པར་ཐལ་བ་རྣམས་སོ། །མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། དམིགས་པ་རང་རྒྱུད་ཀྱི་ཀུན་གཞི་ལ་དམིགས་ནས་རྣམ་པ་རྫས་ཡོད་ཀྱི་བདག་ཏུ་འཛིན་པའི་བརྟན་པའི་རྣམ་རིག་དེ། ཉོན་ཡིད་ཀྱི་ངོ་བོ་ཟེར་ན། ཉོན་ཡིད་ཆོས་ཅན། བློ་དོན་མཐུན་ཡིན་པར་ཐལ། ཀུན་གཞི་རྫས་ཡོད་ཀྱི་བདག་ཏུ་འཛིན་པའི་བློ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཀུན་གཞི་རྫས་ཡོད་ཀྱི་བདག་ཡིན་པའི་ཕྱིར། མ་གྲུབ་ན། ཀུན་གཞི་ཆོས་ཅན། རྫས་ཡོད་ཀྱི་བདག་ཡིན་པར་


GTD002_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། རང་ཉིད་ཚད་མས་ངེས་པ་རང་གི་ངོ་བོར་མ་གྱུར་པའི་ཆོས་གཞན་ཚད་མས་ངེས་པ་ལ་ལྟོས་མི་དགོས་པའི་བདག་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་རྣམ་སྨིན་གྱི་རྣམ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་ལས། ལས་དང་རྣམ་པར་སྨིན་པ་ནི་ཡོད་ལ་བྱེད་པ་པོ་ནི་མི་དམིགས་སོ། །ཞེས་དང༌། ལེགས་བཤད་སྙིང་པོ་ལས། ལས་དང་རྣམ་སྨིན་ཀུན་རྫོབ་ཏུ་ཡོད་ཅིང་རྫས་སུ་ཡང་ཡོད་ལ།ཞེས་གསུངས་པའི་ཕྱིར་དང༌། རྣམ་བཤད་དགོངས་པ་རབ་གསལ་ལས་ཀྱང་འདི་དག་གིས་གང་ཟག་སྤྱི་ལྡོག་བཏགས་ཡོད་ཡིན་ཀྱང་གཞི་ལྡོག་ཀུན་གཞི་སོགས་རྫས་ཡོད་དུ་འདོད་པར་གསུངས་པ་ལ་སྒྲ་བ་ཤེས་རབ་རིན་ཆེན་གྱིས། རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང༌། །རྣམ་ཤེས་བདག་སྨྲའི་དབུ་སེམས་ཡོད་པ་འགལ། །ཞེས་རྫས་ཡོད་ཀྱི་བདག་དང་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གི་ཁྱད་པར་མ་ཕྱེད་པར་དགག་པ་བྱས་པའི་ཕྱིར། ཁྱབ་སྟེ། དེ་ལ་ལན་འདེབས་པའི་ཚེ་རྗེ་བླ་མས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་ལེན་པའི་རང་སྡེ་གནས་མ་བུ་བ་མ་གཏོགས་མེད་པར་གསུངས་ཀྱི་རྫས་ཡོད་ཀྱི་བདག་ཁས་ལེན་མཁན་གཞན་མེད་པར་མ་གསུངས་པས་ཁྱོད་ཀྱི་དགག་པ་དེ་ཕྱོགས་སྔ་ངོས་མ་ཟིན་པའི་ལྟག་ཆོད་དུ་འདུག་ཅེས་བཤད་དགོས་པའི་ཕྱིར། འདི་ལ་བྲ་སྟི་དགེ་བཤེས་ཀྱིས་རྫས་ཡོད་ཀྱང་གང་ཟག་གི་སྟེང་དུ་བཞག་ན་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གི་གྲུབ་ཚད་ལས་མ་འདས་པས་མི་འཇོག་ཅིང་ཤེས་པ་དང་གཟུགས་ཀྱི་སྟེང་དུ་འཇོག་ཚུལ་སྔར་ལྟར་རོ། །ཞེས་བཤད་པ་ཡང་


GTD002_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐད་པར་ཐལ། མཚན་གཞིའི་རྣམ་ཤེས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འདོད་པའི་གྲུབ་མཐའ་གོང་མ་ཡོད་ན་རྗེ་བླ་མ་ལ་སྟག་ལོའི་དགག་པ་དེ་འཇུག་པར་ཐལ་བ་དང༌། སེམས་ཙམ་གྱི་ལུགས་ལའང་གང་ཟག་གི་བདག་མེད་སྟོང་གཞིའི་སྒོ་ནས་འཇོག་པར་ཐལ་བ་དང༌། དེ་འདོད་ན། མདོས་གཟུགས་ནས་འཕགས་ལམ་ཡན་ལག་གི་བར་གྱི་ཆོས་རྣམས་ཀྱི་སྟེང་དུ་འཁོར་ལོ་དང་པོའི་དགོངས་གཞིའི་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་བཞག་པ་མི་འཐད་པར་ཐལ་བ་དང༌། གང་ཟག་གི་བདག་མེད་ཕྲ་མོའི་དགག་བྱ་དེ་གཟུགས་ཤེས་གཉིས་ཀྱི་སྟེང་དུ་ཚད་མས་གྲུབ་ན་གཟུགས་ཤེས་གཉིས་གང་ཟག་གི་བདག་མེད་མ་ཡིན་པར་ཐལ་བ་སོགས་མི་འཚམས་པ་དུ་མ་འབྱུང་བའི་ཕྱིར། དེས་ན་ཀུན་མཁྱེན་བླ་མའི་དྲང་ངེས་རྣམ་འབྱེད་ཆེན་མོར་དེ་གཉིས་ཀྱིས་ཁྱད་པར་ཕྱེ་བ་ལ་ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར་ཁ་ཅིག་རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་དང་རང་རྐྱ་ཐུབ་པའི་རྫས་ཡོད་གཉིས་ཀྱི་ཞིབ་ཆ་འབྱེད་པ་ཡང་རྒྱ་གཞུང་ཚད་ཐུབ་རྣམས་དང་རྗེ་ཡབ་སྲས་ཀྱི་གསུངས་གང་ལས་ཀྱང་མི་འབྱུང་བས་འཐད་རྒྱུ་ཞིག་མི་འདུག །ཅེས་སོགས་མང་དུ་གསུངས་པ་ཡང་མཁས་པ་སྔ་མ་ཁ་ཅིག་གི་བཤད་རྒྱུན་བསྐྱངས་པ་ཙམ་ལས་རྗེ་དེ་ཉིད་ཀྱི་རང་ལུགས་མིན་ཏེ། བསྡུ་བ་དང༌། རྣམ་བཤད་གཉིས་ཀར་དགག་བྱ་བཅད་པ་སོགས་ལ་མ་ལྟོས་པར་ངོ་བོ་བློ་ཡུལ་དུ་འཆར་དུ་ཡོད་པའི་རྫས་ཡོད་དང་གདགས་གཞིའམ་ཆ་ཤས་སོ་སོ་ལ་མ་ལྟོས་པར་ཚུགས་ཐུབ་ཏུ་གྲུབ་པས་རང་རྐྱ་ཐུབ་པར་གསུངས་པ་ལས་ལྷག་པའི་ཚད་ཐུབ་ཀྱི་གཞུང་དང་ཁྱད་པར་འབྱེད་ཚུལ་མེད་པའི་ཕྱིར་ཏེ། བུམ་པ་ལྟ་བུ་


GTD002_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དགག་བྱ་བཅད་པ་སོགས་ལ་མ་ལྟོས་པར་མངོན་སུམ་དུ་མཐོང་དུ་ཡོད་ཀྱང་ཁ་ཞབས་ལྟོ་བ་སོགས་ལ་མ་ལྟོས་པར་ཚུགས་ཐུབ་ཏུ་གྲུབ་ཚུལ་མེད་པས་དེ་གཉིས་ཆེས་མི་འདྲ་བའི་ཕྱིར། དེས་ན་ལྕང་སྐྱ་ཐམས་ཅད་མཁྱེན་པའི་གྲུབ་མཐར་གསུངས་པ་ཐམས་ཅད་ཉིད་ཀྱི་རང་ལུགས་ཁོ་ན་མཛད་པའི་ངེས་པ་མེད་དེ། དཔེར་ན་དེར་ཉན་རང་ལ་སྙིང་རྗེ་ཆེན་པོ་མེད་པར་གསུངས་ཀྱང་དེ་ཉིད་ཀྱིས་མཛད་པའི་དབུ་མའི་སེམས་བསྐྱེད་དང་པོའི་མཐའ་དཔྱོད་དུ་དེ་ཡོད་པར་ལུང་རིགས་དུ་མས་བསྒྲུབ་པ་ལྟ་བུའོ། །ཡང་ཁ་ཅིག་ན་རེ། ཀུན་གཞི་རྫས་ཡོད་ཡིན་ཀྱང་ང་མ་ཡིན་པས་ཉོན་ཡིད་ཀྱིས་དེ་ལ་རྫས་ཡོད་ཀྱི་ངའོ་སྙམ་དུ་བཟུང་བས་ལོག་ཤེས་སུ་འགྲོ་ཟེར་ན། ཀུན་གཞི་ཆོས་ཅན། ང་ཡིན་པར་ཐལ། ཉོན་ཡིད་དང་མཚུངས་ལྡན་གྱི་འཇིག་ལྟའི་དམིགས་ཡུལ་ཡིན་པའི་ཕྱིར་ཏེ། ཉོན་ཡིད་ཀྱི་དམིགས་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། ལམ་རིམ་ཆུང་ངུ་ལས། ངར་འཛིན་གྱི་དམིགས་རྣམ་གཉིས་ཀྱི་ནང་ནས་དམིགས་པའི་ཡུལ་ཡིན་ན་བདག་ཏུ་བཞག་དགོས་པས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་འཇིག་ལྟ་ཡིན་ན་ང་ལ་དམིགས་དགོས་པར་ཐལ། དེའི་ཞེན་ཡུལ་མེད་པར་རྟོགས་པའི་ཡེ་ཤེས་ཀྱིས་ང་ལ་དམིགས་དགོས་པ་གང་ཞིག །དེ་གཉིས་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་དགོས་པར་ཐལ། དེས་དེ་ལ་མ་དམིགས་ན་ངར་འཛིན་འཇིག་ལྟའི་ཞེན་ཡུལ་དྲུངས་འབྱིན་མི་ནུས་པའི་ཕྱིར། འཇུག་པ་ལས། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང༌། །འདི་ནི་ངར་འཛིན་རྟེན་


GTD002_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །ཞེས་གསུངས་པའི་ཕྱིར་དང༌། བདག་མེད་གཏན་ལ་འབེབ་པའི་གཞུང་ཚད་ལྡན་ཐམས་ཅད་དུ་ཐ་སྙད་པའི་ང་ངོས་འཛིན་ཚུལ་ནན་ཏན་དུ་གསུངས་པའི་དགོས་པ་ཡོད་པའི་ཕྱིར། དེ་ལ་ཁོ་ན་རེ། ཉོན་ཡིད་ཀྱིས་ཀུན་གཞི་ལ་མ་དམིགས་པར་ཐལ། དོན་གསང་ལས། ཀུན་གཞི་རྣམ་པར་ཤེས་པ་ལ་ཇི་ལྟར་དམིགས་ཞེ་ན། དེའི་དབང་གིས་བདག་གི་རྣམ་པར་སྐྱེ་བའི་སྒོ་ནས་ཡིན་གྱི་རང་གི་ངོ་བོ་འཇོག་པའི་སྒོ་ནས་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ལུང་དེའི་དོན་ཉོན་ཡིད་ཀྱིས་ང་སྤྱི་ཙམ་དེ་ལ་དངོས་སུ་དམིགས་པ་མིན་ཀྱང་ཀུན་གཞི་ལ་དམིགས་པའི་སྒོ་ནས་ང་ལ་དམིགས་པར་འཇོག་པའམ། ཉོན་ཡིད་ལ་ཀུན་གཞི་དེ་རྣམ་སྨིན་ཡིན་ཚུལ་དང་བག་ཆགས་འཇོག་ཚུལ་སོགས་ཀྱི་ཁྱད་པར་མཐའ་དག་མ་ཤར་ཡང་ལུས་ལེན་པ་པོའི་བདག་ཏུ་སྣང་བའི་རྒྱུ་མཚན་གྱིས་ཀུན་གཞིའི་རྣམ་སྨིན་གྱི་ཆ་ལ་དམིགས་ཞེས་བཤད་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རེད་མདའ་བའི་ཊཱིཀྐ་ལས། ཀུན་གཞིའི་རྣམ་པར་ཤེས་པའི་དབང་གིས་འདི་བདག་གི་རྣམ་པར་སྐྱེ་བའི་ཕྱིར། དེས་བདག་ལ་དམིགས་པ་ཡིན་གྱི་དངོས་སུ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དཀའ་འགྲེལ་ལས། རྣམ་སྨིན་གྱི་རྫས་དེ་ཉིད་སྣང་ནས་ཉོན་ཡིད་ཀྱི་ཡུལ་དུ་མི་འགྱུར་ཡང༌། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་འདོད་མི་ནུས་ཏེ། སུམ་ཅུ་པ་ལས། དེ་ལ་དམིགས་པ་ཡིད་ཅེས་བྱ། །ཞེས་དང༌། དེའི་འགྲེལ་པ་ལས། དེ་ལ་ཞེས་བྱ་བའི་


