Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། དུམ་བུ་གཉིས་པ། བམ་པོ་བཅུ་དྲུག་པ།
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། དུམ་བུ་གཉིས་པ། བམ་པོ་བཅུ་དྲུག་པ། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། དུམ་བུ་གཉིས་པ། བམ་པོ་བཅུ་དྲུག་པ།

དེ་ནས་ཕྲེང་གསུམ་ལྷག་ན། ལགས་སམ། ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐེག་པ་ཆེན་པོ་གཉིས་ཐ་མི་དད་པའི་ཕྱིར། ཐེག་པ་ཆེན་པོ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་པ་ཡིན་པར་དགོངས་པ་སྟེ། ཞེས་དབུ་མ་པ་ཆེན་པོ་གསུངས། བཅོམ་ལྡན་འདས་དེ་ནས་ཤོག་གུ་གཅིག་དང་ཕྲེང་བཞི་ན། གཟུགས་ལ་སྔོན་གྱི་མཐའ་མེད་པས། ཀུན་ཏུ་དཔལ། ཀུན་ཏུ། དེ་ནས་ཕྲེང་གཅིག་ན། བཅོམ་ལྡན་འདས་དུས་གསུམ་ལ་བྱང་ཆུབ་སེམས་དཔའ་མི་དམིགས་པས། གཟུགས། དེ་ནས་ཕྲེང་གསུམ་ན། ཀུན་བཏགས་ཙམ་དུ་ཟད་པས། མིང་ཙམ། དེ་ནས་ཕྲེང་གསུམ་ན། མ་གྲུབ་པའི་ཡོངས་སུ་གྲུབ། དེ་ནས་ཀུན་བཏགས་ཀྱི་གཟུགས། དེ་ནས་ཕྲེང་ཕྱེད་ན་ལགས་སོ། །དེ་ལྟར་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་མེད་པའི་ཕྱིར་གདམས་པའི་འོས་མ་ཡིན་པར་བསྟན་ནས། དེ་ནི་དམ་པའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ཏེ། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་ན། མ་གྲུབ་པའི་དོན་དམ་གྱི་བྱང་ཆུབ་སེམས་དཔའ་དེ། མ་གྲུབ་པའི་དོན་དམ་པའི། དེ་ནས་ཕྲེང་ཕྱེད་དང་གཉིས་ན་བགྱིའོ། །ཞེས་པ་དོན་དམ་པའི་སྤྱོད་པ་བསྟན་ཏོ། །དེ་ནས། ལོགས་གསུམ་དང༌། ཕྲེང་གཅིག་ན། ཐམས་ཅད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་གཅིག་པས། གཉིས་སུ། དེ་ནས་ཤོག་གུ་ལོགས་གསུམ་ཙམ་ན། དབྱིངས་ལ་སོགས་པ་དེ་དང༌། དེ་ལ་རྟོག་པ་སྣང་ཡུལ་དང་བཅས་པ་ཀུན་བཏགས་དེ་རྣམས་གཤིས་ལ། མེད་པ་དང༌། དེ་ནས་ཤོག་གུ་ལོགས་གསུམ་དང་ཕྲེང་ན། ཀྱིས་སྟོང་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱིས་གཟུགས་ནི་ཀུན་བཏགས་པའི་གཟུགས་ཀྱིས་སྟོང་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། ཚེ་དང༌། དེ་ནས་ཕྲེང་གཅིག་ན། མི་དམིགས་སོ། །ཞེས་བྱ་བ་གསུང་སྟེ། གཟུགས་ཀྱི་སྟོང་པ་སྟོང་པ་ཉིད་ལ་ཀུན་བཏགས་པའི་གཟུགས་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། སྟོང་པ། དེ་ནས་ཕྲེང་བརྒྱད་ལྷག་ན། སྟོང་ངོ༌། །འདིའི་གཞུང་ལ་སྒྲ་ཇི་ལྟར་བཟུང་ནས་ཐམས་ཅད་རང་སྟོང་ཉིད་དུ་འདོད་པ་རྣམས་ནི་ཕྱི་རོལ་ལོག་པར་ལྟ་བ་ཡིན་ཏེ། ཤེར་ཕྱིན་ལྔ་བརྒྱ་པར། རབ་འབྱོར། གང་ཡང་བཅོམ་ལྡན་འདས་ཀྱིས་རང་བཞིན་མེད་པ་དང་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། གདོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ལྟ་བའི་བསྟན་པ་གང་ཡིན་པའི་བསྟན་པ་དེ་ཐམས་ཅད་ནི། ལྡེམ་པོར་དགོངས་པ་མ་ཡིན་པ་དེ་སྒྲ་བཞིན་ཉིད་དུ་ཤེས་པར་བྱའོ། །དེ་སྐད་སྨྲས་ན། དེ་ནི་ཕྱི་རོལ་པས་ཀྱང༌། ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་ལྟ་བའོ། །ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར་རོ། །དེས་ན་ཐམས་ཅད་རང་སྟོང་དང་མེད་དགག་ཏུ་ལྟ་བ་དེ་ནི་ལྟ་བ་ཐ་ཆད་པ་ཡིན་པས་སྤང་བར་བྱའོ། །ཏིང་ངེ་འཛིན། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། གཟུགས་རང་ལ་གཟུགས་ནི་རང་ལས་གཞན་ཚོར་བ། དེ་ནས་ཤོག་གུ་གཉིས་དང་ཕྲེང་གསུམ་ན། ལྟ་སྟེ་ཀུན་བཏགས་ཀྱི་གཟུགས། དེ་ནས་ཕྲེང་གཅིག་ན། དེ་ཡང་དོན་དམ་གྱིས་ཀུན་བཏགས། དེ་ནས་ཕྲེང་གཅིག་ན་ཡིན་པའི་དོན་དམ་པ་དེ་ནི། དེ་ནས་ཕྲེང་གཉིས་ལྷག་ན། ཕྱིར་ཏེ། མིང་མེད་ཅིང་དོན་དམ་པའི་ཆོས་རྣམས་ཡོད་པ་དེའི་ཕྱིར། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ན། འདི་ལྟར། རྒྱུ་རྐྱེན། འདུས། དེ་ནས་ཕྲེང་དྲུག་ལྷག་ན། གཞན་ཡང་ཀུན་བཏགས་ཀྱི་ཆོས་ཐམས་ཅད་ནི། བརྟག་ཏུ་མེད་པའི་ཕྱིར། མི། དེ་ནས་ཕྲེང་གསུམ་ན། དེ་བཞིན་དུ་ཡོངས་གྲུབ་ཀྱི་ཆོས་ཐམས་ཅད་ནི་འདུས་མ་བྱས་པའི་དགེ་བ། ཐོབ་པར་རང་བཞིན་གྱིས་མེད་དེ། བ་མེད་པ་མེད་ལས་འདས། རྣམ་འདུས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཤཱ་རིའི་བུ། ཀུན་རྫོབ་ཀྱི་གཟུགས། དོན་དམ་གྱི་གཟུགས་ནི་འཇུག །ཞེ་ན། བདེན་གཉིས་ཀྱི་གཟུགས། དེའི་ཕྱིར་རོ། །ཡང་ན་འབྲེལ་བ་ཀུན་ལ་སྦྱར་བ་ལྟར་རོ། །ཚེ་དང༌། དེ་ནས་ཕྲེང་ལྔ་ན། འདི་ལྟར་བདེན་གཉིས་ཀྱི་གཟུགས། དེ་ནས་ཕྲེང་བདུན་ན། མེད་དོ། །ཞེས་བྱ་བའི་ལ་སོགས་པའི་རང་བཞིན་གྱི་ཆོས་རྣམས་ཀྱི་རང་བཞིན་གྱི་ངོ་བོ་ཉིད་དེ། ཆོས་ཉིད། སྟོང་པ་ཉིད་སྟོང་པ་ཉིད་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད། མི་འཇིགས་པ་མེད་དོ། །ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ཆོས། ཡོངས་སུ་གྲུབ་པ་རྣམས་ལ་སྐྱེ་བ་དང་འགག་པ་གཉིས་མེད་དོ། །དེ་གཉིས་མེད་པས་གཞན་དུ་འགྱུར་བ་དགག་པ་མེད་དོ། །ཞེས་དབུ་མ་པ་གསུངས། དེ་བཞིན་དེ་ནས་ཕྲེང་ལྔ་ལྷག་ན། པ་སྟེ། ཞེས་བྱ་བ་ལ་མངོན་པར་མ་གྲུབ་པ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་ཉིད་དེ་སྟོང་པ་ཉིད་ལ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་སྒྲ་ཡང་དེ་ཉིད་ལ་བྱའོ། །དེ་བས་ན་མངོན་པར་མ་གྲུབ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ལས་ཐ་དད་པ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ལྟར་ན། དེ་ནས་ཕྲེང་ཕྱེད་དང་བཞི་ལྷག་ན། མ་གྲུབ་པའི་ཆོས་ཉིད་ལས་གུད་ནས་ཆོས་ཉིད་གཟུགས། དེ་ནས་ཕྲེང་གཅིག་ལྷག་ན་མེད་དོ། །ལྷར་ཡོངས་གྲུབ་ཀྱི་གཟུགས། མ་མཆིས་པའི་གཞི། གང་ལགས་པ་ཡོངས་གྲུབ་དེ་ཀུན་བཏགས་ཀྱི་གཟུགས་ན། གཟུགས། དེ་ནས་གཉིས་ལྷག་ན། ཁྲི་བརྒྱད་སྟོང་པ་ལས། བམ་པོ་བཅུ་བདུན་པ།

དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཅིང༌། འདུ་ཤེས་ཀྱིས་མི་འཛིན་ལ། ཤེས་རབ་ཀྱི་གནས། ལྟ་བས་མངོན། ཞེས་པའི་ཚིག་གིས། འདོད་ཆགས། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཅིག་ལྷག་ན། ལྟར། ཡོངས་གྲུབ་ཀྱི་གཟུགས། མཆིས་པའི་གཞི་གང་ལགས་པའི་ཡོངས་གྲུབ། དེ་ཀུན་བཏགས་ཀྱི་གཟུགས། གཟུགས་ན། གཟུགས་པ། དེ་ནས་ཕྲེང་ཕྱེད་ན། པ་གཅིག །དེ་ནས་ཕྲེང་བཅུ་ལྷག་ན། འདི་ལྟར། འདི་ལྟར། དྲི་བཅས་དེ་བཞིན་དྲི་མེད་དེ་བཞིན། དེ་ནི། དེ་བཞིན་ཉིད་ཀྱི་གནས་སྐབས་མ་ལགས་ན། དེ་དེ་པ་དེ་ནི། མེད་དེ་བཞིན་ཉིད་དེ་ནི། ངོ་བོ། གཉིས་སུ། དེ་ནས། ཤོག་ལོགས་གསུམ་དང་ཕྲེང་གསུམ་ན། ལགས་སོ། །ཞེས་བྱ་བ་ལ་གཉིས་སུ་མེད་པར། ཞེས་བྱ་བ་ལ་གཉིས་སུ་མེད་པ། ཞེས་བྱ་བ་ནི་ཆོས་ཉིད་དེ་དོན་དམ་པའོ། །དོན་དམ་པའི་གྲངས་སུ་བྱ་བ་འདི་ལྟ་སྟེ། གཟུགས་དང་ཚོར་བ་ལ་སོགས་པ་བྱོས་པའོ། །དེས་ཅི་བསྟན་ན། དོན་དམ་པ་གཅིག་ཁོ་ན་སྟེ། གཉིས་སུ་མེད་པ་ལ་ཆོས་ཉིད་ཀྱི་གཟུགས། ཆོས་ཉིད་ཀྱི་ཚོར་བ། ཆོས་ཉིད་ཀྱི་འདུ་ཤེས། ཆོས་ཉིད་ཀྱི་འདུ་བྱེད། ཆོས་ཉིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པའི་ཚིག་གིས་རྣམ་པ་མང་པོར་བྱས་ནས་བསྟན་ཞེས་བྱ་བའི་ཐ་ཚིག་གོ །ཞེས་ཤིང་རྟ་ཆེན་པོ་དབྱིག་གཉེན་གསུངས། དེ་བཞིན། དེ་ནས་ཕྲེང་གཅིག་ལྷག་ན། ཁྲི་བརྒྱད་སྟོང་པ་ལས། གཉིས་སུ་མེད་པའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་པའོ།། །།རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །དེ་ནས་ཕྲེང་གསུམ་ན། བྱའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་སྐུའི་བདག་ཉིད་ཅན་དུ་བསྟན་ཏོ། །བྱང་ཆུབ། དེ་ནས་ཕྲེང་བདུན་ན་ལ་ཡང༌། གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཤེར་ཕྱིན། དེ་ནས་ཕྲེང་གཉིས་ན། བྱའོ། །ལམ་བདེན་གྱིས་བསྡུས་པའི་སྦྱིན་པའི། དེ་ནས་ཕྲེང་གཉིས་ན། བྱའོ། །ཀུན་བཏགས་ཀྱི་རྣམ་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། བྱའོ། །ཀུན་བཏགས་ཀྱི་རྣམ་པ་མཉམ་གཞག་ཟབ་མོ་ལ་གནས་ནི། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཅིག་ན། ཤཱ་རིའི་བུ། ཀུན་བཏགས་ཀྱི། གཟུགས་ནི། གཟུགས་མ་ཡིན་པ་ཆོས་ཉིད་དེ་ནི། གཟུགས། དེ་ནས་ཕྲེང་བཅུ་བཞི་ཙམ་ན། སྐྱེ་བའི་གཞི་དོན་དམ་པ་ཀུན་རྫོབ་ཀྱི་གཟུགས། ཕ་ཉིད་ཀྱང་གཟུགས། གཟུགས་པའོ། །དེ་ནས་ཤོག་ལོགས་གཅིག་ན། མཆིས་པའོ། །ཆོས་ཉིད་ཀྱི་གཟུགས་མཐོང༌། དེ་ནས་ཤོག་གུ་ལོགས་གསུམ་ཕྲེང་གཉིས་ན། སྐྱེས་པ་ཆོས་ཉིད་ལ། སྔར་མེད་གསར་དུ་ཐོབ། གློ་བུར་མ་མངོན་ནོ། །དེའི་རྩ་ན། པ་ལ། ཉིད་གློ་བུར་དུ་ཐོབ་པ་ཡོད། དེ་ནས་ཕྲེང་གཅིག་ཅུང་མེད་ན། མེད་པ་ཆོས་སྐུ་ལ། དེ་རྟོགས་པའི་དེ། ཤེས་པ་གཉིས་པ་གཤིས་ལ་ཡོད། དེ་ནས་ཕྲེང་གསུམ་ན། ཤཱ་རིའི་བུ། གདོད་ནས་རང་བཞིན་གྱིས་ཐོབ། འཐོབ་བྱ་ཐོབ་བྱེད་ངོ་བོ་ཐ་དད་གཉིས་ཀྱི་ཚུལ་གྱིས་ཐོབ་པ་ནི། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། སྐྱེས་པ་དོན་དམ་སྐྱེས་པར་ཡང༌། སྐྱེས་པ་ཀུན་རྫོབ་དོན་དམ་པར། དེ་ནས་ཕྲེང་གཅིག་ན། བོ་ནི་ཆོས་ཉིད་གཟུགས་གཟུགས་ཀྱིས། དེ་ནས་ཕྲེང་གསུམ་ན། ཁོ་བོ་ནི། ཀུན་བཏགས་ཀྱི་གཟུགས། དེ་ནས་ཕྲེང་གཉིས་ན། པའང༌། ཡོངས་གྲུབ་པ་ཡིན་པས། མི་སྐྱེ་བ་དང༌། ཀུན་བཏགས་ཡིན་པས་མི་སྐྱེའོ། །ཡིན་པས་ཀུན་བཏགས་དང༌། ཆོས་ཡོངས་གྲུབ། གང་ཡང་དྲི་མེད་དེ་བཞིན་ཉིད་ཀྱི་གནས་སྐབས་ན་ལྡན་པ། དྲི་བཅས་དེ་བཞིན་ཉིད་གནས་སྐབས་ན། མི་ལྡན། གཉིས་ཀ་ཡང་སྐྱེ་བ། དེ་ནས་ཕྲེང་ལྔ་ན། ཐམས་ཅད་ལ། དམིགས་པའི་ཚུལ་གྱིས་མི། དེ་ནས་ཕྲེང་ཕྱེད་ན། བུ་ཆོས་ཉིད་ཀྱི་གཟུགས་ནི་ཀུན་རྫོབ་ཀྱི་རང་བཞིན། ན་ཡང༌། འབྲེལ་ཏེ། མི་ཡང་མི། དེ་ནས་གཅིག་ལྷག་ན། སྟོང་པ་དོན་དམ་གཞན་སྟོང་སྟེ། དེ་ནས་ཕྲེང་བཅུ་གཉིས་ན། ཆེན་པོ་ལམ་པ། སྦྱང་གཞི་གཟུགས་ནོར་བུ་སྦྱོང་བའི་ཚུལ་དུ་ཡོངས་སུ། དེ་ནས་ཕྲེང་ཕྱེད་གསུམ་ན། བར་དུ། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་ཀྱི་ཚུལ་དུ་ལེགས་པར་ཤེས་པས་ཡོངས་སུ་བྱའོ། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། །རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་བསྒྲུབ་པ་ཡིན་ཞེས་བྱ། །ཤཱ་རིའི་བུ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། བམ་པོ་བཅོ་བརྒྱད་པའོ། །དེ་ནས་ཤོག་གུ་ལོགས་གསུམ་དང་ཕྲེང་ལྔ་ན། བྱའོ། །མེད་ཅེས་བྱ་ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་སྟེ། །ཞེས་དྲན་པར་བྱའོ། །དེ་བཞིན། དེ་ནས་ཤོག་གུ་གཅིག་ན། ཁྲི་བརྒྱད་སྟོང་པ་ལས། གནས་བརྟན་རབ་འབྱོར་གྱི་ལེའུ་ཞེས་བྱ་སྟེ། ཉི་ཤུ་རྩ་གཅིག་པའོ།། །།དེ་རྣམས་ཀྱིས་ནི། ངེ༷ས་པ༷ར་འབྱུ༷ང་བཅ༷ས་རྣ༷མས། །ཐུ༷བ་པ༷འི་རྣ༷མ་ཀུ༷ན་མཁྱེ༷ན་པ༷་ཉི༷ད། །ཅེས་པ་དོན་བཅུས་གསུངས་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་པ་ཐམས་ཅད་མཁྱེན་པའི་སྐབས་ཏེ་དང་པོའོ།། །།

ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང༌། །དེ་ནས་སྟོད། དེ་ནས་ཤོག་གུ་གཅིག་ཙམ་ན། ཡུལ་ངེས་པ་དང་། ཀོའུ། དེ་ནས་ཕྲེང་གསུམ་ན། ཤི །ཉན་ཐོས་གང༌། དེ་ནས་ཕྲེང་ན། ཕྱིར་རོ། །ཁྱབ་པ་དང༌། །འོན་ཀྱང་དེ། བཤད་པ་འདི་དག་གིས་ཐོས་ནས། བླ་ན། བསྐྱེད་ན་མ་འོངས་པ་ནས་སངས་རྒྱས་སུ་འགྱུར་བར་གསུངས་པས། ཁོའོ། །དེ་ནས་ཕྲེང་བརྒྱད་ན་སྟེ། རང་བཞིན་དང་ནི་དེ་ཡི་ལས། །ཁྱད་པར་དུ། དེ་ནས་ཕྲེང་ཕྱེད་ན། བྱའོ། །དེ་རྣམས་ཀྱིས་ནི། མོ༷ག་མོ༷ག་པོ༷ར་བྱེ༷ད་ལ༷་སོ༷གས་ད༷ང༌། །ཞེས་པ་དོན་དང་པོ་གསུངས་ཟིན་ཏོ།།ཞེས་པ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་ནི་ཤེས་པར་བྱ། །ཀོའུ། དེ་ནས་ཤོག་གུ་ལོགས་དང་ཕྲེང་ལྔ་ན། ཡིན་ལ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་ཉིད་ཙམ་ཁོ་ནར་བསྟན་ཏོ། །སེམས་ནི་རང་གི་ཆོས་ཉིད་ཀྱི་དབང་གིས་ཀུན་བཏགས་པ་དང་བྲལ་བའི་རང་བཞིན་སེམས་མེད་པའི་ངོ་བོ་དེ་ཆོས་ཉིད་ཀྱི་སེམས་སུ་སྣང༌། ཞེས་དབུ་མ་པ་གསུངས། བྱང་ཆུབ། དེ་ནས་ཕྲེང་གསུམ་ཙམ་ན། ཡིན་ནོ། །འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །སྟོང་པ་ཉིད་རྣམས་དབྱེར་མེད་པས། །དྲོ་བ། དེ་ནས་ཕྲེང་བརྒྱད་ན། སྟོང༌། ཞེས་བྱ་བ་ལ་སོགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཞེས་བྱ་བ་སྟོན་ཏེ། སྟོང་པ་ཉིད་རྟོགས་པ་ནི་གནས་པའོ། །དམིགས་པའི་ཚུལ་ནི་གནས་པ་མ་ཡིན་ཞེས་བསྟན་ཏོ། །དེ་ནི་འདི་སྐད་དུ་གང་གི་ཕྱིར་གཟུགས་ལ་སོགས་པའི་ཀུན་བཏགས་པའི་ཆོས་འདི་དག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་གནས་པ་སྟེ། དེའི་སྟོང་པ་གང་ཡིན་པ་ནི་ཐ་མི་དད་དེ་གཅིག་གོ །དེ་བས་ན་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་དང༌། ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་ནི་གཉིས་སུ་མེད་པ་སྟེ། གཅིག་པའི་ཆོས་ཉིད་དུ་གནས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའོ། །ཞེས་དབུ་མ་པ་གསུངས། ཚོར་བ། དེ་ནས་ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། བྱའོ། །དེ་དག་མི་དམིགས་པས། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ནས་ཕྲེང་དགུ་ན། བྱའོ། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །གཟུགས་རྟོག །དེ་ནས་ཕྲེང་ཕྱེད་དང་བཅུ་གཅིག་ན། བྱའོ། །ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་འགྱུར་བཤད་དེ། །ཀོའུ། དེ་ནས་ཤོག་གུ་ཕྱེད་དང་གསུམ་དང་ཕྲེང་དྲུག་ཙམ་ན། བྱའོ། །ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །དེ་ཅིའི། དེ་ནས་ཕྲེང་བཅུ་ན།བམ་པོ་བཅུ་དགུ་པ། དེ་རྣམས་ཀྱིས་ནི། སློ༷བ་མ༷། ཞེས་པ་དོན་གཉིས་པ་གསུངས་ཟིན་ཏོ། །

རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །དེ་ནས་ཕྲེང་ལྔ་ན། མེད་དོ། །གང་གང་དོན་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །དེ་ནས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། སྙམ་མོ། །གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །དེ་ནས་ཕྲེང་ཕྱེད་ན། བུ་དག་ཀུན་བརྟགས་ཀྱི་གཟུགས། དེ་ནས་ཕྲེང་བརྒྱད་ན། རང་བཞིན། འོད་གསལ་ཆོས་སྐུ་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བས་མི་ཟབ་པ་ཟབ་པར་གཡོ་བ་མ་ཡིན་ན་མི་ཕྲ་བ་ཕྲ་བ་མ། དེ་ནས་ཕྲེང་དགུ་ན། ཁྲི་བརྒྱད་སྟོང་པ་ལས། བརྒྱ་བྱིན་གྱི་ལེའུ་དང་པོ་སྟེ། ཉེར་གཉིས་པའོ།། །།

འཛིན་པ་མི་སྤོང་ཕྱིར་དང་ནི། །དེ་ནས་ཤོག་གུ་གཅིག་དང་ཕྲེང་གསུམ་ན། སྨྲའོ། །ཞེས་པ་འདི་རྣམས་མྱང་འདས་དངོས་པོར་འཛིན་པ་བཀག་པའི་ཕྱིར་མྱང་འདས་དངོས་པོ་མ་ཡིན་པར་གསུངས་ཀྱི་མྱང་འདས་གཤིས་ལ་མེད་པ་གསུངས་པ་མ་ཡིན་ཏེ། ལུང་རྣམ་པར་དག་པ་དང་འགལ་བར་གསུངས་པའི་ཕྱིར་རོ། །དེ་ཡང་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོར། ཕུང་པོ་ལྔ་ནི་ཡང་དག་པ་མ་ཡིན། སྒྱུ་མ་ལྟ་བུ། གསོག་གསོབ། དངོས་པོ་མེད་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འདུས་པ་ལས་བྱུང་བའོ། །ཆོས་ཀྱི་དབྱིངས་ནི་གསོབ་མ་ཡིན། གསོག་མ་ཡིན། ཡང་དག་པ་མ་ཡིན་པ་མ་ཡིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ་མ་ཡིན་སྒྱུ་མ་ལྟ་བུ་མ་ཡིན། སྨིག་རྒྱུ་ལྟ་བུ་མ་ཡིན། ཆུ་ཟླ་ལྟ་བུ་མ་ཡིན། བྲག་ཆ་ལྟ་བུ་མ་ཡིན། ཞེས་དང༌། གང་བདེན་པ་དེ་དེ་བཞིན་ཉིད་མ་ཡིན་པའོ། །གང་དེ་གཞིན་གཤེགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་བདེན་པ། ཡང་དག་པ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད། མ་ལོག་ཞེས་མང་དུ་གསུངས་ཤིང༌། རྒྱས་པར་རྒྱས་འབྲིང་དུ་བྲིས་ཟིན་པས་དེར་བལྟ་བར་བྱའོ། །དེ་ཅིའི། དེ་ནས་ཕྲེང་གཅིག་ཙམ་ན་ཕྱིར་རོ། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །དེ་ནས། དེ་ནས་ཕྲེང་ཕྱེད་དང་ལྔ་ན། ཕྱིན་པ་གཏིང་དཔག་དཀའ་བས། འདི་སྒོ་ལྔའི་རྣམ་ཤེས་ཡུལ་མ་ཡིན་པས། ཡིད་ཀྱི་རྣམ་ཤེས་ཡུལ་མ་ཡིན་པས། འདི་ཉོན་མོངས་དང༌། ཉེ་ཉོན་ཐམས་ཅད་ཞི་བས་འདི། སྡུག་བསྔལ་ཐམས་ཅད་བྲལ་བས་འདི། རྣམ་རྟོག་གི་སྤྲོས་པ་ཞི་བས་འདི། སོ་སོ་རང་གིས་རིག་པ་མ་ཡིན་པས་འདི། བསམ་པའི་ལམ་ལ་འདས་པས་འདི། འཕགས་པ་རང་རང་གི་སྤྱོད་ཡུལ་མ་ཡིན་ཞིང༌། ཕྱིར་མི་ལྡོག་པ་རྣམས་ཀྱིས་རིག་བྱ་ཡིན་པས་འདི། དེ་ནས་ཕྲེང་གསུམ་ན། དེ་དག་ནི་ཅིར་ཡང་མི་རྟོག་པའི་ཤེར་ཕྱིན་ཟབ་མོ་ལ་རྣལ་འབྱོར་དུ་བྱེད་པ་ཡིན་པས་གཟུགས། དེ་ནས་ཤོག་གུ་གཅིག་དང་ཕྲེང་དྲུག་ན། ཕྱིར་ཏེ། སྨྲ་བསམ་བརྗོད་མེད་སྤྲོས་པ་ཐམས་ཅད་བྲལ་བའི་གཞི་ཡིན་པའི་ཕྱིར། ཇི་ལྟར། དེ་ནས་ཕྲེང་གཅིག་ན། རབ་འབྱོར་ཆོས་གང་ཡང་མ་བརྗོད་མ་བཤད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི། གཞུང་འདི། དེ་ནས་ཤོག་གུ་གཅིག་དག་ཕྲེང་དགུ་ན། ཁྲི་བརྒྱད་སྟོང་པ་ལས། རྟོགས་པར་དཀའ་བ་ཞེས་བྱ་བའི་ལེའུ་སྟེ། ཉི་ཤུ་གསུམ་པའོ།། །།དེ་ནས་ཤོག་གུ་ན། དོན་དམ་པའི་གཟུགས་དེ་ནི། ཀུན་བཏགས་ཀྱི་གཟུགས། དེ་ནས་ཤོག་གུ་གཅིག་ཅུང་མེད་ན། བཏགས་པའི་ཆོས་ཉིད་མི་འགལ་བར། །སྟོན་པའི་རྣམ་པ་དྲོར་གྱུར་པ། །དེ་ནས་ཕྲེང་གཅིག་ལྷག་ན། བཏགས་པ་ཀུན་རྫོབ་དང༌། ལ་དོན་དམ། ཆོས་ཉིད། དེ་ནས་ཤོག་གུ་གཉིས་ཕྲེང་གཉིས་ཆད་པ་ན། གཟུགས་ལ། དམིགས་པའི་ཚུལ་གྱིས་མི། དེ་ནས་ཕྲེང་བཅུ་ན་ཡིན་ནོ། །རྩེ་མོར་གྱུར་པ་གཟུགས་ལ་སོགས། །འགྲིབ་པ་མེད་ལ་སོགས་པས་ཕྱེ། །གང༌། དེ་ནས་ཕྲེང་བརྒྱད་ན། བམ་པོ་ཉི་ཤུ་པ།

ནང་སྟོང་ཉིད་ལ་སོགས་པ་ཡིས། །གཟུགས་སོགས་མི་འཛིན་ཕྱིར་བཟོད་པ། །ཤཱ་རིའི། དེ་ནས་ཕྲེང་བརྒྱད་ན། འགྱུར་རོ། །གཟུགས་སོགས་སྐྱེ་བ་མེད་སོགས་ཀྱི། །རྣམ་པ་ཅན་ནི་ཆོས་ཀྱི་མཆོག །ཤཱ་རིའི། དེ་ནས་ཕྲེང་བཅུ་ན། འགྱུར་རོ། །དེ་རྣམས་ཀྱིས་ནི། བསེ༷་རུ༷འི་ལ༷མ་ག༷ང་ད༷ང༌། །ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། །བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ། །དེ་ནས་ཕྲེང་ལྔ་ན་བཞིན་ཏེ། དོན་དམ་པའི་ཚུལ་དུ་ནི། དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་བཞིན་ཉིད་ལ་བྱ་བར་བསྟན་པའི་ཕྱིར། བྱིན་མེད་ལ། ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཞེས་བྱ་བའི་ཆོས་གང་ཡང་མེད་དོ། །ཆོས་ཉིད་ལ་ཀུན་བཏགས་པའི་ཆོས་མེད་པའི་ཕྱིར། བྱིན་གྱིས་བརླབས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་དེ་བཞིན་གཤེགས་པ་དམིགས་སུ་མེད་དོ། །ཆོས་ཉིད་ལས་མ་གཏོགས་པའི་ཆོས་རྣམས་མེད་པའི་ཕྱིར། བྱིན་མེད་དོ། །ཀུན་བཏགས་པ་ལ་ཆོས་ཉིད་གནས་པ་མི་དམིགས་པའི་ཕྱིར། དེ་བཞིན་ཉིད་མེད་ལ། ཆོས་ལ་གུད་ན་ཆོས་ཉིད་མེད་པའི་ཕྱིར། ཞེས་དབུ་མ་པ་ཆེན་པོས་གསུངས་ཏེ། བྱིན་གྱིས་བརླབས་པའི་ཆོས་ཉིད་ནི་ཆོས་ཉིད་ཡིན་ལ། དེ་བཞིན་གཤེགས་པས་ནི་ཀུན་བཏགས་ལ་ཀུན་བཏགས་པ་དགོངས་ནས་བཀྲལ་ལོ། །དེ་བཞིན་ཉིད་དོན་དམ་ལ་ཡང༌། བཏགས་པའི་དེ་བཞིན་མེད་དོ། །དེ་བཞིན་ཉིད་དང་སངས་རྒྱས་དག ། ཕན་ཚུན་བརྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །གཟུགས། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཞི་ན། འགྱུར་རོ། །ཆེན་པོ། དེ་ཅིའི། དེ་ནས་ཕྲེང་ལྔ་ཅུང་མེད་ན། ཡིན་ནོ། །འདིར་ཀོའུ་ཤི་ཀ །གཟུགས་གཞན་དུ་མེད་པའི་ཕྱིར། ཞེས་སོགས་ཀྱི་འགྲེས་གཅིག་ལེ་བརྒྱད་མར་བྱུང་ཞིང༌། མངོན་རྟོགས་རྒྱན་གྱི། ཚད་མ་མེད་བཅས་དང༌། །ཞེས་པའི་གཞུང་ཡིན་པར་འཕགས་པ་རྣམ་གྲོལ་སྡེས་སྦྱར་ཞིང༌། གཞུང་འདི་དང༌། འབུམ་དང༌། ཉི་ཁྲི་རྣམས་སུ་ནི་མ་བྱུང་ངོ༌། །ཚད་མེད་པ་དང་། ཀོའུ་ཤི་ཀ །དོན་དམ་གྱི་གཟུགས། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན། ཡིན་ནོ། །མཐའ་མེད་དང༌། །ཀོའུ་ཤི་ཀ །དེ་ནས་ཤོག་གུ་ཕྱེད་དང་གཉིས་ན། ཁྲི་བརྒྱད་སྟོང་པ་ལས། མཐའ་ཡས་པའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་བཞི་པའོ།། །།

དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །དེ་ནས་ཤོག་གུ་ཕྱེད་དང་གཉིས་ལྷག་ན། བསྟན་ཟིན་ཏོ། །བླང་མེད་དོར་བ་མེད་སོགས་དང༌། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། བར་དུ། ཁྱད་པར་དུ་འཕགས་པའི་དངོས་པོ་མེད་པས་ཡོངས་སུ་མི་འཛིན་ན་མེད་པའི་དངོས་པོ་མེད་པས་མི་འདོར། དེའི་འོག་ཙམ་ན། ཉིད་སྔོན་མངོན་གསུམ་དུ་མ་གྱུར་པ་དེ། མཐུན། དེ་ནས་ཕྲེང་དགུ་ན། ཕྱིར་རོ། །བྱམས་ལ་སོགས་དང་། ཀོའུ། དེ་ནས་ཕྲེང་ཕྱེད་དང་དྲུག་ན། བྱའོ། །སྟོང་[ཉིད་]དང༌། །ཀོའུ། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ན། ཁྲི་བརྒྱད་སྟོང་པ་ལས། བརྒྱ་བྱིན་གྱི་ལེའུ་གཉིས་པ་སྟེ། ཉི་ཤུ་ལྔ་པའོ།། །།བམ་པོ་ཉི་ཤུ་རྩ་གཅིག་པ།

སངས་རྒྱས་ཉིད་ནི་འཐོབ་པ་དང༌། །དེ་ནས། དེ་ནས་ཕྲེང་ཕྱེད་དང་བཅུ་གསུམ་ན། ལགས་སོ། །རྣམ་པར་བྱང་ཀུན་ཡོངས་བསྡུས་དང༌། །དེ་ནས། དེ་ནས་ཤོག་གུ་གཉིས་སུ་ཕྲེང་གཅིག་ཆད་པ་ན། ཡིན་ནོ། །ཉམ་ང་བ་དང་ནད་ཀུན་སེལ། །ཀོའུ། དེ་ནས་ཕྲེང་བརྒྱད་ན། མི་འགྱུར་རོ། །མྱ་ངན་འདས་པ་ཞི་ཉིད་དང༌། །དེ་ཅིའི། དེ་ནས་ཕྲེང་བཅུ་གསུམ་ན། འགྱུར་རོ། །སངས་རྒྱས་རྣམས་ཀྱིས་སྲུང་ལ་སོགས། །རིགས་ཀྱི། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། མི་འགྱུར་རོ། །སྲོག་མི་གཅོད་པ་ལ་སོགས་དང༌། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག །འགོད་དང་། དེའི་ཚིག །དེ་ནས་ཤོག་ལོགས་ལྔ་དང་ཕྲེད་ཕྱེད་ན། འགྱུར་རོ། །སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་གཅིག་མ། །ཀོའུ། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། འགྱུར་རོ། །དེ་རྣམས་ཀྱིས་ནི། འདི༷་ད༷ང་གཞ༷ན་པ༷འི་ཡོ༷ན་ཏ༷ན་གྱི༷ས། །ཕ༷ན་ཡོ༷ན་ཆེ༷་བ༷་མཐོ༷ང་བ༷འི་ལ༷མ། །ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། །ཀུན་ནས་ཞི་དང་། དེ་སྐད། དེ་ནས་ཤོག་གུ་གཅིག་ན། ལགས་སོ། །ཐམས་ཅད་ལ། །བདུད་[དང་]། བཅོམ་ལྡན་འདས། དེ་ནས་ཕྲེང་བདུན་ན། ཁྲི་བརྒྱད་སྟོང་པ་ལས། བརྒྱ་བྱིན་གྱི་ལེའུ་སྟེ། ཉི་ཤུ་རྩ་དྲུག་པའོ།། །།ཉོན་མོངས་ལས་རྒྱལ་དང༌། །དེ་ནས། དེ་ནས་ཕྲེང་ཕྱེད་དང་བཅུ་ན། མི་འགྱུར་རོ། །གནོད་པས་རྫི་བ་མེད་ཉིད་དང༌། །ཀོའུ། དེ་ནས་ཕྲེང་བཞི་ན། ཕྱིར་རོ། །བྱང་ཆུབ་དང་ནི། དེ་ཅིའི། དེ་ནས་ཕྲེང་བརྒྱད་ན། ཕྱིར་རོ། །རྟེན་མཆོད་ཉིད། །ཀོའུ། དེ་ནས་ཕྲེང་བཅུ་གསུམ་ན། ཕྱིར་རོ། །དེ་རྣམས་ཀྱིས་ནི། བྱེ༷ད་པ༷་ད༷ང་ནི༷། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། །མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང༌། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་བདུན་དུ་འདོད། །རང་གི་དོན་ལ་མོས་པ་ཆུང་ངུའི་ཆུ་ངུ་ནི། དེ་སྐད། དེ་ནས་ཤོག་གུ་གཉིས་ན། བམ་པོ་ཉི་ཤུ་རྩ་གཉིས་པ།

རང་གི་དོན་དུ་མོས་པ་ཆུང་ངུའི་འབྲིང་ནི། དེ་ནས། དེ་ནས་ཤོག་གུ་གཉིས་སུ་ཕྲེང་གཅིག་ཆད་པ་ན། ཕྱིར་རོ། །རང་གི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། ཀོའུ། དེ་ནས་ཕྲེང་ལྔ་ལྷག་ན། བྱའོ། །རང་གི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། དེ་ནས་ཕྲེང་བདུན་ན། སྐྱེད་དོ། །རང་གི་དོན་ལ་མོས་པ་ཆུང་ངུའི་འབྲིང་གི་འབྲིང་ནི། ཀོའུ། དེ་ནས་ཕྲེང་ཕྱེད་དང་བདུན་ན། སྐྱེད་དོ། །རང་གི་དོན་ལ་མོས་པ་འབྲིང་གི་ཆེན་པོ་ནི། ཀོའུ། དེ་ནས་ཕྲེང་བརྒྱད་ན་བསྐྱེད་དོ། །རང་གི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ནི། ཀོའུ། དེ་ནས་ཕྲེང་དྲུག་ལྷག་ན། སྐྱེད་དོ། །རང་གི་དོན་ལ་མོས་པ་ཆེན་པོའི་འབྲིང་ནི། ཀོའུ། དེ་ནས་ཕྲེང་དྲུག་ན། སྐྱེད་དོ། །རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆུང་ངུ་ནི། ཀོའུ། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ན། ཁྲི་བརྒྱད་སྟོང་པ་ལས། མཆོད་རྟེན་གྱི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་བདུན་པའོ།། །།གཞུང་ལ་ལར་བརྒྱ་བྱིན་གྱི་ལེའུ་ཞེས་འབྱུང་ངོ༌། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། ཕྱིར་རོ། །རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་འབྲིང་ནི། དེ་ནས་ལྷའི། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལས་ལྷག་པར་ཆེ་བའི་ཕྱིར། རིག་འདི་ནི། བདག་གི་གོང་ན་གཞན་མེད་པའི་ཕྱིར། རིག་འདི་ནི། བདག་དང་མཉམ་པ་མེད་པའི་ཕྱིར། རིག །དེ་ནས་ཤོག་གུ་ཕྱེད་དང་གསུམ་དང་ཕྲེང་ལྔ་ན། ཁྲི་བརྒྱད་སྟོང་པ་ལས། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་ཤོག་གུ་གཉིས་དང་ཕྲེང་བརྒྱད་ན། ཞེ་ན། ཀུན་རྫོབ་ཀྱི། རྣམ་པ། ཤེས་རབ། ཤེས་རབ་རྣམ་པ། སླད་དུའོ། །ཞེས་པ་ཀུན་རྫོབ་ཏུ་ཐ་དད་པར་བསྟན་ཏོ། །འདི་ལྟར་གཞན་སྟོང་གི །རྣམ་པ་ཤེས་རབ། རྣམ་པ་ཤེས་རབ། དེ་ནས་ཕྲེང་གཅིག་ལྷག་ན། ཏེ། རྣམ་པ་ཤེས་རབ། དེའི་རྩ་ན། ཁྲི་བརྒྱད་སྟོང་པ་ལས། གཞན་མི་སྟེགས་བྱེད་ཀྱི་ལེའུ་ཞེས་བྱ་སྟེ། ཉི་ཤུ་རྩ་དགུ་པའོ།། །།བམ་པོ་ཉི་ཤུ་རྩ་གསུམ་པའོ། །རང་དང་གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། དེ་ནས། དེ་ནས་ཕྲེང་ཕྱེད་དང་བཅུ་གཉིས་ན། ཀུན་དགའ་བོ། ཆོས་ཉིད་ཀྱི། གཟུགས། ཚོར། འདུ་ཤེས། འདུ་བྱེད། རྣམ། བྱང་ཆུབ། དེ་ནས་ཕྲེང་གཉིས་ན། འདི་ལྟར་ཆོས་ཉིད་ཀྱི་གཟུགས་ནི། གཟུགས་ཀུན་རྫོབ་ཀྱི་གཟུགས། དེ་ནས་ཕྲེང་ཕྱེད་དང་བདུན་ན། ཡིན་ནོ། །རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། བརྒྱ་བྱིན། དེ་ནས་ཕྲེང་གཉིས་ལྷག་ན། བས་ནི། ཀུན་རྫོབ་ཀྱི་དགེ་བ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གསུམ་ན། བྱའོ། །རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི །འབྲིང་གི་ནི། དེ་སྐད། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཞི་ན། འགྱུར་རོ། །རང་དང་གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོ་ནི། ཀོའུ། དེ་ནས་ཕྲེང་ལྔ་ན། འགྱུར་རོ། །རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ནི། སྤོབས། དེ་ནས་ཕྲེང་བདུན་ན། འགྱུར་རོ། །རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ནི། ཀོའུ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ན། ཕྱིར་རོ། །རང་དང་གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ནི། དེ་ནས་ཤོག་གུ་གཉིས་ན། འགྱུར་རོ། །གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆུང་ངུ་ནི། ཀོའུ། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཁྲི་བརྒྱད་སྟོང་པ་ལས། འཛིན་པ་དང༌། རི་མོར་བྱེད་པའི་ཕན་ཡོན་གྱི་ལེའུ་ཞེས་བྱ་སྟེ། སུམ་ཅུ་པའོ།། །།

