Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
སྐྱབས་སེམས་མཆོད་རྫས་བྱིན་རླབས་མནྟྲའི་མིང་གིས་མཛད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousསྐྱབས་སེམས་མཆོད་རྫས་བྱིན་རླབས་མནྟྲའི་མིང་གིས་མཛད་པ།next

སྐྱབས་སེམས་མཆོད་རྫས་བྱིན་རླབས་མནྟྲའི་མིང་གིས་མཛད་པ།

༄༅། ཧཱུྃ་ཧྲཱིཿ དེང་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་དྲེགས་པའི་སྡེ་ཚོགས་ལ། །སྐྱབས་སུ་མཆི་འོ་ཐུགས་རྗེས་ཟུང་།། ལན་གསུམ། ཧཱུྃ་ཧོ། དྲང་སྲོང་ཆེན་པོའི་དཀྱིལ་འཁོར་དུ། །དྲེགས་པའི་སྲོག་སྒྲུབ་ཟབ་མོ་ལ། །བརྟེན་ནས་བསྟན་འགྲོ་སྐྱོང་ལ་བརྩོན། །ཚད་མེད་བཞི་ཡིས་གཞན་དོན་བྱ།། ལན་གསུམ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀ་དག་མཁའ་ཀློང་ཡངས་པའི་ངོས། །དངོས་བཤམས་ཡིད་ལས་སྤྲུལ་པ་ཡི། །སྨན་རཀ་གཏོར་མ་བསྐང་སྒྲུབ་རྫས། །རྔ་ཌཱ་གཟུགས་སྒྲ་དྲི་རོ་རེག །འཛད་མེད་མཆོད་སྤྲིན་ཆེན་པོར་གྱུར།། ཨོཾ་བཛྲ་པུཥྤེ་སོགས་ནས་རུ་པ་ཤཔྟ་གྷནྡྷེ་ར་ས་སྤཪྴེ་སརྦ་པུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིང་ཏ་སོགས། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་སོགས་ལན་གསུམ་རེ་བརྗོད་པས་བྱིན་གྱིས་རླབས། གཏེར་མ་གཞིར་བཞག་ལ་ཁ་བསྐང་མནྟྲའི་མིང་པས་སོ།།


previousསྐྱབས་སེམས་མཆོད་རྫས་བྱིན་རླབས་མནྟྲའི་མིང་གིས་མཛད་པ།next