Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དྲེགས་པ་སྡེ་བརྒྱད་ཀྱི་ཁྲམ་ཕྱི་བཞར་བཀྲུ་བ།
  
29   
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲེགས་པ་སྡེ་བརྒྱད་ཀྱི་ཁྲམ་ཕྱི་བཞར་བཀྲུ་བ།next

དྲེགས་པ་སྡེ་བརྒྱད་ཀྱི་ཁྲམ་ཕྱི་བཞར་བཀྲུ་བ།

ཡང་གསང་མཁའ་འགྲོའི་ཆ་ལག་ཐུགས་ཐིག་ལས༔ དྲང་སྲོང་དྲེགས་པ་སྡེ་བརྒྱད་ཀྱི་ཁྲམ་ཤིང་ཕྱི་བ་ཕྱིས་བཞར་བཀྲུ་བ་སོགས་ལག་ལེན་ལྟར་དུ༔ ཧཱུྃ་ཛཿ ཀྵཿ རྣལ་འབྱོར་སྔགས་འཆང་བདག་ཅག་དང༔ རྒྱུ་སྦྱོར་ཡོན་བདག་མི་ནོར་འཁོར༔ བདག་ལ་ལྟོས་བཅས་བསྲུང་བྱ་ལ༔ རྒྱ་གར་ཆོས་ཀྱི་བྱད་ཟོར་དང༔ རྒྱ་ནག་གཙུག་ལག་བྱད་ཟོར་གཏད༔ ནང་པ་སངས་རྒྱས་བྱད་ཟོར་གཏད༔ ཞང་ཞུང་བོན་པོའི་བྱད་ཟོར་གཏད༔ བནྡྷེ་ཡོངས་ཀྱི་བྱད་ཟོར་གཏད༔ སྔགས་པ་ཕུར་ཐོགས་བྱད་ཟོར་གཏད༔ མུ་སྟེགས་སྡེ་དྲུག་བྱད་ཟོར་གཏད༔ དྲང་སྲོང་བརྒྱད་ཀྱི་བྱད་ཟོར་གཏད༔ སྣང་སྲིད་ལྷ་འདྲེའི་བྱད་ཟོར་གཏད༔ དྲང་སྲོང་ཁྱབ་འཇུག་འོད་འཕྲོ་དང༔ རྩ་གསུམ་སྲུང་མའི་བདེན་མཐུ་ཡིས༔ བྱད་ཐག་ཆོད་ལ་བཅིངས་པ་ཁྲོལ༔ ཁྲམ་བྱང་ཕྱིས་ལ་ཁྲམ་རིས་ཞོར༔ ཁྲམ་ཤིང་ཆོག་ལ་ཁྲམ་སྣ་བཟློག༔ ཁྲམ་ཁ་བསྒྱུར་ལ་བྱད་མ་སོད༔ ཁྲམ་གྱི་ཐ་རམ་བཀྲོལ་དུ་གསོལ༔ ཁྲམ་གྱི་ཡི་གེ་འཁྲུད་དུ་གསོལ༔ ཕོ་བདུད་ཁྲམ་ཁ་གཡས་སུ་བསྒྱུར༔ མོ་བདུད་ཁྲམ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་ཁྲམ་ཁ་མཁའ་ལ་བསྒྱུར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སྒྲ་གཅན་འཛིན་སརྦ་ཁྲམ་ཁ་ཕྱེས་ཤིག་སྒྱུར་ཅིག་ཤནྟིཾ་ཀུ་རུ་སྭཱཧཱ༔ ཧཱུྃ་ཛཿ ཀྵཿ རྣལ་འབྱོར་སྔགས་འཆང་བདག་ཅག་དང༔ རྒྱུ་སྦྱོར་ཡོན་བདག་མི་ནོར་འཁོར༔ བདག་ལ་ལྟོས་བཅས་བསྲུང་བྱ་ལ༔ རྒྱ་གར་ཆོས་ཀྱི་བྱད་ཟོར་དང༔ རྒྱ་ནག་གཙུག་ལག་བྱད་ཟོར་གཏད༔ ནང་པ་སངས་རྒྱས་བྱད་ཟོར་གཏད༔ ཞང་ཞུང་བོན་པོའི་བྱད་ཟོར་གཏད༔ བནྡྷེ་ཡོངས་ཀྱི་བྱད་ཟོར་གཏད༔ སྔགས་པ་ཕུར་ཐོགས་བྱད་ཟོར་གཏད༔ མུ་སྟེགས་སྡེ་དྲུག་བྱད་ཟོར་གཏད༔ དྲང་སྲོང་བརྒྱད་ཀྱི་བྱད་ཟོར་གཏད༔ སྣང་སྲིད་ལྷ་འདྲེའི་བྱད་ཟོར་གཏད༔ དྲང་སྲོང་ཁྱབ་འཇུག་འོད་འཕྲོ་དང༔ དྲང་སྲོང་ཕུར་བུ་འཁོར་དང་བཅས༔ རྩ་གསུམ་སྲུང་མའི་བདེན་མཐུ་ཡིས༔ བྱད་ཐག་ཆོད་ལ་བཅིངས་པ་ཁྲོལ༔ ཁྲམ་བྱང་ཕྱིས་ལ་ཁྲམ་རིས་ཞོར༔ ཁྲམ་ཤིང་ཆོག་ལ་ཁྲམ་སྣ་བཟློག༔ ཁྲམ་ཁ་བསྒྱུར་ལ་བྱད་མ་སོད༔ ཁྲམ་གྱི་ཐ་རམ་བཀྲོལ་དུ་གསོལ༔ ཁྲམ་གྱི་ཡི་གེ་འཁྲུད་དུ་གསོལ༔ ཕོ་བདུད་ཁྲམ་ཁ་གཡས་སུ་བསྒྱུར༔ མོ་བདུད་ཁྲམ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་ཁྲམ་ཁ་མཁའ་ལ་བསྒྱུར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སྒྲ་གཅན་འཛིན་སརྦ་ཁྲམ་ཁ་ཕྱེས་ཤིག་སྒྱུར་ཅིག་ཤནྟིཾ་ཀུ་རུ་སྭཱཧཱ༔ ཧཱུྃ་ཛཿ ཀྵཿ རྣལ་འབྱོར་སྔགས་འཆང་བདག་ཅག་དང༔ རྒྱུ་སྦྱོར་ཡོན་བདག་མི་ནོར་འཁོར༔ བདག་ལ་ལྟོས་བཅས་བསྲུང་བྱ་ལ༔ རྒྱ་གར་ཆོས་ཀྱི་བྱད་ཟོར་དང༔ རྒྱ་ནག་གཙུག་ལག་བྱད་ཟོར་གཏད༔ ནང་པ་སངས་རྒྱས་བྱད་ཟོར་གཏད༔ ཞང་ཞུང་བོན་པོའི་བྱད་ཟོར་གཏད༔ བནྡྷེ་ཡོངས་ཀྱི་བྱད་ཟོར་གཏད༔ སྔགས་པ་ཕུར་ཐོགས་བྱད་ཟོར་གཏད༔ མུ་སྟེགས་སྡེ་དྲུག་བྱད་ཟོར་གཏད༔ དྲང་སྲོང་བརྒྱད་ཀྱི་བྱད་ཟོར་གཏད༔ སྣང་སྲིད་ལྷ་འདྲེའི་བྱད་ཟོར་གཏད༔ དྲང་སྲོང་ཁྱབ་འཇུག་འོད་འཕྲོ་བ༔ པ་ཝ་སངས་ནི་འཁོར་དང་བཅས༔ རྩ་གསུམ་སྲུང་མའི་བདེན་མཐུ་ཡིས༔ བྱད་ཐག་ཆོད་ལ་བཅིངས་པ་ཁྲོལ༔ ཁྲམ་བྱང་ཕྱིས་ལ་ཁྲམ་རིས་ཞོར༔ ཁྲམ་ཤིང་ཆོག་ལ་ཁྲམ་སྣ་བཟློག༔ ཁྲམ་ཁ་བསྒྱུར་ལ་བྱད་མ་སོད༔ ཁྲམ་གྱི་ཐ་རམ་བཀྲོལ་དུ་གསོལ༔ ཁྲམ་གྱི་ཡི་གེ་འཁྲུད་དུ་གསོལ༔ ཕོ་བདུད་ཁྲམ་ཁ་གཡས་སུ་བསྒྱུར༔ མོ་བདུད་ཁྲམ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་ཁྲམ་ཁ་མཁའ་ལ་བསྒྱུར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སྒྲ་གཅན་འཛིན་སརྦ་ཁྲམ་ཁ་ཕྱེས་ཤིག་སྒྱུར་ཅིག་ཤནྟིཾ་ཀུ་རུ་སྭཱཧཱ༔ ཧཱུྃ་ཛཿ ཀྵཿ རྣལ་འབྱོར་སྔགས་འཆང་བདག་ཅག་དང༔ རྒྱུ་འབྱོར་ཡོན་བདག་མི་ནོར་འཁོར༔ བདག་ལ་ལྟོས་བཅས་བསྲུང་བྱ་ལ༔ རྒྱ་གར་ཆོས་ཀྱི་བྱད་ཟོར་དང་༔ རྒྱ་ནག་གཙུག་ལག་བྱད་ཟོར་གཏད༔ ནང་པ་སངས་རྒྱས་བྱད་ཟོར་གཏད༔ ཞང་ཞུང་བོན་པོའི་བྱད་ཟོར་གཏད༔ བནྡྷེ་ཡོངས་ཀྱི་བྱད་ཟོར་གཏད༔ སྔགས་པ་ཕུར་ཐོགས་བྱད་ཟོར་གཏད༔ མུ་སྟེགས་སྡེ་དྲུག་བྱད་ཟོར་གཏད༔ དྲང་སྲོང་བརྒྱད་ཀྱི་བྱད་ཟོར་གཏད༔ སྣང་སྲིད་ལྷ་འདྲེའི་བྱད་ཟོར་གཏད༔ དྲང་སྲོང་ཁྱབ་འཇུག་འོད་འཕྲོ་བ༔ དྲང་སྲོང་དམག་དཔོན་ཆེན་པོ་དང༔ རྩ་གསུམ་སྲུང་མའི་བདེན་མཐུ་ཡིས༔ བྱད་ཐག་ཆོད་ལ་བཅིངས་པ་ཁྲོལ༔ ཁྲམ་བྱང་ཕྱིས་ལ་ཁྲམ་རིས་ཞོར༔ ཁྲམ་ཤིང་ཆོག་ལ་ཁྲམ་སྣ་བཟློག༔ ཁྲམ་ཁ་བསྒྱུར་ལ་བྱད་མ་སོད༔ ཁྲམ་གྱི་ཐ་རམ་བཀྲོལ་དུ་གསོལ༔ ཁྲམ་གྱི་ཡི་གེ་འཁྲུད་དུ་གསོལ༔ ཕོ་བདུད་ཁྲམ་ཁ་གཡས་སུ་བསྒྱུར༔ མོ་བདུད་ཁྲམ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་ཁྲམ་ཁ་མཁའ་ལ་བསྒྱུར༔ བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སྒྲ་གཅན་འཛིན་སརྦ་ཁྲམ་ཁ་ཕྱེས་ཤིག་སྒྱུར་ཅིག་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ་ཛཿ ཀྵཿ རྣལ་འབྱོར་སྔགས་འཆང་བདག་ཅག་དང༔ རྒྱུ་སྦྱོར་ཡོན་བདག་མི་ནོར་འཁོར༔ བདག་ལ་ལྟོས་བཅས་བསྲུང་བྱ་ལ༔ རྒྱ་གར་ཆོས་ཀྱི་བྱད་ཟོར་དང༔ རྒྱ་ནག་གཙུག་ལག་བྱད་ཟོར་གཏད༔ ནང་པ་སངས་རྒྱས་བྱད་ཟོར་གཏད༔ ཞང་ཞུང་བོན་པོའི་བྱད་ཟོར་གཏད༔ བནྡྷེ་ཡོངས་ཀྱི་བྱད་ཟོར་གཏད༔ སྔགས་པ་ཕུར་ཐོགས་བྱད་ཟོར་གཏད༔ མུ་སྟེགས་སྡེ་དྲུག་བྱད་ཟོར་གཏད༔ དྲང་སྲོང་བརྒྱད་ཀྱི་བྱད་ཟོར་གཏད༔ སྣང་སྲིད་ལྷ་འདྲེའི་བྱད་ཟོར་གཏད༔ དྲང་སྲོང་ཁྱབ་འཇུག་འོད་འཕྲོ་བ༔ དྲང་སྲོང་ལྷག་པ་བློན་པོའི་རྒྱལ༔ རྩ་གསུམ་སྲུང་མའི་བདེན་མཐུ་ཡིས༔ བྱད་ཐག་ཆོད་ལ་བཅིངས་པ་ཁྲོལ༔ ཁྲམ་བྱང་ཕྱིས་ལ་ཁྲམ་རིས་ཞོར༔ ཁྲམ་ཤིང་ཆོག་ལ་ཁྲམ་སྣ་བཟློག༔ ཁྲམ་ཁ་བསྒྱུར་ལ་བྱད་མ་སོད༔ ཁྲམ་གྱི་ཐ་རམ་བཀྲོལ་དུ་གསོལ༔ ཁྲམ་གྱི་ཡི་གེ་འཁྲུད་དུ་གསོལ༔ ཕོ་བདུད་ཁྲམ་ཁ་གཡས་སུ་བསྒྱུར༔ མོ་བདུད་ཁྲམ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་ཁྲམ་ཁ་མཁའ་ལ་བསྒྱུར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སྒྲ་གཅན་འཛིན་སརྦ་ཁྲམ་ཁ་ཕྱེས་ཤིག་བསྒྱུར་ཅིག་ཤནྟིཾ་ཀུ་རུ་སྭཱཧཱ༔ ཧཱུྃ་ཛཿ ཀྵཿ རྣལ་འབྱོར་སྔགས་འཆང་བདག་ཅག་དང༔ རྒྱུ་སྦྱོར་ཡོན་བདག་མི་ནོར་འཁོར༔ བདག་ལ་ལྟོས་བཅས་བསྲུང་བྱ་ལ༔ རྒྱ་གར་ཆོས་ཀྱི་བྱད་ཟོར་དང༔ རྒྱ་ནག་གཙུག་ལག་བྱད་ཟོར་གཏད༔ ནང་པ་སངས་རྒྱས་བྱད་ཟོར་གཏད༔ ཞང་ཞུང་བོན་པོའི་བྱད་ཟོར་གཏད༔ བནྡྷེ་ཡོངས་ཀྱི་བྱད་ཟོར་གཏད༔ སྔགས་པ་ཕུར་ཐོགས་བྱད་ཟོར་གཏད༔ མུ་སྟེགས་སྡེ་དྲུག་བྱད་ཟོར་གཏད༔ དྲང་སྲོང་བརྒྱད་ཀྱི་བྱད་ཟོར་གཏད༔ སྣང་སྲིད་ལྷ་འདྲེའི་བྱད་ཟོར་གཏད༔ དྲང་སྲོང་ཁྱབ་འཇུག་འོད་འཕྲོ་བ༔ ཉི་མ་ཟླ་བ་སྤེན་པ་དང༔ རྒྱུ་སྐར་ཉེར་བརྒྱད་ལྷ་སྲིན་པོ༔ སྡེ་བརྒྱད་རང་འཁོར་དྲེགས་པའི་དམག༔ རྩ་གསུམ་སྲུང་མའི་བདེན་མཐུ་ཡིས༔ བྱད་ཐག་ཆོད་ལ་བཅིངས་པ་ཁྲོལ༔ ཁྲམ་བྱང་ཕྱིས་ལ་ཁྲམ་རིས་ཞོར༔ ཁྲམ་ཤིང་ཆོག་ལ་ཁྲམ་སྣ་བཟློག༔ ཁྲམ་ཁ་བསྒྱུར་ལ་བྱད་མ་སོད༔ ཁྲམ་གྱི་ཐ་རམ་བཀྲོལ་དུ་གསོལ༔ ཁྲམ་གྱི་ཡི་གེ་འཁྲུད་དུ་གསོལ༔ ཕོ་བདུད་ཁྲམ་ཁ་གཡས་སུ་བསྒྱུར༔ མོ་བདུད་ཁྲམ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་ཁྲམ་ཁ་མཁའ་ལ་བསྒྱུར༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སྒྲ་གཅན་འཛིན་སརྦ་ཁྲམ་ཁ་ཕྱེས་ཤིག་སྒྱུར་ཅིག་ཤནྟིཾ་ཀུ་རུ་སྭཱ་ཧཱ༔


previousདྲེགས་པ་སྡེ་བརྒྱད་ཀྱི་ཁྲམ་ཕྱི་བཞར་བཀྲུ་བ།next