Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
དྲང་སྲོང་ཆེན་པོའི་སྒོ་ནས་དགྲ་ལ་ལྟས་ངན་གཏོང་ཐབས།
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲང་སྲོང་ཆེན་པོའི་སྒོ་ནས་དགྲ་ལ་ལྟས་ངན་གཏོང་ཐབས།next

དྲང་སྲོང་ཆེན་པོའི་སྒོ་ནས་དགྲ་ལ་ལྟས་ངན་གཏོང་ཐབས།

དགྲ་ལ་ལྟས་ངན་གཏོང་བའི་ཐབས༔ དྲང་སྲོང་འགྲུབ་པའི་གང་ཟག་གིས༔ དུས་གཉན་དྲང་སྲོང་རྒྱུ་བའི་དུས༔ རང་མཐུན་རྫས་བསགས་མཆོད་གསོལ་དང༔ ལས་སྔགས་འདི་ཉིད་རྟགས་ཐོན་བཟླ༔ ཧྲཱིཿཤག་རུ་རཾ་ན་ག་ཙིཏྟ་ཏྲཾ༔ མ་མ་ཡོམ་ཟ་འགྲམ་ཧ་ཧི་ཡོ་ཀི་ཤ་ལ་ཛ༔ སྔགས་ཤམ་དུ༔ ཀིང་ཀ་ར་ཁྱོད་ད་ཡང་རྒྱུགས་ཤིག་རྒྱུགས་ཤིག༔ རྦད་རྦད༔ སོད་སོད༔ ར་ཧུ་ལ་ཤྲྀ་ཏྲི་དགྲ་བོ་ཆེ་གེ་བཟློག་བྷྱོ་རྦད་སོད་ཅིག༔ རཀྴ་ར་ཧུ་ལ་ཀིང་ཀ་ར་དགྲ་བོ་ཆེ་གེའི་ཡུལ་དུ་ལྟས་ངན་སྣ་ཚོགས་མི་སྡུག་པ་དགུས་བརྒྱན་པ་དུས་ད་ལྟ་ཉིད་དུ་ཐོངས་ཤིག༔ ལྟས་ངན་རྣམས་ཀྱིས་དགྲ་ལ་མི་སྐད་སྨྲོས་ཤིག༔ མི་ནག་ལག་སྦྲེལ་རང་འཐག་རང་འཁོར་མེ་འབར་འོད་འཁྱག་ཀུ་ཀུས་ངུ་འབོད་ཕོ་རོག་སྡེར་འཛིང་གནམ་དགྲ་སྐྱིན་འདིང་བཙའ་སད་འབུ་སྲིན་གཡས་གཅུས་གཡོན་ལོག་སྣ་ཚོགས་དགྲ་བོའི་ཡུལ་དུ་ཐོངས་ཤིག༔ རྒྱུགས་ཤིག་བྱེར་ཅིག་ཕྱེས་ཤིག་རེངས་ཤིག་ལྐུགས་ཤིག་མཱ་ར་ཡ་རྦད་རྦད་བྷྱོ་རྒྱུག་སོད༔ ས་མ་ཡཱ༔ ཞེས་འདིས་ཡུལ་ཁམས་ཐན་ལྟས་འགེངས༔ ལག་ཏུ་ལེན་པའི་སྦྱོར་བ་དང༔ ཡི་དམ་བསྙེན་སྒྲུབ་ཐེམས་པ་དང༔ དམིགས་པའི་མདའ་ཡིས་འབེན་ལ་ནི༔ བརྟེན་ཏུ་ནུས་པའི་གང་ཟག་གིས༔ འདི་ཉིད་ལག་ཏུ་བླང་ཙམ་གྱིས༔ ཡིད་ཆེས་རྟགས་མཚན་འབྱུང་བར་འགྱུར༔ ཕྲིན་ལས་ཐོག་མེད་འགྲུབ་པར་ངེས༔ ཆོས་རྒྱུད་འཛིན་པའི་གྲོགས་སུ་ཤོག༔ གུ་ཧྱ༔ བརྡ་ཐིམ༔ ཕུན་སུམ་ཚོགས་པ་ལྔ་ཡི་རྒྱ༔


previousདྲང་སྲོང་ཆེན་པོའི་སྒོ་ནས་དགྲ་ལ་ལྟས་ངན་གཏོང་ཐབས།next