Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།

23 occurrences of དཀོན་མཆོག་དཔལ་སྒྲོན་
[Clear Hits]


 
དཀར་ཆག
  
  
  
  
  
  
  
  
 
  
 
  
  
  
  
  
 
 
  
  
  
  
  
  
 expand section
  
  
  
  
  
15   


23 occurrences of དཀོན་མཆོག་དཔལ་སྒྲོན་
[Clear Hits]

 
no previousདཀར་ཆགnext

དཀར་ཆག


GTD008_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་གུང་ཐང་འཇམ་པའི་དབྱངས་ དཀོནམཆོག་བསྟན་པའི་སྒྲོན་མེ་དཔལ next hit་བཟང་པོའི་གསུང་འབུམ་ཉ་བའི་དཀར་ཆག་བཞུགས་སོ།།


GTD008_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ཀུན་འདུས་མི་བསྐྱོད་རྒྱལ་བའི་དབང་། །གསང་ཆེན་བསྟན་པའི་སྒྲོན་མེ་སྤར་བའི་ཕྱིར། །གྲུབ་པའི་དབང་ཕྱུག་གར་གྱི་རྣམ་རོལ་བ། །བཞད་པའི་རྡོ་རྗེར་གུས་པས་ཕྱག་བགྱིའོ། །རྒྱལ་བསྟན་རིན་ཆེན་འབྱུང་གནས་རྒྱ་མཚོ་ཆེ། །ཁོར་ཡུག་ཡོངས་བསྐོར་བསྟན་སྲུང་རྟ་གདོང་རིའི། །འཕྲིན་ལས་མེ་ཆར་འབེབས་པའི་གསོལ་མཆོད་སོགས། །སྣ་ཚོགས་གསུང་གསང་སྙན་ཚིག་ཨེ་མ་མཚར། །རྗེ་བཙུན་བླ་མ་དམ་པ་འཇམ་དཔལ་དབྱངས་previous hit དཀོནམཆོག་བསྟན་པའི་སྒྲོན་མེ་དཔལ next hit་བཟང་པོའི་གསུང་འབུམ། ༼ཉ༽པ་ལ། ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་དམར་ཁྲིད་ལ་ཤོག་གྲངས། ༥ ཡུལ་མཆོག་དམན་དུ་མ་ལ་ཕུལ་བའི་སྤྲིང་ཡིག་གི་སྐོར་སྒྲ་དོན་རྒྱན་གྱི་རོལ་མཚོ་ལ། ༢༤ ཁྲི་བཤད་སོགས་བཤད་པ་སྣ་ཚོགས་ལ། ༡༢ མགོན་པོའི་གཏོར་ཆོག་བསྡུས་པ། གཏོར་འབུལ་རྒྱུན་ཁྱེར། གཟི་བྱིན་བསྐྱེད་པ། ཆོས་རྒྱལ། ལྷ་མོ། རྣམ་སྲས་སོ་སོར་གཏོར་མ་འབུལ་ཚུལ་བཅས་ལ། ༡༧ དཔལ་མགོན་ཞལ་བཞི་པའི་གཏོར་འབུལ་དངོས་གྲུབ་ཀུན་འབྱུང་དང་བསྟོད་པ་རྔམས་པའི་སྒྲ་སྒྲོགས་བཅས་ལ། ༣ ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་བསྙེན་ཡིག་སྒྲུབ་པའི་རིམ་པ་ཁ་སྐོང་། གསང་སྒྲུབ་ཀྱི་བསྐང་བ་བཅས་ལ། ༨ དཔལ་ལྡན་དམག་ཟོར་རྒྱ་མོའི་བསྙེན་སྒྲུབ་ལ་འཇུག་པའི་མན་ངག་ཁྲག་འཐུང་དགའ་སྟོན་ལ། ༨ རྒྱལ་བའི་བསྟན་སྲུང་ཆེན་པོ་དྲེགས་པ་ལྕམ་སྲིང་བསྙེན་ཅིང་