GTD002_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ནི་ཀུན་གཞི་རྣམ་པར་ཤེས་པ་ཉིད་ལ་སྦྱར་རོ། །ཞེས་གསུངས་པའི་ཕྱིར་དང༌། དོན་གསང་རང་ཉིད་ལས་ཀྱང༌། ཡིད་ནི་འཁོར་བ་ཇི་སྲིད་པར་རིགས་གཅིག་པ་དང༌། དམིགས་པ་ཉེ་བ་ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་བ་ཀོ་ཇི་ལྟར་རྒྱུན་འཆད། ཅེས་ཉོན་ཡིད་རྒྱུན་ཆགས་སུ་འབྱུང་བའི་སྒྲུབ་བྱེད་དུ་འཇུག་ཤེས་དང་མི་འདྲ་བར་སྔ་ཕྱི་རིགས་མཐུན་ཅིང་དམིགས་ཡུལ་ཀུན་གཞི་རྟག་ཏུ་ཡོད་པ་བཀོད་པའི་ཕྱིར། ཡང་ཉོན་ཡིད་སྒྲིབ་ལུང་མ་བསྟན་དུ་བཤད་པའི་དོན་ལ། ས་བཟང་གིས། ཟག་མེད་ལམ་དང་ལྷན་ཅིག་མངོན་གྱུར་དུ་མི་འབྱུང་བས་ཐར་པ་ཐོབ་པ་ལ་སྒྲིབ་ཅིང་ཞེས་བཤད་པ་མི་འཐད་པར་ཐལ། འདིའི་སྒྲིབ་ཅེས་པ་རང་གི་ངོ་བོ་ཉོན་མོངས་གཞན་གྱིས་སྒྲིབ་པའི་དོན་ཡིན་གྱི་རང་གིས་གཞན་ལ་སྒྲིབ་པའི་དོན་མ་ཡིན་པའི་ཕྱིར། དཀའ་འགྲེལ་ལས། ཐར་པ་ལ་སྒྲིབ་མི་སྒྲིབ་ཏུ་འདོད་པ་ནི་སྒྲིབ་པ་དང་མ་སྒྲིབ་པའི་རང་གི་ངོ་བོ་མི་ཤེས་ཤིང༌། ཞེས་དང་ཡིད་འདི་ཡང་ཉོན་མོངས་པ་བཞིས་རྙོགས་རྙོགས་པོར་བྱས་པའི། ཞེས་གསུངས་པའི་ཕྱིར་དང༌། སུམ་ཅུ་བའི་འགྲེལ་པ་ལས། ཉེ་བའི་ཉོན་མོངས་པ་གློ་བུར་བ་རྣམས་ཀྱིས་མ་སྒྲིབ་པའི་ཕྱིར་མ་སྒྲིབ་པ་ཞེས་བྱའོ། །ཞེས་གསུངས་པ་དང་ཤིན་ཏུ་མཐུན་པའི་ཕྱིར། འདི་ལ་སྐབས་ཐོབ་ཀྱི་ཞིབ་ཆ་དགོས། ཡང་ཁ་ཅིག་ན་རེ། ཉོན་ཡིད་དང་མཚུངས་ལྡན་གྱི་འདོད་ཆགས་དང་ང་རྒྱལ་སོགས་མེད་པར་ཐལ། དེ་དག་ལ་དགའ་བའི་རྣམ་ཅན་དགོས་པའི་ཕྱིར། མཛོད་ལས། བདེ་བ་དག་དང་འདོད་ཆགས་སུ། །མཚུངས་ལྡན། ཞེས་པའི་རང་འགྲེལ་ལས། འདོད་


GTD002_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་ཞེ་སྡང་དག་ནི་དགའ་བ་དང་སྐྱེ་བའི་རྣམ་པར་འཇུག་པའི། ཞེས་དང༌། ང་རྒྱལ་དེ་དགའ་བའི་རྣམ་པར་འཇུག་པའི་ཞེས་གསུངས་ཤིང༌། བཤད་སྦྱར་ལས་ཀྱང༌། བདག་ལ་ཆགས་པ་འབྱུང་སྟེ། བདག་ལ་དགའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཆགས་སེམས་ཀྱིས་གཅེས་པའི་རྣམ་པར་སྐྱེ་བའི་དོན་ཡིན་གྱི་ཡིད་བདེ་བའི་རྣམ་ཅན་མ་ཡིན་པའི་ཕྱིར་ཏེ། དོན་གསང་ལས། དགའ་བའི་རྣམ་པ་ཅན་ཡིན་ཡང་སིམ་པའི་ཚོར་བ་ཅན་ནི་མ་ཡིན། ཞེས་དང༌། དཀའ་འགྲེལ་ལས། ཚོར་བའི་དགའ་རྣམ་མིན་གྱི་འདོད་ཆགས་ཀྱི་དགའ་རྣམ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁ་ཅིག་ན་རེ། ཉོན་ཡིད་ཀྱི་འཁོར་དུ་ཉེ་ཉོན་དེ་དྲུག་མེད་པར་ཐལ། ཉེ་ཉོན་ནི་རྩ་ཉོན་གྱི་ཤུགས་ཞན་དུ་སོང་བའི་གནས་སྐབས་ལ་འཇོག་ཅིང་ཉོན་ཡིད་གནས་ཀྱི་བར་དུ་དེ་འདྲ་མི་སྲིད་པའི་ཕྱིར་ཏེ། དོན་གསང་ལས། ཡང་ན་མཚུངས་པར་མི་ལྡན་པ་ཉིད་དེ། འདོད་ཆགས་ལ་སོགས་པ་ནི་གསལ་བའི་རྣམ་པར་ཞུགས་པ་ཡིན་ལ། དེའི་རྗེས་ལ་ཤས་ཀྱི་བྲི་བར་ཞུགས་པ་ན་ཉེ་བའི་ཉོན་མོངས་པ་རྣམས་ཞེས་གདགས་ན་ཡིད་ལ་ནི་དེ་ལྟ་བུ་མི་སྲིད་དེ། ཞེས་གསུངས་པའི་ཕྱིར་ཟེར། དེ་ལ་སྐྱོན་འཕེན་པ་ཁ་ཅིག་ན་རེ། དེ་མི་འཐད་པར་ཐལ། དེའི་རྩ་ཉོན་བཞི་ཡང་ཉེ་ཉོན་ཡིན་པའི་ཕྱིར། མཛོད་འགྲེལ་ལས། གང་དག་ཉོན་མོངས་པ་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཡང་ཡིན་ཏེ། སེམས་ཉེ་བར་ཉོན་མོངས་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། གྲུབ་མཐའ་གཞན་གྱི་སྐབས་ཡིན་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། ཀུན་བཏུས་ལས། རྨུགས་པ་དང༌། རྒོད་པ་དང༌། མ་དད་པ་དང༌། ལེ་ལོ་དང༌། བག་མེད་པ་ནི་ཉོན་


GTD002_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་ནོ། །ཞེས་གསུངས་པའི་ཕྱིར་དང༌། དེ་དག་རྩ་ཉོན་བཞིའི་རྫས་ལ་བཏགས་ཙམ་ཡིན་པས་སྔ་མ་དང་མི་འགལ་བའི་ཕྱིར། བྱས་པ་ལ་ཁོ་ན་རེ། འདོད་པའི་ཉོན་ཡིད་ཀྱི་འཁོར་དུ་རྟོག་དཔྱོད་ཀྱང་བཞག་ཆོག་པར་ཐལ། དེ་ཤེས་རབ་ཀྱི་རྫས་ལ་བཏགས་ཙམ་ཡིན་པའི་ཕྱིར་ན་མི་མཚུངས་ཏེ། འདོད་པའི་ཉོན་ཡིད་ཀྱི་འཁོར་དུ་ཡོད་ན་དེའི་རིགས་འདྲ་ཞིག་གོང་མའི་ཉོན་ཡིད་ཀྱི་འཁོར་དུ་ཡང་ཡོད་དགོས་པའི་ཕྱིར། དེར་ཐལ། འདོད་པ་ནས་གོང་མར་སྐྱེ་བ་དང༌། གོང་མ་ནས་འདོད་པར་སྐྱེ་བའི་ཚེ་ཉོན་ཡིད་ས་འཕོས་པ་བཞིན་དུ་འཁོར་གྱི་ཉོན་མོངས་རྣམས་ཀྱང་ས་དེའི་ཉོན་མོངས་དེ་དང་དེར་འགྱུར་དགོས་ཀྱི་བར་སྐབས་སུ་ཆད་པའམ་ལྷག་པ་འབྱུང་མི་རུང་བའི་ཕྱིར། དཀའ་འགྲེལ་ལས། འདིའི་འཁོར་ལ་ཁམས་གསུམ་གར་མང་ཉུང་མི་འབྱུང་སྟེ། བརྟན་པའི་རྣམ་ཤེས་ཡིན་པས་གཙོ་བོ་དང་འཇུག་ལྡོག་གི་དུས་གཅིག་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། འདིའི་ཉོན་མོངས་གོང་མའི་ཉོན་མོངས་སུ་འགྱུར་བ་མེད་པར་ཐལ། གང་སྤེལ་ལས། འདོད་པ་སྤྱོད་པའི་ཀུན་ཏུ་འགྲོ་བའི་རྒྱུའི་འབྲས་བུ་ནི་འདོད་པ་སྤྱོད་པའི་ཉོན་མོངས་པ་ཁོ་ན་ཡིན་ནོ། །ཞེས་སོགས་རྩ་འགྲེལ་གྱི་དོན་ཡོད་པའི་ཕྱིར་ཟེར་ན། ཀུན་གཞི་ཉོན་ཡིད་གཉིས་ཀྱང་མེད་པར་ཐལ། དེ་མེད་པར་བྱེ་སྨྲས་འདོད་པའི་ཕྱིར། ཁྱབ་པ་ཁས། ཡང་ཁོ་ན་རེ། འདོད་རྟེན་ཅན་གྱི་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གི་རྒྱུད་ལ་འདོད་ཉོན་ཡོད་པར་ཐལ། དེའི་རྒྱུད་ཀྱི་ཉོན་ཡིད་དང་མཚུངས་ལྡན་གྱི་འཇིག་ལྟ་དེ་འདོད་ཉོན་


