Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

3 occurrences of དཀོན་མཆོག་དཔལ་སྒྲོན་
[Clear Hits]


 
དཀར་ཆག
  
  
  
  
  
  
  
  
  
  
 
  
 expand section
  
  
  
  


3 occurrences of དཀོན་མཆོག་དཔལ་སྒྲོན་
[Clear Hits]

 
no previousདཀར་ཆགnext

དཀར་ཆག


GTD004_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་གུང་ཐང་འཇམ་པའི་དབྱངས་ དཀོནམཆོག་བསྟན་པའི་སྒྲོན་མེ་དཔལ next hit་བཟང་པོའི་གསུང་འབུམ་ང་བའི་དཀར་ཆག་བཞུགས་སོ།།


GTD004_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་རྒྱལ་བའི་དབང་པོ་རྫོགས་སངས་རྒྱས། །ལུང་རྟོགས་བསྟན་པའི་བདག་ཉིད་དམ་པའི་ཆོས། །འགྲོ་བའི་སྒྲོན་མེ་རིགས་གྲོལ་དགེ་འདུན་སྟེ། །མཆོག་གསུམ་ངོ་བོ་གང་དེས་སྐྱོང་གྱུར་ཅིག །དམ་པའི་མཛད་བཟང་ཙནྡན་མཆོག་གི་ཚལ། །མ་ལ་ཡ་ལས་སྙན་ཚིག་དྲི་བཞོན་གྱིས། །དྲངས་པའི་རྣམ་ཐར་བཟུང་ཞིམ་འཐུལ་བ་འདི། །ཐོབ་པའི་བདག་གི་དབང་པོ་སྐལ་བ་བཟང་། །རྗེ་བཙུན་བླ་མ་དམ་པ་འཇམ་པའི་དབྱངས་previous hit དཀོནམཆོག་བསྟན་པའི་སྒྲོན་མེ་དཔལ next hit་བཟང་པོའི་གསུང་འབུམ་ ༼ང༽ པ་ལ། མཎྜལ་གྱི་ཁྲིད་ཡིག་དཔག་བསམ་སྙེ་མ་ལ་གྲངས། ༢༣ མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་སོགས་བསླབ་བྱ་སྣ་ཚོགས་ཀྱི་སྐོར་ལ། ༢༣ མི་རྟག་པ་བསྒོམ་ཚུལ་གྱི་བསླབ་བྱ་ཚིགས་སུ་བཅད་པ་ལ། ༣ གྲུབ་དབང་མཁས་གྲུབ་བསྟན་འཛིན་པའི་ཞལ་གདམས་ཀྱི་འགྲེལ་པ་ཉམས་ལེན་སྙིང་པོའི་དོན་གསལ་དང་། རྗེ་བཙུན་མི་ལའི་ཞལ་གདམས་ཀྱི་འགྲེལ་པ་གྲུབ་པའི་དགོངས་རྒྱན་བཅས་ལ། ༡༠ ཡིད་ལ་བརྣག་པའི་གཏམ་དུ་བྱ་བ་མཚན་མོའི་འཁྲུལ་འཁོར་སེལ་བའི་ཆོ་ག་དང་། འདུལ་བའི་བསླབ་བྱ། ཐུགས་གཉེར་གནང་ཚུལ་གྱི་བསླབ་བྱ་བཅས་ལ། ༩ ཚེ་གཅིག་གི་ཉམས་ལེན་བྱ་ཚུལ་རྣམས་ཁྲིག་ཆགས་སུ་བསྡེབས་པ་ཆོས་སྤྱོད་གསལ་བའི་སྒྲོན་མེ་ལ། ༡༨ ཕ་མའི་དྲིན་


GTD004_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བཟོ་ཚུལ་དང་གཤིན་པོར་མ་ཎི་བསྐུལ་བའི་མགུར་དབྱངས་བཅས་ལ། ༣ རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལ། ༢༥༩ རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་གསང་བའི་རྣམ་ཐར་ལ། ༥ དཔལ་ལྡན་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་སྡེ་ཁྲི་རིན་པོ་ཆེ་བློ་བཟང་དོན་གྲུབ་པའི་རྣམ་ཐར་གསུང་ཆེན་ཆོས་ཀྱིས་བསྔགས་པའི་རོལ་མོ་ལ། ༢༣ མཁས་བཙུན་བཟང་པོའི་བདག་ཉིད་སྒོ་མང་མཁན་རིན་པོ་ཆེ་བློ་བཟང་ཆོས་དར་པའི་རྟོགས་བརྗོད་གཟུར་གནས་མཁས་པའི་དགའ་སྟོན་ལ། ༤༦ རྗེ་བླ་མ་མངོན་པར་འཚང་རྒྱ་བའི་ཚུལ་དང་འབྲེལ་བར་བསྟོད་པ་རྣམ་དག་གངས་རི་མའི་འགྲེལ་པ་རྨད་བྱུང་བཀོད་པའི་འཇུག་ངོགས་ལ། ༢༡ དཀར་ཆག་ལ་ ༢ བཅས་ཁྱོན་བསྡོམས་ཤོག་གྲངས། ༤༥༤ བཞུགས། སརྦ་མངྒ་ལཾ།། །།


no previousདཀར་ཆགnext