Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
དྲང་སྲོང་བླ་རྡོ་འབྲི་ཐབས།
  
 
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲང་སྲོང་བླ་རྡོ་འབྲི་ཐབས།next

དྲང་སྲོང་བླ་རྡོ་འབྲི་ཐབས།

ཡང་གསང་ཌཱཀྐིའི་ཐུགས་ཐིག་ལས༔ ཟུར་འགེབ་མི་ཟད་རྒྱན་འཁོར་བསྟན༔ དེ་ལ་དྲང་སྲོང་བླ་རྡོ་ནི༔ འདབ་ཆགས་རྙི་ལ་འཇུག་ཐབས་བསྟན༔ ཧེ་རུ་ཀ་དཔལ་ལ་བཏུད་དེ༔ དྲང་སྲོང་སྲོག་འཁོར་བླ་རྡོ་ནི༔ ཉ་སྟོང་ཚེས་བརྒྱད་དུས་བཟང་ལ༔ དྲང་སྲོང་རྒྱུ་བའི་དུས་དག་དུ༔ ཆེ་བཙན་དྲེགས་པ་ལས་འོང་བའི༔ ལེབ་ཤོག་དྲི་བྲལ་གཙང་མའི་ངོས༔ དྲི་བཟང་སྨན་གྱིས་སྦག་ཏུ་བཅུག༔ དྲང་སྲོང་ཁྱབ་འཇུག་སྣང་བརྙན་ནི༔ མངོན་རྟོགས་ཅི་བཞིན་བྲིས་པའི་ལྟོར༔ འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གསུམ༔ དང་པོའི་དབུས་སུ་སྲོག་ཡིག་མཐར༔ གཡས་སྐོར་རྩ་བའི་བསྙེན་པ་ཤམ༔ དྲང་སྲོང་ཆེན་པོ་འཁོར་དང་བཅས༔ བདག་ཅག་རྣལ་འབྱོར་འཆང་བ་པོའི༔ ནད་གདོན་ཞི་ཞིང་ཚེ་བསོད་རྒྱས༔ སྣང་བ་དབང་འདུས་ལོག་འདྲེན་སྒྲོལ༔ མཆོག་ཐུན་དངོས་གྲུབ་སིདྡྷི་ཧཱུྃ༔ རྩིབས་བརྒྱད་སྡེ་བརྒྱད་སྲོག་བསྙེན་བཀོད༔ རྩིབས་མཆན་བཞི་ལ་གདོང་མོ་བཞི༔ མ༔ སྟག་སྲིན་ཟོར་བའི་གདོང་དཀར་སེར་ལྕགས་ཀྱུ་དང་ཞགས་པ༔ ར༔ བཾ་སྲིན་དྲེད་གདོང་སེར་ནག་ཐོད་དབྱུག་སྦྲུལ་ཞགས༔ ཙ༔ ནུབ་ཏུ་གོང་སྲིན་བ་གླང་གི་གདོང་ཅན་དམར་ནག་དགྲ་སྟྭ་དང་ཞགས་པ༔ ཤ༔ བྱང་དུ་འབྲོག་སྲིན་ཆུ་སྲིན་གདོང་ཅན་ལྗང་ནག༔ མཚམས་བཞི་རྒྱུ་སྐར་ཉེར་བརྒྱད་དང༔ སྦལ་མགོ་སྲིན་མོ་ཛྭ་ལ་ཡི༔ གཟུགས་སམ་ཡང་ན་སྲོག་སྔགས་ གཡས་སུ་ཡབ་ལ་ཛ༔ གཡོན་དུ་ཡུམ་ལ་ཕུ༔ འབྲི༔ ཕྱི་རིམ་དབྱངས་གསལ་སྦྲགས་ཏེ་འབྲི༔ དེའི་ཕྱིར་རྟེན་འབྲེལ་སྙིང་པོ་བཀོད༔ དེའི་ཕྱིར་མེ་དུད་རླུང་ཐོག་སེར༔ འཇིགས་པའི་རི་མོའི་པ་ཏྲ་བཀོད༔ རབ་ཏུ་གནས་ཤིང་ལེགས་པར་བསྒྲུབ༔ དྲི་བཟང་སེལ་མེད་དམ་རྫས་བྱུག༔ ཕ་ཝཾ་ལོང་བུ་ཀྵ་ཡིག་མཚན༔ སྲོག་སྙིང་དྲིལ་ལ་འཆང་བར་བྱ༔ ཟ་འོག་དམར་ཁྲའི་ཁུག་མར་བཅུག༔ མཆན་གྱི་འོག་ཏུ་གདག་པར་བྱ༔ དྲང་སྲོང་དྲེགས་པའི་དམ་ཚིག་དང༔ གནད་ཡིག་རྒྱུད་སྡེ་གཞན་དང་མཐུན༔ ཁྱབ་འཇུག་སྲོག་ལ་དབང་ཐོབ་འགྱུར༔ སྲུང་མ་ལུས་དང་གྲིབ་བཞིན་འགྲོག༔ ཚེ་ཆོས་སྲིད་ནོར་གང་ལ་དབང༔ མ་དང་ཌཱཀྐིའི་སྙིང་ཁྲག་ཡིན༔ བཛྲ་ས་མ་ཡཱ༔ ལས་སྐལ་ལྡན་པའི་དཔལ་དུ་ཤོག༔ བསྟན་པ་སྲུང་བའི་མཚོན་ཆ་ཡིན༔ དམ་མེད་ལག་ཏུ་མ་ཤོར་ཞིག༔ མནྟྲ་གུ་ཧྱ༔


previousདྲང་སྲོང་བླ་རྡོ་འབྲི་ཐབས།next