GTD002_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེས་འདོད་པའི་ཉོན་མོངས་མ་ལུས་པར་སྤངས་པའི་ཕྱིར། དེར་ཐལ། དེས་འདོད་ཉོན་སྐོར་དགུ་སྤངས་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། འདོད་ཉོན་སྐོར་དགུའི་གཉེན་པོ་བར་ཆད་མེད་ལམ་དགུས་དྲངས་པའི་འདུས་བྱས་རྣམ་གྲོལ་ལམ་དགུ་དང་འདུ་མ་བྱས་འགོག་བདེན་དགུ་ཐོབ་ཟིན་པའི་ཕྱིར་ཏེ། འདུས་བྱས་རྣམ་གྲོལ་ལམ་བརྒྱད་ཅུ་རྩ་གཅིག་རིམ་གྱིས་ཐོབ་ཚུལ་ཡོད་པའི་ཕྱིར། བྱས་པ་ལ། དེ་འདྲའི་ཕྱིར་མི་འོང་དེས་སླར་ལས་ཉོན་གྱི་དབང་གིས་འདོད་པར་སྐྱེ་བ་ལེན་རུང་བར་ཐལ། དེས་འདོད་པའི་ཉོན་མོངས་མ་སྤངས་པའི་ཕྱིར་ན་མ་ཁྱབ་སྟེ། འདོད་པའི་ཡང་སྲིད་འགྲུབ་བྱེད་ཀྱི་ལས་ལ་གསོས་འདེབས་པའི་སྲེད་ལེན་གཉིས་སྤངས་ཟིན་པའི་ཕྱིར། ཡང་ཁ་ཅིག །འདོད་རྟེན་ཅན་གྱི་ཕྱིར་མི་འོང་དེས་འདོད་ཉོན་མ་སྤངས་ཡང་གོང་མའི་རྟེན་ཅན་དེས་སྤངས་ཟེར་ན། འོ་ན་འདོད་པ་ནས་ཁམས་གོང་མར་སྐྱེས་མ་ཐག་དེས་ཀྱང་སྤངས་པར་ཐལ། དེ་གོང་མའི་རྟེན་ཅན་གྱི་ཕྱིར་མི་འོང་ཡིན་པའི་ཕྱིར། འདོད་ན། འདོད་པ་ནས་འཆི་ཁ་མ་དེ་འདོད་ཉོན་སྤོང་ཁ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། འདོད་ཉོན་གྱི་དངོས་གཉེན་ལ་གནས་པའི་གང་ཟག་ཡིན་པར་ཐལ། དེ་སྤོང་ཁ་མ་གང་ཞིག །འདོད་པའི་ཉོན་མོངས་དེ་དངོས་གཉེན་གྱི་གཞོམ་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འཆི་སྲིད་ཕྲ་མོ་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ཉན་ཐོས་དགྲ་བཅོམ་ལ་ཅིག་ཅར་བས་ཁྱབ་པར་ཐལ། ས་དགུའི་ཉོན་མོངས་ཅིག་ཅར་སྤོང་དགོས་པའི་ཕྱིར་ན་མ་ཁྱབ་སྟེ། ས་དགུའི་ཉོན་མོངས་ཆུང་ངུ་དགུ་རིམ་གྱིས་སྤོང་


GTD002_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡོད་པའི་ཕྱིར། དེར་ཐལ། ཉོན་མོངས་སྐོར་དགུ་འབྱེད་པ་འཇུག་ཤེས་སུ་གྱུར་པའི་ཉོན་མོངས་ལ་བྱེད་པའི་ཕྱིར། དེར་ཐལ། བསྡུ་བ་ལས། ཕྱིར་མི་འོང་བས་ཡན་ལག་དུ་ཞིག་སྤངས་ཞེ་ན་འདོད་པ་ན་སྤྱོད་པ་ཐམས་ཅད་དང༌། ཞེས་པའི་ཐོག་མའི་མ་རིག་པ་ཡང་འཇུག་ཤེས་ཀྱི་དེ་ལ་བྱེད་པའི་ཕྱིར། ཁོ་ན་རེ། རིམ་གྱིས་པའི་ཕྱིར་མི་འོང་དེས་འདོད་ཉོན་སྤངས་པར་ཐལ། དཀའ་འགྲེལ་དུ་འདོད་པ་ལ་ཆགས་བྲལ་གྱི་སོ་སྐྱེའི་རྒྱུད་ལ་འདོད་ཉོན་མངོན་འགྱུར་འབྱུང་ཚུལ་གྱི་སྐྱོན་སྤོང་ལུགས་འཐད་པའི་ཕྱིར་ན་མ་ཁྱབ་ཀྱང་དཔྱད་གཞི་ཆེ་བར་སྣང་ངོ༌། །ཡང་ཁ་ཅིག །མ་འདྲེས་པའི་མ་རིག་པ་ལ་ཉོན་ཡིད་འཁོར་གྱིས་ཁྱབ་ཟེར་ན། རང་གྲོགས་ཚོར་བ་ཡིད་མི་བདེ་དང་མཚུངས་ལྡན་གྱི་མ་འདྲེས་པའི་མ་རིག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། དེ་ལ་རང་གྲོགས་ཚོར་བ་ཡིད་མི་བདེ་དང་མཚུངས་ལྡན་གཅིག་དང་བཏང་སྙོམས་དང་མཚུངས་ལྡན་གཅིག་སྟེ་གཉིས་ཡོད་པའི་ཕྱིར། དེར་ཐལ། ཀུན་བཏུས་ལས། མ་རིག་པ་མ་འདྲེས་པ་གང་ཡིན་པ་དེ་འདོད་པའི་ཁམས་ན་ཡིད་མི་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །ཞེས་གསུངས་པའི་ཕྱིར། གོང་དུ་མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཉོན་ཡིད་འཁོར་གྱི་མ་རིག་པ་ཡིན་ན། རང་གྲོགས་ཚོར་བ་བཏང་སྙོམས་དང་མཚུངས་ལྡན་དགོས་པའི་ཕྱིར། དེར་ཐལ། ཉོན་ཡིད་འཁོར་གྱི་ཚོར་བ་ཡིན་ན་བཏང་སྙོམས་ཡིན་དགོས་པའི་ཕྱིར་ཏེ། སུམ་ཅུ་པ་ལས། གང་དུ་སྐྱེ་བ་དེ་ཡིའོ་གཞན། །རེག་སོགས་ཀྱང་དེ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཀུན་


GTD002_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་འཁོར་གྱི་ཀུན་འགྲོ་ལྔ་དང་འདིའི་ཀུན་འགྲོ་ལྔ་ལ་སྒྲིབ་མ་སྒྲིབ་ཙམ་ལས་གཞན་གྱི་ཁྱད་མ་ཕྱེ་བས་ཚོར་བ་ཡང་བཏང་སྙོམས་ཁོ་ན་དགོས་པར་གྲུབ་པའི་ཕྱིར། དཀའ་འགྲེལ་ལས། ཀུན་གཞིའི་འཁོར་གྱི་རེག་སོགས་ལྔ་པོ་ཉོན་ཡིད་ཀྱི་འཁོར་དུའང་བཤད་ཅིང་ཚོར་བ་ལ་བྱེ་བྲག་མ་བྱས་པའི། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། མ་འདྲེས་པའི་མ་རིག་པ་ཡིན་ན་ཉོན་ཡིད་འཁོར་ཡིན་དགོས་པར་ཐལ། ཉོན་ཡིད་མེད་ན་མ་འདྲེས་པའི་མ་རིག་པ་མེད་པར་ཐལ་བའི་སྐྱོན་བརྗོད་ཚུལ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་མ་འདྲེས་པའི་མ་རིག་པ་ཙམ་མ་ཡིན་པར་སོ་སྐྱེའི་གནས་སྐབས་སུ་རྟག་ཏུ་རྒྱུན་མ་ཆད་པར་མངོན་འགྱུར་དུ་འཇུག་པའི་མ་རིག་པ་ཞིག་མེད་པར་ཐལ་བ་འཕངས་པ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲ་ཞིག་ཡོད་པ་ནི། ཡང་དག་དོན་ལ་འཇུག་པ་ཡི། །སེམས་ཀྱི་གེགས་སུ་རྟག་གྱུར་དང༌། །དུས་རྣམས་ཀུན་ཏུ་འབྱུང་བ་དེ། །མ་འདྲེས་པ་ཡི་མ་རིག་འདོད། །ཅེས་པའི་ལུང་གིས་འགྲུབ་ལ་འཇུག་ཤེས་འཁོར་ལ་དེ་འདྲ་མི་རུང་བའི་ཕྱིར། དོན་གསང་ལས། ཐེག་པ་ཆེན་པོ་ལྟར་ན་རྣམ་པ་གཉིས་ཏེ། ཞེས་པ་ནས། འཇུག་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་གཅིག་གོ །གཉིས་པ་ནི། དུས་ཐམས་ཅད་དུ་ཀུན་ཏུ་འབྱུང་བའི་ཕྱིར། འཆད་པར་འགྱུར་བའི་སྒྲུབ་པས་རབ་ཏུ་གྲུབ་པ་ཡིན་ནོ། །ཞེས་དང༌། བཤད་སྦྱར་ལས། དུས་རྣམས་ཀུན་ཏུ་འབྱུང་བ་དེ། །ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་གནས་སྐབས་སུ་ཡང་རྗེས་སུ་འབྲེལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡང་དག་དོན་ལ་ཞེས་སོགས་ཀྱི་ལུང་འདི་དཀའ་འགྲེལ་ལས་རེད་མདའ་བའི་ཊཱིཀྐ་


GTD002_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒོ་བསྟུན་ཏེ། ཐེག་བསྡུས་ལས་ཞེས་གསུངས་ལ། དོན་གསང་ལས། དེ་ནི་དེ་ཆོས་མངོན་པའི་མདོ་ལས་གསུངས་པའི་ཚིགས་སུ་བཅད་པའི་སྟོན་པར་བྱེད་དོ། །ཞེས་མདོ་ལུང་ཡིན་པར་གསུངས་ཤིང་ཐེག་བསྡུས་སུ་བར་གྱི་ཚིགས་བཅད་དང་དཀྱུས་གཅིག་ཏུ་འབྱུང་བས་དཔྱད་པར་བྱའོ། །མ་འདྲེས་པའི་དོན་ལ་ཡང་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་དེ། བཤད་སྦྱར་ལས། ཉོན་མོངས་པ་གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར་མ་འདྲེས་པ་ཉིད་དུ་འདོད་པ་མ་ཡིན་གྱི་འོ་ན་ཇི་ལྟར་ཞེ་ན། གཞན་ལ་མེད་པའི་ཕྱིར་ཏེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བཞིན་ནོ། །ཞེས་འདིར་བསྟན་མ་འདྲེས་པའི་མ་རིག་པ་དེ་རྟེན་ཉོན་ཡིད་ཁོ་ན་དང་མཚུངས་ལྡན་དུ་ཡོད་པས་རྟེན་མ་འདྲེས་པ་ཡིན་པར་བཤད། དོན་གསང་ལས། ཐུན་མོང་མ་ཡིན་པའི་དོན་གྱིས་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་གཞན་དང་མཚུངས་པར་ལྡན་པ་ཡང་དེ་ཐལ་བར་འགྱུར་དུ་འོང་བས་སོ། །ཞེས་དང༌། མ་རིག་པ་རང་དབང་ཅན་ཡོད་དེ་དེའི་སྟོབས་ཀྱིས་དེ་དང་མཚུངས་པར་ལྡན་པའི་འདོད་ཆགས་ལ་སོགས་པ་དྲངས་པའི་ཕྱིར་ཞེས་སེམས་གཞན་གྱི་འཁོར་དུ་མི་འགྲོ་བ་ཙམ་ཡིན་ན་མི་དགེ་བའི་སེམས་དང་མཚུངས་ལྡན་གྱི་མ་རིག་པ་དེ་ཡང་སེམས་གཞན་གྱི་འཁོར་དུ་མི་འགྲོ་བས་མ་རིག་པ་ཐམས་ཅད་མ་འདྲེས་པའི་དེར་ཐལ་བ་འཕངས་ནས་རང་ལུགས་རྫས་མ་འདྲེས་པའམ་རང་སྟོབས་ཀྱིས་ཉོན་མོངས་གཞན་རྣམས་འདྲེན་པའི་མཐུ་མ་འདྲེས་པ་ལ་བཤད་དེ་རྫས་ཀྱང་ནུས་པའི་རྣམ་གྲངས་ཡིན་པས་དོན་གཅིག་གོ །རྒྱ་གར་མཁས་པའི་བཞེད་པ་འདི་དག་དགོངས་པ་ཟབ་