GTD008_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་རིམ་པ་ལས་བཞིའི་འཕྲིན་ལས་ལྷུན་གྲུབ་ལ། ༡༨ གཏོར་འབུལ་བསངས་མཆོད་ཀྱི་སྐོར་བསྟན་སྲུང་དགྱེས་པའི་མཆོད་སྤྲིན་ལ། ༣༡ རྨ་རྒྱལ་སྤོམ་རའི་གཡང་འབོད་ཕུན་ཚོགས་འདོད་དགུའི་རོལ་མཚོ་དང་། རྒྱལ་གསོལ་མཇུག་ཏུ་སྦྱར་རྒྱུའི་གཡང་འབོད་བཅས་ལ། ༦ ལྷ་གཉན་ཆེན་པོ་སྔོ་ལ་གཡུ་རྩེའི་གསོལ་མཆོད་རྒྱས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་དང་། ལྷ་ཆེན་གཉན་རྗེ་གུང་སྔོན་གྱི་བསང་མཆོད་བཅས་ལ། ༡༣


GTD008_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་མ་ཕམ་མགོན་པོ་ལ་མདོ་ཆོག་གི་ལུགས་བཞིན་མཆོད་ཚུལ། དགའ་ལྡན་ལྷ་བརྒྱ་དང་སྦྱོར་ཆོས་སྦྲགས་ཚུལ། དགའ་ལྷ་དང་འབྲེལ་བར་རིགས་གསུམ་མགོན་པོའི་བཟླས་པ་བྱ་ཚུལ། སེམས་བསྐྱེད་མཆོད་པའི་ཕྱག་ལེན། དམིགས་བརྩེ་མའི་བསྙེན་ཡིག །རྣམ་བུམ་བྱ་ཚུལ། རྟ་མགྲིན་གྱི་བཀའ་བསྒོ། ལུས་སྦྱིན་ཚོགས་བཅས། དེའི་བཀའ་བསྒོ། སྨོན་ཚིག །རྣམ་རྒྱལ་གླིང་གི་འདོན་བསྒྲིགས། པཎ་ཆེན་བསྟན་ཉིའི་ལྟ་མགུར་མཆན། དྲིས་ལན་སྐོར། འཕོ་བ་སོགས་བཀའ་རྩོམ་སྣ་ཚོགས་ཕྱོགས་བསྒྲིགས། ༣༦ དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་སོགས་སྨོན་ཚིག་གི་སྐོར་དྲང་སྲོང་ཆེན་པོའི་བདེན་ཚིག་ལ། ༢༥ བླ་མའི་ཐུགས་རྗེ་བསྐུལ་ཏེ་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་གཉིས། ཡིད་བཞིན་འཁོར་ལོའི་འདོད་གསོལ། དགེ་སྦྱོར་མཇུག་ཏུ་འདོན་རྒྱུའི་སྨོན་ཚིག་བཅས་ལ། ༥ མྱུར་བྱོན་གསོལ་འདེབས་ཉམ་ཐག་སྐྱེ་བོའི་གདུང་དབྱངས་


