Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསང་བདག་གོས་སྔོན་འཆང་གི་བཀའ་སྲུང་སྨུག་ནག་འོད་འཕྲོའི་བཞེངས་བསྐུལ་བརྒྱ་བྱིན་མཚོན་རྣོན།
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགསང་བདག་གོས་སྔོན་འཆང་གི་བཀའ་སྲུང་སྨུག་ནག་འོད་འཕྲོའི་བཞེངས་བསྐུལ་བརྒྱ་བྱིན་མཚོན་རྣོན།next

གསང་བདག་གོས་སྔོན་འཆང་གི་བཀའ་སྲུང་སྨུག་ནག་འོད་འཕྲོའི་བཞེངས་བསྐུལ་བརྒྱ་བྱིན་མཚོན་རྣོན།

བཀའ་འདུས་ཆོས་ཀྱི་ཆ་ལག་ཏུ༔ གསང་བདག་གོས་སྔོན་འཆང་གི་བཀའ་སྲུང་སྨུག་ནག་འོད་འཕྲོའི་བཞེངས་བསྐུལ་བརྒྱ་བྱིན་མཚོན་རྣོན་བི་ཛ་ཧ་རཾ༔

སྐུ་གསུམ་བདག་ཉིད་གསང་བའི་བདག༔ ཧེ་རུ་ཀ་དཔལ་བཀའ་ཉན་པ༔ དྲང་སྲོང་རྡོ་རྗེ་ཐོག་རྒོད་རྩལ༔ ཞིང་བཅུ་བསྒྲལ་བའི་མཚོན་ཆར་བསྔགས༔ བཞེངས་བསྐུལ་བརྒྱ་བྱིན་མཚོན་རྣོན་འདི༔ མ་འོངས་རྩུབ་འགྱུར་ལྔ་བདོའི་དུས༔ པདྨའི་རྗེས་འཇུག་དབུ་འཕང་དམའ༔ བན་སྔགས་བོན་པོས་མཐུ་བྱད་བྱེད༔ ཡོན་ཏན་ཁེ་གྲགས་ཅན་རྣམས་འགུམ༔ ཚེ་ཚད་མི་སླེབ་དུས་མིན་འཆི༔ དཀར་ཕྱོགས་སྐྱབས་ཞན་ནག་ཕྱོགས་དར༔ རྒྱ་འདྲེ་འགོང་པོས་བོད་ཁམས་ཕུང༔ དེ་དུས་དྲང་སྲོང་ཆེན་པོ་འདིའི༔ ཟབ་ཆོས་སྐལ་ལྡན་སྐྱེས་བུས་སྤེལ༔ བསྙེན་དང་བསྒྲུབ་དང་བསྒྲལ་ལས་ཀྱིས༔ ཉིད་ཀྱི་ཐུགས་དམ་ཞལ་བཞེས་ཡོད༔ བསྟན་འགྲོའི་བདེ་སྐྱིད་ལན་གཅིག་འོང༔ དེ་ཕྱིར་བདེ་སྟེར་ས་ག་ར༔ ཨ་ཙར་གསལ་སྣང་ཡིག་རིས་བཀོད༔ པདྨ་ང་ཡི་བྱིན་རླབས་གནས༔ བྲག་དམར་མདའ་སྒྲོའི་ལོགས་སུ་སྦས༔ དུས་བབ་ལས་ཅན་གཅིག་དང་འཕྲད༔ མི་བརྗེད་གཟུངས་ཀྱིས་སྤེལ་བར་འགྱུར༔ ལྷ་བཙན་ཆེན་པོས་སྲུངས་ཤིག་རྒྱ༔ ས་མ་ཡཱ༔ དེ་ལ་ཡི་དམ་ལྷ་ཡི་ལས་གཞུང་བསྲང༔ དྲང་སྲོང་ཆེན་པོའི་བསྒྲལ་ལས་བྱ༔ ཞལ་བསྟབ་བཟློག་ཕྲིན་བཅོལ་བའི་མཐར༔ དམར་གྱི་གཏོར་མ་ལྷ་ཡི་གྲངས༔ ཤ་ཁྲག་དག་གིས་རབ་བརྒྱན་པ༔ དགྲ་བགེགས་བླ་ཡིད་སེམས་གསུམ་པོ༔ འགུག་གཞུག་ལན་མང་རྟགས་ཐོན་བྱ༔ དམག་ལྟོའི་ཚུལ་དུ་ཞལ་བསྟབ་བྱ༔ རྩ་སྔགས་གཤམ་དུ་བྷ་ལིང་གདགས༔ ར་གསུར་བདུགས་ཤིང་མི་ལྤགས་ཀྱི༔ གཡང་གཞི་བརྡབ་ཅིང་ར་ལྤགས་གཡབ༔ སྔགས་པས་རལ་བསིགས་ལྟ་གདེངས་བསྐྱེད༔ མི་རྐང་འབུད་ཅིང་རོལ་མོ་བསྒྲགས༔ དབྱངས་དང་བཅས་ཏེ་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ སྐྱེ་མེད་ཆོས་སྐུའི་མཁའ་དབྱིངས་སྟོང་པ་ལས༔ འགགས་མེད་གསལ་སྣང་སྙིང་རྗེ་ཆེར་ཁྲོས་ཉམས༔ བདུད་བཞིའི་གཡུལ་ངོར་དཔའ་བའི་ཧེ་རུ་ཀ༔ གསང་བདག་གོས་སྔོན་འཆང་བའི་ལྷ་ཚོགས་རྣམས༔ བཞེངས་བཞུད་མཚན་མའི་རྟོག་པ་མི་མངའ་ཡང༔ ལོག་རྟོག་འཁྲུལ་བའི་དབང་གྱུར་ཞིང་བཅུའི་དགྲ༔ བསྟན་འགྲོར་འཚེ་བྱེད་བགེགས་དང་བྱད་མའི་སྡེ༔ དོན་དམ་རང་རིག་ཀློང་དུ་སྒྲོལ་བའི་ཕྱིར༔ བཞེངས་ཤིག་སྟོང་གསལ་ཐུགས་རྗེའི་ཀློང་ནས་བཞེངས༔ བསྐུལ་ལོ་མྱུར་མགྱོགས་མཐུ་སྟོབས་བང་དང་བཅས༔ མཛོད་ཅིག་དྲག་པོའི་ལས་ཆེན་བཅུ་གཉིས་ཀྱིས༔ ད་ལྟ་སྐད་ཅིག་མིག་གི་འབྱེད་འཛུམ་ཙམ༔ དགྲ་བགེགས་བྱད་མ་སྒྲོལ་བའི་ཕྲིན་ལས་མཛོད༔ དེ་ནས་བཀའ་སྡོད་བཞེངས་བསྐུལ་དངོས༔ ཧཱུྃ་བྷྱོ་ཛ་ཀྵ༔ སྟོང་ཉིད་རྩལ་ལས་རྟེན་ཅིང་འབྲེལ་འབྱུང་བ༔ འཇིགས་རུང་དུར་ཁྲོད་རབ་འཇིགས་དྲག་པོའི་ཚལ༔ ཁྲག་ཞག་རྦ་ཀློང་འཁྲུགས་པའི་ཀློང་དཀྱིལ་ནས༔ ཀྵཿཡིག་ལས་བྱུང་ཁྱབ་འཇུག་འོད་འཕྲོ་ཆེ༔ སྤྲུལ་པ་ཡང་སྤྲུལ་བཀའ་ཉན་ཕོ་ཉའི་ཚོགས༔ ཐུགས་དམ་ཞལ་བཞེས་བཞིན་དུ་སྐུར་བཞེངས་ཤིག༔ ཧཱུྃ་བྷྱོ་ཛ༔ ཀྵ༔ དབུས་ཕྱོགས་དཀྱིལ་འཁོར་ཆེན་པོ་ད་ལ་རུ༔ ཐོད་མཁར་འཇིགས་རུང་དུར་ཁྲོད་དྲག་པོའི་ཚལ༔ དྲང་སྲོང་སྨུག་ནག་འོད་འཕྲོ་སྐུ་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བྱད་གཏད་དཀྲོལ་བའི་འཕྲིན་ལས་མཛོད༔ ཧཱུྃ་བྷྱོ་ཛ༔ ཤར་ཕྱོགས་དཀྱིལ་འཁོར་ཆེན་པོའི་ད་ལ་རུ༔ དྲང་སྲོང་ཆེན་པོ་ས་ཁམས་པ་ཝ་སངས༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པ་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ ས་ལ་མནན་པའི་བྱད་གཏད་དཀྲོལ་བར་མཛོད༔ ཧཱུྃ་བྷྱོ་ཛ༔ ལྷོ་ཕྱོགས་དཀྱིལ་འཁོར་ཆེན་པོའི་ད་ལ་རུ༔ དྲང་སྲོང་ཆེན་པོ་རླུང་ཁམས་ཕུར་བུ་པ༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པ་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ རླུང་ལ་འཁོར་ལོ་བསྐོར་བའི་བྱད་གཏད་ཁྲོལ༔ ཧཱུྃ་བྷྱོ་ཛ༔ ནུབ་ཕྱོགས་དཀྱིལ་འཁོར་ཆེན་པོའི་ད་ལ་རུ༔ དྲང་སྲོང་ཆེན་པོ་མེ་ཁམས་དམག་དཔོན་རྗེ༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པ་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ མེ་ལ་སྦྱིན་སྲེག་བྱེད་པའི་བྱད་གཏད་ཁྲོལ༔ ཧཱུྃ་བྷྱོ་ཛ༔ བྱང་ཕྱོགས་དཀྱིལ་འཁོར་ཆེན་པོའི་ད་ལ་རུ༔ དྲང་སྲོང་ཆེན་པོ་ཆུ་ཁམས་ལྷག་པ་རྒྱལ༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པ་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ ཆུ་ལ་ཀླུ་གཏད་བྱེད་པའི་བྱད་གཏད་ཁྲོལ༔ ཧཱུྃ་བྷྱོ་ཛ༔ རང་བྱུང་དཀྱིལ་འཁོར་ཤར་ལྷོའི་མཚམས་འཛིན་པ༔ དྲང་སྲོང་ཆེན་པོ་མེ་ཁམས་སུརྱ་འབར༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པ་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ མེ་ལ་བཙོ་བསྲེག་བྱེད་པའི་བྱད་གཏད་ཁྲོལ༔ ཧཱུྃ་བྷྱོ་ཛ༔ རང་བྱུང་དཀྱིལ་འཁོར་ལྷོ་ནུབ་མཚམས་འཛིན་པ༔ དྲང་སྲོང་ཆེན་པོ་ཆུ་ཁམས་ཙཎྜ་ཡ༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པ་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ ཆུ་མིག་ཀླུ་གཉན་དག་ལ་གཏད་པ་ཁྲོལ༔ ཧཱུྃ་བྷྱོ་ཛ༔ ནུབ་བྱང་དཀྱིལ་འཁོར་ཆེན་པོའི་མཚམས་འཛིན་པ༔ དྲང་སྲོང་ཆེན་པོ་བེ་འུའི་རྫི་བ་ཞེས༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པ་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ རྫས་སྔགས་ནུས་པའི་བྱད་གཏད་དཀྲོལ་བར་མཛོད༔ ཧཱུྃ་བྷྱོ་ཛ༔ བྱང་ཤར་དཀྱིལ་འཁོར་ཆེན་པོའི་མཚམས་འཛིན་པ༔ དྲང་སྲོང་ཆེན་པོ་སྒྲ་གཅན་ཞེས་ཀྱང་བྱ༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས་པ་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ སྡེ་བརྒྱད་སོ་སོར་གཏད་པའི་བྱད་གཏད་དཀྲོལ༔ ཧཱུྃ་བྷྱོ་ཛ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའི་སྒོ་སྐྱོང་བ༔ ཟོར་དྲེད་བ་གླང་ཆུ་སྲིན་གདོང་ཅན་བཞི༔ དྲང་སྲོང་རྒྱུ་སྐར་དཔུང་དང་བཅས་པ་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ གཟའ་སྐར་ངན་པའི་དུས་སྦྱོར་བྱད་གཏད་ཁྲོལ༔ ཧཱུྃ་བྷྱོ་ཛ༔ དཀྱིལ་འཁོར་ཆེན་པོ་ཕྱི་ཡི་ཁོར་ཡུག་ལ༔ དཀོན་མཆོག་སྤྱི་དང་ལྷ་སྲིན་སྡེ་བརྒྱད་ནི༔ ཕྱི་ནང་གསང་བ་ཡང་གསང་དྲེགས་པའི་སྡེ༔ རང་རང་དཔུང་དང་བཅས་པ་དབྱིངས་ནས་བཞེངས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ སྡེ་བརྒྱད་སྤྱི་ལ་གཏད་པའི་མནན་གཏད་ཁྲོལ༔ ཧཱུྃ་བྷྱོ་ཛ༔ དྲང་སྲོང་ཆེན་པོའི་བཀའ་ཉན་ལས་བྱེད་མཁན༔ ཀླུ་ཆེན་སྦལ་མགོ་སྲིན་པོ་རཀྴའི་གདོང༔ ཀླུ་ཆེན་འདྲེ་སྲིན་མི་མིན་ཕོ་ཉར་འགྱེད༔ མདོས་ཡོད་ན༔ སྐུ་གླུད་མདོས་ཆེན་རང་རང་མཐུན་རྫས་བརྔན༔ མེད་ན༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ སྣང་སྲིད་ལྷ་འདྲེའི་གཡུལ་ངོ་དགྲ་ལ་བཟློག༔ ཧཱུྃ་བྷྱོ་ཛ༔ ནམ་མཁའ་ཡངས་པའི་ད་ལ་ཆེན་པོ་རུ༔ ཤར་ལྷོ་ནུབ་བྱང་ཤིང་མེ་ལྕགས་ཁམས་དང༔ ཆུ་ཁམས་དབང་བསྒྱུར་རྒྱུ་སྐར་ཉི་ཤུ་བརྒྱད༔ མཚམས་བཞིར་གནས་པའི་གཟའ་སྐར་ས་ཁམས་བདག༔ རྒྱལ་བློན་འབངས་འཁོར་བཅས་པ་དབྱིངས་ནས་བཞེངས༔ རང་རང་མཐུན་པའི་རྫས་ཀྱིས་རབ་བརྔན་པས༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ སྤར་ཁ་སྨེ་བ་དམེ་ཡུག་གྲིབ་སྐྱ་མདའ༔ བྱད་མ་ལྷ་དང་བཅས་པའི་སྟེང་དུ་བསྒྱུར༔ ཧཱུྃ་བྷྱོ་ཛ༔ གཞན་ཡང་གནས་ཡུལ་ཞིང་སྐྱོང་རྒྱལ་བསྟན་སྲུང༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ གཙང་རིས་དཔལ་མགོན་སྡེ་དཔོན་སུམ་ཅུ་དང༔ དགེ་བསྙེན་ཉེར་གཅིག་བོད་ཁམས་བསྟན་མ་སྐྱོང༔ དབེན་རི་སྲུང་མ་ཡུལ་གཞི་གནས་ཀྱི་བདག༔ གཏོར་མ་གསེར་སྐྱེམས་མཆོད་པས་རབ་བརྔན་པས༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ རྣལ་འབྱོར་བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ་བྷྱོ་ཛ༔ ཨོ་རྒྱན་ཆེན་པོས་བཀའ་ཡི་གཉེར་བྱང་གཏད༔ གཏེར་སྲུང་ཆེན་པོ་ལྷ་བཙན་ཡིད་བཞིན་ནོར༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་ཕོ་ཉར་བཅས༔ མི་མངོན་དབྱིངས་ནས་ད་ལྟ་སྐུར་བཞེངས་ཤིག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བྷྱོ་བཟློག་བྱད་དཀྲོལ་དུས་ལ་བབས༔ རྣལ་འབྱོར་བདག་གི་སྐུ་ཚེ་བསྲིང་བ་དང༔ ཡོན་བདག་འདི་ཡི་བསམ་དོན་འགྲུབ་པ་དང༔ བན་སྔགས་བོན་པོས་བྱད་དང་གཞོམ་དང་བྲུབ༔ ཕུར་ཁ་ཟོར་ལས་རྫས་སྔགས་མནན་གཏད་བྱས༔ ཚེ་སྲོག་བླ་བཀུག་ནག་ཕྱོགས་ལྷ་འདྲེར་གཏད༔ ཚེ་བསྐུམ་བླ་ཁྱེར་མི་ཕྱུགས་སྲོག་དབུགས་སྡུད༔ མི་བདེ་སྣ་འདྲེན་བསྟན་འགྲོ་སྡུག་ལ་གཏད༔ དེ་ཕྱིར་ལྷ་ཁྱོད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཉེས་ཞིག་མེད་ན་ངེད་ཀྱིས་དྲག་མི་བསྐུལ༔ བྱད་མ་རང་གཤེད་ཕོབ་ལ་རང་སྲོག་ཆོད༔ བྱད་ཐག་ཆོད་ལ་བྱད་ཁྲམ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་ད་སོད་ཅིག༔ བསམ་ངན་གདུག་རྩུབ་དགྲ་བགེགས་ཆམ་ལ་ཕོབ༔ མདོས་ཡོད་ན༔ སྣང་ཞིང་སྲིད་པའི་མདོས་ཆེན་རྒྱན་སྤྲས་འདི༔ ངོ་བོ་སྟོང་ལ་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་གཏོར་ད་བཞེས་ཤིག༔ རྣམ་བཞིའི་མགྲོན་ཚིམ་ལས་བཞི་ལྷུན་གྱིས་གྲུབ༔ ཡས་བདག་མདོས་བདག་གླུད་བདག་གཤེགས་རེ་རན༔ མདོས་མེད་ན་གོང་གི་འཕྲོར༔ ནད་ཡམས་ཆགས་ཆེ་དགྲ་བགེགས་སྟེང་དུ་བྷྱོ༔ ཕོ་མོའི་དལ་ཁ་སྤྱི་བདུད་མཁའ་ལ་བསྒྱུར༔ ཕ་རོལ་བྱད་མ་ཟློག་པའི་ལས་མཛོད་ཅིག༔ ཧཱུྃ་བྷྱོ་ཛཿཀྵ་རྦད༔ མཆོག་གསུམ་རྩ་གསུམ་བཀའ་གཏེར་དམ་ཅན་སྤྱི༔ ཕྱི་ནང་གསང་བ་ཡང་གསང་དྲེགས་པའི་སྡེ༔ སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་ནི༔ ཀུན་གྱི་སྤྱི་རྗེ་ཁྱབ་འཇུག་འོད་འཕྲོ་ཆེ༔ བཞེངས་ཤིག་བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ སྐྱོད་ཅིག་སྐྱོད་ཅིག་ཁྲག་མཚོའི་ཀློང་ནས་བསྐྱོད༔ བསྐུལ་ལོ་བསྐུལ་ལོ་ལས་ལ་ད་བསྐུལ་ལོ༔ མཛོད་ཅིག་མཛོད་ཅིག་དྲག་པོའི་ལས་འདི་མཛོད༔ བསྐུལ་ལོ་རྦད་དོ་གཟའ་བདུད་རཱ་ཧུ་ལ༔ དྲང་སྲོང་སྐུ་ལས་འོད་ཕུང་ཁྱུགས་སེ་ཁྱུག༔ གཟའ་ཆེན་བརྒྱད་པོ་ལས་ལ་ཤ་ར་ར༔ གདོང་མོ་རྣམ་བཞི་ལས་ལ་ཁེངས་སེ་ཁེང༔ ལྷ་སྲིན་སྡེ་བརྒྱད་ལས་ལ་ཡ་ལ་ལ༔ རྒྱུ་སྐར་ཉེར་བརྒྱད་ཚོགས་ནི་དཔུངས་སེ་དཔུང༔ གཏེར་སྲུང་ལྷ་བཙན་དམག་ཚོགས་ཤིགས་སེ་ཤིག༔ འུར་འུར་ཆེམ་ཆེམ་དགྲ་བགེགས་སྟེང་དུ་ཆས༔ ནད་མཚོན་དུག་གི་རླངས་པ་ཐུ་ལུ་ལུ༔ མི་བཟོད་དྲག་པོའི་ཐུན་རྫས་ཐོ་རོ་རོ༔ མེ་རླུང་འཚུབ་མའི་འུར་སྒྲ་འུ་རུ་རུ༔ གཡས་གཅུས་ཡོ་ལང་ཐན་ལྟས་ཡབས་སེ་ཡབ༔ ཕོ་རོག་སྟོང་སྒྲའི་ཆོ་ངེ་ཁྲོངས་སེ་ཁྲོང༔ ཐན་ལྟས་ཆོ་འཕྲུལ་མང་པོ་འཚུབས་སེ་འཚུབ༔ དགྲ་བོ་ཕོ་རྒྱུད་གྲི་རུ་ད་སོད་ཅིག༔ དགྲ་བོ་མོ་རྒྱུད་འགགས་གྲིར་ད་ཐོངས་ཤིག༔ དགྲ་བོའི་བུ་ཆུང་སྲི་ཟས་ད་གཏོད་ཅིག༔ དགྲ་བོའི་ཀ་ཆ་དཀོར་ནོར་དཔའ་ཟས་གྱིས༔ ཁང་ཁྱིམ་ར་བ་ལྷ་འདྲེའི་འདུག་ཁང་གྱིས༔ དགྲ་བོའི་མི་ནོར་མཐའ་རྩ་སྐྱེ་རྒྱུད་དང༔ ཁམས་དང་དབང་པོ་དོན་སྙིང་ནང་རོལ་བཅས༔ དྲང་སྲོང་ཁྱེད་ལ་བརྔན་པའི་ཟས་སུ་འབུལ༔ བཀའ་ཉན་དྲེགས་པའི་ཚོགས་ཀྱི་དཔའ་ཟས་འབུལ༔ ལྷག་མ་ཏིལ་འབྲུ་ཙམ་ཡང་མ་ལུས་པ༔ བཞེས་ཤིག་རོལ་ཅིག་སྟོབས་ཤིག་ས་མ་ཡཱ༔ གཏད་དོ་གཉེར་རོ་ཕྲིན་ལས་འགྲུབ་པར་མཛོད༔ ཕ་རོལ་བྱད་མ་ལྷ་སྲུང་སྡེ་དང་འབངས༔ གཏན་ནས་བརླག་པའི་མཐུ་བྱིན་མ་ཆུང་ཞིག༔ འབྱུང་བཞིའི་ཁམས་ལ་བྱད་གཏད་ད་ཁྲོལ་ཅིག༔ རྣལ་འབྱོར་བདག་དང་ལྟོས་བཅས་ཡོན་མཆོད་ཀུན༔ འབྱོར་དྲུག་རིང་དུ་སྤེལ་བའི་ཕྲིན་ལས་མཛོད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ རྣལ་འབྱོར་བཅོལ་པའི་ལས་ཀུན་འགྲུབ་པར་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མནྟྲ་གུ་ཧྱ༔ ཟབ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ བཀའ་རྒྱ༔ གཉན་རྒྱ༔ གབ་རྒྱ༔ གཏད་རྒྱ༔ ཞེས་པའི་རྦད་སྔགས་བསད་སྔགས་བཟློག་སྔགས་འདོན༔ ཁྱད་པར་བཟློག་པ་ཨ་ཐུན་ནག་པོའི་བཟློག་སྔགས༔ ཨོཾ་ཏྲི་ལང་ཤ་རོ་སོགས་ཨུ་ཙ་ཏ་ཡ་ཕཊ༔ རང་གཞུང་གི་བྱད་འགྲོལ་སྔགས་དང་བཟློག་སྔགས་རྣམས་བརྒྱ་རྩ༔ འབྲིང་ཉེར་གཅིག་ལས་མི་ཉུང་བར་བཟླ་དགོས་གནད་ཆེའོ༔ ཐལ་མོ་བརྡབ༔ དུལ་མོ་བརྡབ༔ ར་ལྤགས་གཡང་གཞི་བརྡབ༔ དར་ནག་གཡབ༔ དམོད་བཅོལ་དྲག་ཏུ་བྱ༔ ཧཱུྃ༔ རང་སྣང་འཁྲུལ་པའི་སོགས༔ ཨ་ཨཱ༔ མི་དམིགས་པའི་རྒྱས་གདབ་པའོ༔ དེ་ལྟར་དྲང་སྲོང་ཆེན་པོ་འདིའི༔ བཞེངས་བསྐུལ་བརྒྱ་བྱིན་མཚོན་རྣོན་འདི༔ དམ་ལྡན་སྔགས་པས་གནད་བསྐུལ་ཚེ༔ ཡིད་ཆེས་རྟགས་མཚན་མངོན་སུམ་འོང༔ རྟགས་ནི་རབ་དངོས་ལྷ་ཞལ་མཇལ༔ མེ་སྟག་འཕྲོ་བ༔ དུད་སྤྲིན་བྱུང་བ༔ གཏོར་མ་ཞག་དུ་འཁྱིལ་བ༔ མེ་མཆེད་པ༔ རླུང་ཆེན་ལྡང་བ༔ ཕོ་རོག་གཤོག་སྒྲ་རྡེབ་པ༔ བྱ་རྒོད་ཁ་ལ་ཤ་གཏད་པ༔ བན་དྷེ་དང་སོག་པོའི་ཆས་སུ་སྤྲུལ་ནས་འོང་བ༔ དེ་རྣམས་འབྲིང་པོ་དང༔ ཐ་མའི་རྟགས་སོ༔ ཕ་རོལ་བྱད་ཁ་དཀྲོལ་བའི་རྟགས་ནི༔ གཏོར་ཟོར་འཕེན་པའི་ཕྱོགས་སུ་ནམ་མཁའ་ལ་སྤྲིན་ནག་འཁྲིགས་པ༔ འབྲུག་སྒྲ་དྲག་པོ་སྒྲོག་པ༔ གློག་འགྱུ་བ༔ ཐོག་འཕེན་པ༔ སེར་བ་དྲག་ཏུ་འབབ་པ༔ རླུང་འཚུབ་ཆེན་པོ་ལྡང་བ༔ ས་གཞི་ནས་རྡུལ་འཕྱུར་བ་སོགས་རྟགས་མང་དུ་འོང༔ མ་གྲོལ་ན་ཏིང་འཛིན་རང་ལ་སྡུག་པས་རང་ཉིད་ཡི་དམ་གྱི་བསྐྱེད་རིམ་དང་ལྡན་པས་གཟའི་བསྐུལ་བ་མང་དུ་འདོན༔ གཟའ་མངོན་རྒྱུགས་ཀྱི་སྔགས་མང་འདོན༔ སླར་ཐེབས་པའི་རྟགས་སུ་རང་ཕྱོགས་ལ་ཉི་མ་འཆར་བ༔ སྦྲང་ཆར་འབབ་པ༔ འཇའ་སྤྲིན་འཆར་བ་ལ་སོགས་ལེགས་པའི་ཡོན་ཏན་མང་དུ་འབྱུང༔ དེ་ལྟར་རྟགས་མཚན་མ་བྱུང་ན༔ པདྨའི་ཟབ་ཆོས་རྫུན་དུ་ཟད༔ ཡེ་ཤེས་ཌཱཀྐིའི་སྲོག་གི་ཁྲག༔ ཟབ་པའི་ཡང་ཟབ་མཐར་ཐུག་ཆོས༔ སྐལ་ལྡན་སྐྱེས་བུའི་དཔལ་དུ་བྱིན༔ མ་འོངས་སུམ་ཅུ་ཁ་རལ་དུས༔ ཨ་ཙར་སྤྲུལ་པ་ཕན་པའི་མིང༔ རིག་འཛིན་དེ་ཡིས་གཏེར་ནས་འདོན༔ རྗེས་བཟུང་སྐྱེས་བུས་ཡིག་རིས་བཀོད༔ བསྟན་དང་འགྲོ་བའི་ལྕགས་རིར་འགྱུར༔ ལྷ་བཙན་ཆེན་པོས་བྱ་ར་མཛོད༔ དམ་མེད་ལག་ཏུ་མ་ཤོར་ཅིག༔ དམ་ལྡན་སྐྱེས་བུའི་མཚོན་ཆར་ཤོག༔ ཅེས་ཨོ་རྒྱན་ཆེན་པོའི་གསང་བ་གསུམ་དང་དབྱེར་མེད་པའི་རིག་འཛིན་འགྲོ་འདུལ་བསམ་གཏན་ཡེ་ཤེས་གླིང་པའི་ཟབ་ཆོས་ཀྱི་བརྒྱུད་འཛིན་མཐོན་མཐིང་རལ་བའི་གླེག་བམ་ཅན་ལ་ཟུར་ཟ་ཕྲག་དོག་མཐོ་མནོན་བྱེད་མཁན་དང་བསྟན་པ་དང་སེམས་ཅན་ལ་གནོད་པའི་དགྲ་བགེགས་བྱད་མ་སྡེ་དང་བཅས་པའི་སྲོག་གི་གཤེད་མར་འགྱུར་པའི་རྒྱུར་གྱུར་ཅིག་གུ༔ ཞེས་པའང་སྐྱབས་རྗེ་རིན་པོ་ཆེའི་བརྒྱུད་འཛིན་གསང་བ་སྔགས་ཀྱི་རྣལ་འབྱོར་པ་ཧེ་རུ་ཀ་དཔལ་གྱི་ཆས་འཆང་ལུང་རྟོགས་བསྟན་འཛིན་གྱིས་དྲང་སྲོང་ཆེན་པོའི་བཞེངས་བསྐུལ་འདི་འདྲ་ཞིག་དགོས་ཞེས་བཀས་སྐུལ་ངོར་མི་ལྡོག་ཙམ་དུ་ཁོ་བོ་ཀློང་ཆེན་འོད་གསལ་རྡོ་རྗེས་ཏཱ་རེ་མི་འགྱུར་དགའ་ཚལ་མདོ་སྔགས་བཤད་སྒྲུབ་གླིང་གི་ཆོས་གྲྭ་ནས་རིག་པ་མཉམ་གཞག་གི་སྒྲོམ་ནས་ཇི་བཞིན་སྤེལ་བས་དུས་གསུམ་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ ཤུ་བྷཾ༔


previousགསང་བདག་གོས་སྔོན་འཆང་གི་བཀའ་སྲུང་སྨུག་ནག་འོད་འཕྲོའི་བཞེངས་བསྐུལ་བརྒྱ་བྱིན་མཚོན་རྣོན།next