Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
དྲེགས་པ་སུམ་ཅུའི་ཁྲམ་ཤིང་།
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲེགས་པ་སུམ་ཅུའི་ཁྲམ་ཤིང་།next

དྲེགས་པ་སུམ་ཅུའི་ཁྲམ་ཤིང་།

སྤྲོ་ན་དྲེགས་པ་སུམ་ཅུའི་ཁྲམ་ཤིང་ནི༔ ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ རྒྱལ་བ་རིགས་ལྔ་དབུ་ལ་བཞུགས༔ སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ཀྱིས༔ ཁྲམ་ཤིང་འདི་ལ་གདུག་པའི་ཁྲམ་སྣ་འདུ༔ མདོས་བདག་ཕོ་མོ་ཁྱེད་རྣམས་ཀྱིས༔ བདུད་ཀྱི་ཁྲམ་ཤིང་ཕྱག་ན་བསྣམས༔ ཀླུ་ཡི་ཁྲམ་ཤིང་ཕྱག་ན་བསྣམས༔ བཙན་གྱི་ཁྲམ་ཤིང་ཕྱག་ན་བསྣམས༔ བདུད་ཀྱི་ཁྲམ་ཤིང་ད་ཕྱིས་ཤིག༔ མ་མོའི་ཁྲམ་ཤིང་ད་ཕྱིས་ཤིག༔ གཤིན་རྗེའི་ཁྲམ་ཤིང་ད་ཕྱིས་ཤིག༔ ཀླུ་ཡི་ཁྲམ་ཤིང་ད་ཕྱིས་ཤིག༔ སྲོག་བདག་རྒྱལ་པོའི་ཁྲམ་ཤིང་ད་ཕྱིས་ཤིག༔ སྨྱོ་འབོག་རྒྱལ་པོའི་ཁྲམ་ཁ་ད་ཕྱིས་ཤིག༔ བན་བོན་ངན་སྔགས་ཁྲམ་ཁ་ད་ཕྱིས་ཤིག༔ མ་སྲིང་དམོད་མོའི་ཁྲམ་ཁ་ད་ཕྱིས་ཤིག༔ རྨིས་ལྟས་མཚན་ལྟས་ངན་པའི་ཁྲམ་ཁ་ད་ཕྱིས་ཤིག༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ ཡི་དམ་ཆོས་སྐྱོང་མཐུ་སྟོབས་ཀྱིས༔ སྣང་སྲིད་ལྷ་འདྲེའི་ཁྲམ་ཤིང་བཟློག༔ བདུད་དང་གཤིན་རྗེའི་ཁྲམ་ཤིང་བཟློག༔ བཙན་དང་རྒྱལ་པོའི་ཁྲམ་ཤིང་བཟློག༔ ཀླུ་དང་ས་བདག་ཁྲམ་ཤིང་བཟློག༔ ནད་དང་རིམས་ཀྱི་ཁྲམ་ཤིང་བཟློག༔ བྱད་ཁ་ཕུར་ཁའི་ཁྲམ་ཤིང་བཟློག༔ ཁྲམ་ཁ་ཕྱིས་ལ་ཤོ་རྡོ་གཏོར༔ ནད་ཁ་བཟློག་ལ་རིམས་ཁ་བཟློག༔ བདུད་ཀྱི་ཞགས་པ་ཆོད་ལ་གཤིན་རྗེའི་ཁྲམ་ཁ་ཞོར༔ སྡང་བའི་དགྲ་ལ་མདོས་ཁ་ཕོབ༔ གནོད་པའི་བགེགས་ལ་ཕུར་པས་ཐོབ༔ བྱད་མ་ལྷ་སྲུང་དང་བཅས་པའི་སྟེང་དུ་ཕུར་ཁ་ཟོར་ཁ་ཕོབ༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ གཤིན་རྗེའི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ ལྷ་ཡི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ མ་མོའི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ མུ་སྟེགས་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ མུ་སྟེགས་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ སྲོག་བདག་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ དགེ་བསྙེན་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ བཙན་གྱི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ བདུད་ཀྱི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ རྒྱལ་པོའི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ ཀླུ་ཡི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ གནམ་སྨན་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ གནོད་སྦྱིན་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ མེ་ལྷའི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ རླུང་ལྷའི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ ཆུ་ལྷའི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ ཀླུ་སྲིན་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ ཐེའུ་རིང་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ དམུ་ཡི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ འཆི་བདག་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ ནད་རིམས་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ སྲོག་བདུད་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ རྒྱུ་སྐར་གྱི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ གཟའ་ཡི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ འབྱུང་པོའི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ ཕོ་བདུད་ཀྱི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ མོ་བདུད་ཀྱི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ སྤྱི་བདུད་ཀྱི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ ཆུང་བདུད་ཀྱི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ previous hit གསངབདགཕྱགརྡོར next hit་ཡོངས་རྫོགས་བྱིན་རླབས་ཅན༔ བདག་ཅག་སྔགས་འཆང་དཔོན་སློབ་དང༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས༔ མ་ཡམས་ཀྱི་ཁྲམ་ལ་བཏབ་པ་ན༔ ཁྲམ་ཁ་ཕྱིས་ལ་ཁྲམ་སྣ་ཞོར༔ ཁྲམ་ཤིང་ཆོག་ལ་དགྲ་བགེགས་ནོན༔ ཁྲམ་ཁ་སྡང་བའི་དགྲ་ལ་བསྒྱུར༔ ཁྲམ་ཁ་གནོད་པའི་བགེགས་ལ་བསྒྱུར༔ ཁྲམ་ཁ་ཟ་བའི་འདྲེ་ལ་བསྒྱུར༔ ཁྲམ་ཁ་ཕུང་བའི་སྲི་ལ་བསྒྱུར༔ བྱད་མ་རང་གཤེད་རང་ལ་ཕོབ༔ བྱད་མ་རང་མཐུ་རང་ལ་བཟློག༔ བྱད་མ་ཐལ་བ་རྡུལ་དུ་རློག༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བདུད་ཀྱི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ བདུད་ཀྱི་རྒྱལ་པོ་མཐུ་བོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ཅན༔ བདུད་ཀྱི་རྒྱལ་པོ་མདོས་ལ་གཤེགས༔ རེ་སྡེ་མགོ་ཉག་མན་ཆད་དང༔ ནག་པོ་སྟག་ཐོད་ཡན་ཆད་དུ༔ བདུད་རིགས་རྣམས་ཀྱིས་ཕྱག་བགྱིས་ཀྱང༔ བདུད་ཀྱི་རྒྱལ་པོས་སྤྱན་མི་གཟིགས༔ འགྱིང་ཞིང་ཁྲོ་ཚུལ་འདོར་སྟབས་སྟོན༔ བདུད་རྣམས་ཀུན་གྱི་ཡང་བདུད་དེ༔ མི་བཟད་བདུད་རིགས་ཨ་ལ་ལ༔ བདུད་ཀྱི་ཚོགས་རྣམས་བཀའ་ནོན་མཛོད༔ མདོས་འདི་བདུད་ཀྱི་ཕྱག་ཏུ་འབུལ༔ བདུད་ཀྱི་ལག་ནས་མི་ཚུར་ཐོངས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི༔ བདུད་ཀྱི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ བདུད་ཀྱི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ བདུད་ཀྱི་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་བཙན་གྱི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ བཙན་གྱི་རྒྱལ་པོ་མཐུ་བོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ཅན༔ བཙན་གྱི་རྒྱལ་པོ་མདོས་ལ་གཤེགས༔ སྐྱེས་བུ་ལུང་བཙན་མན་ཆད་དང༔ ཤོར་བ་ཁྲི་ཐོག་ཡན་ཆད་དུ༔ བཙན་ཁམས་མང་པོས་གུས་ཕུལ་ཀྱང༔ བཙན་གྱི་རྒྱལ་པོས་སྤྱན་མི་གཟིགས༔ འགྱིང་ཞིང་འདོར་སྟབས་ཁྲོས་ཚུལ་སྟོན༔ བཙན་རྣམས་ཀུན་གྱི་ཡང་བཙན་དེ༔ མི་བཟད་བཙན་རིགས་ཨ་ལ་ལ༔ བཙན་གྱི་ཚོགས་ལ་བཀའ་ནོན་མཛོད༔ མདོས་འདི་བཙན་གྱི་ཕྱག་ཏུ་འབུལ༔ བཙན་གྱི་ལག་ནས་མི་ཚུར་ཐོངས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི༔ བཙན་གྱི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱང༔ བཙན་གྱི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ བཙན་གྱི་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་དམུའི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ དམུ་བདུད་རྒྱལ་པོ་མཐུ་བོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ལྡན༔ དམུ་བདུད་རྒྱལ་པོ་མདོས་ལ་གཤེགས༔ དམུ་རྗེ་བཙན་པོ་མན་ཆད་དང༔ དམུ་བཙན་རོལ་པ་ཡན་ཆད་དུ༔ དམུ་རྣམས་ཀུན་གྱིས་ཕྱག་བགྱིད་ཀྱང༔ དམུ་བདུད་རྒྱལ་པོས་སྤྱན་མི་གཟིགས༔ འདོར་སྟབས་འགྱིང་ཞིང་ཁྲོ་ཚུལ་སྟོན༔ དམུ་རྣམས་ཀུན་གྱི་ལུས་དཔོན་ཏེ༔ མི་བཟད་དམུ་བདུད་ཨ་ལ་ལ༔ དམུ་ཡི་ཚོགས་རྣམས་དམ་ལ་ཤོག༔ མདོས་འདི་དམུ་ཡི་ཕྱག་ཏུ་བཞེས༔ དམུ་ཡི་ལག་ནས་མི་ཚུར་ཐོངས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི༔ དམུ་ཡི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ དམུ་ཡི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ དམུ་ཡི་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་དགེ་བསྙེན་གྱི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ སྐྱེས་བུ་ཆེན་པོ་མཐུ་བོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ཅན༔ སྐྱེས་བུ་ཆེན་པོ་མདོས་ལ་གཤེགས༔ རྡོ་རྗེ་ལག་པ་མན་ཆད་དང༔ མགར་བ་ནག་པོ་ཡན་ཆད་དུ༔ དམ་ཅན་ཚོགས་ཀྱིས་ཕྱག་བགྱི་ཡང༔ སྐྱེས་བུ་ཆེན་པོས་སྤྱན་མི་གཟིགས༔ འགྱིང་ཞིང་ཁྲོ་ཚུལ་འདོར་སྟབས་སྟོན༔ དམ་ཅན་ཡོངས་ཀྱི་སྡེ་དཔོན་ཏེ༔ དགེ་བསྙེན་འཁོར་བཅས་ཨ་ལ་ལ༔ དགེ་བསྙེན་ཚོགས་རྣམས་བཀའ་ནོན་མཛོད༔ མདོས་འདི་དགེ་བསྙེན་ཕྱག་ཏུ་བཞེས༔ དམ་ཅན་ལག་ནས་མི་ཚུར་ཐོངས༔ བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས༔ སྐྱེས་བུའི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ སྐྱེས་བུའི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ སྐྱེས་བུའི་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་ཀླུའི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻཿ ཀླུ་ཡི་རྒྱལ་པོ་མཐུ་བོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ཅན༔ ཀླུ་རིགས་མང་པོས་ཕྱག་བགྱིད་ཀྱང༔ ཀླུ་ཡི་རྒྱལ་པོས་སྤྱན་མི་གཟིགས༔ འགྱིང་ཞིང་འདོར་སྟབས་ཁྲོས་ཚུལ་སྟོན༔ ཀླུ་རྣམས་ཀུན་གྱི་སྡེ་དཔོན་ཏེ༔ གཙང་མའི་ཀླུ་རིགས་ཨ་ལ་ལ༔ ཀླུ་ཡི་ཚོགས་རྣམས་བཀའ་ནོན་མཛོད༔ མདོས་འདི་ཀླུ་ཡི་ཕྱག་ཏུ་བཞེས༔ ཀླུ་ཡི་ལག་ནས་མི་ཚུར་ཐོངས༔ བདག་དང་རྒྱུ་སྦྱོར་ཡོན་བདག་འདི༔ ཀླུ་ཡི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ ཀླུ་ཡི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ ཀླུ་ཡི་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་ཐེའུ་རང་གི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ ཐེའུ་རང་རྒྱལ་པོ་མཐུ་བོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ལྡན༔ ཐེའུ་རང་སྡེ་དཔོན་མདོས་ལ་གཤེགས༔ དཀར་པོ་སྤྱན་གཅིག་མན་ཆད་དང༔ ཐེའུ་རང་མངལ་རྐུན་ཡན་ཆད་དུ༔ བགེགས་རིགས་མང་པོས་ཕྱག་བགྱིད་ཀྱང༔ ཐེའུ་རང་རྒྱལ་པོས་སྤྱན་མི་གཟིགས༔ དོར་སྟབས་འགྱིང་ཞིང་ཁྲོས་ཚུལ་སྟོན༔ ཐེའུ་རང་ཀུན་གྱི་གཙོ་བོར་མཛད༔ ཐེའུ་རང་ཚོགས་རྣམས་ཨ་ལ་ལ༔ ཐེའུ་རང་ཚོགས་ལ་བཀའ་ནོན་མཛོད༔ མདོས་འདི་ཐེའུ་རང་ཕྱག་ཏུ་བཞེས༔ བགེགས་ཀྱི་ལག་ནས་མི་ཚུར་ཐོངས༔ བདག་དང་རྒྱུ་སྦྱོར་ཡོན་བདག་འདི༔ བགེགས་ཀྱི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ བགེགས་ཀྱི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ ཐེའུ་རང་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་གཤིན་རྗེའི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ གཤིན་རྗེའི་རྒྱལ་པོ་མཐུ་བོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ཅན༔ གཤིན་རྗེའི་རྒྱལ་པོ་མདོས་ལ་གཤེགས༔ ཡ་མ་ར་ཛ་མན་ཆད་དང༔ གཤིན་རྗེ་ཐོད་དབྱུག་ཡན་ཆད་དུ༔ གཤིན་རྗེ་སྟོང་ཕྲག་ཕྱག་བགྱིད་ཀྱང༔ གཤིན་རྗེ་རྒྱལ་པོས་སྤྱན་མི་གཟིགས༔ འགྱིང་ཞིང་དོར་སྟབས་ཁྲོས་ཚུལ་སྟོན༔ གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་ཏེ༔ མི་བཟད་གཤིན་རྗེ་ཨ་ལ་ལ༔ གཤིན་རྗེའི་ཚོགས་ལ་བཀའ་ནོན་མཛོད༔ མདོས་འདི་གཤིན་རྗེའི་ཕྱག་ཏུ་བཞེས༔ གཤིན་རྗེ་ལག་ནས་མི་ཚུར་ཐོངས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི༔ གཤིན་རྗེའི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ གཤིན་རྗེའི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་གཟའི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ གཟའ་ཡི་རྒྱལ་པོ་ཐུ་བོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ཅན༔ གཟའ་བདུད་རྒྱལ་པོ་མདོས་ལ་གཤེགས༔ ཁྱབ་འཇུག་ཆེན་པོ་མན་ཆད་དང༔ སྒྲ་གཅན་འཛིན་པ་ཡན་ཆད་ཀྱི༔ གཟའ་རིགས་ཚོགས་ཀྱིས་ཕྱག་བགྱིད་ཀྱང༔ གཟའ་བདུད་རྒྱལ་པོས་སྤྱན་མི་གཟིགས༔ འགྱིང་ཞིང་འདོར་སྟབས་ཁྲོས་ཚུལ་སྟོན༔ གཟའ་རྣམས་ཀུན་གྱི་ཡང་རྗེ་སྟེ༔ མི་བཟད་གཟའ་མཆོག་ཨ་ལ་ལ༔ གཟའ་བདུད་ཚོགས་ལ་བཀའ་ནོན་མཛོད༔ མདོས་འདི་གཟའ་བདུད་ཕྱག་ཏུ་བཞེས༔ གཟའ་བདུད་ལག་ནས་མི་ཚུར་ཐོངས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི༔ གཟའ་ཡི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ གཟའ་ཡི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ གཟའ་ཡི་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་རྒྱལ་པོའི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ རྒྱལ་པོ་ཆེན་པོ་མཐུ་བོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ཅན༔ རྒྱལ་པོ་ཆེན་པོ་མདོས་ལ་གཤེགས༔ བེ་དཀར་རྒྱལ་པོ་མན་ཆད་དང༔ བེ་ཐེ་བསེན་མོ་ཡན་ཆད་དུ༔ རྒྱལ་པོའི་ཚོགས་ཀྱིས་ཕྱག་བགྱིད་ཀྱང༔ རྒྱལ་པོ་ཆེན་པོས་སྤྱན་མི་གཟིགས༔ འགྱིང་ཞིང་དོར་སྟབས་ཁྲོས་ཚུལ་སྟོན༔ རྒྱལ་པོ་ཀུན་གྱི་སྤྱི་རྗེ་སྟེ༔ མི་བཟད་རྒྱལ་ཆེན་ཨ་ལ་ལ༔ རྒྱལ་ཕྲན་ཚོགས་ལ་བཀའ་ནོན་མཛོད༔ མདོས་འདི་རྒྱལ་པོའི་ཕྱག་ཏུ་བཞེས༔ རྒྱལ་པོའི་ལག་ནས་མི་ཚུར་ཐོངས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི༔ རྒྱལ་པོའི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ རྒྱལ་པོའི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ རྒྱལ་པོའི་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་ལྷའི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ ལྷ་ཡི་རྒྱལ་པོ་མཐུ་བོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ཅན༔ ལྷ་ཡི་རྒྱལ་པོ་མདོས་ལ་གཤེགས༔ དབང་ཕྱུག་ཆེན་པོ་མན་ཆད་དང་༔ གཞོན་ནུ་གདོང་དྲུག་ཡན་ཆད་དུ༔ ལྷ་ཕྲན་སྟོང་གིས་ཕྱག་བགྱིད་ཀྱང༔ ལྷ་ཡི་དབང་ཕྱུག་སྤྱན་མི་གཟིགས༔ ཕྱག་ལན་མི་སྟེར་ཁྲོས་ཚུལ་སྟོན༔ ལྷ་རྣམས་ཡོངས་ཀྱི་སྡེ་དཔོན་མཛད༔ མི་བཟད་ལྷ་ཆེན་ཨ་ལ་ལ༔ ལྷ་ཕྲན་ཚོགས་ལ་བཀའ་ནོན་མཛོད༔ མདོས་འདི་ལྷ་ཡི་རྒྱལ་པོས་བཞེས༔ ལྷ་ཡི་ལག་ནས་མི་ཚུར་ཐོངས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི༔ ལྷ་ཡི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ ལྷ་ཡི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ ལྷ་ཡི་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་གནོད་སྦྱིན་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ གནོད་སྦྱིན་རྒྱལ་པོ་མཐུ་བོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ཅན༔ གནོད་སྦྱིན་རྒྱལ་པོ་མདོས་ལ་གཤེགས༔ གནོད་སྦྱིན་རྒྱལ་པོ་མན་ཆད་དང༔ ཀ་ལ་ཡཀྴ་ཡན་ཆད་དུ༔ གནོད་སྦྱིན་སྟོང་གིས་ཕྱག་འཚལ་ཡང༔ གནོད་སྦྱིན་སྡེ་དཔོན་སྤྱན་མི་གཟིགས༔ མཁའ་ལ་འགྱིང་ཞིང་ཁྲོས་ཚུལ་སྟོན༔ གནོད་སྦྱིན་ཡོངས་ཀྱི་སྤྱི་རྗེ་སྟེ༔ མི་བཟད་གནོད་སྦྱིན་ཨ་ལ་ལ༔ གནོད་སྦྱིན་ཚོགས་རྣམས་བཀའ་ནོན་མཛོད༔ མདོས་འདི་གནོད་སྦྱིན་སྡེ་དཔོན་བཞེས༔ གནོད་སྦྱིན་ལག་ནས་མི་ཚུར་ཐོངས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི༔ གནོད་སྦྱིན་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ གནོད་སྦྱིན་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ གནོད་སྦྱིན་ཁྲམ་ཁ་དགྲ་ལ་སྤོས༔ དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ༔ རྩིས་དང་ཤོ་རྡིལ་དགྲ་ལ་ཁྲོམ༔ ཁྲམ་ཤིང་དམར་པོ་དགྲ་ལ་སྤོས༔ འདི་ཡན་ཆད་སྣང་སྲིད་ལྷ་འདྲེ་ཕོ་རྒྱུད་རྣམས་ཀྱི་ཁྲམ་ཁ་ཕྱུང་བའོ༔ དེ་ནས་ལྷ་འདྲེ་མོ་རྒྱུད་རྣམས་ཀྱི་ཁྲམ་ཁ་ཕྱུང་བ་ལ་བཞི་ལས༔ དེ་ནས་བདུད་མོའི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ བདུད་ཀྱི་མི་མོ་མཐུ་མོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ལྡན༔ བདུད་མོ་ཆེན་མོ་མདོས་ལ་གཤེགས༔ རེ་སྡེ་མགོ་ཉག་མན་ཆད་དང༔ ནག་པོ་སྟག་ཐོད་ཡན་ཆད་དུ༔ བདུད་མོ་ཀུན་གྱིས་ཕྱག་བགྱིད་ཀྱང༔ བདུད་མོ་ཆེན་མོས་སྤྱན་མི་གཟིགས༔ འགྱིང་ཞིང་འདོར་སྟབས་ཁྲོས་ཚུལ་སྟོན༔ མ་བདུད་ཀུན་གྱི་སྒྲོལ་བྱེད་མ༔ མིབཟད་བདུད་མོ་ཨ་ལ་ལ༔ བདུད་མོ་རྣམས་ལ་བཀའ་ནོན་མཛོད༔ གླུད་འདི་བདུད་ཀྱི་རྒྱལ་མོས་བཞེས༔ མ་བདུད་ལག་ནས་མི་ཚུར་ཐོངས༔ བདག་ཅག་ཡོན་བདག་འཁོར་བཅས་རྣམས༔ བདུད་མོའི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ བདུད་མོའི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ བདུད་མོའི་དལ་ཁ་དགྲ་ལ་སྤོས༔ དེ་ནས་བཙན་མོའི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ བཙན་གྱི་མ་མོ་མཐུ་མོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ལྡན༔ བཙན་མོ་ཆེན་མོ་མདོས་ལ་གཤེགས༔ ཡ་བ་སྐྱ་གཅིག་མན་ཆད་དང༔ ཤོར་བ་འབྲེང་ཐོགས་ཡན་ཆད་དུ༔ བཙན་རྣམས་ཀུན་གྱིས་ཕྱག་བགྱིད་ཅིང༔ བཙན་མོ་ཆེན་མོས་སྤྱན་མི་གཟིགས༔ འགྱིང་ཞིང་འདོར་སྟབས་ཁྲོས་ཚུལ་སྟོན༔ བཙན་རྣམས་ཀུན་གྱི་སྒྲོལ་གིང་མོ༔ མི་བཟད་བཙན་བདུད་ཨ་ལ་ལ༔ བཙན་གྱི་ཚོགས་ལ་བཀའ་ནོན་མཛོད༔ གླུད་འདི་བཙན་རྣམས་རྒྱལ་མོས་ཁྱེར༔ བཙན་གྱི་ལག་ནས་མི་ཚུར་ཐོངས༔ བདག་དང་རྒྱུ་སྦྱོར་ཡོན་བདག་འདི༔ བཙན་མོའི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ བཙན་མོའི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ བཙན་མོའི་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་མ་མོའི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ མ་མོའི་རྒྱལ་མོ་མཐུ་མོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ལྡན༔ མ་མོ་ཆེན་མོ་མདོས་ལ་གཤེགས༔ གནམ་ལྷ་དཀར་མོ་མན་ཆད་དང༔ གྲོང་རྒྱུག་སྲི་རྐུན་ཡན་ཆད་དུ༔ མ་མོ་སྟོང་སྡེས་ཕྱག་བགྱིད་ཀྱང༔ མ་མོ་ཆེན་མོས་སྤྱན་མི་གཟིགས༔ འགྱིང་ཞིང་འདོར་ཐབས་ཁྲོས་ཚུལ་སྟོན༔ མ་མོ་ཀུན་གྱི་སྒྲོལ་གིང་མོ༔ མི་བཟད་མ་མོ་ཨ་ལ་ལ༔ མཁའ་འགྲོའི་ཚོགས་ལ་བཀའ་ནོན་མཛོད༔ གླུད་འདི་སྲིད་པའི་རྒྱལ་མོས་བཞེས༔ མ་མོའི་ལག་ནས་མི་ཚུར་ཐོངས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི༔ མ་མོའི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ མ་མོའི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ མ་མོའི་ཁྲམ་ཁ་དགྲ་ལ་སྤོས༔ དེ་ནས་བསྟན་མའི་ཁྲམ་ཁ་ཕྱུང་བ་ནི༔ ཀྱཻ༔ བསྟན་མའི་རྒྱལ་མོ་མཐུ་མོ་ཆེ༔ ཡེ་ཤེས་གཉན་གྱི་ཡང་རྩལ་ལྡན༔ བསྟན་མ་ཆེན་མོ་མདོས་ལ་གཤེགས༔ ཀོང་བཙན་དེ་མོ་མན་ཆད་དང༔ འབྲོག་སྲིན་འཁོར་འདུལ་ཡན་ཆད་དུ༔ བསྟན་མ་ཀུན་གྱིས་ཕྱག་བགྱིད་ཀྱང༔ བདུད་མོ་ཆེན་མོས་སྤྱན་མི་གཟིགས༔ འགྱིང་ཞིང་དོར་སྟབས་ཁྲོས་ཚུལ་སྟོན༔ བསྟན་མ་ཡོངས་ཀྱི་སྒྲོལ་གིང་མོ༔ མི་བཟད་བསྟན་མའི་ཚོགས་འདུས་ཨ་ལ་ལ༔ བསྟན་མའི་ཚོགས་ལ་བཀའ་ནོན་མཛོད༔ གླུད་འདི་བསྟན་མའི་རྒྱལ་མོས་ལོངས༔ བསྟན་མའི་ལག་ནས་མི་ཚུར་ཐོངས༔ བདག་དང་རྒྱུ་སྦྱོར་ཡོན་བདག་འདི༔ བསྟན་མའི་ཁྲམ་ལ་མ་འདེབ་ཅིག༔ ཁྲམ་ལ་བཏབ་ན་ཁྲམ་ལས་ཕྱུང༔ བསྟན་མའི་རྩིས་ལ་མ་འདེབ་ཅིག༔ རྩིས་ལ་བཏབ་ན་རྩིས་ལས་ཕྱུང༔ བསྟན་མའི་ཁྲམ་ཁ་དགྲ་ལ་སྤོས༔ བསྒྱུར་རོ་བཟློག་གོ་དགྲ་ལ་བྷྱོ༔ ཁྲམ་ཐོགས་བདུད་བཞིས་ཁྲམ་ལས་ཕྱུང༔ ཤོ་ཐོགས་རྩིས་པས་རྩིས་ལས་ཕྱུང༔ སྲོག་གཅོད་ཤན་པས་མི་སྲོག་ཐོང༔ ཁྲམ་ཐོགས་གིང་བཞིས་མཚོན་དབལ་བཟློག༔ དགྲ་བགེགས་ཁྲམ་དང་རྩིས་ལ་ཐོབ༔ སྲོག་གཅོད་སྙིང་ཕྱུང་ཤ་རུས་གཏུབ༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ སྤྱི་དོན་གསུམ་པ་གླུད་མདོས་བྱ་བ་ནི༔ དང་པོ་བསྐྱེད་པ་ནི༔ ཨོཾ་སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་བདག་ཉིད་ཧེ་རུ་ཀའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ངར་མི་ལ་ཕོག༔ ཡོངས་སུ་གྱུར་པ་ལས་ངར་མི་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པར་བསམ༔ ཡང་འོད་ཟེར་འཕྲོས་བདག་དང་ཡོན་བདག་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་མར་བུད་ནས་ངར་མི་ལ་ཐིམ་པས་ངར་མིས་ཡོན་བདག་གི་གླུད་དུ་འགྲོ་ཟེར་བར་བསམ༔ དེ་ནས་ཏིང་ངེ་འཛིན་དང་ལྡན་པས་བདེན་པ་བདར་བ་ནི༔ ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༔ ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་བདེན་པ་དང༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༔ ཁྱད་པར་དུ་ཡང་གསང་བདག་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་༔ བདེན་པ་ཆེན་པོའི་བྱིན་རླབས་ཀྱིས༔ བསྲུང་བྱ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་གླུད་ཀྱི་གཏོར་མ་རྒྱ་ཆེན་པོ་ལེན་པའི་སླད་དུ་འདིར་མཆིས་པར་གྱུར་ཅིག༔ ཨོཾ་སརྦ་བྷུ་ཏ་ཨ་ཀཪྴ་ཡ་ཛ༔ ལན་གསུམ་དང༔ སྔགས་དྲུག་ཕྱག་དྲུག་གིས་འདོད་ཡོན་སྣ་ཚོགས་སུ་བྱིན་གྱིས་བརླབ་ལ་འདི་སྐད་དོ༔ ཡོན་བདག་གི་བླ་ཟོག་ཟངས་ཀྱི་གའུར་བཅུག་ལ་བྱད་ཐག་གིས་བཅིངས་ནས་སྡེ་བརྒྱད་མདོས་ནང་བཞག༔ ཉིན་ཐ་མར་བླ་མས་མདའ་དར་བཟུང༔ མཆོད་དཔོན་གྱིས་བླ་ཟོག་བླངས་ཏེ་བླ་མས་ཡོན་བདག་ལ་གཏད༔ ཧཱུྃ༔ ང་ནི་དཔལ་ཆེན་འབར་བའི་སྐུ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ང་ནི་འབྱུང་པོ་ཀུན་གྱི་གཤེད༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་དང༔ གླུད་བདག་འབྱུང་པོ་ཐམས་ཅད་ཀུན༔ མ་ལུས་བདག་གི་བཀའ་ལ་ཉོན༔ ཀྱཻ༔ ཤར་ཕྱོགས་ལྷ་གདོན་དབང་པོ་དང༔ གཤིན་རྗེ་དང་ནི་ཆུ་ལྷ་དང༔ གནོད་སྦྱིན་དང་ནི་དབང་ལྡན་དང༔ མེ་ལྷ་སྲིན་པོ་རླུང་གི་ལྷ༔ ཉི་མ་ཟླ་བ་གཟའ་སྐར་དང༔ འོག་ཕྱོགས་ས་བདག་མ་ཡམས་དང༔ ཕྱོགས་སྐྱོང་ལག་ནས་མི་བླ་བསླུ༔ གླུད་མདོས་གཙང་མ་འདི་བཞེས་ཤིག༔ ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ༔ སྤྱན་མི་བཟང་དང་རྣམ་ཐོས་སྲས༔ དྲི་ཟ་གྲུལ་བུམ་ཀླུ་གནོད་སྦྱིན༔ འབུམ་ཕྲག་མང་པོའི་འཁོར་གྱིས་བསྐོར༔ རྒྱལ་ཆེན་ལག་ནས་མི་བླ་བསླུ༔ གླུད་མདོས་གཙང་མ་འདི་བཞེས་ཤིག༔ དུ་བ་མཇུག་རིང་ལ་སོགས་པ༔ གཟའ་བདུད་ལག་ནས་མི་བླ་བསླུ༔ གླུད་མདོས་གཙང་མ་འདི་བཞེས་ཤིག༔ མཐའ་ཡས་འཇོག་པོ་ལ་སོགས་པ༔ ཀླུ་བདུད་ལག་ནས་མི་བླ་བསླུ༔ གླུད་མདོས་གཙང་མ་འདི་བཞེས་ཤིག༔ པརྞ་ཤ་བ་རི་ལ་སོགས༔ ནོར་སྲུང་ལག་ནས་མི་བླ་བསླུ༔ གླུད་མདོས་གཙང་མ་འདི་བཞེས་ཤིག༔ སྨིན་དྲུག་སྣར་མ་ལ་སོགས་པ༔ རྒྱུ་སྐར་ལག་ནས་མི་བླ་བསླུ༔ གླུད་མདོས་གཙང་མ་འདི་བཞེས་ཤིག༔ བདུད་བཙན་ཡ་བདུད་མ་ཡམས་དང༔ མ་མོ་མཁའ་འགྲོ་འགོང་པོ་དང༔ ཐེའུ་རང་ཡུལ་འདྲེ་དམན་མོ་དང༔ སྡེ་བརྒྱད་ལག་ནས་མི་བླ་བསླུ༔ གླུད་མདོས་གཙང་མ་འདི་བཞེས་ཤིག༔ རྐོས་རྗེ་དྲང་དཀར་མན་ཆད་དང༔ ཐེའུ་རང་རྐང་གཅིག་ཡན་ཆད་ཀྱི༔ ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ མ་བསད་པ་ཡི་སྟོང་དུ་འབུལ༔ མ་བརྐུས་པ་ཡི་འཇལ་དུ་འབུལ༔ སྔོན་ཚེ་རྒྱལ་པོ་འཁོར་ལོ་དྲུག་པ་ཡིས༔ གྲོང་ཁྱེར་དེ་ནི་བཅུ་གསུམ་ནས༔ འབྲུ་སྣ་བཅུ་གསུམ་བསྡུས་ནས་སུ༔ བྲེ་དང་ཕུལ་དང་སྲང་ལ་འཇལ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ ལེགས་ཀྱང་ཡོན་བདག་སྐུ་ཡི་གླུད༔ མཛེས་ཀྱང་ཡོན་བདག་གསུང་གི་གླུད༔ སྡུག་ཀྱང་ཡོན་བདག་ཐུགས་ཀྱི་གླུད༔ ཁྱོད་ནི་སྣང་སྲིད་ལྷ་འདྲེར་འབུལ༔ ཕྱིན་ཆད་གནོད་པར་མ་བྱེད་ཅིག༔ དེ་ནས་མདུན་དུ་གཏོར་ཁྲིའི་ཁར་ཆད་མདོ་ཐེབ་ཙེར་བཤམས་ལ་བྱིན་གྱིས་བརླབ་པ་ནི༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ ལན་ཆགས་གླུད་ཀྱི་གཏོར་མ་རིན་ཆེན་སྣ་ལྔ་ལས་རྒྱུ་བྱས་པ༔ ཁོག་སྟོད་གསེར་ལས་བྱས་པ༔ ཁོག་སྨད་དངུལ་ལས་བྱས་པ༔ སྐེད་པ་མཆོང་ལས་བྱས་པ༔ ལུང་ཐང་གི་མིག༔ མགྲོན་བུའི་སོ༔ བྱི་རུའི་ལྕེ༔ ལག་པ་གཡས་པ་གསེར༔ ལག་གཡོན་པ་དངུལ༔ རྐང་གཡས་ལྕགས༔ རྐང་གཡོན་ཟངས་ལས་བྱས་པ༔ ཁ་ནས་སྙན་པའི་གླུ་ལེན་པ༔ ལག་ནས་འདོད་པའི་ཡས་ཐོགས་པ༔ འགྲོ་མཁས་ལུས་པོ་ལྡེམ་ལྡེམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ་བྱེད་པ༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི༔ བདུད་ཕོ་རེ་ལྡེ་མགོ་ཉག༔ ཤན་པ་གྲི་ཐོགས༔ ཁ་ལ་འགྲེང་ཡུག༔ ཁྲོ་རྒྱལ་ཆེན་པོ༔ རྔམ་ཤོད་ནག་པོ༔ གཏུམ་མོ་ལག་རིང༔ འགྲོ་བ་བང་མགྱོགས༔ གནམ་ཐོགས་རྩོལ་པོ༔ ངམ་རྗེ་རྩོལ་པོ༔ ལྟ་བ་མིག་རྣོ༔ ཉན་པ་རྣ་གསང༔ སྣོམ་པ་དྲི་ཚོར༔ འཆི་བདག་གཤིན་རྗེ་རྣམས་ཀྱིས་གཙོར་བྱས་པའི་ལྷ་སྲིན་འབྱུང་པོ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་དང་བཅས་པ་རྣམས་ལ་བསྔོའོ༔ སཾ་བྷ་ར་དང༔ མཚན་བཞི༔ ལན་ཆགས་གླུད་ཀྱི་གཏོར་མ་འདི་བསྔོས་པས༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་དང་བཅས་པས༔ བསད་བསད་བཅད་བཅད་སྲོག་གི་ལན་ཆགས༔ བརྡུང་བརྡུང་བཙོག་བཙོག་ན་ཚའི་ལན་ཆགས༔ བརྐུས་བརྐུས་འཕྲོག་འཕྲོག་རྒྱུའི་ལན་ཆགས༔ མཐོ་བ་མཁར་ཕབ་པ༔ དམའ་བ་ཡུལ་འཕྲོག་པ༔ མི་རྟ་གྲི་རུ་བསད་པ་ལ་སོགས་པའི་ལན་ཆགས་ཐམས་ཅད་བྱང༔ བུ་ལོན་ཐམས་ཅད་སོད༔ ཤ་འཁོན་ཐམས་ཅད་སྦྱངས་ནས༔ མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག༔ ཅེས་ལན་བཅུའམ་བདུན་ནམ་གསུམ་སོགས་སྐབས་དང་བསྟུན་ནས་གླུད་མདོས་སུ་འབུལ༔ འདོད་གསོལ་ནི༔ ཀྱཻ༔ ཉོན་ཅིག་འཆི་བདག་གཤིན་རྗེའི་ཚོགས༔ ཁྱོད་ནི་ལས་ཀྱི་རྫུ་འཕྲུལ་ཅན༔ འགྲོ་བའི་སྲོག་བདག་ཆེན་པོ་ཁྱོད༔ ལོ་བདུད་ལོ་གཤེད་བཅུ་གཉིས་དང༔ མ་རུང་གཤིན་རྗེའི་འཁོར་གྱིས་བསྐོར༔ བགེགས་ཀྱི་རྒྱལ་པོ་འཁོར་བཅས་ལ༔ ཐོག་མ་མེད་ནས་ད་ལྟའི་བར༔ བུ་ལོན་ཤ་འཁོན་ལན་ཆགས་དང༔ སྟོང་རིན་གང་ཡོད་འཇལ་ཟིན་གྱི༔ བདག་དང་བསྲུང་བྱ་འཁོར་བཅས་ལ༔ ལུས་ངག་ཡིད་གསུམ་བར་ཆད་དང༔ ཚེ་སྲོག་བར་ཆད་ཞི་བར་མཛོད༔ མ་གནོད་བདུད་ཀྱི་ཁྲམ་ཕྱིས་ཤིག༔ མ་བཅིངས་འཆི་བདག་ཞགས་པ་ཁྲོལ༔ མ་བསད་བདུད་ཀྱི་ཁྲམ་ཁ་བསྒྱུར༔ མཆོད་སྦྱིན་རྒྱ་ཆེན་འདི་བཞེས་ལ༔ དུས་དང་དུས་མིན་འཆི་བ་སོགས༔ འགལ་རྐྱེན་ཅི་ཡང་མ་མཛད་པར༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ ཉིན་བཞིན་ཆོས་སྦྱིན་བྱའོ༔ འདིའི་མཚམས་བཀྱག་འཇལ་བྱའོ༔ ཉང་རལ་བདེར་འདུས་དང་གུ་རུ་ཆོས་དབང་གི་གཏེར་ཁ་ནས་གྲུབ་ཆེན་རིན་པོ་ཆེས་ཆོག་སྒྲིག་བྱས་པ་ལས། གཏད་དཀྲུགས་ཆ་ལག་ཏུ་དྲེགས་མདོས་དང་གླུད་མདོས་ཁྲམ་མདོས་ལས་ཁོལ་དུ་ཕྱུང་བའོ།།


previousདྲེགས་པ་སུམ་ཅུའི་ཁྲམ་ཤིང་།next