Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
དྲང་སྲོང་ལས་ལ་བསྐུལ་བ་ལོག་འདྲེན་སྒྲོལ་བའི་མཚོན་ཆ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲང་སྲོང་ལས་ལ་བསྐུལ་བ་ལོག་འདྲེན་སྒྲོལ་བའི་མཚོན་ཆ།next

དྲང་སྲོང་ལས་ལ་བསྐུལ་བ་ལོག་འདྲེན་སྒྲོལ་བའི་མཚོན་ཆ།

དེ་ནས་ལས་ལ་བསྐུལ་བའི་ཐབས༔ ལོག་འདྲེན་སྒྲོལ་བའི་མཚོན་ཆ་སྟོན༔ བཛྲ་ཝ་ར་ཧི་ལ་འདུད༔ དྲང་སྲོང་དགྲ་ལ་རྦད་པའི་དུས༔ དགུ་གཉན་སྲོད་ཀྱི་ས་རུབ་དུས༔ གཏོར་མ་ནག་པོ་སྲིན་ཞལ་ཅན༔ མིག་དགུ་བཏོད་ལ་མཚེ་ཡུངས་རྩང༔ མེ་རི་དཔལ་འབར་རུ་མཚོན་གྱི༔ རྒྱན་ཅན་མདུན་དལ་སྟེགས་ལ་བཀོད༔ དགྲ་བགེགས་བླ་སྲོག་འགུག་གཞུག་བྱ༔ དེ་ནས་རྔ་བརྡུང་དྲག་རོལ་དང༔ རྔམ་པའི་དབྱངས་བཅས་འདི་སྐད་དོ༔ ཛཿཛཿཛཿ ཆོས་སྐུ་ཀུན་བཟང་ལོངས་སྐུ་ནི༔ རྡོར་འཆང་རྡོར་སེམས་དགའ་རབ་རྗེ༔ ཤྲཱི་སེང་ཛྙཱ་ན་སུ་ཏྲ་དང༔ པདྨ་ཐོད་ཕྲེང་མཚོ་རྒྱལ་མ༔ དམ་པ་ལབ་སྒྲོན་ལ་སོགས་པའི༔ རྩ་རྒྱུད་བླ་མས་བཀའ་བསྒོས་བཞིན༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ མ་གཡེལ་ལས་ལ་ད་ཆས་ཤིག༔ བསྐུལ་ལོ་བསྐུལ་ལོ་དགྲ་ལ་བསྐུལ༔ མཛོད་ཅིག་མཛོད་ཅིག་ལས་མཛོད་ཅིག༔ བསྐུལ་ལོ་རྦད་དོ་གཟའ་བདུད་རྒྱལ༔ ཡབ་ཡུམ་སྲས་གསུམ་དགྲ་ལ་རྒྱུག༔ གདོང་མོ་མཆེད་བཞི་དགྲ་ལ་རྦད༔ ལྷ་སྲིན་སྡེ་བརྒྱད་དམག་ལ་ཆས༔ སྤྱི་དང་བྱེ་བྲག་བསྟན་པ་ལ༔ གནོད་པར་ཤོམ་པའི་ཞིང་བཅུ་དང༔ ཉམས་པ་བདུན་ལྡན་དམག་ཇག་དགྲ༔ སྒོས་སུ་བདག་ལ་མི་འཚམས་པའི༔ དམིགས་པའི་ཡུལ་གྱུར་གང་ཡིན་པའི༔ བླ་ཚེ་སྲོག་དབུགས་སྐྱེ་མཆེད་དང༔ ཆེ་རྒྱུད་ཆུང་རྒྱུད་མི་ནོར་དཀོར༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོང༔ དོ་ནུབ་ཉིད་ལས་མི་འགྱང་བར༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ ལོ་ཟླར་བཞག་པའི་ལོང་མེད་ཀྱི༔ ད་ལྟ་ཉིད་དུ་ཧུར་ཐུམ་སོད༔ སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་འཐུང༔ ཀླད་པ་དཀར་པོ་ཞོ་ལྟར་དཀྲུགས༔ དབང་པོའི་དྭངས་འབྲས་ཐང་ལ་ཕྱུང༔ གཟའ་ཀླུ་སྲིན་པོས་མགོ་སྐོར་ཐོང༔ ཁ་རླངས་ནད་ཡམས་ཁ་ཕྲུ་ཐོབ༔ མདའ་གཞུ་དགྲ་བོའི་སྙིང་ལ་བརྡེགས༔ མགོ་དགུས་དགྲ་ལ་ལྟས་ངན་སྟོན༔ ཕོ་རོག་སྟོང་སྒྲས་ཆོ་ངེ་ཐོབ༔ སྤྱན་སྟོང་བསྟན་པའི་བྱ་ར་མཛོད༔ རང་འོད་མེ་འབར་ཚ་ཚྭ་ཡིས༔ དགྲ་བོའི་ཡུལ་ཁམས་གཞོབ་དུ་བསྲེག༔ དྲང་སྲོང་ཁྱབ་འཇུག་རཱ་ཧུ་ལ༔ གདོང་བཞི་ལྷ་སྲིན་སྡེ་བརྒྱད་ཚོགས༔ ཤ་ཁྲག་དམར་གཏོར་སྐྱེམས་ཕུད་བཞེས༔ བསྟན་བཤིག་དགྲ་བོ་ཟས་སུ་གཏད༔ ཟོས་ལྷག་མེད་པའི་ས་ལ་གཏུག༔ བཀའ་དམ་གཉན་པོའི་ཁྲིམས་དེ་ཡིན༔ མ་འདའ་བཛྲ་ས་མ་ཡཱ༔ ཧཱུྃ་ཛཿ ཡང་ཅིག་གསོན་དང་སྲུང་མའི་ཚོགས༔ ཆོས་ལ་བདེན་མེད་ཟེར་ཙ་ན༔ ཁྱེད་ལ་དམ་ཚིག་ཁྲེལ་མེད་དམ༔ བདག་ལ་དམ་མེད་ཟེར་ཙ་ན༔ ཁྱེད་ལ་བརྩེ་གདུང་སེམས་མེད་དམ༔ ཆོས་སྐྱོང་མཐུ་མེད་ཟེར་ཙ་ན༔ ཁྱོད་ལ་ལས་ཀྱི་མཐུ་མེད་དམ༔ མ་གཡེལ་མ་འགྱང་རཱ་ཧུ་ལ༔ བཀའ་སྡོད་གདོང་མོ་མཆེད་སྡེ་བཞི༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༔ ཡང་འཁོར་ལྷ་སྲིན་དམག་གི་ཚོགས༔ རིག་འཛིན་བརྒྱུད་པའི་བཀའ་མཆིད་བཞིན༔ མ་ནོར་མ་ཤོར་དགྲ་དང་བགེགས༔ གཏད་དོ་གཉེར་རོ་བདག་གིས་གཏད༔ སོད་ཅིག་ཐུལ་ཅིག་མཱ་ར་ཡ༔ དུས་ལ་བབ་པོ་མཐུ་རྩལ་ཅན༔ གཏོར་མ་འདི་དང་དགྲ་བོ་གཉིས༔ མཉམ་པར་བཞེས་ལ་ཕྲིན་ལས་མཛོད༔ བདག་གི་བཀའ་ལས་འདས་གྱུར་ན༔ ཁྱོད་ཀྱང་དམ་ཚིག་ཉམས་ཏ་རེ༔ མནར་མེད་གནས་སུ་འཚོད་ཏ་རེ༔ ཁྲོ་མཆོག་རྒྱལ་པོས་བརླག་ཏ་རེ༔ བསྟན་པ་ཉམས་དམན་འགྱུར་ཏ་རེ༔ དེ་བས་དམ་ལས་མ་འདའ་བར༔ བསྟན་སྲུང་དྲེགས་པའི་དྲང་སྲོང་ཁྱོད༔ མཱ་ར་ཡ་ཡི་ལས་མཛོད་ཅིག༔ དེ་ཡིས་ཕྲིན་ལས་ཐོགས་མེད་འགྲུབ༔ གང་ལ་དམིགས་པ་བྲག་རུལ་ལ༔ གནམ་ལྕགས་ཐོག་གིས་བཤིག་ལྟར་གཏོང༔ དགྲ་སོད་བདག་རྒྱལ་ནང་དུ་བྱམས༔ འདི་མེད་དགྲ་བོས་བདེ་མི་སྟེར༔ འདི་ལྡན་སུས་ཀྱང་བརྫི་མི་ནུས༔ སྙིང་ལས་གཅེས་ཕྱིར་ཕག་ཏུ་སྦོས༔ དམ་མེད་ངོ་བསྟོད་ཅན་དག་གི༔ ལག་ཏུ་ཤོར་ན་རང་གཞན་ཕུང༔ དམ་ལྡན་བསྟན་པའི་དཔལ་དུ་སྦྱིན༔ བསྟན་པ་སྲུང་བའི་མཚོན་ཆར་ཤོག༔ ས་མ་ཡཱ༔


previousདྲང་སྲོང་ལས་ལ་བསྐུལ་བ་ལོག་འདྲེན་སྒྲོལ་བའི་མཚོན་ཆ།next