Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
ཀླུ་རྒྱལ་མཆོད་པའི་ཆ་ལག་ལས་ཚོགས་སྤྲིན་གྱི་རོལ་མོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཀླུ་རྒྱལ་མཆོད་པའི་ཆ་ལག་ལས་ཚོགས་སྤྲིན་གྱི་རོལ་མོ།next

ཀླུ་རྒྱལ་མཆོད་པའི་ཆ་ལག་ལས་ཚོགས་སྤྲིན་གྱི་རོལ་མོ།

ཀླུ་རྒྱལ་མཆོད་པའི་ཆ་ལག་ཏུ༔ ལས་ཚོགས་སྤྲིན་གྱི་རོལ་མོ་སྟོན༔ ས་མ་ཡཱ༔ ལས་མཐའ་བསམ་གྱིས་མི་ཁྱབ་ཀྱང༔ མདོར་བསྡུས་ཕྱིར་དུ་སཔྟ་སྟོན༔ དང་པོ་ཆར་འབེབས་རིམ་པ་ནི༔ བདག་བསྐྱེད་མདུན་བསྐྱེད་ཅི་བཞིན་ལས༔ གནད་དུ་སྦྱོར་བའི་རིམ་པ་ནི༔ རྩ་སྔགས་གཤམ་དུ༔ ཨོཾ་ནཱ་ག་རཱ་ཛ་ཕུ་ཕེཾ་ཕུ་དྲིག་མ་ཧཱ་ན་ཡ་སྤྲིན་བསྡུས་ཆར་ཕོབ་ནཱ་ག་ཕུ་སྭཱཧཱ༔ སྤྲིན་སྡུད་སྔགས་ནི༔ ཨོཾ་མ་ཧཱ་པཱ་ལ༔ སུརྱ་ནན༔ སྤྲིན་བསྡུས་བསྡུས༔ ཨོཾ་ཕུ་པྲ་ནཱ་ག་རཱ་ཛ་ཆུ་སྤྲིན་ནག་པོ་བསྡུས་བསྡུས༔ ནཱ་ག་ར་ཙ་སྤྲིན་འཐིབས་འཐིབས༔ རྨུག་རྨུག༔ ཤིན་ཏུ་སྒྲིབས་ཤིག་སྭཱཧཱ༔ རླུང་ནོན་གཞན་དང་མཐུན་པའམ༔ ཡང་ན༔ ཆར་གཅོད་བསྐལ་བའི་མེ་དཔུང་ཡོད༔ རི་ཀླུང་ཐམས་ཅད་མེ་དཔུང་དང༔ ནམ་མཁའ་ཁྱུང་གིས་གང་བར་བསམ༔ རྩ་སྔགས་གཤམ་དུ༔ ཧཱུྃ་ཁྲོཾ་རཾ་ཡཾ༔ སྔགས་དང་དམིགས་པ་ཟབ་མོ་ཡིས༔ སྲིད་པའི་ཆར་ཡང་གཅོད་པ་ན༔ ལམ་ཆར་ཙམ་ལ་སྨོས་ཅི་དགོས༔ ས་མ་ཡཱ༔ དགྲ་ལ་ཐོག་སེར་འབེབས་པའི་ཐབས༔ སྦལ་བའི་ཁྲག་དང༔ མུ་ཟི་ནག་པོ༔ སྤྱང་བྲུན༔ ར་དུག༔ གུ་གུལ་རྣམས་སྦྱར་ནས་དུ་བས་བདུག་ལ་སྔགས་འདི་ལན་བརྒྱར་བཟླས་པས་ཐོག་སེར་དྲག་ཏུ་འབེབས་པར་འགྱུར་རོ༔ ཨོཾ་ཕུ་ནཱ་ག་ར་ཙ་ཨ་ཡ་མ་དུ་རུ་ཙ་ཤ་ནི་དྲི་འདུས་འདུས༔ སེར་བ་ཕོབ་ཕོབ༔ ཐོག་ཕོབ་ཕོབ༔ མ་ནོར་དགྲ་ལ་ཕོབ་ཅིག༔ དགྲ་བོ་འདི་ཞེས་བྱ་བའི་ཐོག་ཏུ་ཕོབ་ཅིག༔ ཅེས་བཟླས་ལ༔ མཚོ་གཉན་རི་གཉན་གྱི་སར་བྱའོ༔ སེར་བ་བསྲུང་བའི་གོ་ཆ་ལ་ནི༔ གང་བསྲུང་བའི་ཡུལ་དེ་ཉིད་གནམ་ལྕགས་རྡོ་རྗེའི་གུར་ཁང་བསྒོམ༔ རང་ཉིད་གསང་བདག་གམ་བྱ་ཁྱུང་བསྒོམ་ལ༔ རྩ་སྔགས་ཁྱུང་སྔགས་གཉིས་ཀྱི་མཐའ་ལ༔ རྐང་གླིང་ལན་བདུན་འབུད༔ སྡེ་བརྒྱད་སྲོག་གཟིར་སྔགས་འདི་བཟླ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ར་ཛ༔ སརྦ་རཀྵ་རཀྵ་སྭཱཧཱ༔ སེར་བའི་རྒྱུ་ལམ་ཆོད་ཅིག༔ སེར་བའི་སྣ་འདྲེན་མི་མིན་ཐམས་ཅད་ཀྱི་གཡུལ་ངོ་ཟློག་ཅིག༔ སངས་རྒྱས་ཀྱི་བདེན་པས་སེར་བ་ཆོད་ཅིག༔ ཆོས་ཀྱི་བདེན་པས་སེར་བ་ཆོད་ཅིག༔ དགེ་འདུན་གྱི་བདེན་པས་སེར་བ་ཆོད་ཅིག༔ དཀོན་མཆོག་གསུམ་གྱིས་སེར་ཁང་ཤིག་ཅིག༔ གཞིག་ཅིག༔ གཞིལ་ཅིག༔ ཅེས་བཟླས་ལ་རྣོ་སོ་ནི༔ རྡོ་དཀར་ནག་དང༔ ཡུངས་དཀར་ནག་གཏོར་ལ༔ སེར་བའི་སྣ་འདྲེན་པའི་སྡེ་བརྒྱད་གང་ཡིན་པ་ཐམས་ཅད་ཀྱི་སྲོག་རྩ་ཆོད་ཅིག༔ སྙིང་རྩ་ཕྱུངས་ཤིག༔ སྙིང་འུར་འུར༔ མྱག་མྱག༔ སོད་སོད༔ དྲི་མཱ་ར་ཡ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་གི་སྒྲ་དང་བཅས་པས་བཟློག་པར་འགྱུར༔ ས་མ་ཡཱ༔


previousཀླུ་རྒྱལ་མཆོད་པའི་ཆ་ལག་ལས་ཚོགས་སྤྲིན་གྱི་རོལ་མོ།next