Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
ཁྱབ་འཇུག་འོད་འཕྲོ་ཆེན་པོའི་བརྒྱུད་པའི་གསོལ་འདེབས་མུ་ཏིག་དོ་ཤལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousཁྱབ་འཇུག་འོད་འཕྲོ་ཆེན་པོའི་བརྒྱུད་པའི་གསོལ་འདེབས་མུ་ཏིག་དོ་ཤལ།next

ཁྱབ་འཇུག་འོད་འཕྲོ་ཆེན་པོའི་བརྒྱུད་པའི་གསོལ་འདེབས་མུ་ཏིག་དོ་ཤལ།

བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཀའ་སྲུང་ཁྱབ་འཇུག་འོད་འཕྲོ་ཆེན་པོའི་བརྒྱུད་པའི་གསོལ་འདེབས་མུ་ཏིག་དོ་ཤལ་བཞུགས༔ ཨོཾ་སྭ་སྟི༔ སྐུ་གསུམ་ངོ་བོ་འཕགས་པ་དེ་བཞིན་གཤེགས༔ ཡེ་སངས་རྒྱས་པའི་སངས་རྒྱས་རིན་ཆེན་སྙིང༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ བསགས་སྦྱངས་མཐར་ཕྱིན་སྟོན་པ་ཟས་གཙང་སྲས༔ རྒྱལ་བའི་རྒྱལ་ཚབ་རྡོ་རྗེ་རིན་ཆེན་རྩལ༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ རྡོ་རྗེ་སེམས་དཔའ་དགའ་རབ་རྡོ་རྗེ་དང༔ ཀླུ་སྒྲུབ་སྙིང་པོ་ཤནྟིཾ་གརྦྷའི་ཞབས༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ ཨོ་རྒྱན་ཡབ་ཡུམ་འབངས་རིགས་ཉི་ཤུ་ལྔ༔ དཔལ་གྱི་དབང་ཕྱུག་ཨ་ཙར་ཡེ་ཤེས་དབྱངས༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ གཏེར་ཆེན་བླ་མ་རིག་འཛིན་ལུང་རིག་གླིང༔ ཟབ་མོ་དག་སྣང་མངའ་བདག་གཞན་ལ་ཕན༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ བརྒྱུད་གསུམ་རྩ་བ་གསུམ་གྱི་བྱེད་པོ་མཆོག༔ བཀའ་དྲིན་གསུམ་ལྡན་བླ་མའི་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ དཀྱིལ་འཁོར་གཙོ་བོ་གསང་བདག་རྡོ་རྗེ་འཛིན༔ བཀའ་ཡི་གཉེར་འཛིན་ཁྱབ་འཇུག་འོད་འཕྲོ་བ༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ བསྟན་པའི་གཞུག་གཉེར་རེ་ཞིང་ལྟོས་པའི་ལྷ༔ དྲང་སྲོང་གཟའ་བརྒྱད་སེམས་དཔའ་ཆེན་པོ་ལ༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ བཀའ་ཡི་ཕོ་ཉ་མངགས་པའི་བང་རྩལ་ཅན༔ སྟག་སྲིན་ལ་སོགས་གདོང་མོ་མཆེད་སྡེ་བཞི༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ དཀྱིལ་འཁོར་ཕྱི་རིམ་སྐྱོང་བའི་གཡར་དམ་ཅན༔ སྡེ་བརྒྱད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ ཨོ་རྒྱན་ཆེན་པོས་བཀའ་ཡི་གཉེར་བྱང་གཏད༔ གཏེར་སྲུང་ལྷ་བཙན་ཡིད་བཞིན་ནོར་བུ་ལ༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ གཏེར་གནས་ཏཱ་རེ་མི་འགྱུར་དགའ་ཚལ་ནས༔ ཟབ་ཆོས་བཀའ་འདུས་རྒྱ་མཚོའི་སྡེ་སྣོད་ལ༔ གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ༔ བསྟན་དགྲ་གནོད་བྱེད་སྒྲོལ་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ནད་གདོན་དགྲ་བགེགས་བྱད་མ་དབྱིངས་སུ་བཟློག༔ ཚེ་བསོད་སྟོབས་འབྱོར་མངའ་ཐང་སྙན་གྲགས་སྤེལ༔ ཁམས་གསུམ་སྲིད་པའི་ཟས་ནོར་དབང་སྡུད་མཛོད༔ དྲེགས་ཚོགས་བྲན་བཀོལ་མཐུ་ནུས་དངོས་གྲུབ་སྩོལ༔ ལས་བཞིའི་ཕྲིན་ལས་གང་བརྩམ་མྱུར་འགྲུབ་མཛོད༔ དྲང་སྲོང་ཆེན་པོའི་བརྒྱུད་འདེབས་འདི༔ ཡེ་ཤེས་མཁའ་འགྲོའི་བརྡ་ལས་བྱུང༔ དུས་སྙིགས་རྒུད་པ་སེལ་བའི་ཆེད༔ སྔོན་སྨོན་ཟབ་མོའི་འཕྲོ་མཐུད་པའི༔ སློབ་བུ་ཀར་སྟོད་བསོ་མཆོག་གིས༔ ལེགས་བསྐུལ་བཞེད་པ་སྐོང་བའི་ཕྱིར༔ གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང༔ གང་དེས་ཡི་གེའི་རིས་སུ་ཕབ༔ བསྟན་དགྲ་སྒྲོལ་བའི་མཚོན་ཆར་ཤོག༔ ས་མ་ཡཱ༔ གུ་ཧྱ༔ ཤུ་བྷཾ༔


previousཁྱབ་འཇུག་འོད་འཕྲོ་ཆེན་པོའི་བརྒྱུད་པའི་གསོལ་འདེབས་མུ་ཏིག་དོ་ཤལ།next