Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
ལས་ཚོགས་སྤུ་གྲི་རབ་འབར།
  
  
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousལས་ཚོགས་སྤུ་གྲི་རབ་འབར།next

ལས་ཚོགས་སྤུ་གྲི་རབ་འབར།

ཟུར་འགེབ་མི་ཟད་རྒྱན་འཁོར་ལས༔ དྲང་སྲོང་ཆེན་པོའི་ལས་ཚོགས་སྤུ་གྲི་རབ་འབར་བཞུགས༔

མ་ཅིག་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ དེ་ལ་འདིར་སྦྱོར་དངོས་རྗེས་གསུམ་ལས༔ སྦྱོར་བ་འགུག་སྔགས་གཟུ་དཔང་བྱ༔ དགྲ་གཟུགས་མིང་རུས་ཚང་བར་འབྲི༔ སྲོག་ཡིག་མཐའ་བསྐོར་སྔགས་འདི་བྲི༔ ཨོཾ་ཡཀྴ་རཀྴ་རཱ་ཧུ་ལ་དགྲ་བོའི་སྲོག་ལ་དུང་དུང༔ ནཱ་ག་རཀྴ་རཱ་ཧུ་ལ་དགྲ་བོའི་སྲོག་ལ་རྦད་རྦད༔ མཱ་ར་ཡ་སོད་སོད༔ ཅེས་བྲི༔ མཐའ་བསྐོར་དམོད་བཅོལ་གང་ཤེས་བྲི༔ རོ་ལྟེབ་བྱ་ཞིང་ལིང་ཁྲུས་བསངས༔ ཟག་རྫས་བྱུག་ལ་ཐོད་ངན་གཞུག༔ དེ་ནས་འགུག་གཞུག་དྲག་པོ་བྱ༔ འགུགས་སྔགས་རྟགས་མཚན་ཐོན་པར་བཟླ༔ ཨོཾ་བཛྲ་ཡཀྴ་རཀྵ་ཛྙཱ་ན་རཱ་ཧུ་ལ་མཱ་ར་ཡ་དགྲ་བོའི་སྲོག་ལ་རྦད་རྦད༔ ན་ག་རཀྴ་ཀྲོ་ཏ་ཀེ་ཏ་རཱ་ཧུ་ལ་དགྲ་བོའི་སྲོག་ལ་རྒྱུག་རྒྱུག་བྲིང་བྲིང་ཐུམ་རི་ལི་ལི་ཛ༔ དྲང་སྲོང་སྨུག་ནག་འོད་འཕྲོ་འཁོར་དང་བཅས་པ་དགྲ་བོའི་སྟེང་དུ་ཆས་ཆས་མཱ་ར་ཡ་སོད་སོད༔ ཨོཾ་རཀྴ་རཱ་ཧུ་ལ་དགྲ་བོའི་སྙིང་ལ་ཟུངས་ཟུངས༔ མཱ་ར་ཡ་ཁུག་རྣྲི་ཏྲི་ཛཿ འགུག་པའི་རྟགས་མཚན་འདི་ལྟར་རོ༔ ལིང་ཀ་འགུལ་དང་ཚག་སྒྲ་འབྱུང༔ རླུང་ནག་འཚུབ་དང་མེ་དཔུང་མཆེད༔ རྦད་པའི་ལས་ལ་ཐུག་པ་ཡི༔ རྦད་ཅིང་གཟིར་བའི་ལས་སྔགས་ནི༔ ཨོཾ་བཛྲ་ཛྙཱ་ན་རཀྴ་རཱ་ཧུ་ལ་པྲ་མ་ཕུ་ཀྵ་ནཱ་ག་དགྲ་བོའི་སྲོག་ལ་རྦད་རྦད༔ ཨེ་ནྲྀ་ཏྲི་ཧུར་ཐུམ་རྦད༔ རཀྴ་རཱ་ཧུ་ལ་ཀ་ལ་རུ་པ་དགྲ་བོའི་ཙིཏྟ་ཟུངས་ཟུངས་རྨུག་རྨུག་ཨེ་མ་བྷྱོ་བྷྱོ༔ ཡཀྴ་རཀྴ་ནཱ་ག་རཱ་ཧུ་ལ་ཁཾ་ཁཾ་ལཾ་ལཾ་རྡུལ་ཙི་ནི་ར་ཕྱེ་མ་ཕྱེ་མ་མཱ་ར་ཡ་དགྲ་བོ་རྦད་ཐུན་བྷྱོ༔ རྟགས་མཚན་མ་བྱུང་བར་དུ་བཟླ༔ རྟགས་ནི་རྟུག་དྲི་ངན་པ་དང༔ དྲང་སྲོང་དངོས་སུ་མཐོང་བ་དང༔ མེ་ཏོག་སྐར་མདའ་རྒྱུག་པ་མཐོང༔ རྨི་ལམ་བན་དེ་ཨ་ཙ་ར༔ སོག་པོ་བྱིས་པ་རྒྱུག་ཀྱང་སྲིད༔ ཕོ་རོག་སྟོང་སྒྲ་གཤོག་ལྡིང་དང༔ སེམས་ནི་འཕྱོ་ཞིང་ཚབ་ཚུབ་སློང༔ བསད་པའི་ལས་ཀྱི་སྦྱོར་བ་རན༔ དེ་ལ་སྦྱོར་བའི་འཁོར་ལོའི་སྔགས༔ ཨོཾ་བཛྲ་ཛྙཱ་ན་རཱ་ཧུ་ལ་འུར་བ་འུར་བ་དགྲ་བོའི་སྲོག་རྩ་ཆོད་ཆོད༔ ཨོཾ་ཡཀྴ་རཀྴ་རཱ་ཧུ་ལ་དགྲ་བོའི་སྙིང་རྩ་ཕྱུངས་ཕྱུངས༔ སྲོག་རྩ་དྲོང་དྲོང༔ ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་དགྲ་བོའི་སྲོག་རྩ་ལ་ཡཾ་ཡཾ༔ ཨོཾ་ཡཀྴ་ཀྲོ་ཏ་རཱ་ཧུ་ལ་དགྲ་བོའི་སྲོག་རྩ་ཆོད་ཅིག་འུབ་འདུས་ཨེ་ཧུར་ཐུམ་རྦད་བྷྱོ༔ ཁྱབ་འཇུག་སྨུག་ནག་འོད་འཕྲོ་རཱ་ཧུ་ལ་འཁོར་དང་བཅས་པ་རྒྱུག་རྒྱུག་དགྲ་བོའི་སྲོག་སྙིང་ཁྱེར་ལ་ཤོག༔ ཨེ་རྦད་སོད་ཡ༔ བསད་པའི་ལས་སྔགས་གཞན་ཡང་བཟླ༔ གྲུབ་པའི་རྟགས་མཚན་མང་པོ་འབྱུང༔ དགའ་བྲོ་ཁུ་འཕྲིག་མི་བྱ་ཞིང༔ རང་བཞིན་གཤིས་ཀྱི་ངང་མདངས་སྐྱོང༔ ས་མ་ཡཱ༔ དེ་ནས་དང་པོ་ཧོམ་བསྐྱེད་ནི༔ ཨེ་ནྲྀ་ཏྲི་བྷྱོ་ཛཿ མཎྜལ་གྲུ་གསུམ་རང་ཉིད་གསང་བའི་བདག་པོའི་མདུན༔ དུར་ཁྲོད་དྲག་པོ་འཇིགས་སུ་རུང་བའི་དབུས་གྲུ་གསུམ་གྱི་ཁང་སྒྲོམ་ཁ་དོག་ཅིང་གཏིང་ཟབ་པ༔ ཁ་ན་ཞེ་སྡང་གི་མེ་འབར་བ༔ འོག་ན་འདོད་ཆགས་ཀྱི་ཆུ་རླབས་འཁྲུགས་པ༔ བར་ན་ཕྲག་དོག་གི་རླུང་ནག་འཚུབས་པ༔ ནང་ན་གཏི་མུག་གི་སྨག་ནག་ཅིང་གཤིན་རྗེའི་ཕོ་ཉ་མང་པོ་རྒྱུག་ཅིང་གར་རྩེ་བ༔ དྲེགས་པ་ཡོངས་ཀྱི་བཤན་ཁང༔ སྡེ་བརྒྱད་རྒྱུ་བའི་སྲང་སྒོ༔ ལས་ཀྱི་བཙོན་ར་ཡ་ང་བ་དེའི་ནང་དུ་ནྲྀ་ལས་ཞིང་བཅུ་ཚངས་བའི་བྱད་མ་ཉམས་པ་བདུན་ལྡན་གྱི་དགྲ་བོ༔ སྔོ་བ་སྐྱ་བ་རིད་པ་ཉམ་ཐག་པ༔ རྐང་ལག་ལྕགས་སྒྲོག་གིས་བསྡམས་ནས་གན་རྐྱལ་དུ་གནས་པ༔ སྲོག་གཅོད་དྲག་པོའི་དམག་གིས་བསྐོར་བ༔ མི་སྙན་བརྡུང་ཆོམ་རྒྱོབ་སོད་ཀྱི་སྒྲ་དི་རི་རི་སྒྲོག་ཅིང་མཚོན་ཆའི་ཆར་འབེབས་པ༔ ནད་ཀྱི་ན་བུན་འཚུབ་པ༔ གདོན་གྱི་ཚང་བཅའ་བ༔ དུག་གི་རླངས་པ་འཕྲོ་བ༔ དེ་ལས་མནར་དུ་མེད་པའི་གནས་སུ་ཚུད་པར་གྱུར༔ འགུག་འདྲེན་རྟགས་ཐོན་བྱ་བ་གནད༔ གཉིས་པ་གཟུ་དཔང་བསྐུལ་བ་ནི༔ གཏོར་མ་སྐྱེམས་ཕུད་ཆབ་ཀྱིས་སྦྱང་༔ ཨོཾ་ཨཱཿཧཱུྃ༔གིས་བྱིན་གྱིས་རླབས༔ ཧཱུྃ་བྷྱོ་ཀྵ་ཛ༔ མཆོག་གསུམ་རྒྱལ་བ་སྲས་བཅས་དགོངས༔ རྩ་གསུམ་ཆོས་སྐྱོངས་གཟུ་དང་དཔང༔ ངས་ནི་མ་ཉེས་མ་ཡོའོ༔ རྡོ་རྗེ་ཐེག་པ་ཉམས་བླངས་ནས༔ ཚེ་གཅིག་བྱང་ཆུབ་སྒྲུབ་སྙམ་ཡང་༔ དམ་ཉམས་འདི་ཡིས་མ་སྟེར་རོ༔ འཇིག་རྟེན་བྱ་བ་རྒྱབ་བོར་ནས༔ ཆོས་དང་མཐུན་པའི་ལས་བྱས་ཀྱང༔ དགྲ་བོ་འདི་ཡིས་མ་སྟེར་རོ༔ དམ་ཅན་སྲུང་མ་གཟུ་དང་དཔང༔ དྲང་སྲོང་ཆེན་པོ་སྙན་གསོན་ཅིག༔ རང་གཅིག་དོན་ལ་མ་གཉེར་ཞིང༔ འགྲོ་ཀུན་དོན་དུ་སེམས་བསྐྱེད་ཀྱང༔ ཆོས་སྒྲུབ་པ་ལ་བར་ཆད་བྱེད༔ ཕུང་བྱེད་དམ་ཉམས་ཁོ་ཡིས་ཉེས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ རྡོ་རྗེ་སློབ་དཔོན་སྐུ་དགྲ་བྱས༔ སེམས་ཅན་ཡོངས་ལ་བདེ་མི་སྟེར༔ རྣལ་འབྱོར་བདག་གི་དགྲ་རུ་ལངས༔ འདི་ནི་བསྒྲལ་བའི་ཞིང་ཡིན་ནོ༔ མངོན་སྤྱོད་དྲག་པོའི་དུས་ལ་བབས༔ ཀྱེ་མ་དགོངས་ཤིག་གཟུ་དཔང་ལྷ༔ ད་དུས་ལྔ་བརྒྱའི་ཐ་མ་ལ༔ སངས་རྒྱས་བསྟན་པའི་གཞུག་གཉེར་འདིར༔ སྨོན་ལོག་བདུད་ཀྱི་ཆོ་འཕྲུལ་ལས༔ སྡང་བྱེད་དམ་ཉམས་དགྲ་བྱུང་གི༔ ཡོངས་ལ་འཚེ་ཞིང་བསྟན་པ་བཤིག༔ ཆོས་མཛད་སྔགས་ཀྱི་རྣལ་འབྱོར་ལ༔ དོ་བསྡོ་ཕོད་བཙུག་བྱེད་པའི་དུས༔ བསྐུལ་བའི་ལས་ཀྱིས་མཐུ་མེད་ན༔ ཆོས་སྐྱོང་དམ་ཅན་སྲུང་མ་རྣམས༔ མཆོད་བསྒྲུབ་བརྟེན་པ་དོན་རེ་ཆུང༔ སྔོན་ཚེ་པདྨ་འབྱུང་གནས་ཀྱིས༔ གསང་སྔགས་བསྟན་པའི་སྲུང་མར་བཞག༔ མཚན་ཡང་དམ་ཅན་ཆོས་སྐྱོང་དང༔ དྲང་སྲོང་ཆེན་པོ་ཞེས་ཀྱང་གསོལ༔ བརྣག་པའི་ལས་ལ་མཐུ་མ་ཆུང༔ མིང་དང་མཐུན་པའི་ལས་གྱིས་ཤིག༔ གཏོར་མ་སྐྱེམས་ཕུད་འདི་བཞེས་ལ༔ དགྲ་སྲོག་གཅོད་པའི་ཕྲིན་ལས་མཛོད༔ ཞེས་གཏོར་སྐྱེམས་དགྲ་ཕྱོགས་ལ་ཕུལ༔ རང་གཞུང་བསྐུལ་བ་དབྱངས་རོལ་དང༔ ཁྲོ་འཁྲུགས་རྔམ་པའི་སྟོབས་ཀྱིས་བསྐུལ༔ ཁྱབ་འཇུག་གཏོར་མ་ཟོར་དུ་འཕེན༔ ར་ལྤགས་བརྡབ་ཅིང་རལ་པ་བསིགས༔ རྦད་སྔགས་བཟླ་ཞིང་སྨྲེང་འདི་གྱེར༔ ཧཱུྃ་བྷྱོ་ཀྵ་ཛཿ དྲང་སྲོང་འོད་འཕྲོ་ལས་ལ་ཆས༔ གདོང་མོ་མཆེད་བཞི་ལས་ལ་ཆས༔ གཟའ་ཆེན་བརྒྱད་པོ་ལས་ལ་ཆས༔ རྒྱུ་སྐར་ཉེར་བརྒྱད་ལས་ལ་ཆས༔ དྲེགས་པ་སྡེ་བརྒྱད་ལས་ལ་ཆས༔ ཡུལ་ལྷ་གཞི་བདག་ལས་ལ་ཆས༔ སྣང་སྲིད་ལྷ་འདྲེ་ལས་ལ་ཆས༔ དམར་གཏོར་ཁྲག་སྐྱེམས་འདི་བཞེས་ལ༔ ཀུན་ཀྱང་བདག་གི་སྡོང་གྲོགས་མཛོད༔ ཉེས་བྱེད་དམ་ཉམས་དགྲ་བོ་འདི༔ མྱུར་བར་སོད་ལ་དབང་པོ་སྣུབ༔ མིང་མེད་བརླག་པའི་ཕྲིན་ལས་མཛོད༔ དྲེགས་བསྐུལ་དམག་འགྱེད་ལ་སོགས་བྱ༔ ས་མ་ཡཱ༔ གཅིག་བརྒྱུད་མན་ངག་ཟབ་མོའི་སྔགས༔ ཀུན་ལ་སྤེལ་ན་དམྱལ་བར་ལྷུང༔ གཅེས་པའི་མིག་ལྟར་བཙའ་ཤེས་གྱིས༔ གབ་པའི་སྔགས་ནི་འདི་ཡིན་ནོ༔ ཧྲཱིཿཤག་རུ་རཾ་ནཱ་ག་ཙིཏྟ་ཏྲཾ༔ མ་མ་ཡོམ་ཟ་འགྲམ༔ ཧ་ཧེ་ཡོ་ཀི་ཤ་ལ་ཛ་ཛ༔ དགྲ་བོའི་སྲོག་ལ་ནྲྀ་ཏྲི་ཧུར་ཐུཾ་མཱ་ར་ཡ་རྦད༔ ཨོཾ་ཡཀྴ་རཀྴ་རཱ་ཧུ་ལ་ཨུ་ལ་ར་ཙ་དགྲའི་སྲོག་རྩ་ཆོད༔ ཅེས་འདི་སྟོང་ཕྲག་ཙམ་བཟླས་ན༔ གང་ལ་དམིགས་པ་ཞག་བདུན་ཚུན༔ བསད་རྟགས་དོན་སྙིང་དངོས་སུ་འོང༔ ནམ་མཁའི་བྱ་ལ་དམིགས་ཀྱང་ལྷུང༔ གཞན་ལ་མ་སྤེལ་བཀའ་ཆད་ཡོད༔ གཅིག་ནས་གཅིག་ཏུ་བརྒྱུད་པ་ལས༔ འཆལ་ན་མི་རུང་རྒྱ༔ ཁྱབ་འཇུག་ལས་ལ་རྒྱུག་པའི་ཐབས༔ ཤནྟིཾ་གརྦྷ་ལ་ཕྱག་འཚལ༔ བདག་འདྲ་མཚོ་སྐྱེས་རྡོ་རྗེ་ཡིས༔ དྲག་སྔགས་སློབ་དཔོན་ཉིད་ལ་ཞུས༔ ཕངས་མེད་ནོར་གྱིས་རིག་པ་བསླུས༔ བསྒྲུབ་པའི་བསྐུལ་བ་སྔོན་སོང་ནས༔ བསད་པའི་སྔགས་མཇུག་མདེའུའི་སྔགས༔ ཁྱབ་འཇུག་མངོན་དུ་རྒྱུག་པའི་སྔགས༔ ཨོཾ་བཛྲ་ཛྙཱ་ན་རཱ་ཧུ་ལ་དགྲ་བོའི་སྲོག་ལ་རྒྱུག༔ ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་འུར་བ་འུར་བ་རྒྱུག་རྒྱུག༔ ཨོཾ་ཡཀྴ་རཀྴ་རཱ་ཧུ་ལ་ཨུ་ར་ལིང་སརྦ་ཝ་ས་ལས་དགྲ་བོའི་སྙིང་ལ་རྦད་རྦད༔ རཱ་ཧུ་ལ་དགྲ་བོའི་སྲོག་ལ་རྦད་རྦད༔ རྩ་ལ་རྦད་རྦད༔ ལྤགས་པ་རྦད་ཐུམ་ཛ༔ ཡཀྴ་རཀྴ་ནཱ་ག་རཱ་ཧུ་ལ་ཨ་ཡ་མ་ར་ཙ་དགྲ་བོའི་མིང་སྨོས༔ སྲོག་རྩ་ལ་རྦད་ཆོད་ཡ༔ ཁ་ཕོར་རཀྴ་ཙིཏྟ་རྦད༔ མཱ་ར་ཡ་སོད་སོད༔ དོན་བྷྱོ་རྦད་ཐུམ་ཛ་ཛ༔ འདིས་ནི་སྨྱོ་འབོག་བརྒྱལ་ནུས་ཞིང༔ མི་འདོད་ཆོ་འཕྲུལ་ངེས་པར་འབྱུང༔ སྟོང་ཕྲག་གསུམ་ལས་བཟླ་མི་རུང༔ དེ་ལས་མང་ན་སྲོག་ལ་འོང༔ སྔགས་འདི་སྨྲ་བཅད་ཤུབ་བཟླས་གཅེས༔ རྟགས་ནི་ལིང་ག་འགུལ་ཞིང་འཕར༔ སྒྲུབ་ཁང་རྟུག་དྲི་བྲུན་དྲིས་གང༔ ཁྱབ་འཇུག་རྒྱུ་བའི་གཟུགས་མཐོང་ངོ༔ བྱ་རྒོད་ཁྭ་ལ་ཤ་གཏད་སོགས༔ མ་ངེས་རྟགས་མང་འབྱུང་བར་འགྱུར༔ ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ ཨོ་རྒྱན་པདྨའི་བཀའ་རྒྱ༔ ཡེ་ཤེས་མཁའ་འགྲོའི་དམ་རྒྱ༔ བཀའ་ཡི་སྲུང་མའི་རཀྴ་རྒྱ༔ སྨུག་ནག་འོད་འཕྲོའི་གཉན་རྒྱ༔ ཆོས་བདག་རྣམས་ལ་གཏད་རྒྱ༔ དམ་མེད་ལོག་ལྟ་ཅན་ལ་གསང་རྒྱ༔ སྐལ་ལྡན་སྐྱེས་བུ་ཡོངས་ལ་སྤེལ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་དྲང་སྲོང་ཆེན་པོའི་ལས་ཚོགས་རགས་རིམ་འདི་རང་བྱུང་ཀློང་གི་མཛོད་ལས་བསྒྱུར་ཏེི་སློབ་བུ་གསལ་སྟོང་ལ་གཅིག་བརྒྱུད་དུ་མཛད་དེ་གཏད་པ་བསྟན་དང་འགྲོ་ལ་གནོད་པའི་བསྟན་དགྲ་རྣམས་ཚར་གཅོད་པར་མཛད་པའི་རྒྱུར་གྱུར་ཅིག༔ སྤྲུལ་སྐུ་ས་ར་ཧི་ཏའི་ཐུགས་གཏེར་ཡང་དག་གོ༔ ཤུ་བྷཾ༔


previousལས་ཚོགས་སྤུ་གྲི་རབ་འབར།next