Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པའི་མཆན་བུ་ཟུར་དུ་བཀོད་པ་ཞེས་བྱ་བ་བཞུགས་སོ། །
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པའི་མཆན་བུ་ཟུར་དུ་བཀོད་པ་ཞེས་བྱ་བ་བཞུགས་སོ། ། next

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པའི་མཆན་བུ་ཟུར་དུ་བཀོད་པ་ཞེས་བྱ་བ་བཞུགས་སོ། །

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་བཤད་པ་རྫོགས་ལྡན་གྱི་ལུགས་ཁྱད་པར་དུ་འཕགས་པ་རྣམས་ལས། འདི་ནི་ཁྲི་བརྒྱད་སྟོང་པའི་རྫོགས་ལྡན་ལུགས་ཀྱི་བཤད་པ་ཁྱད་པར་དུ་འཕགས་ཤིང༌། རྨད་དུ་བྱུང་བ་དོན་གསལ་ཞིང་ཚིག་གི་རྙོག་པ་མེད་པ། དེ་བཞིན་ཉིད་ཡོངས་གྲུབ་དགུ་དང༌། ཡོངས་གྲུབ་བརྒྱད་དང༌། ཉི་ཤུ་རྩ་བརྒྱད་ཀྱི་བདག་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །རྒྱ་གར་སྐད་དུ། ཨཱརྱ་ཨཥྟ་ད་ཤ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། དུམ་བུ་དང་པོ། བམ་པོ་གཅིག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུང་བ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང༌། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དེ་ནས་ཕྲེང་བཞི་བཅུ་ཙམ་ན། ཡང་དག་པའི་ཤེས་པས་དེ་རྟོགས་པས། འབུམ་དུ་མེད་པ་རྣམས་ལ་མིག་འདི་འོག་ཐམས་ཅད་དུ་བརྡ?འོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ། དེ་ནས་ཕྲེང་ཕྱེད་གཉིས་ཙམ་ན། རྒྱལ་སྲིད་ཚོགས་ལ། ཆགས་པ་མེད། དེ་ནས་ཕྲེང་ཕྱེད་བཞི་ཙམ་ན། བསམ་པའི་སྟོབས་ལ་སོགས་པ་སྟོབས་བཅུ་གསུམ་ཐོབ་པས་ཐམས་ཅད་ལ་སེམས་ཐོགས་པ་མེད་པ། དེ་ནས་ཕྲེང་བརྒྱད་ཙམ་ན། ཐམས་ཅད་ཀྱི་འཛུམ་པ་ཁ་འབྱེ་བ་དེ་ཡན་ལག་དང་ཉིང་ལག་ཐམས་ཅད་ནས་འོད་ཟེར་འབྱུང་རུང་དུ་མཛད་དེ། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། མཐའ་དམའ་སྟེ་ཆེན་པོ་སོགས། འཇམ་པ་དང༌། ཤིང་དང་ལྕུག་མ་སོགས་སྣུམ་པ་དང༌། སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། རླུང་ནི། མི་བདེ་བ་བསྐྱེད། དེ་ནས་ཕྲེང་བཞི་ན། མི་ཁོམ་པར་སྐྱེ་བ་ཐམས་ཅད་ཀྱང་སྐད་ཅིག་དེ་ལ་དེར་སྐྱེ་བ་ལེན་པ། ཐམས་ཅད་ཀྱང་མེད། དེ་ནས་ཕྲེང་ཕྱེད་དང་བདུན་ན། སེམས་ཅན་དབང་པོ་བསྡམས་པའི་འབྲས་བུ། དམུས་ལོང་གང༌། དེ་ནས་ཕྲེང་ཕྱེད་ན། ཏིང་ངེ་འཛིན་ལ་སོགས་པའི་འབྲས་བུ། སྨོན་པ་རྣམས། དེ་ནས་ཕྲེང་ཕྱེད་མེད་ན། གསོ་སྦྱོང་ལ་སོགས་པའི་འབྲས་བུ། གཅེར་བུ་རྣམས། དེ་ནས་ཕྲེང་ཕྱེད་གསུམ་ན། བྱམས་སོགས་བསྒོམ་པའི་འབྲས་བུ། ཕ་མ་དང་མཚུངས། དེ་ནས་ཕྲེང་གཅིག་ན། ཚངས་སྤྱོད་ལ་གནས་པའི་འབྲས་བུ། གཙང་ཞིང་ཉེས་པའི་དྲི་ང་བ་མེད། དེ་ནས་ཕྲེང་གཉིས་ན། འདི་ལྟར་དུལ་བ་དབང་པོ་བསྡམས་པ་ནི་ལེགས་སོ། །ཏིང་ངེ་འཛིན་ལ་སོགས་པ་ཉོན་མོངས་པ། ཞི་བ་ནི་ལེགས་པའོ། །གསོ་སྦྱོང་ལ་སོགས་པའི་སྡོམ་པས། ལེགས་པར་སྡོམ་པ་ནི་ལེགས་པའོ། །གསོ་སྦྱོང་གི་སྡོམ་པ་ལ་སོགས་པས། ཚངས་པར་སྤྱོད་དེའི་རྩ་ན་མི་འཚེ་བ་བྱམས་སོགས་བསྒོམ་པ་ནི་ལེགས་པའོ། །དེ་ནས་ཕྲེང་གཉིས་ན། ངོ་མཚར་ཏོ། །ཞེས་ཆོས་ཀྱི་ཤུགས་འཕེལ་ནས། དགྱེས་པས་བསྐྱོད་པའི་ཚིག་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་ཕྲེང་བརྒྱད་ན། སེམས་ཅན་རྣམས་ཀྱི་བག་ཕེབས་པར་བྱ་བའི་དགེ་བའི་མདུན་ན་དེ་དག་གི །ལུས་ཅི་འདྲ་བ་སྐུ་ཐ་མལ་པ་རང་བཞིན་པར་སྟོན་ཏོ། །དེ་ནས་ཕྲེང་གཅིག་ལྷག་ན། དེ་བཞིན་གཤེགས་པའི་སྐུ་ལྷ་དང་མི་དང་ལྷ་རྣམས་ཀྱི་དང་མི་འདྲ་ལ་འཇིག་རྟེན་ན་དེ་འདྲ་བ་མེད་པར། ལྟ་བས་ཆོག་མི་ཤེས་པ། དེ་ནས་ཤོག་གུ་ཕྱེད་གསུམ་ན། གློ་བུར་ཀྱི་སྙོན་མེད་པས། གནོད་པ་ཆུང་ངམ། རྐྱེན་བཞི་བརྙེས་པས། ཉམ་ང་བ་ཆུང་ངམ། བཀྲེས་སྐོམ་སོགས་ཀྱི་ཉམ་ང་བ་ཉུང་བས་བསྐྱོད་པ་ཡང་ངམ། གནོད་པ་ཆུང་བའི་འབྲས་བུ། འཚོ་འམ། ཉམ་ཆུང་བའི་འབྲས་བུ་སྟོབས་དང་ལྡན་ནམ། བསྐྱོད་པ་ཡང་བའི་འབྲས་བུ། བདེ་བར་རེག་པར་གནས་སམ། དེ་ནས་ཕྲེང་བཞི་ན། ཤཱཀྱ་ཐུབ་པ་ལ་ཚིག་གིས་བསྟོད་པས། བསྟི་བསྟང་དུ་བྱས། ཡིད་ཀྱིས་གུས་ཤིང་འཕངས་པས་བླ་མར་བྱས། ལུས་ཀྱི་ཐལ་མོ་སྦྱར་ཞིང་འདུད་པ་དང་བསྒོར་པ་བྱེད་པས། རི་མོ་བྱས། མེ་ཏོག་དང་བདུག་སྤོས་སོགས་ཀྱིས་མཆོད་པ་བྱས་ཏེ། དེ་ནས་ཤོག་གུ་གསུམ་ཅུང་མེད་ན། པད་མ་ཅན་བཞིན་དུ་འགྱུར་རོ། །ཞེས་པའི་བར་དུ་གོ་སླ་སྟེ། རྒྱས་པར་རྒྱས་འབྲིང་གཉིས་སུ་བྲིས་ཟིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།

ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོ་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །འདིའི་མཐར་གསུངས་པའི་དོན་བདུན་ཅུའི་ཚིག་གི་དོན་དང་དེ་རྣམས་རྫོགས་པའི་མཐར་འབྱོན་པར་འགྱུར་རོ། །དེ་ནས་ཕྲེད་ཕྱེད་གཉིས་ན། བཀའ་སྩལ་ཏོ། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྲིད་ཡོད་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཇི་ལྟ་བཞིན་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་གཞི་ལམ་འབྲས་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ། ཆོས་ནི་རྣམ་པ་གཉིས་ཏེ། ཀུན་བཏགས་པའི་ཆོས་རྣམས་དང༌། ཡོངས་སུ་གྲུབ་པའི་ཆོས་རྣམས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་རྣམ་པ་དང༌། དོན་དམ་པའི་རྣམ་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པ་གཉིས་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ལ་ཀུན་བཏགས་པའི་ཆོས་འདོད་པ་དང༌། དུས་གསུམ་དུ་གཏོགས་པ་རྣམས་ནི་འཇིག་རྟེན་ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་བོ། །ཡོངས་སུ་གྲུབ་པའི་ཆོས་རྣམས་ནི་འཇིག་རྟེན་ལས་འདས་པ་སྐྱེ་བ་མེད་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་དང༌། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། དེ་བས་ན་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་གསུངས་སོ། །ཞེས་ཀུན་མཁྱེན་གཉིས་པས་གསུངས་པ་སྟེ། སྙིང་པོའི་མདོ་བཅུ་ལ་སོགས་པ་དང༌། སེམས་འགྲེལ་སྐོར་གསུམ་ལ་སོགས་པ་དང་ཡང་ཤིན་ཏུ་མཐུན་ནོ། །རྒྱས་པའི་སྒོ་ནས་བརྗོད། །དེ་སྐད་ཅེས་བཀའ་སྩལ་པ་དང༌། དེ་ནས་ཕྲེང་ཕྱེད་དང་བཞི་ན། རྫོགས་པར་བྱའོ། །གཅིག་འདི་ནས་བཟུང་ནས་བྱའོ་རེ་རེའི་མཇུག་ཏུ། གཅིག་ནས་བརྒྱད་ཅུ་རྩ་དྲུག་གི་བར་གྲངས་ཡིག་གདབ་པར་བྱའོ། །ལྟུང་བ་མི་འབྱུང་བ་དང༌། བྱུང་ཡང་དུས་ལས་ཡོལ་བར་ལྷག་པར། དེ་ནས་ཕྲེང་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་མི་དམིགས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཏིང་ངེ་འཛིན་རྒྱས་འབྲིང་དུ་བྲིས་པའི་ཚུལ་ཏུ་བསྒོམ་པར་བྱའོ། །དེ་ནས་ཕྲེང་བརྒྱད་ན། ཆོས་བདེན་པ་རིགས་པ། གདགས་པ་རྣམ་པར་དགོད་པ་སྟེ། རྣམ་པར་དགོད་པ་བཞི་དང༌། ཡི་གེ་འདི་འདྲ་བ་སོགས་ཀྱི་སྤྱོད་པ་བཅུ་དང༌། རང་བཞིན་གྱིས་བཟོད་པ། གཞན་གྱི་གནོད་པ་ལ་ཅི་མི་སྙམ་པའི་སྡུག་བསྔལ་དང་ལེན་གྱི། ཆོས་ལ་ངེས་པར་མོས་པའི། བྱ་དཀའ་བ་ལ། ཐམས་ཅད་ཀྱི་སྒོའི། སྐྱེས་བུ་དམ་པའི་རྣམ་པ་ཐམས་ཅད་དུ། འཕོངས་པས་འདོད་པ་ལ། འདི་དང་གཞན་དུ་སྡུག་བསྔལ་ལ་བཟོད་པ་སྟེ། བཟོད་པ་བཅུ་དང༌། འབུམ་ཏིག་ཏུ་གསུངས་པའི་བྱམས་པའི་ལྷག་པའི་བསམ་པ། དེ་ནས་ཕྲེང་ཕྱེད་ན། སྔོན་གྱི་གནས་རྗེས་སུ་དྲན་པའི་རིག །ཚེ་འཕོ་བ་དང༌། སྐྱེ་བ་ཤེས་པའི་རིག་པ། ཟག་ཟད་ཤེས་པའི་རིག་པ་སྟེ། རིག་པ་གསུམ་དང༌། དེ་ནས་ཕྲེད་ཕྱེད་ན། བྱམས་པའི་ལུས་ཀྱི་ལས་དང༌། ངག་དང༌། ཡིད་དང༌། ཚུལ་ཁྲིམས་ལྟ་བ། འཚོ་བ་མཉམ་པ་ཉིད་དེ། ཡང་དག་པར་སྡུག་པར་འགྱུར་བའི་ཆོས་དྲུག་དང༌། དེའི་རྩ་ན། རྟོག་པ་བརྒྱད། རྒྱས་འབྲིང་དུ་བྲིས་ཟིན་པ་དང༌། ལུས་ཀྱང་ཐ་དད་ལ་སོགས་པ་སེམས་ཅན་གྱི་གནས་དགུ་དང༌། དེ་ནས་ཕྲེང་གཅིག་ན། སྙིང་རྗེ་ཆེན་པོ་དང༌། དགའ་བ་ཆེན་པོ་དང༌། བཏང་སྙོམས་ཆེན་པོ་ཞེས་པར་འབྱུང༌། ཡོངས་སུ་རྫོགས་པར་བྱའོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་གསུམ་ན། བསླབ་པར་བྱའོ། །ཞེས་པ་ལ། དེ་བཞིན་གཤེགས་པའི་རིགས་ནི་འདིར་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ལ་བྱ་སྟེ། ས་བརྒྱད་པ་ལ་རྣམ་པར་རྟོག་པ་ཐམས་ཅད་དང༌། གྲོལ་བ་ཐམས་ཅད་མཚན་མ་ཐམས་ཅད་རྒྱུན་ཆད་པའི་ཕྱིར་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་གནས་གྱུར་པ་ལ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་ཞེས་བྱའོ། །ཞེས་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་ས་བརྒྱད་པ་གནོན་པར་འདོད་པ་དང༌། དེ་ནས་ཕྲེང་དྲུག་ན། དབྱིངས་ཀྱིས་གྲུབ་པ། ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ལ་བྱ་སྟེ། སེམས་ཅན་གྱི་འཇིག་རྟེན་ལ་ཡང་མཐའ་མེད་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་ཀླས་པ་ཞེས་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཉིས་ལྷག་ན། སེམས་བསྐྱེད་པ་གཅིག་ཀྱང༌། ཆུ་ཐིགས་རྒྱ་མཚོར་ལྷུང་བ་རྒྱ་མཚོ་མ་ཟད་དུ་མི་ཟད་པ་ལྟར་བྱང་ཆུབ་ཀྱི་སྙིང་པོ། དེ་ནས་འགྲེས་བཅུ་ན། ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་བྱ་བ་ལ་སོགས་པས་སྟོང་ཉིད་བཅུ་དྲུག་བསྟན་ཏོ། །སྟོང་ཉིད་ཀྱི་ངོ་བོ་ནི་གཅིག་ཏུ་ཟད་མོད་ཀྱི་འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དང་ཡིད་ལ་བྱེད་པ་ཐ་དད་པས་རྣམ་པ་མང་པོར་ཕྱེའོ། །ཞེས་དབུ་མ་པ་གསུངས། དེ་བཞིན་དུ། ཕྱི་སྟོང་པ་ཉིད་དང༌། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ངོ་བོ་ཉིད་སྟོང་པ་ཉིད་དང༌། གང་གིས་བཅོམ་ལྡན་འདས་ཀྱིས་ཀྱང༌། གང་ན་གང་མེད་པ་དེ་ནི་སྟོང་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ནས་ལྷག་མ་ལུས་པ་གང་ཡིན་པ་དེ་ནི་འདིར་ཡོད་པའོ་ཞེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་པས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་རྟོགས་པ་ཡིན་ཏེ། འདི་ནི་དངོས་པོ་མེད་པའི་གཞིའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་གནས་པར་འདོད་པས། དེ་ནས་ཕྲེང་གཅིག་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང༌། ཞེས་བྱ་བའི་དོན་དབུ་མ་པ་ཆེན་པོས། ཕྱི་ནང་གི་ཆོས་གང་ཡིན་པ་དེ་དག་གིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱ་སྟེ། འདི་ལྟ་སྟེ། གཟུགས་ཀྱི་དེ་བཞིན་ཉིད་དང༌། སྒྲའི་དེ་བཞིན་ཉིད་དང༌། དྲིའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའོ། །ཞེས་སོགས། ཆོས་ཀྱི་དབྱིངས། དེ་ནས་ཕྲེང་བཅུ་གཅིག་ན། དགེ་འདུན་དང་བཅས་པ་རྣམས་དུས་གཅིག་ཏུ་བསོད་སྙོམས། དེ་ནས་ཕྲེང་དྲུག་ན།