GTD008_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ༨ རྡོ་རྗེ་འཆང་བསྟན་པའི་སྒྲོན་མེས་བློ་དམན་ཀུན་གྱིས་གོ་བདེ་བའི་ཕལ་སྐད་ཟབ་ཆོས་ལ། ༦ གསུང་ཐོར་བུ་ལས་རྟེན་གསུམ་དཀར་ཆག་དང་སྐོར་ཚན་གྱི་རིམ་པ་ཕྱོགས་བཀོད་ལ། ༡༥ བཤད་པ་སྣ་ཚོགས་ཕྱོགས་བསྡུས་ལ། ༡༤ བསྔོ་བ་རྒྱས་པ་དགེ་ཚོགས་རྒྱ་མཚོའི་འཇུག་ངོགས་ལ། ༥ འཇམ་དབྱངས་བླ་མ་རྗེ་བཙུན་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྣམ་པར་ཐར་པ་བརྗོད་པའི་གཏམ་དད་པའི་པདྨོ་བཞད་པའི་ཉིད་བྱེད་ཅེས་བྱ་བ་རྗེ་དཔལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པ་ལ། ༡༩༤ དཀར་ཆག་ལ། ༣ བཅས་ཁྱོན་བསྡོམས་ཤོག་གྲངས། ༣༡༡ བཞུགས་ཤིང་པོད་བརྒྱད་ལ་ཁྱོན་བསྡོམས་ཤོག་གྲངས། ༣༦༧༨ བཞུགས། འདིར་མ་ཚུད་པ་ཐུའུ་བཀྭན་དྷརྨ་བཛྲའི་རྣམ་ཐར་དེའི་གསུང་འབུམ་ཏ་ཐ་གཉིས་སུ་བཞུགས་པ་རྒྱས་པར་བྱེད་ན་ཁ་བསྐང་དགོས་སོ།། ༈ འཇམ་མགོན་གཉིས་པའི་མཁྱེན་རབ་མེ་ཤེལ་གྱིས། །མདོ་རྒྱུད་གསུང་རབ་བཀའ་གནད་པད་མའི་ཚལ། །འདབ་རྒྱ་གྲོལ་བས་སྔོན་མེད་ལེགས་བཤད་ཀྱི། །སྦྲང་རྩི་སྐལ་ལྡན་རྐང་དྲུག་ཀུན་གྱི་གསོས། །དེ་ལྟའི་སྔོན་མེད་ཆོས་སྦྱིན་པར་གྱི་འཕྲུལ། །ལུགས་གཉིས་ཉིན་མོ་སྤྱོད་པའི་རྒྱལ་པོའི་ཁབ། །གནམ་བསྐོས་དགའ་བ་བརྒྱ་ལྡན་ཕོ་བྲང་པས། གངས་ཅན་ཕན་བདེའི་གཏེར་མཛོད་གླིང་དུ་བསྐྲུན། །འདིར་འབད་དབུ་འཛིན་ཞུས་དག་འདྲི་བརྐོས་སོགས། །སྒོ་གསུམ་ངལ་བའི་རབ་དཀར་དགེ་ཚོགས་མཐུས། །༧གངས་ཅན་མགོན་པོ་མཆོད་ཡོན་ཉི་ཟླ་ཟུང་། །གཟི་འབར་བསྟན་འགྲོའི་དགུང་མཁར་རྟག་འཆར་ཤོག །རྒྱལ་བསྟན་རིས་མེད་གྲུབ་མཐའི་གསེར་རིའི་ཕྲེང་། །གཟི་འབར་ཐོས་བསམ་རོལ་མཚོ་རྒྱས་པ་དང་། །ཀུན་


GTD008_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཁྱད་འཕགས་དགེ་ལྡན་རི་དབང་མཆོག །བཤད་སྒྲུབ་ཉི་ཟླའི་སྣང་བ་་རྟག་འབར་ཤོག །སྙིགས་ལྔའི་བརླབ་སྤྱོད་སྤྲིན་ནག་རྡོ་ཆར་སོགས། །བདེན་ཚིག་སྔགས་རླུང་ནུས་མཐུས་མཐར་བསྐྲད་དེ། །སྐྱེ་དགུའི་དགེ་འབྲས་ལོ་ཏོག་ལ་སྤྱོད་ནས། །བྱབ་ཆེན་བགྲོད་པའི་ལུས་སྟོབས་རབ་རྒྱས་ཤོག །ཅེས་མཁས་གྲུབ་ཆེན་པོ་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་འདི་ཉིད་ལེགས་བཤད་ཉེར་མཁོ་རྨད་དུ་བྱུང་བ་བཞུགས་ཀྱང་དབུས་ཕྱོགས་འདིར་དཔེ་རྒྱུན་དཀོན་པར་བརྟེན་༧སྐྱབས་མགོན་སྲིད་སྐྱོང་ཡོངས་འཛིན་སྟག་བྲག་པཎྜི་ཏ་ཆེན་པོ་མཆོག་ནས་བསྟན་ལ་གཅིག་ཏུ་སྨན་པའི་ཐུགས་བསྐྱེད་བླ་མེད་ཀྱི་བཀའ་ལུང་ལྟར་གཞུང་ས་མཆོག་ནས་ཆོས་སྦྱིན་མཛད་མེད་སྤེལ་ཕྱིར་པར་དུ་བསྐྲུན་སྐབས་དཀར་ཆག་སྨོན་ཚིག་བཅས་ཞུས་དག་ཞབས་ཞུས་པ་སེར་ལྷོ་ཆབ་མདོའི་གྲ་རིགས་དགེ་མིང་ཐུབ་བསྟན་གསུང་རབ་ནས་རྩེ་གཅིག་ཏུ་སྨོན་ཏེ་བྲིས་པའོ།། །།པར་འདི་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་ཞོལ་པར་ཁང་ཆེན་མོ་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་དུ་བཞུགས།། །།


no previousདཀར་ཆགnext