Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
   
   
ལམ་རིམ་བདེ་ལམ་གྱི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལམ་རིམ་བདེ་ལམ་གྱི་བརྒྱུད་འདེབས།next

ལམ་རིམ་བདེ་ལམ་གྱི་བརྒྱུད་འདེབས།


GTD003_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རིམ་བདེ་ལམ་གྱི་བརྒྱུད་འདེབས་བཞུགས་སོ། །གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའི་ཞབས། །མཁས་གྲུབ་བསྟན་པའི་ཉི་མ་དགེ་ལེགས་དཔལ། །སྙན་བརྒྱུད་གདམས་པའི་མཛོད་འཛིན་བ་སོ་རྗེ། །ཟླ་མེད་བླ་མ་གསུམ་ལ་གསོལ་བ་འདེབས། །ཟུང་འཇུག་སྐུ་བརྙེས་ཆོས་ཀྱི་རྡོ་རྗེ་དང། །སྐུ་གསུམ་མངོན་གྱུར་རྒྱལ་བ་དབེན་ས་པ། །ལུང་རྟོགས་མངའ་བདག་སངས་རྒྱས་ཡེ་ཤེས་ཞབས། །མཁས་གྲུབ་དམ་པ་གསུམ་ལ་༝ བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པའི་རྗེ། །དེ་ཡི་ཐུགས་སྲས་དྲུང་པ་རྟ་ཕུག་པ། །ལམ་བཟང་གསལ་མཛད་དགེ་ལེགས་རྒྱ་མཚོའི་དཔལ། །བསྟན་པའི་སྒྲོན་མེ་གསུམ་ལ་༝ ངག་གི་དབང་ཕྱུག་རྗེ་བཙུན་ཙོང་ཁ་པའི། །མདོ་སྔགས་ལེགས་བཤད་ཆོས་ཀྱི་རྒྱ་མཚོ་ཆེ། །བྱམས་པས་འགྲོ་ལ་སྤེལ་བའི་སྙིང་སྟོབས་ཅན། །བཀའ་དྲིན་མཚུངས་མེད་ཞབས་ལ་༝ སྣང་བ་མཐའ་ཡས་བློ་བཟང་ཡེ་ཤེས་སོགས། །རྒྱལ་ཀུན་སྤྱི་གཟུགས་བཤེས་གཉེན་དུ་མ་ཡིས། །རྗེས་བཟུང་བསྟན་པའི་རྒྱལ་མཚན་འཛིན་པའི་རྗེ། །དྲིན་ཅན་བླ་མའི་ཞབས་ལ་༝ རྒྱལ་བ་གཉིས་པ་འཇམ་མགོན་ཙོང་ཁ་པའི། །མདོ་སྔགས་གཞུང་ལུགས་མཐའ་དག་སྤེལ་སླད་དུ། །རླབས་ཆེན་སྨོན་ལམ་མཆོག་གིས་བསྐྲུན་པའི་སྐུ། །དཀོན་མཆོག་བསྟན་པའི་སྒྲོན་མེར་༝ སྐྱབས་གསུམ་ཀུན་འདུས་བླ་མ་རྡོ་རྗེ་འཆང། །གང་ལ་གང་འདུལ་བཤེས་གཉེན་ཚུལ་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །དྲིན་ཅན་བླ་མ་རྣམས་ལ་༝།


previousལམ་རིམ་བདེ་ལམ་གྱི་བརྒྱུད་འདེབས།next