Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསེར་སྐྱེམས་དང་ཟོར་གྱི་འཆམ་ཡིག
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགསེར་སྐྱེམས་དང་ཟོར་གྱི་འཆམ་ཡིག next

གསེར་སྐྱེམས་དང་ཟོར་གྱི་འཆམ་ཡིག

༄༅། གསེར་སྐྱེམས་འཆམ་ཡིག་ནི། ཐང་ཐང་དང་པོ་ལ་དར། ཐང་ཐང་གསུམ་པ་ལ་དར། ཟིལ་འབེབས་དུས་ཕུད་སྐོང་། སྦྲམ་གཡས་བཅག་མདའ། ཐང་ཐང་ལ་རྐང་གཡོན་ཆས་ཐོགས། ༡གཡས་སྐོར། གི་ཞེས་གཡོན་བཏེགས། ༢གཡས་བཏེགས། ༣ གཡོན་བཏེགས། ཐང་ལ་ཕར་འགྲོ་ནས་ཁ་ཕྱིར་འཁོར་ཐང་ལ་གཡས་བཅག་མདའ། གཡོན་ཆས་ཐོགས། ༡ གཡས་བཏེགས། གི་ཞེས་གཡོན་བཏེགས། ༢ གཡས་བཏེགས། ༣ གཡོན་སྐོར། ཐང་ཐང་གཡས་ནང་དུ་བཞག་ནས་ཚུར་འཐེན། སྦྲམ་གཡས་བཅག་མདའ་དེ་བཞིན་ནོ།། ༈ ཟོར་འཆམ་ལ། ཟིལ་འབེབས་གོམ་ཞུགས་སྐོར་བ་བྱས་མཐར་པུ་རམ་གསུམ་ལ་གཡས་གཡོན་གཡས་གསུམ་བཅག་མདའ། ༡ གཡས་བཏེགས་ཕྱི་སྐོར། ༢ ལག་གཡོན་བཏེགས། ༣ ལག་གཡོན་བཏེགས་བཞིན་ལག་གཉིས་ཟོར་རྫས་ཁ་སྦུབ་གྱེན་སྐོར་སྟེང་སིག་བཅས་མཆོང་། བཞི་ལ་གཡས་འཐེང་འཁྱོལ་གཡོན་གོམ་ལྷག ༥ གཡས་བཏེགས། ༦ ལག་སྐོར་གཡོན་བཏེགས་མར་སྐོར། ༧ ལག་གཡོན་བཏེགས་བཞིན་ཟོར་རྫས་ཁ་སྦུབ་མར་མཆོང་། ༨ ལག་གཡས་འཐེང་འཁྱོལ་ཟོར་རྫས་ཡར་བཏེགས། ༩ གཡས་ཀྱིས་གཡོན་དུ་སྐོར། ཐང་རྐང་གཡས་ལ་འགྲོ། ཐང་རྐང་གཡས་བཅག་མདའ། ལག་ཟོར་རྫས་ལྡོག་མགོ་ནས་གཡོན་ཁྱེར་གཡོན་འགྲོ། ཐང་ལག་གཡས་ཀྱིས་དབུས་ལ་དེ་བཞིན་ནོ། །ཡུལ་དུ་ཟོར་ཐང་གཡས་ཀྱིས་གཡོན་སྐོར། ཐང་ལ་བཅག་མདའ་སྦྲམ་གསུམ་ལ་སྔོན་ལྟར་རོ།།


previousགསེར་སྐྱེམས་དང་ཟོར་གྱི་འཆམ་ཡིག next