Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

35 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
 
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
29   
  
  
  
  
  
  
  
  
  
  
 
  
  
  
  
ངག་བཀྲོལ་གནམ་ལྕགས་སྤུ་གྲི་འཁོར་མ།
  
  
  
 


35 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousངག་བཀྲོལ་གནམ་ལྕགས་སྤུ་གྲི་འཁོར་མ།next

ངག་བཀྲོལ་གནམ་ལྕགས་སྤུ་གྲི་འཁོར་མ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ ངག་བཀྲོལ་གནམ་ལྕགས་སྤུ་གྲི་འཁོར་མ་བཞུགས༔ རང་བྱུང་ལྷ་ལ་ཕྱག་འཚལ་ལོ༔ ངག་བཀྲོལ་སྤུ་གྲི་འཁོར་མ་འདི༔ ཡར་མར་དུས་ཚེས་བཟང་པོ་ལ༔ སྐྱབས་འགྲོ་སེམས་བསྐྱེད་མཎྜལ་སྟོང༔ གཙུག་ཏོར་ལྷ་མོ་ལ་དམིགས་ཏེ༔ བརྐྱང་ཕྱག་བརྒྱ་སྟོང་ཁྲི་སོགས་འཚལ༔ ཡི་གེ་བརྒྱ་པས་ལས་སྒྲིབ་སྦྱངས༔ དེ་ནས་དུས་རྒྱུན་ནམ་ལོང་སྐབས༔ ཐོ་རངས་ངག་ཚིག་མ་འདྲེས་གོང༔ རང་ཉིད་རྡོ་རྗེ་ཁྲོ་བོ་ནི༔ སྐུ་མདོག་མཐིང་ནག་མེ་དཔུང་འབར༔ ཕྱག་མཚན་སྣ་ཚོགས་མཚོན་ཆ་བསྣམས༔ ཞབས་གཉིས་མེ་དཔུང་ཀློང་དུ་འགྱིང༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་པ༔ སྤྱི་བོར་རྣམ་སྣང་མགྲིན་པ་རུ༔ སྣང་མཐའ་སྙིང་ཁར་རྡོར་སེམས་གསལ༔ མགྲིན་པའི་དབུས་སུ་ཉི་ཟླ་འབར༔ ལྕེ་ནི་གནམ་ལྕགས་རལ་གྲི་ཡི༔ འཆང་བཟུང་ཡི་གེ་དྷི་ཧྲཱིཿམཚན༔ ཡུ་བ་པདྨའི་སྦུབས་སུ་ནུབ༔ མེ་དཔུང་འུར་འུར་ཆེམ་ཆེམ་འབར༔ བྱད་དང་མི་གཙང་ཐམས་ཅད་སྦྱངས༔ དང་པོ་དབྱངས་གསལ་སྒྲ་དག་སྟོང༔ དེ་ནས་རྟེན་འབྲེལ་སྙིང་པོ་བརྒྱ༔ དེ་ནས་ངག་ལ་དབང་བསྐུར་བརྒྱ༔ དེ་རྗེས་དྲག་སྔགས་མུ་སྟེགས་ཀྱི༔ བཟློག་པ་ཨ་ཐུན་ནག་པོ་འདོན༔ དེ་ནས་རང་སྔགས་གཟུངས་ཐུང་ནི༔ ཏདྱ་ཐཱ༔ ཨོཾ་ཨ་ན་ལེ་ཨ་ན་ལེ༔ ཁ་ས་མེ་ཁ་ས་མེ༔ སོ་མེ་སོ་མེ༔ བྷེ་རེ་བྷེ་རེ༔ ཤ་མེ་ཤ་མེ༔ ཀི་ཡ་ཀི་ཡ༔ ངག་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་ལྐུགས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་འཛིན་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་དིག་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་འགག་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་འཛེར་བ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ངག་ནུས་ཞན་པ་ལས་རྒྱལ་བར་གྱུར་ཅིག༔ ངག་ནུས་རྒུད་པ་ལས་རྒྱལ་བར་གྱུར་ཅིག༔ ངག་ནུས་སྟོབས་ཕྲོག་པ་ལས་རྒྱལ་བར་གྱུར་ཅིག༔ ཛ་ཡ་ཛ་ཡ་བི་ཛ་ཡ༔ ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མ་ར་ནི་བྷྱོ༔ མ་ར་དུ་ན་བྷྱོ༔ རཀྨོ་རཀྴན་ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ༔ ཡ་མ་རཱ་ཛ་ཀཱི་ལ་ཡ་བྷྱོ༔ ཨོཾ་ཨཱཿཧཱུྃ༔ ཀཱ་ཡ་ཝཀྐཱ་ཙིཏྟ་ཡཀྵ་བཛྲ་ཚིནྡྷ་ཚིནྡྷ་ཙ་ཧ་ཙ་ཧ༔ ཤནྟིཾ་ཤནྟིཾ་ཤག་ཤག་ཕྱེ་ཕྱེ་ཡལ་ཡལ་སྟཾ་བྷ་ཡ་ནན༔ མོ་ཧ་ཡཱ་བྱེར༔ ཛཾ་བྷ་ཡཱ་བྱེར༔ ཡར་བྷྱོ་ཡར་བཟློག༔ བན་བོན་སྔགས་པ་ལྷ་སྲིན་སྡེ་བརྒྱད་ཀྱིས་ལུས་ངག་ཡིད་གསུམ་བཅིངས་པ་མནན་པ་གཏད་པ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག༔ ན་མོ་རཏྣ་ཏྲཱ་ཡ་ཡ༔ ལུས་ངག་ཡིད་གསུམ་བཅིངས་པ་མནན་པ་གཏད་པ་སརྦ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ མ་མ་རཀྵ་རཀྵ་ཀུ་རུ་བྷྲུཾ་སྭཱཧཱ༔ དེ་ནས་གཤམ་གྱི་འདོད་གསོལ་ནི༔ གྲིབ་གདོན་རྣམ་འཇོམས་གཟུངས་རིང་ཐུང༔ རྩོག་རྨུག་སྨེ་བརྩེགས་གཟུངས་སྔགས་འདོན༔ ཉམས་པའི་གྲིབ་དང་དམ་གྲིབ་ལ༔ ཡིག་བརྒྱ་ཀཾ་ཀ་ངན་སོང་སྦྱོང༔ སྔགས་དང་ས་ག་ར་ཡི་གཟུངས༔ སེལ་མེད་དམ་རྫས་སྐར་ཆུ་དང༔ བྱད་བཀྲོལ་རྫས་ཀྱི་ཆུ་ལ་ནི༔ གྲངས་སུ་བགྲངས་ལ་བཀྲུ་འཐུང་བྱ༔ གནད་དང་ལྡན་ན་ལྷ་ཆེན་པོ༔ སྟོབས་ལྡན་གང་གིས་བྲུབ་ཀྱང་འགྲོལ༔ དམ་གྲིབ་ཉམས་གྲིབ་བྱང་བར་འགྱུར༔ ལུས་ངག་མི་དགེས་ཉམས་པའི་ཚོགས༔ བ་མོར་ཉི་ཟེར་ཕོག་ལྟར་འདག༔ ཡོན་ཏན་བསམ་གྱིས་མི་ཁྱབ་ཀྱང༔ བརྗོད་པའི་གྲངས་སུ་འཁྱོལ་བར་དཀའ༔ འདི་ཉིད་སྒྲུབ་པས་གསང་བར་བྱ༔ འཆལ་ན་དྲེགས་པས་སྙིང་ཁྲག་འཐུང༔ མ་འདའ་སྙིང་ལ་གུ་ཧྱ་ཡ༔ ཞེས་པའི་ངག་འགྲོལ་འཁོར་མ་འདི༔ རང་བྱུང་ཀློང་གི་མཛོད་ལས་མངོན༔ རིག་པའི་རྩལ་དུ་ཕབ་པ་ལགས༔ ཡེ་ཤེས་མཁའ་འགྲོས་གནང་བ་ལས༔ ལས་ལྡན་སློབ་བུ་ཀརྨ་དང༔ བསོ་མཆོག་ཀུན་བཟང་བཛྲ་སོགས༔ དད་ལྡན་དེ་ལ་རྟེན་འབྲེལ་དུ༔ ལེགས་ཕབ་འགྲོ་བའི་ངག་སྒྲིབ་དང༔ ཉེས་སྐྱོན་སེལ་བའི་ཤིས་པ་སྩོལ༔ ༈ ཁ་སྐོང་བསྔོ་སྨོན་བཀྲ་ཤིས་ནི༔ དུས་གསུམ་དགེ་ཚོགས་ཟག་བཅས་ཟག་མེད་མཐུས༔ འགྲོ་རྣམས་གཞིར་གྲོལ་དམ་པའི་སྐུ་འཚོ་གཞེས༔ ཚེ་རབས་ཕྲེང་བར་ཁྱོད་ཀྱིས་རྗེས་བཟུང་ནས༔ གང་ཐུགས་རྣམ་མཁྱེན་ཉིད་དང་རོ་གཅིག་ཤོག༔ བཀྲ་ཤིས་ནི༔ སྐུ་གསུམ་མངོན་གྱུར་རང་རིག་འདུས་མ་བྱས༔ ལྟ་སྒོམ་སྤྱོད་གསུམ་ཡེང་མེད་ལ་བཟླས་ཏེ༔ དུག་གསུམ་གནས་དག་བླ་མེད་ཧེ་རུ་ཀ༔ འགྲོ་ཀུན་ཁྱབ་བརྡལ་འབྲས་བུའི་བཀྲ་ཤིས་ཤོག༔ སྔགས་བཙུན་སྙིང་གྲོགས་ལུང་རྟོགས་ཀྱིས༔ བསྐུལ་ངོར་བློ་རབ་པ་དེས་སོ༔ དགེའོ༔


previousངག་བཀྲོལ་གནམ་ལྕགས་སྤུ་གྲི་འཁོར་མ།next