Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འགུགས་པ་ལྡེབ་ཤར།
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousའགུགས་པ་ལྡེབ་ཤར།next

འགུགས་པ་ལྡེབ་ཤར།

༄༅། འགུག་པ་དང་འགུག་སྔགས༔ ན་མོ་སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་བཀའ་བདེན་པ་དང༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་བཀའ་བདེན་པ་དང༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་བཀའ་བདེན་པ་དང༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བཀའ་བདེན་པ་དང༔ གཞི་དང་ལམ་དང་འབྲས་བུ་གསུམ་གྱི་བཀའ་བདེན་པ་དང༔ ལྟ་བ་སྒོམ་པ་སྤྱོད་པ་གསུམ་གྱི་བཀའ་བདེན་པ་དང༔ གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ་གྱི་བཀའ་བདེན་པ་དང༔ སྙིང་པོ་ཕྱག་རྒྱ་ཏིང་འཛིན་གསུམ་གྱི་བཀའ་བདེན་པ་དང༔ གསང་བདག་ཕྱག་ན་རྡོ་རྗེ༔ རིགས་བདག་མི་བསྐྱོད་རྡོ་རྗེ༔ ཁྲོ་རྒྱལ་གཏུམ་པོ་བཞི༔ སྤྲུལ་པའི་བྱ་ཁྱུང་རིགས་ལྔ༔ བདུད་འདུལ་ཁྲོ་རྒྱལ་བཅུ༔ སྒོ་སྐྱོང་ཁྲོ་མོ་བཞི༔ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༔ ལྷ་ལས་ཁྱད་པར་དུ་གསང་སྔགས་ཀུན་གྱི་སྲུང་མ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོ༔ གཟའ་བརྒྱད་གདོང་མོ་བཞི་དང༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༔ བདེན་པ་ཆེན་པོའི་མཐུས་བཀའ་རྐུན་ལོག་པའི་དམ་ཉམས༔ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ༔ སེམས་ཅན་ཡོངས་ལ་འཚེ་བ༔ སྒོས་དཔལ་ལྡན་བླ་མའི་སྐུ་དགྲ༔ ཁྱད་པར་དུ་རིག་འཛིན་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་བྱད་མ་སྲིད་གསུམ་འཇིག་རྟེན་གང་རུང༔ སྔགས་པ་ནུས་མཐུ་ཅན་གྱི་གུར་ཁང་གང་ན་གནས་ཀྱང༔ སྐད་ཅིག་ཡུད་ཙམ་གཅིག་གིས་བྱིའུ་ཆུང་ཁྲས་དེད་པའམ༔ ཉ་མོ་སྲམ་གྱིས་བཤོར་བའམ༔ ཉེས་ཅན་བཙོན་དུ་ཁྲིད་པ་ལྟར་གཟུགས་ལིངྒ་མིང་བྱང་བུ་འདི་ལ་ཁུག་ཅིག༔ རྩ་སྔགས་དང༔ འགུགས་སྔགས་བཟླ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བཛྲ་ཨཾ་ཀུ་སོགས༔


previousའགུགས་པ་ལྡེབ་ཤར།next