Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of དཀོན་མཆོག་དཔལ་སྒྲོན་
[Clear Hits]


 
དཀར་ཆག
  
  
  
  
  
  
  
  
  
 
  
  
  
 
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  


6 occurrences of དཀོན་མཆོག་དཔལ་སྒྲོན་
[Clear Hits]

 
no previousདཀར་ཆགnext

དཀར་ཆག


GTD003_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་གུང་ཐང་འཇམ་པའི་དབྱངས་ དཀོནམཆོག་བསྟན་པའི་སྒྲོན་མེ་དཔལ next hit་བཟང་པོའི་གསུང་འབུམ་ག་བའི་དཀར་ཆག་བཞུགས་སོ།།


GTD003_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ཐུགས་རྗེའི་བདག་ཉིད་ཟླ་ཤེལ་ཁམས། །མདོ་སྔགས་བསྟན་པའི་ཀུནྡ་བཞད་པའི་གཉེན། །ཀུན་རྨོངས་མུན་པ་སེལ་བའི་སྒྲོན་མེ་མཆོག །རྗེ་བཙུན་བླ་མ་གང་དེ་གཙུག་ན་མཆོད། །བརྒྱད་ཁྲི་བཞི་སྟོང་གསུང་རབ་གངྒཱའི་ཀླུང་། །རྣམ་དཔྱོད་ཧུབ་ཀྱིས་དྲངས་ནས་སླར་སྐྱུགས་པས། །འགྲོ་རྒྱུད་ལས་ཉོན་དྲི་འཁྱུད་ཛ་ཧུ་ན། །འཇམ་མགོན་དྲིན་ལས་ལམ་རིམ་མཆོག་འདི་བསྔགས། །༧རྗེ་བཙུན་བླ་མ་དམ་པ་འཇམ་པའི་དབྱངས་previous hit དཀོནམཆོག་བསྟན་པའི་སྒྲོན་མེ་དཔལ next hit་བཟང་པོའི་གསུང་འབུམ་ ༼ག༽ པ་ལ། རྟེན་འབྲེལ་གྱི་རྣམ་བཞག་ལུང་རིགས་བང་མཛོད་ལ་གྲངས། ༣༤ རྣམ་ཐར་སྒོ་གསུམ་གྱི་རྣམ་པར་བཞག་པ་ལེགས་བཤད་རྒྱ་མཚོའི་རྦ་རླབས་ལ། ༡༡ དམིགས་པ་བརྟག་པའི་འགྲེལ་པ་ཕྱོགས་གླང་དགོངས་རྒྱན་ལ། ༥ རིགས་ལམ་འཕྲུལ་གྱི་ལྡེ་མིག་ལ། ༡༡ གྲུབ་མཐའ་བཞིའི་འདོད་ཚུལ་སོགས་དྲིས་ལན་སྣ་ཚོགས་ཀྱི་སྐོར་ཞལ་ལུང་བདུད་རྩིའི་ཐིགས་ཕྲེང་ལ། ༢༢ བསྔོ་བའི་རྒྱལ་པོ་བསྟན་འབར་མའི་དགོངས་དོན་རྒྱ་ཆེར་འགྲེལ་པ་ལེགས་བཤད་བསྟན་པའི་སྒྲོན་མེ་ལ། ༥༡ བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག་ཕན་བདེའི་ལམ་བཟང་གསལ་བའི་སྒྲོན་མེ་ལ། ༢༡ བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་ལག་ཏུ་ལེན་ཚུལ་གསལ་བར་བཀོད་པ་ལམ་བཟང་སྒྲུབ་པའི་འཇུག་ངོགས་ལ། ༡༩ ལམ་རིམ་བདེ་ལམ་གྱི་བརྒྱུད་འདེབས་ལ། ༡ ཡོངས་འཛིན་


GTD003_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་ནས་བདེ་ལམ་གྱི་ཁྲིད་གནང་བ་རྗེ་བཙུན་previous hit དཀོནམཆོག་བསྟན་པའི་སྒྲོན་མེ་དཔལ next hit་བཟང་པོས་ཟིན་བྲིས་གནང་བ་གདུང་སེལ་བདུད་རྩིའི་ཐིགས་པ་ལ། ༦༨ བྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ཆ་ཚང་བར་ཚིགས་བཅད་དུ་བསྡེབས་པ་ལམ་མཆོག་སྙིང་པོ་ལ། ༨ བདག་གཞན་མཉམ་བརྗེ་བསྒོམ་ཚུལ་ལ། ༦ ཟབ་མོ་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བ་ལ། ༢༢ དགེ་ལྡན་ཕྱག་རྒྱ་ཆེན་པོའི་ཟིན་བྲིས་ཞལ་ལུང་བདུད་རྩིའི་ཐིགས་ཕྲེང་ལ། ༢༩ བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་ཚུལ་ཐེག་པ་མཆོག་གི་འཇུག་ངོགས་ལ། ༡༠ ལམ་གྱི་གཙོ་བོ་རྣམ་གསུམ་རྩ་ཚིག་གི་སྟེང་ནས་གཞུང་བསྲངས་ཏེ་ཉམས་སུ་ལེན་ཚུལ་ལ། ༥ བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱའི་ཁྲིད་ཀྱི་ཟིན་བྲིས་ལ། ༡༠ ཟབ་ལམ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་རྒྱའི་ཟབ་གནད་ཡོངས་སུ་རྫོགས་པ་ཐོ་ཙམ་དུ་བཀོད་པ་ལ། ༨ དགའ་ལྡན་ལྷ་རྒྱ་མའི་གཞུང་བསྲངས་ཏེ་མདོ་སྔགས་ཆ་ཚང་བར་ཉམས་སུ་ལེན་ཚུལ་དགའ་ལྡན་ཞིང་དུ་བགྲོད་པའི་ནོར་བུའི་ཐེམ་སྐས་ལ། ༡༡ རྗེ་བཙུན་བྱམས་པ་མགོན་པོ་ལ་བརྟེན་པའི་འཕོ་བའི་རྣམ་པར་་བཞག་པ་དགའ་ལྡན་ཞིང་དུ་བགྲོད་པའི་བདེ་ལམ་ལ། ༡༣ སྲང་རྒྱུད་ལུགས་ཀྱི་འཕོ་བའི་གདམས་པའི་ངག་འདོན་ཁྲིགས་ཆགས་སུ་བསྡེབས་པ་ལ། ༣ ཟབ་ལམ་བླ་མའི་རྣལ་འབྱོར་གྱི་མན་ངག་སྙིང་པོའི་རྩ་ཚིག་གི་འགྲེལ་པ་སྙན་བརྒྱུད་


GTD003_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ལྡེ་མིག་ལ། ༣༩ གསང་བདེ་འཇིགས་གསུམ་སོགས་ལྷག་ལྷ་དུ་མ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ལ། ༤༢ མགོན་པོ་འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཞིང་མཆོག་སྒོ་འབྱེད་རྩ་བའི་བླ་མ་དང་རྗེ་བླ་མ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར། ཀུན་མཁྱེན་བླ་མའི་འཁྲུངས་རབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར། ཟབ་ལམ་བླ་མའི་འབྱོར། བླ་མགོན་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་གཉིས། མགོན་པོ་གྲིབ་སེལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བཅས་ལ། ༡༥ དཀར་ཆག་ལ་ ༢ བཅས་ཁྱོན་ཤོག་གྲངས། ༤༦༦ བཞུགས། སརྦ་མངྒ་ལཾ།། །།


no previousདཀར་ཆགnext