Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
དྲང་སྲོང་ཆེན་པོའི་བཀའ་གཏད་ལོ་རྒྱུས།
  
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲང་སྲོང་ཆེན་པོའི་བཀའ་གཏད་ལོ་རྒྱུས།next

དྲང་སྲོང་ཆེན་པོའི་བཀའ་གཏད་ལོ་རྒྱུས།

༄༅། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཆེད་དུ་དྲང་སྲོང་ཆེན་པོའི་བཀའ་གཏད་ཚུལ་བཞིན་ནོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས། ཆོས་ལ་ཉན་པའི་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་རྣམས་དམ་པའི་སྐྱེས་བུ་མཁས་པའི་དབང་པོ་རྣམས་ཀྱིས་ཇི་སྐད་གསུངས་པ་བཞིན་ཁྱེད་རང་རྣམས་ཀྱིས་ཐུགས་ལ་འཇོག་པར་ཞུ་འཚལ། ད་ལམ་གྱི་ཆོས་དང་གང་ཟག་གི་ལོ་རྒྱུས་མདོར་བསྡུས་ཙམ་འཆད་ན། ད་ལམ་ཆོས་འདི་ཉིད་འབྱུང་ཁུངས་དང་། གཏེར་ནས་ཇི་ལྟར་བཏོན་ཚུལ་གྱི་རིམ་པ་རྣམས་ནི། འདིར་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་གདུག་པ་ཅན་འདུལ་བ་དང་། བསྟན་པ་གཉན་པོ་སྲུང་བའི་ཆེད་དུ་དྲེགས་པ་ཅན་ཐམས་ཅད་ཀྱི་རྗེ་བོའི་ཚུལ་དུ་སྐུར་བཞེངས་པ་གཟའ་བདུད་ཆེན་པོ་རཱ་ཧུ་ལ་ཞེས་བྱ་བ། རྒྱལ་བའི་བསྟན་སྲུང་ཐམས་ཅད་ཀྱི་ནང་ནས་མཐུ་ནུས་ལྷག་པར་ཆེ་ཞིང་དྲག་རྩལ་མྱུར་མགྱོགས་ཀྱི་ཕྲིན་ལས་དང་ལྡན་པ་འདི་ཉིད་སྤྱིར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་དུ་མ་ནས་བསྟན་པ་དང་། ཁྱད་པར་སྒོས་རྒྱུད་བྱ་རོག་མགོ་བརྩེགས་ཀི་ཀང་རོག་ཏིའི་རྒྱུད་སོགས་ལས་གསུངས་ཤིང་། དེ་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་ཚང་ཚིང་འཁྲིགས་པའི་དུར་ཁྲོད་ན་བཞུགས་པ་ལས། གནས་དེའི་བྲག་སྦྲུལ་ནག་ཁ་གདངས་པ་འདྲ་བ་ནས་མེ་དང་རླུང་ནག་འཚུབ་པ་གཟིགས་ཏེ་དེ་བརྐོས་པས་བསེའི་གའུ་སྦྲུལ་གྱི་རྒྱས་བཏབ་པ་གཅིག་གི་ནང་ནས་འདིའི་སྒྲུབ་ཐབས་རྣམས་བྱུང་ངོ། དེར་མི་རེང་ལག་པ་ཁྲག་གིས་དམར་བ་སྤྱང་ཀི་ལ་ཞོན་པ་གཅིག་དངོས་སུ་འོང་ནས། བདག་སློབ་དཔོན་ཆེན་པོ་ཤྲཱི་སེང་ཧས་སྲོག་སྙིང་ཕྲོག་ཏེ་དམ་ལ་བཏགས་པ་ལགས་སོ། །སློབ་དཔོན་ཆེན་པོ་ཉིད་ཀྱིས་བཀའ་ནོད་ཅིང་དུས་སྙིགས་མ་ལ་སངས་རྒྱས་ཀྱི་བསྟན་པ་སྲུང་བར་བགྱིའོ། །ཞེས་ཁས་བླངས་དམ་བཅས་པ་བཞིན་སློབ་དཔོན་ཆེན་པོས་གསང་སྔགས་བཀའ་ཡི་སྲུང་མར་བསྐོས་ཤིང་གཉེར་དུ་གཏད་ནས་ཕྱི་རབས་ཀྱི་དོན་དུ་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་རྣམས་རྣོ་མྱུར་ཟབ་ཅིང་འདྲིལ་བའི་སྙིང་པོར་བསྡུས་པར་མཛད་པ་ཡིན་ཏེ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ དྲང་སྲོང་གཟའ་ཡི་བསྟན་པ་འབྱུང༔ དེ་དུས་མཆོད་སྒྲུབ་སུས་བརྩོན་པ༔ སྲུང་སྐྱོབ་ཕ་བུ་ལྟར་དུ་བྱེད༔ ལུས་དང་གྲིབ་མ་བཞིན་དུ་འགྱུར༔ ཕྲིན་ལས་གང་བཅོལ་བྲན་ལྟར་ཉན༔ དེ་ཕྱིར་དབང་བསྐུར་དམ་པ་འདི༔ སྙིང་གི་བུ་ལ་བཞག་པ་ཡིན༔ ཞེས་གསུངས་པ་བཞིན་དུས་སྙིགས་མ་སུམ་ཅུ་ཁ་རལ་གྱི་དུས་སུ། ཌཱཀྐི་མཚོ་རྒྱལ་དང་། ཨ་ཙར་ས་ལེ་འོད་སོགས་ཀྱི་སྨོན་ལམ་གཅིག་ཏུ་བཟླུམས་པའི་སྤྲུལ་པའི་སྐུ་འགྲོ་འདུལ་བསམ་གཏན་ཡེ་ཤེས་གླིང་པ་དང་། བསྟན་འཛིན་གྱི་སྐྱེས་བུ་ཆོས་ཀྱི་བདག་པོ་རྣམས་དང་རྟེན་འབྲེལ་དུས་ལ་བབ་པའི་ཚེ། ཕྱི་ནང་གསང་བའི་བར་ཆད་སེལ་བ་དང་། བསྟན་པ་སྲུང་བའི་མངའ་བདག་དྲང་སྲོང་ཁྱབ་འཇུག་སྨུག་ནག་འོད་འཕྲོའི་བཀའ་གཏད་ཟབ་མོ་སྦྱིན་པ་ལ་སློབ་དཔོན་གྱིས་བགྱི་འོས་རྣམས་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་ལས་ཇི་ལྟར་བྱུང་བ་བཞིན་ལྷག་ཆད་མེད་པར་སྔོན་དུ་གྲུབ་ཟིན། ད་སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་བླ་མ་དང་དྲང་སྲོང་ཆེན་པོ་དབྱེར་མེད་པའི་དྲུང་དུ་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཞུ་བའི་ཡོན་དུ་མཚོན་ཆ་སོགས་ཞི་རྒྱས་དབང་དྲག་གི་སྒྲུབ་པའི་ལས་ལ་དམིགས་པའི་རྫས་ཀྱི་མཎྜལ་ཕུལ།


previousདྲང་སྲོང་ཆེན་པོའི་བཀའ་གཏད་ལོ་རྒྱུས།next