Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
ཀླུ་ཡི་གཡང་འགུགས་གཡང་རྫས་གཏད་པ་དགོས་འདོད་མྱུར་སྩོལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཀླུ་ཡི་གཡང་འགུགས་གཡང་རྫས་གཏད་པ་དགོས་འདོད་མྱུར་སྩོལ།next

ཀླུ་ཡི་གཡང་འགུགས་གཡང་རྫས་གཏད་པ་དགོས་འདོད་མྱུར་སྩོལ།

ཀླུ་ཡི་གཡང་འགུགས་གཡང་རྫས་གཏད་པ་དགོས་འདོད་མྱུར་སྩོལ་བཞུགས༔ སྒྲུབ་པ་པོས་མདའ་དར་བཟུང་ལ༔ ཨེ་མ་ཧོ༔ བསླུ་མེད་སྐྱབས་གནས་དཀོན་མཆོག་རིན་ཆེན་གསུམ༔ སྐུ་གསུམ་རིགས་འདུས་རྒྱབ་བརྟེན་རྩ་བ་གསུམ༔ རྣམ་འདྲེན་ཟས་གཙང་སྲས་སོགས་སངས་རྒྱས་སྟོང༔ ཐུགས་བསྐྱེད་སྨོན་ལམ་ཕྱྭ་གཡང་འདིར་ཁུག་ཅིག༔ ཁྱད་པར་འཇིག་རྟེན་སྐྱོང་བའི་དམ་ཚིག་ཅན༔ རྒྱལ་རིགས་དཀར་པོས་འབྱུང་བ་ནམ་མཁའི་གཡང༔ སྐད་ཅིག་ཉིད་ལ་གནས་འདིར་བཅུད་བསྡུས་ལ༔ སྦྱིན་བདག་མི་ནོར་སྦྲ་ཁྱིམ་ཞིང་ཁང་འདིར༔ མི་ཡི་ཚེ་བསྲིང་ཕྱུགས་ལ་གཡང་བརྟེན་ཅིག༔ ཡུལ་ལ་བཀྲ་ཤིས་ཁྱིམ་ལ་བྱིན་ཆགས་ཤོག༔ རྗེ་རིགས་སེར་པོས་སྲ་བ་ས་ཡི་གཡང༔ སྐད་ཅིག་ཉིད་ལ་གནས་འདིར་བཅུད་བསྡུས་ལ༔ སྦྱིན་བདག་མི་ནོར་སྦྲ་ཁྱིམ་ཞིང་ཁང་འདིར༔ མི་ཡི་ཚེ་བསྲིང་ཕྱུགས་ལ་གཡང་བརྟེན་ཅིག༔ ཡུལ་ལ་བཀྲ་ཤིས་ཁྱིམ་ལ་བྱིན་ཆགས་ཤོག༔ བྲམ་ཟེ་དམར་པོས་གསལ་བྱེད་མེ་ཡི་གཡང༔ སྐད་ཅིག་ཉིད་ལ་གནས་འདིར་བཅུད་བསྡུས་ལ༔ སྦྱིན་བདག་མི་ནོར་སྦྲ་ཁང་ལྷས་མལ་འདིར༔ མི་ཡི་ཚེ་བསྲིང་ཕྱུགས་ལ་གཡང་བརྟེན་ཅིག༔ ཡུལ་ལ་བཀྲ་ཤིས་ཁྱིམ་ལ་བྱིན་ཆགས་ཤོག༔ དམངས་རིགས་ལྗང་གུས་གཡོ་བྱེད་རླུང་གི་གཡང༔ སྐད་ཅིག་ཉིད་ལ་གནས་འདིར་བཅུད་བསྡུས་ལ༔ སྦྱིན་བདག་མི་ནོར་སྦྲ་ཁང་ལྷས་མལ་འདིར༔ མི་ཡི་ཚེ་བསྲིང་ཕྱུགས་ལ་གཡང་བརྟེན་ཅིག༔ ཡུལ་ལ་བཀྲ་ཤིས་ཁྱིམ་ལ་བྱིན་ཆགས་ཤོག༔ གདོལ་བ་ནག་པོས་འཁྲུགས་བྱེད་ཆུ་ཡི་གཡང༔ སྐད་ཅིག་ཉིད་ལ་གནས་འདིར་བཅུད་བསྡུས་ལ༔ སྦྱིན་བདག་མི་ནོར་སྦྲ་ཁང་ལྷས་མལ་འདིར༔ མི་ཡི་ཚེ་བསྲིང་ཕྱུགས་ལ་གཡང་བརྟེན་ཅིག༔ ཡུལ་ལ་བཀྲ་ཤིས་ཁྱིམ་ལ་བྱིན་ཆགས་ཤོག༔ ནཱ་ག་ཀླུ་ཡི་སྡེ་ཚོགས་འཁོར་བཅས་ཀྱིས༔ རང་རང་ལས་ལ་གྲུབ་པའི་གཡང་ཁུག་ལ༔ སྦྱིན་བདག་མི་ནོར་སྦྲ་ཁང་ལྷས་མལ་འདིར༔ མི་ཡི་ཚེ་བསྲིང་ཕྱུགས་ལ་གཡང་བརྟེན་ཅིག༔ ཡུལ་ལ་བཀྲ་ཤིས་ཁྱིམ་ལ་བྱིན་ཆགས་ཤོག༔ ཕྱི་ལྟར་བརྟན་པ་སྣོད་ཀྱི་འཇིག་རྟེན་ལ༔ གནས་པའི་ནོར་བུའི་རིགས་སུ་གྱུར་པ་ཡི༔ ཕྱྭ་དང་གཡང་གི་དངོས་གྲུབ་ཆར་བཞིན་ཕོབ༔ ནང་ལྟར་གཡོ་བ་བཅུད་ཀྱི་སེམས་ཅན་གྱི༔ ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་ཀྱི༔ ཕྱྭ་དང་གཡང་གི་དངོས་གྲུབ་ཆར་བཞིན་ཕོབ༔ གསང་བ་སྒྱུ་འཕྲུལ་ཆོས་སྐུའི་ཀློང་ལས་ཤར༔ རེ་དང་དོགས་པའི་རྣམ་རྟོག་མེད་མོད་ཀྱང༔ མ་དག་གདུལ་བྱའི་བསམ་པ་རྫོགས་བྱའི་ཕྱིར༔ ཀུན་འདུས་རི་ཀླུང་ཕྱྭ་གཡང་འདིར་ཁུག་ཅིག༔ གཡང་འདིས་བྱད་མ་རྦོད་གཏོང་ཕྱིར་ལ་བཟློག༔ གཡང་འདིས་དཔལ་ལྡན་བླ་མའི་ཞབས་པད་བརྟན༔ གཡང་འདིས་བདག་ཅག་དཔོན་སློབ་མཐུན་ཞིང་འགྲོགས༔ གཡང་འདིས་མཆོག་ཐུན་དངོས་གྲུབ་ཆར་བཞིན་ཕོབ༔ གཡང་འདིས་ཚེ་གཅིག་རྫོགས་སངས་རྒྱས་པར་མཛོད༔ རྒྱས་གདབ་ནི༔ ཧཱུྃ༔ བཀྲ་ཤིས་ཁྱིམ་གྱི་ལྷ་མོས་མཁའ་ཕྱེ་ཞིག༔ འདོད་འབྱུང་ཡིད་བཞིན་ནོར་བུའི་གཏེར་ཆེན་འདི༔ རྫོགས་ལྡན་དཔལ་ལ་སྤྱོད་པའི་རྟེན་དུ་སྦ༔ འགྱུར་མེད་སྐུ་གསུང་ཐུགས་ཀྱི་རྒྱས་གདབ་བོ༔ ཤར་དུ་སྟག་སྐྱ་ལྷོ་རུ་འབྲུག་སྔོན་པོ༔ ནུབ་ཏུ་བྱ་དམར་བྱང་དུ་རུས་སྦལ་སེར༔ གཡང་གི་ར་བ་སྒོ་བཞིས་སྲུང་མ་གྱིས༔ ཕྱི་ཡི་བར་ཆད་ནང་དུ་མ་གཏོང་ཞིག༔ ནང་གི་དངོས་གྲུབ་ཕྱི་རུ་མ་གཏོང་ཞིག༔ བདེ་གཤེགས་རིན་ཆེན་མང་གི་སྐུ་འགྲུབ་ཤོག༔ འདིར་ནི་གཟུགས་དང་སོགས་བཛྲ་ཡེ་སྭཱཧཱ༔ དགེའོ༔ མངྒ་ལཾ༔


previousཀླུ་ཡི་གཡང་འགུགས་གཡང་རྫས་གཏད་པ་དགོས་འདོད་མྱུར་སྩོལ།next