ཁྲི་བརྒྱད་སྟོང་པ་ལས། དུམ་བུ་དང་པོ། བམ་པོ་གཉིས་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཤེས་རབ་ཀྱིས་ཤེས་སོ། །ཞེས་བྱ་བར་མི་དམིགས་པའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ཕྱེད་དང་དགུ་ན། ནང་གི་འཁོར་ཞེས་བྱ་བ་ནི། གང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསང་བར་འཇུག་པའི་ཡེ་ཤེས་དང༌། ཕྲ་བར་འཇུག་པའི་ཡེ་ཤེས་དང༌། ཕྲ་བར་འཇུག་པའི་ཡེ་ཤེས་ལ་ཞུགས་པར་གྱུར་པའོ། །འཕགས་པ་རྣམ་གྲོལ་སྡེས་གསུངས། དེ་ཉིད་དུ་འགྱུར་བར་འདོད་པས། དེ་ནས་ཕྱེད་དང་དྲུག་ན། ཞལ་ལྟ་དང་བྱ་བ་ལྡན་པ་དང༌། རྒྱས་འབྲིང་དུ་རིམ་གྲོ་ལས་བྱ་བ་དང༌། ཞེས་པ་འབྱུང༌། རྫས་དངོས་པོ་ཐམས་ཅད་ཅེས་རྒྱས་འབྲིང་དུ་འབྱུང༌། དེ་ནས་ཕྲེང་གཅིག་ན། དེ་བཞིན་གཤེགས་པའི་མིག་ལྔ་བསྐྱེད། དེ་ནས་ཕྲེང་ཕྱེད་ན། ཤའི་མིག་གིས་ཏེ། གཟུགས་སྐུའི་སྤྱན་དང༌། ལྷའི་མིག་གིས་ཏེ། ཏིང་ངེ་འཛིན་དང་སྙོམས་འཇུག་དང༌། མངོན་ཤེས་ཀྱི་ཡེ་ཤེས་ཐམས་ཅད་དང༌། ཤེས་རབ་ཀྱི་མིག་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། ཆོས་ཀྱི་མིག་སྟེ་ཐམས་ཅད་དུ་འགྲོ་བའི་ལམ་དང༌། དབང་པོ་མཆོག་དང་མཆོག་མིན། མོས་པ་སྣ་ཚོགས་ཁམས་སྣ་ཚོགས་མཁྱེན་པ་དང༌། སངས་རྒྱས་ཀྱི་མིག་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་དགྲ་བཅོམ་པའི་ཡེ་ཤེས་ཏེ། དེ་དག་བསྐྱེད་པར་འདོད་པས། དེ་ནས་ཤོག་གུ་གཅིག་དང༌། ཕྲེང་ཕྱེད་དང་གཉིས་ན། སྙེད་དག་ན་འཇིག་རྟེན་གྱི་བར་དག་གི་མུན་པ་མུན་ནག །དེ་ནས་ཤོག་གུ་གཅིག་དང༌། ཕྲེང་དྲུག་ན། དེ་བཞིན་གཤེགས་པའི་སྤྱོད་ལམ་སྐུའི་གསང་བ་ལ་སློབ་པར་འདོད་པས། དེ་ནས་ཕྲེང་གཅིག་ལྷག་ན། ཚེའི་ལྟ་སྟངས་རྒྱས་པར་བྲིས་པའི་ཚུལ་གྱིས་བལྟ། དེ་ནས་ཕྲེང་བརྒྱད་ལྷག་ན། སངས་རྒྱས་ནས་བྱང་ཆུབ་ཀྱི་སྙིང་པོ་འགྲོ་བ་དང༌། མྱ་ངན་ལས་འདས་པ་ན་ཉལ་བའི་ས། དེ་ནས་ཤོག་གུ་གཅིག་ཅུང་མེད་ན། ཕྱིན་པ་ལ་བསླབ་པར་བྱའོ། །དེ་ལྟར་སེམས་བསྐྱེད་མདོར་བསྟན་དང༌། རྒྱས་བཤད་ལ་རིམ་པ་ལྟར་གཞུང་འདིར་མདོའི་དུམ་བུ་གཅིག་དང༌། བརྒྱ་ཅུ་རྩ་དྲུག་གོ །ད་ནི་དེ་ལྟར་བརྩོན་པའི་ཕན་ཡོན་གཞན་ཡང་སྟོན་སྟེ། ཤཱ་རིའི་བུ་གང་གི་ཚེ། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཅུ་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། སེམས་བསྐྱེད་པའི་ལེའུ་ཞེས་བྱ་བ་སྟེ། གཉིས་པའོ།། །།དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་འདིའི་དོན་ནི། འཕགས་པ་རྣམ་གྲོལ་སྡེ་དང༌། སློབ་དཔོན་སེང་གེ་བཟང་པོ་དང༌། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་རྣམས་ཀྱིས་ཉི་ཁྲི་ལེ་བརྒྱད་མ་ལ་སོ་སོར་སྦྱར་ཡང༌། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་ཞབས་དང༌། འབུམ་འགྲེལ་དང༌། བཙུན་པ་རྣམ་གྲོལ་སྡེས་མ་སྦྱར་ཞིང༌། འབུམ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་རྣམས་ལ་ཇི་ལྟ་བ་བཞིན་སྦྱར་དུ་མི་རུང་བའི་ཕྱིར་དང༌། དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས། དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི། འཕགས་པ་བློ་གྲོས་མི་བཟད་པར་བསྟན་པའི་མདོ་ལས། མི་བཟད་པ་ཉིད་འབྱུང་བ་དང་སྦྱར་བར་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་པའི་ཕྱིར། སེམས་བསྐྱེད་ཉེར་གཉིས་དང༌། མི་ཟད་བ་བརྒྱད་ཅུ་དོན་གཅིག་ཏུ་སྦྱོར་དགོས་པ་མདོ་དེ་དང༌། རྒྱལ་བ་ཉིད་དང༌། རྒྱལ་བ་བྱམས་པ་དཔོན་སློབ་ཀྱི་དགོངས་པ་ཡིན་ནོ། །རྣམ་མཁྱེན་གྱི་ཆོས་བཅུ་ལས། སེ༷མས་བསྐྱེ༷ད་པ༷་ད༷ང་། ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། །

དེ་ལྟར་སེམས་བསྐྱེད་ནས་བསྒྲུབ་པ་ཉམས་སུ་ལེན་པ་ན། བཅུ་ལས་དང་པོ་ནི། སྒྲུབ་དང་། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ཅུང་མེད་ན། སེམས་དཔའ་ཆེན་པོ་ལམ་ཤེས་ཀྱི་སྤྱོད་ཅིང་རྣལ་འབྱོར་དུ་བྱེད་པ་ལ་ནི། ཅིར་ལ་ཡང་མི་རྟོག་ཅིང་མི་དམིགས་པ་དགོས་པས། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་གཅིག་ན། ཆོས་རྣམ་དག་མ་གཏོགས་པའི་ཤེས་རབ་ཀྱི་ཕ་རོལ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། མིང་དེ་ནི་ཀུན་བཏགས་ཡིན་པས་མིང་གི་ངོ་བོ། དེའི་འོག་ཙམ་ན། སྟོང་པ་ནི་མ་ཡིན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་ནི་ཀུན་བཏགས་པ་སྟེ། དེ་ཀུན་བཏགས་པའི་ངོ་བོ་ཉིད་ཀྱིས་ནི་མེད་ཀྱི། དེ་ཉིད་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཡོད་དོ། །དེ་བས་ན་སྟོང་པ་ཉིད་གང་ཡིན་པ་དེས་ནི་སྟོང་པ་ཉིད་མ་ཡིན་ནོ་ཞེས་བྱ་སྟེ། འདིས་ནི་སྒྲོ་བཏགས་པ་དང༌། སྐུར་བ་འདེབས་བའི་མཐའ་སྤང་ངོ༌། །དེ་བས་ན་བྱང་ཆུབ་སེམས་དཔའི་མིང་ཡང་མིང་གི་ངོ་བོ་ཉིད་ཀྱི་ཡོད་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཀུན་བཏགས་པའི་ཆོས་ཀྱི་རྣམ་པར་མེད་ཀྱི། ཆོས་ཀྱི་དབྱིངས་རྣམ་པར་ནི་ཡོད་དོ། །ཕུང་པོ་རྣམས་ནི་ཕུང་པོ་འདི་ཉིད་དུ་ནི་མེད་ཀྱི། ཕུང་པོ་མེད་པའི་ངོ་བོ་ཉིད་ཀྱིས་ནི་ཡོད་དོ། །ཞེས་བསྟན་ཏེ། ཞེས་དབུ་མ་པ་གསུངས། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་ཕྱེད་དང་ལྔ་ན། ཡིན་པ་དང་ཞེས་པ་ཡང་འཇུག་སྡུད་དེ་ཇི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་འདིར་བྱང་ཆུབ་སེམས་དཔའི་མིང་ཞེས་བྱའོ། །ཀུན་བཏགས་པ་ལ་ནི་མི་བྱའོ། །དེ་བས་ན་སྟོང་པ་ཉིད་ཁོ་ན་བྱང་ཆུབ་སེམས་དཔའི་མིང་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། འོ་ན་སྔར་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་སྟོང་པར་བཤད་པ་དང་འགལ་སྙམ་ན། དེའི་འོག་ཙམ་ན་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་དང༌། སྟོང་པ་ཉིད་ཐ་དད་པའི་ཕྱིར་དེ་ལ་ཉེས་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། འོ་ན་ཆོས་ལས་ཆོས་ཉིད་གཞན་དུ་འགྱུར་རོ་ཞེ་ན། སྟོང་པ་མེད་དེ། ཞེས་བྱ་བ་གསུངས་ཏེ། ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ལས་གཞན་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བྱང་ཆུབ་སེམས་དཔའ་ཡིན་པ་དང༌། ཞེས་བྱ་བ་ནི་མཇུག་སྡུད་དེ། སྟོང་པ་ཉིད་དང་ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་ཐ་དད་མ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ། ཐམས་ཅད་ལ་ཡང་སྦྱོར་བར་བྱའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་ལྔ་ན། ཡིན་པའི་ཕྱིར་རོ། །སྐབས་འདིར་རྒྱས་འབྲིང་གཉིས་དང་གཞུང་མི་འདྲ་བར་ཡོད་པས་བཤད་པ་ཡང་མི་འདྲའོ། །འོ་ན་བྱང་ཆུབ་སེམས་དཔའ་མེད་པར་འགྱུར་ཏེ། སྟོང་པ་ཡིན་པས་སོ་སྙམ་ན། འདོད་པ་ཡིན་ཏེ། དེའི་ཕྱིར་ཏེ། འདི་ལྟ་སྟེ། ཀུན་བཏགས་ཀྱི་བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་ཕྱེད་དང་གཉིས་ནས། ཞེ་ན། གཟུགས་ནི། དེ་ནས་ཕྲེང་གཅིག་ན། གཟུགས་མེད་གཟུགས་ཅན་མ་ཡིན་པས་ཡུལ་ན་མི་གནས། གཟུགས་མེད་པ་རྣམ་ཤེས་ལྟ་བུ་མ་ཡིན་པས། ཕྱོགས་ན། མཐོང་བ་ནི་བདེན་པ་མིན་པས་ལོག་པར་གྱུར་པ་སྟེ། དངོས་པོ་ཡོད་པ། དེ་ནས་ཕྲེང་ཕྱེད་ལྷག་ན། ཀུན་བཏགས་ཀྱི་ཆོས་གང༌། དེ་ནས་ཕྲེང་ཕྱེད་ལྷག་ན། གཞན་དབང་གང་ལ་གནས་པར། དེ་ནས་ཕྲེང་ཕྱེད་ན། ཡོངས་གྲུབ་ལ་ཀུན་ནས། དེ་ནས་ཕྲེང་ཕྱེད་དྲུག་ན། མིང་ཙམ་མོ། །བརྒྱད་སྟོང་དོན་བསྡུས་སུ། བདེན་དོན་རྣམ་རྟོག་སེལ་བ་ན། །ཤེས་རབ་ཕ་རོལ་ཕྱིན་པ་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །མིང་ཙམ་ཞེས་ནི་རབ་ཏུ་གསུངས། །འདི་ནི་སྒྲ་དོན་འགོག་པ་སྟེ། །དངོས་པོ་སེལ་བར་བྱེད་པ་མིན། །ཞེས་གསུངས་པ་དྲན་པར་བྱའོ། །འདི་ལྟ་སྟེ། དེ་ནས་ཕྲེང་གསུམ་ན་མི་མཐོང་ངོ༌། །བརྒྱད་སྟོང་དོན་བསྡུས་སུ། བདག་གི་བྱང་ཆུབ་སེམས་དཔའ་ནི། །མི་མཐོང་ཞེས་སོགས་རྒྱས་རྣམས་ཀྱིས། །བཅོམ་ལྡན་དངོས་པོར་ཀུན་རྟོག་གོ ། འཁྲུལ་བ་འགོག་པར་མཛད་པ་ཡིན། །ཞེས་དྲན་པ་དགོས་སོ། །རྣམ་པར། དེ་ནས་ཕྲེང་གཅིག་ན། དེ་ལྟར་སྤྱོད་པ་ཁྱད་པར་འཕགས་པ་དེས་ནི། དེ་ནས་ཕྲེང་གཉིས་ན། པོ་ནི། རྣམ་པར་མི་རྟོག་ཤེས་རབ་ཀྱི། དེ་ནས་ཕྲེང་གཉིས་ན། དེས་ན། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་དགུ་ན། མི་བཟོད་དོ། །དེ་ལ་རྩོད་པ་སྤང་བ་ནི། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། ཐམས་ཅད་ནི། གཅིག་པའི་བདག་ཉིད་ཡིན་པས། ཐ་དད་པ་མ་ལགས་པ། རྣམ་པར་དག་པས་དབེན་པ་འདུས་མ་བྱས་པས་མ་སྐྱེས་པ། ཡང་དག་པ་མ་ཡིན་པའི་ཀུན་རྟོག་གི་ངོ་བོ་ཉིད་དང་བྲལ་བས་ངོ་བོ་ཉིད། དེ་ནས་ཕྲེང་གཉིས་ན། བདག་གིས་ཕ་རོལ་ཕྱིན་དྲུག་ལ་སྤྱད་ནས་ཆོས་ཐམས་ཅད། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། ཤེས་རབ་ཀྱང་ཉེ་བར། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་གཉིས་ན། སེམས་དང་པོ་བསྐྱེད་པ་སྟེ། ས་དང་པོ་བསྐྱེད་པ་སྟེ། ས་དང་པོ་ཐོབ་ཕྱིན་ཆད། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཞི་ན། པོ་ཡིན་ནོ། །དེ་རྣམས་ཀྱིས་ཅིར་ཡང་མི་རྟོག་པའི་ཤེར་ཕྱིན་ཟབ་མོ་བསྒྲུབ་པ་རང་གི་ངོ་བོ་ཕན་ཡོན་དང་བཅས་པ་གསུངས་ཟིན་ཏོ། །

གཉིས་པ་བདེན་པ་ལ་གདམས་པ་ནི། བདེན་པ་རྣམས་དང་ནི། །ཞེས་པ་ལ་བཞི་ལས། སྡུག་བསྔལ་གྱི་བདེན་པ་ལ་གདམས་པ་ནི། ཤཱ་རིའི་བུ། དེ་ནས་ཕྲེང་ཕྱེད་དང་བཅུ་ན། སྤྱོད་པ་ཕུང་པོ། ཁམས། སྐྱེ་མཆེད། བདེན་པ། རྟེན་འབྲེལ། འདུས་མ་བྱས་སྟོང་པ་ཉིད་དེ། སྟོང་པ་ཉིད་བདུན། དེ་ནས་ཕྲེང་ཕྱེད་ལྷག་ན། སྤྱོད་པའི་ཚེ། ཅིར་ཡང་མི་རྟོག་པས་རེ་ཞིག་བརྩོན། ཞེས་སེམས་པར་མི་བརྗོད་དོ། །

ཀུན་འབྱུང་ལ་གདམས་པ་ནི། དེ་ཅིའི་ཕྱིར། དེ་ནས་ཕྲེང་ཕྱེད་དང་དྲུག་ན། གང་ཡིན་པས་ཆོས་ཉིད་ཀྱི་གཟུགས། དེ་ནི་ཀུན་རྫོབ་ཀྱི་གཟུགས་མ་ཡིན། དེ་བཞིན་དུ་སྦྱར་ཏེ། ཚོར་བ་དང༌། དེ་ནས་ཕྲེང་གཅིག་ན། ཡིན་པ་དེ་ནི། གཟུགས། དེ་ནས་ཕྲེང་གཉིས་ན། འདི་ལྟར། ཆོས་ཉིད་གཟུགས་ཡིན་ལ། དོན་དམ་སྟོང་པ་ཉིད། སྟོང་པ་ཉིད་གཟུགས་ཀྱང༌། གཟུགས་ཉིད་ཀྱང་སྟོང་པ་སྟོང་པ་ཉིད་ཀྱང་གཟུགས་ཡིན། དེ་བཞིན་དུ་སྦྱར་ཏེ། ཚོར་བ། དེ་ནས་བཅུ་གཉིས་ཅུང་མེད་ན། པའི་ཕྱིར་རོ། །འདི་རྣམས་ཀྱིས་དོན་དམ་སྣང་སྟོང་དབྱེར་མེད་ཟུང་འཇུག་བསྟན་ཏོ། །

འགོག་བདེན་ལ་གདམས་པ་ནི། དེ་ཅིའི་ཕྱིར་ཞེ་ན། བུ་སྟོང་པ། དེ་ནི་རྟེན་འབྲེལ་ལས་འདས་ཤིང་རང་བཞིན་འོད་གསལ་བདེ་བ་ཆེན་པོ་འདུས་མ་བྱས་པ་ཡིན་པས་མི་སྐྱེ། བྱ་བ་གདོད་ནས་གྲུབ་པས་དེ་ལ་ལྷག་པ་བསྣན་དུ་མེད་ལ། དེ་ནི་དུས་གསུམ་མཉམ་པ་ཉིད་ཡིན་པས། འདས་པ་ཡང༌། དེའི་འོག་ཙམ་ན། གང་ཡིན་པ་འགོག་བདེན་མཐར་ཐུག་པ་དེ་ལ་ནི་ཀུན་རྫོབ་ཀྱི་གཟུགས་གཟོད་མ་ནས་དབྱེར་མེད་དུ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། ཚོར་བ་མེད་དོ། །དེ་ནས་ཕྲེང་དྲུག་ན། མ་རིག་པ་ལ་འགག་རྒྱུ་མེད་པས་འགགས་པ། འདུ་བྱེད་འགག །དེ་ནས་ཕྲེང་གསུམ་ཅུང་མེད་ན། འབྱུང་བ་མེད་དོ། །དྲི་མ་རང་བཞིན་གྱིས་འགོག་པ་ལས་ལྷག་པའི་འགོག་པ་མེད་དོ། །དེ་ནས་ཕྲེང་ཕྱེད་གཉིས་ན། དེ་ལ་ནི་ཀུན་བཏགས་ཀྱི་སངས་རྒྱས་མེད་དོ། །བྱང་ཆུབ་མེད་དོ། །

ཁྲི་བརྒྱད་སྟོང་པ་ལས། དུམ་བུ་དང་པོ། བམ་པོ་གསུམ་པ། ལམ་བདེན་ལ་གདམས་པ་ནི། ཤཱ་རིའི་བུ། དེ་ནས་ཕྲེང་ཕྱེད་ལྷག་ན། ཅིར་ཡང་མི་རྟོག་པས་གཟུགས་ལ། དེ་ནས་ཕྲེང་བཅུ་ལྷག་ན། སྦྱོར་བ་དང་བྱེད་པ་ལ་སོགས་པ་ཅིར་ཡང་མི་རྟོག་པས་སྟོང་པ་ཉིད་དང༌། དེ་ནས་ཕྲེང་ཕྱེད་དང་བཞི་ན། ཞེས་བྱའོ། །ཞེས་པ་འདི་ནི་ལམ་གྱི་བདེན་པ་རྣམ་པར་མི་རྟོག་པ་ཉིད་ཡིན་པར་གསལ་བར་བསྟན་ཏོ། །ཞེས་རྣམ་གྲོལ་སྡེས་གསུངས། ཤཱ་རིའི་བུ། དེ་ནས་ཕྲེང་བཅུ་གཉིས་ན། ཞེས་བྱའོ། །