GTD002_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁ་ཚོན་གཅོད་དཀའ་ཡང་དཀའ་འགྲེལ་ལས། ཉོན་ཡིད་ཀྱི་འཁོར་རྣམས་ཕན་ཚུན་རྒྱུ་འབྲས་ཡིན་པས་འདི་ཁོ་ནས་དྲངས་ཞེས་བཞག་ཏུ་མེད་པའི་ཕྱིར་རོ། །ཞེས་ལུགས་ཕྱི་མ་བཀག་ནས་སྔ་མ་འཐད་ཕྱོགས་སུ་མཛད་དོ། །འདི་ལ་ཁ་ཅིག །མ་འདྲེས་པའི་མ་རིག་པ་དེ་དོན་གསང་མཁན་པོས་ནུས་པ་མ་འདྲེས་པར་བཤད་ཀྱང་རང་ལུགས་རྟེན་མ་འདྲེས་པ་ཡིན་ཟེར་ན། འོ་ན། རང་ལུགས་ལ་མ་འདྲེས་པའི་མ་རིག་པ་དེ་རྟེན་ཉོན་ཡིད་ཁོ་ན་དང་མཚུངས་ལྡན་ཡིན་པར་ཐལ། དེ་རྟེན་མ་འདྲེས་པར་འཇོག་ཚུལ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་ཉོན་ཡིད་དང་མཚུངས་ལྡན་ཡིན་མིན་གཉིས་ཡོད་པའི་ཕྱིར། ཀུན་བཏུས་ལས། མ་འདྲེས་པ་ནི་བདེན་པ་རྣམས་མི་ཤེས་པའོ། །ཞེས་དང༌། དོན་གསང་ལས། མ་འདྲེས་པ་ནི་མི་བརྟན་པ་དང་བརྟན་པ་སྟེ། མི་བརྟན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཞེས་པ་ནས། མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་གོང་དུ་བཤད་པ་ཉོན་ཡིད་འཁོར་གཞིར་བཞག་ཡིན་ནོ། །དེ་ལ་ཁོ་ན་རེ། འཇུག་ཤེས་དང་མཚུངས་ལྡན་གྱི་མ་འདྲེས་པའི་མ་རིག་པ་དེ་མཐོང་སྤང་དུ་བཤད་པ་མི་འཐད་པར་ཐལ། དེ་ལ་སྒོམ་སྤང་གིས་ཁྱབ་པའི་ཕྱིར། དེར་ཐལ། དེ་ལ་འཇིག་ལྟ་ལྷན་སྐྱེས་དང་མཚུངས་ལྡན་གཅིག་དགོས་པའི་ཕྱིར། དེར་ཐལ། རེད་མདའ་བའི་ཊཱིཀྐ་ལས། གཅིག་ནི་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་འབྱུང་བའི་འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་དང་མཚུངས་ལྡན་དུ་འབྱུང་བའི་མ་རིག་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདིའི་ཡི་གེ་ནོར་པའམ་གང་ལྟར་ཡང་འཇིག་ལྟ་དང་མཚུངས་ལྡན་དུ་


GTD002_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླང་མི་རུང་སྟེ། ཊཱིཀྐ་རང་ཉིད་ལས། གང་གིས་བདེན་པའི་གནས་ལུགས་ལ་རྨོངས་པར་བྱེད་ཅིང་མི་ཤེས་པ་གང་ཡིན་པ་སྟེ། དེ་ཡང་ཡིད་ཀྱི་ཤེས་པའི་འཁོར་དུ་བྱུང་བ་ནི་ཉོན་མོངས་གཞན་དང་མཚུངས་ལྡན་མ་འདྲེས་པ་ཡིན་ལ། ཞེས་གསུངས་པ་གང་ཞིག །མཚུངས་ལྡན་མ་འདྲེས་པའི་དོན་རྩ་ཉོན་གཞན་དང་མཚུངས་ལྡན་དུ་མ་སོང་བ་ལ་བཤད་པའི་ཕྱིར། ཀུན་བཏུས་དར་ཊཱིཀ་ལས་ཀྱང༌། ཡིད་ཤེས་འཁོར་དུ་འབྱུང་བ་ནི་ཉོན་མོངས་གཞན་དང་མཚུངས་ལྡན་མ་འདྲེས་པ་ཡིན་ལ། ཉོན་ཡིད་ཀྱི་འཁོར་དུ་བྱུང་བ་ནི་རྟེན་ནམ་རྫས་མ་འདྲེས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་མཚུངས་ལྡན་མ་འདྲེས་པ་མིན་ན་མ་འདྲེས་པའི་དོན་གཞན་རྣམས་མ་ཚང་བས་དེར་འཇོག་ཚུལ་མེད་པའི་ཕྱིར། གཞན་ཡང་འཇུག་ཤེས་སུ་གྱུར་པའི་མ་འདྲེས་པའི་མ་རིག་པ་དེ་འཇིག་ལྟ་དང་མཚུངས་ལྡན་དུ་འགྲོ་བ་མི་འཐད་པར་ཐལ། འདོད་པའི་སས་བསྡུས་ཀྱི་དེ་འདྲའི་མ་རིག་པ་དེ་རང་གྲོགས་འཇིག་ལྟ་དང་མཚུངས་ལྡན་མ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་མ་རིག་པ་དེ་ལ་ཡིད་མི་བདེ་དང་མཚུངས་ལྡན་གཙོ་ཆེ་བ་གང་ཞིག །འཇིག་ལྟ་ལ་ཡིད་མི་བདེ་དང་མཚུངས་ལྡན་མ་ཡིན་པས་ཁྱབ་པའི་ཕྱིར། དང་པོ་གྲུབ་སྟེ། ཀུན་བཏུས་སྔར་དྲངས་ཟིན་ཅིང་དེའི་དར་ཊཱིཀ་ལས། མ་འདྲེས་པའི་མ་རིག་པ་ཉོན་ཡིད་ཀྱི་འཁོར་ལས་གཞན་པ་དེ་ནི་འདོད་པ་ན་ཡིད་མི་བདེ་བ་དང་བཏང་སྙོམས་དང་ལྡན་ལ། ཞེས་པ་ནས། ཡིད་མི་བདེ་བ་དང་ལྡན་པའི་རྒྱུ་མཚན་ཡིད་གཏན་ལ་མ་ཕེབས་པ་ལ་མོས་པ་མེད་པས་ཡིད་བདེ་མེད་པའི་ཕྱིར་རོ། །ཞེས་


GTD002_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྗེ་བཙུན་རེད་མདའ་བས་ཀྱང༌། ཉོན་ཡིད་འཁོར་ལས་གཞན་པ་དེ་ནི་འདོད་པའི་ཁམས་ན་བདེན་པ་ལ་རྨོངས་ནས་ཡང་དག་པའི་ཆོས་ལ་མི་དགའ་བས་ཡིད་མི་བདེ་བ་དང་འགག་ཁར་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །ཞེས་གསུངས་པའི་ཕྱིར། ཤིན་ཏུ་གསལ་ལོ། །གཉིས་པ་གྲུབ་སྟེ། ཀུན་བཏུས་ལས། ང་རྒྱལ་ནི་འདོད་པའི་ཁམས་ན་ཡིད་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །ང་རྒྱལ་ཇི་ལྟ་བ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་དང་ཞེས་གསུངས་པས་མ་རིག་པ་དེ་འཇིག་ལྟ་དང་མཚུངས་ལྡན་དུ་མི་འབྱུང་ལ་བདེན་པ་མཐོང་བ་ལ་གེགས་བྱེད་དུ་གསུང་ཚུལ་གྱིས་མཐོང་སྤང་དུ་འགྲུབ་པས་ལྷན་སྐྱེས་དང་མཚུངས་པར་ལྡན་པ་ལྷག་ཏུའང་མི་རུང་ངོ༌། །ཁོ་ན་རེ། འཇུག་ཤེས་སུ་གྱུར་པའི་མ་འདྲེས་པའི་མ་རིག་པ་དེ་མཛོད་ཇི་ལྟ་བ་བཞིན་འཇོག་པར་ཐལ། དེ་ཆགས་སོགས་ལྟ་མིན་བཞི་ལྟ་བ་ལྔ་ཁྲོ་སོགས་བཅུ་གང་དང་མཚུངས་པར་མི་ལྡན་པའི་མཐོང་སྤང་གི་མ་རིག་པ་ཞིག་ལ་འདོད་པའི་ཕྱིར་ན་མ་ཁྱབ། འདོད་མི་ནུས་ཏེ། མཛོད་ལུགས་དང་འདི་གཉིས་གྲོགས་སེམས་བྱུང་མང་ཉུང་མི་འདྲ་བའི་ཕྱིར། དེར་ཐལ། མཛོད་ལས། མི་དགེ་ལ་ནི་མ་འདྲེས་དང༌། །ལྟ་དང་ལྡན་ལ་ཉི་ཤུ་འབྱུང། །ཞེས་འདོད་པའི་མ་འདྲེས་པའི་མ་རིག་པ་དང་མཚུངས་ལྡན་གྱི་སེམས་དེའི་འཁོར་དུ་སེམས་ཀྱི་ས་མང་བཅུ། ཉོན་མོངས་ཆེན་པོའི་ས་པ་དྲུག །མི་དགེ་བའི་ས་མང་གཉིས། རྟོག་དཔྱོད་གཉིས་ཏེ་ཉི་ཤུ་འབྱུང་བར་འདོད་ཀྱང༌། ལུགས་འདིར་དང་པོ་བཅུའི་ནང་ནས་ཡུལ་ངེས་ལྔ་བསལ་ཏེ་དགེ་སེམས་ཁོ་ནའི་འཁོར་དུ་བཞག་པས་མ་རིག་པ་དང་མཚུངས་ལྡན་མི་རུང་བའི་


GTD002_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། རིགས་པ་དང་པོ་འདི་ལ་སྤྱི་དོན་རོལ་མཚོར། ཉོན་ཡིད་འབའ་ཞིག་གི་འཁོར་གྱི་མ་རིག་པ་མེད་པར་ཐལ། ཉོན་ཡིད་མེད་པའི་ཕྱིར། ཞེས་འཕངས་པ་ནི་ཁྱབ་པ་ཡོད་ཙམ་ལས་བསྒྲུབ་བྱ་སྒྲུབ་ནུས་མིན་ཞིང༌། ལྔ་པོ་དག་དང་འདྲ་བ་དང༌། །ཞེས་པའི་དོན་ལ་ཡིད་ཀྱི་རྣམ་ཤེས་ལ་སྒོ་ལྔའི་དབང་ཤེས་དང་འདྲ་བར་བདག་རྐྱེན་ཡིད་དབང་ལ་བརྟེན་པ་ཡོད་པ་གང་ཞིག །དེ་ཡོད་ན་ཉོན་ཡིད་ཡོད་དགོས་པའི་ཕྱིར། ཞེས་པ་ཡང་སྐབས་དོན་ལ་མ་ཞུགས་ཏེ། རྣམ་ཤེས་དྲུག་ཀ་འཇུག་ཤེས་སུ་འདྲ་བ་ལ་རྟེན་དབང་པོའི་ཁམས་དྲུག་ཁྱད་མེད་དུ་དགོས་པར་བྱེ་སྨྲས་ཀྱང་འདོད་པའི་ཕྱིར། དེར་ཐལ། མཛོད་ལས། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །དྲུག་པའི་རྟེན་ནི་རབ་སྒྲུབ་ཕྱིར། །ཞེས་དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་ནམ་བདག་རྐྱེན་སྒྲུབ་པའི་ཕྱིར་ཚོགས་དྲུག་སྔ་མ་འགག་མ་ཐག་པའི་ཡིད་དེ་ལ་ཡིད་ཀྱི་དབང་པོའམ་ཡིད་ཀྱི་ཁམས་ཞེས་ལོགས་སུ་བཞག་པའི་ཕྱིར། དེར་ཐལ། དེ་ལྟར་ན་ཡིད་ཀྱི་ཁམས་དང་རྣམ་ཤེས་ཀྱི་ཁམས་དྲུག་ཕན་ཚུན་དུ་འདུ་ཡང་ཁམས་བཅོ་བརྒྱད་དུ་མི་འགྱུར་བའི་སྐྱོན་མེད་ཚུལ་དཔེ་དང་བཅས་ཏེ་གསུངས་པའི་ཕྱིར། མཛོད་རང་འགྲེལ་ལས། རྣམ་པར་ཤེས་པ་གང་དང་གང་འགག་མ་ཐག་པ་དེ་ཉིད་ནི་ཡིད་ཀྱི་ཁམས་ཞེས་བྱ་སྟེ། དཔེར་ན་བུ་དེ་ཉིད་གཞན་གྱི་ཕར་འགྱུར་བ་དང༌།ཞེས་པ་ནས། རྫས་སུ་ན་ཁམས་བཅུ་བདུན་ནམ་བཅུ་གཉིས་སུ་འགྱུར་ན། ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་ལྔ་པོ་དག་དང་མི་འདྲ་བའི་སྐྱོན་བརྗོད་ཚུལ་དབང་ཤེས་ལྔ་ལ་བདག་


