Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བྱུག་བདུག་བྲབ་གསུམ་ལྡེབ་ཤར།
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousབྱུག་བདུག་བྲབ་གསུམ་ལྡེབ་ཤར།next

བྱུག་བདུག་བྲབ་གསུམ་ལྡེབ་ཤར།

༄༅། གཟི་བརྗིད་བསྐྱེད་ཕྱིར་གུ་གུལ་གྱིས་བདུག་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཨ་དྷི་ཏིཥྛ་མུག་མུག་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོགས་མཱ་ར་ཡ་ཧཱུྃ་ཕཊ༔ ཡུངས་དཀར་གྱིས་བྲབ་ཅིང༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་ཤ་ཏ་ར་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ རཀྟས་བྱུགས་ཤིང༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜལ་ལ་མཎྜལ་ལ་རཀྵ་རཀྵ་དགྲ་བགེགས་ཝ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་པས་རྫི་དུག་གི་དུད་སྤྲིན་གསེབ་ནས་ཁྲོ་ཆུང་སེར་ལྟར་འབེབས་ཤིང་ཐོག་ལྟར་ལྷུང་བས་དགྲ་བགེགས་ཐམས་ཅད་ཐལ་བར་བརླག་ཅིང་རྣམ་ཤེས་དབང་དུ་བསྡུས་པར་བསམ་མོ༔ ཧཱུྃ༔ གུ་གུལ་བྱིན་བསྐྱེད་དགྲ་བགེགས་གདུག་པ་སྒྲོལ༔ ཡུངས་དཀར་དཔལ་བསྐྱེད་རཀྟས་གཟི་མདངས་བསྐྱེད༔ མི་ཟད་ཁྲོ་རྒྱལ་འབར་བའི་སྟོབས་འདུས་པས༔ མཐུ་རྩལ་དཔལ་དང་ནུས་པ་ལྡན་པར་གྱུར༔ ཨོཾ་བཛྲ་སོགས།


previousབྱུག་བདུག་བྲབ་གསུམ་ལྡེབ་ཤར།next