གསུམ་པ་དཀོན་མཆོག་ལ་གདམས་པ་ནི། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ལས། སངས་རྒྱས་དཀོན་མཆོག་གསུམ། གདམས་པ་ནི། ཤཱ་རིའི་བུ། དེ་ནས་ཤོག་གུ་གཅིག་དང༌། ཕྲེང་ཕྱེད་དང་གསུམ་ན། ཞེས་བྱའོ། །ཆོས་དཀོན་མཆོག་ལ་གདམས་པ་ནི། ཤཱ་རིའི་བུ། དེ་ནས་ཕྲེང་ཕྱེད་ན། ལ་སྤྱོད་ཅིང་རྣམ་པར་འཇོག་པ་ནི། ཅིར་ཡང་མི་རྟོག་པས་གཟུགས་འབྱུང་ངོ༌། །དེ་ནས་ཤོག་གུ་ལྔ་དང་ཕྲེང་གཉིས་ཅུང་མེད་ན། དམ་པ་ཡིན་ནོ། །ཞེས་པ་འདི་དག་ནི། རྗེ་བཙུན་སྤྱན་རས་གཟིགས་ཀྱིས། བསྐྱེད་པའི་རིམ་པར་གསུངས་པའི་ཧཱུཾ་དང་ནི། །ཕཊ་ཡིག་ལ་སོགས་རྟོག་པ་དང་བྲལ་བའི། །རྫོགས་པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ཀྱིས་ནི་སྒྲུབ་ཐབས་གཞན་ཡོད་མིན། །ཞེས་དང༌། ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ནི། །ཐར་པའི་དོན་དུ་རྒྱལ་བ་རྣམས་ཀྱིས་བསྟན། །ཞེས་གསུངས་པ་དང༌། དོན་གཅིག་གོ །དགེ་འདུན་དཀོན་མཆོག་ལ་གདམས་པ་ནི། ཤཱ་རིའི་བུ། དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་ན། འདོད་པའི་ཁམས་སུ། མིའི་ནང་དུ་སྐྱེ་བ་ཡང༌། དེ་ནས་ཤོག་གུ་གཅིག་དང་ཕྱེད་ལྷག་ན། ཀྱང་ཡོད་དོ། །དཔེན་ན། བདག་ཅག་གི་བཅོམ་ལྡན་འདས་གསུངས་པ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། ཤཱ་རིའི་བུ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ན། སྐལ་པ་བཟང་པོ་འདི་ལ་སངས་རྒྱས་པའི་བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་ཕྱེད་ལྔ་ན། འགྱུར་རོ། །དཔེར་ན། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་ལྟ་བུའོ། །ཞེས་དབུ་མ་པ་གསུངས། དེ་ནས་ཕྲེང་གཅིག་ལྷག་ན། ལས་མི་བྱེད་ཅིང་སེམས་ཅན་རྣམས་ལ་ཆོས་འཆད་པ་དག་ཀྱང༌། དེ་ནས་ཤོག་གུ་ཕྱེད་དང་གསུམ་ཅུང་མེད་ན། ཁྲི་བརྒྱད་སྟོང་པ་ལས། དུམ་བུ་དང་པོ། བམ་པོ་བཞི་པ། བཞི་པ་མ་ཞེན་པ་ལ་གདམས་པ་ནི། མ་ཞེན། དེ་སྐད་ཅེས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། མ་ནུས་སོ། །ལྔ་པ་མི་ངལ་བ་ལ་གདམས་པ་ནི། ཡོངས་སུ་མི་ངལ་དང༌། །ཤཱ་རིའི་བུས། དེ་ནས་ཤོག་གུ་ལོགས་གསུམ་དང༌། ཕྲེང་དྲུག་ན། ཀྱང་ཡོད་དོ། །དྲུག་པ། ལམ་ཡོངས་སུ་འཛིན་པ་ལ་གདམས་པ་ནི། ཀྱང་ཡོད་དོ། །ལམ་ནི་ཡོངས་སུ་འཛིན་པ་དང༌། །དེ་ནས་བཅོམ་ལྡན་འདས། ཕྲེང་ཕྱེད་དང་བཅུ་གསུམ་ན། མི་མཐོང་ངོ༌། །དེ་ལམ་ཞེན་པ་ནི། ཡོངས་སུ་ཉམས་པར་མི་འགྱུར་ལ། མི་ངལ་བས་ནི། ཇི་སྲིད་དུ་བགྲོད་པར་བྱ་བར་འགྱུར་རོ། །ཡེ་ཤེས་ཡོངས་སུ་བཟུང་བས་ནི། ལམ་གཞན་དུ་འགྲོ་བར་མི་འགྱུར་རོ། །ཞེས་འཕགས་པ་རྣམ་གྲོལ་སྡེས་གསུངས། བདུན་པ་སྤྱན་ལྔ་ལ་གདམས་པ་ནི། སྤྱན་ལྔ་དང་ནི། ཤཱ་རིའི་བུ། ཕྲེང་གཅིག་ཅུང་མེད་ན། འདི་ལྟ་སྟེ། གཟུགས་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི། ཤའི་མིག །ཏིང་ངེ་འཛིན་དང་སྙོམས་འཇུག་ཐམས་ཅད་ཤེས་པ་ནི། ལྷའི་མིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། ཤེས་རབ་ཀྱི་གནས་དང་གནས་མ་ཡིན་པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་ནི། ཆོས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི། སངས་རྒྱས་ཀྱི་དང་པོ་ཤའི་སྤྱན་ནི། ཤཱ་རིའི་བུ། དེ་ནས་ཕྲེང་ཕྱེད་དང་ལྔ་ན་ཡིན་ནོ། །གཉིས་པ་ལྷའི་སྤྱན་ནི། ཤཱ་རིའི་བུ། དེ་ནས་ཕྲེང་བརྒྱད་ན། ཡིན་ནོ། །གསུམ་པ་ནི་ཤེས་རབ་ཀྱི་སྤྱན་ནི། ཤཱ་རིའི་བུ། དེ་ནས་ཕྲེང་ཕྱེད་ལྔ་ན། ཡིན་ནོ། །བཞི་པ་ཆོས་ཀྱི་སྤྱན་ནི། དེ་ནས་ཤོག་གུ་ཕྱེད་དང་གསུམ་དང་ཕྲེང་གཉིས་ན། ཡིན་ནོ། །ལྔ་པ་སངས་རྒྱས་ཀྱི་སྤྱན་ནི། ཤཱ་རིའི་བུས། དེ་ནས་ཕྲེང་བཅུ་ན། ཕྱིར་རོ། །བརྒྱད་པ་མངོན་ཤེས་དྲུག་ལ་གདམས་པ་ནི། མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་། ཤཱ་རིའི་བུ། དེ་ནས་ཕྲེང་ཕྱེད་ལྷག་ན། འཐོབ་ཅིང༌། དང་པོ་རྫུ་འཕྲུལ་གྱི་མངོན་ཤེས་ནི། དེས་དེས་ཕྲེང་དགུ་ན། བསྒྲུབ་བོ། །བཞི་པ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ནི། དེ་སྔོན་གྱི། དེ་ནས་ཕྲེང་ཕྱེད་དང་དགུ་ན། བསྒྲུབ་བོ། །ལྔ་པ་ལྷའི་སྤྱན་གྱི་མངོན་ཤེས་ནི། དེ་ལྷའི། དེ་ནས་ཕྲེང་ཅུང་མེད་ན། བསྒྲུབ་བོ། །དྲུག་པ་ཟག་ཟད་ཀྱི་མངོན་ཤེས་ནི། དེ་ཟག་པ། དེ་ནས་ཕྲེང་གསུམ་ལྷག་ན། ངོ་བོ་ཉིད་ཀྱིས་སྟོང་པ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། དབེན་པ་ཤིན་ཏུ་དག་པ་ཉིད། མེད་པ་འདུས་མ་བྱས་ཀྱི་ངོ་བོ་ཉིད་ཡིན་ཕྱིར། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་ན། དེ་ནི་སེར་སྣ་ལ་སོགས་པའི་མི་མཐུན་ཕྱོགས་རྣམས་ལས་བརྒལ་ཏེ། དེ་ནས་ཕྲེང་བཞི་ཅུང་མེད་ན། སྐྱེ་བ་མེད་པ་ཡང་དག་པའི་མཐའ་ནི། དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་ཕྱེད་དང་བཞི་ན། ཁྲི་བརྒྱད་སྟོང་པ་ལས། ཉེ་བར་བཏགས་པའི་ལེའུ་ཞེས་བྱ་སྟེ། གསུམ་པའོ།། །།དེ་ནས་ཤོག་གུ་གཉིས་དང་ཕྲེང་ལྔ་ན། ཁྲི་བརྒྱད་སྟོང་པ་ལས། མི་མཉམ་དང༌། མཉམ་པའི་ལེའུ་ཞེས་བྱ་སྟེ། བཞི་པའོ།། །།དེ་ནས་ཤོག་གུ་གཅིག་དང༌། ཕྲེང་བཅུ་གཅིག་ན། ཁྲི་བརྒྱད་སྟོང་པ་ལས། ལྗགས་ཀྱི་དབང་པོའི་ལེའུ་སྟེ། ལྔ་པའོ།། །།

དགུ་པ་མཐོང་ལམ་ལ་གདམས་པ་ནི། མཐོང་ལམ་དང༌། །དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་བརྒྱད་ན། ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་ལྔ་ན། མི་དམིགས་སོ། །སྡུག་བསྔལ་ལ་ཆོས་པ་ནི། རབ་འབྱོར་འདི། དེ་ནས་ཤོག་གུ་ཕྱེད་དང་གསུམ་དང་ཕྲེང་ལྷག་ན། བྱའོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་ལྔ་ན། མི་མཐོང་ངོ༌། །ཞེས་པ་མི་རྟོག་པ་ནས། འདིའི་བར་ལ་རྟོག་པ་དྲུག་ཅུ་རྩ་བཞི། ཞེས་གསུངས་སོ། །དེ་བཞིན་དུ། དེ་ནས་ཕྲེང་ཕྱེད་དང་བཅུ་གསུམ་ན། མཐོང་ངོ༌། །སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི། དེ་ཅིའི་ཕྱིར། དེ་ནས་ཕྲེང་བདུན་ལྷག་ན། མི་མཐོང་ངོ༌། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་ལྔ་ན། བྱའོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི། དེ་ཆོས་སུ། དེ་ནས་ཕྲེང་ཕྱེད་དང་ལྔ་ན། མི་འགྱུར་རོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། སྦྱིན་པའི་ཕ། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཕྱིར་རོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། བྱང་ཆུབ་སེམས་དཔའ། དེ་ནས་ཕྲེང་ཕྱེད་ཅུང་མེད་ན། འཇུག་ཅིང༌། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི། ཕྱིར་མི་གནོད་དེ། འགོག་པ་ལ་ཆོས་ཤེས་པ་ནི། མངོན་པར་ཤེས། དེ་ནས་ཕྲེང་དྲུག་ན་བྱའོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར་འདི། དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་ཕྱེད་དང་གཉིས་ན། མ་ལགས་སོ། །འགོག་པ་ལ་རྗེས་སུ་ཤེས་པ་ནི། བཅོམ་ལྡན་འདས། དེ་ནས་ཤོག་གི་གཅིག་དང་ཕྲེང་གསུམ་ན་བྱའོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། ཁྱོད་དེ་ནས་ཤོག་གུ་ཕྱེད་དང་གསུམ་དང་ཕྲེང་ལྔ་ན། དེ་བཞིན་དུ། ལམ་ལ་ཆོས་ཤེས་པ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་ན། རབ་འབྱོར། ཀུན་བཏགས་ཀྱི་ཆོས་ཀྱིས། ཡོངས་གྲུབ་ཀྱི་ཆོས་ཀྱི། ཆོས་ཀྱང་མི་མཐོང་ངོ༌། །དེའི་རྒྱུ་མཚན་དེ། དེ་ལ་སྣང་རུང་མིན་པས་ནི། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། གཟུགས། དབྱིངས་ཡོངས་གྲུབ་ཀྱི་གཟུགས་ཡང་དག་པར། དེ་ནས་ཕྲེང་གསུམ་ན། ལམ་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། འདུས་བྱས་ཀྱི་ཁམས་དྲི་བཅས་ཏེ་དེ་བཞིན་ཉིད་ཀྱི་ཁམས། དྲི་མེད་དེ་བཞིན་ཉིད་མཐོང་བྱ་མཐོང་བྱེད་ཐ་དད་ཀྱི་ཚུལ་དུ་ཡང་དག་པར། དེ་ནས་ཕྲེང་ཕྱེད་ན་མི་མ་མཐོང་ངོ༌། །

བཅུ་པ་སྒོམ་ལམ་ལ་གདམས་པ་ནི། སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །དེ་ཅིའི་ཕྱིར། དེ་ནས་ཕྲེང་ཕྱེད་ན། མི་ནུས་སོ། །དྲི་བཅས་དེ་བཞིན་ཉིད་ལ་འདུས་བྱས་དང༌། དྲི་མེད་དེ་བཞིན་ཉིད་ལ་འདུས་མ་བྱས་སུ་གནོད་འཇོམས་ཆེ་ཆུང་གཉིས་གར་ནས་གསུངས་སོ། །རབ་འབྱོར། དེ་ནས་ཤོག་ལོགས་གཅིག་དང༌། ཕྲེང་གསུམ་ལྷག་ན། སེམས་འཇུག་པའི་རྣམ་ཤེས་དྲུག་དང༌། ཀུན་གཞི་དང༌། དེ་རྣམས་དང་མཚུངས་ལྡན་གྱི་སེམས་ལས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཉོན་ཡིད་དང་དེ་དང་མཚུངས་ལྡན་གྱི་ཡིད་ཀྱི་ཆོས། དེ་ནས་ཕྲེང་གསུམ་ན། ཁྲི་བརྒྱད་སྟོང་པ་ལས། རབ་འབྱོར་གྱི་ལེའུ་སྟེ། དྲུག་པའོ།། །།དེ་ནས་ཤོག་གུ་གཉིས་དང་ཕྲེང་གསུམ་ལྷག་ན། སྐྱོན་མེད་པ། ས་དང་པོར་ཡང་མི། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཆོས་ལ་སྲིད་པའོ། །དབང་པོ་རྟུལ་དང་རྣོན་པོ་དག །དད་དང་མཐོང་ཐོབ་རིགས་ནས་རིགས། །བར་ཆད་གཅིག་པར་སྐྱེས་ནས་དང༌། །ཕྱེད་དང་ཕྱེད་མིན་འོག་མིན་འགྲོ། །འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། །གཟུགས་ཀྱི་ཆགས་བཅོམ་མཐོང་བ་ཡི། །ཆོས་ལ་ཞི་ལུས་མངོན་སུམ་བྱེད། །བསེ་རུ་དང་ནི་ཉི་ཤུའོ། །ཞེས་པ་འདིའི་དགོངས་པ། འཕགས་པ་གྲོལ་སྡེ་ལ་སོགས་པས་སྔར་གྱི་དགེ་འདུན་དཀོན་མཆོག་གི་མདོ་དང༌། ལེ་བརྒྱད་བསྲེས་ནས་སྦྱར་ནའང༌། ལེ་བརྒྱད་མ་ནི་མདོ་རྣམ་དག་ཡིན་མིན་དཔྱད་དགོས་ཤིང༌། ཚིགས་བཅད་འདི་གཉིས་དགེ་འདུན་དཀོན་མཆོག་གི་སྐབས་འདས་ནས། གདམས་ངག་བཅུ་རྫོགས་པའི་མཇུག་ཏུ་བྱུང་བས། ཞར་བྱུང་ཐེག་དམན་གྱི་དགེ་འདུན་ཉི་ཤུ་བསྟན་པ་ཡིན་གྱི། ཐེག་ཆེན་གྱི་སྐྱབས་གནས་ཀྱི་དགེ་འདུན་མ་ཡིན་ཞིང༌། སྲས་ཡུམ་བཅུ་བདུན་གྱི་མདོ་གང་དང་སྦྱོར་ཡང་ཇི་ལྟ་བ་ཉིད་མི་འགྲིགས་པས་མི་སྦྱོར་བ་ཉིད་བྱམས་མགོན་གྱི་དགོངས་པ་ཡང་དག་པ་ཡིན་ནོ། །རྒྱས་པར་ནི་རྒྱས་འབྲས་གཉིས་སུ་བྲིས་ཟིན་པས་དེར་བལྟའོ། །དེ་ལྟར་ཤེར་ཕྱིན་བསྒྲུབ་པ་མི་རྟོག་པའི་རྣམ་པ་དང༌། རྟེན་སྐྱབས་གསུམ་དང༌། ཁྱད་པར་དུ་འགྲོ་བའི་མ་ཆགས་པ་དང༌། མི་རྟོག་པར་འགྲོ་བའི་རྒྱུ་ཡོངས་སུ་མི་ངལ་བ་དང༌། ཐེག་པ་གཞན་གྱིས་མི་འགྲོ་བའི་རྒྱུ་ལམ་ཡོངས་སུ་འཛིན་པ་དང༌། གཞན་གྱི་དྲིང་མི་འཇོག་པར་འགྲོ་བའི་རྒྱུ་ལམ་ལྔ་དང༌། རྣམ་མཁྱེན་ཡོངས་སུ་རྫོགས་པའི་མངོན་ཤེས་དྲུག་དང༌། མཐར་ཐུག་པའི་རྒྱུ་མཐོང་བ་དང༌། སྒོམ་པའི་ལམ་ལ་འདམས་ཏེ། གད༷མས་ང༷ག་ད༷ང༌། །ཞེས་པ་གདམས་ངག་བཅུ་གསུངས་ཟིན་ཏོ། །

དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །ཤཱ་རིའི་བུ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། སྐྱོན་ཞེས་བྱའོ། །དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅིང་དེ་ཡི་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །དྲོད་ཆུང་ངུའི་དམིགས་རྣམ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཅིག་ལྷག་ན། སེམས་མ་ཡིན་ཏེ་ཞེས་བྱ་བའི་སྒྲ་ནི་ཀུན། གཏགས་པའི་སེམས་ལ་བྱའོ། །ཡོངས་སུ་གྲུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས། ཆོས་ཀྱི་སྐུ་ནི་ཡོངས་སུ་རྟོག་པ་དང་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་ལས་འདས་པས། སེམས་ཀྱིས་སེམས་ཀྱི་མཚན་ཉིད་མེད་པའི་ཕྱིར་སེམས་མ་ཡིན་པ་ཞེས་བྱའོ། །དེ་བས་ན་སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་རོ། །ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་སྐུའི་སེམས་ཀྱི་རང་བཞིན་འོད་གསལ་བའོ། །དེ་བས་ན་སེམས་མ་ཡིན་པ་ཞེས་བྱ་བའི་ཀུན་བཏགས་པའི་སེམས་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོས་གསུངས་ཤིང༌། རྗེ་བཙུན་སྤྱན་རས་གཟིགས་ཀྱིས་ཀྱང༌། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། །ཞེས་རང་བཞིན་གྱིས་འོད་གསལ་བར་གསུངས་ཏེ། དེ་ཉིད་ནི་འཁོར་བའི་བག་ཆགས་དང་བྲལ་བའི་ཕྱིར་རོ། །བདུད་ནི་དྲི་མ་དང་བཅས་པའི་སེམས་ཡིན་ལ། སངས་རྒྱས་ཉིད་ནི་དྲི་མ་མེད་པའི་སེམས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རང་བཞིན་གྱི་འོད་གསལ་གྱི་དོན་རང་སྟོང་ལ་འདོད་པ་རྣམས་ནི་རྫོགས་ལྡན་གྱི་ཆོས་ལས་རིང་དུ་གྱུར་པའི་ཆོས། སྐད་གསར་པ་སྐྱོན་ཅན་ཡིན་པས་མཁས་པ་རྣམས་ཀྱིས་རིང་དུ་ཡང་སྤང་བར་བྱའོ། །ཤཱ་རིའི་བུ། དེ་ནས་ཕྲེང་གཅིག་ན། བྲལ་བ་ཡང་མ་ཡིན་ཞེས་བྱ་བ་ནི་རང་བཞིན་འོད་གསལ་བ་དེ་ཉིད་སྟོན་ཏེ། སྔོན་སོ་སོ་སྐྱེ་བོའི་གནས་སྐབས་ན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེ་བ་འམ་དུས་ནམ་ཡང་ནམ་མཁའ་བཞིན་དུ་དྲི་མ་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར་ལྡན་པ་ཡང་མ་ཡིན་ཞེས་བྱའོ། །ཕྱིས་སངས་རྒྱས་སུ་གྱུར་པའི་ཚེ་ན་ཡང་སེམས་གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་ངོ་བོ་ཉིད་ཀྱི་རྣམ་པར་དག་པ་ཉིད་ལ་གནས་པའི་ཕྱིར་དྲི་མ་དེ་དག་ཤིན་ཏུ་མི་སྐྱེ་བས་སྤྲིན་ལ་སོགས་པ་དག་དང་མི་ལྡན་པའི་ནམ་མཁའ་བཞིན་དུ་འོད་གསལ་བའི་ཕྱིར་བྲལ་བ་ཡང་མ་ཡིན་ཞེས་བྱའོ། །ཞེས་སོགས་མང་དུ་དབུ་མ་པ་ཆེན་པོས་གསུངས་ཏེ། རྒྱས་པར་རྒྱས་འབྲིང་གཉིས་སུ་བྲིས་སོ། །དེ་ནས་ཕྲེང་བཅུ་གསུམ་ན། བཅོམ་ལྡན་འདས་ཀྱི་སྲས་ཀྱི་ཐུ་བོ་ཡིན་པས། ཐུགས་ལས་སྐྱེས་པ། བཤད་པའི་ཆོས་ལས་བྱུང་བས་ཞལ་ནས་སྐྱེས་པ། བསྒྲུབ་པའི་ཆོས་ལས་བྱུང་བས་ཆོས་ལས་སྐྱེས་པ། རྟོགས་པའི་ཆོས་ལས་བྱུང་བས་ཆོས་ཀྱི་སྤྲུལ་པ། མྱ་ངན་ལས་འདས་པའི་ཆོས་ཀྱི་བདག་པོ་ཡིན་པས། ཆོས་ཀྱི་བདག་པོ། སྲེད་པ་སྤངས་པས་ཟང་ཟིང༌། ཆོས་ཉིད་ལས་གཞན་དག་གིས་མི་འཕྲོག་པས་ཆོས་རྣམས་ཆོས་སྐུ་མངོན་དུ་གྱུར་པས་ལུས་མངོན་སུམ་དུ་ཉོན་མོངས་པ་རྣམ་རྟོག་གི་སྤྲོས་པའི་ཉོན་མོངས་པ། དེ་ནས་ཕྲེང་ལྔ་ལྷག་ན། ཁྲི་བརྒྱད་སྟོང་པ་ལས། སྐྱོན་མེད་པ་ལ་འཇུག་པའི་ལེའུ་ཞེས་བྱ་བ་སྟེ། བདུན་པའོ།། །།གཟུགས་སོགས་འདུ་འགོད་གནས་བྲལ་དང༌། །དྲོད་འབྲིང་གི་དམིགས་རྣམ་ནི། དེ་བཅོམ་ལྡན་འདས། དེ་ནས་ཕྲེང་བཞི་ན། མིང་དེ་ཡང་འདུས་བྱས་ཀྱི་ཆོས་གནས་པ་མ་མཆིས། འདུས་མ་བྱས་ནམ་མཁའ་ལ་སོགས་པ་ལྟར་ཐུག་པ་མ་མཆིས། དེ་ནས་ཕྲེང་གཅིག་ན། འཕེལ་བ་སྒྲོ་འདོགས་པ། འགྲིབ་པ་སྐུར་འདེབས་པ་དང༌། དེ་ནས་ཤོག་གུ་གཉིས་དང༌། ཕྲེང་གཅིག་ན། བསམ་གྱིས་མི་ཁྱབ་པ་སྟེ། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་ལ་སོགས་པའི་ཚིག་རྣམས་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཡོངས་སུ་གྲུབ་པའི་འཇུག་པ་ཐར་པས་ཐ་དད་དེ། འདི་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་དགུ་སྟེ། རྣམ་པར་འཇུག་པ་མེད་པར་ཡོངས་སུ་གྲུབ་པ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་དང༌། འགྱུར་བ་མེད་པའི་ཡོངས་སུ་གྲུབ་པ་དང༌། ངོ་བོ་ཉིད་ཡོངས་སུ་གྲུབ་པ་དང༌། རྣམ་པར་བྱུང་བའི་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་ཡོངས་སུ་གྲུབ་པ་དང༌། དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པ་དང༌། ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་དང༌། དེ་ཁོ་ན་ཉིད་དུ་ཡོངས་སུ་གྲུབ་པ་དང༌། རྟོག་གེའི་ལམ་ལས་འདས་པ་ཡོངས་སུ་གྲུབ་པའོ། །ཞེས་སོགས་གཞུང་ཚིག་དགུ་ལ་ཡོངས་གྲུབ་དགུ་པོ་རིམ་པ་བཞིན་དུ་སྦྱར་བའི་ལེགས་བཤད་རྒྱ་ཆེར་དབུ་མ་ཆེན་པོས་གནོད་འཇོམས་སུ་གསུངས་ཤིང༌། རྒྱས་འབྲིང་གཉིས་ཀྱི་སྐབས་འདིའི་འོག་ཏུ་བརྗོད་དུ་མེད་པའི་འགྲེས་ཀྱི་སྐབས་སུ་རྒྱས་པར་བྲིས་པས་དེ་དག་ཏུ་བལྟ་བར་བྱའོ། །དབྱིངས། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན། ལགས་སོ། །

དྲོད་ཆེན་པོའི་དམིགས་རྣམ་ནི། གནས་དང་བཏགས་དང་བརྗོད་དུ་མེད། །བཅོམ་ལྡན་འདས། དེ་ནས་ཤོག་གུ་ལོགས་གཅིག་དང་ཕྲེང་ལྔ་ན། ལགས་སོ། །རྩེ་མོ་ཆུང་ངུའི་དམིགས་རྣམ་ནི། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་གསུམ་ན། སྤྱོད་པས་རྟོག་པ་ཐམས་ཅད་སྤང་དགོས་པས། གཟུགས་ལ་གནས་པར་རྟོག་པར་མི་བགྱིའོ། །དེ་ནས་ཕྲེང་ཕྱེད་དང་ལྔ་ན། གཟུགས་ཀྱི་སྟོང་ཞེས་བྱ་བ་གསུངས་པ་འདི་ལ། གཟུགས་ཀྱང་རྣམ་པ་གསུམ་སྟེ། ཀུན་བཏགས་པའི་གཟུགས་དང༌། རྣམ་པར་བཏགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་སོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་དུ་གཟུང་བ་དངོས་པོའི་གཟུགས་གང་ཡིན་པ་དེ་ནི་ཀུན་བཏགས་པའི་གཟུགས་ཞེས་བྱའོ། །དེ་ཉིད་རྣམ་པ་གང་གི་དོན་དུ་སྣང་བའི་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་དེ་ནི་རྣམ་པར་བཏགས་པའི་གཟུགས་ཞེས་བྱའོ། །ཀུན་བཏགས་པ་དེ་གཉིས་ཀྱི་རྣམ་པར་རྟོག་པ་དང་བྲལ་བ། ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཟད་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ། །དེ་ལ་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་གཟུགས་ཡིན་པ་དེ་ནི་ཀུན་བཏགས་པ་གཟུགས་སུ་ཡོད་པ་ལ་སོགས་པའི་མཚན་ཉིད་དང༌། གཟུགས་སུ་རྣམ་པར་བཏགས་པ་ཡུལ་གྱི་རྣམ་པར་སྣང་བའི་གཟུགས་ཀྱི་སྟོང་པས་ན་སྟོང་ཞེས་བྱའོ། །ཞེས་སོགས་རྒྱས་པར་དབུ་མ་པ་ཆེན་པོས་གསུངས་ཤིང༌། ཀུན་བཏགས་པ་དང་རྣམ་པར་བཏགས་པའི་རྒྱས་འབྲིང་གཉིས་སུ་བྲིས་པས་དེར་བལྟའོ། །ཚོར་བ་དང༌། དེ་ནས་ཕྲེང་ཕྱེད་ན། གཟུགས་ཀྱི་སྟོང་པ་ཉིད་ཡོངས་སུ་གྲུབ་པ་གང་ལགས་པ་དེ། ཀུན་བཏགས་ཀྱི་གཟུགས་མ་ལགས་ལ། དྲི་བཅས་དེ་བཞིན་ཉིད་ཀྱི། གཟུགས་ལས། སྟོང་པ་ཉིད། ཡོངས་གྲུབ་མ་མཆིས་ཏེ། གཟུགས་ཉིད་ཀྱང༌། སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་གཟུགས་ལགས་སོ། །ཞེས་པའི་ཚུལ་དུ་དབུ་མ་པས་བཀྲལ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་དྲུག་ན་མི་བགྱིའོ། །ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་རྣམས་ལས་བརྟེན་ནས་སྐྱེ་བ་མེད་པའི་དོན་གྱི་རྗེས་སུ་འབྲང་བའི་གཟུགས་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ལ་ཡི་གེ་མངོན་པར་སྒྲུབ་པ་ཞེས་བྱ་སྟེ། དེ་རྣམས་ལ་དེ་ནས་ཕྲེང་ཕྱེད་ལྷག་ན། མི་རྟག་པའི་དོན་དམ་ནི། ཀུན་བཏགས་ཀྱི་གཟུགས་ནི། དེའི་འོག་ཙམ་གང་ཡང་མ་ལགས་པ། དོན་དམ་དེ་ཀུན་བཏགས་ཀྱི་མི་རྟག་པ། དེ་ནས་ཕྲེང་ཕྱེད་དང་བཅུ་ན། དེ་བཞིན་གྱི་ཡོངས་གྲུབ། དེ་བཞིན་ཉིད་དུ་བརྟགས་པ་རྣམས་ཀྱིས་སྟོང༌། དེའི་འོག་ཙམ་ན་དེ་བཞིན་ཉིད་དུ་བཏགས་པ་མ་ལགས་ལ། དེ་ནས་ཕྲེང་ཕྱེད་གཉིས་ན་མི་བགྱིའོ། །བཅོམ་ལྡན་འདས་ཀྱི། དགོངས་པ་ངེས་འགྲེལ་གྱི་མདོར། འཁོར་ལོ་གཉིས་པའི་སྐབས་སུ། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ། །ཞེས་གསུངས་པ་དེ་སྐབས་འདི་དག་ལ་སོགས་པ་རང་སྟོང་མ་ཡིན་པ་རྣམས་རང་སྟོང་དུ་སྟོན་པ་འདྲ་བའི་གཞུང་སྐབས་ཐམས་ཅད་དུ་དྲན་དགོས་ཏེ། གཞན་དུ་ན་ཐམས་ཅད་རང་སྟོང་དུ་ལྟ་བའི་ལོག་ལྟ་འབྱུང་བས་སོ། །དེ་བཞིན་དུ། དེ་ནས་ཕྲེང་ཕྱེད་པ་ན་མི་མགྱིའོ། །གལ་ཏེ་དེ་ལས་ལོག་པར་སྤྱོད་ན་ཉེས་དམིགས་ཆེན་པོ་ཡོད་དོ། །བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ན། གཟུགས་ལ་རྟོག་ཅིང་གནས་ན། དེ་ནས་ཕྲེང་བཅུ་གཉིས་ན། བཅོམ་ལྡན་འདས་འདི་ལྟར། ཡོངས་གྲུབ་ཀྱི་གཟུགས་ནི། དེ་ནས་ཕྲེང་གཅིག་ན། གང་ལགས་པ་དེ་ཡོངས་གྲུབ་དང་གློ་བུར་རྣམས་ཀྱི་ཡིན་གྱིས། པས་ཀུན་བཏགས་ཀྱི་གཟུགས་མ། དེ་ནས་ཕྲེང་ཕྱེད་བཞི་ན། ཡོངས་སུ་བརྟགས་ཏེ་བསྒོམ་པར་བྱའོ། །དེ་ནས་ཕྲེང་ལྔ་ཅུང་མེད་ན། པ་ལགས་སོ། །རྩེ་མོ་འབྲིང་གི་དམིགས་རྣམ་ནི། དེ་དག་གཅིག་གི་རང་བཞིན་གཅིག །དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཆོས་རྣམས་མི་འཛིན་གང་ཡིན་དང༌། །དེ་ཅིའི་སླད་དུ། དེ་ནས་ཕྲེང་ཕྱེད་ན། གཟིགས་ལ་རྟོག་པ་ནི་མཚན། དེ་ནས་ཕྲེང་བཅུ་ལྷག་ན། མ་ལགས་སོ། །བཟང་ངན་གང་དུ་རྟོག་ཀྱང་རུང་སྟེ། རྟོག་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས། དེ་ནས་ཕྲེང་གཉིས་ན། ཉི་ཚེ་བའི་ལམ་གྱི་རིམ་པས་ཤེས་པས། དེ་ནས་ཤོག་གུ་གཅིག་དང་ཕྲེང་གསུམ་ན། བམ་པོ་བདུན་པ། རྩེ་མོ་ཆེན་པོའི་དམིགས་རྣམ་ནི།

དེ་དག་མཚན་མར་མི་མཐོང་ཕྱིར། །ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པའོ། །བཅོམ་ལྡན་འདས་གཞན། དེ་ནས་ཕྲེང་བཅུ་ན། ཤཱ་རིའི་བུ། ཅིར་ཡང་མི་རྟོག་པས། དེ་བཞིན་ཉིད་དེ་ནས་ཕྲེང་གཅིག་ན། མི་དམིགས་སོ། །བརྒྱད་སྟོང་དོན་བསྡུས་སུ། མེད་ཅེས་བྱ་ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་གསུངས་པ་དྲན་པར་བྱའོ། །ཚེ་དང་ལྡན། དེ་ནས་ཕྲེང་གསུམ་ན། རིག་པར་བྱའོ།།

བཟོད་པ་ཆུང་ངུའི་དམིགས་རྣམ་ནི། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །དེ་ནས་ཚེ་དང༌། དེ་ནས་ཕྲེང་བཞི་ན། བྲལ་བ་དངོས་པོ་མེད་པའོ། །འདི་ལྟ་བུ་ལ་འཁྲུལ་ནས། མཐར་ཐུག་མེད་དགག་ཏུ་སྨྲ་བ་རྣམས་ནི་རྒྱལ་བའི་དགོངས་པ་ལས་རིང་དུ་གྱུར་པའོ། །ཤཱ་རིའི་བུ། དེ་ནས་ཕྲེང་བཞི་ན། གཞན་ཡང་མཚན་ཉིད་ནི། གཟུགས་ཡོད་པ་མ་ཡིན་པས། གཟུགས་ནི། དེ་ནས་ཕྲེང་གསུམ་ན། འགྱུར་རོ། །

བཟོད་པ་འབྲིང་གི་དམིགས་རྣམ་ནི། དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་། དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཕྲེང་ཕྱེད་གཉིས་ན། མི་དམིགས་སོ། །ཞེས་བྱ་བ་ནི། འདི་ལྟར་ཡོངས་སུ་གྲུབ་པ་ཆོས་ཉིད་གཟུགས་ནི་ཀུན་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ། དེའི་ཕྱིར་ཆོས་ཉིད་ཀྱི་གཟུགས་ལ་ནི། འཁོར་བའི་གནས་སྐབས་ལ་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ལ་སྐྱེ་བ་དང་འབྱུང་བ་མེད་དོ། །དག་པའི་གནས་སྐབས་ལ་རྣམ་པར་བྱང་བའི་བདག་ཉིད་ལ་ཕྱིན་ཅི་ལོག་གི་དངོས་པོ་མེད་པས་གློ་བུར་ངེས་པར་འབྱུང་བ་མེད་དོ། །ངོ་བོ་ཉིད་རྣམ་པར་དག་པ་དང༌། ཆོས་ཉིད་ལ་འགྱུར་བ་མེད་པའི་ཕྱིར། ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་བཞིན། དེ་ནས་ཕྲེང་དགུ་ན། ཁྲི་བརྒྱད་སྟོང་པ་ལས། ཀུན་ཏུ་རྒྱུ་གསོ་སྦྱོང་གི་ལེའུ་ཞེས་བྱ་བ་སྟེ། བརྒྱད་པའོ།། །།

བཟོད་པ་ཆེན་པོའི་དམིགས་རྣམ་ནི། དེ་དག་མཚན་མ་མེད། །དེ་ཡི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །དེ་ནས་བཅོམ་ལྡན་འདས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ན། མི་ལེན་ཏོ། །འདི་མཉམ་གཞག་ཟབ་མོའི་གནས་སྐབས་སུ་རྟོག་པ་ཐམས་ཅད་དང་བྲལ་བར་དགོངས་པ་སྟོན་ལ། འདི་དང་འདྲ་བའི་གཞུང་གང་དགོངས་པ་མ་ལོན་པ་རྣམས་ཀྱི་རྗེས་ཐོབ་ཏུ་དོན་དང་མཐུན་པའི་ཁས་ལེན་ཡང་མེད་ཅེས་འདོད་པ་ནི། མཉམ་གཞག་ཁས་ལེན་གང་ཡང་མེད་པ་དང༌། རྗེས་ཐོབ་ཏུ་དོན་དང་མཐུན་པའི་ཁས་བླང་མེད་པ་ལ་དགོངས་ནས་ཁས་ལེན་ཞེས་གསུངས་པའི་དགོངས་པ་ལས་རིང་དུ་གྱུར་པའོ། །དེ་ཅིའི་ཕྱིར། དེ་ནས་ཕྲེང་གཅིག་ན་ཡིན་ནོ། །