GTD002_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དབང་པོ་སྔོན་དུ་འགྲོ་དགོས་པ་ལྟར་ཡིད་ཤེས་ལ་ཡང་བདག་རྐྱེན་དགོས་ཞེས་བཤད་པ་མ་ཡིན་པར་ཐལ། མིག་ཤེས་སོགས་ལ་རང་དང་དུས་མཉམ་པའི་རྟེན་དབང་པོ་ཡོད་པ་ལྟར་ཡིད་ཤེས་ལ་ཡང་རང་དང་མཉམ་དུ་ཡོད་པའི་རྟེན་ཐུན་མོང་མ་ཡིན་པ་ཞིག་དགོས་ཞེས་བཤད་པ་ཡིན་པའི་ཕྱིར། ཐེག་བསྡུས་ལས། རྣམ་པར་ཤེས་པ་ལྔའི་ཚོགས་དག་གི་ལྷན་ཅིག་འབྱུང་བའི་གནས་ནི་མིག་ལ་སོགས་པའོ། །ཞེས་གསུངས་ལ། དབྱིག་འགྲེལ་ལས། ཡིད་ཀྱི་རྣམ་པར་ཤེས་པའང་དེ་དང་མཚུངས་པར་གྱུར་བའི་རྟེན་ཡོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། ལྷན་ཅིག་འབྱུང་བ་ཞེས་པའི་དོན་ཡོད་པའི་ཕྱིར། དཀའ་འགྲེལ་ལས་ཀྱང་དབང་ཤེས་ལྔ་ལ་འདས་པའི་རྟེན་འདས་མ་ཐག་པ་དེ་དང་ལྷན་ཅིག་པའི་རྟེན་དབང་པོ་ལྔ་སྟེ་གཉིས་ཡོད་ལ་ཡིད་ཤེས་ལ་མེད་པ་མི་འཐད་དེ། ཞེས་སོ། །དེ་ལ་ཁོ་ན་རེ། སྐྱོན་དེ་མི་འཇུག་པར་ཐལ། དྲུག་པ་ཡིད་ཤེས་ཀྱི་དུས་སུ་ཀུན་གཞི་ཡོད་པའི་ཕྱིར་ཟེར་ན། མི་འཐད་པར་ཐལ། ཀུན་གཞི་དབང་དོན་ཐམས་ཅད་ཀྱི་ཐུན་མོང་གི་རྒྱུ་རྐྱེན་ཡིན་པས། རྣམ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་མི་རུང་བའི་ཕྱིར། དོན་གསང་ལས། རྩ་བའི་རྣམ་པར་ཤེས་པ་དང་འཁོར་བ་ཇི་སྲིད་པའི་ཕུང་པོ་ཞེས་བྱ་བ་རྣམ་པར་ཤེས་པ་དྲུག་ཆར་གྱིས་ཐ་མི་དད་པའི་རྒྱུ་ཡིན་པ་དེ་དག་ལ་ཡང་བརྗོད་པར་བྱ་སྟེ། ཡིད་ཀྱི་རྣམ་ཤེས་ནི་རྟེན་ཐུན་མོང་བ་ཅན་ཁོ་ན་མིན་ཏེ། འཇུག་པའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར། དེ་དག་བཞིན་ནོ། །ཞེས་གསུངས་པའི་ཕྱིར། འདིས་ནི་ཕལ་ཆེན་པ་དང་ས་སྟོན་པའི་ལུགས་ཀྱང་ཁེགས་སོ། །ཡང་ཁ་ཅིག །སྐབས་འདིར་འགོག་ཡུལ་ལ་ཡིད་ཀྱི་རྣམ་


GTD002_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་དུས་མཉམ་པའི་དེའི་རྟེན་དབང་པོ་མི་འདོད་པས་ཁྱབ་པར་ཐལ། རྩོད་ཚུལ་འཐད་པའི་ཕྱིར་ཟེར་ན་མ་ཁྱབ། གཙོ་བོ་དེ་ལྟར་ཡིན་ཀྱང་དུས་མཉམ་པའི་རྟེན་འདོད་མཁན་ཡང་ཡོད་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། མཛོད་ལས། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དག་ལྷན་ཅིག་སྐྱེ་བའང་ཡིན། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དོན་གསང་ལས། གནས་བརྟན་པ་རྣམས་ཀྱི་ལྟར་རྣམ་པར་ཤེས་པ་ཚོགས་ལྔའི་ཐམས་ཅད་བྱེ་བྲག་ཏུ་སྨྲ་བས་བཤད་པ་བཞིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ལྷན་ཅིག་སྐྱེས་པའི་རྟེན་ནི་སྙིང་གི་ཕྱོགས་བུ་ག་གཅིག་དང་གཉིས་དང་གསུམ་དང་བཞི་ནས་བུ་ག་དགུའི་བར་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེས་རྟེན་དུས་མཉམ་པ་བཞག་ཀྱང་དེ་རྟེན་དུ་མེད་རུང་བས་སྔ་མའི་སྐྱོན་སྤོང་མི་ནུས་བའི་ཕྱིར། དེར་ཐལ། ཡིད་ཤེས་ཀྱི་རྟེན་དབང་བོ་གཟུགས་ཅན་པ་ཡོད་ན་དེ་དབང་ཤེས་སུ་ཐལ་བ་དང༌། དབང་ཤེས་བཞིན་དུ་ཡུལ་འདས་པ་འཛིན་མི་ནུས་པར་ཐལ་བ་དང༌། གཟུགས་མེད་ཁམས་ན་ཡིད་ཤེས་ཀྱང་མེད་པར་ཐལ་བ་སོགས་འབྱུང་བའི་ཕྱིར། སྤྲོས་པས་ཆོག་གོ །ཡང་ཁ་ཅིག །ཡིད་ཤེས་ལ་ལྷན་ཅིག་བྱེད་པའི་རྟེན་བཤད་པ་མི་འཐད་པར་ཐལ། དེ་ཕ་རོལ་པོ་ཁ་ཅིག་གིས་རྣམ་ཤེས་ལ་ལྷན་ཅིག་པའི་རྟེན་ངེས་ཅན་དུ་དགོསཔར་བཤད་པའི་ཁས་བླང་ལ་འཁྲིས་ནས་དགག་པ་བྱས་པ་ཡིན་གྱི་རང་ལུགས་ལ་དེ་དང་ལྷན་ཅིག་པའི་རྟེན་སྒྲུབ་པའི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར་ཏེ། བཤད་སྦྱར་ལས། ལྔ་པོ་དག་དང་འདྲ་བ་ཞེས་བྱ་བ་ནི་སྒྲུབ་པ་མ་ཡིན་ནོ། །འོ་


GTD002_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཅི་ཞེ་ན། སུན་འབྱིན་པ་སྟེ། ཞེས་པ་ནས། གཞན་གྱི་གཞུང་ལ་ནི་གང་ལྷན་ཅིག་སྐྱེ་བའི་གནས་མེད་པའི་རྣམ་པར་ཤེས་པ་ཅི་ཡང་མེད་དོ་ཞེའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། རྣམ་ཤེས་དེ་དང་དུས་མཉམ་པའི་དབང་པོ་དེ་དེའི་བདག་རྐྱེན་དུ་བྱེ་སྨྲས་འདོད་ཀྱང་སྐབས་འདིར་དེ་ལ་བརྟེན་པའི་ཆ་ནས་རྐྱེན་དུ་བཏགས་པ་ཙམ་ལས་རྐྱེན་དངོས་སུ་མི་འདོད་པའི་དོན་ཡིན་པའི་ཕྱིར་དང༌། ཕྱིར་རྒོལ་རང་ལ་གྲགས་པའི་ལུང་གིས་བསྒྲུབ་པ་ལ་སྔ་རྒོལ་རང་གིས་ཁས་མི་ལེན་མི་དགོས་པའི་ཕྱིར་རོ། །ཡང་ཁོ་ན་རེ། མཛོད་ལས། དྲུག་པོ་འདས་མ་ཐག་པ་ཡི། །ཞེས་སོགས་ཀྱི་སྐབས་ལྟར་འདིར་ཡང་ཁས་ལེན་པར་ཐལ། ཀུན་བཏུས་ལས། ཡིད་གང་ཞེ་ན། ཞེས་པ་ནས། རྣམ་པར་ཤེས་པ་དྲུག་པོ་དག་འགག་མ་ཐག་པའི་རྣམ་པར་ཤེས་པའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། མཛོད་ཀྱི་དེ་དྲུག་ཀའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་གྱི་གཙོ་བོ་དང་ཡིད་ཁམས་ཀྱི་གཙོ་བོའི་དབང་དུ་བྱས་པ་ཡིན་ལ་སྐབས་འདིར་དེ་བདག་རྐྱེན་གྱི་གཙོ་བོར་མི་རུང་བ་གང་ཞིག །ཡིད་ཀྱི་ཁམས་ཀྱི་གཙོ་བོར་ཡང་མི་རུང་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྐབས་འདིར་བཤད་པ་དེ་མ་ཐག་རྐྱེན་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། དེར་ཐལ། ཐེག་བསྡུས་ལས། ཡིད་ནི་རྣམ་པ་གཉིས་ཏེ། དེ་མ་ཐག་པའི་རྐྱེན་བྱེད་པའི་གནས་སུ་གྱུར་པའི་ཕྱིར་རྣམ་པར་ཤེས་པ་འགག་མ་ཐག་པ་ཡིད་ཅེས་བྱ་བ་རྣམ་པར་ཤེས་པ་སྐྱེ་བའི་གནས་དང་གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད། ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཀུན་བཏུས་དར་ཊཱིཀ་ལས། བསྟན་པའི་དབང་དུ་བྱས་ནས་ཁམས་བསྟན་པར་སེམས་