གཞན་གྱི་དོན་ལ། མོས་པ་ཆུང་ངུའི་འབྲིང་ནི། དེ་ནས། དེ་ནས་ཕྲེང་བརྒྱད་ན། ཀོའུ། གཞི་འབྲས་ངོ་བོ་དབྱེར་མེད་འདུས་མ་བྱས་ཀྱི་ཤེར་ཕྱིན། དེ་ནས་ཕྲེང་གཅིག་ན། འདི་ལྟར་ཀུན་བཏགས་ཐམས་ཅད་ཀྱི་མཚན་མ་དང་བྲལ་བས། མཚན། དེ་ནས་ཕྲེང་ལྔ་ན། བཞིན་ཏེ། གཞི་འབྲས་ངོ་བོ་དབྱེར་མེད་དང༌། འདུས་མ་བྱས་ཀྱི་ཤེས་རབ། དེ་ནས་ཕྲེང་ཕྱེད་ན། བྱེད་པའི། རྩོམ་པ་མཛད་པ་མ་ཡིན། ཕྱི་མ་ནི་གཉིས་མེད་ཡེ་ཤེས་འདུས་མ་བྱས་ཀྱི་ཤེར་ཕྱིན་ཡིན་པས་གཉིས་སུ། དེ་ནས་ཕྲེང་ལྔ་ན་ཟད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དེ་དག་ཐམས་ཅད་ནི། དེ་བཞིན་ཉིད་ཀྱི་བདག་ཉིད་དུ་གཅིག་སྟེ་གཉིས་སུ་མེད་པའོ། །ཞེས་དབུ་མ་པ་གསུངས། དེ་ཅིའི། དེ་ནས་ཕྲེང་ཕྱེད་དང་བཅུ་གསུམ་ན། འདི་ནི། སྤྲོས་པ་དང་བྲལ་བས་མཚན་པ་ནི། རང་གི་མཚན་ཉིད་དང་བྲལ་བས་ནི། རྟག་ཏུ་མ་མཆིས། ཚིག་གི་ཡུལ་མ་ཡིན་པས་བརྗོད་དུ་མ་མཆིས། སྒྲའི་བདག་ཉིད་མ་ཡིན་པས། སྨོས་སུ། དེ་ནས་ཕྲེང་བདུན་ཅུང་མེད་ན། ལགས་སོ། །གཞན་གྱི་དོན་ལ་མོས་པ་ཆུང་ངུའི་ཆེན་པོ་ནི། བཅོམ་ལྡན་འདས། དེ་ནས་ཕྲེང་ལྔ་ཙམ་ན་ལགས་སོ། །གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆུང་ངུ་ནི། བཅོམ་ལྡན་འདས། དེ་ནས་ཕྲེང་དྲུག་ཅུང་མེད་ན། ལགས་སོ། །གཞན་གྱི་དོན་ལ་མོས་པ་འབྲིང་གི་འབྲིང་ནི། བཅོམ་ལྡན་འདས། དེ་ནས་ཕྲེང་བཅུ་གཉིས་ན། དུའོ། །དེ་ནས། གཞན་གྱི་དོན་ལ་མོས་པ་འབྲིང་གི་ཆེན་པོ་ནི། བཅོམ་ལྡན་འདས། དེ་ནས་ཕྲེང་བཅུ་གཉིས་ལྷག་ན། བམ་པོ་ཉི་ཤུ་རྩ་བཞི་པ།

དེ་ནས་ཤོག་གུ་གཉིས་དང་ཕྲེང་གཉིས་ན། ལགས་སོ། །གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆུང་ངུ་ནི། བཅོམ་ལྡན་འདས། དེ་ནས་ཤོག་གུ་གཉིས་དང་ཕྲེང་གཉིས་ན། བགྱིའོ། །གཞན་གྱི་དོན་ལ་མོས་པ་ཆེན་པོའི་འབྲིང་ནི། དེ་ནས་ཤོག་གུ་ན་ཡིན་གཅིག་ན། ཡིན་ནོ། །ཡོངས་སུ་གྲུབ་པའི་གནས་སྐབས་ན། དེ་ལྟ་བུའི་རྣམ་པར་རྟོག་པ་དང་མཚན་མ་མེད་པའི་ཕྱིར། དེ་སྐད་བཤད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། གཞན་གྱི་དོན་ལ་མོས་པ་ཆེན་པོའི་ཆེན་པོ་ནི་བརྒྱ་བྱིན། དེ་ནས་ཤོག་གུ་གཅིག་དང་ཕྲེང་བརྒྱད་ན། མེད་དོ། །དེ་རྣམས་ཀྱིས་ནི། མོ༷ས་པ༷་ད༷ང༌། །ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་གསུམ་ལ་ནི། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། །བཀུར་བ་དང་ནི། བསྟོད་པ་དགུ་དང༌། བཀུར་བ་དགུ་སྟེ། སོ་སོར་དབྱེ་བ་ནི། རྒྱས་འབྲིང་དུ་བྲིས་པས་དེར་བལྟའོ། །བརྒྱ་བྱིན། དེ་ནས་ཤོག་གུ་གཉིས་དང་ཕྲེང་དགུ་ན། ཁྲི་བརྒྱད་སྟོང་པ་ལས། སྐུ་གདུང་གི་ལེའུ་ཞེས་བྱ་སྟེ། སུམ་ཅུ་གཅིག་པའོ།། །།དེ་ནས་ཤོག་གུ་གསུམ་དང་ཕྲེང་དྲུག་ན། དེ་ལ་རྣམ་པར་རྟོག་པ་ལས་ཤེས་རབ། གཉིས་སུ་རྟོག་ཅིང༌། མི་ལྟ། དེ་ནས་ཤོག་གུ་གཅིག་དང་ཕྲེང་དགུ་ན། བམ་པོ་ཉི་ཤུ་རྩ་ལྔ་པ།

དེ་ནས་ཤོག་གུ་ཕྱེད་དང་དྲུག་ན། ཕྱིར་རོ། །བསྔགས་པར་འདོད། །དེ་ཡང་དགུ་སྟེ་རྒྱས་འབྲིང་དུ་བྲིས་པ་ལྟར་རོ། །ཀོའུ། དེ་ནས་ཤོག་གུ་ལྔར་ཕྲེང་ཕྱེད་དང་གཉིས་ཆད་པ་ན། ཁྲི་བརྒྱད་སྟོང་པ་ལས། བསོད་ནམས་ཁྱད་པར་གྱི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་གཉིས་པའོ།། །།དེ་རྣམས་ཀྱིས་ནི། བསྟོ༷ད་ད༷ང་བཀུ༷ར་ད༷ང་བསྔ༷གས་པ༷་ད༷ང༌། །ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། །ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནས། དེ་ནས་ཕྲེང་དགུ་ཙམ་ན། ཕྱིར་རོ། །དེ་ནི་དམིགས་མེད་རྣམ་པ[་ཅན]། །དེ་ནས་ཤོག་གུ་གཉིས་དང་ཕྲེང་གཉིས་ན། སེམས་དཔའ་ནི་སྟོང་ཉིད་ཟབ་མོ་འདི་སྟོན་པའི་སྣོད་མིན་པས་དེའི་བདུན། དེ་ནས་ཕྲེང་ཕྱེད་དང་ལྔ་ན། བྱའོ། །ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་བསྔོ་བ་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས།བམ་པོ་ཉི་ཤུ་དྲུག་པ། དེ་ནས་ཤོག་གུུ་གཉིས་དང་ཕྲེང་དགུ་ན། མགྲིན་པར་ཡང་རྟོག་པར་མི་འགྱུར་ཡང་རྟོག་པར་མི་འགྱུར་རོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། འགྱུར་རོ། །ཞེས་བྱ་བ་ནི། དེ་བཞིན་ཉིད་ཡིད་ལ་བྱེད་པའོ། །ཞེས་དབུ་མ་པ་གསུངས། བླ་ན་མེད་པ། དེ་ནས་ཕྲེང་གཅིག་ན་བྱའོ། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །བྱམས་པས། དེ་ནས་ལོགས་གསུམ་དུ་ཕྲེང་གཅིག་ཆད་པ་ན། ཡིན་ནོ། །དབེན་དང་། གལ་ཏེ། དེ་ནས་ཤོག་གུ་གཅིག་དང་ཕྲེང་གཉིས་ན། ཡིན་ནོ། །སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །གཞན། དེ་ནས་ཕྲེང་གཅིག་བརྒྱད་ན། ཡིན་ནོ། །ཐབས་བཅས། བྱམས། དེ་ནས་ཕྲེང་གསུམ་ཅུང་མེད་ན། ནུས་སོ། །མཚན་མ་མེད་པ་དང༌། །བྱམས། དེ་ནས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་ཕྲེང་བཅུ་གཉིས། ཞེ་ན། སངས་རྒྱས་རྗེས་སུ་ཡི་རང་དང༌། །རིགས་ཀྱི། དེ་ནས་ཕྲེང་ལྔ་ན། བྱའོ། །ཁམས་གསུམ་གཏོགས་པ་མ་ཡིན་དང༌། །དེ་ནས་ཤོག་གུ་གསུམ་དུ་ཕྲེང་གཉིས་ཆད་པ་ན། བྱའོ། །[གསལ་བཤད། མངོན་རྟོགས་རྒྱན་ལས། ཆུང་དང༌། ཞེས་པ་འདིར་མི་བཞུགས་པར་དཔགས་ན་གཞན་ཚིག་ཁ་ཤས་དང་བཅས་མ་དཔེ་ལས་ཆད་སྙམ།] འབྲིང་དང་། རབ་འབྱོར། དེ་ནས་ཕྲེང་བརྒྱད་ལྷག་ན། སྐྱེད་དོ། །ཆེན་པོ་ཡི། །བསྔོ་བ་གཞན་ནི་རྣམ་གསུམ་པོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །རབ་འབྱོར། དེ་ནས་ཤོག་གུ་གསུམ་དུ་ཕྲེང་གསུམ་ཆད་པ་ན། འགྱུར་རོ། །དེ་རྣམས་ཀྱིས་ནི། བསྔོ༷་ད༷ང་། ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། །[གསལ་བཤད། མངོན་རྟོགས་རྒྱན་ལས། ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་བ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་དང༌། ལེའུ་སུམ་ཅུ་རྩ་གསུམ་པ་དང༌། དོན་དགུ་པ་ཡང༌། དེ་རྣམས་ཀྱིས་ནི། རྗེ༷ས་སུ༷་ཡི༷་ར༷ང་བ༷། །ཡི༷ད་ལ༷་བྱེ༷ད་པ༷་བླ༷་མེ༷ད་ད༷ག །ཅེས་པ་དོན་དགུ་པ་གསུངས་ཟིན་ཏོ། །ཞེས་པ་དང་བཅས་འདིར་མི་བཞུགས་པར་དཔགས་ན་མ་དཔེ་ལས་ཆད་སྙམ།] དེ་ཡི་ངོ་བོ་ཉིད། དེ་ནས། དེ་ནས་ཕྲེང་གཉིས་ན། གསུམ། ཐམས་ཅད་ནམ་མཁའ་ལྟར་ཁྱབ་པར་བཞུགས་ཀྱང་ཁམས་གསུམ། ཐམས་ཅད། དེ་ནས་ཕྲེང་བཅུ་ན། བགྱི། མཆོག་ཉིད། །བཅོམ་ལྡན་འདས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། བྱའོ། །ཀུན་ལ་མངོན་པར་འདུ་མི་བྱེད། །དེ་ནས་ཕྲེང་དགུ་ན། ཤཱ་རིའི་བུ། ཡོངས་སུ་གྲུབ་པའི་གནས་སྐབས་ན། ཀུན་བཏགས་པའི་གཟུགས། རྒྱུན་གྱི་དབང་གིས་སྐྱེ་བ་སྐད་ཅིག་རེ་ལ་ཡང་འབྱུང་བ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བྱའོ། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད་པ། ཤཱ་རིའི། དེ་ནས་ཕྲེང་དགུ་ན། བྱེད་དོ། །ཞེས་བྱ་བ་ནི། ཆོས་ཀྱི་སྐུའི་གནས་སྐབས་ནི། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞེས་བྱ་བ་ནི། མི་དམིགས་སོ། །དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། བརྒྱ་བྱིན། དེ་ནས་ཕྲེང་གཉིས་ན། ཡིན་ནོ། །ཞེས་བྱ་བ་ནི། ཆོས་ཉིད་རྣམ་པར་མི་རྟོག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་གང་ཡང་མིང་དང་མཚན་མ་དང༌། མངོན་པར་འདུ་བྱེད་པ་མི་འཛིན་ཏོ། །དེ་བས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ནི། མིང་དེ་དང༌། མཚན་མ་དེ་དང༌། མངོན་པར་འདུ་བྱེད་པ་དེས་དམིགས་སུ་མེད་དོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བརྒྱ་བྱིན། དེ་ནས་ཤོག་གུ་གཅིག་དང་ཕྲེང་བཞི་ན། དོན་ཆེན་ཉིད། །རབ་འབྱོར། དེ་ནས་ཕྲེང་གཉིས་ན། པ་ནི། ཡོངས་སུ་གྲུབ་ཀྱི་གཟུགས། ཀུན་བཏགས་ཀྱི། ཆུང་བར། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཞི་ན། ཁྲི་བརྒྱད་སྟོང་པ་ལས། མངོན་པར་བསྒྲུབ་པའི་ཡོན་ཏན། བསགས་པའི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་བཞི་པའོ།། །།

