Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། གཞི་ཤེས་པའི་སྐབས་ཏེ་གསུམ་པའོ།། །།
   
   
   
   
   
   
   
   
   
   
   


 
previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། གཞི་ཤེས་པའི་སྐབས་ཏེ་གསུམ་པའོ།། །། next

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། གཞི་ཤེས་པའི་སྐབས་ཏེ་གསུམ་པའོ།། །།

[གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །]མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །བདེན་པ་སོ་སོ་ལ་བཞི་དང༌། །དེ་ནས། དེ་ནས་ཕྲེང་ཕྱེད་དང་གཅིག་ན། ཕྱིར་རོ། །ཞེས་བྱ་བ་ནི་ནམ་མཁའ་ལྟར་དམིགས་པའི་བདག་ཉིད་དུ་མེད་པ་ནི་མ་ཡིན་ནོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་གཅིག་ན། ཕྱིར་རོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀུན་བཏགས་པ་དམིགས་སུ་མེད་པའི་བདག་ཉིད་དུ་མཉམ་པའོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་གསུམ་ན། ཕྱིར་རོ། །ཞེས་བྱ་བ་ནི། ཟླ་བ་མེད་པ་དང་གཟུགས་ཀྱི་ཆོས་རྣམས་གཞིར་གྱུར་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་གཅིག་ན། སྩལ་པ། གསང་སྔགས་ཟབ་མོ་དང་དོན་གཅིག་པས། དབུགས་ཕྱི་ནང་དུ། དེ་ནས་ཕྲེང་བདུན་ན། ཕྱིར་རོ། །ལམ་ལ་དེ་ནི་བཅོ་ལྔར་བཤད། །རབ་འབྱོར། དེ་ནས་ཕྲེང་ལྔ་ན། ཕྱིར་རོ། །ཞེས་བྱ་བ་ནི། འདི་ལྟར་ཆོས་ཐམས་ཅད་རང་བཞིན་ནི། དེ་བཞིན་ཉིད་དེ་ནི་འགྱུར་བ་མེད་པའི་ཕྱིར་འཇིག་པ་མེད་དོ། །ཞེས་དབུ་མ་པ་གསུངས། རབ་འབྱོར། དེ་ནས་ཕྲེང་བཅུ་བཞི་ན། ཕྱིར་རོ། །རྒྱུ་དང་ལམ་དང་སྡུག་བསྔལ་དང༌། །འགོག་པ་ལ་ནི་གོ་རིམ་བཞིན། །དེ་དག་བརྒྱད་དང་། རབ་འབྱོར། དེ་ནས་ཕྲེང་དགུ་ན། ཕྱིར་རོ། །བཅུ་དྲུག་ཅེས་བསྒྲགས་སོ། །རབ་འབྱོར། དེ་ནས་ཕྲེང་བཅུ་གཅིག་ན། བམ་པོ་སུམ་ཅུ་པའོ། །དེ་ནས་ཕྲེང་ཕྱེད་དང་བཞི་ན། ཕྱིར་རོ། །བདུན་དང་[ནི]། །[གསལ་བཤད། མངོན་རྟོགས་རྒྱན་ལས། ལྔ་དང༌། ཞེས་པ་འདིར་མི་བཞུགས་པར་དཔགས་ན་འདིའི་གོང་འོང་ཞིག་ནས་ཚིག་ཁ་ཤས་ཆད་སྙམ།] རབ་འབྱོར། དེ་ནས་ཤོག་གུ་གཅིག་དང་ཕྲེང་ལྔ་ན། ཕྱིར་རོ། །དྲན་པ་ཉེར་བཞག་ནས་བཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། །སུམ་ཅུ་བདུན་དང་། རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། ཕྱིར་རོ། །སུམ་ཅུ་བཞི། །རབ་འབྱོར། དེ་ནས་ཕྲེང་བཅུ་གཉིས་ན། ཕྱིར་རོ། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །རབ་འབྱོར། དེ་ནས་ཕྲེང་གཅིག་ན། སྩལ་པ། སྟོབས་བཅུའི་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་དོན་དམ་པར་དམིགས། དེ་ནས་ཕྲེང་དྲུག་ན། ཕྱིར་རོ། །ཞེས་བྱ་བ་ནི་ངེས་པའི་ཚིག་གིས་ན་དེ་བཞིན་དུ་གསུངས་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དེ་བཞིན་དུ་དམིགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། རབ་འབྱོར། དེ་ནས་ཕྲེང་ཕྱེད་ན། ནི། ཆོས་ཐམས་ཅད་ཟིལ་གྱིས་གནོན་པར་རང་བྱུང༌། དེ་ནས་ཕྲེང་གཅིག་ན། ཁྲི་བརྒྱད་སྟོང་པ་ལས། དམིགས་སུ་མེད་པའི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་བརྒྱད་པའོ།། །།དེ་རྣམས་ཀྱིས་ནི། རྣ༷མ་པ༷། ཞེས་པ་དོན་དང་པོ་གསུངས་ཟིན་ཏོ། །སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །དེ་ནས། དེ་ནས་ཕྲེང་གཉིས་ན། ཡིན་ནོ། །སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །གང་དག། དེ་ནས་ཕྲེང་གསུམ་ན། ཡིན་ནོ། །སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམས་བཞེད་དོ། །གང་དག །དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་གསུམ་ན། བྱའོ། །སྦྱོར་བ་ཉི་ཤུ་ལས། དང་པོ་གཟུགས་སོགས་ལ་མི་གནས་པའི་སྦྱོར་བ་ནི། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཀོའུ། དེ་ནས་ཕྲེང་བཅུ་བཞི་ན། ཕྱིར་རོ། །གཉིས་པ་མི་སྦྱོར་བའི་སྦྱོར་བ་ནི། དེ་ལ་སྦྱོར་བ་བཀག་པའི་ཕྱིར། །ཀོའུ། དེ་ནས་ཕྲེང་ཕྱེད་དང་བརྒྱད་ན། ཕྱིར་རོ། །གསུམ་པ་ཟབ་པའི་སྦྱོར་བ་ནི། དེ་ཡི་དེ་བཞིན་ཉིད་ཟབ་ཕྱིར། །དེ་ནས། དེ་ནས་ཕྲེང་བཞི་ན། ཡིན་ནོ། །བཞི་པ་གཏིང་དཔག་དཀའ་བའི་སྦྱོར་བ་ནི། དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །ཤཱ་རིའི། དེ་ནས་ཕྲེང་བཞི་ན། ཡིན་ནོ། །ལྔ་པ་ཚད་མེད་པའི་སྦྱོར་བ་ནི། དེ་དག་ཚད་ནི་མེད་ཕྱིར་དང༌། །ཤཱ་རིའི། དེ་ནས་ཕྲེང་བརྒྱད་ལྷག་ན། ཡིན་ལ་ཞེས་བྱ་བ་ནི། དོན་དམ་པར་གཟུགས་ཉིད་མེད་པས་ཟབ་པ་ཞེས་བྱ་བ་ཀུན་བཏགས་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་གསུངས། ཚོར་བ། དེ་ནས་ཕྲེང་ཕྱེད་དང་བཅོ་བརྒྱད་ན། ཕྱིར་རོ། །དྲུག་པ་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་ནི། ཚེགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ཤཱ་རིའི། དེ་ནས་ཕྲེང་བརྒྱད་ན། ཡོད་དོ། །བདུན་པ་ལུང་བསྟན་པ་ཐོབ་པའི་སྦྱོར་བ་ནི། [ལུང་བསྟན།] བརྒྱ་བྱིན། དེ་ནས་ཕྲེང་བཞི་ན། མ་བྱས་སོ། །བརྒྱད་པ་ཕྱིར་མི་ལྡོག་པའི་སྦྱོར་བ་ནི། ཕྱིར་མི་ལྡོག་པ་ཉིད། །བཅོམ་ལྡན་འདས། དེ་ནས་ཕྲེང་བཞི་ན། ལགས་སོ། །དགུ་པ་ངེས་པར་འབྱུང་བའི་སྦྱོར་བ་ནི། ངེས་འབྱུང་། བཅོམ་ལྡན་འདས། དེ་ནས་ཕྲེང་བརྒྱད་ན། སྟེ། བཅུ་པ་བར་ཆད་མེད་པའི་སྦྱོར་བ་ནི། བར་ཆད་མེད་བཅས་དང༌། །ཤཱ་རིའི། དེ་ནས་ཕྲེང་བཅུ་གཅིག་ན། དུའོ། །བཅུ་གཅིག་པ་མངོན་པར་རྟོགས་པ་བྱང་ཆུབ་པ་དང་ཉེ་བའི་སྦྱོར་བ་ནི། བྱང་ཆུབ་ཉེ་དང་། བཅོམ་ལྡན་འདས། དེ་ནས་ཕྲེང་དགུ་ན། ལགས་སོ། །བཅུ་གཉིས་པ་མངོན་པར་རྟོགས་པར་བྱང་ཆུབ་པའི་སྦྱོར་བ་ནི། མྱུར་བ་དང༌། །བཅོམ་ལྡན་འདས། དེ་ནས་ཕྲེང་དྲུག་ན།བམ་པོ་སུམ་ཅུ་རྩ་གཅིག་པ། བཅུ་གསུམ་པ་གཞན་གྱི་སྦྱོར་བ་ནི། [བཞིན་ནོ།[གཞན་དོན]། དེ་ནས་ཤོག་གུ་ལོགས་གསུམ་ན། འཇུག་གོ །བཅུ་བཞི་པ་འཕེལ་འགྲིབ་མེད་པའི་སྦྱོར་བ་ནི། འཕེལ་མེད་འགྲིབ་མེད་ཕྱིར། །རབ་འབྱོར། དེ་ནས་ཕྲཻང་བཅུ་ན། ཡིན་ནོ། །བཅོ་ལྔ་པ་ཆོས་དང་ཆོས་མིན་མི་དམིགས་པའི་སྦྱོར་བ་ནི། ཆོས་དང་ཆོས་མིན་སོགས་མི་མཐོང༌། །རབ་འབྱོར། ཕྱིར་རོ། །བཅུ་དྲུག་པ་བསམ་གྱིས་མི་ཁྱབ་པའི་འདུ་ཤེས་འགོག་པའི་སྦྱོར་བ་ནི། གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །རབ་འབྱོར། དེ་ནས་ཕྲེང་བརྒྱད་ན། ཡིན་ནོ། །བཅུ་བདུན་པ་རྣམ་པར་མི་རྟོག་པའི་སྦྱོར་བ་ནི། གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོ་རྣམ་མི་རྟོག །རབ་འབྱོར། དེ་ནས་ཕྲེང་བཅོ་ལྔ་ན། ལགས་སོ། །བཅོ་བརྒྱད་པ་འབྲས་བུ་རིན་ཆེན་སྦྱོར་བ་ནི། འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། །བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་ན། ལགས་སོ། །བཅུ་དགུ་པ་རྣམ་པར་དག་པའི་སྦྱོར་བ་ནི། དེ་ནི་དག་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ལྷག་ན། ཕྱིར་རོ། །ཉི་ཤུ་པ་མཚམས་ཀྱི་སྦྱོར་བ་ནི། མཚམས་དང་བཅས། །རབ་འབྱོར། དེ་ནས་ཕྲེང་དགུ་ན། ནུས་སོ། །དེ་རྣམས་ཀྱིས་ནི། སྦྱོ༷ར་བ༷ར་བཅ༷ས་རྣ༷མས་ད༷ང༌། །ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། །བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །དང་པོ་བདུད་ཀྱི་མཐུ་བཅོམ་པའི་ཡོན་ཏན་ནི། ཤཱ་རིའི། དེ་ནས། དེ་ནས་ཕྲེང་གསུམ་ན། ནུས་སོ། །གཉིས་པ་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པའི་ཡོན་ཏན་ནི། འདིའི་མཚམས་འདིར་འཐོབ་སྟེ། གཞུང་འདི་ཉིད་ཀྱིས་ཤེས་སོ། །ཤཱ་རིའི། དེ་ནས་ཕྲེང་བཅུ་གཅིག་ན། བྱའོ། །གསུམ་པ་སངས་རྒྱས་ཀྱིས་མངོན་གསུམ་དུ་བྱེད་པའི་ཡོན་ཏན་ནི། ཤཱ་རིའི། དེ་ནས། ཕྲེང་དྲུག་ན། ཆུད་དེ། བཞི་པ་ཡང་དག་པར་རྟོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པའི་ཡོན་ཏན་ནི། ཤཱ་རིའི། དེ་ནས་ཕྲེང་ཕྱེད་ན། ཡིན་ནོ། །ལྔ་པ་དོན་ཆེ་བ་ཉིད་ལ་སོགས་པའི་ཡོན་ཏན་ནི། ཤཱ་རིའི། དེ་ནས་ཕྲེང་དགུ་ཅུང་མེད་ན། མི་འགྱུར་རོ། །དྲུག་པ་ཡུལ་དཔྱད་པའི་ཡོན་ཏན་ནི། ཤཱ་རིའི། དེ་ནས་ཤོག་ལོགས་གསུམ་དང་ཕྲེང་གསུམ་ན། མོད་ཀྱི། བདུན་པ་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྟོགས་པའི་ཡོན་ཏན་ནི། ཤཱ་རིའི། དེ་ནས་ཕྲེང་བརྒྱད་ལྷག་ན། འགྱུར་རོ། །བརྒྱད་པ་སྨྲ་བའི་སྐྱེས་བུའི་ཡོན་ཏན་ནི། དེ་ཅིའི། དེ་ནས་ཕྲེང་ཕྱེད་དང་གསུམ་ན། ཕྱིར་རོ། །དགུ་པ་མི་ཕྱེད་པའི་ཡོན་ཏན་ནི། བདུད་དམ། དེ་ནས་ཕྲེང་ལྷག་ན། དགོས། བཅུ་པ་དགེ་བའི་རྩ་བ་ཐུན་མོང་མ་ཡིན་པ་སྐྱེས་པའི་ཡོན་ཏན་ནི། ཤཱ་རིའི། དེ་ནས་ཕྲེང་ཕྱེད་དང་གཉིས་ན། འགྱུར་རོ། །བཅུ་གཅིག་པ་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་བསྒྲུབས་པའི་ཡོན་ཏན་ནི། དེ་ནས་ཕྲེང་བཅུ་གཅིག་ན། ཕྱིར་རོ། །བཅུ་གཉིས་པ་འབྲས་བུ་ཆེན་པོ་འཛིན་པའི་ཡོན་ཏན་ནི། ཤཱ་རིའི། དེ་ནས་ཕྲེང་ཙམ་ན། ཞེས། བཅུ་གསུམ་པ་སེམས་ཅན་གྱི་དོན་བསྒྲུབ་པའི་ཡོན་ཏན་ནི། སེམས་ཅན། དེ་ནས་ཕྲེང་དགུ་ན། ལགས་སོ། །བཅུ་བཞི་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚང་བར་རྟོགས་པའི་ཡོན་ཏན་ནི། བཅོམ་ལྡན་འདས། དེ་ནས་ཕྲེང་དགུ་ན། ཁྲི་བརྒྱད་སྟོང་པ་ལས། ལེའུ་སུམ་ཅུ་རྩ་དགུ་པའོ།། །།བམ་པོ་སུམ་ཅུ་རྩ་གཉིས་པའོ། །དེ་རྣམས་ཀྱིས་ནི། ཡོ༷ན་ཏ༷ན། ཞེས་པས་དོན་གསུམ་པ་གསུངས་ཟིན་ཏོ། །

སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །དེ་ནས་ཕྲེང་བཅུ་ན། ཚུར་རྟོགས་པའམ། འདྲི། དེ་ནས་ཤོག་གུ་བཞི་དང༌། ཕྲེང་ཕྱེད་དང་གསུམ་ལྷག་ན། པ་ནི། རྣམ་པར་མི་རྟོག་པའི་ཕྱིར། སྤོབས་པ་ནི། རྣམ་ཤེས་པའི་སྤྱོད་ཡུལ་ལས་འདས་པས། པ་ནི། མི་འགྱུར་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་ཕྱིར། སྐྱེ་བ་པ་ནི། རང་བཞིན་གྱིས་ཡོངས་སུ་དག་པས། ཀུན་ནས། པ་ནི། རྟག་ཏུ་རྣམ་པར་གཞན་ཡང་རྣལ་འབྱོར་པ་ནི། སོ་སོ་རང་རིག་པས་བརྗོད་དུ། པ་ནི། སྒྲ་ལས་ཡང་དག་པར་འདས་པས། སྒྲོགས་པ་ནི། རྟོག་དཔྱོད་ལས་འདས་པས་རབ་ཏུ། པ་ནི། དངོས་པོར་དམིགས་པ་ཐམས་ཅད། དེ་ནས་ཕྲེང་ཕྱེད་དང་དགུ་ལྷག་ན། པ་ནི། བརྗོད་དུ་མེད་པ་དང་མཉམ་དུ་མེད་པའི་ཕྱིར། ཡི་གེ །དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བདུན་ན། ཁྲི་བརྒྱད་སྟོང་པ་ལས། བདུད་ཀྱི་ལེའུ་ཞེས་བྱ་བ་སྟེ། བཞི་བཅུ་པའོ།། །།དེ་ནས་ཤོག་གུ་དགུ་ན། ཁྲི་བརྒྱད་སྟོང་པ་ལས། བདུད་ཀྱི་ལེའུ་ཞེས་བྱ་སྟེ། བཞི་བཅུ་རྩ་གཅིག་པའོ།། །།འདི་ཡར་བཅད་ཀྱི་ཁ་པ་སྟེ། པོ་ཏི་གཉིས་པ་རྫོགས་སོ།། །།


previousཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། གཞི་ཤེས་པའི་སྐབས་ཏེ་གསུམ་པའོ།། །། next