Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
  
  
  
  
  
  
  
 
  
  
 
  
  
  
  
  
  
  
  
  
  
དགེ་སྦྱོར་གྱི་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་མདོར་བསྡུས།
 expand section
  
  
  
  
  
  


6 occurrences of འ་འུར་
[Clear Hits]

 
previousདགེ་སྦྱོར་གྱི་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་མདོར་བསྡུས།next

དགེ་སྦྱོར་གྱི་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་མདོར་བསྡུས།


GTD008_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོར་གྱི་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་མདོར་བསྡུས་བཞུགས་སོ། །དངོས་བརྒྱུད་བླ་མ་ཡི་དམ་བསྐལ་བཟང་གི །རྣམ་འདྲེན་རྒྱལ་བ་སྟོང་


GTD008_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདེ་གཤེགས་བརྒྱད། །སངས་རྒྱས་སོ་ལྔ་ཉེ་སྲས་བརྒྱད་ལ་སོགས། །རྒྱལ་བ་སྲས་བཅས་ཐུགས་བསྐྱེད་བདེན་པའི་མཐུས། །བདག་གིས་དུས་གསུམ་དགེ་བ་ཅི་བགྱིས་པ། །མི་མཐུན་རྐྱེན་གྱིས་ནམ་ཡང་མི་གཞོམ་ཞིང༌། །དུས་གསུམ་རྒྱལ་བ་ཀུན་གྱིས་བསྔགས་པ་ཡི། །འབྲས་བཟང་མཐའ་དག་འགྲུབ་པའི་རྒྱུར་གྱུར་ཅིག །གཡེང་ཞིང་བསམ་སྦྱོར་དམན་པས་བགྱིས་རྣམས་ཀྱང༌། །ཕུལ་བྱུང་དགེ་བའི་དངོས་པོར་བསྒྱུར་བྱས་ཏེ། །དེ་ཡི་མཐུ་ལས་སྔོན་བསགས་སྡིག་ལྟུང་ཀུན། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །འདི་སྣང་འགག་ཚེ་ཉེ་བའི་སྲས་རྣམས་ཀྱིས། །དབུགས་དབྱུང་བདེ་བ་ཅན་དུ་འཁྲིད་པ་དང༌། །དེར་ནི་འོད་དཔག་མེད་མགོན་ཞལ་མཐོང་སྟེ། །གསུང་གི་བདུད་རྩིའི་དགའ་སྟོན་མྱོང་བར་ཤོག །སྐྱེ་ཞིང་སྐྱེ་བར་བཤེས་གཉེན་དམ་པ་ཡིས། །འབྲལ་མེད་རྗེས་གཟུང་བཀའ་བཞིན་སྒྲུབ་པ་དང༌། །ཕྱི་ནང་ཉེར་འཚེའི་རྐྱེན་གྱིས་མི་གཡོ་བར། །ས་ལམ་བགྲོད་པ་མྱུར་དུ་མཐར་ཕྱིན་ཤོག །ཅེས་པ་འདི་ནི་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་འཇིགས་མེད་ཡར་འཕེལ་གྱིས་བསྐུལ་ངོར། བཙུན་པ་ྋདཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། །།དགེ་ལེགས་འཕེལ། །


previousདགེ་སྦྱོར་གྱི་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་མདོར་བསྡུས།next