དེ་རྣམས་ཀྱིས་ནི། སྒྲུ༷བ་ད༷ང་། ཞེས་བྱ་བ་དོན་བཅུ་པ་གསུངས་ཟིན་ཏོ། །སངས་རྒྱས་བསྟེན་དང་སྦྱིན་སོགས་དང༌། །དེ་ནས། དེ་ནས་ཤོག་གུ་གཅིག་དང་ཕྲེང་གསུམ་ན། ཐོས་སོ། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །དེ་ནས། དེ་ནས་ཕྲེང་དགུ་ན། བྱེད་དོ། །ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །རབ་འབྱོར། དེ་ནས་ཤོག་གུ་དང་ཕྲེང་ཕྱེད་དང་དགུ་ན། ཡིན་ནོ། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཡོངས་ཟིན་པའོ། །རབ་འབྱོར། དེ་ནས། ཕྲེང་བདུན་ན། གྲོལ་བའོ། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་ན་གང་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་གཟུགས་སུ། སྣང་དུས་དེ་སྲིད་དུ་ལས་དང་ཉོན་མོངས་པ་དང་རྣམ་པར་སྨིན་པའི་བཅིངས་པ་ཐམས་ཅད་ཀྱིས་མ་བཅིངས་པའི་ཕྱིར་མ་བཅིངས་ཞེས་བྱའོ། །ཕྱིས་ཡོངས་སུ་གྲུབ་པའི་གནས་སྐབས་ན་ཡང༌། གྲོལ་བ་མེད་པའི་ཕྱིར་མ་གྲོལ་བ་ཞེས་བྱའོ། །ཀུན་བཏགས་པ་ཉིད་ལ་བཅིངས་པ་དང་གྲོལ་བ་ཞེས་བརྗོད་ཀྱི། ནམ་མཁའ་བཞིན་དུ་ཅིས་ཀྱང་མ་གོས་པའི་འགྱུར་བ་མེད་པའི་ཆོས་ཉིད་ཀྱི་གཟུགས་ལ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་སངས་རྒྱས་གཉིས་པ་དབྱིག་གཉེན་གསུངས། དེ་ཅིའི་ཕྱིར་ཞེ་ན། ཀུན་བཏགས་པའི། གཟུགས། ཀྱི། དངོས་པོ། ནི། ཆོས་ཉིད་ཀྱི་གཟུགས། དེ་ནས་ཕྲེང་དགུ་ལྷག་ན། འོ། །ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་འཁོར་བ་ན་དྲི་མ་དང་བཅས་པ་མ་དག་པའི་གནས་སྐབས་ལ་སྔོན་གྱི་མཐའ་ཞེས་བྱའོ། །ཕྱིས་དག་པའི་གནས་སྐབས་ལ་ཕྱི་མའི་མཐའ་ཞེས་བྱའོ། །དེ་བཞིན་ཉིད་ནི་དུས་གསུམ་ཅིར་ཡང་མི་འགྱུར་བའི་གནས་པའི་མཚན་ཉིད་ཡིན་ཞེས་བསྟན་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ཅིའི། དེའི་རྩ་ན། ཕྱིར་རོ། །ཞེས་བྱ་བ་ནི། ཆོས་ཉིད་ནི་དུས་ལས་རྣམ་པར་གྲོལ་པའི་མཚན་ཉིད་ཕྱིར་རོ། །ཞེས་བྱ་བར་སྟོན་ཏོ། །ཞེས་དབུ་མ་པ་དབྱིག་གཉེན་གསུངས། རབ་འབྱོར། དེ་ནས་ཕྲེང་དགུ་ན། ཡིན་ནོ། །འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་དག་པར་བརྗོད། །རབ་འབྱོར། དེའི་རྩ་ན། ཡིན་ནོ། །ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང༌། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཀྱིས་འབྲས་བུར་གྱུར་པ་རྣམ་པར་དག་པ་ཞེས་བྱ་བ་གུད་ན་གང་ཡང་མེད་ཀྱི་གང་ཆོས་ཉིད་ཀྱི་གཟུགས་ཡོངས་སུ་གྲུབ་པ་ངོ་བོ་ཉིད་དུ་གྱུར་པ་རྟག་ཏུ་གནས་པ་རྣམ་པར་དག་པ་དེ་ཉིད་འབྲས་བུར་གྱུར་པའི་རྣམ་པར་དག་པའོ། །ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་དུ། ཆོས་ཐམས་ཅད་ལ་སྦྱར་བར་བྱའོ། །ཞེས་དབུ་མ་པ་ཆེན་པོ་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གསུངས། ཚོར་བ། དེ་ནས་ཕྲེང་གཅིག་ན། བམ་པོ་ཉི་ཤུ་རྩ་བརྒྱད་པ།

རབ་འབྱོར། གཞན་ཡང༌། ཆོས་ཉིད་ཀྱི་གཟུགས་གདོད་ནས་རང་བཞིན་གྱིས་རྣམ། ནི། བྲལ་བའི་འབྲས་བུ། མྱང་འདས་གདོད་ནས་རང་བཞིན་གྱིས་རྣམས་ཕྱིན། པ། ཆོས་སྐུ་གདོད་ནས་རང་བཞིན་གྱིས་རྣམ། དེ་ནས་ཕྲེང་གསུམ་ན། ནི། གཅིག་པའི་ཕྱིར་གཉིས་སུ་ཐ་དད་དུ་དབྱེ་མི་ནུས་པས་གཉིས་སུ། བྱེ་བྲག་མེད་པས་ཐ་མི། བར་མེད་པས་མི་རྟག་པས་གཅད་དུ། དེ་ནས་ཕྲེང་གསུམ་ན་མེད་དོ། །ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ། རབ་འབྱོར། དེ་ནས་ཕྲེང་བརྒྱད་ན། མེད་དོ། །བསེ་རུ་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ན། པའོ། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །རྒ་ཤི །དེ་ནས་ཕྲེང་བརྒྱད་ན། མེད་དོ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །སྒོམ་ལམ་ཆུང་ངུའི་ཆུང་ངུ་ནི། རབ་འབྱོར། དེ་ནས་ཕྲེད་ལྔ་ན། མེད་དོ། །ལམ་ཆུང་ངུའི་འབྲིང་ནི། དེ་ནས་ཕྲེང་བཞི་ན། མེད་དོ། །ལམ་ཆུང་ངུའི་ཆེན་པོ་ནི། རབ་འབྱོར། དེ་ནས་ཕྲེང་བཞི་ན། ཁྲི་བརྒྱད་སྟོང་པ་ལས། སེམས་ཅན་དམྱལ་བའི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་ལྔ་པའོ།། །།