ཆོས་མཆོག་ཆུང་ངུའི་དམིགས་རྣམ་ནི། ཏིང་འཛིན་དེ་ཡི་བྱེད་པ་ཉིད། །རྣམ་པ། པ་ཉིད། ཆོས་ཐམས་ཅད་དམིགས་སུ་མེད་པ་དེ་ཡང༌། དེ་ཡི་རྩ་བ། གཟུང་འཛིན་ལ་སོགས་པ་གཉིས་སུ་མེད། དེ་ནས་ཕྲེང་གཉིས་ན། འཚང་རྒྱའོ། །དེ་ནས་ཕྲེང་ཕྱེད་དང་ལྔ་ན། འཚང་རྒྱའོ། །འདི་ནས་བཟུང་སྟེ་བརྒྱ་ཉེར་གསུམ་གྱི་བར་དུ། ཏིང་ངེ་འཛིན་དེའི་འཇུག་ཏུ་གྲངས་ཡིག་གདབ་པར་བྱའོ། །དེ་ནས་ཤོག་གུ་གཉིས་དང༌། ཕྲེང་ཕྱེད་དང་གཉིས་ན། འཚང་རྒྱའོ། །ཉི་ཁྲི་སྣང་བར། ཏིང་ངེ་འཛིན་བརྒྱ་རྩ་གཅིག་གསུངས། ཉི་ཁྲི་རྣམ་འགྲེལ་དུ། ཏིང་ངེ་འཛིན་བརྒྱ་ལྷག་དང་བཅས་པ་ཞེས་འབྱུང་ཞིང༌། རྒྱས་འབྲིང་གཉིས་སུ་བརྒྱ་ཉི་ཤུ་དང༌། མདོ་འདིར་བརྒྱ་ཉེར་གསུམ་འབྱུང་བས་མཁས་པ་རྣམས་ཀྱིས་དཔྱད་པར་རིགས་སོ། །ཚེ་དང༌། དེ་ནས་གཉིས་ལྷག་ན། ཡོད་དོ།།ཆོས་མཆོག་འབྲིང་གི་དམིགས་རྣམ་ནི། ལུང་སྟོན་པ་དང་རློམ་པ་ཟད། །དེ་ནས་སངས་རྒྱས། དེ་ནས་ཕྲེང་ཕྱེད་དང་བཞི་ན། བདག་ནི། སྔོན། སྙོམས། བདག་ནི་ད་ལྟར། སྙོམས། བདག་ནི་མ་འོངས་པ་ན་སྙོམས་པར། དེ་ནས་ཕྲེང་གཅིག་ན། མི་འབྱུང་ངོ༌། །ཆོས་མཆོག་ཆེན་པོའི་དམིགས་རྣམ་ནི། གསུམ་པོ་ཕན་ཚུན་ངོ་བོ་གཅིག ། ཏིང་འཛིན་རྣམ་པར་མི་རྟོག་པ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན་ནོ། །ཤཱ་རིའི་བུ། དེ་ནས་ཕྲེང་བརྒྱད་ལྷག་ན། མི་ཤེས་སོ། །གཞི་དང་། དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་བཅུ་ན། དག་པའི་དོན་ནི་དྲི་མ་གང་ཡིན་པ་མི་སྲིད་པ་སྟེ། དེའི་ཕྱིར་བདག །དེ་ནས་ཕྲེང་ཕྱེད་དང་ལྔ་ན། གང་ལགས་ཞེས་ཞུས་པས། ཡོངས་གྲུབ་དྲི་མ་མེད་པ་དེ་བཞིན་ཉིད་ལ་རྣམ་དག་ཏུ་བསྟན་པའི་ཕྱིར། བཅོམ་ལྡན་འདས། དེ་ནས་ཕྲེང་བཞི་ན། ཡོད་ལ་ཞེས་བྱ་བ་ནི། ཀུན་བཏགས་པའི་དངོས་པོ་མེད་པའི་རྣམ་པར་བརྗོད་དུ་མེད་པའི་བདག་ཉིད་དུ་ཡོད་པར་བསྟན་པའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རྣམ་ཤེས་ལ་སྣང་བ་དེ་ལྟར་དེའི་རྩ་ན། བྱའོ། །ཡང་དག་པར་མ་རིག་པ་དེ་ཡང་དག་པ་མ་ཡིན་པར་རིག་ཅིང༌། ཤེས་པ་ནི་མ་རིག་པའོ་ཞེས་དབུ་མ་པ་གསུངས། ཤཱ་རིའི། དེ་ནས་ཕྲེང་ཕྱེད་དང་ལྔ་ན། ཡོད་པ་མ་ཡིན་པ་ལ་ཡོད་པར། བརྟགས། བ་ལ་ཡོད་པར་མངོན་པར། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན་ཡིན་ནོ། །དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ། །ཤཱ་རིའི། དེ་ནས་ཕྲེང་ཕྱེད་དང་བཅུ་དྲུག་ན། འབྱུང་ངོ༌། །རྫས་དང་། དེ་ནས་ཤོག་གུ་བཞི་དང་ཕྲེང་ཕྱེད་དང་དྲུག་ན། མ་ལགས་སོ། །ཆོས་ཐམས་ཅད་གཉིས་སུ་མེད་པའི་རྒྱལ་སྲས་ལ་གཟུགས་སོགས་ཀུན་བཏགས་རྣམས་སྒྱུ་མ་ལ་སོགས་སུ་མི་སྣང་བས། བཅོམ་ལྡན་འདས། དེ་ནི་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བཅུ་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། མཚན་མའི་ལེའུ་སྟེ། དགུ་པའོ།། །།བམ་པོ་བརྒྱད་པ། བཏགས་པའི་རྟེན་ཅན་གྱིས། །འཛིན་པའང་རྣམ་པ་གཉིས་སུ་འདོད། །རང་དབང་བདག་སོགས་ངོ་བོ་དང༌། །ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས་པ་འདི་རྣམས་བཙུན་པ་གྲོལ་སྟེས་གཞུང་འདི་དང་སྦྱར་བ་ལྟར་བཀོད་ཅིང༌། སྨྲི་ཏིས་ཀྱང་འདི་དང་ཅི་རིགས་མཐུན་པར་སྦྱར་ལ། འཕགས་པ་རྣམ་གྲོལ་སྡེ་དང༌། སློབ་དཔོན་སེང་གེ་བཟང་པོ་དང༌། ཤན་ཏི་པ་རྣམས་ཀྱིས་ཀྱང་ལེ་བརྒྱད་དང་སྦྱར་ནས་བཀྲལ་ལོ། །བཅོམ་ལྡན་འདས་ཀྱིས། དེ་ནས་ཤོག་གུ་ཕྱེད་དང་གཉིས་ཙམ་ན། སླད་དུའོ། །སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །[དེ་ཡི་མི་མཐུན་ཕྱོགས་བོར་བ།།] རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །དེ་ནས་ཤོག་གུ་གསུམ་དང་ཕྲེང་ལྔ་ལྷག་ན། རྟོགས་ཏེ། ཆོས་ཉིད་ཀྱིས། གཟུགས་ཀྱི། ཀྱིས་ཀྱང༌། རང་སྟོང་པ་མ་ཡིན་གྱི། ཞེས་བྱ་བ་ནི། ཆོས་ཉིད་ཀྱི་གཟུགས། ཀུན་བཏགས་པའི་གཟུགས་ཀྱིས་སྟོང་པ་ཉིད་ཀྱིས་རྒྱུས་གློ་བུར་དུ་སྟོང་པར་འགྱུར་བ་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། གཟུགས་ཉིད་ཀྱང་སྟོང་པ་དོན་དམ་པ་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་བྱ་བ་གསུངས་སོ། །སྟོང་པ་ཉིད་ཆོས་ཉིད་ཀྱི་གཟུགས་དག ། ངོ་བོ་གཅིག་གོ །ཞེས་བྱ་བ་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཚོར་བ་དང༌། དེ་ནས་ཕྲེང་བཅུ་དྲུག་ཙམ་ན། སེམས་དཔའ་ཆེན་པོ་ནི་ཆོས་ཉིད་སྟོང་པའི་གཞིའི་ཆོས་ཉིད་དོན་དམ་པའི་བདེན་པ་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཤེར་ཕྱིན་དང༌། དེ་མངོན་དུ་གྱུར་པའི་ལམ་ཤེར་ཕྱིན་ནི། རླུང་སེམས་ཀྱི་རྒྱུན་ངང་གིས་འགགས་ནས། མི་རྟོག་པའི་ཡེ་ཤེས་ངང་གིས་འཆར་བའི་ཐབས་མཆོག་ཟབ་མོ་བསྟན་འདི། དེ་ནས་ཤོག་གུ་ཕྱེད་དང་གསུམ་ན། སྤངས་ནས་གཞི་ལམ་འབྲས་བུའི་ཤེས་རབ་ཀྱི། དེ་ནས་ཤོག་གུ་གཉིས་ཅུང་མེད་ན། བསྒྱུར་ཞིང་ཞེས་པ་འདི་དག་ནི། རྗེ་བཙུན་སྤྱན་རས་གཟིགས་ཀྱིས། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །ཕ་དང་མ་དང་བུ་མོ་སྲིང་མོ་དང༌། །བུ་དང་སྤུན་ཟླ་འདོད་པའི་ཆུང་མ་ཡི། །གཟུགས་རྣམས་ཀྱིས་ནི་བདུད་རྣམས་གེགས་བྱེད་དོ། །ཞེས་དབུ་མ་པ་དང་མཐུན་ནོ། །བྱང་ཆུང་སེམས་དཔའ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། ཁྲི་བརྒྱད་སྟོང་པ་ལས། སྒྱུ་མ་ལྟ་བུའི་ལེའུ་ཞེས་བྱ་བ་སྟེ། བཅུ་པའོ།། །།

དེ་རྣམས་ཀྱིས་ནི། ངེ༷ས་འབྱེ༷ད་ཡ༷ན་ལ༷ག་རྣ༷མ་བཞི༷་ད༷ང༌། །ཞེས་དོན་གསུམ་པ་གསུངས་ཟིན་ཏོ། །རྟོགས་པ་ཡི་ནི་ཆོས་དྲུག་དང༌། །དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་གཉིས་ན་དོན་ཏོ། །ཞེས་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པ་བཞི་ཡོད་དོ། །བྱང་ཆུབ་དང༌། སེམས་དཔའ་དང༌། ཕུང་པོའི་བདག་ཉིད་དུ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་དང༌། དེ་བཞི་ཆར་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་དོན་ནི་ཚིག་གི་གཞི་མེད་པ་སྟེ། གཞི་མེད་པ་ནི་གནས་མེད་པ་ལ་བྱ་སྟེ། ཚིག་གི་དོན་མེད་པ་ཡང་དེ་ཡིན་ལ་དོན་དམ་པ་ཡང་དེ་ཡིན་པས་ཚིག་གི་དོན་མེད་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དངོས་པོ་ནི་བདག་ཉིད་འགའ་ཞིག་ཡོད་པར་འགྱུར་ན། དེའི་ཚིག་གི་དོན་གཞི་དང་བཅས་ཤིང་གནས་དང་བཅས་པར་འགྱུར་བ་ཞིག་ནས། འདི་ལྟར་བྱང་ཆུབ་སེམས་དཔའ་དང༌། སེམས་དཔའ་དང༌། བྱང་ཆུབ་སེམས་དཔའ་གཉིས་ཀྱང་མེད་དོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་གྱི་གཞི་མེད་དེ། དེ་གནས་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ཅིའི་ཕྱིར། བྱང་ཆུབ་ཀྱང༌། འདུས་མ་བྱས་པས་སྐྱེ་བ་མེད། སེམས་དཔའ་ཡང་ཡོད་པ་མིན་པས་སྐྱེ་བ་མེད་དེ། སེམས་དཔའ་ལ་རིམ་པ་བཞིན། སྐྱེ་བ་དང༌། དེ་ནས་ཕྲེང་ཕྱེད་ན་དོན་ཏོ། །

དེ་ཉིད་བཅུ་གཅིག་གིས་བསྟན་པ་ལ། དང་པོ་བྱང་ཆུབ་ལ་རྣམ་པར་རྟོག་པའི་གཞི་མེད་པ་ནི། རབ་འབྱོར། འདི། དེ་ནས་ཕྲེང་ཕྱེད་དང་ལྷག་ན་དམིགས་སོ། །གཉིས་པ་ཀུན་བཏགས་པའི་བྱང་ཆུབ་ལ་གཞི་གང་ཡང་མེད་པ་ནི། རབ་འབྱོར། དེ་ནས་ཕྲེང་གཉིས་ན་དམིགས་སོ། །གསུམ་པ་བྱང་ཆུབ་ལ་གུད་ན་གཞི་མེད་པ་ནི། རབ་འབྱོར། དེ་ནས་ཕྲེང་གཉིས་ལྷག་ན་དམིགས་སོ། །བཞི་པ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་བཅུ་གཅིག་ན་མི་དམིགས་སོ། །ལྔ་པ་ཆོས་ཀྱི་བྱང་ཆུབ་སེམས་དཔའ་གཞི་མེད་པ་ནི། རབ་འབྱོར། དེའི་འོག་ཙམ་ན། སངས་རྒྱས་ཆོས་སྐུ་ལ་གཟུགས། དེ་ནས་ཕྲེང་ཕྱེད་དང༌། བདུན་ན་མེད་དོ། །དྲུག་པ་བྱང་ཆུབ་སེམས་དཔའི་གཞི་མེད་པ་ནི། རབ་འབྱོར། འདུས་མ་བྱས་ཀྱི་ཁམས་མྱ་ངན་ལ། ཁམས་འཁོར་བའི་གཞི་མེད་དོ། །བདུན་པ་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཀྱི་གཞི་མེད་པ་ནི། འདུས་བྱས་ཀྱི་སྐུ་ཁམས་འཁོར་བ་ལ་ཡང་ཁམས། མྱ་ངན་གྱི་གཞི། དེ་ནས་ཕྲེང་ཕྱེད་ན་མེད་དོ། །བརྒྱད་པ་བྱང་ཆུབ་ཅེས་བྱ་བའི་ཚིག་གི་དོན་མེད་པ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་གསུམ་ན་མེད་དོ། །དགུ་པ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་ཉིད་ཀྱི་བྱང་སེམས་ཀྱི་ཚིག་གི་དོན་མེད་པ་ནི། རབ་འབྱོར། དེ་ནས་ཕྲེང་དགུ་ན་མེད་དོ། །ཀུན་བཏགས་པའི་ཕུང་པོ་ལྔའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། བཅུ་པ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་ཀུན་བཏགས་ཀྱི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་བརྒྱད་ན། དཔེར་ན་ཀུན་བཏགས་ཀྱི་བདག་མེད་པའི་ཕྱིར། ཡོངས་གྲུབ་ཀྱི་བདག། དེ་ནས་ཕྲེང་ཕྱེད་གཉིས་ལྷག་ན། མེད་དོ། །[བཅུ་གཅིག་པ་?]དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་གཞི་མེད་པ་ནི། རབ་འབྱོར། ཕྲེང་འགའ་མེད་དོ། །ཞེས་གཉེན་པོ་དང་ནི། རབ་འབྱོར། དེ་ནས་ཕྲེང་གཅིག་ན། མེད་དོ། །སྤོང་བ་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ན། མེད་དོ། །དེ་དག་ཡོངས་སུ་གཏུགས་པ་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ན། མེད་དོ། །འདི་རྣམས་ཀྱི་ཀུན་བཏགས་དང་ཡོངས་གྲུབ། ཀུན་རྫོབ་དང་དོན་དམ། ཆོས་དང་ཆོས་ཉིད་ལ་སོགས་པ་རྣམས་མི་གཅིག་པར་བསྟན་ཏོ། །[གསལ་བཤད། མངོན་རྟོགས་རྒྱན་ལས། ཤེས་རབ་སྙིང་རྗེར་བཅས་པ་དང༌། །ཞེས་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་མ་དཔེ་ལས་ཆད་སྙམ།] སློབ་མ་ཐུན་མོང་མིན་ཉིད་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ན། མེད་དོ། །གཞན་གྱི་དོན་གྱི་གོ་རིམ་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། མེད་དོ། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཤེས་བྱ། །དེ་བཞིན། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་པའི་ཆོས་དང༌། འདུས་བྱས། འདུས་མ་བྱས། དེ་དག་ཐམས་ཅད་ནི་ཆོས་ཉིད་ཀྱི་གནས་སྐབས་ནས་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ལྡན་པ། རྣམ་པར་བྱུང་བའི་མཚན་ཉིད་མ་ཡིན་པའི་ཕྱིར། མ་ཡིན། དཔྱོད་ཅིང་རྟོག་པ་མེད་པ། ཚིག་གིས། བསྟན་དུ་མེད་པ། དབང་པོའི་ཡུལ་བཞིན་དུ་མ་ཐོགས་པ། དེའི་འོག་ཙམ་ན། ཡིན་ཏེ། མཚན་ཉིད་ཐམས་ཅད་དང་བྲལ་བའི་ས་ཚོད་མེད་པའི་མཚན་ཉིད་དོ། །ཞེས་དབུ་མ་པ་གསུངས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །རབ་འབྱོར། དེའི་འོག་ཙམ་ན། ཐམས་ཅད་ཀྱི། དངོས་པོ་མེད་པ་ཉིད་ཆོས་ཀྱི་དབྱིངས་ལ་བསླབ་པར་བྱའོ། །འདིར་རང་བཞིན་གྱི་རིགས་ཆོས་དབྱིངས་ལ་དབྱེ་བ་མེད་པ་དང༌། རྒྱས་པའི་རིགས་ལ་དབྱེ་བ་ཡོད་དོ། །ཞེས་དགོངས་པ་སྟེ། རང་བཞིན་རིགས་ཆོས་དབྱིངས་ལ་མི་འདོད་པ་རྣམས་ནི་དགོངས་པ་ལས་རིང་དུ་གྱུར་པའོ། །རྒྱས་པར་ནི་རྒྱས་འབྲིང་གཉིས་སུ་བྲིས་ཟིན་ཏོ། །རབ་འབྱོར། དེ་ནས་ཕྲེད་ཕྱེད་ན། བྱའོ། །དེ་ནས། དེ་རྣམས་ཀྱིས་ནི། སྒྲུ༷བ་པ༷་ཡི༷་ནི༷་རྟེ༷ན་གྱུ༷ར་པ༷། །ཆོ༷ས་ཀྱི༷་དབྱི༷ངས་ཀྱི༷་ར༷ང་བཞི༷ན་ད༷ང༌། །ཞེས་དོན་བཞི་པ་གསུངས་ཟིན་ཏོ། །དམིགས་པ་ཆོས་རྣམས་ཐམས་ཅད་དེ། །རབ་འབྱོར། དེ་ནས་ཕྲེང་བཞི་ན། བམ་པོ་དགུ་པ།

དེ་ཡང་དགེ་ལ་སོགས་པ་ཡིན། །རབ་འབྱོར། དེ་ནས་ཕྲེང་བཅུ་གཅིག་ན། བྱའོ། །འཇིག་རྟེན་པ་ཡི་རྟོགས་པ་དང༌། །གསོལ་པ། དེ་ནས་ཕྲེང་གཅིག་ན། བྱའོ། །གང་དག་འཇིག་རྟེན་འདས་འདོད་དང༌། །རབ་འབྱོར། དེ་ནས་ཕྲེང་བཅུ་དགུ་ན། བྱའོ། །ཟག་བཅས། དེ་ལ་དེ་ནས་ཕྲེང་གཅིག་ན། བྱའོ། །ཟག་པ་མེད་ཆོས་དང༌། །དེ་ལ་ཟག་པ། དེ་ནས་ཕྲེང་གསུམ་ན། བྱའོ། །གང་དག་འདུས་བྱས། དེ་ལ་འདུས། དེ་ནས་ཕྲེང་གཅིག་ལྷག་ན། བྱའོ། །འདུས་མ་བྱས། །དེ་ལ། དེ་ནས་ཕྲེང་གཉིས་ན། བྱའོ། །སློབ་མ་ཐུན་མོང་ཆོས་རྣམས་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ན། བྱའོ། །གང་དག་ཐུབ་པའི་ཐུན་མོང་མིན། །དེ་ལ། དེ་ནས་ཕྲེང་གསུམ་ཙམ་ན། ཆུང་བར་བྱའོ། །དེ་རྣམས་ཀྱིས་ནི། དམི༷གས་པ༷་ད༷ག་ད༷ང་། ཞེས་བྱ་བ་དོན་ལྔ་པ་གསུངས་ཟིན་ཏོ། །སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །དེ་ནས་བཅོམ་ལྡན་འདས། དེ་ནས་ཤོག་གུ་གཉིས་ན། མེད་པ་སྟེ་ཞེས་བྱ་བ་ནི། དཀར་པོའི་ཆོས་ཐམས་ཅད་དེ་ནས་ཐ་དད་པ་མེད་པའི་ཕྱིར། ཆོས་ཀྱི་སྐུ་ལ་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས་པ། དེ་ནི་ཆོས། དེའི་རྩ་ན། ཆོས་ཉིད་འདུས་མ་བྱས་ཀྱི་ཆོས་ལ་དེའི་རྩ་ན། གང་འགྱུར་མེད་ཡོངས་གྲུབ་ཀྱི། ཆོས་ལ། དེ་ནས། ཕྲེང་ཕྱེད་དང་ན། གང་བདེ་གཤེགས་སྙིང་པོའི་ཆོས་ལ། དེ་ནས་ཕྲེང་ཕྱེད་ན། ཞེ་ན། གཞི་འབྲས་ངོ་བོ་དབྱེར་མེད་ཆོས་ཏེ། དེ་ནས་ཕྲེང་དགུ་ན། ཁྲི་བརྒྱད་སྟོང་པ་ལས། ཁྲེལ་ཡོད་པའི་ལེའུ་ཞེས་བྱ་བ་སྟེ། བཅུ་གཅིག་པའོ།། །།

སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདི་ཤེས་བྱ། །དེ་ནས་ཕྲེང་གསུམ་ན། ཤང༌། ཁམས་གསུམ་དང་དུས་གསུམ་གྱི་ཁོངས་སུ། དེ་ནས་ཕྲེང་གསུམ་ཅུང་མེད་ན། ཆེན་པོ། ཟག་མེད་ཀྱི་སེམས་དང་པོ། དེ་ནས་ཕྲེང་གཉིས་ལྷག་ན། སེམས། ཀུན་རྫོབ་པ། མེད་དེ། དེ་ནས་ཕྲེང་གསུམ་ན། བཞི་སྟེ། ཆོས་ཉིད་གཟུགས་ཀྱང༌། དེ་ནས་ཕྲེང་བདུན་ན། རྣམས་ལས་ཁྱབ་པར་བཞུགས་པའི་ཆོས་ཉིད་ཀྱི་སེམས། དེ་ནས་ཕྲེང་ཕྱེད་དང་བདུན་ན། བཞི་སྟེ། ཀུན་བཏགས་ཀྱི་གཟུགས་མེད་པའི་གཞི་ཆོས་ཉིད་ཀྱི་གཟུགས་དེ་ཡང་གཟུགས་མེད་དོ། །ཞེས་དབུ་མ་པས་བཀྲལ་ལོ། །ཚོར་བ། དེ་ནས་ཕྲེང་གསུམ་ན། ཁྲི་བརྒྱད་སྟོང་པ་ལས། ལྟ་བ་སྤོང་བའི་ལེའུ་ཞེས་བྱ་བ་སྟེ། བཅུ་གཉིས་པའོ།། །།དེ་རྣམས་ཀྱིས་ནི། ཆེ༷ད་ད༷ང་ནི༷། །ཞེས་དོན་དྲུག་པ་གསུངས་ཟིན་ཏོ། །དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་པ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །འདི་བཙུན་པ་གྲོལ་སྡེ་དང༌། སྨྲི་ཏིས་སྐབས་འདིར་སྦྱར་བ་ནི་ལེགས་ཏེ། མདོ་དང་མཐུན་པའི་ཕྱིར་རོ། །གཞན་གྱིས་ནི་གཞན་དུ་སྦྱར་རོ། །དེ་ནས་ཤོག་གུ་བཞི་ན། མཛོད་དོ། །དེ་རྣམས་ཀྱིས་ནི། གོ༷་ཆ༷། ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། །བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །ཤཱ་རིའི། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཉིས་ལྷག་ན། ཡིན་ནོ། །ལམ་དང་། [གསལ་བཤད། མངོན་རྟོགས་རྒྱན་ལས། བྱམས་ལ་སོགས་པ་དང༌། །དམིགས་པ་མེད་དང་ལྡན་པ་དང༌། །འཁོར་གསུམ་རྣམ་པར་དག་པ་དང༌། །ཆེད་དུ་བྱ་དང་མངོན་ཤེས་དྲུག །ཅེས་འདིར་མི་བཞུགས་པར་དཔགས་ན་མ་དཔེ་ལས་ཆད་སྙམ།] ཚེ་དང༌། དེ་ནས་ཕྲེང་ལྔ་ཅུང་མེད་ན། བྱའོ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །དེས་རྣམ་པ། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཁྲི་བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུར་ཞེས་བྱ་བ་སྟེ། བཅུ་གསུམ་པའོ།། །།དུམ་བུ་གཅིག་པ། བམ་པོ་བཅུ་གསུམ་པ?འོ། །དེ་རྣམས་ཀྱིས་ནི། འཇུ༷ག་པ༷འི་བྱ༷་བ༷་ད༷ང༌། །ཞེས་དོན་བརྒྱད་པ་གསུངས་ཟིན་ཏོ། །བརྩེ་དང་། དེ་ནས། དེ་ནས་ཤོག་གུ་ཕྱེད་དང་གཉིས་ན། བྱའོ། །སྦྱིན་ལ་སོགས་པ་དྲུག །རབ་འབྱོར། དེ་ནས་ཤོག་གུ་གསུམ་དང་ཕྲེང་བརྒྱད་ན། བྱའོ། །ཞི་གནས། རབ་འབྱོར། དེ་ནས་ཤོག་གུ་གཅིག་དང་ཕྲེང་བརྒྱད་ན། སེམས། ལྷག་མཐོང་བཅས་པ་དང༌། །རབ་འབྱོར། དེ་ནས་ཕྲེང་བརྒྱད་ཅུང་མེད་ན། དེ་ནས་ཀུན་བཏགས་ཀྱི་གོ་མ་འཆོས་པའི་རང་བཞིན་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་གོ་ཆ། དེ་ནས་ཕྲེང་ཕྱེད་ན། སྟོང༌། ཞེས་བྱ་བ་བཤད་དོ། །འདི་ལྟར་ཡོངས་སུ་གྲུབ་པའི་གཟུགས་ཀུན་བཏགས་པའི་གཟུགས་ཀྱིས་སྟོང་ཞིང་ཡོངས་སུ་གྲུབ་པའི་ཀུན་བཏགས་པའི་ཚོར་བས་སྟོང་སྟེ། དེའི་ཕྱིར་དོན་དམ་པའི་གོ་ཆ་ཡང་ཀུན་བཏགས་པའི་གོ་ཆས་སྟོང་ངོ༌། །ཞེས་བྱ་བར་སྦྱར། ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ་དེའི་འོག་ཙམ་ན། ཡོངས་གྲུབ་ཀྱི་མིག་ནི་མིག་གིས་དེའི་འོག་ཙམ་ན། གཟུགས་ནི། གཟུགས་ཀྱིས། དེ་ནས་ཕྲེང་ཕྱེད་ལྔ་ན། སྟོང༌། ཡོངས་གྲུབ་ཀྱི་གོ་ཆ། ཀུན་བཏགས་ཀྱི་གོ་ཆ། དེ་ནས་ཕྲེད་ཕྱེད་དང་གཉིས་ན། འདི་ལྟར་གཞི་འབྲས་ཀྱི་ངོ་བོ་ཉིད་དབྱེར་མེད་ཀྱི་འདུས་མ་བྱས་ཀྱི་རྣམ་པ། དེ་ནས་ཕྲེང་ཕྱེད་དང་བཞི་ན། པ་པོ། གཤིས་ལ་མེད་ཅིང་མི་དམིགས། དེ་ནས་ཕྲེང་གཅིག་ལྷག་ན། ལྟར། བྱེད་པ་དང་བྱེད་པ་པོ་གཤིས་ལ་མེད་པའི་ཕྱིར། གཟུགས་ནི། དེ་ནས་ཕྲེང་ཕྱེད་དང་བཅོ་ལྔ་ན། བྱའོ། །ཟུང་དུ་འབྲེལ་བའི་ལམ་གང་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་ན། བཅོམ་ལྡན་འདས། ཀུན་བཏགས་ཀྱི་གཟུགས་ནི་ཤིན་ཏུ་མེད་པ་ཡིན་པས་མ་བཅིང༌། དེ་ནས་ཕྲེང་དགུ་ཙམ་ན། གང་པོ་ཀུན་བཏགས་ཀྱི་གཟུགས། ཕྱིར་ཡོངས་གྲུབ་ཀྱི་གཟུགས་དེ་ཡང་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་སྦྱར་ཏེ། ཚོར་བ། དེ་ནས་ཤོག་གུ་གཅིག་ཕྲེང་ལྔ་ན། ཁྲི་བརྒྱད་སྟོང་པ་ལས། མ་བཅིངས་མ་གྲོལ་བའི་ལེའུ་ཞེས་བྱ་བ་སྟེ། བཅུ་བཞི་པའོ།། །།

ཐབས་ལ་མཁས་པ་གང་ཡིན་དང༌། །དེ་ནས་ཤོག་གུ་ལོགས་གསུམ་ན། བམ་པོ་བཅུ་གཅིག་པ། ཡེ་ཤེས་དང་ནི། རབ་འབྱོར། དེ་ནས་ཕྲེང་གསུམ་ན། ཕྱིར་ཀུན་བཏགས་ཀྱི་མིག་ནི་མིག་ཞེ་ན། ཀུན་བཏགས་དེའི་རང་བཞིན་རང་གིས་སྟོང་པའི་དེ་ཡིན་པའི། དེ་ནས་ཕྲེང་ཕྱེད་དང་དགུ་ན། བྱའོ། །ཇི་སྐད་བསྟན་པར་འགྱུར་ཞེ་ན། སྟོང་པ་ཉིད་ལ་སྟོང་པ་ཉིད། གཉིས་བཞིན་ཡོད་པ་མ་ཡིན་གྱི། ངོ་བོ་ཁོ་ནས་སྟོང་ངོ༌། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ལ། དེ་ནས་ཕྲེང་བཅུ་གསུམ་ཅུང་མེད་ན། པ་སྟེ། ཉན་ཐོས་ཐེག་པ་པས་བརྟགས་པ་ལྟ་བུའི། ཐེད། དེའི་འོག་ཙམ་ན། སྟོང་ངོ༌། །ཞེས་བྱ་བ་ནི། དོན་དམ་པའི་མྱ་ངན་ལས་འདས་པ་ནི། ཀུན་བཏགས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ༌། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ཅིའི། དེ་ནས་ཕྲེང་གསུམ་ན། མེད་པ། ནམ་མཁའ་དང༌། དེ་བཞིན་ཉིད་དང༌། འགོག་པ་གཉིས་ཏེ། དེ་ནས། དེ་ནས་ཕྲེང་གཉིས་ཙམ་ན། དམིགས་པ། དབུས་མ་དེ་ནི། དེ་ནས་ཕྲེང་ཕྱེད་དང་གཉིས་ཅུང་མེད་ཙམ་ན། སྟོང་ངོ༌། །ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ཡང་རང་བཞིན་གྱིས་སྟོང་སྟེ། ཆོས་ཅན་ཡོད་ན་ནི་རང་བཞིན་དེ་ཡང་འགྲུབ་པ་ཞིག་ན། འདི་ལྟར། ཆོས་ཉིད་མེད་ན་ནི་རང་བཞིན་དེ་གང་གི་ཡིན་པར་བརྗོད་པར་འོས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། དེ་ཅིའི། དེ་ནས་ཕྲེང་བཞི་ན། ཐམས་ཅད་ནི། ཀུན་བཏགས་པ་ཡིན་པས་མཚན་ཉིད་རྣམས་ཀྱང་ཀུན་བཏགས་པའི་ཕྱིར། རང་རང༌། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཕྱིར། རྒྱུ་རྐྱེན་འདུས་པ། དེ་ནས་ཕྲེང་བཞི་ལྷག་ན། དེ་ལ་དོན་དམ་པ་སྟོང་པ། དེ་ནས་ཕྲེང་གཅིག་ན། སྟེ། གང་ཟག་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང༌། ཆོས། དེ་ནས་ཕྲེང་གཅིག་ན། དེ་ལྟར་དེ་དག་ཅེས་ཉི་ཁྲི་འབྱུང༌། བྱེད་པ་པོ། གཞན། དེ་ནས་ཕྲེང་ཕྱེད་ལྷག་ན། ཡིན་ནོ། །བསོད་ནམས་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་ན། ཏིང་ངེ་འཛིན་དང༌། འདི་ནས་བརྒྱ་དང་བརྒྱད་ཀྱི་བར་གྲངས་ཡིག་གདབ་པར་བྱའོ། །དེ་ནས་ཤོག་གུ་གཉིས་སུ་ཕྲེང་གསུམ་ཆད་པ་ན། ཏིང་ངེ་འཛིན་ཏོ། །སྔར་ཆོས་མཆོག་གི་སྐབས་སུ་ཏིང་ངེ་འཛིན་བརྒྱ་དང་ཉེར་གཅིག་ཉེ་བར་གཉིས་འབྱུང་ལ། རྒྱས་འབྲིང་གཉིས་ཀྱི་སྐབས་འདིར་ཡང་བརྒྱ་བཅུ་དགུ་འབྱུང་ཞིང་འདིར་བརྒྱ་རྩ་བརྒྱད་ལས་མ་བྱུང་བས་མཁས་པ་རྣམས་ཀྱིས་དཔྱད་པར་རིགས་སོ། །དེ་ལ། དེ་ནས་ཤོག་གུ་བརྒྱད་དུ་ཕྲེང་བཞི་ཆད་པ་ན། ཁྲི་བརྒྱད་སྟོང་པ་ལས། ཏིང་ངེ་འཛིན་གྱི་ལེའུ་ཞེས་བྱ་བ་སྟེ། བཅོ་ལྔ་པའོ།། །།བམ་པོ་བཅུ་གསུམ་པ།

ལམ་དང་། རབ་འབྱོར། དེའི་རྩ་ན། འདི་ལྟ་སྟེ། ལམ་དུ་གཏོགས་པའི་དྲན་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་གསུམ་ན། མིག་རྔུལ་ཏེ། མིག་རྣ་དང༌། དེ་ནས་ཤོག་གུ་ཕྱེད་དང་བཅུ་དང་ཕྲེང་བཅུ་གཅིག་ན། གཟུངས་དང་། རབ་འབྱོར། དེ་ནས་ཤོག་གུ་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། གཞུང་གི་སྒོ་འཇུག་པའི་ལེའུ་ཞེས་བྱ་བ་སྟེ། བཅུ་དྲུག་པའོ།། །།བམ་པོ་བཅུ་བཞི་པ།

