Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
དྲང་སྲོང་ཆེན་པོ་ཁྱབ་འཇུག་སྨུག་ནག་འོད་འཕྲོའི་བཀའ་གཏད་གཏོར་དབང་རབ་འབྱམས་ཕྲིན་ལས།
  
  
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདྲང་སྲོང་ཆེན་པོ་ཁྱབ་འཇུག་སྨུག་ནག་འོད་འཕྲོའི་བཀའ་གཏད་གཏོར་དབང་རབ་འབྱམས་ཕྲིན་ལས།next

དྲང་སྲོང་ཆེན་པོ་ཁྱབ་འཇུག་སྨུག་ནག་འོད་འཕྲོའི་བཀའ་གཏད་གཏོར་དབང་རབ་འབྱམས་ཕྲིན་ལས།

དྲང་སྲོང་ཆེན་པོ་ཁྱབ་འཇུག་སྨུག་ནག་འོད་འཕྲོའི་བཀའ་གཏད་གཏོར་དབང་རབ་འབྱམས་ཕྲིན་ལས་བཞུགས༔

གསང་བདག་གོས་སྔོན་ཧྱ་གྲཱི༔ མཁའ་ལྡིང་ག་རུ་ཎ་པད་འབྱུང༔ དབྱེར་མེད་མཚུངས་བྲལ་བླ་མ་ལ༔ ཕྱག་འཚལ་བདག་རྒྱུད་དགེ་བར་མཛོད༔ སྔོན་འགྲོ་དངོས་རྗེས་རྣམ་གྲངས་གསུམ༔ དང་པོ་བཀོད་ལེགས་མཆོད་རྫས་བཤམས༔ བར་དུ་སྐྱབས་སེམས་ལས་གཞུང་བསྲང༔ ཐ་མ་སློབ་བུ་བུམ་ཆུས་བཀྲུས༔ མཎྜལ་འབུལ་ཞིང་གསོལ་བ་གདབ༔ ཀྱཻ་ཧོ་བླ་མ་རྡོ་རྗེ་འཛིན༔ བདག་ཅག་སྐལ་ལྡན་བུ་ལ་དགོངས༔ དཀོན་མཆོག་སངས་རྒྱས་བསྟན་སྲུང་ཕྱིར༔ དྲང་སྲོང་ཆེན་པོའི་བཀའ་གཏད་ཞུ༔ ལན་གསུམ་དེ་ནས་རྡོ་རྗེ་སློབ་དཔོན་གྱིས༔ ཆོས་སྐྱོང་ལོ་རྒྱུས་ཆེ་བ་བརྗོད༔ དེ་རྗེས་སྐྱབས་འགྲོ་སེམས་བསྐྱེད་དང༔ ཡན་ལག་བདུན་གྱིས་རང་རྒྱུད་སྦྱོང༔ དེ་ནས་རང་གི་མདུན་དུ་རྡོ་རྗེ་སློབ་མ་དེ་ཉིད་previous hit གསང་བའི་བདག་པོ་ཕྱགརྡོར next hit་མཚན་ཉིད་དང་ལྡན་པར་བསྐྱེད་ཅིང་ཆ་བྱད་ཡོངས་སུ་རྫོགས་པའི་ལྷ་སྐུར་ལམ་གྱིས་གསལ་བའི་མདུན་དུ་གཏོར་མ་འདི་ཉིད་ཁྱབ་འཇུག་རྡོ་རྗེ་ཐོག་རྒོད་སྨུག་ནག་འོད་འཕྲོར་སྐད་ཅིག་གིས་གསལ་བ་རྗེ་ཁོལ་གྱི་རྣམ་པ་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ས་ལམ་གྱི་བར་ཆད་སེལ་ཞིང་བཀའ་དང་དམ་ཚིག་གཉན་པོ་བསྲུང་ཞིང་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་དམ་ཚིག་གི་རྗེས་གཅོད་པར་ཁས་བླངས་ཤིང་དམ་ལ་གནས་པའི་འདུན་པ་གཏོད་ཅིག༔ ཧཱུྃ༔ ང་ནི་རང་བྱུང་གསང་བདག་གི༔ ཡང་སྤྲུལ་བསྟན་པའི་བྱ་ར་བ༔ དམ་ཚིག་ཅན་གྱི་ལྷ་ཆེན་པོ༔ རྡོ་རྗེ་སློབ་དཔོན་འདི་ཉིད་ཀྱི༔ ལུས་དང་གྲིབ་ལྟར་འགྲོགས་པ་དང་༔ ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད༔ བསྟན་དགྲ་དམ་ཉམས་རྡུལ་དུ་རློགས༔ སངས་རྒྱས་བསྟན་པའི་ག་དར་མཛོད༔ ལོག་ལམ་མུ་སྟེགས་ལོག་རྟོག་ཆོམ༔ སྐུ་ལ་བསྡོ་བའི་རིགས་རྒྱུད་ཆོད༔ ལོག་ལྟའི་དཔུང་ཚོགས་ཆམ་ལ་ཕོབ༔ མ་གཡེལ་མ་འདའ་ས་མ་ཡཱ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡེ་ཤེས་དབང༔ སྐལ་ལྡན་སློབ་བུ་འདི་ལ་འབེབས་མཛད་གསོལ༔ ཧྲཱིཿཤག་རུ་རཾ་སོགས་རྩ་སྔགས་མཐར་བྷ་ལིང་ཏ་ཏིཥྛ་ཀཱ་ཡ་ཝཀྐཱ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་གནས་གསུམ་དུ་གཏུག༔ དེ་ནས་དྲང་སྲོང་སྐུ་གཟུགས་སློབ་མའི་སྤྱི་བོར་བཞག་ལ་དབང་བསྐུར་བ་ནི༔ ཧཱུྃ༔ ཆོས་སྐྱོང་ཡོངས་ཀྱི་ཡང་སྙིང་ནི༔ གཞན་གྱིས་མི་ཐུབ་གཟའ་བདུད་ཆེ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དུག་ལྔ་ཡེ་ཤེས་ལྔ་ཡི་སྐུ༔ སྣང་སྟོང་གཟའ་བདུད་སྐུ་གྲུབ་ནས༔ གདུག་ཅན་སྡང་སེམས་འདུལ་བར་ཤོག༔ ཧྲཱིཿཤག་རུ་སོགས་ནས་མུར་ཏི་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཀྵ་ནཱ་ག་རཀྴ་དཱ་ན་པ་ཏི་རཀྵ་རཀྵ་ཀུ་རུ་བྷྲུཾ༔ ཕྱག་མཚན་རྟགས་ཀྱི་དབང་སྐུར་ནི༔ ཕྱག་མཚན་རེ་རེ་བཞིན་གཏད་དེ་རྗེས་གནང་ནི༔ ཧཱུྃ་བྷྱོ་ཛ༔ ཕྱག་མཚན་ཆུ་གྲི་འབར་བ་འདིས༔ དགྲ་སྲོག་གཅོད་པའི་དབང་ཐོབ་ཤོག༔ ཆུ་སྲིན་གདུག་པའི་རྒྱལ་མཚན་འདིས༔ བསྟན་དགྲ་རེངས་བའི་དབང་ཐོབ་ཤོག༔ རེ་འབྱམས་རྔམ་པའི་ཞགས་པ་འདིས༔ དམ་ལོག་འཆིང་བའི་དབང་ཐོབ་ཤོག༔ ཐབས་མཆོག་གཞུ་ཡི་དབང་བསྐུར་བས༔ དམ་ཉམས་ཕོ་རྒྱུད་གྲི་རུ་སོད༔ ཤེས་རབ་མདའ་ཡི་དབང་སྐུར་བས༔ ཉམས་པའི་མོ་རྒྱུད་མངལ་ནས་སྐོམས༔ གཉིས་མཉམ་རྒྱུད་ཀྱི་དབང་བསྐུར་བས༔ ཉམས་པ་བདུན་ལྡན་སྐྱེ་རྒྱུད་ཆོད༔ མེ་རླུང་འཚུབས་མའི་དབང་སྐུར་བས༔ གནོད་བྱེད་བསྲེག་ཅིང་གཏོར་བར་ཤོག༔ ལྟོ་ཞལ་འཇིགས་རུང་འདི་གཏད་པས༔ དགྲ་བགེགས་ཞལ་གྱི་ཧོམ་དུ་དྲོངས༔ མིག་མང་འོད་འཕྲོ་འདི་གཏད་པས༔ ཐོག་སེར་དྲག་པོས་དགྲ་ཁམས་རློག༔ དཔའ་བོའི་དམག་ཆས་འགྲུབ་པར་ཤོག༔ དྲང་སྲོང་ལས་ལ་ཐོགས་མེད་གྱུར༔ སྐལ་ལྡན་ལས་ཅན་བུ་ཁྱོད་ལ༔ ཡབ་ཡུམ་སྲས་འཁོར་གཟའ་ཆེན་བརྒྱད༔ གདོང་མོ་རྒྱུ་སྐར་ཉེར་བརྒྱད་སོགས༔ སྤྲུལ་པ་སྣ་ཚོགས་རྗེས་གནང་བསྐུར༔ དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ ཧྲཱིཿཤག་རུ་རཾ་སོགས་ཀཱ་ཡ་ཝཀྐཱ་ཙིཏྟ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒྲུབ་རྫས་རྟེན་རྫས་དང་༔ བླ་རྡོ་སྒྲུབ་ཡིག་ལག་ཏུ་གཏད༔ བཀའ་གཏད་བརྒྱུད་པའི་སྨོན་ལམ་དང༔ འདོད་གསོལ་ཕྲིན་ལས་གཉེར་གཏད་བྱ༔ མཐའ་རྟེན་བསྒྲལ་ལས་སྤྱི་འགྲོས་སམ༔ ཡང་ན་རང་གཞུང་དག་ལས་ཤེས༔ སློབ་བུའི་ཞལ་སྤྲོ་ཤིས་པ་བརྗོད༔ ས་མ་ཡཱ༔ དེ་ནས་གཏོར་ཟོར་མདའ་ཟོར་དང་༔ མཚོན་ཟོར་ཡུངས་ཟོར་དྲག་ཟོར་ནི༔ སྐལ་ལྡན་རིགས་ཀྱི་སློབ་བུ་ལ༔ གཏད་དེ་སྡང་བའི་དགྲ་ལ་ཟོར༔ ཧཱུྃ་བྷྱོ་ཛ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལས་གཏོར་རྡོ་རྗེ་ཕ་ལམ་གཏད༔ སྲུང་མ་མཆོད་ཅིང་ཉམས་པ་སྒྲོལ༔ ནད་དང་མཚོན་གྱི་བསྐལ་པ་འཁྲུགས༔ གདེང་པ་ཙམ་གྱིས་དགྲ་བགེགས་བརླག༔ བསོར་བ་ཙམ་གྱིས་རི་རབ་འཐོར༔ འཕང་ན་སྟོང་གསུམ་སྲིད་པ་འཇོམས༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཧྲཱིཿཤག་རུ་རཾ་སོགས། པྲ་ཤ་པྲ་ཤ༔ ཧ་ཧ་ཚལ་པ་ཚལ་པ༔ དུམ་དུམ་ཉིལ་ཉིལ༔ འུར་འུར་རྒྱུག་རྒྱུག༔ རཱ་ཧུ་ལ་དགྲ་བོའི་ཤ་ཁྲག་རུས་པ་ནང་རོལ་ལ་རྦད༔ ཤ་རུས་པགས་པ་ལ་རྦད༔ བླ་ཚེ་སྲོག་ལ་རྦད༔ ཡིག་འབྲུ་སོ་བཞི་ཡོད་པ་ལས༔ དགྲ་བོ་འདི་ཞེས་བྱ་བའི་སོགས་དམོད་བཅོལ་གང་ཤེས་བསྒྲགས་པར་བྱ༔ དེས་ནི་རྟགས་དང་མཚན་མ་འབྱུང་༔ བསད་སྔགས་ཟོར་དང་སྦྲགས་ཏེ་བཟླ༔ ཆེ་གེ་མོ་ཁཱ་ཧི་ཁཱ་ཧི༔ ས་ར་ཧོ་ར་ཏི་བྱེར༔ ཟོན་ཟོན༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་རྦད་རྦད༔ རྦད་སྔགས་འདི་ཡང་གོང་བཞིན་བཟླ༔ དེ་ནས་མདའ་ཟོར་ཐོགས་ལ༔ ཧཱུྃ་བྷྱོ་ཛ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལས་ཀྱི་མདའ་ཟོར་ཐོག་མདེལ་གཏད༔ སྲུང་མའི་ཕྱག་མཚན་དགྲ་བགེགས་སྒྲོལ༔ གནམ་ལྕགས་ཐོག་གི་ཚ་ཚྭ་འཕྲོ༔ གཞུ་འདི་བརྡུང་བས་ལྷ་སྲིན་འདུ༔ མདའ་འདི་འཕང་པས་དགྲ་བགེགས་བརླགས༔ ཉམས་པའི་སྙིང་ལ་མཱ་ར་ཡ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ འབོད་སྔགས་བསད་པའི་སྔགས་ཀྱིས་བརྡེག༔ དེ་ནས་མཚོན་ཟོར་ཐོགས་ལ༔ ཧཱུྃ་བྷྱོ་ཛ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལས་ཀྱི་མཚོན་ཟོར་འདི་གཏད་པས༔ དྲང་སྲོང་ཆེན་པོའི་ཕྱག་གི་ཆ༔ དགྲ་བགེགས་སྲོག་གི་སྤུ་གྲི་ཡི༔ ཁྲོ་ཆུང་མཚོན་ཐོགས་སྐར་ལྟར་འཁྲིགས༔ དགྲ་བགེགས་ལྔ་ཕུང་རྩད་ནས་ཆོད༔ ཕྲིན་ལས་ཐོག་མེད་འགྲུབ་པར་མཛོད༔ འབོད་རྦད་བསད་གསུམ་དྲག་སྔགས་བཟླ༔ དེ་ནས་མེ་དཔུང་དྲག་པོའི་ཟོར་ཐོགས་ལ༔ ཧཱུྃ་བྷྱོ་ཛ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལས་ཀྱི་མེ་དཔུང་ཟོར་འདི་གཏད༔ དྲང་སྲོང་སྐུ་ལས་འཕྲོས་པའི་མེ༔ དམར་ནག་རབ་འཇིགས་འུར་བའི་ཀློང༔ གཟའ་བརྒྱད་རྒྱུ་སྐར་མདའ་ལྟར་འཕེན༔ ཉམས་པའི་དགྲ་བོ་ལྐུགས་ཧྲིལ་དང༔ ཧུར་ཐུམ་དྲག་པོས་རྦད་ཀྱིས་སོད༔ མེ་དཔུང་འབར་བའི་གཞོབ་ཀྱིས་བསྲེགས༔ དགྲ་ཁམས་བསྟན་བཤིགས་བརླག་པར་མཛོད༔ འབོད་རྦད་བསད་པའི་སྔགས་ཀྱིས་བརྡེག༔ དེ་འདྲའི་ཟོར་དབང་ཟབ་མོ་འདི༔ སྐལ་བ་ལྡན་ལ་བསྐུར་བར་བྱ༔ དེ་ནས་ངེས་པ་དོན་གྱི་དབང༔ ཁྱེད་རང་དྲང་སྲོང་སྨུག་ནག་འོད་འཕྲོ་ཇི་ལྟ་བ་བཞིན་གསལ་བའི་ཐུགས་ཀར་གསང་བའི་བདག་པོ་གོས་སྔོན་ཅན་ཞལ་གཅིག་ཕྱག་གཉིས་འདོར་སྟབས་རུས་རྒྱན་ཅན༔ དེའི་ཐུགས་ཀར་ངོ་བོ་བླ་མ་ལ་རྣམ་པ་ཨོ་རྒྱན་པདྨའི་སྐུར་གསལ་བའི་ཐུགས་མཆོང་གུར་སྨུག་པོའི་དབུས་སུ་སྲོག་ཡིག་ཀྵ་མེ་དཔུང་དུད་སྤྲིན་འཐིབས་པའི་ཀྵ་མིག་ཏུ་ཨ་མཐིང་ཀའི་འོད་ཀྱི་རང་བཞིན་ཅན་ལ་སེམས་འཛིན་ཏུ་བཅུག་ལ་སྣང་སེམས་དབྱེར་མེད་རྩ་གསུམ་བདག་ཉིད་དྲང་སྲོང་དྲེགས་པའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད༔ མཐའ་མར་དོན་གྱི་དབང་སྐུར་བའོ༔ ས་མ་ཡཱ༔ དྲང་སྲོང་བརྟེན་པའི་དམ་ཚིག་བསྒྲགས༔ སློབ་བུས་མི་འདའ་བསྒྲུབ་པར་བཞེས༔ སངས་རྒྱས་བསྟན་པ་སྲུང་བ་དང༔ མི་མཐུན་བར་ཆད་བཟློག་པར་འགྱུར༔ གུ་ཧྱ༔


previousདྲང་སྲོང་ཆེན་པོ་ཁྱབ་འཇུག་སྨུག་ནག་འོད་འཕྲོའི་བཀའ་གཏད་གཏོར་དབང་རབ་འབྱམས་ཕྲིན་ལས།next