ལམ་འབྲིང་གི་ཆུང་གི་ཆུང་ངུ་ནི། དེ་ནས། དེ་ནས་གཅིག་ན། ཟབ་པོ། །ཞེས་བྱ་བ་ནི། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམ་པར་དག་པ་དུ་མའི་དྲི་མས་ཁེབས་པའི་འཁོར་བའི་ཆོས་དེ་དག་ལས་ཐ་མི་དད་པར་འགྱུར་བའི་ཆོས་ཉིད་ནི། དྲི་མ་དེ་དག་གིས་དྲི་མ་ཅན་དུ་གྱུར་པ་སྟེ། དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཡིན་པར་བྱིས་པ་རྣམས་ཀྱིས་ཡིད་ཆེས་པར་དཀའ་བས་ན་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཟབ་ཅེས་བྱའོ། །ཞེས་དབུ་མ་པ་གསུངས། ཤཱ་རིའི། དེ་ནས་ཕྲེང་བདུན་ན། ཡིན་ནོ། །ལམ་འབྲིང་གི་འབྲིང་ནི། ཤཱ་རིའི། དེ་ནས་ཕྲེང་གཅིག་ན། ཡིན་ནོ། །ཞེས་བྱ་བ་ནི། འདི་ལྟ་སྟེ། དཔེར་ན། སྤྲིན་དང༌། ན་བུན་དང༌། ཁུག་རྣ་ལ་སོགས་པ་མེད་ན། ཉི་མ་དང༌། ཟླ་བ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་སྟེ། རབ་ཏུ་སྣང་བར་འགྱུར་རོ། །དེ་བཞིན་དུ། ཆོས་ཉིད་ལ་སོགས་པ་ཡང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྣང་བ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཤཱ་རིའི། དེ་ནས། ཕྲེང་བརྒྱད་ན། ཡིན་ནོ། །ལམ་འབྲིང་གི་ཆེན་པོ་ནི། ཤཱ་རིའི། པ་ནི། རྣམ་པར་རྟོག་པ་སྤྲོས་པའི་ཐམས་ཅད་དང་བྲལ་བས། སླར་ཉིད། དེ་ནས་ཕྲེང་གཉིས་ན། ཡིན་ནོ། །ལམ་ཆེན་པོའི་ཆུང་ངུ་ནི། ཤཱ་རིའི་བུ། དེའི་འོག་ན། ལ་སོགས། ཞེས་བྱ་བ་ནི། སྤྲིན་དང༌། ན་བུན་དང༌། ཁུག་རྣ་ལ་སོགས་ཡོད་དུ་ཟིན་ཀྱང་ནམ་མཁའ་ལྟར་རྣམ་པ་ཐམས་ཅད་དུ་རང་བཞིན་གྱིས་ཡོངས་སུ་དག་པའོ། །ཞེས་བཤད་པའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། ཡིན་ནོ། །ལམ་ཆེན་པོའི་འབྲིང་ནི། ཤཱ་རིའི། དེ་ནས་ཕྲེང་བརྒྱད་ན། ལགས་སོ། །ཞེས་བྱ་བ་ནི་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་ཆོས་གཉིས་ཡོད་ན། ཐོབ་པ་ཡང་ཡོད་པར་འགྱུར་ལ། མངོན་པར་རྟོགས་པར་བྱ་བ་དང༌། མངོན་པར་རྟོགས་པར་བྱེད་པ་གཉིས་ཡོད་ན། མངོན་པར་རྟོགས་པ་ཞེས་བྱ་བ་ཡང་ཡོད་པར་འགྱུར་བ། དེ་ལ་ཀུན་བཏགས་པ་དང༌། རྣམ་པར་བཏགས་པ་རྣམས་མེད་པ་ཙམ་ལ་ཡོངས་སུ་གྲུབ་པའི་ཆོས་ཉིད་རྣམ་པར་དག་པ་ཞེས་རྣམ་པར་བཞག་པའི་ཕྱིར་རྣམ་པར་དག་པ་དེ་ལ་འཐོབ་པའི་མངོན་པར་རྟོགས་པ་ཞེས་བྱ་བ་གང་ཡང་མེད་དོ། །ཞེས་ཀུན་མཁྱེན་གཉིས་པ་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གསུངས། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ལྷག་ན། ཡིན་ནོ། །ལམ་ཆེན་པོའི་ཆུང་ངུ་ནི། ཤཱ་རིའི། ནི། ཀུན་བཏགས་གཞན་དབང་གིས་བསྡུས་པའི་ཆོས་ཀུན་རྫོབ་རྣམས། མངོན་པར། དེ་ནས་ཕྲེང་གསུམ་ན། ཕྱིར་རོ། །ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཤཱ་རིའི། དེ་ནས་ཕྲེང་དྲུག་ན། སྐྱེའོ། །མཉམ་པ་ཉིད་ཀྱིས། ཤཱ་རིའི། དེ་ནས་ཕྲེང་གཉིས་ན། བེམ་པོ་སྟེ་རྟོག་པ་དང་བྲལ་བ་ཉིད། དེ་ནས་ཕྲེང་བརྒྱད་ནས། ཤེས་སོ། །དེ་ལ་ཀླན་ཀ་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དག །ཤཱ་རིའི། དེ་ནས་ཕྲེང་གཅིག་ན། ལགས་སོ། །གང་གི་ཕྱིར་དེ་གཉིས་ཀ་ཡང་དེ་བཞིན་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ལ་ཕན་འདོགས་པར་བྱེད་ཅིང་གནོད་པར་མི་བྱེད་དེ། ནམ་མཁའ་ལ་ནམ་མཁའ་བཞིན་ནོ། །ཞེས་དབུ་མ་པ་ཆེན་པོ་གསུངས། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། ཕྱིར་ཞེས་བྱ་བ་བཤད་དོ། །ཆོས་ཀྱི་སྐུ་དུས་ཐམས་ཅད་དུ་གནས་པའི་མཚན་ཉིད་དེ་ལ་སུ་ཞིག་ཕན་པ་དང་གནོད་པ་བྱེད་པ་ཡོད་ཅེས་སྟོན་ཏེ། ཞེས་དབུ་མ་གསུངས། ཤེས་རབ། དེ་ནས་ཕྲེང་གཅིག་ན། ནི། འཛིན་པ་ཐམས་ཅད་དང་བྲལ་བས་ཆོས། དེ་ནས་ཤོག་གུ་གཉིས་སུ་ཕྲེང་གཉིས་ཆད་པ་ན། བཅོམ་ལྡན་འདས། བདག །རྟག་ཆད་སྔོན་ལ་སོགས་པའི་མཐའ་མེད་པས་ཀུན་ཏུ། དེ་ནས་ཕྲེང་ལྔ་ན། ཕྱིར་རོ། །དེ་རྣམས་ཀྱིས་ནི། ཤི༷ན་ཏུ༷་ད༷ག་པ༷་ཞེ༷ས། །བྱ༷་བ༷་འདི༷་ནི༷་སྒོ༷མ་པ༷འི་ལ༷མ། །བྱ༷ང་ཆུ༷བ་སེ༷མས་དཔ༷འ་མཁ༷ས་རྣ༷མས་ཀྱི༷ས། །ལ༷མ་ཤེ༷ས་ཉི༷ད་ནི༷་དེ༷་འདྲ༷ར་བཤ༷ད། །ཅེས་པ་དོན་བཅུ་གཅིག་པ་གསུངས་ཟིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ལམ་ཤེས་པའི་སྐབས་ཏེ་གཉིས་པའོ།། །།

ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །རབ་འབྱོར། དེ་ནས་ཕྲེང་བྱེད་ན། དགྲ་བཅོམ་ལུས་སུ་གཏོགས་པའམ། དེ་ནས་ཕྲེང་ཕྱེད་ན། རབ་འབྱོར། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར། དུས་གསུམ་མཉམ་པར་ཤེས་པའི་ཕྱིར་རོ། །དེ་རྣམས་ཀྱིས་ནི། ཤེ༷ས་པ༷ས་སྲི༷ད་ལ༷་མི༷་གན༷ས་ཤི༷ང༌། །སྙི༷ང་རྗེ༷ས་ཞི༷་ལ༷་མི༷་གན༷ས་ད༷ང༌། །དོན་དང་པོ་དང་གཉིས་པ་གསུངས་ཟིན་ཏོ། །ཐབས་མ་ཡིན་པས་རིང་བ་སྟེ། །རབ་འབྱོར། དེ་ནས་ཕྲེང་ན། ནོ། །དེ་ནི་མཚན་མར་དམིགས་སྒོ་ནས། །མིང༌། དེ་ནས་ཕྲེང་གསུམ་ན། ནོ། །དེ་རྣམས་ཀྱིས་ནི། ཐ༷བས་མ༷་ཡི༷ན་པ༷ས་རི༷ང་བ༷་ད༷ང༌། །ཞེས་པས་དོན་གསུམ་པ་གསུངས་ཟིན་ཏོ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །རབ་འབྱོར། དེ་ནས་ཕྲེང་གཅིག་ན། སོ། །དེ་རྣམས་ཀྱིས་ནི། ཐ༷བས་ཀྱི༷ས་རི༷ང་བ༷་མ༷་ཡི༷ན་ད༷ང༌། །ཞེས་པ་དོན་བཞི་པ་གསུངས་ཟིན་ཏོ། །གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །དེ་ནས་ཕྲེང་གསུམ་ལྷག་ན། ཡིན་ནོ། །དུས་གསུམ་གཏོགས་པའི་ཆོས་རྣམས་དང༌། །ཚེ་དང༌། དེ་ནས་ཕྲེང་གསུམ་ན། ཡིན་ནོ། །སྦྱིན་སོགས། ཚེ་དང༌། དེ་ནས་ཕྲེང་ཕྱེད་དང་གཉིས་ན། བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །དྲན་པ། དེ་ནས་ཕྲེང་བཅུ་གསུམ་ན། ཡིན་ནོ། །དེ་རྣམས་ཀྱིས་ནི། མི༷་མཐུ༷ན། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། །སྦྱིན་ལ་སོགས་པ་ངར་འཛིན[མེད]། །དེ་ནས། ཕྲེང་ཕྱེད་དང་བདུན་ན། ཕྱིར་རོ། །ཞེས་བྱ་བ་ནི་ཆོས་རྣམ་པའི་མཚན་ཉིད་ཡིན་པའི་ཕྱིར་ཡོངས་སུ་འགྱུར་བ་མེད་པས་མི་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མི་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། གཞན་དག་དེ་ལ་འཛུད་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པ། །ཀོའུ། དེ་ནས་ཤོག་གུ་བཞི་ལྷག་ན། བྱའོ། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །དེ་ནས། དེ་ནས་ཕྲེང་གཉིས་ན། ཕྱིར་རོ། །ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པ་འདི་ཕྱིར་ཟབ་པ་ཉིད། །དེ་ནས། དེ་ནས་ཕྲེང་ཕྱེད་བཞི་ན། ནུས་སོ། །ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །རབ་འབྱོར། དེ་ནས་ཕྲེང་གཅིག་ན། ཟད་དོ། །ཞེས་བྱ་བ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་གཅིག་ན། འོན་ཀྱང་བདག་ཉིད་ཐ་དད་པར་སྣང་བའི་ཕྱིར་མངོན་པར་རྟོགས་པར་དཀའ་འོ། །དེ་བཞིན་ཉིད་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། རང་བཞིན་ཞེས་བྱའོ། །རབ་འབྱོར། དེའི་འོག་ཙམ་ན། དེ་ནི། དེ་བཞིན་ཉིད་དེ་ཡང༌། ཆོས་ཉིད་གཞན་གང་གི་རྒྱུ་ཡང་མ་ཡིན་གྱིས། རང་བཞིན། དེའི་རྩ་ན། དེ་བཞིན་ཉིད་ནི་འདུས་མ་བྱས་པའི་ཕྱིར། སུས་ཀྱང་མ་བྱས་པའམ། དེ་ནི་དེ་ཉིད་བསོད་ནམས་དང་བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱེད་པ་གང་གིས་ཀྱང་མངོན་པར་འདུས་མ་བྱས་པའི་ཕྱིར། མདོ་སྡེ་ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་གཅིག་ན། ཡིན་ནོ། །མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །རབ་འབྱོར། དེ་ནས་ཕྲེང་གསུམ་ན། ཤེས་སོ། །ཁྲི་བརྒྱད་སྟོང་པ་ལས། ཆོས་ཐམས་ཅད་རྣམ་པར་དག་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་དྲུག་པའོ།། །།དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོའི་ཕྱོགས་དག་གི། རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདིར་ཤེས་བྱ། །དེ་རྣམས་ཀྱིས་ནི། གཉེ༷ན་པོ༷འི་ཕྱོ༷གས་ད༷ག་ད༷ང༌། །ཞེས་པ་དོན་དྲུག་པ་གསུངས་ཟིན་ཏོ། །གཟུགས་སོགས་དེ་མི་རྟག་སོགས་དང༌། །དེ་ནས། ཕྲེང་བཅུ་ན། ཕྱིར་རོ། །དེ་ནས་རྟོགས་དང་རབ་རྟོགས་དང༌། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་དྲུག་ན། ཕྱིར་རོ། །དེ་ལ་ཆགས་པ་མེད་ཉིད་ལ། །གནས་པ་བཀག་པས་སྦྱོར་བ་དང༌། །དེ་སྐད། དེ་ནས་ཕྲེང་བཅུ་གཅིག་ན། བམ་པོ་ཉི་ཤུ་རྩ་དགུ་པ།