ས་བཅུ་དང༌། །གཉེན་པོའི་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །རབ་འབྱོར། དེ་ནས། ཕྲེང་གསུམ་ན་མཐོང༌། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །བྱང་ཆུབ་སེམས་དཔའ། དེ་ནས་ཤོག་གུ་གསུམ་དུ་ཕྲེང་གཅིག་ལྷག་ན་ཆད་པ་ན། བྱའོ། །བསམ་དང་། དེ་སྐད། དེ་ནས་ཕྲེང་ལྷག་ན། ཡིན་ནོ། །ཕན་པའི་དངོས་ཉིད་དང༌། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །འདིར་ཕན་པའི་དངོས་པོ་སྦྱང་མ་ཆད་ཀྱང༌། མངོན་གསུམ་དུ་འབྱུང་བ་དྲན་པར་བྱའོ། །དེ་ལ། དེ་ནས་ཕྲེང་གཅིག་ལྷག་ན། བྱའོ། །གཏོང་དང་། དེ་ལ། དེ་ནས་ཕྲེང་གཅིག་ན། བྱའོ། །བཤེས་གཉེན་བསྟེན་པ་དང༌། །དེ་ལ། དེ་ནས་ཕྲེད་ཕྱེད་དང་གསུམ་ན། ཡིན་ནོ། །དམ་ཆོས་དམིགས་པ་ཚོལ་བ་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །རྟག་ཏུ་ངེས་འབྱུང་སེམས་ཉིད་དང༌། །དེ་ལ། དེ་ནས་ཕྲེང་གཉིས་ན། ཡིན་ནོ། །སངས་རྒྱས་སྐུ་འདོད་དགའ་བ་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡིན་ནོ། །ཆོས་སྟོན་པ་དང་། དེ་ལ། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཡིན་ནོ། །བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །འདི་དག་རང་བཞིན་མི་དམིགས་པས། །ཡོངས་སུ་སྦྱོང་བར་ཤེས་པར་བྱ། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གསུམ་ན་ཡིན། ཚུལ་ཁྲིམས། དེ་ལ། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཡིན་ནོ། །བྱས་པ་གཟོ་དང་། དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །བཟོད། །དེ་ལ། དེ་ནས་ཕྲེང་ལྷག་ན་ཡིན་ནོ། །རབ་ཏུ་དགའ་དང་། དེ་ལ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡིན་ནོ། །སྙིང་བརྩེ་ཆེ། །དེ་ལ། དེ་ནས་ཕྲེང་བཞི་ན། ཡིན་ནོ། །བཀུར་སྟི་བླ་མ་ལ་གུས་ཉན། །དེ་ལ། དེ་ནས་ཕྲེང་གཅིག་ལྷག་ན། བྱའོ། །བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བྱའོ། །ཐོས་པས་མི་ངོམས་ཉིད་དང་ནི། །དེ་ལ། དེ་ནས་ཕྲེང་ཕྱེད་དང་ཅུང་མེད་ན། ཡིན་ནོ། །ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །དེ་ལ། དེ་ནས་ཕྲེང་གཉིས་ཅུང་མེད་ན་ཡིན་ནོ། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །དེ་ལ། དེ་ནས་ཕྲེང་གསུམ་ལྷག་ན། ཡིན་ནོ། །འཁོར་བས་ཡོངས་སུ་མི་སྐྱོ་དང༌། །དེ་ལ། ཕྲེང་ཕྱེད་དང་གསུམ་ན། ཡིན་ནོ། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །དེ་ལ། དེ་ནས་ཕྲེང་ལྷག་ན། ཡིན་ནོ། །ནགས་གནས། དེ་ལ། དེ་ནས་ཕྲེང་ལྷག་ན། ཡིན་ནོ། །འདོད་ཆུང་ཆོག་ཤེས་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ན། ཡིན་ནོ། །སྦྱངས་པ་ཡང་དག་སྡོམ་བརྟེན་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །བསླབ་པ་ཡོངས་སུ་མི་གཏོང་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་ན། ཡིན་ནོ། །མི་རྟོག་ལ་སོགས་པའི་ཤེར་ཕྱིན་ལ་སྤྱོད་པས། གང་ལ། དེ་ནས་ཕྲེང་ཕྱེད་ན། ཡིན་ནོ། །འདོད་པ་རྣམས་ལ་སྨོད་པ་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ན། ཡིན་ནོ། །མྱ་ངན་འདས་དང་། དེ་ལ། དེ་ནས་ཕྲེང་ཕྱེད་ལྷག་ན། ཐམས་ཅད་ལ་གཡེང་བ་ཡོངས་སུ་གཏོང་བས། མངོན་པར། དེ་ནས་ཕྲེང་ཕྱེད་ལྷག་ན། ཡིན་ནོ། །བདོག་ཀུན་གཏོང༌། །དེ་ལ། དེ་ནས་ཕྲེང་གཉིས་ལྷག་ན། ཡིན་ནོ། །མི་ཞུམ་པ་དང་། དེ་ལ། དེ་ནས་ཕྲེང་གཅིག་ན། ཡིན་ནོ། །ལྟ་བ་མེད། །དེ་ལ། དེ་ནས་ཕྲེང་གཅིག་ན། ཡིན་ནོ། །འདྲིས་དང་། དེ་ལ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡིན་ནོ། །ཁྱིམ་ལ་འཁྲེན་པ་དང༌། །དེ་ལ། དེ་ནས་ཕྲེང་གཉིས་ལྷག་ན། བྱའོ། །འདུ་འཛིར་གྱུར་པའི་གནས་དང་ནི། །དེ་ལ། དེ་ནས་ཕྲེང་བཞི་ཅུང་མེད་ན་བྱའོ། །བདག་བསྟོད། དེ་ལ། དེ་ནས་ཕྲེང་གཅིག་ན་ཡིན་ནོ། །གཞན་ལ་བརྙས་པ་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ན། ཕྱིན་ནོ། །མི་དགེའི་ལས་ཀྱི་ལམ་བཅུ་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བྱའོ། །རློམ་པས་ཁེངས་དང་། དེ་ལ། དེ་ནས་ཕྲེང་ལྷག་ན། བྱའོ། །ཕྱིན་ཅི་ལོག །དེ་ལ། དེ་ནས་ཕྲེང་ན། བྱའོ། །བློ་ངན་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ན། །ས་ལྔ་པ་ནི་ཡང་དག་འཐོབ། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བྱའོ། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །དེ་ལ། དེ་ནས་ཕྲེང་བཞི་ན། བྱའོ། །སློབ་མ་དང་ནི། དེ་ནི། དེ་ནས་ཕྲེང་གཅིག་ན། བྱའོ། །ཕྱིར་རོ། །བསེ་རུ་ལ། །དགའ་དང་། རང་སངས་རྒྱས། དེ་ནས་ཕྲེང་ཕྱེད་ན། ཕྱིར་རོ། །སྐྲག་པའི་སེམས་སྤངས་པ། །དེ་ནས་ཕྲེང་ཕྱེད་ན། ཕྱིར་རོ། །བསླངས་ན་མི་ཞུམ། དེ་ནས་ཕྲེང་ཕྱེད་ན། ཕྱིར་རོ། །བདོག་པ་ཀུན། །བཏང་ཡང་མི་དགའ་མེད་པ་དང༌། །དངོས་པོ། དེ་ནས་ཕྲེང་ཕྱེད་ན། ཕྱིར་རོ། །དབུལ་ཡང་སློང་བ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ། །སེམས་དང་པོ། དེ་ནས་ཕྲེང་ཕྱེད་ན། བྱའོ། །བདག་དང་། དེ་ལ། དེ་ནས་ཕྲེང་ཕྱེད་ན། ཕྱིར་རོ། །སེམས་ཅན་འཛིན་པ་དང༌། །སྲོག་དང་གང་ཟག །དེ་ནས་ཕྲེང་ན། ཕྱིར་རོ། །ཆད། དེ་ལ། དེ་ནས་གཅིག་ན། ཕྱིར་རོ། །རྟག་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ཅུང་མེད་ན། ཕྱིར་རོ། །མཚན་མ། དེ་ལ། དེ་ནས་ཕྲེང་ཕྱེད་ལྷག་ན། བྱའོ། །རྒྱུ་དང་། དེ་ལ། དེ་ནས་ཕྲེང་གཉིས་ན། བྱའོ། །ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་དག་དང་ནི། །དེ་བཞིན། དེ་ནས་ཕྲེང་གཅིག་ན། བྱའོ། །ཁམས་གསུམ་པོ་ལ་གནས་དང་ཆགས། །སེམས་ནི་ཀུན་ཏུ་ཞུམ་པ་དང༌། །དེ་ལ། དེ་ནས་ཕྲེང་གསུམ་ལྷག་ན། བྱའོ། །དཀོན་མཆོག་གསུམ་དང་། དེ་ལ། དེ་ནས་ཕྲེང་ན། ཞེ་ན། མི་དམིགས་པའི་ཡེ་ཤེས་ཉིད་ཀྱིས་སངས་རྒྱས་མཐོང་གི་སངས་རྒྱས། དེ་ནས་ཕྲེང་ཕྱེད་དང་བཞི་ན། བྱའོ། །ཚུལ་ཁྲིམས་ལ། །དེར་ལྟ་བ་ཡི་མངོན་ཞེན་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བྱའོ། །སྟོང་པ་ཉིད་ལ་རྩོད་པ་དང༌། །དེ་ལ། དེ་ནས་ཕྲེང་ལྷག་ན། བྱའོ། །ཞེས་བྱ་བའི་འདི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་གཟུགས་སུ་རུང་བ་ལ་སོགས་པ་ཀུན་བཏགས་པའི་མཚན་ཉིད་དུ་ནི་ཡོད་པ་མ་ཡིན་གྱི། བརྗོད་དུ་མེད་པའི་མཚན་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ནི་མེད་པ་མ་ཡིན་ཏེ། དེའི་ཕྱིར་སྟོང་པ་ཉིད་ལ་ཐམས་ཅད་ཆད་པར་ལྟ་བའི་རྒྱུ་ལས་བྱུང་བའི་སྒྱིད་ལུག་པར་མི་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ། །དེ་ལ། དེ་ནས་ཕྲེང་ཕྱེད་གཉིས་ཙམ་ན། བྱའོ། །རྣམ་ཐར་སྒོ་གསུམ་ཤེས་པ་དང༌། །དེ་ལ། དེ་ནས་བྱའོ། །འཁོར་གསུམ་རྣམ་པར་དག་ཉིད་དང༌། །དེ་ལ། ཆེན་པོའི་ལུས་ངག་ཡིད་གསུམ་གྱི་འཁོར་གསུམ། དེའི་འོག་ཙམ་ན། རྫོགས་པའོ། །སྙིང་རྗེ་དང་ནི། [གསལ་བཤད། མངོན་རྟོགས་རྒྱན་ལས། རློམ་མེད་དང༌། །ཞེས་འདིར་མི་བཞུགས་པར་དཔགས་ན་མ་དཔེ་ལས་ཆད་སྙམ།] དེ་ནས་ཕྲེང་ཕྱེད་ན། ཞེ་ན། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་པའི་ཕྱིར། འདི་ལྟར། དེ་རྩ་ན། ཕྱིར་རོ། །ཆོས་མཉམ་ཉིད་དང་། དེ་ལ། དེ་ནས་ཕྲེང་གཅིག་ཙམ་ན། ཕྱིར་རོ། །ཞེས་བྱ་བ་ལ། ཡོད་པ་ལ་སྐུར་བ་མི་འདེབས་པ་ནི་དབྲི་བ་མེད་པའོ། །མེད་པ་ལ་སྒྲོ་མི་འདོགས་པ་ནི་བསྣན་པ་མེད་པ་སྟེ། ཡང་དག་པར་ཡོད་པ་ལ་སྐུར་བ་མི་འདེབས་པ་དང༌། ཡང་དག་པར་མེད་པ་ལ་སྒྲོ་མི་འདོགས་པ་མཉམ་པ་ཉིད་དུ་མཐོང་བ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཚུལ་གཅིག་ཤེས། །དེ་ལ། དེ་ནས་ཕྲེང་ཕྱེད་དང་ལྷག་ན། པའོ། །བཟོད་ཤེས་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ན། བཟོད་པའོ། །མི་སྐྱེ་བ་དང་། དེ་ལ། དེ་ནས་ཕྲེང་ཕྱེད་ལྷག་ན། པའོ། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། །དེ་ལ། དེ་ནས་ཕྲེང་ཕྱེད་ལྷག་ན། བྱའོ། །ཞེས་བྱ་བ་ནི། དཔེར་ན། ནམ་མཁའ་གཅིག་པུའི་ངོ་བོ་ཉིད་ལ་ཐ་དད་དུ་དབྱེ་བ་མེད་པ་དེ་བཞིན་དུ། དེ་བཞིན་ཉིད་ཀྱང་རྣམ་པ་གཅིག་པའི་ཕྱིར་རོ། །ཡོད་པ་དང༌། མེད་པ་དང༌། ཆོས་དང༌། ཆོས་མ་ཡིན་པ་དང༌། རྟག་པ་དང་མི་རྟག་པ་ལ་སོགས་པའི་ཆོས་གཉིས་ལ་ཀུན་ཏུ་སྤྱོད་པ་མེད་པས་གཅིག་ཚུལ་དུ་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རྟོག་པ་ཀུན་ཏུ་འཇོམས་པ་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་ན། པའོ། །འདུ་ཤེས་ལྟ་དང་། དེ་ལ། དེ་ནས་ཕྲེང་ཕྱེད་ན། པའོ། །ཉོན་མོངས་སྤོང༌། །དེ་ལ། དེ་ནས་ཕྲེང་ཕྱེད་ལྷག་ན། པའོ། །ཞི་གནས་ངེས་པར་སེམས་པ་དང༌། །ལྷག་མཐོང་ལ་ནི་མཁས་པ་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ལྷག་ན། པའོ། །སེམས་དུལ་བ་དང་། དེ་ལ། དེ་ནས་ཕྲེང་ཕྱེད་ལྷག་ན། པའོ། །ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་ན། པའོ། །ཆགས་པའི་ས་མིན་གར་འདོད་པར། །ཞིང་གཞན་དུ་ནི་མཉམ་འགྲོ་དང༌། །ཀུན་ཏུ་བདག་གི་ངོ་བོ་ནི། །སྟོང་པ་ཉིད་དང་ཉི་ཤུའོ། །དེ་ལ། དེ་ནས་ཕྲེང་ཕྱེད་གཉིས་ན། པའོ། །སེམས་ཅན་ཀུན་ཡིད་ཤེས་པ་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ན། པའོ། །མངོན་པར་ཤེས་པས་བརྩེ་བ་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ལྷག་ན། པའོ། །སངས་རྒྱས་ཞིང་བཟང་སྒྲུབ་པ་དང༌། །དེ་ལ། དེ་ནས་ཕྲེང་བདུན་ཅུང་མེད་ན། སངས་རྒྱས་བསྟེན། །དེ་ལ། དེ་ནས་ཕྲེང་ཕྱེད་ན། ཞེ་ན། སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ༌། །ཞེས་གསུངས་པའི་ཕྱིར་རོ། །སེམས་ཅན། དེའི་འོག་ཙམ་ན། པའོ། །ཡོངས་སུ་བརྟག་ཕྱིར། དེ་ལ། དེ་ནས་ཕྲེང་ཕྱེད་ལྷག་ན། པའོ། །དབང་པོ་ཤེས་དང་། དེ་ལ། དེ་ནས་ཕྲེང་གཅིག་ཅུང་མེད་ན། པའོ། །རྒྱལ་བ་ཡི། །ཞིང་སྦྱོང་། དེ་ལ། དེ་ནས་ཕྲེང་གཅིག་ཅུང་མེད་ན། པའོ། །སྒྱུ་མ་ལྟར་གནས་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་དང་བཞི་ན། པའོ། །བསམ་བཞིན་སྲིད་པ་ལེན་པ་དང༌། །ལས་ནི་རྣམ་པ་འདི་བརྒྱད་བཤད། །དེ་ལ། དེ་ནས་གཅིག་ཙམ་ན། ཕྱིར་རོ། །སྨོན་ལམ་དག་ནི་མཐའ་ཡས་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། འགྱུར་རོ། །ལྷ་ལ་སོགས་པའི་སྐད་ཤེས་དང༌། །དེ་ལ། དེ་ནས་ཕྲེང་གཅིག་ན། པའོ། །སྤོབས་པ་ཆུ་བོ་ལྟ་བུ་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་ན། པའོ། །མངལ་དུ་འཇུག་པ་མཆོག་དང་ནི། །དེ་ལ། དེ་ནས་ཕྲེང་གཅིག་ལྷག་ན། ཡིན་ནོ། །རིགས་དང་། དེ་ལ། དེ་ནས་ཕྲེང་གཅིག་ལྷག་ན། ཡིན་ནོ། །ཆོ་འབྲང་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །རུས་དང་། དེ་ལ། དེ་ནས་ཕྲེང་ཕྱེད་གཅིག་ལྷག་ན། ཡིན་ནོ། །འཁོར་དང་། དེ་ལ། དེ་ནས་ཕྲེང་གཅིག་ལྷག་ན་ཡིན་ནོ། །སྐྱེ་བ་དག་དང་ནི། །དེ་ལ། དེ་ནས་ཕྲེང་ཕྱེད་གཉིས་ན། ཡིན་ནོ། །ངེས་འབྱུང་། དེ་ལ། དེ་ནས་ཕྲེང་གཉིས་ན་ཡིན་ནོ། །བྱང་ཆུབ་ཤིང་རྣམས་དང༌། །དེ་ལ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡིན་ནོ། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །དེ་ལ། དེ་ནས་ཕྲེང་གཉིས་ན། ཡིན་ནོ། །ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །དེ་ལ། དེ་ནས་ཕྲེང་བཞི་ཅུང་མེད་ན། མཐོང་བ། མོས་པས་སྤྱོད་པའི་ས། རིགས་ཀྱི་ས་སྟེ། བཟོད་པ་ཆེན་པོའི་ས་དང༌། དགྲ་བཅོམ་གྱི་འབྲས་བུ་ལ་གནས་པ་ནས་བགྲང་བའི་བརྒྱད་པ། རྒྱུན་དུ་ཞུགས་ལ། འཇུག་པའི་ས་དང༌། མཐོང་བ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་ས་དང༌། བསྲབས་པ་ལན་ཅིག་ཕྱིར་མི་འོང་བའི་ས་དང༌། འདོད་པ་ལ་འདོད་ཆགས་དང་བྲལ་བ་ནི་ཕྱིར་མི་འོང་བ་ས་དང༌། ཅན། དགྲ་བཅོམ་གྱི་ས་དང༌། ཉན་ཐོས་ཀྱི་ས་དང༌། ཞེས་ཉི་ཁྲིར་འབྱུང་རང༌། དེ་ནས་ཕྲེང་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། ཡོངས་སུ་སྦྱང་བའི་ལེའུ་སྟེ། བཅུ་བདུན་པའོ།། །།

མཐོང་དང་གོམས་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ། །མཐོང་བའི་ལམ་གྱི་རྣམ་པར་རྟོག་པ་དང་པོའི་གཉེན་པོ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། གཉིས་ནི། གཅིག་པ་མེད་པའི་ལྡན་པ་མ་ཡིན། ཐ་དད་པ་མེད་པས་མི་ལྡན་པ། དེ་ནས་ཕྲེང་གཅིག་ན། རབ་འབྱོར། ཀུན་བཏགས་ཀྱི་མཚན་ཉིད་ཆོས། ཡོངས་གྲུབ་ལ་ནི་རང་བཞིན་གྱིས་ངེས་པར་འབྱུང་ཟིན་པས་གློ་བུར་གྱི་ངེས་པར། དེ་ནས་ཕྲེང་གཅིག་ན། ཉིད་ལ། གློ་བུར་གྱི་ངེས་པར་འབྱུང་བས་ངེས་པར། དེ་ནས་ཕྲེང་གཅིག་ན། དང༌། ཤེས་རབ་ཀྱི་སྤྲོས་པ་སྤོང་བའི་རྒྱུ་ཡིན་པས་སྤོང་དང༌། སྲིད་པ་གསུམ་གྱི་འདོད། སྡུག་བསྔལ་ཐམས་ཅད་འགགས་པས་འགོག །དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བཞི་ན། བྱའོ། །མཐོང་བའི་ལམ་གྱི་གཟུང་བའི་རྣམ་རྟོག་གཉིས་པའི་གཉེན་པོ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་བཞི་དང་བཅོ་བརྒྱད་ན། ཕྱིར་རོ། །མཐོང་བ་ལམ་འཛིན་པའི་རྣམ་རྟོག་དང་པོའི་གཉེན་པོ་ནི། རབ་འབྱོར༌། དེ་ནས་ཕྲེང་བཅུ་གཉིས་ན། མཐོང་བའི་ལམ་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི། རབ་འབྱོར། དེའི་འོག་ཙམ་ན། དེ་ནི་ཀུན་བཏགས་ཀྱི། མིང༌། དེ་ནས་ཕྲེང་གསུམ་ན། མེད་པའི་གཞི། ཡོངས་གྲུབ་ལ་ངེས། དེ་ནས་ཕྲེང་ཕྱེད་ན། མེད་པ་དང༌། མེད་པ་ལ། དེ་ནས་ཕྲེང་ཕྱེད་ན། ངེས་པར། བྱང་ཆུབ་ཟིན་པས། སླར་འབྱུང༌། ཉིད་དུ། གདོད་མ་ནས། གནས་པ་ལས་ལྷག་པར་གནས་ཕྱིར་རོ། །འདི་རྣམས་དགོངས་པ་ནི། ཀུན་བཏགས་ཀྱི་ཆོས་རྣམས་གཤིས་ལ་མ་གྲུབ་པས། ཁམས་གསུམ་ནས་འབྱུང་བ་དང༌། རྣམ་མཁྱེན་དུ་གནས་པ་ཡང་གཤིས་ལ་མེད་དེ། ཡོངས་གྲུབ་ཀྱི་ཆོས་རྣམས་གདོད་ནས་རང་བཞིན་གྱིས་ཁམས་གསུམ་ན་འབྱུང་ཞིང་རྣམ་མཁྱེན་དུ་གནས་པས་གསར་དུ་མི་འབྱུང་བ་དང་གནས་པ་མེད་ཅེས་པའོ། །དེ་ནས་ཕྲེང་གཅིག་ན། ཡིན་ནོ། །དེས་ན་རིག་པར་གང་དུ་ཡང་མི་བསྐྱེད་ཅིང༌། གང་དུ་ཡང་མི་གནས་པར་རྟོག་པ་དང༌། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཤེར་ཕྱིན་ནི་ཟབ་མོ་ལ་ཡང་དག་བཞིན་དུ་མཉམ་པར་བཞག་པར་བྱ་སྟེ། མི་རྟོག་ཡེ་ཤེས་ཀྱི་རྣལ་འབྱོར་ཉམས་སུ་མྱོང་བ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། རྟོག་གེ་རྣམ་ཤེས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །བམ་པོ་བཅོ་ལྔ་པ། བསྒོམ་པའི་ལམ་གཟུང་བའི་རྟོག་པ་དང་པོའི་གཉེན་པོ་ནི།

