Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།

42 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


 
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རང་སྟོང་དང་མཚན་མ་མེད་པའི་དབྱིངས་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
 
  
  
 
 
 
  
 
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
 
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  


42 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousརང་སྟོང་དང་མཚན་མ་མེད་པའི་དབྱིངས་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ། next

རང་སྟོང་དང་མཚན་མ་མེད་པའི་དབྱིངས་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ།

དེ་བཞིན་དུ་རང་སྟོང་དང་མཚན་མ་མེད་པའི་དབྱིངས་རྣམ་གྲངས་སུ་འདོད་ན་མཚན་མ་མ་འགགས་པའི་དངོས་པོ་རྣམས་ཀྱང་རང་སྟོང་ཡིན་པའི་ཕྱིར་མཚན་མ་མེད་པའི་དབྱིངས་ཡིན་པར་འགྱུར་ལ། དེ་འདོད་ན་མཚན་མ་འགགས་པ་ཡིན་པར་འགྱུར་ཏེ། རྗེ་བཙུན་བྱམས་པའི་ཞལ་སྔ་ནས། དེ་འགགས་ཞེས་མཚན་མ་མེད་པའི་དབྱིངས་ཀྱི་དོན་མཚན་མ་དེ་འགགས་པའི་གཞི་ལ་གསུངས་པའི་ཕྱིར་དང༌། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། ཅིའི་ཕྱིར་མཚན་མ་མེད་པ་ཞེས་བྱ་ཞེ་ན། མཚན་མ་ཉེ་བར་ཞི་བའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །


previousརང་སྟོང་དང་མཚན་མ་མེད་པའི་དབྱིངས་རྣམ་གྲངས་ཡིན་ན་ཧ་ཅང་ཐལ་བ། next