GTD002_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱེ་མཆེད་བསྟན་པར་ཡིད་དང། ཞེས་སོགས་གསུངས་པའི་ཕྱིར། ཁྱབ་སྟེ། ཁམས་ཀྱི་སྒྲ་དོན། སྤོང་དང་སྐྱེ་སྒོ་རིགས་ཀྱི་དོན། །ཞེས་པ་ལྟར་འབྲས་བུ་ཕྱི་མ་འགྲུབ་པའི་ནུས་པའི་ཆ་ནས་གཙོ་བོར་འཇོག་དགོས་པ་གྲུབ་མཐའ་བཞི་ག་མཐུན་ལ་སྐབས་འདིར་བག་ཆགས་བསགས་པས་སེམས་སུ་འཇོག་ཚུལ་སྔར་བཤད་ཟིན་པའི་ཕྱིར། ཡང་ཁོ་ན་རེ། དྲུག་པོ་འདས་མ་ཐག་པའི་ཡིད་དེ་བདག་རྐྱེན་དང་ཉོན་ཡིད་དེ་མ་ཐག་རྐྱེན་དུ་བཞག་ནའང་ཆོག་པར་ཐལ། དྲུག་པ་ཡིད་ཀྱི་རྣམ་ཤེས་སྐྱེ་བ་ལ་དེ་གཉིས་ཀ་དགོས་པའི་ཕྱིར། དར་ཊཱིཀ་ལས། འགག་ཁ་མ་དེ་ཉིད་དུས་གཞན་གྱི་བར་དུ་མ་ཆོད་པའི་རྣམ་ཤེས་ཕྱི་མ་དེ་ཉིད་སྐྱེ་བའི་གོ་ཕྱེ་བའི་སྒོ་ནས་བདག་རྐྱེན་བྱེད་པའི་ཕྱིར་ཡིད་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། དེས་བདག་རྐྱེན་ཕལ་བ་ཙམ་བྱེད་ཀྱང་གཙོ་བོར་དེ་མ་ཐག་རྐྱེན་དུ་འཇོག་དགོས་པའི་ཕྱིར་ཏེ། །དེ་ཉིད་ལས། དེ་མ་ཐག་རྐྱེན་ཡིན་ཡང་ཕྱི་མ་སྐྱེ་བའི་གོ་འབྱེད་པའི་བྱེད་ལས་དང་ལྡན་པས་བདག་རྐྱེན་དུ་བཞག་ལ། ཞེས་གསུངས་པའི་ཕྱིར། དེས་ན་གཉིས་པ་ཡང་མི་འཐད་པར་ཐལ། དེ་མ་ཐག་རྐྱེན་ལ་རང་ཉིད་མངོན་གྱུར་དུ་ཡོད་པ་དེ་འགག་པའི་སྒོ་ནས་རྣམ་ཤེས་ཕྱི་མ་དེ་ལ་སྐྱེ་བའི་གོ་སྐབས་སྦྱིན་པ་ཞིག་དགོས་པ་གང་ཞིག །ཉོན་ཡིད་རྟག་ཏུ་མངོན་གྱུར་དུ་འཇུག་པས་དེ་འདྲའི་རྣམ་དབྱེ་མི་འཐད་པའི་ཕྱིར། རྗེ་བཙུན་རེད་མདའ་བས། འདི་ལ་ཀུན་གཞི་དང་ཉོན་ཡིད་ནི་འཇུག་པའི་རྣམ་པར་ཤེས་པ་དག་གི་དེ་མ་ཐག་པའི་གནས་མ་ཡིན་ཏེ། དེ་གཉིས་ནི་དུས་ཐམས་ཅད་དུ་འབྱུང་བས་དེ་དག་འགག་སྟོབས་


GTD002_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཤེས་པ་གཞན་སྐྱེ་བའི་གོ་འབྱེད་པ་མ་ཡིན་པའི་ཕྱིར། ཞེས་གསུངས་ཤིང་འདིར་སྙོམས་འཇུག་ལས་ལངས་མ་ཐག་པ་སོགས་ལ་ཞིབ་ཆ་དགོས། ཁ་ཅིག་ན་རེ། ཉོན་ཡིད་ཀྱི་སྒོ་ནས་སྙོམས་འཇུག་གཉིས་ཀྱི་བྱེ་བྲག་གམ་ཁྱད་པར་འབྱེད་ཚུལ་ཉོན་ཡིད་དང་མཚུངས་ལྡན་དུ་འཇུག་མི་འཇུག་གི་སྒོ་ནས་འཇོག་ཟེར་ན། འོ་ན་འདུ་ཤེས་མེད་པའི་སྙོམས་འཇུག་དེ་ཉོན་ཡིད་དང་མཚུངས་ལྡན་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཡིན་པའི་ཕྱིར། ཀུན་བཏུས་ལས། སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས་འགོག་པ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་གདགས་སོ། །ཞེས་དང། བསྡུ་བ་ལས། དེ་ཡང་བཏགས་པའི་ཡོད་པ་ཡིན་གྱི་རྫས་སུ་ནི་མིན་པར་རིགས་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང། སྙོམས་འཇུག་དེ་ཉིད་ཤེས་པར་འདོད་ན་འགོག་སྙོམས་ལ་ཡང་འདྲ་བས་དེའི་ཚེ་ཤི་ལུས་སུ་ཐལ་བའི་སྐྱོན་སྤོང་བའི་ཚེ་ཀུན་གཞི་ཡོད་པས་སྐྱོན་མེད་ཅེས་བཤད་མི་དགོས་པར་སྙོམས་འཇུག་རང་ཉིད་ཡིད་ཤེས་ཡིན་པའི་ཕྱིར་ཞེས་ལན་བཏབ་ཆོག་པའི་ཕྱིར། གསེར་འཕྲེང་ལས། འགོག་སྙོམས་ཡིད་ཤེས་ཡིན་པས་སེམས་ཡོད་ཡིན་ཞེས་ལན་བཏབ་ཆོག་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གལ་ཏེ་ཤེས་པར་འདོད་ན་ཡང་ཏིང་ངེ་འཛིན་དང་མཚུངས་ལྡན་ཅི་རིགས་ཡིན་པས་ཉོན་ཡིད་དང་མཚུངས་ལྡན་མི་རུང་བའི་ཕྱིར། གཞན་ཡང་སྙོམས་འཇུག་གཉིས་ཀྱི་བྱེ་བྲག་འབྱེད་ཚུལ་དེ་ལྟར་མ་ཡིན་པར་ཐལ། འགོག་སྙོམས་ཀྱི་ཚེ་ཉོན་ཡིད་མེད་ལ། འདུ་ཤེས་མེད་


GTD002_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙོམས་འཇུག་གི་ཚེ་ཉོན་ཡིད་ཡོད་པས་དེ་དང་མཚུངས་ལྡན་གྱི་ལྟ་བ་དང་འདོད་ཆགས་སོགས་ཀྱི་སྒོ་ནས་བདག་ཏུ་སྲེད་པའི་ཤུགས་མི་ཉམས་པའི་སྐྱོན་དང་བཅས་པའི་ཕྱིར། ཐེག་བསྡུས་འགྲེལ་པ་ལས། འདི་ལྟར་དེའི་དུས་སྐབས་ན་ཉོན་མོངས་ཅན་གྱི་ཡིད་མེད་ན་ངར་འཛིན་པ་མེད་པར་འགྱུར་རོ། །དེ་ལྟར་ན་ནི་འཕགས་པས་ཀྱང་སྨད་པར་མི་འགྱུར་ན་དེ་ནི་སྨད་པ་ཉིད་ཡིན་པས། ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། སྙོམས་འཇུག་དེ་གཉིས་ལ་རང་གི་ངོ་བོ་ཞི་མ་ཞིའི་ཁྱད་པར་མེད་པར་ཐལ། དེ་གཉིས་ཀ་དང་མཚུངས་ལྡན་གྱི་ཉོན་མོངས་མེད་པ་འདྲ་བའི་ཕྱིར་ན་མ་ཁྱབ་སྟེ། དེ་དང་མཚུངས་ལྡན་གྱི་ཉོན་མོངས་མེད་ཀྱང་དེའི་ཚེ་ཉོན་མོངས་མངོན་གྱུར་དུ་ཡོད་པས་སྲེད་པའི་བརླན་དང་བཅས་པ་ཡིན་པའི་ཕྱིར་ཏེ། ཐེག་བསྡུས་ལས། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར། དཔེར་ན་སྐྱེ་སྲིད་དེ་རྣམ་སྨིན་ཡིན་པས་ཉོན་མོངས་དང་མཚུངས་ལྡན་མི་རུང་ཡང་སྐྱེ་བའི་སྲིད་པ་ཉོན་མོངས་ཅན། ཞེས་བཤད་པ་ལྟ་བུ་ཡིན་པའི་ཕྱིར། ངེས་ཚིག་མེད་པའི་སྐྱོན་བརྗོད་ཚུལ་ལ་རོལ་མཚོ་སོགས་སུ་ཉོན་ཡིད་ཀྱི་ངེས་ཚིག་ལ་ངར་སེམས་པ་ཞེས་བཤད་པ་མི་འཐད་པར་ཐལ། དེ་མེད་པའི་ཕྱིར། ཞེས་པ་ནུས་པ་ཤིན་ཏུ་ཆུང་སྟེ། ཉོན་ཡིད་འཁོར་བཅས་ལས་གཞན་པའི་ངར་སེམས་པ་ཡོད་པའི་ཕྱིར་དང༌། རྟག་ཏུ་ཞེས་པའི་ཚིག་གི་ནུས་པ་མ་ཐོན་པའི་ཕྱིར། དེར་ཐལ། ཕྲན་ཚེགས་ལས།


GTD002_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ཅན་ཡིད་རྟག་ཏུ་ནི། །ཞེས་སོགས་དང༌། དཀའ་འགྲེལ་ལས། ཉོན་ཡིད་མེད་ན་རྟག་ཏུ་ངར་སེམས་པའི་ཕྱིར་ཡིད་དོ། །ཞེས་པའི་ངེས་ཚིག་འདི་རྣམ་པར་ཤེས་པ་གང་ལ་ཡང་མི་གནས་པར་འགྱུར་ཞེས་གསུངས་པའི་ཕྱིར་དང༌། བྱིངས་མདོ་ལས། མྣཱ་གོམས་པ་ལའོ། ཞེས་པའི་བྱིངས་བཞག །རྐྱེན་ཏིཔ྄་བྱིན། བྱེད་པ་པོ་ལ་ཨཔ྄འོ། །ཞེས་པས་ཨཔ྄་བྱིན། མྣཱ་ཞེས་པ་མ་ན་རུ་བསྒྱུར། པ྄་གཉིས་དང་བྱིངས་མཐའི་ཨ་ཡང་ཕྱིས། ན་སྲོག་མེད་ཨ་ལ་དྲངས་པས་མན་ཏི་གྲུབ་ཅིང་རྟག་ཏུ་གོམས་པའི་དོན་དུ་འགྲོ་ལ། སོ་སྐྱེའི་གནས་སྐབས་སུ་རྒྱུན་མ་ཆད་པར་ང་ང་ཞེས་པའི་གོམས་པ་རྒྱུན་ཆགས་པ་ཉོན་ཡིད་ལས་གཞན་མེད་པའི་ཕྱིར། ཁ་ཅིག་ན་རེ། ངས་མཐོང་ངས་ཐོས་ཞེས་པ་ལྟ་བུའི་ངེས་ཚིག་ཀྱང་ཉོན་ཡིད་ཀྱི་དབང་གིས་འབྱུང་བ་མི་འཐད་པར་ཐལ། དགྲ་བཅོམ་པ་ཡང་དེ་ལྟར་གསུངས་པ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། སོ་སྐྱེས་ཀྱིས་དེ་ལྟར་བཤད་པ་ངར་འཛིན་གྱི་དབང་གིས་ཡིན་ཀྱང་འཕགས་པས་གསུང་བ་དེ་དང་མཚུངས་མི་དགོས་པའི་ཕྱིར། ཉི་སྣང་ལས། དེའི་ཚིག་ནི་ཐ་སྙད་པ་ཡིན་གྱི་དོན་དམ་མ་ཡིན་པ་དེས་ན་སྙིང་པོ་མེད་དོ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག །འདུ་ཤེས་མེད་པར་སྐྱེས་པའི་ཚེ་ཉོན་ཡིད་མེད་ཀྱང་གང་ཟག་དེ་ངར་འཛིན་དང་བྲལ་མི་དགོས་པར་ཐལ། དེ་ངར་འཛིན་གྱི་བག་ཆགས་དང་ལྡན་པའི་ཕྱིར་ཟེར་ན། དགྲ་བཅོམ་སྐྱོན་དུ་འཕེན་ལ། དེའི་ས་བོན་དང་ལྡན་པའི་ཕྱིར་ཟེར་ན་ཡང་མི་འཐད་པར་ཐལ། དེ་སྤྱིར་ཉོན་ཡིད་འདོད་པའི་དབང་དུ་བྱས་པ་ཡིན་ན་ཡང་མི་འཐད། མི་འདོད་པའི་དབང་དུ་བྱས་པ་ཡིན་ན་ཡང་མི་འཐད་པའི་ཕྱིར།


