Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དྲང་སྲོང་ཁྱབ་འཇུག་ཆེན་པོའི་བྱད་གཏད་འགྲོལ་བའི་མན་ངག་གནམ་ལྕགས་སྤུ་གྲིའི་འཁོར་ལོ།
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲང་སྲོང་ཁྱབ་འཇུག་ཆེན་པོའི་བྱད་གཏད་འགྲོལ་བའི་མན་ངག་གནམ་ལྕགས་སྤུ་གྲིའི་འཁོར་ལོ།next

དྲང་སྲོང་ཁྱབ་འཇུག་ཆེན་པོའི་བྱད་གཏད་འགྲོལ་བའི་མན་ངག་གནམ་ལྕགས་སྤུ་གྲིའི་འཁོར་ལོ།

ཡང་གསང་ཌཱཀྐིའི་ཐུགས་ཐིག་གི་ཆ་ལག་ཟུར་འགེབས་མི་ཟད་རྒྱན་འཁོར་ལས༔ དྲང་སྲོང་ཁྱབ་འཇུག་ཆེན་པོའི་བྱད་གཏད་འགྲོལ་བའི་མན་ངག་གནམ་ལྕགས་སྤུ་གྲིའི་འཁོར་ལོ་བཞུགས༔

ཡང་གསང་ཌཱཀྐིའི་ཐུགས་ཐིག་གི༔ ཟུར་འགེབས་མི་ཟད་རྒྱན་འཁོར་ལས༔ དྲང་སྲོང་ཁྱབ་འཇུག་ཆེན་པོ་ཡི༔ བྱད་གཏད་འགྲོལ་བའི་གདམས་པ་སྟོན༔ བཛྲ་པ་ཎི་ལ་ཕྱག་འཚལ་ལོ༔ གཏད་མནན་འགྲོལ་བའི་བཅའ་ཤོམ་ནི༔ མདུན་དུ་མ་ཊཾ་ལྟོ་བ་ལ༔ དཀྱིལ་འཁོར་ལིང་ཚེ་དགུ་བ་ཡི༔ དབུས་སུ་དྲང་སྲོང་ཁྱབ་འཇུག་དགོད༔ ཤར་ནས་རིམ་བཞིན་པ་ཝ་སངས༔ གཟའ་ཆེན་བརྒྱད་དགོད་དེའི་ཕྱིར་དུ༔ ཕྱོགས་བཞི་གདོང་མོ་བཞི་གཟུགས་དགོད༔ དེ་ཕྱིར་མགྲོན་ཐབས་ལྷ་གྲངས་ལ༔ དམར་གཏོར་གཡས་གཅུས་འཐེབ་ཀྱུ་ནི༔ གྲངས་སུ་བསགས་པ་མན་ངག་ཡིན༔ གཡས་སུ་སྦལ་མགོ་ཁྲག་མིག་དང༔ གཡོན་དུ་རཀྴ་ཛྭ་ལ་ཡི༔ གཟུགས་དགོད་ཕྱོགས་མཚམས་ནམ་མཁའ་ནི༔ རང་གི་ཐུགས་རྟེན་ཕྱག་མཚན་བྲན༔ ཁང་བཟང་སྤྱི་དང་མཐུན་པ་ལ༔ ཕྱི་རིམ་རྩང་བྲན་སྟེང་དུ་ནི༔ གདུགས་ཆེན་རྩིབས་མ་བཅུ་དྲུག་དང༔ ཁྱུང་ཚང་དཔལ་བེ་ཙིཏྟ་ཐུགས༔ ཡེ་ཤེས་ལྔ་ལྡན་མཁའ་ཀློང་དགོད༔ རྣམ་ལྔའི་མཆོད་པ་བསྐང་བའི་རྫས༔ མ་ཚང་མེད་པར་འདུ་བྱས་ལ༔ རྣལ་འབྱོར་བདེ་བའི་གདན་ལ་ནི༔ ལེགས་བསྡད་ཕན་པའི་སེམས་མཆོག་བསྐྱེད༔ གསང་བདག་ལྷ་ཡི་ང་རྒྱལ་བསྐྱེད༔ དྲང་སྲོང་ཆོ་ག་ལས་གཞུང་བསྲང༔ བསྙེན་སྒྲུབ་ལས་གསུམ་ཚད་དུ་སྐྱོལ༔ དེ་ནས་དམིགས་པའི་ལྡེ་ཁ་ནི༔ རང་ཉིད་གསང་བའི་བདག་པོའི་སྐུར་གསལ་ཞིང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ འཁོར་འདས་ལམ་གསུམ་གྱི་མཐུ་ནུས་སྟོབས་རྩལ་བདག་ལ་འདུས་པར་བསམ༔ ཨོཾ་བཛྲ་པཱ་ཎི་ཙནྜ་མ་ཧཱ་རོ་ཥ་ཎ་ཁྲོཾ་བཛྲ་ག་རུ་ཌ་ཧཱུྃ་ཕཊ༔ ཅི་ལྟར་ནུས་པ་དེ་བཞིན་བཟླ༔ དེ་ནས་མདུན་གྱི་རྟེན་གཞི་བསྐྱེད་པ་ནི༔ ཨོཾ་སྭ་བྷ་ཝ་སོགས༔ མདུན་གྱི་བཅས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་རི་གླིང་འཁོར་ཡུག་ལྗོན་ཤིང་ཆུ་མཚོས་བརྒྱན་པ༔ རྟེན་གཞི་མི་མགོའི་སྐུ་མཁར་མེ་དཔུང་ཁྲག་མཚོའི་དབུས་སུ་ཆུ་སྲིན་མི་བཟད་རྔམ་པ་རབ་ཏུ་ཁྲོས་པའི་སྟེང་དུ༔ སྲིད་གསུམ་ལྟོ་ལ་བྲུབ་པའི་ཀླུ་སྲིན་དྲེགས་པའི་ཁྱུ་མཆོག་དྲང་སྲོང་ཁྱབ་འཇུག་སྨུག་ནག་འོད་འཕྲོ་དབུ་དགུ་བྱ་རོག་སྟོང་སྒྲ་སྒྲོག་པའི་མགོ་བོ་མགུལ་བ་ཡན་ཆད་ཐོན་པ༔ སྐུ་སྟོད་ལྷ་ཡི་ལུས་པོ་སྤྲིན་དམར་དུད་རླུང་དང་གཡང་གཞི་ལྡིང་སྟབས་སུ་གྱོན་པ༔ སྐུ་སྨད་སྦྲུལ་མཇུག་སྔོ་ཁྲ་ཆུ་སྲིན་གྱི་སྤོ་ལ་གཡས་འཁྱིལ་དུ་བཞུགས་པ༔ ཕྱག་བཞིའི་དང་པོ་གཉིས་མདའ་གཞུ་འགེང་ཞིང་ཐ་མ་གཉིས་རལ་གྲི་དང་ཆུ་སྲིན་གྱི་རྒྱལ་མཚན་འཕྱར་བ༔ འགལ་བྱེད་བྱད་མ་ཆམ་ལ་དབབ་ཅིང་བདག་དང་བསྲུང་བྱ་སྡེ་བརྒྱད་ལ་ད་སྔོན་གཏད་པའི་ཁྲམ་བཀྲོལ་ཞིང་མནན་གཏད་བཀྲོལ་བའི་ལས་ལ་དཔའ་བ་ཞིག་ཏུ་གྱུར་པར་བསྒོམ༔ དེའི་འཁོར་དུ་ཤར་དུ་པ་ཝ་སངས་ནི་སྐུ་མདོག་ནག་ལ་སྨུག་པ་ཞབས་གཉིས་བཾ་གྱི་སྟེང་ན་བརྗིད་ཅིང་ཞལ་གདངས་སྤྱན་བསྒྲད་མཆེ་བའི་མྱུ་གུ་གཙིགས་ཤིང་རལ་བ་དམར་སེར་མེ་སྟག་གྱེན་ཏུ་འཕྲོ་བ་ལག་གཉིས་དབྱུག་པ་བགྲང་ཕྲེང་ཐོག་པ་ཤར་ཕྱོགས་ཀྱི་ལྷ་སྲིན་སྡེ་བརྒྱད་ལ་བྱད་གཏད་བྱེད་པ་དཀྲོལ་བའི་ལས་ལ་ཆས་པར་བསྒོམ༔ ལྷོ་རུ་དྲང་སྲོང་ཕུར་བུ་སྐུ་མདོག་ལྗང་སྔོན་ཞབས་གཉིས་སེང་ལྕམ་དཀར་མོའི་སྟེང་ན་འགྱིང་བ༔ ཞལ་གྱིས་ཨམ་གཙིགས་བསྡམ་པ༔ སྨ་ར་དང་སྨིན་མ་མེ་ལྟར་འབར་བ༔ ལག་གཉིས་རལ་གྲི་པོ་ཏི་བསྣམས་པ་ལྷོ་ཕྱོགས་ཀྱི་ལྷ་སྲིན་སྡེ་བརྒྱད་ལ་བྱད་གཏད་བྱེད་པ་དཀྲོལ་བའི་ལས་ལ་ཆས་པར་བསྒོམ༔ ནུབ་ཏུ་དྲང་སྲོང་དམག་དཔོན་ཆེན་པོ་སྐུ་མདོག་དམར་པོ་ཞལ་གྱིས་ཨམ་གཙིགས་བསྡམ་པའི་གྲྭ་ནས་ཁྲག་འཛག་པ༔ སྤྱན་གསུམ་དམར་ལ་འཁྲུག་པ་དབུ་སྐྲ་ཁྲག་ཞག་འཁྱུག་པ༔ ཞབས་མ་ཧེ་ཁམ་པའི་སྟེང་དུ་ཕྱེད་སྐྱིལ་གྱིས་བཞུགས་པ༔ ཕྱག་གཉིས་བཙན་མདུང་ཞགས་པ་བསྣམས་པ་ནུབ་ཕྱོགས་ཀྱི་ལྷ་སྲིན་སྡེ་བརྒྱད་ལ་བྱད་གཏད་བྱེད་པ་དཀྲོལ་བའི་ལས་ལ་ཆས་པར་བསྒོམ༔ བྱང་དུ་དྲང་སྲོང་སྤེན་པ་སྐུ་མདོག་སེར་ནག་ཞལ་གྱིས་རྐན་སྒྲ་ཐག་ཐག་རྡེབ་པ་དམ་ཉམས་པའི་དགྲ་ལ་ནད་ཀྱི་ཁ་ཕྲུ་འདེབས་པ༔ སྤྱན་གསུམ་གྱིས་དུས་གསུམ་ས་ལེར་གཟིགས་པ༔ ཞབས་གཉིས་རླུང་ནག་འཚུབས་མའི་སྟེང་ན་གར་སྟབས་ཀྱིས་བཞུགས་པ༔ ཕྱག་གཉིས་ཁྲམ་ཤིང་དང་རྒྱུ་ཞགས་འཛིན་པ༔ བྱང་ཕྱོགས་ཀྱི་ལྷ་སྲིན་སྡེ་བརྒྱད་ལ་བྱད་གཏད་བྱེད་པ་དཀྲོལ་བའི་ལས་ལ་ཆས་པར་བསྒོམ༔ ཤར་ལྷོར་དྲང་སྲོང་ཉི་མ་སྐུ་མདོག་དམར་སེར་ཞལ་ཁྲོ་འཛུམ་རྔམ་པའི་བདག་ཉིད་སྐུ་ལས་མེ་འོད་གཟའ་སྐར་འཕྲོ་བ༔ རླུང་ནག་འཚུབས་མའི་ནང་ན་རླུང་ལྷའི་རྟ་ལ་ཞོན་ཅིང་ཕྱག་གཉིས་མདུང་དར་དང་ལྗོན་ཤིང་བསྣམས་ནས་ས་ལ་གཏད་པའི་གཏད་པ་དཀྲོལ་བའི་ལས་ལ་ཆས་པར་བསྒོམ༔ ལྷོ་ནུབ་ཏུ་དྲང་སྲོང་ཟླ་བ་རླུང་ནག་སྐུ་མདོག་དུད་ཁ་ཁྲོ་གཉེར་གསུམ་ལྡན་སྦྲུལ་གྱི་ཆུན་འཕྱང་སྣ་ཚོགས་མཛེས་པ་པུཥྤའི་གཙུག་ཏོར་ཅན༔ ཟླ་བ་སེར་པོའི་རྟ་ལ་བཅིབས་ཤིང༔ ཕྱག་གཉིས་སྨན་འབྲུ་མེ་སྒྲོན་བསྣམས་པ་ཆུ་ལ་གཏད་པའི་མནན་པ་དཀྲོལ་བའི་ལས་ལ་ཆས་པར་བསྒོམ༔ ནུབ་བྱང་མཚམས་ཀྱི་དྲང་སྲོང་ལྷག་པ་མིག་སྨན་མདོག་ཅན་ཟུར་ཞལ་གཡོན་གཟིགས་དབུ་སྐྲ་སྦྲུལ་གྱི་ཆུན་པོས་བརྒྱན་ཅིང་ཞབས་གཉིས་དུག་སྦྲུལ་རེ་འབྱམས་ཆེན་པོའི་སྒང་ལ་རེག་པ་མེ་ཆུ་རླུང་དང་དུག་ཆར་འབེབས་པ༔ ཕྱག་གཉིས་ཕུར་བུ་གཏུན་ཤིང་བསྣམས་པ་མེ་ལ་སྦྱིན་སྲེག་བྱེད་པའི་གཏད་པ་དཀྲོལ་བའི་ལས་ལ་ཆས་པར་བསྒོམ༔ བྱང་ཤར་མཚམས་སུ་དྲང་སྲོང་ཆེན་པོ་སྒྲ་གཅན་འཛིན་སྐུ་མདོག་དུད་ཁ་ཞལ་ནས་དུག་གི་རླངས་པ་འཕྱུར་བ༔ ཕྱག་གཉིས་རྭ་ཡི་མདའ་གཞུ་འགེང་བ༔ མི་ལྤགས་ཀྱི་གཡང་གཞི་ལྡིང་ཐབས་སུ་གྱོན་པ་དུག་མེ་དམར་ནག་ཕྱུ་རུ་རུ་འབར་བ་ཞབས་གར་སྟབས་གློག་འོད་ཆིབས་ཤིང་རླུང་ལ་འཁོར་ལོ་བསྐོར་བའི་གཏད་པ་དཀྲོལ་བའི་ལས་ལ་ཆས་པར་བསྒོམ༔ ཕྱོགས་བཞིར་གདོང་མོ་མཆེད་བཞི་རྒྱུ་སྐར་ཉེར་བརྒྱད༔ གཡས་སུ་ཀླུ་བདུད་སྦལ་མགོ་ཁྲག་མིག་སྐུ་སྟོད་དུད་འགྲོའི་གཟུགས་ལ་སྐུ་སྨད་དུག་སྦྲུལ་ནག་པོ༔ ལག་ན་རྭ་ཡི་མདའ་གཞུ་འགེང་བ་ཞིང་བཅུའི་གཤེད་མ༔ ཉམས་པ་ཅན་རྡུལ་དུ་བརླག་པ་མ་ཧཱ་རུས་སྦལ་གྱི་སྟེང་དུ་སྦྲུལ་མཇུག་གཡོན་དུ་འཁྱིལ་བ་ས་བདག་ཀླུ་གཉན་དང་ཀླུ་བརྒྱད་ལ་གཏད་པའི་བྱད་གཏད་དཀྲོལ་བའི་ལས་ལ་རྔམ་པ་གཅིག་བསྐྱེད༔ གཡོན་དུ་སྲིན་པོ་རཀྴ་ཛྭ་ལ་མི་སྲུན་རག་གདོང་གཏུམ་པ་ལུས་ལ་ནད་རིམས་མཛེ་གྲུམ་འཕྲོ་བ་ཞལ་གདངས་མཆེ་གཙིགས་སྤྱན་བསྒྲད་རལ་པའི་གསེབ་ན་མེ་སྟག་ཚ་ཚྭ་འཕྲོ་བ་ཞབས་གཉིས་དམ་སྲི་ཕོ་མོའི་སྟེང་ན་སྒེག་པ་འཇིགས་སུ་རུང་བ༔ ཕྱག་གཉིས་ཐུན་དང་ནད་རྐྱལ་བསྣམས་པ་གཟའ་དང་རྒྱུ་སྐར་ལ་གཏད་པའི་བྱད་གཏད་དཀྲོལ་བའི་ལས་ལ་ཆས་པ་གཅིག་བསྐྱེད༔ དེ་ལྟར་གསལ་བའི་དྲང་སྲོང་ཁྱབ་འཇུག་ཆེན་པོའི་ཐུགས་ཀ་ནས་ཀྵ་སྨུག་ནག་མེ་ཡི་རང་བཞིན་ཚ་ངར་དང་ལྡན་པ་རྩ་བའི་སྔགས་ཀྱིས་བསྐོར་བ་བདག་གི་ཐུགས་ཀ་ནས་འོད་ཟེར་སྤྲིན་གྱི་ལྕུག་མ་ལྟར་འཕྲོས་པས་མདུན་བསྐྱེད་ལ་ཕོག༔ དེའི་ཐུགས་ཀ་ནས་འོད་ཟེར་ཚ་ལ་མྱུར་བ་ལྕགས་ཀྱུ་ལྟར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ མཐུ་སྟོབས་ནུས་པའི་དཔུང་བསྐྱེད་མཐུ་ནུས་བྱིན་རླབས་ཐམས་ཅད་བདག་ལ་ཐིམ༔ དྲེགས་པ་ཅན་རྣམས་ལ་ཕོག་པས་བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་བན་བོན་སྔགས་པས་བྱད་དུ་བཅུག་པ་དང་བཅིངས་པ་དང་སྡེ་བརྒྱད་ལ་གཏད་པ༔ ནུས་པ་བཤིགས་པ་ཐམས་ཅད་ཡོངས་སུ་འགྲོལ་བའི་ལས་ལ་ཆས་པར་བསྒོམ་ལ་གཏད་སྤྲུག་པར་བསམ༔ ཨོཾ་བཛྲ་པཱ་ཎི་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཧཱུྃ་ཕཊ༔ ཧྲཱིཿཤག་རུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོམ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛ་ཛ༔ ཡི་དམ་རྩ་བའི་སྔགས་གཤམ་དུ་དྲང་སྲོང་ཆེན་པོའི་སྔགས་རྣམས་གདགས༔ ལྷ་ལ་གཏད་པ་ཁྲོལ་ཁྲོལ༔ གཤིན་རྗེ་ལ་གཏད་པ་ཁྲོལ་ཁྲོལ༔ མ་མོ་ལ་གཏད་པ་ཁྲོལ་ཁྲོལ༔ བདུད་ལ་གཏད་པ་ཁྲོལ་ཁྲོལ༔ གཟའ་ལ་གཏད་པ་ཁྲོལ་ཁྲོལ༔ བཙན་ལ་གཏད་པ་ཁྲོལ་ཁྲོལ༔ རྒྱལ་པོ་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་རྒྱལ་རིགས་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་རྗེ་རིགས་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་བྲམ་ཟེའི་རིགས་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་དམངས་རིགས་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་གདོལ་བའི་རིགས་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་མོ་དུང་སྐྱོང་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་མོ་འོད་ལྡན་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་མོ་མཛེས་བྱེད་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་མོ་ནོར་འཛིན་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་མོ་འཆིང་སྡོམ་མྱོས་པའི་རིགས་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་འཛིན་པ་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་གྱོང་པོ་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་ཞ་བོ་དང་འཕྱེ་བོ་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་གླེན་པ་སྦུར་ལ་གཏད་པ་ཁྲོལ་ཁྲོལ༔ ཀླུ་འཆི་བདག་ནག་པོ་རྙབ་པ་ལག་རིང་ལ་གཏད་པ་ཁྲོལ་ཁྲོལ༔ ལྷ་ཀླུ་ས་བདག་འབྱུང་པོའི་ལག་ཏུ་གཏད་པ་ཁྲོལ་ཅིག༔ ཕྱེས་ཤིག་སྐྱོབས་ཤིག་སྭཱ་ཧཱ༔ ཞེས་ནུས་པ་མ་ཐོན་བར་དུ་བཟླའོ༔ ཡང་ན་བདག་མདུན་རྩ་སྔགས་གཤམ་དུ༔ བན་བོན་སྔགས་པའི་བསམ་སྦྱོར་ངན་པས་ལྷ་སྲིན་སྡེ་བརྒྱད་ལ་མནན་གཏད་བགྱིས་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ ཆུ་མིག་མགོ་དགུའི་ཁ་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ ཆུ་མིག་ལུ་མའི་ཁ་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ གདོལ་བའི་མཚོ་དང་ཆུ་མིག་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ ས་གཉན་གདོང་སྣའི་ཁ་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ བྲག་གཉན་སྲོག་ཆགས་གཟུགས་ཀྱི་ཁ་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ ཤིང་གཉན་ལྷ་འདྲེའི་འདུས་རྫོང་ཁ་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ མེ་གཉན་སྲེག་པའི་ཟོར་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ རླུང་གཉན་བསྐོར་བའི་གསེབ་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ ལབ་རྩེ་གོང་གི་ཁ་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ རྒྱ་མཚོ་དུག་རིགས་ཁ་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ མཆོད་རྟེན་བྱིན་ཆེན་རྩ་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ མཁར་རམ་མཆོད་རྟེན་ནག་པོ་མགོ་ཐུར་བསྟན་ཅ་ཏི་ནག་པོའི་ཞབས་སུ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ སྔགས་པའི་ཐུན་གཏོར་གདོང་ལ་གཏད་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ འབྲུ་དྲུག་སྔགས་ཀྱི་མདུན་དུ་སྒྲུབ་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ ཏིང་འཛིན་དགོངས་པའི་གཟེར་གྱིས་བཅིངས་པ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ མི་སྲུན་གདུག་པའི་དབལ་གྱིས་གཟིར་བ་ཕྱེས་ཕྱེས་ཁྲོལ་ཁྲོལ༔ བྱད་གཏད་མནན་པའི་ལས་ཀ་ཕྱེས་ཕྱེས་ཁྲོལ་ཁྲོལ་སྭཱ་ཧཱ༔ ཡང་ན་འདི་བཞིན་བཟླས༔ ལྷ་ཡིས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ ཀླུ་ཡིས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ གཤིན་རྗེས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ གཟའ་ཡིས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ བཙན་གྱིས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ བདུད་ཀྱིས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ རྒྱལ་པོས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ ཐེ་བྲང་གིས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ དབང་ཕྱུག་ཡབ་ཡུམ་གྱིས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ ཕྲ་མེན་རིགས་བཞིས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ མུ་སྟེགས་ངན་སྔགས་མཁན་གྱིས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ ནང་པ་སངས་རྒྱས་པས་སྤར་བུ་བསྐོར་བའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ ཞང་ཞུང་བོན་པོས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ རྒྱ་གར་ཨ་ཙ་ར་ཡིས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ ཁྲི་འཕོས་དམོད་པའི་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ དམ་ལང་དགྲ་བགེགས་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ བིར་ཡ་དགྲ་བགེགས་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློག་བྷྱོ་ཕཊ༔ མི་དང་མི་མ་ཡིན་པའི་དགྲ་བགེགས་བྱད་མ་རྦོད་གཏོང་ཁྲོལ་ཅིག་བཟློགབྷྱོ་ཕཊ༔ བྱད་ཐམས་ཅད་ཕྱེ་ཕྱེ༔ གཏད་ཐམས་ཅད་ཕྱུང་ཕྱུང༔ བཅིངས་པ་ཐམས་ཅད་ཁྲོལ་ཁྲོལ༔ དེ་ནས་དེ་རྗེས་མན་ངག་བྱད་འགྲོལ་ཡང་སྙིང་ཟབ་མོ་ཅི་ནུས་གདོན་པ་མན་ངག་ཟབ་བོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

དྲང་སྲོང་ཁྱབ་འཇུག་ཆེན་པོ་ཡི༔ ཐུགས་དམ་གནད་ནས་རབ་བསྐུལ་ཏེ༔ བྱད་གཏད་དཀྲོལ་ལ་བསྔགས་པར་འོས༔ བདག་ཉིད་ལྟ་བའི་ཏིང་ངེ་འཛིན་༔ གསལ་བརྟན་ཟབ་མོའི་བསྐྱེད་རིམ་གྱིས༔ རྔ་བརྡུང་མི་རྐང་གླིང་བུ་འབུད༔ སྤོས་དཀར་ར་ཚིལ་དུད་པ་བདུག༔ འཇིགས་རུང་རྔམ་པས་འདི་བཞིན་གྱེར༔ རྫས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བརླབས༔ ཧཱུྃ་བྷྱོ་ཛཿ རང་བྱུང་རིག་པ་ཆོས་ཀྱི་དབྱིངས༔ རྟེན་ཅིང་འབྲེལ་འབྱུང་སྒྱུ་འཕྲུལ་ལས༔ འཇིགས་རུང་དུར་ཁྲོད་རབ་བརྗིད་རྔམ༔ དེ་དབུས་ཁྲག་མཚོ་རུ་ཏི་བཾ༔ ཀྵཿལས་ཁྱབ་འཇུག་འོད་འཕྲོ་ཆེ༔ འཁོར་དང་ཡང་སྤྲུལ་གསལ་བར་བསྐྱེད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་ས་པཱ་རི་ཝ་ར་བཛྲ་ས་མ་ཡཱ་ཛ་ཛ༔ ཧཱུྃ་བྷྱོ་ཛ༔ ཀྱཻ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ དབུས་ཕྱོགས་སྟོང་གི་འཇིག་རྟེན་ན༔ ཐོད་མཁར་འཇིགས་རུང་དུར་ཁྲོད་དབུས༔ དྲང་སྲོང་ཁྱབ་འཇུག་གནས་འདིར་གཤེགས༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཤར་ཕྱོགས་སྟོང་གི་འཇིག་རྟེན་ན༔ རང་བྱུང་དཀྱིལ་འཁོར་ཤར་དབུས་སུ༔ དྲང་སྲོང་ཆེན་པོ་པ་ཝ་སངས༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛ༔ ཀྱཻ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན༔ རང་བྱུང་དཀྱིལ་འཁོར་ལྷོ་དབུས་སུ༔ དྲང་སྲོང་ཆེན་པོ་ཕུར་བུ་པ༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན༔ རང་བྱུང་དཀྱིལ་འཁོར་ནུབ་དབུས་སུ༔ དྲང་སྲོང་ཆེན་པོ་དམག་དཔོན་རྗེ༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ བྱང་ཕྱོགས་སྟོང་གི་འཇིག་རྟེན་ན༔ རང་བྱུང་དཀྱིལ་འཁོར་བྱང་དབུས་སུ༔ དྲང་སྲོང་ཆེན་པོ་ལག་པ་རྒྱལ༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཤར་ལྷོ་སྟོང་གི་འཇིག་རྟེན་ན༔ རང་བྱུང་དཀྱིལ་འཁོར་ཤར་ལྷོའི་མཚམས༔ དྲང་སྲོང་ཆེན་པོ་སུརྱ་འབར༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ལྷོ་ནུབ་སྟོང་གི་འཇིག་རྟེན་ན༔ རང་བྱུང་དཀྱིལ་འཁོར་ལྷོ་ནུབ་མཚམས༔ དྲང་སྲོང་ཆེན་པོ་ཙཎྜ་ཡཱ༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ནུབ་བྱང་སྟོང་གི་འཇིག་རྟེན་ན༔ རང་བྱུང་དཀྱིལ་འཁོར་ནུབ་བྱང་མཚམས༔ དྲང་སྲོང་ཆེན་པོ་བེ་འུའི་རྫི༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ བྱང་ཤར་སྟོང་གི་འཇིག་རྟེན་ན༔ རང་བྱུང་དཀྱིལ་འཁོར་བྱང་ཤར་མཚམས༔ དྲང་སྲོང་ཆེན་པོ་སྒྲ་གཅན་འཛིན༔ ལྷ་སྲིན་སྡེ་བརྒྱད་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ དཀྱིལ་འཁོར་གྱི་ནི་ཕྱོགས་སྐྱོང་བ༔ ཤར་གྱི་སྟག་སྲིན་ཟོར་བའི་གདོང༔ དྲང་སྲོང་རྒྱུ་སྐར་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ དཀྱིལ་འཁོར་གྱི་ནི་ཕྱོགས་སྐྱོང་བ༔ ལྷོ་ཡི་བཾ་སྲིན་དྲེད་མོ་གདོང༔ དྲང་སྲོང་རྒྱུ་སྐར་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་བཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱི་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ དཀྱིལ་འཁོར་གྱི་ནི་ཕྱོགས་སྐྱོང་བ༔ ནུབ་ཀྱི་ཀོང་སྲིན་བ་གླང་གདོང༔ དྲང་སྲོང་རྒྱུ་སྐར་དཔུང་དང་བཅས༔ གནས་འདིར་ན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་བཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་མཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ དཀྱིལ་འཁོར་གྱི་ནི་ཕྱོགས་སྐྱོང་བ༔ བྱང་གི་འབྲོག་སྲིན་ཆུ་སྲིན་གདོང༔ དྲང་སྲོང་རྒྱུ་སྐར་དཔུང་དང་བཅས༔ གནས་འདིར་སྤྱན་གཤེགས་སུ་གསོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ དཀྱིལ་འཁོར་ཕྱི་ཡི་ཁོར་ཡུག་ལ༔ མགྲོན་ཐབས་ལྷ་སྲིན་སྡེ་བརྒྱད་ནི༔ ཕྱི་ནང་གསང་བ་ཡང་གསང་གི༔ དཀོན་མཆོག་སྤྱི་དང་དྲེགས་པའི་སྡེ༔ འདིར་བྱོན་མདོས་གཞིའི་རྟེན་ལ་བཞུགས༔ ཨོཾ་ཨཱ་ཧཱུྃ༔ སྐུ་གསུམ་བརྒྱུད་གསུམ་བླ་མ་དང༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང༔ སྐྱབས་གནས་དཀོན་མཆོག་གསུམ་པོ་དང༔ མཁའ་འགྲོ་ནོར་ལྷ་ཆོས་སྐྱོང་སོགས༔ མཆོད་ཡུལ་གོང་མ་ཐམས་ཅད་ལ༔ མཆོད་སྦྱིན་མདོས་ཆེན་དམ་པ་འབུལ༔ གསེར་སྐྱེམས་ཕུད་དང་གཏོར་མས་བརྔན༔ འདི་མན་གསེར་སྐྱེམས་གཡུ་སྐྱེམས་འོ་ཕུད་འབུལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་མཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམས་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ ལྷ་ཡི་དབང་པོ་བརྒྱ་བྱིན་དང༔ ཀླུ་ཡི་དབང་པོ་དགའ་བོ་དང༔ ལྷ་མིན་དབང་པོ་ཐག་བཟང་རིས༔ མི་འམ་ཅི་ལྗོན་རྟ་མགོ་ཅན༔ གནོད་སྦྱིན་གང་བ་བཟང་པོ་དང༔ མཁའ་ལྡིང་གསེར་མིག་འཁྱིལ་པ་དང༔ ཆོས་སྐྱོང་མ་ཧཱ་ཀ་ལ་དང༔ དྲི་ཟ་ཟུར་ཕུད་ལྔ་པ་སོགས༔ ཕྱི་ཡི་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་སྦྱིན་མདོས་ཆེན་དམ་པ་འབུལ༔ གསེར་སྐྱེམས་ཕུད་དང་གཏོར་མས་བརྔན༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་བཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ ཡབ་གཅིག་བདུད་རྗེ་ནག་པོ་དང༔ བཙན་རྒྱལ་ཡམ་ཤུད་དམར་པོ་དང༔ ཡུལ་ལྷ་ཕྱ་སངས་ཀླུ་སྲས་དང༔ སྲོག་བདག་རྒྱལ་པོ་སྙིང་འབྱིན་དང༔ ཆོས་སྐྱོང་གནོད་སྦྱིན་དམར་པོ་དང༔ ལྷ་མོ་འཇིགས་པའི་གློག་འབྱིན་དང༔ དགེ་བསྙེན་རྡོ་རྗེ་ལེགས་པ་དང༔ དཀར་མོ་ཉི་ཟླའི་ཐོད་ཕྲེང་སོགས༔ ནང་གི་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་སྦྱིན་མདོས་ཆེན་དམ་པ་འབུལ༔ གསེར་སྐྱེམས་ཕུད་དང་གཏོར་མས་བརྔན༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་བཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ བདུད་པོ་ཁ་ཐུན་རཀྴ་དང༔ གཤིན་རྗེ་གཤེད་པོ་དམར་པོ་དང༔ ཀླུ་བདུད་ན་ག་རཱ་ཛ་དང༔ གནོད་སྦྱིན་བཤན་པ་གྲི་ཐོགས་དང༔ མ་མོ་སྲིད་པའི་ཁྲམ་འདེབས་དང༔ བཙན་པོ་ཡམ་ཤུད་སྲོག་ལེན་དང༔ བདུད་པོ་རེ་སྡེ་འགོང་ཡག་དང༔ སྲོག་བདག་དུང་གི་ཐོར་ཚུགས་སོགས༔ གསང་བའི་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་སྦྱིན་མདོས་ཆེན་དམ་པ་འབུལ༔ གསེར་སྐྱེམས་ཕུད་དང་གཏོར་མས་བརྔན༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་བཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་གསོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ༔ སྐར་མཆོག་ཁྲམ་ཤིང་ཁ་འཐོར་དང༔ བདུད་མཆོག་མ་ནུ་རཀྴ་དང༔ བཙན་མཆོག་གྲི་བཙན་འཐུམ་བུ་དང༔ མ་མཆོག་ལྕེ་སྤྱང་དུང་འཛིན་དང༔ ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་དང༔ མགོན་མཆོག་ནག་པོ་ལྟེ་དཀར་དང༔ རྒྱལ་མཆོག་ལི་བྱིན་ཧ་ར་སོགས༔ མཆོག་གི་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་སྦྱིན་མདོས་ཆེན་དམ་པ་འབུལ༔ གསེར་སྐྱེམས་ཕུད་དང་གཏོར་མས་བརྔན༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་བཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ དཔུང་གཡས་དགྲ་ལྷར་སྤྲུལ་པ་དང༔ དཔུང་གཡོན་མ་མོར་སྤྲུལ་པ་དང༔ མཆུ་སོ་བདུད་དུ་སྤྲུལ་པ་དང༔ མགོ་བོ་སྲིན་པོར་སྤྲུལ་པ་དང༔ མཇུག་མ་དམུ་རུ་སྤྲུལ་པ་དང༔ ལག་གཡས་གཤིན་རྗེར་སྤྲུལ་པ་དང༔ ལག་གཡོན་ཀླུ་བཙན་སྤྲུལ་པ་དང༔ མིག་དང་སྙིང་དང་མཆེ་བ་གསུམ༔ གཟའ་བདུད་ཉིད་དུ་སྤྲུལ་པ་སོགས༔ སྤྲུལ་པའི་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་སྦྱིན་མདོས་ཆེན་དམ་པ་འབུལ༔ གསེར་སྐྱེམས་ཕུད་དང་གཏོར་མས་བརྔན༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་བཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མདོས་ཁ་གསོ་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛ༔ ཀྱཻ༔ ས་བདག་ཧལ་ཁྱི་ནག་པོ་དང༔ ཀླུ་བདུད་སྒོ་ར་ནག་པོ་དང༔ ས་ཡི་ལྷ་མོ་བརྟན་མ་དང༔ ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང༔ མགོན་པོ་བདུན་ཅུ་རྩ་ལྔ་དང༔ ཡུལ་འདིའི་གཞི་བདག་ཐམས་ཅད་དང༔ ཕོ་ལྷ་དགྲ་ལྷ་སྲོག་ལྷ་དང༔ མ་ལྷ་མ་སྨན་ལ་སོགས་པའི༔ སྣང་སྲིད་སྡེ་བརྒྱད་འཁོར་བཅས་ལ༔ མཆོད་སྦྱིན་མདོས་ཆེན་དམ་པ་འབུལ༔ གསེར་སྐྱེམས་ཕུད་དང་གཏོར་མས་བརྔན༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ན་ག་རཀྴ་རྦད༔ གཡས་ཀྱི་བཀའ་ཉན་ཀླུ་མཆོག་རྒྱལ༔ སྦལ་མགོ་ཁྲག་མིག་མཐུ་བོ་ཆེ༔ ཀླུ་ཆེན་བརྒྱད་པོ་ལས་ལ་མངག༔ གཉན་དང་གཏོད་སྡེ་ཕོ་ཉར་འགྱེད༔ ཀླུ་ནོར་ཉེར་གཅིག་ཆོ་འཕྲུལ་སྟོན༔ ཁྱེད་རྣམས་དཔལ་གྱི་བཀའ་ཉན་པ༔ སྐུ་གླུད་མདོས་ཆེན་འདི་བཞེས་ཤིག༔ ཀླུ་སྨན་སྐྱེམས་ཕུད་བཤོས་བུས་བརྔན༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿརཀྴ་ཛྭ་ལ་རྦད༔ གཡོན་གྱི་བཀའ་ཉན་སྲིན་པོ་འབར༔ མི་སྲུན་རཀྴའི་གདོང་པ་ཅན༔ ཁྲམ་ཁ་བསྒྱུར་བའི་མཐུ་བོ་ཆེ༔ འདྲེ་སྲིན་མི་མིན་ལས་ལ་མངག༔ དཀར་ཕྱོགས་ཡུལ་ལྷ་ཕོ་ཉར་འགྱེད༔ སྐྱིན་འདིང་སེར་བའི་ཆོ་འཕྲུལ་འགྱེད༔ ཁྱེད་རྣམས་ཁྱབ་འཇུག་བཀའ་ཉན་པ༔ སྐུ་གླུད་མདོས་ཆེན་འདི་བཞེས་ཤིག༔ དམར་ཆེན་ཁྲག་དང་གཏོར་མས་བརྔན༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ ནམ་མཁའ་ཡངས་པའི་ད་ལ་ནས༔ ཤར་ཕྱོགས་ཤིང་གི་རྒྱུ་སྐར་བདུན༔ རྒྱལ་བློན་འཁོར་བཅས་འདིར་བྱོན་ལ༔ ལོངས་སྤྱོད་མཐུན་པའི་མདོས་འདི་བཞེས༔ ཀོ་ལོང་རུ་ངའི་གདུག་པ་ཁྲོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཤིང་ཁམས་སྤར་ཁ་སྨེ་བ་རྩུབ༔ དམེ་གྲིབ་ཡུག་གྲིབ་སྐྱ་མདའ་ཡི༔ མི་མཐུན་གཡུལ་ངོ་དབྱིངས་སུ་སོལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ ནམ་མཁའ་ཡངས་པའི་ད་ལ་ནས༔ ལྷོ་ཕྱོགས་མེ་ཡི་རྒྱུ་སྐར་བདུན༔ རྒྱལ་བློན་འཁོར་བཅས་འདིར་བྱོན་ལ༔ ལོངས་སྤྱོད་མཐུན་པའི་མདོས་འདི་བཞེས༔ ཀོ་ལོང་རུ་ངའི་གདུག་པ་ཁྲོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ མེ་ཁམས་སྤར་ཁ་སྨེ་བ་རྩུབ༔ དམེ་གྲིབ་ཡུག་གྲིབ་སྐྱ་མདའ་ཡི༔ མི་མཐུན་གཡུལ་ངོ་དབྱིངས་སུ་སོལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ ནམ་མཁའ་ཡངས་པའི་ད་ལ་ནས༔ ནུབ་ཕྱོགས་ལྕགས་ཁམས་རྒྱུ་སྐར་བདུན༔ རྒྱལ་བློན་འཁོར་བཅས་འདིར་བྱོན་ལ༔ ལོངས་སྤྱོད་མཐུན་པའི་མདོས་འདི་བཞེས༔ ཀོ་ལོང་རུ་ངའི་གདུག་པ་ཁྲོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ལྕགས་ཁམས་སྤར་ཁ་སྨེ་བ་རྩུབ༔ དམེ་གྲིབ་ཡུག་གྲིབ་སྐྱ་མདའ་ཡི༔ མི་མཐུན་གཡུལ་ངོ་དབྱིངས་སུ་སོལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ ནམ་མཁའ་ཡངས་པའི་ད་ལ་ནས༔ བྱང་གི་ཆུ་ཁམས་རྒྱུ་སྐར་བདུན༔ རྒྱལ་བློན་འཁོར་བཅས་འདིར་བྱོན་ལ༔ ལོངས་སྤྱོད་མཐུན་པའི་མདོས་འདི་བཞེས༔ ཀོ་ལོང་རུ་ངའི་གདུག་པ་ཁྲོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ཆུ་ཁམས་སྤར་ཁ་སྨེ་བ་རྩུབ༔ དམེ་གྲིབ་ཡུག་གྲིབ་སྐྱ་མདའ་ཡི༔ མི་མཐུན་གཡུལ་ངོ་དབྱིངས་སུ་སོལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་གསོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེན་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛཿ ཀྱཻ༔ ནམ་མཁའ་ཡངས་པའི་ད་ལ་ནས༔ མཚམས་བཞིར་གནས་པའི་སྐར་ཚོགས་གཟའ༔ ས་ཁམས་ལ་གནས་རྒྱུ་སྐར་ཕྲེང༔ རྒྱལ་བློན་འཁོར་བཅས་འདིར་བྱོན་ལ༔ ལོངས་སྤྱོད་མཐུན་པའི་མདོས་འདི་བཞེས༔ ཀོ་ལོང་རུ་ངའི་གདུག་པ་ཁྲོལ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ས་ཁམས་སྤར་ཁ་སྨེ་བ་རྩུབ༔ དམེ་གྲིབ་ཡུག་གྲིབ་སྐྱ་མདའ་ཡི༔ མི་མཐུན་གཡུལ་ངོ་དབྱིངས་སུ་སོལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་གསོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ ཧཱུྃ་བྷྱོ་ཛ༔ ཀྱཻ༔ ས་སྤྱོད་བདེ་ཆེན་གནས་མཆོག་ནས༔ སངས་རྒྱས་བསྟན་སྐྱོང་བཀའ་ཡི་འཁོར༔ ལེགས་ཉེས་སྟངས་འཛིན་དམ་ཚིག་ཅན༔ གཙང་རིས་དཔལ་མགོན་བདུན་ཅུའི་ཚོགས༔ སྤྲུལ་པ་འཁོར་དང་ཡང་འཁོར་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མཆོད་སྦྱིན་མདོས་ཆེན་འདི་བཞེས་ཤིག༔ གསེར་གཡུའི་སྐྱེམས་དང་གཏོར་མས་བརྔན༔ ཞིང་བཅུ་ཚང་དང་ཉམས་པ་བདུན༔ སྐུ་དགྲ་རྣམ་ལྔ་ཆམ་ལ་ཕོབ༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ ས་ཁམས་སྤར་ཁ་སྨེ་བ་རྩུབ༔ དམེ་གྲིབ་ཡུག་གྲིབ་སྐྱ་མདའ་ཡི༔ མི་མཐུན་གཡུལ་ངོ་དབྱིངས་སུ་སོལ༔ ཡོན་བདག་བསམ་པ་འགྲུབ་པ་དང༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང༔ བན་བོན་བྱད་མ་གཞོམ་པ་དང༔ ཕུར་ཁ་ཟོར་སྣ་ཕྱིར་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་རྒྱ་ཤིགས་ལ་བྱད་ཐག་ཆོད༔ བྱད་ཁྲམ་ཆོག་ལ་ཐ་རམ་ཁྲོལ༔ བྱད་མ་ཁྲག་སྐྱུག་གྲི་རུ་སོད༔ བསམ་ངན་གདུག་རྩུབ་དགྲ་ལ་ཟོར༔ སྣང་སྲིད་མདོས་ཆེན་རྒྱན་གྱིས་བརྒྱན༔ མདོས་ཀྱི་ངོ་བོ་སྟོང་པ་ཉིད༔ མདོས་ཀྱི་རང་བཞིན་ལྷུན་གྱིས་གྲུབ༔ རང་བྱུང་ལྷུན་གྲུབ་མདོས་ཆེན་འདིས༔ བླ་མ་ཡི་དམ་དཀོན་མཆོག་མཆོད༔ མཁའ་འགྲོ་དམ་ཅན་ཐུགས་དམ་བསྐང༔ ལྷ་སྲིན་སྡེ་བརྒྱད་མཉེས་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ལན་ཆགས་ཤ་འཁོན་དག་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ འགལ་རྐྱེན་བར་ཆད་དབྱིངས་སུ་སོལ༔ ལས་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ ཡས་བདག་རྣམས་ཀྱིས་ཡས་བཞེས་ཤིག༔ མདོས་བདག་རྣམས་ཀྱིས་མདོས་ཁྱེར་ཅིག༔ ནད་ཁ་ཡམས་ཁ་དགྲ་ལ་བསྒྱུར༔ ཆགས་ཆེ་ཉམ་ང་བགེགས་ལ་བྷྱོ༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ ཀྵཿརཀྴ་ར་ཧུ་ལ་པྲ་མ་ཎ་དགྲ་བགེགས་བྱད་མ་བཟློག་བྷྱོ་རྦད༔ སྤྲོ་ན་འདིར་གཟའི་གཉེར་གཏད་འདོན༔ ཆོས་སྦྱིན་འདོན༔ དྲང་སྲོང་ཁྱབ་འཇུག་གཙོར་བསྔགས་པའི༔ སྡེ་བརྒྱད་ལྷ་སྲིན་འབྱུང་པོ་ཡི༔ དྲེགས་ཚོགས་ལ་བརྟེན་གཏད་མནན་འགྲོལ༔ ཡང་བཅུད་གདམས་པའི་ཉིང་ཁུ་འདི༔ རང་བྱུང་སྤྲུལ་སྐུ་ཆོས་རྒྱལ་རྗེ༔ པདྨ་རྒྱལ་པོས་མཚོ་རྒྱལ་དང༔ ཨ་ཙར་ཡེ་ཤེས་དབྱངས་ལ་གདམས༔ མ་འོངས་རྩུབ་འགྱུར་ལྔ་བདོའི་དུས༔ རིག་འཛིན་གཞན་ལ་ཕན་པའི་བུ༔ མཁའ་འགྲོའི་སྤྲུལ་པས་ལེགས་པར་སྤེལ༔ ཆོས་ལ་དབང་བས་ཞལ་ཤེས་དཔྱོད༔ འཕྱུག་མེད་འཁྲུགས་པ་དཀྱུས་སུ་དྲོངས༔ བྱད་གཏད་འགྲོལ་བའི་མན་ངག་ནི༔ ས་སྟེང་དཀོན་པའི་མན་ངག་ཡིན༔ དྲང་སྲོང་ཆེན་པོས་བཀའ་འདི་སྲུངས༔ བཀའ་རྐུན་ལོག་པའི་སྙིང་ཁྲག་འཐུང༔ ཆོས་ལ་དབང་བ་སྲུངས་ཤིག་རྒྱ༔ དེ་དང་དེ་ཡི་རྗེས་འབྲེལ་དུ༔ དྲག་པོའི་ཁྲམ་ཤིང་ཕྱི་བདར་གྲུབ༔ ལག་ལེན་སྔོན་གྱི་མཐོང་བརྒྱུད་བཞིན༔ འཕྱུག་མེད་ཟུར་དུ་བཀོལ་ལ་ལྟོས༔ འཆི་བསླུ་གཤིན་རྗེའི་ཚོང་པ་ཟློག༔ བཀའ་གཏེར་གང་འོས་དཀྱུས་བཞིན་བྱ༔ དེས་ནི་སྣང་སྲིད་ལྷ་འདྲེ་ཡི༔ མནན་གཏད་ཁྲམ་ཁ་མི་བཟློག་མེད༔ ལེགས་པའི་ངོ་མཚར་རྨད་བྱུང་གཏེར༔ འབྱུང་འགྱུར་གཏེར་གྱི་ཁྱད་ཆོས་ཡིན༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ ས་མ་ཡཱ༔ བརྡ་ཐིམ༔ གུ་ཧྱ༔ དྲང་སྲོང་ཆེན་པོའི་མདོས་ཀྱི་སྒོ་དབྱེ་ཚད་མེད་བཞིའི་གསང་ལམ་ནི༔ ཛ༔ ཤར་ཕྱོགས་སྒོ་མ་བྱམས་པའི་ལྕགས་ཀྱུ་ཅན༔ མེ་ལོང་ཡེ་ཤེས་མདོས་ཀྱི་སྒོ་ཕྱེས་ལ༔ ཞེ་སྡང་རྒྱལ་འགོང་སྟེང་དུ་མདོས་སྣ་བསྒྱུར༔ རྡོ་རྗེ་འབར་བས་དགྲ་གདོན་ཆམ་ལ་ཕོབ༔ ཧཱུྃ༔ ལྷོ་ཕྱོགས་སྒོ་མ་སྙིང་རྗེའི་ཞགས་པ་ཅན༔ མཉམ་ཉིད་ཡེ་ཤེས་མདོས་ཀྱི་སྒོ་ཕྱེས་ལ༔ ང་རྒྱལ་གཤིན་རྗེའི་སྟེང་དུ་མདོས་སྣ་དྲོངས༔ ནོར་བུ་འབར་བས་དགྲ་གདོན་ཆམ་ལ་ཕོབ༔ བཾ༔ ནུབ་ཕྱོགས་སྒོ་མ་དགའ་བའི་ལྕགས་སྒྲོག་ཅན༔ སོར་རྟོག་ཡེ་ཤེས་མདོས་ཀྱི་སྒོ་ཕྱེས་ལ༔ འདོད་ཆགས་མོ་གདོན་སྟེང་དུ་མདོས་སྣ་དྲོངས༔ པདྨའི་མཚོན་གྱིས་དགྲ་གདོན་ཆམ་ལ་ཕོབ༔ ཧོ༔ བྱང་ཕྱོགས་སྒོ་མ་བཏང་སྙོམ་དྲིལ་བུ་ཅན༔ བྱ་གྲུབ་ཡེ་ཤེས་མདོས་ཀྱི་སྒོ་ཕྱེས་ལ༔ ཕྲག་ཏོག་དམ་སྲིའི་སྟེང་དུ་མདོས་སྣ་དྲོངས༔ རྒྱ་གྲམ་བརྗིད་པས་དགྲ་གདོན་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གིས་སྔགས་དང་ཕྱག་རྒྱ་ཡིས༔ བྱིན་གྱིས་བརླབས་པའི་མདོས་རྫས་གསེར་སྐྱེམས་འདི༔ སྣང་སྲིད་ལྷ་སྲིན་དཀར་ཕྱོགས་སྐྱོང་རྣམས་བཞེས༔ རྣལ་འབྱོར་བདག་གི་གཟུ་དང་དཔང་པོ་མཛོད༔ དྲང་སྲོང་དྲེགས་པ་སྡེ་བརྒྱད་མདོས་ཟོར་འདི༔ མི་བསྲུན་དམ་སྲི་བྱད་མའི་སྟེང་དུ་བྷྱོ༔ བྱད་མ་ཚང་དཀྲུགས་གཏད་མནན་བཅིངས་པ་ཁྲོལ༔ མི་མཐུན་གཡུལ་ལས་རྒྱལ་བའི་ཕྲིན་ལས་མཛོད༔ དེ་ནས་མདོས་ཀྱི་ལམ་བསྟན་ནི༔ རྣལ་འབྱོར་སྔགས་ཀྱི་ཆས་སུ་ཞུགས༔ དཀར་གཏོར་གསེར་སྐྱེམས་ཕུད་རྒོད་ཀྱི༔ ཟེགས་མ་ཕྱོགས་སུ་གཏོར་བྱས་ནས༔ ཀྱཻ༔ མདོས་ཀྱི་ལམ་བསྟན་གང་དུ་སྟོན༔ མདོས་ཀྱི་ལམ་བསྟན་ཤར་དུ་སྟོན༔ དྲི་ཟ་ལས་བྱུང་གཏད་མནན་ཁྲོལ༔ ཤར་གྱི་བྱད་མ་རྦོད་གཏོང་བཟློག༔ ཀྱཻ༔ མདོས་ཀྱི་ལམ་བསྟན་གང་དུ་སྟོན༔ མདོས་ཀྱི་ལམ་བསྟན་ལྷོ་རུ་སྟོན༔ གཤིན་རྗེ་ལས་བྱུང་གཏད་མནན་ཁྲོལ༔ ལྷོ་ཡི་བྱད་མ་རྦོད་གཏོང་བཟློག༔ ཀྱཻ༔ མདོས་ཀྱི་ལམ་བསྟན་གང་དུ་སྟོན༔ མདོས་ཀྱི་ལམ་བསྟན་ནུབ་ཏུ་སྟོན༔ ཀླུ་དབང་ལས་བྱུང་གཏད་མནན་ཁྲོལ༔ ནུབ་ཀྱི་བྱད་མ་རྦོད་གཏོང་བཟློག༔ ཀྱཻ༔ མདོས་ཀྱི་ལམ་བསྟན་གང་དུ་སྟོན༔ མདོས་ཀྱི་ལམ་བསྟན་བྱང་དུ་སྟོན༔ གནོད་སྦྱིན་ལས་བྱུང་གཏད་མནན་ཁྲོལ༔ བྱང་གི་བྱད་མ་རྦོད་གཏོང་བཟློག༔ ཀྱཻ༔ མདོས་ཀྱི་ལམ་བསྟན་གང་དུ་སྟོན༔ མདོས་ཀྱི་ལམ་བསྟན་མཚམས་སུ་སྟོན༔ མེ་ལྷ་སྲིན་པོ་རླུང་ལྷ་དང༔ དབང་ལྡན་ས་བདག་ལས་བྱུང་མནན༔ མཚམས་བཞིའི་བྱད་མ་རྦོད་གཏོང་བཟློག༔ སྡེ་བརྒྱད་དམག་དྲོངས་ཟ་བའི་འདྲེ་ལ་དྲོངས༔ ལྷ་སྲིན་དམག་དྲོངས་གནོད་པའི་བགེགས་ལ་དྲོངས༔ བྱད་མ་ལྷ་སྲུང་གཞོམ་པའི་དཔའ་རྩལ་ཕྱུངས༔ གནོད་བྱེད་དགྲ་གདོན་བཟློག་པའི་ནུས་མཐུ་སྐྱེད༔ མ་འདའ་བཛྲ་དྲང་སྲོང་ཁྱབ་འཇུག་བྷྱོ༔ ཅེས་ལོ་བདུད་འདྲེ་ལྔའི་ཕྱོགས་སུ་འམ༔ མནན་གཏད་བྱེད་པའི་ཕྱོགས་སུ་བསྐྱལ༔ རྟགས་མཚན་མྱུར་དུ་འབྱུང་བར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱི་ལམ་བཅད་པ་ནི༔ ཧཱུྃ་བྷྱོ་ཛ༔ ང་ནི་གསང་བདག་རྡོ་རྗེ་འཛིན༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ ཁྲོ་མཆོག་རྒྱལ་པོ་བི་ད་ར༔ འཇིག་རྟེན་དྲེགས་པ་ཡོངས་ཀྱི་རྗེ༔ ལྷ་སྲིན་སྡེ་བརྒྱད་སྲོག་ལ་དབང༔ ཧཱུྃ་ཧཱུྃ་ཧཱུྃ༔ སྒྱུ་འཕྲུལ་བཀའ་ཡི་བསྲུང་མ་ཆེ༔ དྲང་སྲོང་ཁྱབ་འཇུག་འོད་འཕྲོ་བ༔ སྨུག་ནག་དུད་ཁ་འཇིགས་པའི་གཟུགས༔ མེ་འབར་ཐོག་སེར་གློག་འོད་འཁྱུག༔ གཟའ་བརྒྱད་གདོང་མོ་སྐར་ལྟར་བཀྲ༔ ཁྱེད་རྣམས་རྫུ་འཕྲུལ་སྟོབས་ལ་དབང༔ གདུག་རྩུབ་དྲག་པོས་ཕྱི་ལམ་ཆོད༔ ཁྱུང་གི་ཚྭ་ཚྭ་ཕྱོགས་ཀུན་འཁྲིགས༔ ས་བདག་ཀླུ་ཡི་གདུག་པ་བཟློག༔ ལྷ་སྲིན་གདུག་པའི་ཕྱི་ལམ་ཆོད༔ མི་མཐུན་བགེགས་ཀྱི་ཕྱི་ལམ་ཆོད༔ ཆོས་སྲིད་བར་ཆད་ཕྱི་ལམ་ཆོད༔ བཀྲ་མི་ཤིས་པའི་ཕྱི་ལམ་ཆོད༔ ཐན་ལྟས་ཆོ་འཕྲུལ་ཕྱི་ལམ་ཆོད༔ མདོར་ན་འཇིག་རྟེན་འདི་དག་ལ༔ ལུས་སེམས་བདེ་བ་འཕྲོག་བྱེད་པའི༔ བར་དུ་གཅོད་པ་ཐམས་ཅད་དང༔ མི་མཐུན་གཡུལ་ངོ་དབྱིངས་སུ་སོལ༔ མི་མིན་ནག་ཕྱོགས་གཡོན་དུ་ཕམ༔ འགོ་བའི་ལྷ་སྲུང་གཡས་སུ་རྒྱལ༔ སངས་རྒྱས་ཆོས་ཀྱི་བསྟན་པ་དར༔ མུ་སྟེགས་ལོག་རྟོག་གཡོན་དུ་ཕམ༔ རྣལ་འབྱོར་བདག་ཅག་གྱེན་དུ་རྒྱལ༔ མི་ཁ་བྱུར་འདྲེ་གཡོན་དུ་ཕམ༔ སངས་རྒྱས་བདུད་ལས་རྒྱལ་བ་ལྟར༔ རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ༔ ཅེས་དང་གཞན་ནས་བྱུང་བ་བཞིན༔ རྒྱལ་དབྱངས་བཀྲ་ཤིས་སྨོན་ལམ་བྱ༔ རང་བྱུང་དགོངས་ཀློང་ཡངས་པ་ནས༔ རིག་རྩལ་རྡོ་རྗེའི་བརྡ་གླུ་འཁྲོལ༔ སྐྱེ་མེད་དག་པའི་བརྡ་རིས་ལས༔ ལྷུན་གྲུབ་ཡི་གེའི་གཟུགས་སུ་བསྟན༔ མ་དང་ཌཱཀྐིས་གནང་བ་བྱིན༔ སྔོན་སྦྱངས་སྨོན་ལམ་དག་པའི་བུ༔ ཆོས་བདག་སྐྱེས་བུའི་དཔལ་དུ་སྦྱིན༔ ཨ་ལ་ལ་ཧོ་ས་མ་ཡཱ༔ བཀའ་བསྲུང་དྲེགས་པ་ཁྱབ་འཇུག་གིས༔ འཚོས་ཤིག་སྤེལ་ཅིག་དམ་ཚིག་ཅན༔ བཀའ་རྐུན་ལོག་པའི་དབང་པོ་སྣུབས༔ ཡ་རབས་སྐལ་ལྡན་སྲུངས་ཤིག་རྒྱ༔ མནྟྲ་གུ་ཧྱ༔ བརྡ་ཐིམ༔ ཅེས་རང་བྱུང་དགོངས་ཀློང་ཡངས་པའི་བརྡ་རིས་ལས་བབས་པ་དུས་ངན་སྙིགས་མའི་འགྲོ་བ་སྐྱོབས་པའི་ཟབ་ཆོས་དྲང་སྲོང་ཁྱབ་འཇུག་ཆེན་པོའི་ལས་མཐའ་གཏད་མནན་བཀྲོལ་བའི་མན་ངག་འདི་ཉིད་ཆོས་ཀྱི་བདག་པོ་རིག་གྲོལ་སོགས་ལས་ཅན་གྱི་སྐྱེས་བུ་ཚོས་བསྐུལ་ངོར་མཁའ་འགྲོའི་གསང་མཛོད་ལ་དབང་བའི་སྤྲུལ་པའི་གཏེར་སྟོན་གཞན་ཕན་ཐུབ་བསྟན་ཉི་མ་དཔལ་བཟང་པོས་སུ་བདེ་རིག་འཛིན་ཆོས་གླིང་ནས་སུག་བྲིས་བགྱིས་ཏེ་ལེགས་པར་ཕབ་པས་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག་གུ། བྷ་ཝན་ཏུ།


previousདྲང་སྲོང་ཁྱབ་འཇུག་ཆེན་པོའི་བྱད་གཏད་འགྲོལ་བའི་མན་ངག་གནམ་ལྕགས་སྤུ་གྲིའི་འཁོར་ལོ།next