Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
གསང་བདག་གོས་སྔོན་གསོལ་འདེབས་བྱིན་རླབས་གཏེར་བུམ།
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགསང་བདག་གོས་སྔོན་གསོལ་འདེབས་བྱིན་རླབས་གཏེར་བུམ།next

གསང་བདག་གོས་སྔོན་གསོལ་འདེབས་བྱིན་རླབས་གཏེར་བུམ།

གསང་བདག་གོས་སྔོན་གསོལ་འདེབས་བྱིན་རླབས་གཏེར་བུམ་བཞུགས༔ ཨོཾ་སྭ སྟི༔ ཁྱབ་བདག་སྟོན་པ་ཀུན་བཟང་ཆེ་བའི་མཆོག༔ རིགས་བརྒྱའི་སྤྱི་གཟུགས་བཅོམ་ལྡན་རྡོ་རྗེ་སེམས༔ རྒྱལ་ཐབས་དབང་འབྱོར་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ ཨ་ཏིས་རྒྱུད་གྲོལ་རིག་འཛིན་འཇམ་དཔལ་བཤེས༔ ཟབ་དོན་མངོན་གཟིགས་རིག་འཛིན་ཤྲཱི་སེང༔ གྲུབ་བརྒྱའི་གཙུག་རྒྱན་པདྨ་ཐོད་ཕྲེང་རྩལ༔ གསོལ་བ་འདེབས་སོ་རྟོགས་པ་མངོན་གྱུར་སྩོལ༔ གཏེར་གྱི་གཉེར་འཛིན་ཛྙཱ་ན་ས་ག་ར༔ དབང་གི་སྣོད་ལྡན་ཨ་ཙར་ཡེ་ཤེས་དབྱངས༔ བརྒྱུད་པ་ཀུན་རྫོགས་འགྲོ་འདུལ་ལུང་རིག་གླིང༔ གསོལ་བ་འདེབས་སོ་མཆོག་གི་ས་ལམ་སྩོལ༔ དག་སྣང་མཛོད་འཛིན་རིག་འཛིན་གཞན་ལ་ཕན༔ ཆོས་དབང་སྐྱེ་ཐོབ་པདྨ་གར་གྱི་དབང༔ དྲིན་ཆེན་རྩ་རྒྱུད་བླ་མའི་ཚོགས་རྣམས་ལ༔ གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་སྩོལ༔ དཀྱིལ་འཁོར་གཙོ་བོ་ཐུགས་མཆོག་གོས་སྔོན་ཅན༔ ཡེ་ཤེས་ལྔ་ལྡན་ཕྲིན་ལས་ཁྱུང་གི་སྡེ༔ བཀའ་ཉན་ལས་བྱེད་སྲུང་མ་རྒྱ་མཚོའི་ཚོགས༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ རྩེ་གཅིག་གསོལ་བཏབ་མི་མཐུན་གཡུལ་ལས་རྒྱལ༔ གཟའ་ཀླུ་ས་བདག་མ་རུངས་བདུད་ཚོགས་གཞོམ༔ རྟོགས་པའི་ཡེ་ཤེས་གཉུག་མའི་ཞལ་མཐོང་ནས༔ གསང་བདག་དཔའ་བོའི་གོ་འཕང་མངོན་གྱུར་ཤོག༔ ཅེས་པ་གསང་བདག་གོས་སྔོན་གྱི༔ གསོལ་འདེབས་གཏེར་གྱི་བུམ་པ་འདི༔ བལ་མོ་ཤཱཀྱ་དེ་ཝཱ་ཡིས༔ ཟློས་པའི་གར་སྒྱུར་ཆོས་ལ་དབང༔ བཞིན་ལ་སྨེ་བས་བརྒྱན་པའི་བུ༔ སྨེ་བའི་ཕྲེང་བ་སེ་རལ་ཁ༔ དམ་ལྡན་རྡོ་རྗེ་ཡོན་ཏན་ལ༔ བསམ་གཏན་ཡེ་ཤེས་གླིང་པས་བྲིས༔ བསྟན་འགྲོའི་གསོས་སུ་འགྱུར་བར་ཤོག༔ མངྒ་ལམ༔


previousགསང་བདག་གོས་སྔོན་གསོལ་འདེབས་བྱིན་རླབས་གཏེར་བུམ།next