Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
རཱ་ཧུ་ལའི་འཁྲུགས་འགྲམ་བཤགས་པ་བདུད་རྩིའི་ཁྲུས་བུམ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousརཱ་ཧུ་ལའི་འཁྲུགས་འགྲམ་བཤགས་པ་བདུད་རྩིའི་ཁྲུས་བུམ།next

རཱ་ཧུ་ལའི་འཁྲུགས་འགྲམ་བཤགས་པ་བདུད་རྩིའི་ཁྲུས་བུམ།

ཡང་གསང་མཁའ་འགྲོའི་ཆ་ལག་ཏུ༔ རཱ་ཧུ་ལའི་འཁྲུགས་འགྲམ་བཤགས་པ་བདུད་རྩིའི་ཁྲུས་བུམ་བཞུགས༔ ཧཱུྃ་བྷྱོ༔ རིག་རྩལ་ཀློང་ལས་ཤར་བའི་ལྷ༔ ས་བརྒྱད་སེམས་དཔའི་སྤྲུལ་པ་པོ༔ དྲང་སྲོང་ཆེན་པོ་རཱ་ཧུ་ལ༔ ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས༔ འདིར་བྱོན་ཚོགས་གཏོར་མཆོད་པ་བཞེས༔ དམ་ཚིག་ཉམས་པའི་ཉེས་ལྟུང་གིས༔ སྲུང་མ་འཁྲུགས་འགྲམ་གང་བྱུང་བ༔ གནོང་འགྱོད་བློ་ཡིས་གཏང་རག་གཏོང༔ ཚོགས་གཏོར་རྫས་ཀྱིས་ཉེས་ལྟུང་བཤགས༔ སྡོམ་སེམས་བརྟན་པོས་སོར་རུ་ཆུད༔ དག་ཚང་མཆོག་གི་དངོས་གྲུབ་སྩོལ༔ སྲུང་མ་སེམས་ཀྱི་རྩལ་ཡིན་པས༔ འཁྲུགས་འགྲམ་གཞན་ན་དབེན་མོད་ཀྱང༔ སྣང་ཙམ་བཤགས་པའི་ཆོ་འཕྲུལ་གྱིས༔ རང་ཤར་ཀློང་དུ་དག་མཛོད་ཅིག༔ བཤག་བྱ་བཤགས་བྱེད་གཉིས་མེད་གྲོལ༔ ཨ་ལ་ལ་ཧོ་ས་མ་ཡཱ༔ ཡི་གེ་བརྒྱ་པ་སོགས་བཤགས་ཚིག་གཞན་ཡང་སྤྲོ་འོ༔


previousརཱ་ཧུ་ལའི་འཁྲུགས་འགྲམ་བཤགས་པ་བདུད་རྩིའི་ཁྲུས་བུམ།next