མི་འགྱུར། དེ་ནས། དེ་ནས་ཕྲེང་བཞི་ན། མེད་དོ། །བྱེད་པོ་མེད་ཉིད་དང༌། །རབ་འབྱོར། དེ་ནས་ཕྲེང་གཉིས་ན། བྱ་དཀའ་རྣམ་གསུམ་སྦྱོར་བ་དང༌། །དང་པོ་ཆེད་དུ་བྱ་བའི་སྦྱོར་བ་ནི། རབ་འབྱོར། དེ་ནས་ཕྲེང་བཅུ་གཅིག་ལྷག་ན། ལགས་སོ། །གཉིས་པ་སྦྱོར་བ་བྱ་དཀའ་བ་ཉིད་ཀྱི་སྦྱོར་བ་ནི། བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ན། སྙམ་མོ། །ལགས་སོ། །གསུམ་པ་ལ་བྱ་དཀའ་བ་ཉིད་ཀྱི་སྦྱོར་བ་ནི། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་བཅུ་གཅིག་ན། གསོལ་ཏོ། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པ་དེ་དང་ནི། །དང་པོ་དོན་ཡོད་པའི་སྦྱོར་བ་ནི། དེ་ནས། དེ་ནས་ཕྲེང་གསུམ་ན། སྙམ་མོ། །གཞན་ལ་རག་ལས་མིན་གང་དང༌། །གཉིས་པ་གཞན་གྱི་རྐྱེན་གྱིས་མི་འགྲོ་བའི་སྦྱོར་བ་ནི། དེ་ནས། དེ་ནས་ཕྲེང་ཕྱེད་དང་བདུན་ན། མི་འགྱུར་རོ། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །གསུམ་པ་ཤེས་བྱེད་རྣམ་བདུན་བཤད་པའི་ཤེས་པའི་སྦྱོར་བ་ནི། ཀོའུ། དེ་ནས་ཕྲེང་དགུ་ན། ཟད་དོ། །དེ་རྣམས་ཀྱིས་ནི། སྦྱོ༷ར་ད༷ང་། ཞེས་པ་དོན་བདུན་པ་གསུངས་ཟིན་ཏོ། །གཟུགས་ལ་སོགས་པ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །བརྒྱ་བྱིན། དེ་ནས་ཕྲེང་བཞི་ན། མི་བྱེད་ཅེས་བྱ་བ་ནི། བྱེད་པའི་མཚན་ཉིད་ལ་སོགས་པའི་དངོས་པོར། མི་བྱེད་ཅེས་བྱ་བ་ནི་རྗེས་སུ་ཁོལ་གྱི་དངོས་པོར་མ་བྱེད། ཅེས་བྱ་བ་ནི་རྟེན་པའི་དངོས་པོར་རོ། །ཞེས་པ་རྣམས་དབུ་མ་པ་གསུངས། གཟུགས། དེ་ནས་ཕྲེང་དྲུག་ན་ཡིན་ནོ། །དེ་རྣམས་ཀྱིས་ནི། དེ༷་ཡི༷་མཉ༷མ་ཉི༷ད་ད༷ང༌། །ཞེས་པ་དོན་བརྒྱད་པ་གསུངས་ཟིན་ཏོ། །སྡུག་བསྔལ་ལ་སོགས་བདེན་པ་ལ། །ཆོས་ཤེས་རྗེས་སུ་ཤེས་པ་དང༌། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ནས། དེ་ནས་ཕྲེང་བཅུ་གསུམ་ན། ནས། གཟུགས་རྟག་མ་ཡིན་མི་རྟག་མིན། །གཟུགས། དེ་ནས་ཕྲེང་དྲུག་ན། མི་འགྱུར་རོ། །མཐའ་ལས་འདས་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ནི། དེ་ནས། དེ་ནས་ཕྲེང་ཕྱེད་དང་བཞི་ན། འགྱུར་རོ། །རྣམ་དག་དང༌། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། དེ་ནས་ཕྲེང་གསུམ་ན། ཡིན་ནོ། །མ་སྐྱེས་མ་འགགས་ལ་སོགས་དང༌། །སྡུག་བསྔལ་ལ་ཞེས་པ་ནི། རབ་འབྱོར། དེ་ནས་ཕྲེང་བཞི་ལྷག་ན། ཡིན་ནོ། །ཞེས་བྱ་བ་ནི། གང་གི་ཚེ་ཆོས་གཟུགས་ཆོས་ཉིད་ཀྱི་རང་བཞིན་དུ་གནས་གྱུར་ནས་སྐྱེ་བ་དང་འགག་པ་མེད་པས་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་རྣམས་སུ་མི་སྣང་བ་དེའི་ཚེ་གཟུགས་དེ་ཡོངས་སུ་དག་པ་ཞེས་བྱའོ། །གཞན་དུ་ན་མ་ཡིན་ནོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། རབ་འབྱོར། དེ་ནས་ཕྲེང་གཉིས་ན། ཡིན་ནོ། །མཁའ་འདྲ། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། དེ་ནས་ཕྲེང་གཉིས་ན། སྟེ། ཆགས་པ་སྤོང་བ་དང༌། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་ན། ཡིན་ནོ། །ཡོངས་སུ་འཛིན་ལས་གྲོལ་བ་དང༌། །ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ངོ་བོ་ཉིད་ཀྱིས་བརྗོད་མེད་དང༌། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཡིན་ནོ། །གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང༌། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི། རབ་འབྱོར། དེ་ནས་ཕྲེང་བཞི་ན། དམིགས་པ་མེད་པར་བྱེད་པ་དང༌། །འགོག་པ་ལ་ཆོས་ཤེས་པ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཡིན་ནོ། །ཤིན་ཏུ་རྣམ་དག ། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། དེ་ནས་ཕྲེང་བརྒྱད་ན། ཡིན་ནོ། །ནད་མི་འབྱུང༌། །འགོག་པ་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། དེ་ནས་ཕྲེང་བརྒྱད་ན། འགྱུར་རོ། །ངན་སོང་[ཆད་]དང༌། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི། དེ་ཅིའི། དེ་ནས་ཤོག་གུ་གཅིག་ཙམ་ན། འབྲས་བུ་ནི། །མངོན་དུ་བྱ་ལ་མྀ་རྟོག་ཉིད། །ལམ་ལ་ཆོས་ཤེས་པ་ནི། རབ་འབྱོར། དེ་ནས་ཕྲེང་བཞི་ན། ཏེ། མཚན་མ་དག་དང་མ་འབྲེལ་དང༌། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རབ་འབྱོར། དེ་ནས་ཕྲེང་བཞི་ན། ཡིན་ནོ། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ལམ་ལ་རྗེས་སུ་ཤེས་པ་ནི། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བཞི་ན། བྱེད་དོ། །དེ་རྣམས་ཀྱིས་ནི། ཉ༷ན་ཐོ༷ས་ལ༷་སོ༷གས་མཐོ༷ང་བ༷འི་ལ༷མ། །དེ༷་འདྲ༷་ཀུ༷ན་ཤེ༷ས་ཉི༷ད་དུ༷་འདོ༷ད། །ཅེས་པ་དོན་དགུ་པ་གསུངས་ཟིན་ཏོ། །དེ་ལྟར་འདི་དང་ཡང་འདི་དང༌། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདི་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །རབ་འབྱོར། དེ་ནས་ཕྲེང་གཉིས་ན། འབྱུང་བའི་རློམ་སེམས་རྟོག་པ་ཡོད་པ། ཡང༌། དེ་ནས་ཕྲེང་དགུ་ན། རུང་ཞེས་བྱ་བ་ནི། ཆོས་ཐམས་ཅད་ནི་གནས་པའི་མཚན་ཉིད་དེ། གང་ཡང་ཅི་ཡང་མི་བྱེད་དོ། །ཞེས་བསྟན་པའོ། །ཆོས་གནས་པ་འདི་ཉིད་ཐུགས་སུ་ཆུད་པས། དེ་བཞིན་གཤེགས་པ་འཇིག་རྟེན་ཞེས་བྱ་བ་འཇིག་རྟེན་ནས་སྣང་བ་སྟེ། འདི་ཉིད་དེ་ཉིད་ཀྱི་མངོན་པར་རྟོགས་པ་དང༌། འདི་ཉིད་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། ཆོས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། ཁྲི་བརྒྱད་སྟོང་པ་ལས། གནས་པ་མེད་པའི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་བདུན་པའོ།། །།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། དུམ་བུ་གཉིས་པ། བམ་པོ་བཅུ་དྲུག་པ། next