རབ་འབྱོར། དེའི་རྩ་ན། པ་དེ་ནི་མཐར་ཕྱིན་པའི་ཆོས་སྐུའི་བདག་ཉིད་ཡིན་པས་ནམ་མཁའ་བཞིན་དུ། གང་དུ། དེའི་འོག་ཙམ་ན། ཐེག་པ་ཆེན་པོའི་ཆོས་ཉིད་དེ་ནི། ཆོས་ཐམས་ཅད་ལ་འབྲེལ་ཏེ། མི་གྱིས། ཆོས་ཐམས་ཅད་ལ། ཁྱབ་པར་གནས་ནི། གནས་ཡིན། མ་འབྲེལ་བཞིན་དུ་ཁྱད་པར་མི། དེ་ནས་ཕྲེང་གཉིས་ན། རང་བཞིན་ཡོངས་གྲུབ་སྟེ། རང་བཞིན་དུ་བརྟག་པ་ཀུན་གྱིས། དེ་ནས་ཤོག་གུ་ལྔ་ན། འགྱུར་བ་མེད་དོ། །བསྒོམ་ལ་བཟུང་བའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི། རབ་འབྱོར། ཁྱོད། དེ་ནས་ཕྲེང་གཉིས་ལྷག་ན། པའི་ཕྱིར། དོན་དམ་གྱི་བདག་རྣམ་ཤེས་ཀྱིས་མི་དམིགས། སེམས་ཅན་སྲོག་གང་ཟག །བྱེད་པ། ཚོར་བ། ཤེས་པ། མཐོང་བ། དེ་ནས་ཕྲེང་གཅིག་ན། ཕུང་པོ། དེ་ནས་ཕྲེང་ཕྱེད་དང་བཞི་ན། དམིགས། བསྒོམ་པའི་ལམ་འཛིན་པའི་རྣམ་པར་རྟོག་པ་དང་པོའི་གཉེན་པོ་ནི། དེ་བཞིན། དེ་ནས་ཕྲེང་ཕྱེད་དང་གཉིས་ན། དམིགས། བསྒོམ་ལ་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་གཉེན་པོ་ནི། དེ་བཞིན། དེ་ནས་ཕྲེང་གཉིས་ལྷག་ན། མཐའ་གཞན་དོན་མི་མཐའ་དང༌། བྱུང་བ་མི་འོང་བ་དང༌། འགྲོ་བ་དང༌། གནས་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། དེ་ནས་ཕྲེང་གཅིག་ལྷག་ན། དབྱིངས་རྣམ་ཤེས་ཀྱིས་དམིགས། དེའི་རྩ་ན། སྐྱེ་བ་མེད་པའི་གཞི་ཡོངས་གྲུབ་དང༌། པ་དང༌། པ་གདོད་ནས་མེད་པ་དང༌། གློ་བུར་གྱི་རྣམ་པ་དང༌། པ་དམིགས་པ་མེད་པ་རྣམས་ཀྱི་མི། དེ་ནས་ཤོག་གུ་གཅིག་ཙམ་ན། ཆོས་ཐམས་ཅད་ཅེས་བྱ་བ་ལ་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་བཏགས་པའི་ཆོས་དང་ཡོངས་སུ་གྲུབ་པའི་ཆོས་རྣམས་སོ། །ཞེས་གསུངས་པའི་ཕྱིར། ཀུན་བཏགས་པའི་ཆོས་རྣམས་ནི་གཤིས་ལ་ནམ་མཁའི་མེ་ཏོག་ལྟར་ཅིར་ཡང་མི་དམིགས་མེད་དོ། །ཡོངས་གྲུབ་ཀྱི་ཆོས་རྣམས་ཀྱི་ཀུན་རྫོབ་ཀྱི་ཆོས་གང་དུ་མ་གྲུབ་མོད་ཀྱི། རང་བཞིན་འོད་གསལ་གཉུག་མ་ཆོས་སྐུ་བདེ་བ་ཆེན་པོ། བདེན་དོན་བཅུ་གཉིས། དེ་ཉིད་བཅུ་དྲུག །རྡོ་རྗེའི་ཉི་ཟླ། ཨེ་ཝཾ་ཡི་གེ །རྡོ་རྗེ་སེམས་དཔའ། མ་ནིང་གི་གོ་འཕང༌། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །དེ་བཞིན་ཉིད་བདག་དག་པའི་བདག །དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ལ་སོགས་པར་ནམ་གང་ན་ཡང་ཁྱབ་པར་བཞུགས་ཤིང་སྐད་ཅིག་དང༌། རྟེན་འབྲེལ་དང༌། རྟོག་གེ་དང༌། རྣམ་ཤེས་ལས་ཤིན་ཏུ་འདས་པའི་ཕྱིར། རྣམ་ཤེས་མི་དམིགས། དེ་ནས་ཕྲེང་ཕྱེད་ན། ཁྲི་བརྒྱད་སྟོང་པ་ལས། ཐེག་པ་ཆེན་པོ་ངེས་པར་འབྱུང་བའི་བསྟན་པའི་ལེའུ་སྟེ། བཅོ་བརྒྱད་པའོ།། །།

དེ་རྣམས་ཀྱིས་ནི། ཚོ༷གས་ནི༷། ཞེས་པ་དོན་དགུ་པ་གསུངས་ཟིན་ཏོ། །ཆེད་དུ་བྱ་དང་། དེ་ནས་ཕྲེང་བདུན་ཙམ་ན། ཡང་དུས་གསུམ་དུས་མེད་རྟོགས་པ་པོ་ཡིན་པས། སྔོན་གྱི། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ལྟ་སྟེ་བདེན་པ་གཉིས་ཀྱིས་བསྡུས་པའི་ཕ་རོལ། དེ་ནས་ཕྲེང་དགུ་ཙམ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པར་ཇི་སྐད་བསྟན་པར་འགྱུར་ཞེ་ན། གལ་ཏེ་འདོད་པའི་ཁམས་ལ་སོགས་པར་ཆོས་ཐམས་ཅད་ཀུན་བཏགས་པ་དང་ཡང་དག་པ་མ་ཡིན་པ་མ་ཡིན་ཏེ། ཡོངས་སུ་གྲུབ་པ་དེ་ཁོ་ན་ཉིད་ཀྱི་ངོ་བོ་གཅིག་ཡིན་དུ་ཟིན་ན། ཐེག་པ་འདི་ལ་ངེས་པར་འབྱུང་བར་མི་འགྱུར་ཞིང་དེ་དག་ཡོངས་སུ་སྤོང་བར་མི་འགྱུར་བ་ཞིག་ན། འདིར་ཆོས་དེ་དག་ཐམས་ཅད་ནི་ཀུན་བཏགས་པ་སྟེ། ཡང་དག་པ་མ་ཡིན་པ་དེའི་ཕྱིར་ཐེག་པ་ཆེན་པོ་འདི་དེ་དག་ཡོངས་སུ་སྤོང་བར་འགྱུར་རོ། །ཞེས་བསྟན་པ་ཡིན་ནོ། །ཞེས་དབུ་མ་པ་གསུངས། དེ་ལ་འགྱུར་ཏེ། ཞེས་པ་མི་འཇིགས་པ་ཡོངས་སུ་གྲུབ་པ་དང༌། མ་ནོར་བ་ཡོངས་སུ་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང༌། གཞན་མ་ཡིན་པ་མི་འགྱུར་བར་ཡོངས་སུ་གྲུབ་པ་བསྟན་པ་སྟེ། ཚིག་གསུམ་གྱིས་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པ་དང༌། ཕྱིན་ཅི་མ་ལོག་པས་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དང༌། དེ་ཁོ་ན། པ་ངོ་བོ་ཉིད་ཀྱི་དང༌། ཡང་དག་པ་ཡོད་པའི་དང༌། བདེན་པ། མི་བསླུ་བའི་ངང་ཇི་ལྟ་བ་བཞིན་གྱིས་རིགས་པའི་མཚན་ཉིད་བསྟན་ཏེ། ཚིག་ལྔས་བདེན་པའི་མཚན་ཉིད་བསྟན་པ་དང༌། རྟག་པ། པ་སྐྱེ་འགག་མེད་པའི་མཚན་ཉིད་དང༌། བསྟན་པས་རབ་ཏུ་གནས་པ་དང༌། ཐེར་ཟུག་གིས་ཆད་པ་མེད་པའི་ངང་དང་ཆོས་ཅན་གྱིས་མི་འགྱུར་བའི་མཚན་ཉིད་བསྟན་ཏེ། ཚིག་འདུས་མ་བྱས་ཀྱི་མཚན་ཉིད་བསྟན། བསྟན་པ་ཡིན་ལ། རྒྱས་པར་རྒྱས་འབྲིང་གཉིས་སུ་བྲིས་ཟིན་ཏོ། །དངོས་པོ་དེ་ནས་ཤོག་གུ་ཕྱེད་དང་ཕྲེང་གསུམ་དུ་ཕྲེང་ཕྱེད་ཆད་པ་ན། འགྱུར་རོ། །ཡོངས་གྲུབ་དགུ་པོ་འདི་རྒྱས་འབྲིང་གཉིས་སུ་མ་བྱུང༌། རབ་འབྱོར། དེ་ནས་ཤོག་གུ་དང་ཕྲེང་ཕྱེད་ན། ཞིག་ན། རྒྱས་འབྲིང་གཉིས་ཀྱི་སྐབས་འདིར་ཡོངས་གྲུབ་བཞི་འབྱུང༌། རབ་འབྱོར། དེ་ནས་བཅུ་དགུ་ན། དད་ལྡན། འགྲོ་བ་ལ་གནོད་འཇོམས་དང༌། ཉི་ཁྲི་སྣང་བ་ལ་སོགས་པར་གསུངས་པ་རྣམས། དངོས་པོ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ལྡན་པ། རྒྱས་འབྲིང་གཉིས་སུ་རྒྱས་པར་བྲིས་པ་རྣམས། དངོས་པོ། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། བམ་པོ་བཅོ་ལྔ་པའོ། །མཉམ་ཉིད་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་ལྷག་ན། རབ་འབྱོར། གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཐེག་པ། དེ་ནི། སྟོང་གཞི་དོན་དམ་ཆོས་སྐུ་ཡིན་པའི་ཕྱིར། ནམ་མཁའ། དེ་ནས་ཕྲེང་བཞི་ན། ཡིན་ཏེ། དཔལ་ཀྱེའི་རྡོ་རྗེར། དེ་ནི་རིང་མིན་ཐུང་བ་མིན། །གྲུ་བཞི་མ་ཡིན་ཟླུམ་པོ་མིན། །དྲི་དང་རོ་དང་མྱ་ངན་འདས། །ལྷན་ཅིག་སྐྱེས་དགའི་བྱེད་པ་ཅན། །ཞེས་གསུངས་པ་དང༌། དོན་གཅིག་ཏུ་མཐོང་ནས་བལྟས་ལ་མཐོང་བར་བྱ་རྒྱུ་ཡིན་ནོ། །དེའི་ཕྱིར། དེ་ནས་ཕྲེང་གཉིས་ན། ཡིན་ཏེ། ཁ་དོག་ཐམས་ཅད་པ་ཡིན་པས་སོ། །དེའི། དེ་ནས་ཕྲེང་ཕྱེད་དང་གསུམ་ན། དེ་ལ་ཡང་གདོད་མ་ནས། ཀུན་ནས་མེད་ཅིང༌། གློ་བུར་གྱི། རྣམ་པར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། འགག་པ་མེད། ཀུན་རྫོབ་གང་ལ་ཡང་འབྲེལ་ཏེ། གནས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། དེ་ཡང༌། འདུས་མ་བྱས་ཀྱི་དགེ་བ་ཡིན་པས་འདུས་མ་བྱས་ཀྱི་དགེ་བ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། དེ་ཡང་རྣམ་ཤེས་ཀྱིས། མཐོང༌། དེ་ནས་ཕྲེང་ཕྱེད་དང་གཉིས་ན། དེ་ཡང་རྣམ་ཤེས་དང་རྟོག་གིས། ཤེས་མི་རྟོག་པས་ཤེས་པ་དང༌། སྡུག་བསྔལ་དང་ཀུན་འབྱུང་དུ་གཏོགས་པའི་ཤེས་པ་རྣམས་ཀྱིས། ཡོངས་སུ། མངོན་པར། དེ་ནས་ཕྲེང་ཕྱེད་དང་གསུམ་ན། དེ་ཡང༌། ཀུན་རྫོབ་ཀྱི་འདོད། དེ་ནས་ཕྲེང་གཉིས་ན། དེ་ཡང་ཐོབ་ཟིན་པ་རྣམས་ལ། འདོད། མ་ཐོབ་པ་རྣམས་ལ། འདོད། ཞེ་སྡང་དང་དབྱེར་མེད་དུ་བཅས། ཞེ་སྡང་ཐ་དད་དུ་ལྡན་པ་དང༌། ཡིན་ཚུལ་གྱིས་གཏི། ཡོད་ཚུལ་གྱིས་གཏི། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཆེན་པོ་དོན་དམ་སེམས་བསྐྱེད། དེ་ལ་ཡང་ཀུན་རྫོབ་ཀྱི་སེམས་དང་པོ་བསྐྱེད་པ། དབྱེར་མེད་དུ་མེད། དེ་ནས་ཕྲེང་བདུན་ན། ཡིན་ནོ། །སྤྲིན་ལ་སོགས་པའི་གཟུགས། ཁ་དོག་བསྟན་དུ་མེད། ཐོགས་པ་མེད་པ་ཆོས་ཉིད་མ་ཡིན་པ། འདུས་བྱས་རྣམས་ལྡན་པ། དེའི་ཆོས་ཉིད་མི་ལྡན། ཆེན་པོ་མཁའ་ཁྱབ། ཀུན་རྫོབ་ཀྱི་གཟུགས། དབྱེར་མེད་དུ་ཡོད་པ་ཅན། དོན་དམ་པའི་གཟུགས་རྣམ་རྟོག་རྣམས་ལ་བསྟན། མི་རྟོག་ཡེ་ཤེས་ལྡན་ལ་བསྟན། ཀུན་རྫོབ་ཀྱི་ཐོགས་པ་མེད་པའི་ཐོགས་མ་ཡིན་ཏེ། ཀུན་རྫོབ་ཀྱི་ཆོས་དབྱེར་མེད་དུ། ལྡན། དོན་དམ་གྱི་ཆོས་གང་གཱའི་ཀླུང་གི་རྡུལ་སྙེད་རྣམས། མི་ལྡན། དེའི་འོག་ཙམ་ན། དཔེར་ན། རྒྱན་ནམ་མཁའ། འདུས་མ་བྱས་ནམ་མཁའ་ནི་མི་རྟག་དེའི་འོག་ཙམ་ན། མེད་པ་ཆོས་ཉིད་མ་ཡིན། ཞི་བའི་མྱ་ངན་འདས་མ། དེ་ཡང་རྟག་པ་རྟག །ངོ་བོ་མི་རྟག །འདུས་མ་བྱས་ཀྱི་བདེ་བ། ཀུན་རྫོབ་ཀྱི་བདག་གཉིས་མ་ཡིན། དེ་བཞིན་ཉིད་ཀྱི་བདག །ཞི་བ་མྱ་ངན་འདས་ཀྱི་མཐར་ལྷུང་བ་མ། མཁའ་ནི་སྤྲིན་ལ་སོགས་པ་ཡོད་པས་སྟོང་ངོ༌། །རང་གི་ངོ་བོས་ནི་མི་སྟོང་ངོ༌། །མེད་པ་ཆོས་ཉིད་མ་ཡིན་པ། མ་ཡིན་ཏེ་ངོ་བོས་སྟོང་པ། གློ་བུར་དྲི་མས་མི་སྟོང༌། མཚན་མ་གློ་བུར་དུ་མེད་པ། སྨོན་པ་མེད་པ། དེའི་འོག་ཙམ་ན། དབེན་པ་ཡེ་ཤེས་མ་ཡིན། རང་གིས་མི་དབེན། དེ་ཡང་རང་གི་ངོ་བོས་དབེན། གློ་བུར་དྲི་མས་མི་དབེན། སྣང་བ་ཁོ་ན་ལ་མུན་པ་ཁོ་ན་ལ། དེ་ནས་ཕྲེང་ཕྱེད་ན། ཡིན་ནོ། །དབང་ཤེས་ཀྱིས་དམིགས་སུ། དེ་ཡང་སྔར་མེད་གསར་དུ་འཐོབ། རྣམ་ཤེས་ཀྱིས། དམིགས་སུ། དེ་ནས་ཕྲེང་གཅིག་ན། དེ་ཡང་དོན་དམ་པར་བརྗོད་དུ། ཀུན་རྫོབ་ཏུ་བརྗོད་དུ། དེའི་རྩ་ན་བྱའོ། །སེམས་ཅན་དོན་དང་། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཞི་ཅུང་མེད་ན། སེམས་གཞལ་དུ་མེད། ནམ་མཁའ་མེད། ཆེན་པོ་མེད། དེ་ནས་ཕྲེང་བཅུ་ན། བྱའོ། །ཞེས་པ་ནི་སེམས་ཅན་མེད་པ་ཀུན་བཏགས་པའི་གཟུགས་ཀྱི་དེ་བཞིན་ཉིད་དང༌། སྒྲའི་དེ་བཞིན་ཉིད་ལ་སོགས་པ་རིག་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་མེད་པའི་ཕྱིར་ཆོས་ནམ་མཁའ་དང་མཚུངས་པས། གོ་སྐབས་འབྱེད་དོ། །ཞེས་བྱ་བ་དགོངས་པའོ། །ཞེས་དབུ་མ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་གཅིག་ན། ཡིན་ནོ། །འབད་མེད་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ན་ཕྱིར་རོ། །ཞེས་བྱ་བ་ནི་མཐར་ཐུག་པའི་བདེ་བ་ཆེན་པོའི་གནས་སྐབས་ན་ཆོས་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་ཟད། སྐྱེ་བ་དང༌། གནས་པ་དང༌། འགགས་པ་དང༌། འགག་པ་མེད་པས་མ་གཡོ་བར་སྣང་ངོ༌། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ཅིའི། དེ་ནས་ཕྲེང་ལྔ་ཅུང་མེད་ན། ཕྱིར་རོ། །ཞེས་བྱ་བ་ནི། མཐར་ཐུག་པའི་ཐེག་པ་ཆེན་པོའི་ས་ལ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་རང་བཞིན་ཉིད་དང༌། དེ་བཞིན་ཉིད་དང༌། ངོ་བོ་ཉིད་དང༌། མཚན་ཉིད་ཁོ་ནས་བཟུང་སྟེ། དེ་བཞིན་ཉིད་རང་བཞིན་གྱིས་གཞན་མེད་དོ། །དེ་ཉིད་དེ་བཞིན་ཡིན་གྱི་གཞན་མ་ཡིན་ནོ། །དེ་ཉིད་ངོ་བོ་ཉིད་ཡིན་གྱི་གཞན་མ་ཡིན་ནོ། །དེ་ཉིད་མཚན་ཉིད་ཡིན་གྱི་གཞན་མ་ཡིན་ཏེ། དེ་ལ་ཕྱེས་ཏེ། སྨོན་པ་ཙམ་དུ་ཟད་དོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཤོག་ལོགས་གསུམ་དང་ཕྲེང་ཕྱེད་དང་བཞི་ན། དམིགས་སོ། །མཐའ་ལས་འདས་པར་ངེས་འབྱུང་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་དྲུག་ན་ཡིན་ཏེ་ཞེས་བྱ་བ་ནི། མཐར་ཐུག་པའི་ཐེག་པ་ཆེན་པོ་ལ་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཐེག་པ། དེ་ནས་ཕྲེང་བཅུ་ན། ལྟ་ག་ལ་འགྱུར། ཞེས་བྱ་བ་ལ། གཟུགས་ཀྱི་སྟོང་པ་ཞེས་བྱ་བ་གང་གིས་གཟུགས་དང་འབྲེལ་བའི་སྟོང་པ་ཉིད་བཟུང་བ་དེའི་ཚེ། སྟོང་པ་ཉིད་ཀྱང་ཀུན་བཏགས་པ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ན་སྟོང་པ་ཉིད་དེ་ལ་གཟུགས་ཡོད་པར་ག་ལ་འགྱུར། ཞེས་བྱ་བའི་ཐ་ཚིག་གོ །དབུ་མ་པ་གསུངས། སྟོང་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ལྷག་ན། འགྱུར་རོ། །ཐོབ་པའི་མཚན་ཉིད་ངེས་འབྱུང་དང༌། །དེ་ནས་བཅོམ་ལྡན་འདས། དེ་ནས་ཕྲེང་དྲུག་ན། ཁྲི་བརྒྱད་སྟོང་པ་ལས། ཟིལ་གྱིས་གནོན་པའི་ལེའུ་ཞེས་བྱ་སྟེ། བཅུ་དགུ་པའོ།། །།འདི་ཡར་བཅད་ཀྱི་ཀ་པ་སྟེ། པོ་ཏི་དང་པོ་རྫོགས་སོ།། །།


previousའཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པའི་མཆན་བུ་ཟུར་དུ་བཀོད་པ་ཞེས་བྱ་བ་བཞུགས་སོ། ། next