Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དགྲ་རྐུན་མགོ་འཁོར་གདམས་པ།
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདགྲ་རྐུན་མགོ་འཁོར་གདམས་པ།next

དགྲ་རྐུན་མགོ་འཁོར་གདམས་པ།

དྲང་སྲོང་ཆེན་པོའི་ལས་ཚོགས་ཀྱི༔ མན་ངག་གཏེར་གྱི་བུམ་པ་ལས༔ དགྲ་རྐུན་མགོ་འཁོར་གདམས་པ་སྟོན༔ སློབ་དཔོན་ཁྲག་འཐུང་ནག་པོ་ལ༔ གུས་པས་འདུད་དོ་ཤིས་པ་སྩོལ༔ དགྲ་བོའི་རྗེས་ལ་ཟག་རྫས་དང༔ བག་ཕྱེའི་གཏོར་མ་མཁྱུད་གང་གཅིག༔ ར་ཁྲག་གིས་བྱུག་རང་འཐག་གི༔ མིག་ཏུ་བཞག་ལ་སྔགས་འདི་བགྲང༔ ཞེ་རེ་ཝ་ཏི་ཛ༔ ཞེ་རེ་ཝ་ཏི་ཛ༔ ར་ཛ་མུན་ཐིབ་ཐིབ༔ ཨོཾ་ཙི་པི་ཙི་པི་ཙི་པི་དུ་ནན༔ ཙི་པི་དུ་ནན༔ ཆག་ཆག༔ ཆིངས་ཆིངས༔ རྨུག་རྨུག༔ ཐིབ་ཐིབ༔ དགྲ་བོ་འདི་ཞེས་བྱ་བ་ལ་མགོ་སྐོར་ཅིག༔ དབང་པོ་སྐྱེ་མཆེད་རྣམ་ཤེས་ཚོགས་བརྒྱད་མགོ་སྐོར་ཅིག༔ ལམ་ལོག་ཕྱི་རྗེས་སྙོགས་ཤིག༔ དྲང་སྲོང་ཆེན་པོའི་གྲིབ་ཀྱིས་སྒྲིབས་ཤིག༔ ཁ་འཐུམ་ལྐུགས་རིང་ཐོངས་ཤིག༔ རྦད་ཛ་ཁུག་ཛ༔ མཱ་ར་ཡ་ཛ༔ ཞེས་བཟླས་ཤིང་ཕྱོགས་བཞི་མཚམས་བརྒྱད་ཀུན་ནས་མུན་པ་ནག་པོ་འཐིབ་ནས་གར་ཡང་འགྲོ་ས་མེད་པར་བསྒོམས་ཤིང༔ དྲང་སྲོང་བསྐུལ་བ་གྲངས་སུ་འདོན་ཅིང་དམར་གཏོར་རེ་འཕངས༔ གཏོར་མ་རང་འཐག་གི་སྟེང་དུ་བཞག་ལ་ཕྱི་ལོགས་སུ་བསྐོར༔ སྔགས་འདི་སྟོང་ངམ་བརྒྱ་ལས་མི་དམའ་བར་བཏོན་ན་ཐེ་ཚོམ་མེད༔ དོན་རྣམས་འགྲུབ་ཚེ་རང་འཐག་ཆུས་བཀྲུ༔ གཏོར་མ་མེ་ལ་བསྲེགས༔ དྲང་སྲོང་ཆེན་པོའི་གསོལ་མཆོད་ལ་བརྩོན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྒྱ་གར་གྱི་སློབ་དཔོན་ཁྲག་འཐུང་ཧ་ར་ནག་པོའི་ངན་སྔགས་བྱད་མ་འབུམ་བསྡིགས་དང་མན་ངག་གཏེར་གྱི་བུམ་པར་དགོངས་ཀློང་ལས་མ་དང་ཌཱཀྐིའི་བརྡ་ལས་བྱུང་བས་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ མངྒ་ལཾ༔


previousདགྲ་རྐུན་མགོ་འཁོར་གདམས་པ།next