GTD002_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གྲུབ་སྟེ། སྤྱིར་ཉོན་ཡིད་ཡོད་ན་འདུ་ཤེས་མེད་པའི་ཚེ་དེ་འགག་དོན་མེད་པའི་ཕྱིར། གཉིས་པ་གྲུབ་སྟེ། སྤྱིར་ཉོན་ཡིད་མི་འདོད་ན་ཀུན་གཞི་ཡང་མི་འདོད་དགོས་པས་དེའི་ཚེ་ངར་འཛིན་གྱི་བག་ཆགས་ཀྱང་མེད་དགོས་པའི་ཕྱིར། དེར་ཐལ། དེའི་བག་ཆགས་ཡོད་པ་ལ་བསྒོ་གཞི་ཞིག་དགོས་པས་ཀུན་གཞི་ཡོད་པར་གྲུབ་པའི་ཕྱིར། ཁ་ཅིག་གིས། དཀའ་འགྲེལ་ལས། ངར་འཛིན་མི་དགེ་བའི་སེམས་དང་མཚུངས་པར་ལྡན་པས་ན་དགེ་བ་ལུང་མ་བསྟན་གྱི་སེམས་དང་དུས་གཅིག་ཏུ་མི་འབྱུང་ངོ༌། །ཞེས་པའི་དོན་དུ་བསམས་ནས་ཉོན་ཡིད་འཁོར་བཅས་ལས་གཞན་པའི་ངར་འཛིན་ལ་མི་དགེ་བས་ཁྱབ་ཟེར་ན། གོང་མའི་སས་བསྡུས་ཀྱི་མཐོང་སྤང་འཇིག་ལྟ་ཆོས་ཅན། མི་དགེ་བ་ཡིན་པར་ཐལ། ཉོན་ཡིད་དང་མཚུངས་ལྡན་མ་ཡིན་པའི་འཇིག་ལྟ་ཡིན་པའི་ཕྱིར། ཟུར་དང་པོ་གྲུབ་སྟེ། མཐོང་སྤང་ཀུན་བཏགས་ཡིན་པའི་ཕྱིར། ཁྱབ་སྟེ། ཉོན་ཡིད་དང་མཚུངས་ལྡན་གྱི་འཇིག་ལྟ་ལ་ལྷན་སྐྱེས་ཀྱིས་ཁྱབ་པའི་ཕྱིར། གཉིས་པ་གྲུབ་སྟེ། གོང་མའི་སས་བསྡུས་ཀྱི་མཐོང་སྤང་འཇིག་ལྟ་ཡོད་པའི་ཕྱིར། དེར་ཐལ། ཀུན་བཏུས་དར་ཊཱིཀ་ལས། མཐོང་སྤང་ཉོན་མོངས་བརྒྱ་དང་བཅུ་གཉིས་ཡོད་དེ། འདོད་པའི་ཁམས་ན་ལྟ་བ་ལྔ་དང་ལྟ་མིན་ལྔ་སྟེ་བདེན་པ་བཞི་རེ་རེ་ལ་ལོག་ཞུགས་བཅུ་བཅུ་ཁམས་གོང་མ་གཉིས་ན་ཁོང་ཁྲོ་བཞི་བཞི་བོར་བས་སུམ་ཅུ་རྩ་དྲུག་པ་གཉིས་སུ་ཡོད་པའི་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། གོང་མའི་སས་བསྡུས་ཀྱི་ཉོན་མོངས་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། གོང་མ་ཐམས་ཅད་ལུང་མ་བསྟན། །


GTD002_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་ཕྱིར། ཉོན་ཡིད་ལྡོག་མཚམས་ལ་ཁ་ཅིག་ན་རེ། འཕགས་པ་མཉམ་གཞག་པའི་རྒྱུད་ལ་ཉོན་ཡིད་མེད་པ་མི་འཐད་པར་ཐལ། དེའི་རྒྱུད་ལ་ཉོན་ཡིད་ཡོད་པར་མ་ཟད་དབང་ཤེས་ཀྱང་ཡོད་པའི་ཕྱིར། དེར་ཐལ། སེམས་ནང་དུ་བསྡུས་ཏེ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་གང་ཟག་གི་རྒྱུད་ལ་ཡང་གཟུགས་མཐོང་བའི་མིག་ཤེས་ཡོད་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། ཐམས་ཅད་ལས་ནི་སེམས་བསྡུས་ནས། །ནང་གི་བདག་ཉིད་གཡོ་མེད་པར། །གནས་ནའང་མིག་གིས་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཞེས་གསུངས་ཤིང༌། རྣམ་བཤད་ལས། སྟོང་པ་ཉིད་ལ་མཉམ་པར་བཞག་བཞིན་པའི་དུས་ན་གང་ཟག་དེའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་ཡོད་མོད་ཀྱང༌། ཞེས་གསུངས་པའི་ཕྱིར་དང། དེ་གཉིས་འདྲ་བའི་ཕྱིར་ཏེ། རྣམ་འགྲེལ་ལས། རྩེ་གཅིག་གསལ་བས་སྒྲིབ་ན་ཡང། །སེམས་ཀྱི་ཁྱད་པར་རྒྱུན་དག་ལ། །ཞེས་དེ་དག་གི་སྐབས་སུ་བློ་གཞན་དང་གཞན་རྒྱུད་ལ་ཡོད་ཀྱང་མངོན་གྱུར་པ་དེས་སྒྲིབ་ནས་མི་གསལ་བ་ཡིན་པའི་ཕྱིར་ཟེར་ན། རེ་ཞིག་ཕྱི་མ་བཞག་ལ་སྔ་མ་མི་འཐད་པར་ཐལ། སློབ་པ་མཉམ་གཞག་པའི་རྒྱུད་ལ་དབང་ཤེས་མེད་པའི་ཕྱིར། དེར་ཐལ། དེར་མ་ཟད་གཉིད་ལོག་པའི་གང་ཟག་གི་རྒྱུད་ལ་དབང་ཤེས་མེད་པའི་ཕྱིར། དེར་ཐལ། འཇུག་པ་ལས། གལ་ཏེ་གཉིད་ན་མིག་བློ་མི་སྲིད་པས། །ཞེས་གསུངས་པའི་ཕྱིར། མ་ཁྱབ་ན་གཉིད་ལོག་པའི་གང་ཟག་གི་རྒྱུད་ཀྱི་མིག་ཤེས་ཆོས་ཅན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མིག་དབང་ལ་བརྟེན་ནས་སྐྱེས་པའི་ཤེས་པ་ཡིན་པར་


GTD002_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། མིག་ཤེས་ཡིན་པའི་ཕྱིར། འདོད་ན། གཉིད་ལོག་པའི་གང་ཟག་གི་རྒྱུད་ཀྱི་མིག་དབང་དེས་ཀྱང་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་ནུས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་ཀྱང་གཟུགས་མཐོང་བར་ཐལ་བ་དང༌། དེ་རྟེན་བཅས་ཀྱི་དབང་པོར་ཐལ་བའམ། ཡང་ན་མིག་ཤེས་ཀྱིས་ཡུལ་འདས་པ་མཐོང་བར་ཐལ་བ་སོགས་སྤྲོས་པས་ཆོག་གོ །ཡང་ཁ་ཅིག །འགོག་པ་མཉམ་གཞག་གནས་སྐབས་དུས། །ཞེས་པའི་དོན་དུ་བསམ་ནས། མི་རྟག་པ་ལ་མཉམ་པར་བཞག་པའི་འཕགས་པའི་རྒྱུད་ལ་ཉོན་ཡིད་མེད་ཟེར་ན། འོ་ན་མི་རྟག་པ་མངོན་སུམ་དུ་རྟོགས་པའི་འཕགས་ལམ་མངོན་དུ་གྱུར་བའི་འཕགས་པའི་རྒྱུད་ལ་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། འགོག་སྙོམས་དམིགས་ཀྱིས་བསལ་བའི་དགོས་པ་མེད་པར་ཐལ། འཕགས་ལམ་མངོན་དུ་གྱུར་པ་ཐམས་ཅད་ལ་དེ་མེད་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེའི་རྒྱུད་ལ་ཉོན་ཡིད་མེད་པར་ཐལ། དེ་འཕགས་པ་མཉམ་གཞག་པ་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་ལ་མཉམ་པར་བཞག་པའི་འཕགས་པ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། འཕགས་པའི་མཉམ་གཞག་ཡེ་ཤེས་ལ་བདག་མེད་ཕྲ་རགས་གང་རུང་ལ་མཉམ་པར་བཞག་པ་དགོས་པའི་ཕྱིར། དེར་ཐལ། རྩ་བར་མཉམ་གཞག་ཅེས་པ་དེ་སུམ་ཅུ་པ་ལས།འགོག་པའི་སྙོམས་པར་འཇུག་ན་མེད། །འཇིག་རྟེན་འདས་པའི་ལམ་ན་མེད། །ཅེས་པའི་འདས་ལམ་དེ་ལ་སྦྱོར་དགོས་བའི་ཕྱིར། ཁྱབ་སྟེ། སྤྱིར་འཕགས་ལམ་ལ་འདས་ལམ་གྱིས་ཁྱབ་ཀྱང་འདས་ལམ་དང་མཉམ་གཞག་ཡེ་


GTD002_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྣམ་གྲངས་སུ་བཤད་པའི་སྐབས་ཀྱི་དེར་བདག་མེད་མངོན་སུམ་དུ་རྟོགས་པ་ཞིག་དགོས་པའི་ཕྱིར། དེར་ཐལ། ཡུམ་བར་མ་ལས། ཇི་ཙམ་དུ་གཉིས་པ་དེ་ཙམ་དུ་དམིགས་པའོ། །མི་གཉིས་པ་ནི་མི་དམིགས་པའོ། །ཞེས་དང༌། འཇུག་པ་ལས། གསུམ་ལ་ཆགས་པས་སྟོང་སྟེ་འཇིག་རྟེན་འདས། །ཞེས་གསུངས་པའི་ཕྱིར་དང༌། བདེན་སྟོང་སྒྱུ་མ་ལྟ་བུ་མངོན་སུམ་དུ་རྟོགས་མ་ཐག་པའི་མཐོང་ལམ་དེ་ཡང་རྗེས་ཐོབ་ཡེ་ཤེས་སུ་བཤད་པའི་ཕྱིར། གཞན་ཡང༌། རྫུ་འཕྲུལ་གྱི་མངོན་ཤེས་ལ་མཉམ་པར་བཞག་སྟེ་ནམ་མཁའ་ལ་འགྲོ་འཆག་ཉལ་འདུག་སོགས་བྱེད་པའི་བྱང་འཕགས་དེ་ཆོས་ཅན། མཉམ་གཞག་པ་ཡིན་པར་ཐལ། རྫུ་འཕྲུལ་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་འཕགས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། མཉམ་རྗེས་ངོ་བོ་གཅིག་ཏུ་སོང་བའི་གང་ཟག་ཡིན་པར་ཐལ། མཉམ་གཞག་གི་ངང་ནས་རྗེས་ཐོབ་ཀྱི་བྱ་བ་བྱེད་ནུས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེའི་ངང་ནས་སྤྱོད་ལམ་རྣམ་བཞི་དང་གཞན་ལ་ཆོས་སྟོན་པ་སོགས་ངེས་པ་གང་ཞིག །དེ་ལས་ལྷག་པའི་རྗེས་ཐོབ་ཀྱི་བྱ་བ་འཇོག་ཚུལ་མེད་པའི་ཕྱིར། ཡང་ཁོ་ན་རེ། འགོག་སྙོམས་ཀྱི་ཚེ་ཉོན་ཡིད་ཡོད་པར་ཐལ། འགོག་སྙོམས་ལས་ལངས་མ་ཐག་པའི་ཡིད་ཤེས་དེའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱིས་ལྔ་པོ་དག་དང་འདྲ་བ་དང༌། ཞེས་དྲངས་པ་དེའི་ཕྱིར་ཟེར་ན་གོང་དུ་མ་ཁྱབ་སྟེ། དེའི་སྐབས་སུ་ཡང་ཉོན་ཡིད་ཀྱི་རྒྱུན་དུ་གྱུར་པའི་ཡིད་ཤེས་གཅིག་ཡོད་ཀྱང་ཉོན་ཡིད་དུ་མི་འཇོག་པའི་ཕྱིར། དེར་ཐལ། དེའི་རྒྱུད་ན་


GTD002_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཞི་ཡོད་པ་གང་ཞིག །ཀུན་གཞི་ཡོད་ན་དེ་དང་མཉམ་དུ་ཉུང་མཐའ་ལ་ཡང་ཡིད་ཤེས་གཅིག་ཡོད་པས་ཁྱབ་པའི་ཕྱིར། དཀའ་འགྲེལ་ལས། མཉམ་གཞག་གི་ཚེ་ཡང་ཡིད་ཤེས་ཀྱི་རྫས་རྒྱུན་ཆད་པའི་ལོག་པ་ནི་མེད་དེ། དགོངས་འགྲེལ་ལས། ཀུན་གཞི་དེ་ཉུང་ཡང་ཡིད་ཤེས་གཅིག་ཡིད་དང་ལྷན་ཅིག་འཇུག་པར་བསྟན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁོ་ན་རེ། དེའི་སྐབས་ཀྱི་ཉོན་ཡིད་ཀྱི་རྒྱུན་ཕྱི་མའི་ཡིད་དེ་ཆོས་ཅན། ཁྱོད་དང་མཚུངས་ལྡན་གྱི་ཉོན་མོངས་བཞི་སོགས་མེད་པར་ཐལ། ཁྱོད་ཉོན་ཡིད་དུ་མི་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཟག་མེད་ཡིན་པར་ཐལ། འདོད་པའི་ཕྱིར་ཟེར་ན། འདི་ལ་སློབ་དཔོན་སོ་སོའི་བཞེད་ཚུལ་མི་འདྲ་བ་གཉིས་ཡོད་དེ། དོན་གསང་ལས། ཡིད་དེ་ཡང་ཁ་ཅིག་ན་རེ། གནས་སྐབས་དེ་ན་ཟག་པ་མེད་པ་ཡིན་ཏེ། ཞེས་དང༌། ཁ་ཅིག་ན་རེ༌། ཟག་པ་དང་བཅས་པ་སྟེ་འདི་ལྟར་ནུས་པ་གཉིས་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་རོ། །ཞེས་གསུངས་ཀྱང་རང་ལུགས་ལ་ཕྱི་མ་ཁས་ལེན་དགོས་ཏེ། རྗེ་བཙུན་རེད་མདའ་བས་ཕྱོགས་གཉིས་པ་འདི་ནི་ལེགས་པར་བཤད་པ་ཡིན་ཏེ། ཞེས་དང༌། རྩ་བར། ཉོན་མོངས་ཅན་དུ་འཇོག་བྱེད་པའི། །གང་ཟག་འཛིན་པ་ལོག་གྱུར་ཀྱང༌། །དེ་ཡི་རིགས་ཙམ་ཡོད་ཕྱིར་དང༌། །ཆོས་འཛིན་བསྐྱེད་ནུས་མ་ལོག་ཕྱིར། །ཡིད་ཤེས་མེད་དང་མཉམ་པ་ཉིད། །ཐོབ་པའི་སྐྱོན་གཉིས་རིང་དུ་སྤངས། །ཞེས་གསུངས་པའི་ཕྱིར། །ཁྱབ་སྟེ། དབང་ཐོབ་དགྲ་བཅོམ་གཉིས་དང་འགོག་པ་མཉམ་གཞག་སོགས་


GTD002_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚེ་ཉོན་ཡིད་མེད་ཀྱང་དེའི་རྒྱུན་གྱི་ཡིད་ཡོད་པས་འཇུག་ཤེས་ཀྱི་བདག་རྐྱེན་མེད་པའི་སྐྱོན་མི་འོང་ལ། ཡིད་དེ་ཟག་བཅས་ཡིན་པས་ཉོན་ཡིད་གནས་འགྱུར་གྱི་མཉམ་ཉིད་ཡེ་ཤེས་ཐོབ་པར་ཐལ་བའི་སྐྱོན་ཡང་མི་ཡོང་པའི་ཕྱིར། དེར་ཐལ། དེ་ཟག་བཅས་སུ་འཇོག་པའི་རྒྱུ་མཚན་སྤྱིར་ཉོན་ཡིད་དེ་ལ་ཉོན་མོངས་པའི་སྒྲིབ་པ་ཅན་དུ་འཇོག་བྱེད་རང་གྲོགས་ཉོན་མོངས་བཞི་དང༌། ཤེས་སྒྲིབ་དང་བཅས་པར་འཇོག་བྱེད་འཇུག་ཤེས་ཀྱི་རྟེན་བྱེད་པའི་སྒོ་ནས་དེ་ཕྱི་རོལ་དོན་གྱི་སྣང་བ་དང་བཅས་པར་བསྐྱེད་པའི་ནུས་པ་གཉིས་ཡོད་པ་ལས་འདི་དག་གི་ཚེ་སྔ་མ་ལོག་ཀྱང་ཕྱི་མ་ཡོད་པས་ཤེས་སྒྲིབ་ཀྱི་ཟག་བཅས་ཡིན་པའི་ཕྱིར། དཀའ་འགྲེལ་ལས། ཐ་སྙད་སྣ་ཚོགས་འདོགས་པའི་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེ་བའི་རྟེན་བྱས་ནས་ཆོས་འཛིན་པ་ཤེས་སྒྲིབ་བསྐྱེད་པའི་ནུས་པ་གཉིས་ཡོད་ལ། ཞེས་སོགས་གསུངས་པའི་ཕྱིར། ཁོ་ན་རེ། རིགས་ངེས་ཀྱིས་ས་བརྒྱད་པ་ནས་ཉོན་མོངས་སྤོང་བར་ཐལ། དེས་ཉོན་ཡིད་སྤངས་པའི་ཕྱིར། དེར་ཐལ། དེ་ནས་ཉོན་ཡིད་གཏན་དུ་ལོག་པའི་ཕྱིར་ན་མ་ཁྱབ་སྟེ། ཉོན་ཡིད་ལ་བློ་མངོན་གྱུར་པས་ཁྱབ་ཅིང་ས་བརྒྱད་པ་ནས་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཐོབ་སྟེ། ཆོས་ཉིད་ཡེ་ཤེས་ལ་དབང་བའི་དོན་དུ་རྟོགས་པས་དེའི་འཁོར་དུ་ཉོན་མོངས་བཞི་གཏན་མི་འབྱུང་བར་བྱས་པ་ཡིན་པའི་ཕྱིར། མངོན་རྟོགས་རྒྱན་ལས། སྲིད་དང་ཞི་བར་མི་རྟོག་པ། །ཞེས་དང༌། མདོ་སྡེ་རྒྱན་ལས།ཞིང་དང་ཡེ་ཤེས་ལས་དག་ལ། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ས་བརྒྱད་པ་ནས་ཉོན་མོངས་སྤོང་བར་བཞེད་ལ། འཕགས་པ་ཐོགས་མེད་ཀྱིས་སངས་


GTD002_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་དང་དུས་མཉམ་དུ་སྤོང་བར་བཞེད་པའི་ཕྱིར། ཀུན་བཏུས་དར་ཊཱིཀ་ལས། མགོན་པོ་ཀླུ་སྒྲུབ་ཀྱི་བཞེད་པ་དང་མི་འདྲ་སྟེ། དེའི་བཞེད་པས་ས་བརྒྱད་པར་ཉོན་སྒྲིབ་ཟད་པར་བྱེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་འབྱུང་བ་རྟེན་གཞིའི་མདོའི་དབང་གིས་ཡིན་པའི་ཕྱིར་ཏེ། དགོངས་འགྲེལ་ལས། ས་བཅུ་གཅིག་པ་ལ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་པས། ཞེས་གསུངས་པའི་ཕྱིར་དང༌། ཀུན་བཏུས་ལས་ཀྱང༌། དེ་བྱང་ཆུབ་ཐོབ་པ་ནས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཅིག་ཅར་སྤོང་ངོ༌། །ཅིག་ཅར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་སོ། །སྨྲས་པ། བློ་གྲོས་ཉི་མ་འབར་བའི་གདེངས་ཀ་ལས། །ཀུན་རྨོངས་མུན་པའི་དྲ་བ་མཐར་བྱེད་པའི། །ལེགས་བཤད་འོད་བརྒྱའི་སྣང་བ་སྤྲོས་པ་ཡིས། །བློ་གསལ་རྐང་དྲུག་རབ་དགའི་དབྱངས་ཀྱིས་བྲེལ། །ལུང་རིགས་ལང་ཚོ་དར་བའི་གཞོན་ནུ་འདིའི། །མཆེད་པོ་སྔོན་དགེའི་བསྐལ་པར་ཅི་སྟེ་མེད། །ཕྱི་མའི་དུས་ཀྱང་ཐུབ་བསྟན་སྒེག་མོ་ཡིས། །འདི་ལྟའི་མཛའ་བོ་རྙེད་པར་གྱུར་ཅིག་གུ། །ཐུབ་བསྟན་སྲོག་རྗེས་འགྲོ་ལྡོག་མི་འཁྲུལ་བའི། །བཤད་སྒྲུབ་དབུགས་བྲལ་འབྱུང་བོའི་སྟངས་སྟབས་གར། །བསྒྱུར་བའི་ཆོས་བརྒྱད་རོལ་པ་ལེགས་བྱས་ཀྱི། །རྩེད་འཇོར་འཁྲུལ་བས་གཡེང་རྣམས་སྙིང་རྗེའི་ཡུལ། །དེ་ཕྱིར་དམ་པའི་མགོན་ལ་གུས་བརྟེན་ནས། །གཞུང་མང་ཐོས་བའི་དཀའ་སྤྱད་ལྷུར་བླངས་པས། །འཕགས་བོད་མཁས་པའི་ལེགས་བཤད་དགའ་སྟོན་ལ། །ལོངས་སུ་སྤྱོད་པའི་སྐལ་བཟང་ཁོ་


GTD002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བོས་རྙེད། །ཚུལ་འདིར་འབད་པ་ལས་བྱུང་ལེགས་བྱས་ཀྱི། །ཆ་ཤས་ཡོངས་སུ་གང་བའི་བསིལ་ཟེར་ཅན། །རང་བཞིན་དག་པའི་དབྱིངས་ཀྱི་མཁར་འཕགས་ཏེ། །དོན་གཉིས་ཀུན་དའི་དགའ་ཚལ་འབྱེད་གྱུར་ཅིག །ཅེས་ཡིད་དང་ཀུན་གཞིའི་དཀའ་གནད་རྣམ་པར་བཤད་པ་མཁས་པའི་འཇུག་ངོགས་ཞེས་བྱ་བ་འདི་ནི་ཆོས་གྲྭ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གྲྭ་ཚང་ཐོས་བསམ་གླིང་ནས་སྒོ་མང་དཔོན་སློབ་ངག་དབང་དགེ་ལེགས་ཀྱི་སྤྲུལ་པའི་སྐུ་སྐལ་བཟང་དགེ་ལེགས་རྒྱ་མཚོ་དང༌། སྐྱོར་དཔོན་བློ་བཟང་ཤེས་རབ་སོགས་འཛིན་གྲྭའི་དགེ་འདུན་རྣམས་ཀྱིས་ཡང་ཡང་བསྐུལ་བའི་ངོར། བཙུན་བ་དཀོན་མཆོག་བསྟན་པའི་སྒྲོན་མེས་རང་ལོ་སོ་བདུན་པ་ས་ཕོ་རྟའི་ལོ་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ཉིན་ཆོས་སྡེ་ཆེན་པོ་དགོན་ལུང་ བྱམསགླིང ་དུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རྣམ་དཔྱོད་ཡངས་པ་དཀོན་མཆོག་བསྟན་པའོ། །འདིས་ཀྱང་འཇམ་མགོན་བླ་མའི་རིང་ལུགས་དྲི་མ་མེད་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག།། །།


previousཀུན་གཞིའི་དཀའ་གནས་རྣམ་བཤད།next